Semantic search

Jump to navigation Jump to search

རྩ་བ་ཆོས་དྲུག་གི་ཚིག་གསལ་བཞུགས་སོ།

༈ རྩ་བ་ཆོས་དྲུག་གི་ཚིག་གསལ་བཞུགས་སོ། །བླ་མ་དམ་པའི་ཞབས་པད་ལ། །གུས་བཏུད་ཆོས་དྲུག་རྡོ་རྗེའི་ཚིག །མ་ནོར་མཁའ་འགྲོའི་གསུང་བཞིན་དུ། །གཞན་ལ་ཕན་ཕྱིར་འདིར་འགོད་བྱ། །དེའང་རྡོ་རྗེ་འཆང་གིས་ཡེ་ཤེས་ཀྱི་ཌཱི་ཀི་མ་ལ་གསུངས་པའི་སྙན་བརྒྱུད་ཞལ་གྱི་གདམས་པ་འདི་ལ་དྲུག་སྟེ། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་
སངས། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུའོ། །དང་པོ་ཐབས་ལམ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ་སྟེ། དག་བྱེད་ཨའི་སྟོང་ར། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་རོ། །གཉིས་པ་དངོས་གཞི་ལ་ལྔ་སྟེ། ལུས་གནད་མེའི་སྟོང་ར། གཏུམ་མོ་ཟས་སུ་ཟ་བ། གཏུམ་མོ་གོས་སུ་གྱོན་པ། གདན་དུ་འདིང་བ། སྲིད་པའི་དབང་ཞུ་བའོ། །གསུམ་པ་རྗེས་ལ་གཉིས་ཏེ། གེགས་རང་གྲོལ། རླུང་རྟར་ཞོན་པའོ། །གཉིས་པ་སྒྱུ་ལུས་ལ་གསུམ་སྟེ། དབང་པོ་རབ་གྲོགས་སུ་བླ་མ་དམ་པ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ། །དང་པོ་དབང་པོ་རབ་ལ་གཉིས་ཏེ། གསོལ་འདེབས་ལམ་ཁྱེར་དང་། ཅིར་སྣང་བདེན་མེད་ལམ་ཁྱེར་རོ། །གཉིས་པ་དབང་པོ་འབྲིང་ལའང་གཉིས་ཏེ། རང་ལུས་སྣང་སྟོང་ལྷ་སྐུ་དང་། ཅིར་སྣང་སྒྱུ་མའི་ལམ་ཁྱེར་རོ། །གསུམ་པ་དབང་པོ་ཐ་མ་ལ་བཞི་སྟེ། འགྲོ་དྲུག་སྒྱུ་མར་འཆར་བྱེད། ནད་གདོན་སྒྱུ་མའི་ལམ་ཁྱེར། འཆར་བྱེད་ཡོན་ཏན་ཚོགས་དྲུག །ཞེན་མེད་སྒྱུ་མ་རང་ཤར་རོ། །གསུམ་པ་རྨི་ལམ་ལ་དྲུག་སྟེ། རྨི་ལམ་བཟུང་བ་དང་། སྦྱོང་བ། སྤེལ་བ། སྤྲུལ་པ། བསྒྱུར་བ། ཡུལ་སྣང་ངོ་། །དང་པོ་རྨི་ལམ་བཟུང་བ་ལ་གཉིས་ཏེ། རང་ཟིན་པ་དང་། འཆུགས་མེད་དོ། །དང་པོ་ནི། ཐིག་ལེ་དབང་བཞིའི་གནད་དོ། །གཉིས་པ་གནད་འཆུགས་མེད་ལ་དགུ་སྟེ། དུས་ཀྱི་གནད་གསུམ། ལུས་ཀྱི་གནད་གསུམ། དམིགས་པའི་གནད་གསུམ་མོ། །གཉིས་པ་སྦྱང་བ་ལ་བཞི་སྟེ། སེམས་ཀྱིས་ལུས་སྦྱང་བ། ལུས་ཀྱིས་སེམས་སྦྱང་བ། བདག་མེད་མསཔས་སྦྱང་བ། འདུན་པས་སྦྱང་བའོ། །གསུམ་པ་སྤེལ་བ་ལ་གཉིས་ཏེ། ཐུག་ཕྲད་དུ་སྤེལ་བ་དང་། གང་འདུལ་དུ་སྤེལ་བའོ། །དང་པོ་ལ་བཞི་སྟེ། འབྱུང་བ་ཕྲ་བ་ལ་སྤེལ་བ། །
རགས་པ་ལ་སྤེལ་བ། སེམས་ཅན་ཕྲ་བ་ལ་སྤེལ་བ། རགས་པ་ལ་སྤེལ་བའོ། །གཉིས་པ་གང་འདུལ་ལ་གཉིས་ཏེ། འཇིག་རྟེན་པའི་གང་འདུལ། འདས་པའི་གང་འདུལ་ལོ། །བཞི་པ་སྤྲུལ་པ་ལ་ཡང་དེ་བཞིན་ནོ། །ལྔ་པ་བསྒྱུར་བ་ལ་བཞི་སྟེ། །འབྱུང་བཞི་ཕྲ་རགས་སུ་བསྒྱུར་བ་དང་། སེམས་ཅན་ཕྲ་རགས་སུ་བསྒྱུར་བ། སྣང་སྟོང་ཞེན་བྲལ་དུ་བསྒྱུར་བའོ། །དྲུག་པ་ཡུལ་སྣང་ལ་བཞི་སྟེ། དབང་པོ་རབ་དམིགས་བྱེད་གསལ་མཁྱེན། འབྲིང་གང་བསམ་གསལ་མཐོང་། ཐ་མ་ཡིད་ལུས་མཁའ་ལྡིང་། དམན་པ་དམིགས་པའི་ཡུལ་སྣང་ངོ་། །དེ་ལ་གསུམ་སྟེ། བདག་མེད་མ་ཡུལ་སྣང་འཆར་བྱེད། ཨ་ཡུལ་སྣང་རང་གསལ། ཐིག་ལེ་ཡུལ་སྣང་གསལ་བྱེད་དོ། །བཞི་པ་འོད་གསལ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། །རྗེས་སོ། །དང་པོ་ལ་བཞི་སྟེ། རྩ་བ་མི་རྟག་སྐྱོ་ཤས། ཡལ་ག་སྤྱོད་ལ་མལམ་དམ་རྫས། ལོ་འདབ་ཐབས་ལམ་རང་དྭངས། མེ་ཏོག་གསོལ་འདེབས་འཆར་བྱེད་དོ། །གཉིས་པ་ལ་བཞི་སྟེ། འོད་གསལ་བཟུང་བ། ལམ་ཁྱེར་བསྲེ་བ། མཐར་ཐུག་གི་འོད་གསལ་ལོ། །དང་པོ་ལ་དགུ་སྟེ། དུས་ཀྱི་གནད་གསུམ། ལུས་ཀྱི་གནད་གསུམ། དམིགས་པའི་གནད་གསུམ་མོ། །གཉིས་པ་ལ་གཉིས་ཏེ། ཉིན་པར་སྐུ་གསུམ་ལམ་ཁྱེར། མཚན་མོ་སྐུ་གསུམ་རང་ཤར་རོ། །གསུམ་པ་ལ་བཞི་སྟེ། གསལ་སྟོང་བདེ་ཆེན་དུ་བསྲེ་བ། ཉིན་མཚན་དབྱེར་མེད་དུ་བསྲེ་བ། ལྟ་སྟངས་ཀྱིས་མཉམ་རྗེས་སུ་བསྲེ་བ། ཤེས་རབ་བདེ་སྟོང་དུ་བསྲེ་བའོ། །བཞི་པ་མཐར་ཐུག་ལ་ལྔ་སྟེ། གསལ་སྟོང་རང་ཤར་གྱི་འོད་གསལ། བདེ་སྟོང་རང་ཤར་གྱི་འོད་གསལ། ཟབ་ཞི་སྤྲོས་བྲལ་གྱི་འོད་གསལ། དབྱེར་མེད་མཐར་ཐུག་གི་འོད་གསལ་ལོ། དག་པ་གཉིས་ལྡན་གྱི་འོད་གསལ་ལོ། །གསུམ་པ་རྗེས་ལ་ལྔ་སྟེ། དམ་ཚིག་སྤྱི་དང་བྱེ་བྲག །གེགས་སེལ་ཉེས་སྐྱོན་རང་གྲོལ། །བོགས་འདོན་ཐེ་ཚོམ་
གཅོད་བྱེད། ཁྱད་འཕགས་འཆར་སྒོ་ངོས་འཛིན། ཉམས་རྟོགས་ཉིན་མཚན་ཁྱད་པར་རོ། །ལྔ་པ་འཕོ་བ་ལ་བཞི་སྟེ། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ་དང་། གཟུགས་སྐུ་ཟུང་འཇུག་གི་འཕོ་བ་དང་། བྱིན་རླབས་བླ་མའི་འཕོ་བ་དང་། འཆུགས་མེད་མཁའ་སྤྱོད་ཀྱི་འཕོ་བའོ། །དྲུག་པ་བར་དོ་ལ་བཞི་ལས། རབ་བར་དོ་དང་པོའ་འོད་གསལ། འབྲིང་རྒྱལ་བ་ལོངས་སྐུ། ཐ་མ་སྤྲུལ་སྐུ་འགག་མེད་རང་ཤར། སྤྱི་གནད་འཆུགས་མེད་ལམ་ཁྱེར་རོ། །ལམ་ལྔ་ས་བཅུའི་རིམ་པ་རྣམས། །མདོ་དང་རྒྱུད་ལས་གསུངས་པ་ལྟར། །རང་གིས་ཉམས་སུ་མྱོང་བྱས་ནས། །ཡིད་ཆེས་ལུང་གིས་བརྒྱན་པར་བྱའོ། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་ལས་ཅུང་ཞིག་གསལ་བར་ཁྱུང་པོ་རྣལ་འབྱོར་པས་བྱས་པའོ།

{{#cargo_store: _table=WyliePageContent

|TibetanContent=

}}

༄༅། །སློབ་དཔོན་པདྨ་བཛྲ་གྱིས་མཛད་པའི་བསྐྱེད་རིམ་ཟབ་པའི་ཚུལ་དགུས་བརྒྱན་པ་ཞེས་བྱ་བ་བཞུགས་སོ༎ ༎

༡༩སློབ་དཔོན་པདྨ་བཛྲ་གྱིས་མཛད་པའི་བསྐྱེད་རིམ་ཟབ་པའི་ཚུལ་དགུས་བརྒྱན་པ་ཞེས་བྱ་བ་བཞུགས་སོ།
༢༠རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་པདྨ་བཛྲ་སྙིང་རྗེ་ཆེན་པོའ་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །དམ་པ་འདིའི་གཞུང་ལུགས་ཀྱི་རྡོ་རྗེ་སྒྲུབ་པའི་ཐབས་ལ་བརྟེན་ནས་སྐྱེ་གནས་བཞིའི་གཉེན་པོར། བསྐྱེད་ཆོག་ཡན་ལག་རྣམ་པ་བཞི་བསྙེན་སྒྲུབ་ཀྱི་ཆ་དབྲི་བ་དང་བཅས་པ་ཟབ་པའི་ཚུལ་དགུས་བརྒྱན་པས་ལམ་ཡོངས་སུ་རྫོགས་པའི་མན་ངག་ཅེས་བྱ་བ་ཡིན་ཏེ། དེའང་མདོར་ན་འཁོར་བ་ཇི་ལྟ་བར་ལམ་དང་འབྲས་བུ་ཡང་དེ་ལྟར་ཡིན་པས། བརྟགས་པ་གཉིས་པ་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་ཏུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། ཞེས་བྱ་བ་ལ་སོགས་པའི་གཞུང་ལ་བརྟེན་པའི་མན་ངག་ཡིན་ཏེ། དེ་ལ་གསུམ། རྒྱུ་རང་བཞིན་གྱིས་གནས་པ་ཡང་འཁོར་འདས་དབྱེར་མེད། སྒྲུབ་པ་པོས་ལམ་ཉམས་སུ་ལེན་པ་ཡང་འཁོར་འདས་དབྱེར་མེད་དུ་ཉམས་སུ་བླངས་པ་ཡིན་ལ། འབྲས་བུ་ཡོངས་སུ་དག་པ་ཡང་འཁོར་འདས་དབྱེར་མེད་དུ་རྗེ་བཙུན་སྙིང་རྗེ་ཆེན་པོ་བཞེད་དེ་མདོར་བསྟན་པ་ཙམ་མོ། །ཞིབ་ཏུ་བརྗོད་ན་ཆོས་རྣམ་པ་བཞི་སྟེ། ཐོག་མར་ལྟ་བ་འཁོར་འདས་དབྱེར་མེད་དུ་རྟོགས་པ། ལམ་ཞི་གནས་ཀྱིས་སེམས་གནས་པའི་ཐབས་དགུ་ལམ་གྱི་ས་མཚམས་དང་བཅས་པ། ཕྱི་རོལ་གྱི་སྤྲོས་པ་ཐམས་ཅད་བཅད་པ་ཟབ་པའི་ཚུལ་དགུས་ངེས་ཤེས་བསྐྱེད་བ། འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་དུ་བསྟན་པའོ།
༢༡དེ་ལས་དང་པོ་ལྟ་བ་ནི། སྔར་བསྟན་པ་ལྟར་རྒྱུ་ལམ་འབྲས་བུ་ཐམས་ཅད་འཁོར་འདས་དབྱེར་མེད་དུ་རྟོགས་པ་ཡིན་ཏེ། དེ་ལ་རྒྱུ་འཁོར་འདས་དབྱེར་མེད་ནི། ཁམས་གསུམ་གྱི་རྒྱུ་གཟུང་འཛིན་དང་སྣང་བ་སྣ་ཚོགས་རྣམ་རྟོག་དང་སྡུག་བསྔལ་བློགློ་བུར་བ་དུ་མ་འཁོར་བ། རང་བཞིན་གྱིས་སྐྱེ་བ་མེད་པ་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་པ་ནི་མྱ་ངན་ལས་འདས་པའོ། །ཡང་སྣོད་གཞལ་ཡས་ཁང་ཡིན་ལ། བཅུད་སེམས་ཅན་རྣམས་ནི་ལྷ་དགུའི་ངོ་བོ་ཡིན་ནོ། །དཔེར་ན་གསེར་གཡའ་དང་བཅས་ཀྱང་རང་བཞིན་གྱིས་སེར་པོར་སྣང་བ་བཞིན་ཏུ། ལུས་སེམས་རྟོག་བཅས་ཡིན་ཡང་རང་བཞིན་གྱིས་སྤྲོས་བྲལ་ཏུ་ཤེས་པར་བྱའོ། །ལམ་གྱི་འཁོར་འདས་དབྱེར་མེད་ནི། བསྐྱེད་པ་དང་རྫོགས་པ་གཉིས་ཀྱི་དབྱེར་མེད་དེ། དང་པོ་ནི་སྣོད་གཞལ་མེད་ཁང་དུ་སྣང་སྟེ། རིགས་དྲུག་ལྷ་དགུར་སྣང་བའོ། །དེ་ཡང་ཆོས་ཅན་དང་ཆོས་ཉིད་གཅིག་པར་བཞེད་དེ། སྣོད་སྤངས་པའི་གཞལ་ཡས་ཁང་མི་རྙེད་ལ། རིགས་དྲུག་ལས་གུད་ན་ལྷ་མི་རྙེད་པས་བསྐྱེད་པའི་ཕྱོགས་ཀྱི་འཁོར་འདས་དབྱེར་མེད་དོ། །རྫོགས་པའི་ཡེ་ཤེས་ལ་མ་དག་པ་ཁམས་གསུམ་དང་། དག་པ་དཀྱིལ་འཁོར་གྱི་འཁོར་ལོ་ཡང་རིམ་གྱིས་བསྡུ་སྟེ། སེམས་བདེ་ཆེན་དུ་རྟོགས་པའོ། །དེ་ཡང་། དེར་ནི་ཐོག་མེད་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། ཅེས་བྱ་བ་ལ་སོགས་པའི་གཞུང་གི་དོན་ཡིན་ནོ། །འབྲས་བུ་འཁོར་འདས་དབྱེར་མེད་ནི།
༢༢གོམས་པའི་ཕུལ་དུ་བྱུང་བའི་ཚེ་བ་སྤུའི་ཁུང་བུ་གཅིག་ཏུ་ཡང་འཁོར་བ་ཁམས་གསུམ་ཚུད་ལ། དེ་དག་ཀྱང་མྱ་ངན་ལས་འདས་པ། དེ་བཞིན་གཤེགས་པའི་ཞིང་ཁམས་སུ་བསྒྱུར་ཏེ། གཟུགས་སྐུའི་འཁོར་འདས་དབྱེར་མེད་དོ། །ཆོས་སྐུའི་འཁོར་འདས་དབྱེར་མེད་ནི། ཐམས་ཅད་རང་གི་ཟག་མེད་ཀྱི་ཡེ་ཤེས་ཀྱི་ངོ་བོར་རྟོགས་པས་བླང་དོར་གཉིས་མེད། སྤངས་ཐོབ་གཉིས་མེད། གནས་འགྱུར་གྱི་ཡེ་ཤེས་ཞེས་མིང་ཐོབ། རྟེན་གྱི་གང་ཟག་གཅིག་གི་རྒྱུད་ལ་ལྟོས་ནས། སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་ཏུ་འདྲེས་ཞེས་བྱའོ། །དེ་ལྟར་གནས་སྐབས་རྣམ་པ་གསུམ་འཁོར་འདས་དབྱེར་མེད་དུ་རྟོགས་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་པདྨ་བའི་ཐུགས་དགོངས་ཁས་ལེན་ནུས་པ་ཡིན་ཏེ། དེའང་རྒྱུད་ལས། ཕྱིས་ནས་དེ་ཉིད་ཡང་དག་བཤད། །རྣམ་ཤེས་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་རྟོག་པ་གཉིས་ཁྱད་པར་ཅུང་ཟད་ཡོད་མ་ཡིན། ཅེས་བྱ་བ་དང་སྦྱར་རོ། །སྤྱི་དོན་དང་པོ་ལྟ་བ་བསྟན་ཟིན་ཏོ། །སྤྱི་དོན་གཉིས་པ་ཉམས་སུ་བླང་བའི་རིམ་པ་ནི། གང་ཟག་རིགས་བཞིའི་སྐྱེ་གནས་བཞིའི་གཉེན་པོ། །དྲོད་གཤེར་ལས་སྐྱེས་པ་ལ་གཉིས་སུ་བྱས་ནས། བསྐྱེད་ཆོག་རྣམ་པ་ལྔས། ཕྱི་དབྱིབས་ཀྱི་ལམ་རྫོགས་པར་བསྒོམས་པས་ལམ་ཚོགས་སྦྱོར་གཉིས་མཐར་ཕྱིན་པ་དང་། དེ་ལས་འདས་པའི་གང་ཟག་གསུམ་གྱི། དང་པོས་རྩ་ལུས་ཀྱི་དཀྱིལ་འཁོར་བརྟགས་པའི་ལམ་ལ་བརྟེན་ནས་མཐོང་ལམ་མཐར་ཕྱིན་པ་དང་། དེ་ལས་འདས་པའི་གང་ཟག་གིས། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཐིག་ལེ་ཁ་དོག་སྣ་ཚོགས་མཐོང་སྟེ། མཐར་ཕྱིན་པའི་ལམ་མངོན་ཏུ་བྱས་སོ། །དེ་དག་ནི་རྫོགས་པའི་རིམ་པ་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་གྱི་ལམ་བགྲོད་པ་ཡིན་ནོ། །དེ་ལ་ཐོག་མར་བསྐྱེད་པའི་རིམ་པའི་གང་ཟག་ནི། ལས་དང་པོ་པའི་རྟེན་གྱི་གང་ཟག་བདེ་བ་ཅུང་ཟད་སྐྱེས་པའི་རྟེན་གྱི་གང་ཟག །བདེ་སྟོང་གི་ཉམས་སྐྱེས་པའི་རྟེན་གྱི་གང་ཟག །ཉམས་ཆེར་སྐྱེས་པའི་རྟེན་གྱི་གང་ཟག་སྟེ་བཞིའོ། །ཡང་དེ་ཉིད་ཉོན་མོངས་པའི་འཆིང་བ་མཐའ་དག་དང་ལྡན་པའི་ཐ་མའི་
༢༣ཐ་མ་ཞེས་བྱ་བ་དང་། ཐ་མ་དང་། འབྲིང་དང་། རབ་ཅེས་བྱའོ། །ཡང་དེ་ཉིད་ལས། ལས་དང་པོ་པ་དང་། ཅུང་ཟད་ཡེ་ཤེས་ལ་དབང་བ་དང་། ཡང་དག་པའི་ཡེ་ཤེས་ལ་དབང་བ་ཞེས་བྱ་བ་སྟེ། །འདི་བཞིས་ལམ་ཚོགས་སྦྱོར་གཉིས་མཐར་ཕྱིན་པ་ཡིན་ཏེ། འདི་དག་གི་རྟགས་ཀྱི་ཁྱད་པར་ནི། འོག་ནས་འཆད་པར་འགྱུར་ལ། འདིར་འཆད་པར་འདོད་ན། འོག་གི་ངག་འདོན་ཡར་བླངས་ལ་བཤད་པར་བྱའོ། །དེར་ཡང་སློབ་དཔོན་འདིའི་བཞེད་པས་ལམ་གྱིས་འཇུག་པར་བཞེད་དེ། །བསྐྱེད་ཆོག་དང་སྦྱར་ན་གང་ཟག་དང་པོས། ལྷོ་དྲོད་གཤེར་ལས་སྐྱེས་པ་དང་པོའ་བསྐྱེད་ཆོག་བསྒོམ། གང་ཟག་གཉིས་པས་དྲོད་གཤེར་ལས་སྐྱེས་པ་གཉིས་བསྒོམ། གང་ཟག་གསུམ་པས་སྒོ་ང་ལས་སྐྱེ་བ་བསྒོམ། གང་ཟག་བཞི་པས་གཙོ་བོ་རྫུས་སྐྱེས་དང་། འཁོར་མངལ་སྐྱེས་ཀྱི་མངོན་པར་རྟོགས་པ་བསྒོམ་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པ་བསྟེན་པའི་ཡན་ལག་གོ །དེ་ནས་ཡེ་ཤེས་པ་གཞུག་པ་ཉེ་བར་སྒྲུབ་པ་ཡིན་ལ། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་ནི། དབང་གི་གནད་ཀྱིས་འགྲེ་ཞིང་འབྱུང་བ་ཡིན་ཏེ། མདོར་བསྟན་པ་ཙམ་མོ། །དེ་ཉིད་རྒྱས་པར་བཤད་པ་ལས་དྲོད་གཤེར་ལས་སྐྱེ་བ་དང་པོའ་དབང་དུ་བྱས་ན། ཞིབ་ཏུ་ནི་གཞུང་དང་བླ་མའི་མན་ངག་གིས་འཆད་པར་འགྱུར་ལ། མདོ་ཙམ་འདིར་བརྗོད་ན། བླ་མ་དམ་པ་ལས་དབང་བཞི་རྫོགས་པར་ཐོབ་ནས། སྒྲུབ་པའི་ལུང་ཡང་ཐོབ་སྟེ། ཐུན་བཞིའི་ངེས་པས་ཉམས་སུ་ལེན་པའི་ཚེ། མཉམ་པར་གཞག་པ་དང་། མཉམ་གཞག་ལས་ལངས་པ་གཉིས་ལས། མཉམ་པར་གཞག་པའི་དུས་སུ། ཚོགས་ཀྱི་ཞིང་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་བྱ། ཚད་མེད་བཞི་བསྒོམ་སྟེ་བསོད་ནམས་ཀྱི་ཚོགས་སོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་སྟོད་པར་བསྒོམ་སྟེ་ཚོགས་གཉིས་བསག་པའོ། །དེ་ནས་སྲུང་བའི་འཁོར་ལོ་དང་། དུར་ཁྲོད་བརྒྱད་དང་། གཞལ་
༢༤ཡས་ཁང་གདན་དང་བཅས་པ་བསྐྱེད། དེ་ནས་གཙོ་བོ། འཁོར་དགུའི་དབུས་སུ་ཨཱ་ལི་ལས་ཟླ་བ་དགུ། ཀཱ་ལི་ལས་ཉི་མ་དགུ། ཕྱོགས་མཚམས་ཀྱི་ཉི་ཟླ་བློས་དོར་ལ། དབུས་ཀྱི་ཉི་ཟླའི་བར་གྱི་ས་བོན་དང་ཕྱག་མཚན་ཆུ་དང་འོ་མ་ལྟར་གཅིག་ཏུ་འདྲེས་པས། དེ་ལས་སྐུ་ཡོངས་སུ་རྫོགས་པ་སྟེ་ཡེ་ཤེས་ལྔའི་ངོ་བོར་མོས་པ་བྱ། དེའང་ཟླ་བ་ནི་གཤེར། ཉི་མ་ནི་དྲོད་རྒྱུ། ཨཱ་ལི་ཀཱ་ལི་ལས་སྐྱེ་བ་སྟེ། དྲོད་གཤེར་ལས་སྐྱེས་པ་དང་པོ་ཞེས་མིང་ཐོབ་བོ། །དེ་ནས་མཁའ་གསང་བྱིན་གྱིས་རླབས། འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་ལ་བརྟེན་ནས། དེ་བཞིན་གཤེགས་པའི་ཚོགས་ཞལ་དུ་ཞུགས། སྙིང་གར་ཞུ། དབང་གི་གནས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གཉིས་ཕབ། ཐིག་ལེ་ཉི་ཟླའི་བར་དུ་སྤྲོས། དེ་དག་ས་བོན་དང་ཕགཕྱག་མཚན་ས་བོན་གྱིས་མཚན་པའི་བར་དུ་གྱུར་ཏེ་གཅིག་ཏུ་འདྲེས། སྐུ་རྫོགས་ཡེ་ཤེས་ལྔར་བྱིན་གྱིས་བརླབ། དེ་དག་ནི་ལྷ་དགུའི་རྣམ་པར་རྫོགས་པ། བདེ་ཆེན་ལ་ལོངས་སྤྱོད་པས། ལོངས་སྤྱོད་རྫོགས་སྐུ་ཡིན་ནོ། །སྙམ་དུ་དྲན་པ་ཙམ་བྱ། ཞིབ་ཏུ་བསྒོམ་མི་དགོས། དྲན་པ་ཙམ་བྱ་བ་འདི་འོག་མའི་སྐུ་གཉིས་པོ་ལའང་ཤེས་པར་བྱའོ། །དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པས། ཟག་པ་མེད་པའི་བདེ་བ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་། དེ་ཉིད་རྗེས་ཆགས་ཀྱི་བདེ་ཆེན་མེ་ཡིན་པས་ཡབ་ཡུམ་གྱི་ཕུང་ཁམས་དང་སྐྱེ་མཆེད་རྣམས་འོད་དུ་ཞུ། རྣམ་པ་འོད་ཕུང་ཐིག་ལེ། དོན་ཡབ་ཞུ་བ་ཡེ་ཤེས། ཡུམ་ཞུ་བ་དབྱིངས་ཏེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཆོས་ཀྱི་སྐུར་མོས་པ་བྱའོ། །དེ་ནས་ཏིང་ངེ་འཛིན་གྱི་རྒྱུན་དེ་མཚམས་ཀྱི་ལྷ་མོ་བཞིར་མོས་པ་བྱས་ལ། སེམས་ཅན་གྱི་དོན་དང་། ཟག་མེད་ཀྱི་བདེ་ཆེན་གྱི་ཕྱིར། གཙོ་བོ་ཆོས་སྐུ་འོད་ཕུང་ཐིག་ལེ་ལས་བསླང་བར་བྱའོ། །སྙམ་དུ་རྗེས་སུ་དྲན་པར་བྱས་ལ་གླུས་རིམ་གྱིས་བསྐུལ། ཐིག་ལེ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང་འདྲ་བར། མངོན་བྱང་ལྡསལྔས་འབྲས་བྱུའབྲས་བུ་རྡོ་རྗེ་འཛིན་པར་བཞེངས། སྔོན་
༢༥དུ་སྣོད་བཅུད་སྦྱངས་ཏེ། ཡན་ལག་དང་པོ་བསྙེན་པའི་ཡན་ལག་སྟེ། ཆོ་ག་ཆད་བྲི་བ་ཕལ་ཆེར་འདི་ལས་འབྱུང་བ་ཡིན་ནོ། །དེ་ནས་ཡེ་ཤེས་འཁོར་ལོ་དགུག་གཞུག་བྱས་ཏེ། ཡན་ལག་གཉིས་པ་ཉེ་བར་བསྒྲུབ་པའོ། གསུམ་པ་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་སྒྲུབ་པ་དང་། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་སྒྲུབ་པ་ཆེན་པོ་གཉིས་ནི་འགྲོ་ཞིང་འབྱུང་བ་ཡིན་ནོ། །དབང་བཞིའི་གནད་ཀྱིས་སོ། །དེ་ཡང་དབང་བསྐུར་གྱི་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། མཆོད་བསྟོད་གསོལ་བ་གདབ། དེ་ནས་དབང་བསྐུར་བ་ན། བྱང་ཆུབ་ཀྱི་ཆུ་རྒྱུན་གྱིས་སྤྱི་གཙུག་གི་བར་དུ་གང་། རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པར་མོས། དེ་ལམ་བསྐྱེད་པའི་རིམ་པ་དབྱིབས་ལ་དབང་བས། བསྐྱེད་རིམ་གྱི་མཐར་ཐུག་ནི། རྒྱན་ཆ་མཐའ་དག་གསལ་བར་བྱ་ཕྱིར་གོ་ཆ་བཅིང་བ་སྟེ་རྒྱན་དྲུག་གི་དག་པ་བསྒོམ་པ་འབྲེལ། མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ་པར་མོས། དེས་ལམ་བདག་བྱིན་གྱིས་བརླབས་པའི་ལམ་སྒོམ་པ་དབང་ལ། རང་བྱིན་རླབས་ཀྱི་མཐར་ཐུག་འཁོར་ལོ་བཞི་ལ་བསྟེན་པའི་ཙཎྜ་ལཱི་ཡིན་པས། འཁོར་ལོ་བཞིའི་རྒྱས་གདབ་པ། རླུང་སེམས་ཀྱི་རྟེན་ཡིན་པས་དང་པོར་བསྒོམ། སྙིང་ག་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས། དེས་ལམ་ཕྱག་རྒྱ་བསྟེན་པ་ལ་དབང་ལ། ལྷན་སྐྱེས་ཉམས་སུ་མྱོང་བས་རྣམ་ཤེས་དྲུག་ཡུལ་དྲུག་ལ་ལྷུག་པར་བཞག་པ་དང་། ལུས་ངག་ཡིད་གསུམ་ཞེན་པ་དང་བྲལ་བ་དང་འབྲེལ་བ་ལ། དེའི་ཕྱི་རྟགས་སུ་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པར་བསྒོམ། ལྟེ་བའི་འཁོར་ལོ་ནས་གསང་གནས་ཀྱི་བར་དུ་གང་། མཆོག་ཏུ་བདེ་ཆེན་བཞི་པ་ཐོབ་པར་མོས། དེ་ནས་རིགས་ཀྱི་བདག་པོས་རྒྱས་གདབ་པར་བྱ་སྟེ། དེ་དག་ལ་སྤྲུལ་པའི་སྐུར་མོས་པ་བྱའོ། །དབང་དེ་ཐོབ་པས་ལམ་འཁོར་འདས་སྣང་བ་མི་དམིགས་ཏེ་བདེ་སྟོང་མཆོག་དང་འབྲེལ་
༢༦པས་རིགས་བདག་གི་མཐར་དཀྱིལ་འཁོར་གྱི་འཁོར་ལོ་བསྡུ་བའམ་མ་བསྡུས་པར་གསལ་བཏབ་ལ། བསྡུ་བ་གང་རུང་བྱའོ། །དམ་པ་འདིས་ཡན་ལག་གསུམ་པ་གོ་ཆ་བཅིང་བ་ལ་སོགས་པ་ཆོས་བཞི་བསྡུས་པ་ཡིན་ལ། སྒྲུབ་པ་ཆེན་པོ་ནི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པའོ། །དེ་ལྟར་ལས་དང་པོ་པའི་རྟེན་གྱི་གང་ཟག་ལྷ་དྲོད་གཤེར་ལས་སྐྱེ་བ་དང་པོའ་མངོན་པར་རྟོགས་པ་འདིའི་སྟེང་དུ་ཞི་གནས་ཀྱི་སེམས་གནས་པའི་ཐབས་དགུ་ལ་བརྟེན་ནས་སེམས་ཟིན་པ་བརྟན་པར་བྱ་བ་ཡིན་ཏེ། དེ་ལའང་ཐོག་མར་རྟོགས་པ་བསྐྱེད་པའི་ཕྱིར་བསྐྱེད་རྫོགས་གཉིས་ཀ་དག་པ་གསུམ་གསུམ་དུ་བསྡུས་པར་བཞེད་དོ། དེ་ལ་བསྐྱེད་པའི་རིམ་པའི་དབང་དུ་བྱས་ན། ཡེ་ཤེས་ཀྱི་ཚོགས་བསག་པ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་དག་པ་བསྙེན་སྒྲུབ་བཞིའི་ལྷའི་རྣམ་པ་ཡོངས་སུ་རྫོགས་པ་ནི་ལྷ་སོ་སོའི་དག་པ། ཞི་གནས་ཀྱི་རོའི་ཉམས་སུ་མྱོང་བ་རྒྱུད་ལ་སྐྱེས་པ་ནི་རང་རིག་པའི་དག་པ་ཞེས་བྱའོ། །དེ་ཡང་ལྷའི་རྣམ་པ་ལ་སེམས་འཛིན་པ་ཡང་། གཙོ་བོ་ཡབ་ལ་སེམས་གཟུང་བ་དང་། ཡུམ་ལ་སེམས་གཟུང་བ་དང་། ལྷ་དགུ་ལ་བློ་གནས་པ་དང་། དཀྱིལ་འཁོར་ཁམས་གསུམ་དང་བཅས་པ་ལ་བློ་གནས་པར་འདོད་པའོ། །དེ་རེ་རེ་ལའང་འཇུག་པའི་རིམ་པ་དང་། གནས་པའི་རིམ་པ་དང་། ལྡང་བའི་རིམ་པ་གསུམ་གསུམ་དུ་བླ་མས་བཤད་པར་བྱའོ། །དེ་ལ་གནས་པའི་རིམ་པ་ལ་སེམས་བཟུང་བ་ལ་ཡང་མན་ངག་དགུ་སྟེ། སེམས་འཇོག་པ་དང་། ཀུན་ཏུའམ་རྒྱུན་ཏུ་འཇོག་པ་དང་། ངེས་པར་འཇོག་པའམ་བླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་དང་། དུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། ཉེ་བར་ཞི་བ་དང་། རྒྱུན་གཅིག་ཏུ་བྱེད་པའམ་རྩེ་གཅིག་ཏུ་བྱེད་པ་དང་། ཤིན་ཏུ་མཉམ་པར་འཇོག་པ་ཞེས་བྱ་བ་ཡིན་ནོ། །འཇོག་དང་རྒྱུན་འཇོག་བསླན་ཏེ་འཇོག །ཉེར་འཇོག་དུལ་དང་ཞི་བར་བྱེད། །ཉེར་ཞི་རྒྱུན་གཅིག་མཉམ་འཇོག་པ། །འཛིན་པའི་རིམ་པ་རྣམ་དགུ་ཡིན། ཅེས་བསྡུ་བའི་ཤློ་ཀའོ། །དེ་ལ་འཇོག་པ་ནི། ལྡང་བའི་རྣལ་འབྱོར་
༢༧ནས་བཟུང་སྟེ་རིགས་ཀྱི་བདག་པོས་རྒྱས་གདབ་པའི་བར་དུ་ཤིན་ཏུ་རྩོལ་བ་བསྒྲིམས་ཏེ་བསྒོམས་ལ་དེ་ལ་སེམས་ཅུང་ཟད་ཙམ་འཇོག་པའོ། །དེའང་ལས་དང་པོ་ལ་མྱུར་བ་གནད་དུ་ཆེའོ། །འདི་མན་ཆད་ཀྱི་སེམས་འཛིན་ན་གསལ་བ་གནད་དུ་ཆེའོ། །དེ་ནས་རྒྱུན་ཏུ་འཇོག་པ་སྒོམ་པའི་ཕྱིར་བསྡུས་པ་གཙོ་བོའི་ང་རྒྱལ་ལ་གནས་པའམ། དཀྱིལ་འཁོར་མ་བསྡུས་ཀྱང་རུང་སྟེ། ཐོག་མ་སྤྱན་དབུས་མ་ལ་སེམས་གཟུང་སྟེ། དེའང་གསལ་ན་གསལ་ཏེ་འཕྲོ་བཅད། བསམ་གཏན་གྱི་དུག་དབྱུང་། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། བསམ་གཏན་གྱི་དུག་དབྱུང་། འཕྲོ་བཅད་ཀྱང་རྣམ་པ་ཝལ་ཝལ་བྱུང་ན། བསམ་གཏན་གྱི་དུག་ཡིན་པས། བུམ་པའམ་སྣམ་བུ་ལ་སོགས་པ་དངོས་པོ་གཞན་ལ་ཤེས་པ་ཡེངས་སུ་གཞུག །ཡང་བསྒོམས་ཏེ། གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད་ཅིང་ཡེངས་སུ་གཞུག་སྟེ། བསྒོམས་པས་གསལ་བཏབ་པའོ། །དེ་ལྟ་བུའི་ཚུལ་གྱིས་བསམ་གཏན་གྱི་དུག་ཕྱུང་ཞིང་ཡང་དང་ཡང་དུ་གོམས་པར་བྱས་ཀྱང་དམིགས་པ་གསལ་བ་མ་བྱུང་ན། བརྗོད་ནས་གསལ་གདབ་པ་ཞེས་བྱ་བ་བསྒོམ། དེ་ལའང་གཉིས་ལས། རང་རིག་བརྗོད་པས་གསལ་གདབ་པ་ནི། སྤྱན་དབུ་མ་སྤྱན་རྩ་ཁྲོ་ཞིང་དམར་བ་ཞེས་བརྗོད་པ་སྔ་མ་བཞིན་ཏུ་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེས་ཀྱང་གསལ་བ་མ་བྱུང་ན་གཞན་དག་ཅིག་སྤྱན་དབུ་མ་ཞེས་བརྗོད་དུ་བཅུག་ལ། ཡང་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེས་ཀྱང་མི་གསལ་ན། བལྟས་པས་གསལ་གདབ་པ་ཞེས་བྱ་ལ། སྤྱན་དབུ་མ་ཤིན་ཏུ་མཛེས་པ་ཞིག་བྲིས་ལ་བལྟས་ཤིང་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེ་དག་གི་དུས་སུ་ཡང་མ་བསྒོམ་ཙམ་ན་རྣམ་པ་ཝལ་ཝལ་བྱང་ན། བསམ་གཏན་གྱི་དུག་ཡིན་པས་གཞན་ལ་ཤེས་པ་ཡེངས་སུ་གཞུག །དེ་ལྟར་བསྒོམས་པས་གང་ལ་གསལ་བར་འདོད་པ་དེ་ལ་གསལ་བར་བྱུང་ན། ལྷ་སོ་སོའི་དག་པ་པོ་རུ་སླེབས་པ་ཡིན། གསལ་འཕྲོ་ལ་མེད་པར་འདོད་ན་མེད་པར་བྱ་བར་
༢༨ནུས་ན། དེ་བཞིན་ཉིད་ཀྱི་དག་པ་པོ་རུ་སླེབས། དེ་དག་ལ་བརྟེན་ནས་ཞི་གནས་ཀྱི་ཉམས་ཁྱད་པར་ཅན་སྐྱེས་པ་ནི་རང་རིག་པའི་དག་པ་པོ་རུ་སླེབ་པའོ། །དེ་ནས་ཐུན་ནམ་འཇོག་ཙམ་ན། སྣོད་བཅུད་ཐམས་ཅད་རང་གིས་བསྒོམས་པའི་སྲུང་འཁོར་ལ་བསྡུ་བ་ནས་ཐ་མ་ཧཱུྃ་ཡང་འོད་ཕུང་ཐིག་ལེར་ཞུ་བར་བསྒོམ་པ་ནི། རིགས་ལྔ་བསྡུས་པའི་ངོ་བོ་ཡིན་པས་རྫོགས་པའི་རིམ་པ་ལྷ་སོ་སོའི་དག་པ། དེ་ཡང་མར་མེའི་རྩེ་མོ་ལྟར་དམར་ནག་གི་རྣམ་པ་བསྒོམ་པ་ནི། བདེ་བ་ཆེན་པོའི་ངོ་བོ་ཡིན་པས་རང་རིག་པའི་དག་པ། དེ་ཡང་མི་དམིགས་པར་བསྒོམ་སྟེ། མི་དམིགས་པ་བྱ་བ་ཙམ་དུ་ཡང་འཛིན་པ་མེད་པར་བསྒོམ་པ་ནི་དེ་བཞིན་ཉིད་ཀྱི་དག་པའོ། །དེ་དག་ནི་རྒྱུན་དུ་འཇོག་པའི་གདམས་ངག་ཡིན་ནོ། །གསུམ་པ་ངེས་པར་འཇོག་པའམ་བསླན་ཏེ་འཇོག་པ་ནི། ཤེས་པ་ཕྱིར་འཕྲོས་ན་ངའི་ཤེས་པ་རྒོད་པར་སོང་སྙམ་ཤེས་པས་དྲན་པ་མྱུར་དུ་བླན་ཏེ། རིངས་པར་དམིགས་པ་ལ་བློ་འཇོག་པའོ། །བཞི་པ་ཉེ་བར་འཇོག་པ་ནི། དམིགས་པ་གཅིག་གིས་སེམས་སྐྱོ་ན་དབུའི་གཙུག་ཏོར་རམ། སྣ་ཚོགས་རྡོ་རྗེའམ། ཞལ་གྱི་མཆེ་བ་ལྟ་བུ་ལ་ཐུན་རེ་རེ་ཙམ་བསྒོམས་པས་དབུགས་ཕྱུང་ལ་ཡང་སྔར་གྱི་དེ་ཉིད་བསྒོམ་པར་བྱའོ། །ལྔ་པ་དུལ་བར་བྱེད་པ་ནི། ཏིང་ངེ་འཛིན་ལ་ཡོན་ཏན་དཔག་ཏུ་མེད་པས་ཡོད་པ་ཤེས་པར་བྱས་ལ། སྤྱོད་ལམ་ཐམས་ཅད་དུ་དམིགས་པ་གསལ་བ་མེད་ཀྱང་ལྷའི་རྣམ་པ་རྟག་ཏུ་དྲན་པས་སེམས་གདུལ་བར་བྱའོ། །དྲུག་པ་ཞི་བར་བྱེད་པ་ནི། རྣམ་པར་རྟོག་པ་འཕྲོ་བ་ན་ཡིད་མི་དགའ་བར་གྱུར་པའི་ཚེ་དམིགས་པའི་སྟེང་དུ་སེམས་གློད་དེ་ཞི་བར་བྱའོ། །བདུན་པ་ཞི་བར་བྱེད་པ་ནི། བརྣབ་སེམས་ལ་སོགས་པའི་མི་དགེ་བའི་སེམས་སྐྱེས་པའི་ཚེ་དམིགས་པ་ལ་བརྟེན་ནས་ཞི་བར་བྱེད་པའོ། །བརྒྱད་པ་རྩེ་གཅིག་ཏུ་བྱེད་པ་ནི། སེམས་ཕྱིར་མི་འགྲོ་བར་གནས་ན། དེ་ཉིད་ཀྱི་སྟེང་དུ་རྩེ་གཅིག་ཏུ་འཇོག་པར་བྱེད་པའོ། །དགུ་པ་ཤིན་ཏུ་མཉམ་པར་བྱེད་པ་ནི། དམིགས་པ་དེ་དག་
༢༩བརྟནབརྟེན་ནས་ཆེད་དུ་མ་བསྒྲུབས་པར་ཡང་ཏིང་ངེ་འཛིན་འབྱུང་བ་ཡིན་ནོ། །དེ་དག་ཀྱང་མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེངས་མི་བྱ། །རྣམ་གཡེངས་མྱུར་དུ་རྟོགས་བྱས་ནས། །དེ་ལས་སླར་ཡང་བླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་གདུལ་ལོ། །རྣམ་གཡེངས་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་བ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་འཐོབ། །དེ་གོམས་པ་ལས་འདུ་མི་བྱེད། ཅེས་གསུངས་སོ། །དེ་ལྟར་བསྐྱེད་པའི་རིམ་པའི་སྐུའི་ཕྱོགས་གཅིག་ལ་སེམས་བརྟན་པོ་ཟིན་ནས། སྐུའི་ཕྱོགས་གཞན་ལ་དམིགས་པ་སྤོ་བར་བྱ་སྟེ། ཐུན་དང་པོ་ལ་སྤྱན་དབུ་[1]མ་བསྒོམ། གཉིས་པ་ལ་སྤྱན་གསུམ་[2]གསལ་གདབ། གསུམ་པ་ལ་ཁྲོ་གཉེར།[3] བཞི་པ་ལ་ཤངས།[4] དེ་ཙམ་གསལ་བར་མ་ནུས་ན། ཡང་ཐུན་བཞི་ཀ་ལ་སྤྱན་གསལ་གདབ་པའམ། །འོག་མ་རྣམས་ལ་ཡང་དེ་བཞིན་ཏུ་དམིགས་པ་བརྟན་བརྟན་གྱི་བར་དུ་བསྒོམ་པར་བྱའོ། །བློ་མྱུར་ན་ཉི་མ་གཉིས་པའི་ཐུན་དང་པོ་ལ་ཞལ་གྱི་མཆེ་བ་[5]གསལ་གདབ། གཉིས་པ་ལ་སྙན།[6] གསུམ་པ་ལ་རྩ་[7]ཞལ། བཞི་པ་ལ་གཡས་དཀར་བ།[8] ཉི་མ་གསུམ་པའི་ཐུན་དང་པོ་ལ། རྩ་ཞལ་དང་གཡས་དཀར་བ།[9] གཉིས་པ་ལ་གཡོན་དམར་བ།[10] གསུམ་པ་ལ་གཡས་པའི་ཞལ་[11]གཉིས་གནག་པ། བཞི་པ་ལ་གཡོན་པའི་ཞལ་[12]གཉིས་གནག་པ་དང་། སྟེང་གི་ཞལ་གསལ་གདབ། ཉི་མ་བཞི་པའི་ཐུན་དང་པོ་ལ་ཞལ་བརྒྱད།[13] ཐུན་གཉིས་པ་ལ་དབུའི་གཙུག་[14]ཏོར་དང་། དབུ་སྐྲ་དམར་སེར་སྣ་ཚོགས་རྡོ་རྗེ་དང་བཅས་པ་དང་། ཐུན་གསུམ་པ་ལ་རུས་པའི་འཁོར་ལོ་[15]དང་རྣ་རྒྱན་ལ་སོགས་པའི་དབུ་རྒྱན་རྣམས། ཐུན་བཞི་པ་ལ་སྐུ་བྱིན་པོ་མགུལ་[16]རྒྱན་ལ་སོགས་པ་དང་བཅས་པ་གསལ་གདབ་
༣༠ཉི་མ་ལྔ་པའི་ཐུན་དང་པོ་ལ་དབུ་དང་སྐུ་བྱིན་པོ་[17]གསལ་གདབ། གཉིས་པ་ལ་ཕྱག་གཡས་པ་[18]བརྒྱད་ཕྱག་མཚན་དང་བཅས་པ། གསུམ་པ་ལ་གཡོན་ཕྱག་བརྒྱད་ཕྱག་[19]མཚན་དང་བཅས་པ་དང་། མི་མགོ་ལ་སོགས་པ་སྐུའི་རྒྱན་མེ་རི་དང་བཅས་པ་གསལ་གདབ། བཞི་པ་ལ་བདུད་བཞི་མནན་པའི་ཞབས་[20]གསལ་གདབ། ཉི་མ་དྲུག་པའི་ཐུན་དང་པོ་ལ་གཙོ་བོ་དང་། གཽ་རཱི་དང་[21]། གཉིས་པ་ལ་ཙཽ་རཱི[22]། གསུམ་པ་ལ་བེ་ཏཱ་ལཱི[23]། བཞི་པ་ལ་གྷསྨ་[24]རཱི། ཉི་མ་བདུན་པའི་ཐུན་དང་པོ་ལ། གཙོ་འཁོར་ལྔའི་སྟེང་དུ་པུཀྐ་[25]སཱི། གཉིས་པ་ལ་ཤ་[26]བ་རཱི། གསུམ་པ་ལ་ཙཎྜ་ལཱི[27]། བཞི་པ་ལ་གཡུར་[28]མོ་གསལ་གདབ། ཉི་མ་བརྒྱད་པའི་ཐུན་དང་པོ་ལ་ལྷ་དགུ་[29]གཞལ་ཡས་ཁང་དང་བཅས་པ། གཉིས་པ་ལ་དུར་ཁྲོད[30]། གསུམ་པ་ལ་སྲུང་འཁོར[31]། བཞི་པ་ལ་ཁམས་གསུམ་སྣོད་བཅུད་[32]དཀྱིལ་འཁོར་གྱི་འཁོར་ལོར་གསལ་གདབ་བོ། །དེ་ལྟར་བསྐྱེད་པའི་རིམ་པའི་དམིགས་པ་རིམ་གྱིས་སྦྱོང་བ་བཞིན་ཏུ། །རྫོགས་པའི་རིམ་པ་མར་མེའི་རྩེ་མོ་ལྟ་བུ་ལའང་སེམས་བཟུང་སྟེ། ཁམས་གསུམ་ནས་དཀྱིལ་འཁོར་གྱི་འཁོར་ལོ་རིམ་པ་བཞིན་ཏུ་བསྡུས་ལ་འོད་ཕུང་ཐིག་ལེ་ལ་བསྒོམ། དེ་གསལ་ན་མར་མེའི་རྩེ་མོ་ལ། དེ་གསལ་ན་རྟ་རྔ་ཙམ་ལ། དེ་གསལ་ན་རྟ་རྔ་བརྒྱར་གཤགས་པའི་ཚད་ལ། མཐར་མེ་ལོང་ལ་དབུགས་ཀྱི་དྲོད་ཡལ་བའི་ཚུལ་གྱིས་སྟོང་པ་ཉིད་ལ་བློ་བཞག་གོ །དེ་ལྟར་གསོལ་གདབ་པ་ནས་བཟུང་སྟེ། སྟོང་པར་བསྒོམ་པའི་བར་གྱི་ཐུན་ནམ་འཇོག་པར་འདོད་པའི་དུས་སུ་ཁམས་གསུམ་བསྡུ་བ་ནས་བཟུང་སྟེ། སྟོང་པའི་བར་དུ་བསྡུས་ལ། ལྡང་བར་འདོད་ན་སྟོང་པའི་ངང་ལས་གཙོ་བོའི་ང་རྒྱལ་གྱིས་ལངས་ལ་དག་པ་རྗེས་སུ་དྲན་པ་དང་། རྡོ་རྗེའི་གླུ་དང་། སྨོན་ལམ་རྣམ་པར་དག་པ་བཏབ་ལ། སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །དེ་ལྟར་གོམས་པར་བྱས་པས་དུ་བ་དང་། སྨིག་རྒྱུ་དང་། སྲིན་བུ་མེ་ཁྱེར་དང་། མར་མེ་འབར་བ་དང་། ནམ་མཁའ་སྤྲིན་མེད་ལྟ་བུའི་རྟགས་ལྔ་པོ་དེ་བསྐྱེད་རིམ་བསྒོམ་པ་ལ་མཐོང་ངམ། རྫོགས་རིམ་བསྒོམ་པ་ལ་མཐོང་ངམ། མཉམ་གཞག་ལ་མཐོང་
༣༡ངམ། རྗེས་སྤྱོད་ལའང་རུང་སྟེ་མཐོང་བར་འགྱུར་རོ། །གདམས་ངག་མེད་ན་ཇི་ཙམ་བསྒོམས་ཀྱང་རྟགས་ལྔ་པོ་མཐོང་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་རྟགས་ལྔ་མཐོང་མཐོང་བསྒོམ་པ་དེ་ནི་ལས་དང་པོ་པའི་གང་ཟག་ཚོགས་ཀྱི་ལམ་མཐར་ཕྱིན་པའོ། །དེ་ལྟ་བུའི་རྟགས་ལྔ་སྐྱེས་པ་ན། གང་ཟག་གཉིས་པར་ན་འཕོས་པ་ཡིན་ཏེ། བདེ་བ་ཅུང་ཟད་ཙམ་ཐོབ་པའི་གང་ཟག་ཅེས་མིང་ཐོབ་བོ། འདི་ལའང་ཚོགས་ཀྱི་ཞིང་སྤྱན་དྲངས་བ་ནས་བཟུང་སྟེ། གཞལ་ཡས་ཁང་བསྐྱེད་པའི་བར་སྔ་མ་དང་འདྲ་ལ། བསྙེན་པའི་བསྐྱེད་ཆོག་ཆ་དབྲི་བ་ནི་དྲོད་གཤེར་ལས་སྐྱེས་གཉིས་པ་ཞེས་བྱ་བ་ཡིན་ཏེ། རྒྱ་རྡོ་རྗེ་འཆང་དང་། འཁོར་གྱིས་ལྷ་ཐམས་ཅད་དང་འབྲས་བུ་རྡོ་རྗེ་འཆང་བསྐྱེད་པ། གསུམ་ཀ་ལ་ཟླ་བ་དང་ཉི་མ་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པར་སྐད་ཅིག་ཙམ་གྱིས་བསྐྱེད་པ་ཡིན་ནོ། མངོན་པར་བྱང་ཆུབ་པ་ལྷག་མ་གསུམ་དང་། ཡེ་ཤེས་པ་གཞུག་པ། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་རྣམས་མངོན་པར་རྟོག་པ་སྔ་མ་དང་འདྲ་བ་ཡིན་ནོ། །དེ་ལྟར་གོམས་པའི་སྟོབས་ཀྱིས་སེམས་ཆེར་བརྟན་ཞིང་རླུང་སེམས་ཀྱི་འཕྲོ་འདུ་འཕེལ་བའི་སྟོབས་ཀྱིས། །བསོད་ནམས་ཀྱི་ཚོགས་ཀྱི་སྐབས་སུ་ལུས་ལ་བདེ་བ་འབར། ཡེ་ཤེས་ཀྱི་དུས་སུ་སེམས་ལ་བདེ་སྟོང་ཤས་ཆེར་སྐྱེ། བསྐྱེད་རྫོགས་ཀྱི་དངོས་གཞིའི་དུས་སུ་ལུས་སེམས་བདེ་སྟོང་ཟུང་དུ་ཆུད། སྐབས་སྐབས་སུ་ལྷའི་སྣང་བ་སྟོང་ཞིང་འགྲོ། རྨི་ལམ་མངོན་ཤེས་དང་འདྲ་བ་འབྱུང་བ་ཡིན་ཏེ། གང་ཟག་གཉིས་པ་སྦྱོར་ལམ་དྲོད་ཀྱི་ཐད་སོར་སླེབ་པ་ཡིན་ནོ། །དེ་ལྟ་བུའི་གང་ཟག་ནི། བདེ་བ་ཐོབ་པ་ཞེས་བྱ་བ་གསུམ་པ་ཡིན་ཏེ། དེ་ཡང་བསྙེན་པའི་བསྐྱེད་ཆོག་ཆད་བྲི་ན། ཚོགས་ཀྱི་ཞིང་སྤྱན་དྲངས་བ་ནས་གཞལ་ཡས་ཁང་གི་བར་དུ་སྔ་མ་དང་འདྲ་ལ། སྐད་ཅིག་གིས་གཙོ་བོའི་གདན་གྱི་སྟེང་དུ་ༀ་ཧཱུྃ་བསམ། དེ་ལ་ཨཱ་ལི་ཀཱ་ལི་བརྗོད་པས་བསྐུལ་བའམ། མ་བརྗོད་ཀྱང་རུང་སྟེ་ས་བོན་ཞུ་བ་ཙམ་ལས་བསྐྱེད། མཁའ་གསང་བྱིན་གྱིས་རླབས་ཏེ། ལྷ་མོ་རྣམས་ཀྱང་ས་བོན་སྤྲོས་པ་ལ་སྔ་མའི་ཚུལ་གྱིས་
༣༢བསྐྱེད། འབྲས་བུ་རྡོ་རྗེ་འཛིན་པ་ཡང་ཐིག་ལེ་ལས་ༀ་ཧཱུྃ་དུ་གྱུར་པ་ལས་བསྐྱེད། སྒྲུབ་པ་ལ་སོགས་པ་ཡན་ལག་གསུམ་ནི་སྔ་མ་དང་འདྲའོ། །དེ་ལྟར་གོམས་པ་ན་ལྷའི་སྣང་བས་ཀྱང་རྫོགས་རིམ་ཤས་ཆེ། སྐབས་སུ་ལྷའི་རྣམ་པ་མི་གསལ། དགྱེས་པ་རྡོ་རྗེ་བསྒོམས་ཀྱང་འཁོར་ལོ་བདེ་མཆོག་ལ་སོགས་པ་སྣང་བ་དུ་མ་འགྱུར་ཞིང་མཐོང་བ་འབྱུང་། རིགས་དྲུག་གི་གྲོང་ཁྱེར་ལ་སོགས་པ་འཁྲུལ་སྣང་སྣ་ཚོགས་ཀྱང་མཐོང་། དཀྱིལ་འཁོར་གྱི་འཁོར་ལོ་ཡང་དུ་བ་ལ་སོགས་པ་བན་བུན་དུ་ཡལ་ཞིང་འགྲོ་སྟེ། གང་ཟག་གསུམ་པའི་མངོན་པར་རྟོགས་པ་སྦྱོར་ལམ་རྩེ་མོའི་ཐད་སོ་ཡིན་ནོ། །དེ་ལྟ་བུའི་ཉམས་སྐྱེས་ནས་གང་ཟག་བཞི་པ་བདེ་བ་ཆེར་ཐོབ་པ་ཞེས་བྱ་བ་ཡིན་ནོ། །དེས་བསྒོམ་པར་བྱ་བ་ནི། ཚོགས་གཉིས་བསགས་པ་ནི་ཚུལ་སྔ་མ་དང་འབྲལ། སྲུང་བའི་འཁོར་ལོ་གཞལ་ཡས་ཁང་དང་བཅས་པ་སྐད་ཅིག་གིས་བསྒོམ། དེར་གཙོ་བོ་ཡང་སྐད་ཅིག་མས་བསྐྱེད། སྐད་ཅིག་ཙམ་གྱིས་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ་ཞལ་ཏུ་ཞུགས། སྙིང་གར་ཞུ་བ་ལས་དབང་གི་གནས་སུ་ལྷ་མོ་བརྒྱད་དུ་བསྐྱེད་ལ་ཕྱོགས་མཚམས་བརྒྱད་དུ་དབྱུང་ངོ་། །དེའང་རྩ་རྒྱུད་ཕྱི་མའི་ལྔ་པ་ལས། བསྲུབས་དང་བསྲུབས་པའི་སྦྱོར་བ་ལས། །དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། ཅེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡན་ལག་ལྷག་མ་གསུམ་ནི་སྔ་མ་དང་འདྲའོ། །འདི་ནི་གཙོ་བོ་རྫུས་སྐྱེས་ལ་འཁོར་མངལ་སྐྱེས་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བསྒོམས་པའི་སྟོབས་ཀྱིས་འཁོར་བ་རིགས་དྲུག་ཀྱང་རང་གི་ཉམས་ཀྱི་སྣང་བ་ལ་མཐོང་དུ་རུང་། མྱ་ངན་ལས་འདས་བ་སྤྲུལ་སྐུའི་ཞིང་ཁམས་ཀྱང་མཐོང་དུ་རུང་། དེ་ཙམ་ན་མཉམ་རྗེས་མེད། ལུས་སེམས་ལ་བདེ་སྟོང་བརྟན་པ་ཟུང་དུ་ཆུད། དེ་ཙམ་ན་མཁའ་འགྲོ་མའི་བར་ཆད་ཀྱི་རྩོལ་བ་ནམ་མཁའ་ཐམས་ཅད་མཁའ་འགྲོ་མས་གངབཀང་ནས། དངོས་གྲུབ་སྦྱིན་ཞེས་ཟེར་བ་དང་།
༣༣མཚོན་ཆའི་ཆར་འབེབས་པ་དང་། མེས་བསྲེག་ཏུ་འོང་བ་དང་། རྒྱ་མཚོར་བསྐྱུར་དུ་འོང་བ་ལ་སོགས་པ་བྱུང་ན་བརྡ་བསྟན་ཏེ་བཟློག །བརྡ་ཤེས་ཤིང་རང་གཟུགས་སྟོན་པའི་ཌཱ་ཀི་ནཱི་བྱུང་ན། དེ་དང་སྙོམས་པར་ཞུགས་པས་སྐད་ཅིག་ལ་བདེན་པ་མཐོང་བར་འགྱུར་རོ། །སྙོམས་འཇུག་མ་བྱས་ཀྱང་སྤྲུལ་སྐུ་ལས་དབང་ལེན་ཏེ་སྦྱོར་ལམ་བཟོད་པའི་ཐད་སོ་ཡིན་ནོ། །དེ་ལས་འདས་པའི་གང་ཟག་གིས་ཚོགས་གཉིས་བསགས་པ་སྐད་ཅིག་མས་བྱ། སེ་གོལ་གཏོགས་པ་ཙམ་གྱིས་ནི། རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་འབྱུང་བས་ན། དམ་ཚིག་གི་འཁོར་ལོ་སྐད་ཅིག་གིས་བསྐྱེད། རང་གི་སེམས་ཉིད་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དོར། དེ་ལས་འདས་པའི་གང་ཟག་གིས་གོ་ཆ་བཅིངས་པ་ལ་སོགས་པ་དབང་གསུམ་གྱི་རྒྱས་གདབ་དོར། དེ་ལས་ཀྱང་འདས་པའི་གང་ཟག་གིས་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་དོར། དེ་དག་ཀྱང་མི་བསྒོམ་པ་ནི་མ་ཡིན་ཏེ། རང་གི་ངང་གིས་ཆོ་ག་མི་དམིགས་པར་འགྱུར་བ་ཡིན། ལམ་བསྐྱེད་རྫོགས་གཉིས་ལས་ཀྱང་། བསྐྱེད་པའི་རིམ་པའི་ཆ་དོར་བ་ཞེས་བྱ་བ་བསྒོམ་རྒྱུ་མེད་པར་འགྲོ་བ་ཡིན། དམ་ཚིག་ཉི་ཤུ་རྩ་གཉིས་ལས་ཀྱང་གྲོལ་ཏེ། སྦྱོར་ལམ་ཆོས་མཆོག་མཐར་ཕྱིན་པའི་ཐད་སོ་ཡིན་ནོ། །དེ་ནས་དེའི་སྐད་ཅིག་ལ་ལུས་ཀྱི་དཀྱིལ་འཁོར་རྩ་རྣམས་མངོན་ཏུ་གྱུར་རྩ་རྣམས་ཉིད་ལ་ལྷར་མཐོང་བའི་ཕྱིར་རོ།ཏེ། ཕྱི་རོལ་ཏུ་ལྷའི་དཀྱིལ་འཁོར་བསྒོམ་མི་དགོས་པའི་ཕྱིར་ལུས་ཉིད་ལྷར་འཆར། ལུས་ཀྱི་དཀྱིལ་འཁོར་ལ་ཡང་ནས་ཡང་དུ་བརྟགས་ཤིང་བསྒོམས་པས། སྔོན་བླ་མས་བསྟན་པའི་དོན་ལུས་ཀྱི་དཀྱིལ་འཁོར་མངོན་ཏུ་གྱུར། དངོས་གྲུབ་ཐོབ་ཅེས་མི་ཐོབ། དེ་ཙམ་ན་བདེན་པ་མཐོང་བ་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་དོན་རྟོགས། མཐོང་བའི་ལམ་གྱི་ཐད་སོའོ། དེ་རྟོགས་ནས་སྒོམ་ལམ་གྱི་མགོ་རྩོམ་པ་ཡིན་ཏེ། དེ་ཡང་དེ་
༣༤ལས་འདས་པའི་གང་ཟག་གིས་བྷ་གའི་དཀྱིལ་འཁོར་མངོན་ཏུ་འགྱུར་ཏེ། ཨཱ་ལི་ཀཱ་ལི་ལ་སོགས་པ་རྩ་ཡི་གེ་ཐམས་ཅད་མངོན་ཏུ་མཐོང་ངོ་། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་མཁའ་འགྲོ་ལྔ་དང་། རིགས་ལྔ་ལ་སོགས་པའི་རྩ་ཡི་གེ་རྣམས། བདག་གི་སྙིང་གའི་བྷྲཱུྃ་ཨཱྃ་ལ་སོགས་པ་དང་ཐ་མི་དད་དུ་མཐོང་། ཏིང་ངེ་འཛིན་བརྟན་པར་བྱ་བའི་ཕྱིར་འདིར་བྷ་གའི་དཀྱིལ་འཁོར་ལ་ཡང་ནས་ཡང་དུ་བརྟགས་ཤིང་བསྒོམ་མོ། །དེ་ལས་འདས་པའི་གང་ཟག་གིས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་ཏུ་འགྱུར་ཏེ། བདུད་རྩི་ལྔ་དང་རླུང་ལྔ་སྟེ། ཁམས་བཅུ་འདུས་པ་རང་གང་འདོད་པའི་རྩ་དང་རྩ་ཡི་གེ་རྣམས་སུ་དབབ་པ་དང་བཟློག་པ་ལ་དབང་ཐོབ། རང་གི་ཁམས་བཅུ་དང་ཕྱོགས་བཅུའི་སངས་རྒྱས་ཐ་མི་དད་མངོན་ཏུ་གྱུར། ཐིག་ལེ་གཅིག་ལ་དེ་བཞིན་གཤེགས་པ་དུ་མ་ཉིད་དང་རོ་གཅིག་པར་མི་འགལ། གང་ཟག་དེས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་ཡང་ནས་ཡང་དུ་བརྟགས་ཤིང་བསྒོམ་མོ། །བྷ་ག་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཉིས་ནི་སྒོམ་ལམ་གྱི་ཐད་སོ་དང་སྦྱར་རོ། །དེ་ལས་འདས་པའི་གང་ཟག་གིས་དཀྱིལ་འཁོར་གསུམ་ཆར་ལ་དབང་ཐོབ་པའི་ཕྱིར། སྤྱོད་པའི་མཐར་སླེབ་པ་ཡིན་པས། ཕྱག་རྒྱ་བསྟེན་ཏེ་སེམས་ཉམས་དང་སྦྱར་ལ། བྲམ་ཟེ་མོ་ལ་སོགས་པ་རིགས་ལྔ་ལ་མཉམ་པར་ལོངས་སྤྱོད་པའམ། སྤྱན་ལ་སོགས་པ་ཕྱག་རྒྱ་བཞི་ལ་ལོངས་སྤྱོད་པའམ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྦ་པ་བཞིན་ཏུ། པདྨ་[33]ལ་བརྟེན་ནས་མཚན་གཅིག་གིས་གྲོལ་བར་བཞེད་དོ། །མཐར་ཕྱིན་གྱི་ལམ་གྱི་ཐད་སོའོ། །དེའི་མཐར་རྒྱུད་གཉིས་དུས་གཅིག་ཏུ་གྲོལ་བའི་ཚེ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་འགྲུབ་སྟེ་དེ་ནི་འོག་ཏུ་བཤད་པར་བྱའོ། །སྤྱི་དོན་གཉིས་པ་ལམ་ཉམས་སུ་བླང་བ་བསྟན་ཟིན་ཏོ། །སྤྱི་དོན་གསུམ་པ་ནི། དེ་ལྟར་བསྟན་པའི་ལམ་མངོན་པར་རྟོགས་པ་དེར་རྒྱུད་སྡེ་བཞི་ལ་སོགས་པའི་ལམ་ཐམས་ཅད་ཀྱང་ཚང་ཞིང་དེ་དག་གུད་དུ་བསླབ་མི་དགོས་པར་སྒྲུབ་པ་པོ་ལ་ཡིད་ཆེས་སྐྱེ་ཞིང་། དེ་ལྟར་ཡིད་ཆེས་པར་བྱས་ནས་བསྒོམས་པས་ཐམས་ཅད་ཚང་བར་མངོན་ཏུ་འགྱུར་བར་ངེས་པའི་ཤེས་པ་འཇུག་པའི་
༣༥ཕྱིར་ཟབ་པའི་ཚུལ་དགུས་ཟབ་མོ་ཞེས་བསྟན་པ་ཡིན་ཏེ། དེའང་ཐབས་འདི་མང་བ་ཡིན། ཐབས་འདི་མ་ཚང་བ་མེད་པ་ཡིན་ཏེ། ཐབས་འདི་རྒྱ་ཆེ་བ་ཡིན། ཐབས་འདི་སླ་བ་ཡིན། ཐབས་འདི་ཟབ་པ་ཡིན། ཐབས་འདི་དཀའ་བ་མེད་པ་ཡིན། ཐབས་འདི་མཆོག་ཏུ་གྱུར་པ་ཡིན། ཐབས་འདི་ཕུན་སུམ་ཚོགས་པ་ཡིན། ཐབས་འདི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། མང་རྫོགས་རྒྱ་ཆེ་སླ་བ་དང་། །ཟབ་ཅིང་མི་དཀའ་མཆོག་ཏུ་གྱུར། །ཕུན་ཚོགས་བསམ་གྱིས་མི་ཁྱབ་པའི། །ཐབས་འདི་ཟབ་པའི་ཚུལ་དགུར་བཞེད། །དོན་བསྡུས་པའི་ཤློ་ཀའོ། །དེ་ལྟར་རྣམས་གྲངས་ལྟ་བུའི་ཚུལ་གྱིས་ཟབ་པའི་ཚུལ་དགུས་ཟབ་པ་ཡིན་ནོ། །དེ་ལས་དང་པོ་ཐབས་འདི་མང་བ་ཡིན་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གཅིག་ལ། རྒོད་པ་དང་ལྟ་བ་ལ་སོགས་པ་རྒྱུད་སྡེ་བཞིའི་ལམ་འདི་ལ་ཚང་བའི་དབང་དུ་བྱས་ནས་སོ། །གཉིས་པ་ཐབས་འདི་མ་ཚང་བ་མེད་པ་ནི། དབང་བསྐུར་བའི་དུས་ཀྱི་དགའ་བ་བཞི་ལས། དགའ་བས་ཉན་ཐོས་ཀྱི་ལམ་ཆོད། མཆོག་ཏུ་དགའ་བས་རང་རྒྱལ་གྱི་ལམ་ཆོད། དགའ་བ་བྲལ་གྱིས་བྱང་ཆུབ་སེམས་དཔའི་ལམ་ཆེདཆོད་དེ་ཐེག་པ་གསུམ་ཀའི་ལམ་ཚང་བའི་དབང་དུ་བྱས་བའོ། །གསུམ་པ་ཐབས་འདི་རྒྱ་ཆེ་བ་ནི། མྱ་ངན་ལས་འདས་པ་ལམ་དུ་འགྱུར་བ་བཞིན། ཉོན་མོངས་པའང་ལམ་དུ་འགྱུར་བའི་དབང་དུ་བྱས་ཏེ། སྔར་བསྟན་པའི་འཁོར་འདས་ཞིབ་ཏུ་ཤེས་པར་བྱའོ། །བཞི་པ་ཐབས་འདི་སླ་བ་ནི། ལམ་བདེ་འདོད་པའི་ཡོན་ཏན་ལྔ་མ་སྤངས་པ་ལ་བརྟེན་ནས་འབྲས་བུ་བདེ་བ་ཆེན་པོ་འགྲུབ་པ་སྟེ། འདི་ནི་བླང་བྱའི་ངོས་ནས་བསྟན་པ་ཡིན་ནོ། །ཡང་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་དཀྱིལ་འཁོར་གཅིག་བསྒོམས་པས་བསྒོམ་པར་འགྱུར་བའི་ཕྱིར་སླ་བ་ཡིན་ནོ། །ལྔ་པ་ཐབས་འདི་ཟབ་པ་ནི། བསོད་ནམས་ཀྱི་ཚོགས་བསགས་པ་ནས་བཟུང་སྟེ། བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་རང་གི་སེམས་ཉིད་ལྷན་ཅགཅིག་སྐྱེས་པའི་ཡེ་ཤེས་གཅིག་གི་ངོ་བོར་ཤེས་པར་བྱས་ཏེ། ཉམས་སུ་བླངས་བས་སྦྱང་བྱ་དང་སྦྱོང་
༣༦བྱེད་གུད་དུ་མེད་པར་གྲོལ་ནས་འགྲོ་བ་ཡིན་ནོ། །དྲུག་པ་ཐབས་འདི་དཀའ་བ་མེད་པ་ནི། ཕྱི་རོལ་གྱི་དཀའ་ཐུབ་དང་དཀའ་སྤྱད་ལ་སོགས་སྡུག་བསྔལ་ལམ་དུ་བྱ་བ་མེད་པར། ཁ་ཟས་ཀྱི་རྣལ་འབྱོར་གྱིས་ཟས་ལ་བག་ཡོངས་སུ་སྤྱོད། །སྤྱོད་ལམ་གྱི་རྣལ་འབྱོར་གྱིས་འདོད་ཡོན་ལྔ་ལ་བག་ཡོངས་སུ་སྤྱོད། རྗེས་ཆགས་ཀྱི་རྣལ་འབྱོར་གྱིས་ཕྱག་རྒྱ་བསྟེན་པ་སྟེ་ལམ་བདེ་བ་ལ་བསྟེན་ནས་སྡུག་བསྔལ་སྤོང་བས་ན་འདི་ནི་སྤང་བྱའི་ངོས་ནས་མིང་བཏགས་པ་ཡིན་པ་ནོ། དེ་ལྟར་དྲུག་ནི་ལམ་གྱི་ཟབ་པ་ཞེས་བྱ་བ་ཡང་མིང་ཐོབ་ལ། འདི་མན་ཆད་གསུམ་ནི་འབྲས་བུ་ཟབ་པ་ཞེས་བྱ་བར་མིང་ཐོབ་པ་ཡིན་ནོ། །བདུན་པ་ཐབས་འདི་མཆོག་ཏུ་གྱུར་པ་ཡིན་པ་ནི། གནས་ཀྱི་ངེས་པ་སྟན་གཅིག་ཏུ། །ཐུན་གྱི་ངེས་པ་ཐུན་གཅིག་ལ། རིམ་པ་གཉིས་རྫོགས་པར་བསྒོམས་ལ། དུས་ཀྱི་ངེས་པ་བརྩོན་འགྲུས་ཅན་གྱིས་ཚེ་གཅིག་ལ་འགྲུབ་ལ། བརྩོན་འགྲུས་དང་བྲལ་བས་ཀྱང་སྐྱེ་བ་བཅུ་དྲུག་ལས་ཐོགས་མི་སྲིད་པའི་ངོས་ནས་བསྟན་པ་ཡིན་ནོ། །བརྒྱད་པ་ཐབས་འདིས་ཕུན་སུམ་ཚོགས་པ་ཡིན་པ་ནི། །ལམ་གཅིག་ལ་བརྟེན་ནས་འབྲས་བུ་མཆོག་གི་དངོས་གྲུབ་འགྲུབ་པར་མ་ཟད་འབྲིང་གྲུབ་ཆེན་བརྒྱད་དང་། དམན་པ་བཞི་སོགས་ཀྱི་དངོས་གྲུབ་མ་ལུས་པ་ཡང་འབྱུང་བའི་ངོས་ནས་བསྟན་པ་ཡིན་ནོ། །དགུ་པ་ཐབས་བསམ་གྱིས་མི་ཁྱབ་པ་ནི། མཆོག་ཐུན་མོང་གི་འབྲས་བུ་ཐམས་ཅད་ཀྱང་། རང་གི་ལུས་ངག་ཡིད་གསུམ་ལ་ངོ་བོ་ཉིད་ཀྱི་གནས་པ་དཀྱིལ་འཁོར་འཁོར་ལོའི་རྟེན་འབྲེལ་གྱིས་གྲུབ་པ་ལས་མ་གཏོགས་པ། རྫས་ལ་སོགས་པ་རྒྱུ་གཞན་གང་ཡང་མི་དགོས་པའི་ངོས་ནས་བསྟན་པ་ཡིན་ནོ། །དེ་ལྟ་བུའི་ཟབ་མོའི་དོན་རྣམས་ཀྱང་མདོར་བསྡུ་ན་གཉིས་ཏེ། ལམ་གྱི་ཟབ་པ་དང་། འབྲས་བུའི་དབང་དུ་བྱས་པའི་ཟབ་པའོ། །དང་པོ་ལའང་བཞི་སྟེ། མཉམ་གཞག་གི་ཟབ་པ་དང་། རྗེས་སྤྱོད་ཀྱི་ཟབ་པ། མཉམ་རྗེས་གཉིས་ཀ་ལ་ཁྱབ་པའི་ཟབ་པ། ཟབ་པས་ཟིན་པས་ཟབ་པའོ། འབྲས་བུའི་དབང་དུ་བྱས་པ་ལ་གསུམ་སྟེ།
༣༧འབྲས་བུའི་དུས་མྱུར་དུ་འགྲུབ་པའི་རྒྱུ་ཡིན་པས་ཟབ། རྒྱུ་གཅིག་གིས་འབྲས་བུ་མཐའ་དག་འགྲུབ་པས་ཟབ། འབྲས་བུ་རྒྱུ་ཉིད་ལ་ལྷུན་གྲུབ་ཏུ་གནས་པས་ཟབ་པའོ། །ལམ་གྱི་ཟབ་པའི་མཉམ་གཞག་གིས་ཟབ་པ་ནི། ཟབ་པ་དང་པོ་གཉིས་ལས། རྗེས་སྤྱོད་ཀྱི་ཟབ་པ་ནི། སྤྱོད་ལམ་རྗེས་ཆགས་གཉིས་ཏེ། ཟབ་པ་བཞི་པ་དང་། དྲུག་པས་བསྟན་ལ། མཉམ་རྗེས་གཉིས་ཀ་ལ་ཁྱབ་པའི་ཟབ་པ་ནི། ཐབས་རྒྱ་ཆེ་བ་དང་། ཡང་བཞི་པ་སླ་བ་གཉིས་ཀྱིས་བསྟན་ནོ། །ཟབ་པས་དྲིན་པས་ཟབ་པ་ནི། ལྔ་པ་ཐབས་ཟབ་པ་ཉིད་དེ་ལྟ་བ་དང་འབྲེལ་ལོ། །དེ་ལ་ཐབས་ཀྱིས་ཟབ་པ་རྣམས་ཀྱི་གོ་རིམ་ནི། དང་པོ་ཐབས་ཟབ་པས་ཟིན་པ་སྟེ་ལྟ་བ་འབྱུང་། དེ་ནས་མངོན་རྟོགས་དང་སྦྱར་ནས་ཐབས་མང་བ་དང་མ་ཚང་བ་མེད་པ་འབྱུང་། དེ་ནས་མཉམ་རྗེས་གཉིས་ལ་ཁྱབ་པའི་དབང་དུ་བྱས་ནས་རྒྱ་ཆེ་བ་དང་སླ་བ་གཉིས་འབྱུང་། དེ་ནས་མཉམ་ལངས་ཀྱི་ཟབ་པ་དཀའ་བ་མེད་པ་འབྱུང་། དེ་ནས་འབྲས་བུའི་དབང་དུ་བྱས་པའི་ཟབ་པ་གསུམ་འབྱུང་བ་ཡིན་ནོ། །དེ་ལྟར་ཟབ་ཚུལ་དགུ་ལ་ངེས་ཤེས་སྐྱེས་པའི་གང་ཟག་དེས། ཕྱི་རོལ་གྱི་སྤྲོས་པ་ཐམས་ཅད་ཆོད་པས་ན་ལམ་རིམ་པ་གཉིས་ལ་ནན་ཏན་ཆེན་པོ་དང་ལྡན་པས་བསྒོམ་པ་ཡིན་ནོ། །སྤྱི་དོན་བཞི་པ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ནི། ཆོས་སྐུ་ཡན་ལག་གསུམ་ལས། རང་བཞིན་མེད་པའི་ཡན་ལག་སྟེ་དབྱིངས་ཀྱི་ཆ། འགོག་པ་མེད་པའི་ཡན་ལག་སྟེ་ཡེ་ཤེས་ཀྱི་ཆ་རྒྱུན་མི་འཆད་པའི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ཆའོ། །ལོངས་སྐུ་ཡན་ལག་གསུམ་སྟེ། ཁ་སྦྱོར་ནི་ཡུམ་དང་བཅས་པ། བདེ་ཆེན་ནི་ཟག་མེད་ཀྱི་བདེ་བས་ཚིམས་པ། ལོངས་སྤྱོད་རྫོགས་པའི་ཡན་ལག་ནི་མཚན་དཔེ་འབར་བའོ། །སྤྲུལ་སྐུ་སྙིང་རྗེས་ངེས་པར་གང་བའི་ཡན་ལག་གཅིག་བུའོ། །རྗེ་བཙུན་སྙིང་རྗེ་ཆེན་པོ་པདྨ་བཛྲའི་བཞེད་གཞུང་། བླ་མ་གོང་མ་རྣམས་ཀྱི་ཡི་གེའི་གབ་ཡིག་ལྟ་བུར་མི་གསལ་བ་རྣམས་གསལ་བར་བྱ་བའི་ཕྱིར། དགེ་བསྙེན་གྲགས་པ་རྒྱལ་མཚན་ལ།

རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ།

༡༣ ༈ །དུས་འཁོར་ཉེ་བརྒྱུད་ཀྱི་མན་ངག །དཔལ་ཤ་བ་རིའི་སྦྱོར་བ་ཡན་ལག་དྲུག་པའི་གཞུང་ཆུང་འདི་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ཏོནོ། །དང་པོ་ནི། རྒྱ་གར་སྐད་དུ། ཡོ་ག་ཥོ་ཌངྒ་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ། གཉིས་པ་ནི། དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གསུམ་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ༈ །སོ་སོར་གཅོད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་པ་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་གསུངས། །གཉིས་པ་ལ་དྲུག་ལས། དང་པོ་སོ་སོར་གཅོད་པའི་ཡན་ལག་ནི། ༈ །མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱུ་ཏཱིར་རླུང་བཅུ་ཆུད་གྱུར་པ། །ཕྱི་ནང་རྟོག་འགགས་རྟགས་བྱུང་བ། །སོ་སོར་གཅོད་པའི་ཡན་ལག་ཡིན། །གཉིས་པ་བསམ་གཏན་གྱི་ཡན་ལག ༈ །རྟགས་རྣམས་བརྟན་པར་མཐོང་འགྱུར་པ། །ཤེས་རབ་རྟོག་དཔྱོད་དགའ་བདེ་དང་། །རྩེ་གཅིག་མི་གཡོ་རྟོག་མེད་ནི། །བསམ་གཏན་གྱི་ནི་ཡན་ལག་ཡིན། །གསུམ་པ་སྲོག་རྩོལ་གྱི་ཡན་ལག ༈ །རླུང་བཅུ་དབུ་མར་ཚུད་གྱུར་པས། །འཁོར་ལོ་བཞི་ཡི་ཐིག་ལེའི་ནང་། །རླུང་ཉིད་འགྲོ་འོང་བྱེད་པ་ནི། །སྲོག་རྩོལ་གྱི་ནི་ཡན་ལག་ཡིན། བཞི་པ་འཛིན་པའི་ཡན་ལག ༈ །སྲོག་རླུང་ཐིག་ལེའི་ནང་ཆུད་པས། །རླུང་སེམས་བདེ་ཆེན་འཁོར་ལོ་ཡི། །ཧཾ་གི་ཐིག་ལེ་ཟིན་པ་ནི། །འཛིན་པ་ཡི་ནི་ཡན་ལག་ཡིན། ལྔ་པ་རྗེས་དྲན་གྱི་ཡན་ལག ༈ །རླུང་སེམས་ཐིག་ལེར་ཟིན་སྟོབས་ཀྱིས། །གཏུམ་མོའ་མེ་འོད་སྣང་བ་དང་། །བདེ་དྲོད་ཁྱད་པར་ཅན་འབྱུང་བ། །རྗེས་སུ་དྲན་པའི་ཡན་ལག་ཡིན། །དྲུག་པ་ཏིང་འཛིན་ཡན་ལག ༈ །རྟགས་བཅུ་རྫོགས་པར་གྱུར་པ་ན། །ཐིག་ལེ་ཆེན་པོའ་སྣང་བ་འབྱུང་། །སྣ་ཚོགས་
༡༤ ཐིག་ལེ་ཆེན་པོ་ལ། །རེ་ཁཱ་ནག་པོའ་རི་མོ་འབྱུང་། །དེ་ནས་འགྲོ་དྲུག་ལ་སོགས་དང་། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང་། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་གཟུགས་བརྙན་འོད་གསལ་ཡིན། །དེ་ལ་སེམས་ནི་ཐིམ་པ་ན། །ཏིང་འཛིན་ཡན་ལག་མཐར་ཕྱིན་པའོ། །བཞི་པབ་མཇུག་གི་དོན་ནི། །རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ། དཔལ་ཤ་བ་རི་དབང་ཕྱུག་གིས་པཎྜི་ཏ་མ་ཧཱ་བི་བྷཱུ་ཧི་ཙནྡྲ་ལ་གསུངས་པའོ། །དེས་སྒྲ་རང་འགྱུར་དུ་བསྒྱུར་ནས་གསུངས་པའོ། །འདི་ནི་ཤ་བ་རིའི་ལུགས་ཀྱི་སྦྱོར་དྲུག་ཉེ་བརྒྱུད་ཀྱི་གཞུང་ཁྱད་པར་ཅན་ནོ། །མངྒ་ལཾ།། ༈ །རྡོ་རྗེའི་རྣལ་འབྱོར་གཅེས་བཏུས་སྤར་ལྡེབ་རི་བོའ་གྲངས་ལྡན་འདི། །བླ་མའི་མདུན་དགེ་རྩ་འབྲེལ་འཇོག་ཞུ་བ་པོ། ལྷུ་མཚོ། ལྷ་མཚོ་ཨ་ཕྲུག་གསུམ་ནས་སོ། །ཤུ་བྷཾ།།

༄༅། །ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཡིག་བཞུགས་སོ༎

༢༥ ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཡིག་བཞུགས་སོ།། །
༢༦ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་ན་རོ་པའི་གདམས་ངག་སྙན་ནས་སྙན་དུ་བརྒྱུད་པ། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་འདི་ལ་གཉིས་ཏེ། བླ་མ་བརྒྱུད་པའི་རིམ་པ་དང་། གདམས་པ་དངོས་པོ། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སྡུད་པ་པོས་བཅུའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་བཤད། དེས་རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པ་ལ་བཤད། དེས་རྗེ་བཙུན་ནཱ་རོ་པ་ལ་བཤད། དེས་རྗེ་བཙུན་ལྷོ་གྲག་པ་ལ། དེས་རྗེ་བཙུན་མི་ལ་རས་པ་ལ། དེས་རྗེ་སྒམ་པོ་པ་ལ། དེས་རྗེ་ཕག་མོ་གྲུ་པ་ལ། དེས་རྒྱལ་ཚབ་རིན་པོ་ཆེ་ལ། དེས་ཀུན་ལྡན་རས་པ་ལ། དེས་གནུབས་ཚུལ་ཁྲིམས་ཤེས་རབ་ལའོ། །གཉིས་པ་གདམས་པ་དངོས་ནི། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་ཟེར་ཡང་། ཚིག་འབྲུ་བཞི་སྟེ་སེམས་ཀྱི་གཞི་རྩ་བཅད་པ་དང་། སེམས་ཀྱི་བཞག་ཐབས་བསྟན་[34]པ་དང་། སེམས་ཀྱི་གོལ་ས་བཅད་པ་དང་། སེམས་ཀྱི་ལམ་ཁྱེར་བསྟན་པ་དང་བཞིའོ། །དང་པོ་ནི། སེམས་ཉིད་འདི་ག་ནས་བྱུང་། བར་དུ་གང་ན་གནས། ཐ་
༢༧ མ་གང་དུ་འགྲོ་བརྟགས་པས། དང་པོ་བྱུང་ས་མེད་དེ། རྒྱུ་དང་རྐྱེན་ལས་མ་བྱུང་བས། ཡེ་སྟོང་རྩ་བྲལ་གཅིག་ཏུ་འདུག །བར་དུ་གནས་པ་མེད་དེ། དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས། འགྱུ་བ་སྟོང་རྒྱུ། སྣང་བ་སྟོང་སྣང་དུ་འདུག །ཐ་མར་འགྲོ་ས་མེད་དེ། འདིར་སོང་རྗེས་མེད་པས་འགྱུ་བ་རང་གྲོལ་རང་སངས་ཞིག་འདུག །དེས་ན་སེམས་ཉིད་འདི་དང་པོ་རྒྱུ་ས་མ་བསྐྱེད་པས། ཐ་མ་རྐྱེན་གྱིས་མི་འཇིག །དུས་གློ་བུར་དུ་མ་བྱུང་བས་གང་སྟོངས་འཕེལ་འགྲིབ་མེད། སྣང་སྲིད་ཀུན་ལ་ཁྱབ་པས་ཕྱོགས་རིས་སུ་མ་ཆད། དངོས་པོ་དང་མཚན་མར་མ་གྲུབ་པས། འདིས་མཚན་དུ་མེད་པ་ཅིས་ཀྱང་མ་འགག་ཅིར་ཡང་མ་གྲུབ་པས་ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས། དུས་གསུམ་འཕོ་འགྱུར་མེད་པས་སྐྱེ་ཤི་ལ་གསལ་འགྲིབ་མེད། རང་བཞིན་ཡེ་ནས་དག་པས་འཁོར་བའི་སྐྱོན་གྱིས་མ་གོས་པ་ཡིན་ཏེ། སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་གསུངས། གཉིས་པ་བཞག་ཐབས་བསྟན་པ་ནི། དེ་ལ་རྟག་ཏུ་བློ་མི་གནས་པར་བྱ་བའི་
༢༨ ཐབས་ལ་དྲུག་སྟེ། ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན་དུ། མ་བཅོས་གཉུག་མའི་ངང་ལ་རྩོལ་སྒྲུབ་མེད་པར་བཞག །རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ་སེམས་གཡོ་འགུལ་མེད་པར་བཞག །ཉི་མ་སྤྲིན་དང་བྲལ་བ་བཞིན་དུ། ཀུན་གསལ་མདངས་དང་ལྡན་པར་བཞག །བུ་ཆུང་ལྷ་ཁང་བལྟ་བ་བཞིན་དུ། གསལ་ཆ་མ་འགགས་ལ་འཛིན་ཆ་མེད་པར་བཞག །ཆུའི་རྦ་རླབས་བཞིན་དུ། བྱུང་ཚོར་ཐམས་ཅད་ཤེས་པར་བྱས་ལ་བཞག །ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ། རིག་པ་རྗེས་མེད་དུ་བཞག་གོ །གསུམ་པ་སེམས་ཀྱི་གོལ་ས་གཅོད་པ་ལ་གསུམ་སྟེ། ཡར་སངས་རྒྱས་ལ་རེ་ན་གོལ་བས། སེམས་ལས་མ་གཏོགས་པའི་སངས་རྒྱས་གཅིག་ལོགས་ན་མེད་པར་བློ་ཐག་བཅད། མར་འཁོར་བ་ལ་དགོས་ན་གོལ་བས། རང་རྟོག་འཁྲུལ་པ་མ་གཏོགས་པའི་སེམས་ཅན་ལོགས་ན་མེད་པར་བློ་ཐག་བཅད། བར་གྱི་སྣང་བ་ལ་ཞེན་ན་གོལ་བས། ཅིར་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་བློ་ཐག་བཅད། ནང་གི་ཉམས་ལ་ཞེན་ན་གོལ་བས། ཕྱག་རྒྱ་ཆེན་པོ་ཡིད་ལ་བྱར་མེད་པར་ཁོ་ཐག་བཅད། ལས་རྒྱུ་འབྲས་ཁྱད་དུ་གསོད་ན་གོལ་བས། རྣམ་རྟོག་མ་ཟད་བར་དུ་ལས་རྒྱུ་འབྲས་ཀྱིས་མི་བསླུ་བར་ཁོ་ཐག་བཅད་དོ། །བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པ་ནི། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དྲུག་སྟེ། ཉིན་མོ་སྣང་བ་རྒྱས་གདབ་པའི་རྣལ་འབྱོར་དང་། ནང་ནུབ་འདོད་ཡོན་གྲོགས་སུ་ཁྱེར་བའི་རྣལ་འབྱོར་དང་། སྲོད་ལ་དབང་པོ་གཞི་ལ་བསྡུ་བའི་རྣལ་འབྱོར་དང་། ནམ་གུང་ཤེས་བྱ་བུམ་པར་གཞུག་པའི་རྣལ་འབྱོར་དང་། ཐོ་རངས་རིག་པ་གསལ་ཆ་གདབ་པའི་རྣལ་འབྱོར་དང་། འཆི་ཁར་ཡེ་ཤེས་ཟང་ཐལ་དུ་གཏོང་བའི་རྣལ་འབྱོར་རོ། །ཉིན་མོ་སྣང་བ་རྒྱས་གདབ་པའི་རྣལ་འབྱོར་ནི། འདི་ལྟར་གྱི་སྣང་བ་ཐམས་ཅད་སེམས་འཁྲུལ་པར་རྒྱས་
༢༩ གདབ། འཁྲུལ་པ་རང་བཞིན་མེད་པས་རྨི་ལམ་སྒྱུ་མར་རྒྱས་གདབ། སྒྱུ་མ་ལ་ངོས་བཟུང་མེད་པས་སྟོང་པར་རྒྱས་གདབ་བོ། །ནང་ནུབ་འདོད་ཡོན་གྲོགས་སུ་ཁྱེར་བའི་རྣལ་འབྱོར་ནི། རང་ཅི་ཟ་ཅི་འཐུང་ཐམས་ཅད་སྟོང་པ་ལ་སྟོང་པར་རོལ། ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་གྱིས་ལོངས་སྤྱོད། བླ་མ་ཡི་དམ་གྱི་ལྷ་ལ་མཆོད་པའི་བསམ་པས་རོལ་ཞིང་ལོངས་སྤྱད། སྲོད་ལ་དབང་པོ་བཞི་ལ་བསྡུ་བའི་རྣལ་འབྱོར་ནི། ཉིན་མོའི་རྣམ་རྟོག་འཁྲུལ་པའི་དྲན་པ་གང་ཤར་ལ་ཅེར་ཅེར་བལྟའོ། །ནམ་གུང་ཤེས་བྱ་བུམ་པར་གཞུག་པའི་རྣལ་འབྱོར་ནི། སྙིང་ག་དཀྱིལ་དུ་བླ་མ་བསྒོམ། རྟོག་པའི་གཞི་ཆོས་ཉིད་ཀྱི་ངང་དུ་བསྡུའོ། །ཉིན་མོ་སྤྱི་གཙུག་ཏུ་བསྒོམས་ལ་དེ་ལ་ཤེས་པ་གཏད་ནས་གཉིད་ལོག་པས་འོད་གསལ་དུ་འཆར་རོ། །ཐོ་རངས་རིག་པ་གསལ་གདབ་པའི་རྣལ་འབྱོར་ནི། ཆོས་སྤྱི་དང་རང་གི་སེམས་ཉིད་ལ་གཞིག་འགྲེལ་བཏང་ཞིང་། ཁྱད་པར་དུ་བླ་མའི་མན་ངག་ཟབ་མོས་རིག་པ་ཉམས་ཀྱི་གསལ་གདབ་བོ། །འཆི་ཁར་ཡེ་ཤེས་ཟང་ཐལ་དུ་བཏང་བའི་རྣལ་འབྱོར་ནི། རྣལ་འབྱོར་པ་འཆི་ཁའི་ཚེ། རྣལ་འབྱོར་པས་དངོས་པོའི་ཆོས་ཐམས་ཅད་ཀྱི་ཆགས་ཞེན་རྦད་ཀྱིས་བཅད་ལ། དོན་ལ་སེམས་ལ་སྐྱེ་འཆི་མེད་པ། ཕྱག་རྒྱ་ཆེན་པོ་ལ་བསྒོམ་རྒྱུ་མེད་པར་ཁོ་ཐག་བཅད་དོ། །མ་ཡེངས་པར་བཞག་པས་སེམས་ཟང་ཐལ་དུ་སོང་ནས་བར་དོ་མེད་པར་སངས་རྒྱའོ། །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་རྫོགས་སོ། །ཞེས་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་གནུབས་བྱམས་པའི་དཔལ་གྱི་གསུང་རབ་མན་ངག་བརྒྱ་རྩ་ལས་བྱུང་བའོ།། །།

༄༅། །དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡན་ལག་དྲུག་གི་འགྲེལ་པ་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ༎ ༎    ཤ་བ་རིའི་གཞུང་ཆུང་གི་འགྲེལ་པའོ།

༡༥ དཔལ་དུས་ཀྱི་འཁོར་ལོའ་རྣལ་འབྱོར་ཡན་ལག་དྲུག་གི་འགྲེལ་པ་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ།། །། ཤ་བ་རིའི་གཞུང་ཆུང་གི་འགྲེལ་པའོ། །
༡༦ རྒྱ་གར་སྐད་དུ། ཡོ་ག་ཥཊ་ཨཾ་ག་བྲྀ་ཏི་ཧྲི་ད་ཡཾ་པཎྜི་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཡན་ལག་དྲུག་པའི་འགྲེལ་པ་སྙིང་པོ་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ཡན་ལག་དྲུག་བཤད་བྱ། །དེ་ལྟར་མཆོད་པར་བརྗོད་དེ་བཤད་པར་དམ་བཅས་ནས། དམ་བཅས་པའི་མན་ངག་ཉམས་སུ་བླང་བ་ལ་གཉིས་ལས། དང་པོ་ཉམས་སུ་བླང་བའི་ཚུལ་ལའང་གསུམ་ལས། མདོར་བསྟན་པ་ནི། དབང་པོ་ལྔས་ཡུལ་ལྔ་སོ་སོར་འཛིན་པའི་རྣམ་པར་རྟོག་པ་གཅོད་པ་དང་། དུ་བ་ལྟ་བུ་ལ་སོགས་པའི་སྣ་ཚོགས་སྟོང་གཟུགས་མཐོང་བ་ལས་བསམ་པ་གཞན་དུ་མི་གཡོ་བར་གཏན་དུ་གནས་པ་དང་། སྲོག་རླུང་གཡས་དང་གཡོན་ནས་རྒྱུ་བ་རྩོལ་བ་འགོག་པ་ལས་དབུ་མའི་ཐིག་ལེར་ཆུད་པ་དང་། རླུང་དབུ་མར་ཆུད་པ་དེ་བཞིན་དུ་སྤྱི་གཙུག་ཧཾ་གི་ཐིག་ལེར་ཟིན་པ་དང་། རླུང་ཧཾ་གི་ཐིག་ལེར་ཟིན་པའི་སྟོབས་ཀྱིས་བྱང་སེམས་ཞུ་བ་དུས་མེར་ཞུགས་པའི་གཏུམ་མོའ་མེ་ལྟེ་བར་འབར་བའི་རྗེས་སུ་ཕྱག་རྒྱ་དྲན་པ་དང་། ཕྱག་རྒྱ་ཆེན་མོ་སྟོང་གཟུགས་བསྟེན་པ་ལས་བྱུང་བའི་འགྱུར་མེད་བདེ་སྟོང་གི་ཏིང་ངེ་འཛིན་ཏེ། དེ་ལྟར་ན་གཞི་སེམས་ཅན་གྱི་སེམས་ཉིད། ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྣལ་འབྱོར་མས། འབྲས་བུ་རྟོག་མེད་ཀྱི་ཡེ་ཤེས་ཀྱི་སྐུས་སེམས་ཅན་གྱི་དོན་མཛད་པའི་སངས་རྒྱས་སུ་རྣལ་འབྱོར་པར་བརབྱེད་པའི་ཐབས་ཀྱི་ཡན་ལག་དྲུག་ཏུ་དཔལ་དུས་ཀྱི་འཁོར་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་ལས་གསུངས་སོ། །གཉིས་
༡༧ པ་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་སོ་སོར་གཅོད་པ་གསུམ་ལས། སོ་སོར་གཅོད་པའི་དོན་ནི། མིག་ལ་སོགས་པའི་དབང་པོ་ལྔས་གཟུགས་ལ་སོགས་པའི་ཡུལ་ལྔ་མི་ལེན་པའོ། །ཐབས་ལ་གསུམ་ལས། དང་པོ་ཉིན་མཚན་གྱི་རྣལ་འབྱོར་སྒོམ་པ་ལ་གཉིས་ལས། མཚན་མོའ་རྣལ་འབྱོར་སྒོམ་པ་ནི། དབེན་ཁང་མཚན་ཉིད་དང་ལྡན་པར། སྟན་བདེ་བ་ལ་འདུག་སྟེ། མི་གཡོ་གསུམ་ལྡན་གྱིས་སྒོམ་པར་བྱའོ། །དེ་ལ་ལུས་མི་གཡོ་བར་བཞག་པ་ནི། རྐང་པ་སྐྱིལ་ཀྲུང་བཅའ། རྒལསྒལ་ཚིགས་དྲང་པོར་བསྲང་། ལག་པ་གཉིས་དཔུསཔུས་མོའ་སྟེང་དུ་བཀབ་པའམ། མཉམ་གཞག་གི་ཕྱག་རྒྱ་འཆའ། མགྲིན་པ་ཅུང་ཟད་དགུ་བར་བྱ་བའི་ལུས་མི་འགུལ་བར་གནས་ནས། མིག་འབྱེད་འཛུམས་མི་བྱེད་པར་སོ་མར་བཞག་པའི་མིག་འབྲས་མི་འགུལ་བར་ཧྲིག་གེ། སྣ་སྒོ་ནས་སོར་བཅུ་གཉིས་སམ་བཅུ་དྲུག་གི་ནམ་མཁར་བལྟ་སྟེ། དེ་སྐད་དུ། མིག་གཉིས་ཕྱེ་མ་བཙུམ་པས་ཞེས་གསུངས་སོ། །ངག་མི་གཡོ་བར་བཞག་པ་ནི། དངུགས་ཆེད་དུ་མི་བཟུང་། ཆེད་དུ་ཕྱིར་མི་བཏང་བར་རང་སོར་བཞག་གོ །དེ་ལྟར་མ་བཞག་པས་རླུང་ནང་དུ་ཟིན་དྲགས་པའི་གེགས་ཚད་ནད་དང་། ཕྱིར་བཏང་དྲགས་པའི་གེགས་གྲང་ནད་མི་འབྱུང་བའོ། །སེམས་མི་གཡོ་བར་བཞག་པ་ནི་སེམས་མ་བཅོས་གཉུག་མའི་ངང་དུ་ཤེས་པ་ད་ལྟར་བརྩེ་གཅིག་ཏུ་ཅིར་ཡང་མི་བསམ་པར་ལྷོད་གློད་ནས་མ་ཡེངས་པར་ཏིང་ངེ་འཛིན་ལ་གནས་པའོ། །དེ་ལ་བཞི་ལས།
༡༨ ཤེས་པ་ད་ལྟར་པ་འཛིན་མེད་དུ་བཞག་པ་ནི། ལུས་མི་གཡོ་མི་འགུལ་བར་མིག་ཧྲིག་གེ་བཞག །ངག་མི་གཡོ་རྔམ་པ་རང་སོར་བཞག་ནས། སེམས་འདས་པའི་རྗེས་མི་བཅད། མ་འོངས་པའི་སྔོན་མི་བསུ། ད་ལྟར་བརྩི་བགྲང་མི་བྱ་བར། ཤེས་པ་ད་ལྟར་མ་བཅོས་གཉུག་མ་འཛིན་མེད་གྱི་ངང་ལ་མ་ཡེངས་པར་ཏིང་ངེ་འཛིན་པའོ། །དེ་སྐད་དུ་ཡང་། དང་པོ་ཐོག་མཐའ་དང་བྲལ་ཞིང་། །བར་མ་ཙམ་གཅིག་བསྟན་པར་བྱ། །དེ་ལ་གནས་ཤིང་དེ་སྤོང་གང་། །དེ་ལ་མཚན་མ་བཅུ་འབྱུང་ངོ་། །ཞེས་གསུངས་པའོ། །དེ་ནི་དུས་གསུམ་པར་མ་འཛིན་མེད་དུ་བཞག་ལ། སྤུན་གསུམ་བར་མ་དང་འགྲོགས་པའི་ཏིང་ངེ་འཛིན་ནི། །ཤེས་པ་རྩེ་གཅིག་ཏུ་གཞག་པ་ནི་ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས་ཡིད་མིག་རླུང་གསུམ་སྨིན་མཚམས་ཀྱི་ཐད་ཀའི་ནམ་མཁར་རྩེ་གཅིག་ཏུ་ཏིང་ངེ་འཛིན་པའོ། །དེ་སྐད་དུ་ཡང་། ཡིད་མིག་རླུང་གསུམ་བར་སྣང་དུ། །རྣལ་འབྱོར་མཁས་པས་དུས་མཉམ་བྱ། །རྒྱལ་བའི་ཡོན་ཏན་ངེས་པར་འབྱུང་། །ཀུན་མཁྱེན་ཀུན་གྱི་གསུང་འདི་ཉིད། །ཅེས་གསུངས་སོ། །དེ་ནི་རྣམ་ཤེས་སྒོ་གཅིག་ཏུ་བསྟན་ནས་བཞག་པ། སྤྲེའུ་སྒོ་གཅིག་ཏུ་བཏགས་པ་ལྟ་བུའི་མན་ངག་གོ །སེམས་ཅི་ཡང་མི་སེམས་པར་བཞག་པ་ནི། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། སེམས་མ་བཅོས་གཉུག་མའི་ངང་དུ་ཅི་ཡང་མི་སེམས་པར་ཅི་ཡང་ཡིད་ལ་མི་བྱེད་པ་མ་ཡེངས་པར་ཏིང་ངེ་འཛིན་པའོ། །དེ་སྐད་དུ་ཡང་། དངོས་མིན་དངོས་པོར་བསྟེན་ནས་སུ། །དངོས་པོ་དངོས་པོ་མིན་པར་བྱ། །སེམས་ནི་སེམས་མིན་བྱས་ནས་སུ། །ཅི་ཡང་སེམས་པར་མི་བྱའོ། །ཞེས་གསུངས་སོ། །དེ་ནི་ཅི་ཡང་མི་སེམས་པར་བཞག་པ། ལྷ་ཁང་ལྡེང་སོ་ལྟ་བུའི་མན་ངག་གོ །སེམས་གློད་ནས་བཞག་པ་ནི། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། སེམས་མ་བཅོས་གཉུག་མའི་ངང་དུ་ལྷོད་གློད་ནས་གང་དུ་ཡང་མི་རྟོག་པར་མ་ཡེངས་
༡༩ པར་ཏིང་ངེ་འཛིན་པའོ། །དེ་སྐད་དུ་ཡང་། བཅིངས་ན་ཕྱོགས་བཅུར་རྒྱུགས་ནས་འགྲོ། །བཀྲོལ་ན་གཡོ་མེད་གནས་པ་ལྟར། །མཛའ་མོ་བདག་གིས་རྔ་མོ་མཐོང་། །བདག་ལ་ཕྱིན་ཅི་ལོག་པར་སྣང་། །ཞེས་གསུངས་པའོ། །དེ་ནི་སེམས་གློད་ནས་རང་གྲོལ་དུ་གནས་པ་རྔ་མོ་བཀྲོལ་བ་ལྟ་བུའི་མན་ངག་གོ །དེ་ལྟར་རྟོག་པ་གཅོད་པའི་མན་ངག་བཞི་པོ་ཀུན་ལ་མ་ཡེངས་པར་ཏིང་ངེ་འཛིན་པ་ནི་ཁྱད་པར་དུ་གཅེས་ཏེ། མདོ་ལས། །སེམས་གཡེངས་པས་ནི་བདག་གི་དོན་ཡང་མི་ནུས་ན། གཞན་གྱི་དོན་ལྟ་སྨོས་ཀྱང་ཅི་དགོས། །སེམས་མ་ཡེངས་པའི་ཏིང་ངེ་འཛིན་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ལམ་མོ། །ཞེས་གསུངས་སོ། །དེ་ལྟར་མི་གཡོ་བ་གསུམ་ལྡན་དུ་བསྒོམས་པས་དུ་བ་ལྟ་བུའི་རྟགས་ཐུན་གཅིག་ལའང་འབྱུང་གསུངས་དེ་ཀའི་ངང་ལས། མི་གཡོ་བ་གསུམ་དང་མ་བྲལ་བར་ལྡན་པར་རྟོགས་པ་ཅུང་ཟད་ཀྱང་མ་བྱུང་ན་སྨིག་རྒྱུ་ལྟ་བུ་ལ་སོགས་པ་རྣམ་ཀྱང་རིམ་པ་བཞིན་འབྱུང་སྟེ། དེ་སྐད་དུ་ཡང་། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉིན་ཞག་གཅིག་ནི་བརྟགས་པར་གྱིས། །དེ་ལ་ཡིད་ཆེས་མེད་ན་ནི། །དེ་ཚེ་ང་ཡིས་བརྫུན་སྨྲས་ཡིན། །ཞེས་གསུངས་སོ། །དེ་ནས་ཉིན་མོའ་རྣལ་འབྱོར་བསྒོམ་པ་ནི། །མཚན་མོའ་རྟགས་རྣམས་རྫོགས་པར་མཐོང་ནས་དབེན་གནས་མཚན་ཉིད་དང་ལྡན་པར་ས་བདེ་བ་ལ་འདུག་སྟེ། སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་རང་འདི་ན་ཡོད་པ་ལ་མི་བལྟ། ཡུལ་ཕ་གི་ན་ཡོད་པ་ལ་མི་བལྟ་བར། སྤྲིན་མེད་པའི་ནམ་མཁའ་དྭངས་པའམ། བར་སྣང་དུ་བལྟ་སྟེ། མི་གཡོར་གསུམ་དང་ལྡན་པས་སྔར་བཞིན་བསྒོམ་པར་བྱའོ། །ཉིན་གུང་མི་སྒོམ་ཏེ་མིག་ལ་གནོད་པས་སོ། །དེ་ནས་སེམས་དབེན་པར་གནས་པར་བྱའོ། །གཉིས་པ་བསྒོམས་པས་མཐོང་བའི་རྟགས་ནི་དེ་ལྟར་དུ་ཉིན་མཚན་གྱི་རྣལ་འབྱོར་བསྒོམ་པས། །ཨ་ཝ་ཏི་བ་གཡས་ནས་ས་ཆུ་མེ་རླུང་ནམ་མཁའི་རླུང་སྡུད་རིམ་གྱིས་
༢༠ རྒྱུ་བ་དང་ལྔ་དང་། གཡོན་ནས་ནམ་མཁའ་རླུང་མེ་ཆུ་སའི་རླུང་ལྔ་སྐྱེད་རིམ་གྱིས་རྒྱུ་བ་ལྔ་སྟེ་རླུང་བཅུ་རང་ཤུགས་ཀྱིས་ཆུད་པར་གྱུར་པས། ཕྱི་བཟུང་བ་ཡུལ་གྱི་རྟོག་པ་དང་། ནང་འཛིན་པ་སེམས་ཀྱི་རྟོག་པ་ཕྲ་རགས་ཅི་རིགས་པ་འགགས་ཏེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་པའི་ཚེ། མཚན་མོའ་རྣལ་འབྱོར་གྱི་ངེས་པའི་རྟག་དུ་བ་ལྟ་བུ་དང་། སྨྲིག་རྒྱུ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་ལྟ་བུ་དང་། མར་མེ་ལྟ་བུ་དང་། སྤྲིན་མེད་ནམ་མཁའ་ལྟ་བུ་རྣམས་མཐོང་བའོ། །ཉིན་མོའ་རྣལ་འབྱོར་གྱི་ངེས་པའི་རྟགས། འབར་བ་ལྟ་བུ་དང་། ཟླ་བ་ལྟ་བུ་དང་། ཉི་མ་ལྟ་བུ་དང་། རཱ་ཧུ་ལའི་དཀྱིལ་འཁོར་ལྟ་བུ་དང་། གློག་ལྟ་བུ་རྣམས་མཐོང་བའོ། །དེ་ནས་རྟགས་ཅན་ཡེ་ཤེས་ཀྱི་ཐིག་ལེ་ལྗང་གུ་དང་། ཐིག་ལེ་ནག་པོ་ཆེན་པོ་སྣང་བ་འབྱུང་ངོ་། །དེ་ལྟར་ཡང་ཡང་དུ་བསྒོམས་པས་ཐིག་ལེར་སྣ་ཚོགས་སྟོང་གཟུགས་མཐོང་བ་ནི་སོ་སོར་གཅོད་པའི་ཡན་ལག་གོ །དེ་སྐད་དུ། སེམས་ནི་གཡོ་བ་མེད་བྱས་ནས། །དུ་བ་ལ་སོགས་སྒོམ་པར་བྱ། །ཞེས་གསུངས་སོ། །གསུམ་པ་སྒོམ་གྱི་གེགས་བྱིང་རྒོད་སྤང་བ་ནི། རྒྱུད་ལས། བཀྲེས་པ་དང་ནི་གཉིད་དང་ངལ་བ་དང་། །དབང་ཕྱུགས་དང་ནི་ལོང་སྤྱོད་ཡིད་ཆགས་དང་། །ནོར་དང་བསྟོད་སྒྲ་ཆོས་དང་རིགས་རྣམས་ཀུན། །མི་དེས་སྐྱོན་བཅར་ཤེས་པར་བྱས་ལ་སྤང་། ཞེས་གསུངས་པས། བྱིང་རྒོད་ཀྱི་རྒྱུ་མ་ལུས་པ་སྤངས་ལ་སྒོམ་མོ། །གལ་ཏེ་བྱིང་ན་སྟན་བདེ་བ་ལ་འདུག་ཏེ་སྐྱིལ་ཀྲུངསཀྲུང་བཅས་ལ། ལག་པ་གཉིས་པུས་མོ་ལ་འཇུས་ལ་རླུང་ཁ་ནས་དྲངས་ཏེ། ཐུབ་ཚད་བཟུང་། མི་ཐུབ་པའི་པ་དུས་སུ་ཁ་སྣ་གསུམ་ནས་དག་ཏུ་འབུད་དོ། །དེ་ལྟར་ཡང་དང་ཡང་དུ་བྱས་ཏེ། ལྟ་སྟངས་གཏོད་ལ་བསྒོམ་མོ། །གལ་ཏེ་རྒོད་ན་རང་ཉིད་སྐད་ཅིག་གིས་ཡི་དམ་ལྷར་བསྐྱེད་ལ་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་སྣོད་བཅུད་མ་ལུས་པ་ལ་ཕོག་པས་
༢༡ འོད་དུ་གྱུར། འོད་ཚུར་འདུས་པས་བདག་ཉིད་ཀྱང་འོད་དུ་གྱུར་ཏེ་ཇེ་ཆུང་ཇེ་ཆུང་ལས་རིམས་གྱིས་བསྡུས་ནས་སྟོང་པར་བསམ་ཏེ། ལྟ་སྟངས་སྨད་ལ་སྒོམ་མོ། །དེ་ལྟར་ཡང་དང་ཡང་དུ་བྱས་པས་བྱིང་རྒོད་སེལ་བར་འགྱུར་རོ། །གཉིས་པ་བསམ་གཏན་ལ་གཉིས་ལས། བསམ་གཏན་གྱི་དོན་ནི། དུ་བ་ལྟ་བུ་ལ་སོགས་པའི་རྟགས་རྣམས་བརྟན་པོར་མཐོང་བར་གྱུར་པ་ལས་སེམས་གཞན་དུ་མི་འཕྲོ་བར་རྩེ་གཅིག་ཏུ་བརྟན་པར་འགྱུར་པའོ། །ཐབས་ལ་དྲུག་ལས། ཤེས་རབ་ནི་སྟོང་པའི་གཟུགས་ཅན་དེ་ཉིད་སྣང་བའོ། །རྟོག་པ་ནི་སྟོང་པའི་དངོས་པོ་འཛིན་པའོ། །དཔྱོད་པ་ནི་དེའི་དོན་ངེས་པར་བྱེད་པའོ། །དགའ་བ་ནི་སྟོང་པའི་གཟུགས་བརྙན་ལ་ཆགས་པའོ། །བདེ་བ་ནི་སྟོང་པའི་གཟུགས་ཅན་དང་ལྷན་གཅིག་པའི་སེམས་སོ། །རྩེ་གཅིག་པ་ནི་སྣ་ཚོགས་སྟོང་པ་ཉིད་ཀྱི་གཟུགས་ཅན་སྣང་བ་དེ་ཉིད་ལ་སེམས་མི་གཡོ་མི་བརྡེག་པར་རྟོག་མེད་དུ་གནས་པའོ། །དེ་རྣམས་ནི་བསམ་གཏན་གྱི་ཡན་ལག་གོ །དེ་སྐད་དུ་ཡང་། མཆོག་ཏུ་མི་འགྱུར་སྒོམ་པ་ཡིས། །དབུ་མ་ཡོངས་སུ་སྦྱང་བར་བྱ། །ཞེས་གསུངས་སོ། །གསུམ་པ་སྲོག་རྩོལ་ལ་གཉིས་ལས། སྲོག་རྩོལ་གྱི་དོན་ནི། སྲོག་ནི་རླུང་ཡིན། རྩོལ་བ་ན་འགོག་པ་སྟེ། གཡས་དང་གཡོན་ནས་རྒྱུ་བའི་རླུང་གི་དཀྱིལ་འཁོར་བཅུ་དབུ་མར་ཆུད་པས་གཅིག་ཏུ་གྱུར་པའོ། །ཐབས་ནི་སྣ་ཚོགས་སྟོང་པ་ཉིད་ཀྱི་གཟུགས་མི་གཡོ་མི་བརྡེག་པར་བསྒོམས་པས། རླུང་བཅུ་དབུ་མར་ཆུད་ནས། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བའི་འཁོར་ལོ་བཞིའི་ཐིག་ལེའི་ནང་ནས་རླུང་འགྲོ་འོང་བྱེད་པ་ནི་སྲོག་རྩོལ་གྱི་ཡན་ལག་ཡིན་ཏེ། དེ་སྐད་དུ། སྲོག་གི་ཐིག་ལེར་གཞུག་པར་བྱ། །ཐིག་ལེ་འཁོར་ལོ་རྣམས་རིམ་པས། །ཞེས་གསུངས་སོ། །བཞི་པ་འཛིན་པ་ལ་གཉིས་ལས། འཛིན་པའི་དོན་ནི། སྲོག་རླུང་དབུ་མའི་ཐིག་ལེའི་ནང་དུ་ཆུད་པ་དེ་བརྟན་པར་འཛིན་པའོ། །ཐབས་
༢༢ ནི་གཟུང་བར་བྱ་བ་སྟོང་པ་ཉིད་ཀྱི་གཟུགས་ཅན་ལ་འཛིན་པར་བྱེད་པའི་སེམས་ཞུགས་པར་བསྒོམས་པས་རླུང་སེམས་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོའ་ཧཾ་གི་ཐིག་ལེར་འཛིན་པ་ནི་འཛིན་པའི་ཡན་ལག་གོ །དེ་སྐད་དུ། འཕོ་བ་རྡོ་རྗེར་བཀག་པ་ཡིས། །མཚན་མ་འཁྲང་པོའ་རྣལ་འབྱོར་པབ། །ཞེས་གསུངས་སོ། །ལྔ་པ་རྗེས་སུ་དྲན་པ་ལ་གཉིས་ལས། རྗེས་སུ་དྲན་པའི་དོན་ནི། ལྟོགས་ན་ཟས་དང་། སྐོམས་ན་བཏུང་བ་དྲན་པ་ལྟར་བདེ་བ་ཆེན་པོའ་ཐིག་ལེར་རླུང་སེམས་ཟིན་པས་ལྟེ་བར་གཏུམ་མོའ་མེ་འབར་བའི་རྗེས་སུ་ཕྱག་རྒྱ་དྲན་པའོ། །ཐབས་ནི་སྟོང་པའི་གཟུགས་ཅན་ལ་འཁྱུད་པའི་སེམས་དེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར་བསྒོམས་པས་རླུང་སེམས་བདེ་ཆེན་འཁོར་ལོའ་ཧཾ་གི་ཐིག་ལེར་ཟིན་པའི་སྟོབས་ཀྱིས་ལྟེ་བར་གཏུམ་མོའ་མེ་འབར་བས། སྐུ་གཟུག་ཅན་དང་རང་ལ་འོད་ཀྱིས་བསྐོར་བ་སྣང་བ་དང་། ལུས་ལ་བདེ་དྲོད་ཁྱད་པར་འབྱུང་བ་ནི་རྗེས་སུ་དྲན་པའི་ཡན་ལག་ཡིན་ཏེ། དེ་སྐད་དུ། །པདྨར་རྡོ་རྗེ་བཅུག་བྱས་ལ། །གྱེན་དུ་བྱང་སེམས་རྒྱུ་བར་བྱ། །ཞེས་གསུངས་སོ། །དྲུག་པ་ཏིང་ངེ་འཛིན་ལ་གཉིས་ལས། །ཏིང་ངེ་འཛིན་གྱི་དོན་ནི། གཟུང་བའི་ཡུལ་སྣང་སྟོང་དང་། འཛིན་པའི་ཤེས་པ་གསལ་སྟོང་དང་། ཉམས་སུ་མྱོང་བའི་ཚོར་བ་བདེ་སྟོང་ཟུང་འཇུག་ལ་སེམས་རྩེ་གཅིག་ཏུ་ཏིང་ངེ་འཛིན་པའོ། །ཐབས་ནི་མི་གཡོ་བ་གསུམ་གྱིས་བསྒོམས་པས། སོ་སོའ་རྟོག་པ་ཕྲ་རགས་ཅི་རིགས་པར་ཆོད་དེ་རླུང་བཅུ་དབུ་མར་ཆུད་པའི་རྟགས་བཅུ་རྫོགས་པར་མཐོང་བ་ན་ཐིག་ལེ་ལྗང་གུ་དང་། ནག་པོ་ཆེན་པོ་ལ་སོགས་པའི་སྣང་བ་འབྱུང་ཞིང་། དེ་ནས་འོད་ཟེར་གྱི་ཐིག་ཕྲན་ཤིན་ཏུ་ཆ་ཕྲ་བ་སྣ་ཚོགས་དང་ལྡན་པའི་ཐིག་ལེ་ཆེན་པོ་དེ་ལ། རེ་ཁཱ་ནག་པོའ་རི་མོ་རྣམས་འབྱུང་ངོ་། །རེ་ཁཱ་དེའི་ནང་དུ་རགས་པ་འགྲོ་བ་རིགས་དྲུག་ལྟ་བུ་ལ་སོགས་པའི་གཟུགས་ཅན་སྣ་ཚོགས་པ་མཐོང་བ་དང་། དེའི་དུས་སུ་གཞོམ་དུ་མེད་པའི་སྒྲ་བརྙན་སྣ་ཚོགས་ཐོས་པ་དང་། །དུས་ཀྱི་
༢༣ རྩའི་ཐིག་ལེའི་རེ་ཁཱ་ནག་པོའ་ནང་དུ་ཤིན་ཏུ་ཕྲ་བའི་སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་གཟུགས་དུ་མ་མཐོང་བར་གྱུར་བ་དེ་ཉིད་ནི་སྣ་ཚོགས་གཟུགས་ཅན་འོད་གསལ་བ་ཡིན་ཞིང་། ཕྱག་རྒྱ་ཆེན་པོ་ཡང་དེ་ཡིན། དབང་བཞི་པའི་དོན་ཡང་དེ་ཡིན་ནོ། །དེའི་དུས་སུ་རྣལ་འབྱོར་པབ་ལ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེའོ་གསུངས་སོ། །དེ་ལྟ་བུའི་སྣང་བ་གཟུགས་སྐུ་འོད་གསལ། དེ་ལ་རྣལ་འབྱོར་པའི་སེམས་ཆོས་སྐུ་འོད་གསལ་ལ་ཐིམ་སྟེ། དབྱེར་མེད་གཅིག་ཏུ་གྱུར་པ་ན། ཏིང་ངེ་འཛིན་གྱི་ཡན་ལག་མཐར་ཕྱིན་པའོ། །དེ་སྐད་དུ། ཕྱག་རྒྱ་ཆེ་ལ་རབ་འཁྱུད་པས། །རྡོ་རྗེ་འབེབས་པར་བྱིན་གྱིས་བརླབ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་མཆོག་ཏུ་མི་འགྱུར་བ། །སྐད་ཅིག་གང་ལ་རྒྱལ་པོ་ཀྱེ། །རྡོ་རྗེ་སེམས་དཔར་བདག་ཉིད་འགྱུར། །ཞེས་གསུངས་སོ། །གསུམ་པ་དོན་བསྡུ་བ་ནི། སྦྱོར་བ་ཡན་ལག་དྲུག་ལ་ལག་ལེན་གྱི་དུས་སུ་རིམ་པ་བཞིན་དུ་སླབབསླབ་མི་དགོས། དྲུག་ཀ་མི་གཡོ་བ་གསུམ་ལྡན་གྱིས་བསྒོམ་མོ། །དེ་ཡང་མཚན་མོའ་རྟགས་མ་རྫོགས་ཀྱི་བར་དུ་མཚན་མོའ་རྣལ་འབྱོར་བསྒོམ། དེ་ནས་ཉིན་མོའ་རྣལ་འབྱོར་བསྒོམ། རྟགས་བཅུ་རྫོགས་པར་བྱུང་ན་མཚན་མོ་མཚན་མོའ་རྣལ་འབྱོར་སྒོམ། ཉིན་མོ་ཉིན་མོའ་རྣལ་འབྱོར་བསྒོམས་ཀྱང་ཆོག །སྔར་བཞིན་རེས་མོས་སུ་བསྒོམས་ཀྱང་ཆོག་གསུངས་སོ། །དེ་ནས་ཀྱང་རྟགས་བྱུང་ཙམ་ལ་མི་བཞག་པར་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་བར་དུ་རྒྱུན་མ་ཆད་པར་བསྒོམ་པར་བྱའོ་གསུངས་སོ། །གཉིས་པ་དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི། །གནས་སྐབས་སུ་དེ་བཞིན་གཤེགས་པའི་ཞལ་མཐོང་ཞིང་། ཚིག་གི་མཆོག་སྦྱིན་པ་ལ་སོགས་པ་དང་། མཐར་ཐུག་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དང་། དམིགས་པ་མེད་པའི་བདེ་བ་ཆེན་པོ་ཟུང་དུ་ཆུད་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་སྐུ་བཞི་དབྱེར་མེད་པའི་སངས་
༢༤ རྒྱས་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་རོ། །རྣལ་འབྱོར་ཞག་ཟླ་ལོར་བསྒོམས་པས། །རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །རྣལ་འབྱོར་ཡན་ལག་དྲུག་པའི་འགྲེལ་པ་སྙིང་པོ་བསྡུས་པ་ཞེས་བྱ་བ། སོ་སོར་གཅོད་པའི་ལམ་ཡོངས་སུ་རྫོགས་པའི་དོན། སྤྲུལ་པའི་སྐུ་དཔལ་ཤ་བ་རི་དབང་ཕྱུག་གིས་མ་ཧཱ་པཎྜི་ཏ་བྷཱུ་ཏི་ཙནྡྲ་ལ་གསུངས་པའི་མན་ངག་ཁ་འཐོར་བ་རྣམས། དཔལ་དུས་ཀྱི་འཁོར་ལོའ་རྣལ་འབྱོར་པ་དཔལ་མི་བསྐྱོད་རྡོ་རྗེས། སྐྱེས་མཆོག་དམ་པ་རྣམས་ཀྱིས་ཞུས་པའི་དོན་ཏུདུ་ཕྱོགས་གཅིག་ཏུ་བཀོད་པའོ།། །།རྫོགས་སོ། །འདིས་བསྟན་པ་དང་འགྲོ་བ་མཐའ་དག་མ་ལུས་པའི་དོན་འབྱུང་བར་གྱུར་ཅིག །ཤུ་བྷཾ།། གྲུབ་ཆེན་ཡུ་མོ་བ། ༈ །དགེ་མ་བོ་དྷིས་མིང་གི་གུས་པས་སྤར་དུ་སྒྲུབས་པའོ། །

ཆོས་དྲུག་གི་ཚིག་གསལ་བཞུགས་སོ།

༈ །ཆོས་དྲུག་གི་ཚིག་གསལ་བཞུགས་སོ། །རྡོ་རྗེ་འཆང་གིས་གསུངས་པ་ཡི། །ཆོས་དྲུག་བྱེ་བྲག་ཐེམས་ཡིག་འདི། །སྔོན་འགྲོ་དག་བྱེད་སྟོང་ར་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ། །ཐབས་ལམ་བདེ་དྲོད་རང་འབར་ལ། །གསོལ་འདེབས་གཉིས་ལ་དམིགས་པ་ལྔ། །དབང་པོ་རབ་དང་འབྲིང་པོ་ལ། །གསོལ་འདེབས་ལྔ་ལ་འདུན་པ་གསུམ། །སྒྱུ་ལུས་དབང་པོ་ཐ་མ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། །རྨི་ལམ་འཛིན་པར་བྱེད་པ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། རྨི་ལམ་སྦྱང་བའི་ཆོས་བཞི་ལ། །གསོལ་འདེབས་བཞི་ལ་དམིགས་པ་བཞི། །རྨི་ལམ་སྤེལ་བའི་ཆོས་དྲུག་ལ། །གསོལ་འདེབས་བཞི་ལ་འདུན་པ་དྲུག །རྨི་ལམ་སྤྲུལ་པའི་ཆོས་དྲུག་ལ། །གསོལ་འདེབས་འདུན་པ་དེ་བཞིན་ནོ། །རྨི་ལམ་བསྒྱུར་བའི་ཆོས་བཞི་ལ། །གསོལ་འདེབས་བཞི་ལ་འདུན་པ་བཞི། །སྒྱུ་ལུས་སྟན་ཐོག་གཅིག་མ་ལ། །གསོལ་འདེབས་བརྒྱད་ལ་འདུན་པ་བརྒྱད། །ཡུལ་སྣང་དམིགས་པ་རྣམ་གསུམ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ། །ཁྱད་
༡༠ བའཕགས་འོད་གསལ་ཆོས་བཞི་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །འཕོ་བ་མ་བསྒོམ་སངས་རྒྱས་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །བར་དོ་ལོངས་སྤྱོད་རྫོགས་སྐུ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །གསོལ་འདེབས་དམིགས་པའི་ཐིམས་ཡིག་འདི། །འཆུགས་མེད་གནད་དུ་ཤེས་པར་བྱ། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །ཌཱ་ཀི་མ་ལ་གསུངས་པ་ཡི། །སྙན་བརྒྱུད་ཆིག་བརྒྱུད་ཆོས་དྲུག་ལ། །མ་འོངས་དུས་སུ་བསྲེ་བསླད་བྱེད། །དེ་དུས་ཁྲིད་ལུགས་སྣ་ཚོགས་འབྱུང་། །དད་ལྡན་ཐེ་ཚོམ་སྤང་བའི་ཕྱིར། །འཆུགས་མེད་གནད་ཀྱི་ཐེམས་ཡིག་བཀོད། །གནས་གསུམ་མཁའ་འགྲོས་བཟོད་བར་མཛོད། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་ཐེམས་ཡིག་དང་བཅས་པ་ཌཱ་ཀི་ནི་གུ་མས་ཇི་ལྟར་གསུངས་པ་བཞིན་དུ། བདག་ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པའོ། །རྫོགས་སོ།

༄༅། །སྔོན་འགྲོའི་ཟིན་བྲིས་བཞུགས་སོ༎ ༎

༣༡ སྔོན་འགྲོའི་ཟིན་བྲིས་བཞུགས་སོ།། །།
༣༢ དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྔོན་འགྲོ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་ལ། དལ་འབྱོར་རྙེད་པ་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྒོམ་པ་བཞི་ལས། དང་པོ་ལ་དལ་འབྱོར་རྙེད་པར་དཀའ་བ་ལ། རྒྱུའི་སྒོ་ནས། ངོ་བོའི་སྒོ་ནས། གྲངས་ཀྱི་སྒོ་ནས། དཔེའི་སྒོ་ནས་རྙེད་པར་དཀའ་བ་བཞི་ལས། རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། རྒྱུ་ཚུལ་ཁྲིམས་བསྲུངས་པ་ལས། འབྲས་བུ་མི་ལུས་ཐོབ་པ་ཡིན་ལ་ཚུལ་ཁྲིམས་ནི་མི་དགེ་བ་བཅུ་འཁོར་བཅས་སྤོང་བའི་སེམས་པ་སྟེ། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། ཅེས་གསུངས་སོ། །དེ་སྤོང་མཁན་ཆེས་ཉུང་བས་འབྲས་བུ་མི་ལུས་རྙེད་པར་དཀའ་བའོ། །དེ་ཡང་རྗེ་བཙུན་གྱིས། དལ་འབྱོར་མི་ལུས་མི་དཀོན་དུ། །ཚུལ་ཁྲིམས་སྲུང་བའི་མི་རེ་ཉུང་། ཞེས་གསུངས་སོ། །ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ནི། དལ་བ་བརྒྱད་ཚང་བ་རྙེད་པར་དཀའ་སྟེ། མི་
༣༣ ཁོམས་པའི་གནས་བརྒྱད་དུ་སྐྱེ་བ་ཆེས་སླ་བས་སོ། །དེ་ཡང་མི་ཁོམས་པ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། ཅེས་པའི་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་སྡུག་བསྔལ་གྱིས་མནར་བ་དང་། ཀླ་ཀློ་སྟེ་གྲུབ་མཐའི་དབང་དུ་བྱས་པ་སྟག་གཟིག་པ་ལ་སོགས་པ་དང་། ཡུལ་གྱི་དབང་དུ་བྱས་པ་མཐའ་འཁོབ་པ་རྣམས་ནི་མིའི་གཟུགས་སུ་སྣང་ཡང་། དུད་འགྲོ་ལྟར་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པ་དང་། ལྷ་ནི་བག་མེད་པས་དང་། ལོག་པར་ལྟ་བ་ནི་བསམ་པ་ཕྱིན་ཅི་ལོག་ཏུ་གྱུར་པས་དང་། སངས་རྒྱས་ཀྱིས་སྟོངས་པའི་འཇིག་རྟེན་ནི་མུན་པའི་བསྐལ་པ་དང་། གླིང་བར་ལྟ་བུར་སྐྱེས་པ་སྟོན་པའི་སྣང་བ་མེད་པ་དང་། ལྐུགས་པ་ནི་ཡིད་ཀྱི་དབང་པོ་མ་ཚང་བ་ལེགས་ཉེས་མི་ཤེས་པས་དམ་པའི་ཆོས་ཉན་པར་མི་ཁོམས་པ་ཞེས་བྱའོ། །འབྱོར་པ་དང་ལྡན་པ་རྙེད་པར་དཀའ་སྟེ། ཡུལ་གྱི་དབུས་སུ་མིར་སྐྱེས་ཤིང་། །དབང་པོ་
༣༤ ཚང་ཞིང་ཆོས་ལ་དད། །ལས་མཐའ་མ་ལོག་མཐའ་རུ་ཕྱིན། །འདི་ལྔ་རང་གི་འབྱོར་པ་ཡིན། ཡུལ་གྱི་དབུས་སས་བརྩིས་པ་རྒྱ་གར་རྡོ་རྗེ་གདན་ལ་སོགས་པའི་ཡུལ། ཆོས་ཀྱིས་བརྩིས་པ་སྟོན་པའི་བསྟན་པ་རྣམ་པར་དག་པ་གང་དུ་ཡོད་པ། འདི་དང་ཕྱི་མར་མིར་སྐྱེས་པ། དབང་པོ་སྒོ་དྲུག་ཚང་བ། ཆོས་ལ་དད་པ། ལས་ཀྱི་མཐའ་མ་ལོག་པ་ནི་མཚམས་མེད་པ་ལྔ་གང་ཡང་རུང་བ་མ་བྱས་པ་དང་། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་གྱི་ཕྱིར་ན་དེ་སྙིང་རྗེ་བ། །འདི་ལྔ་གཞན་གྱི་འབྱོར་པ་ཡིན། །སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུངས་པ། བསྟན་པ་གནས་པ། བསྟན་པ་ལ་ཞུགས་པ། ཆོས་བྱེད་པའི་མཐུན་རྐྱེན་ཚོགས་པ་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་མི་ལུས་ལ། རྙེད་པར་དཀའ་བ་སོགས་ཡོན་ཏན་དྲུག་ཆོས་མཐུན་དུ་ཡོད་པས་རིན་པོ་ཆེ་ཞེས་བྱའོ། །དེ་ཡང་སེམས་ཅན་ཐམས་ཅད་ཀྱིས་རང་གི་མ་མ་བྱས་པ་མེད་ལ། དེ་རེ་རེས་མ་བྱས་པའི་གྲངས་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། རིལ་བུར་བྱས་ཀྱང་ས་ཡིས་ལངས་མི་འགྱུར། ཞེས་གསུངས་སོ། །དེ་ལྟ་བུའི་ལུས་ཇི་སྙེད་ཅིག་བླངས་ཀྱང་དལ་འབྱོར་གྱི་མི་ལུས་ཐོབ་པ་ད་རེས་ཙམ། ད་ལན་འདིས་གཏན་གྱི་དོན་མ་གྲུབ་ན། ད་དུང་ལུས་ཅི་ཙམ་ཞིག་ལེན་བར་བྱེད་ཀྱང་། དལ་འབྱོར་གྱི་ལུས་ནི་དེ་དག་ཏུ་ཤིན་ཏུ་རྙེད་པར་དཀའ་བ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་གལ་འགྱུར། ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་རྒྱ་མཚོ་ཆེ་
༣༥ ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་འདིར་གཉིད་མ་ལོག །ཅེས་གསུངས་སོ།། །།གྲངས་ཀྱི་སྒོ་ནས་རྙེད་དཀའ་བ་ནི། ངན་སོང་གསུམ་དུ་སྐྱེས་པ་ཆེས་མང་ཞིང་། མཐོ་རིས་སུ་སྐྱེས་པ་ནི་ཉུང་། དེའི་ནང་ནས་ཀྱང་དལ་འབྱོར་ཀྱི་མི་ལུས་ནི་ཤིན་ཏུ་ཉུང་བས། རྗེ་བཙུན་གྱིས། དལ་འབྱོར་མི་ལུས་དཀོན་གསུངས་ཏེ། །ཁྱོད་འདྲ་མཐོང་ན་དཀོན་རྒྱུ་མེད། ཅེས་ཁྱིར་བར་གསུངས་པ་བཞིན་ནོ། །དཔེར་བགྱིས་ན། ཐང་ལག་མཐིལ་ཙམ་ན་སྲོག་ཆགས་གྲོགས་སྦུར་ཇི་སྙེད་ཡོད་ལ། གྲོག་མའི་ཚང་རེ་རེ་ལ་ཡང་བགྲང་དུ་མེད་པ་ཙམ་ཡོད་ན། དུང་པ་གང་གི་མི་ལ་དེ་ལྟར་མིན་པས་ཤེས་པར་བྱའོ། །དེ་ཡང་མདོ་ལས། ས་རྡོ་རི་ཀླུང་ཐམས་ཅད་དུད་འགྲོས་ཁེངས་གྱུར་ན། །ངན་འགྲོ་གཞན་གྱི་ཚད་ནི་སུ་ཡིས་ཤེས། ཞེས་སོ། །དཔེའི་སྒོ་ནས་རྙེད་དཀའ་བ་ནི། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི་།བུ་གར་རུས་སྦལ་མགྲིན་ཚུད་ལྟར། །མི་ཉིད་ཤིན་ཏུ་རྙེད་པར་དཀའ། །ཞེས་དང་། མངལ་འཇུག་ལས། ཁབ་མིག་ནམ་མཁའ་ལ་ཕྱར་ནས་ཡུངས་ཀར་སྤར་མོ་གང་གཏོར་ན་ཁབ་མིག་གི་ནང་དུ་ཡུངས་ཀར་ཚུད་པ་ནི་སྲིད་ལ། མི་ཡི་ལུས་ནི་ཤིན་ཏུ་རྙེད་པར་དཀའོ། །ཞེས་གསུངས་སོ། །དེ་ལྟར་རྙེད་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ་ནས་ཆོས་མ་བྱས་ན་རང་གིས་རང་བསླུས་པ་ཡིན་པས་སྙིང་ཐག་པ་ནས་དམ་པའི་ཆོས་བྱའོ། །དེ་ཡང་། ཆོས་རྗེས། མི་ལུས་ཐོབ་ནས་ཆོས་མེད་པོ། །གསེར་གླིང་ཕྱིན་ནས་སྟོང་ལོག་མཁན། །ངང་ངན་སོང་ལྷུང་ན་མི་འགྱོད་དམ། །མི་དད་མེད་རྣམས་ལ་འཕྲིན་དེ་སྐྱོལ། ཞེས་གསུངས་སོ།། །།གཉིས་པ་འཆི་བ་མི་རྟག་པ་བསྒོམ་པ་ལ། སྐྱེས་ཀྱི་རྟིང་ལ་ངེས་པར་འཆི་བ། །ནམ་འཆི་ཆ་མེད། འཆི་བའི་རྐྱེན་མང་
༣༦ བར་བསྟན་པ། ཅིས་ཀྱང་མི་སྟོངས་པར་འཆི་བ་བསམ་པའོ། །སྐྱེས་ཀྱི་རྟིང་ལ་ངེས་པར་འཆི་བ་བསམ་པ་ནི། སྐྱེས་ནས་སྐད་ཅིག་ཀྱང་སྡོད་ལོང་མེད་པར་འཆི་བདག་གི་མདུན་དུ་རྒྱུག་པ་སྟེ། དམ་པས། སྐྱེས་པའི་ནང་པར་འཆི་བའི་བྱ་བྱུང་བས། །ལོང་མེད་རྒྱུད་ལ་ཁོལ་ཅིག་དིང་རི་བ། ཞེས་གསུངས་སོ། །དཔེར་ན་གསོད་སར་ཁྲིད་པའི་དུད་འགྲོ་གོམ་པ་རེ་རེ་དོར་གྱིན་འཆི་བ་ལ་ཉེར་འགྲོ་བ་བཞིན་ནོ། །རྗེ་བཙུན་གྱིས། ཚེ་འདི་མི་རྟག་ཉི་རྒས་གྲིབ་སོ་འདྲ། །ཕར་ཕར་ཕྱིན་ཀྱང་ཚུར་ཚུར་འོང་། །བྲོས་པས་ཐར་བ་ངས་མ་མཐོང་། །ལོ་དང་ཟླ་བའི་ཆར་པས་བརྡུང་། །ཞག་དང་ཟ་མའི་ཐིགས་པ་བབ། །སྒྱུ་ལུས་ཀྱི་ཁང་པ་འགྱེལ་ལ་ཁད། །འཆི་བྲོད་ཀྱི་ཐིག་ཚགས་བྱེད་རེ་རན། ཞེས་གསུངས་སོ། །གཞན་ཡང་རྒྱུ་རྐྱེན་ལས་སྐྱེས་པའི་ཆོས་ཡིན་ཕན་ཆད་སྐད་ཅིག་མ་གཉིས་སུ་སྡོད་པའི་ལོང་མེད་པར་འཇིག་པས་ན་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་བྱའོ། །དཔའ་བོས། འདི་ལྟར་ཐམས་ཅད་སྐྱེ་བ་ཡི། །མདུན་ན་གནས་པ་འཆི་བ་སྟེ། ཞེས་གསུངས་སོ། །ནམ་འཆི་ཆ་མེད་བསམ་པ་ནི། ལུས་ཅན་རྣམས་ཀྱི་ཁྲོང་ན། འདི་སྔོན་ལ་འཆི། འདི་རྗེས་སུ་འཆི་ཞེས་རིས་སུ་བཅད་པ་ཅི་ཡང་མེད་ལ། མི་འཆི་ལ་རེ་བ་ཞིག་ཐོག་རྒྱབ་ཏུ་འཆི་ཡིས་འདུག་པ་ལྟར་རང་ལ་ཡང་འབྱུང་བས། རྗེ་བཙུན་གྱིས། ཁྱོད་གཞོན་པ་ཕོ་མོ་འཚོགས་ཙ་ན། །འཆི་བ་ཡོད་སྙམ་མི་གདའ་སྟེ། །འཆི་བ་ཐོག་བབས་ཀྱི་ཚུལ་དུ་ཡོང་གིན་གདའ། །ཞེས་སོ། །དེ་ཙམ་དུ་མ་ཟད་དོ་ནུབ་གློ་བུར་དུ་གཟའ་ལ་སོགས་པ་གདོན་ནམ། གཡང་ལ་ལྷུང་བའམ། གཏིབས་འོག་ཏུ་ཚུད་པའམ། ནད་ཀྱིས་སམ། མཚོན་གྱིས་འཆི་བར་མི་འགྱུར་བའི་གདིང་སུ་ལ་ཡང་མེད་ལ། དོ་ནུབ་མི་འཆི་བའི་ཐག་ཆོད་པ་མེད་པ་བཞིན་དུ་དེ་
༣༧ རིང་འདི་བྱ། སང་འདི་བྱེད། ད་གཟོད་ལ་སོགས་པའི་བྱ་གཞག་གི་ཕྱི་ཚིས་དང་གསོག་འཇོག་སྒྲུབ་པ་ནི་རང་གིས་རང་བསླུས་པ་ཁོ་ནར་ཟད་དེ། རྒྱལ་སྲས་ཐོགས་མེད་པས། དེ་རིང་ཙམ་ཡང་མི་འཆིའི་གདིང་མེད་ལ། །རྟག་ཏུ་སྡོད་གྲབས་བྱེད་པའི་ངང་རིང་པོ། །འཆི་ཀར་བྲང་ལག་འཐབ་མོ་འཆོར་ཉེན་གདའ། །འཆི་བ་རྗེས་སུ་དྲན་པར་བྱིན་གྱིས་རློབས། ཞེས་དང་། སྤྱོད་འཇུག་ཏུ། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པའི་རིགས་མ་ཡིན། ཞེས་དང་། སློབ་སྤྲིང་ལས། འདི་ནི་སད་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ། །འདི་ནི་དེ་རིང་བྱ་ཞེས་སྐྱེ་བོ་སེམས་པ་ན། གཤིན་རྗེ་བེ་ཅོན་ལག་ཐོགས་ཟུར་གྱིས་ལྟ་བ་ཡི། །མིག་རྩ་དམར་ཁྲོས་མ་རངས་གད་མོ་རེ་སྙམ་འདེབས། ཞེས་གསུངས་སོ། །འཆི་བའི་རྐྱེན་མང་བར་བསྟན་པ་ནི། ལུས་ཅན་རྣམས་ཀྱི་ཚེ་གནོད་པ་འབའ་ཞིག་གི་ནང་དུ་གནས་པ་རླུང་གིས་བཏབ་པའི་ཆུའི་ལྦུ་བ་ལྟ་བུར་ད་ལྟ་མ་ཡལ་བར་འདུག་ཀྱང་། རིང་དུ་གནས་པར་བྱ་བའི་ནུས་པ་མེད་པས་ཡིད་བརྟན་དུ་རུང་བ་མ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། ཞེས་གསུངས་ཤིང་། གཞན་ཡང་། སྐྱེས་པའི་ཐ་མ་ནི་འཆི། འདུས་པ་འབྲལ། བསགས་པ་འཛད། བརྩིགས་པ་འགྱེལ་བས་གང་ལ་ཡང་སྙིང་པོ་མེད་པར་བསམ་ཞིང་། ནད་དྲག་པོ་དབུགས་ཆད་ལ་ཁད་ཁད་པ་བྱུང་ཚེ། ནོར་གྱིས་བླུར་མེད། མཛངས་པ་དང་། གཟུགས་བྱད་མཛེས་པ་དང་། དཔའ་ཞིང་བརྟུལ་ཕོད་པ་དང་། མངའ་ཐང་དང་། ས་མཁར་དང་། གཉེན་གྱིས་
༣༨ ཅི་བྱར་མེད་པར། གཅིག་པུར་ག་ཤེད་དུ་སྒྲེན་མོ་ལག་སྟོང་དུ་འགྲོ། བར་དོའི་འཇིགས་པ་ནི་དྲན། ཚེ་ཕྱི་མ་གར་འགྲོ་ནི་མེད། འདིར་མི་ཕན་པར་ན་པར་བཟུང་བས་ནི་ནོངས། །དུས་དེའི་ཚེ་ཆོས་མེད་བའི་འགྱོད་པ་དྲག་པོ། སྐྱིད་པའི་རྒྱལ་པོ་ནས་སྡུག་པའི་ཡ་གཤན་གྱི་པར་ཐམས་ཅད་ལ་འབྱུང་གི་འདུག་པ་ལ་བསམས་ཀྱང་། དམ་པའི་ཆོས་ལ་འབད་རིགས་ཏེ། །མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་བགྱིའི་སྦད་དུ་འབད་འཚལ་ཏེ། །འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། ཞེས་གསུངས་པ་བཞིན་ནོ། ཅིས་ཀྱང་མི་སྟོང་པར་འཆི་བ་བསམ་པ་ནི། འཆི་བས་མི་ཚུགས་པའི་ས་ཕྱོགས་ནི་གང་དུའང་ཡོད་པ་མ་ཡིན་ཏེ། དཔའ་བོས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་། ཡང་དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བར་ནུས་པ་མེད། ཅེས་གསུངས་ཤིང་། སྲ་བའི་ལྷུན་པོའང་ཐལ་བཅོམ་དུ་མ་ལུས་པར་འཇིག་ཅིང་། རྒྱ་མཚོ་ཆེན་པོ་ཟབ་པ་ཡང་སྐེམ་པར་འགྱུར་ན། ལུས་ཅན་གྱི་ལུས་ཉམས་ཆུང་བ་ཅིའི་ཕྱིར་མི་འཇིག་སྟེ། དེ་ཉིད་ཀྱིས་གང་དུ་ས་རྣམས་བསྲེགས་གྱུར་པས། །ལྷུན་པོ་ཐལ་བར་འཇིག་པ་དང་། །རྒྱ་མཚོའི་ཆུ་ཡང་བསྐམ་འགྱུར་ན། །ལུས་ཅན་དེ་དག་ལྟ་ཅི་སྨོས། ཞེས་སོ། །ད་དུང་མ་འཆི་བསམ་ན་ཅིའི་ཕྱིར་མི་འཆི་སྟེ། རང་གི་སྤྱི་བོའི་སྐྲ་ནས་རྐང་མཐིལ་གྱི་བར་ཐམས་ཅད་ལ་ཞིབ་མོར་བརྟགས་ན། ཅི་བས་ཉམ་ཐག་པ། ཉམ་ཆུང་བ། མི་གཙང་བ། རྟག་བའི་རང་བཞིན་ཅི་ཡང་མེད་པས། འདི་ལ་གཙང་བར་
༣༩ བཟུང་། རྟག་པར་བལྟས། བདག་ཏུ་ཞེན་པ་སྔོན་ཆད་རང་འཁྲུལ་པས་བསླུས་པ་འབའ་ཞིག་ཏུ་ཟད་ལ། སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟ་བུ་ཡང་ཞིག་ན། ངའི་ལུས་སྙིང་པོ་མེད་པ་འདི་ཅིའི་ཕྱིར་མི་འཇིག་ཅེས་བསམ་པར་བྱ་སྟེ། ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་དག་སྨོས་ཅི་དགོས། ཞེས་གསུངས་སོ། །གསུམ་པ་ལས་རྒྱུ་འབྲས་བསམ་པ་ནི། བསམ་སྦྱོར་གཉིས་ཀ་དགེ་བས་བྱས་པ་གཅིག་ཏུ་དཀར་པའི་ལས། བསམ་སྦྱོར་གཉིས་ཀ་མི་དགེ་བ་གཅིག་ཏུ་གནག་པའི་ལས། བསམ་སྦྱོར་གང་རུང་གཅིག་དགེ་གཞན་མི་དགེ་ན་འདྲེས་པའི་ལས། དང་པོ་ལ་ནི་རྣམ་སྨིན་བདེ་བ་འབའ་ཞིག་པ་དང་། གཉིས་པ་ལ་ནི་རྣམ་སྨིན་སྡུག་བསྔལ་འབའ་ཞིག་པ་དང་། གསུམ་པ་ལ་ནི་བདེ་སྡུག་འདྲེས་པར་འབྱུང་ལ། དེ་ཡང་སྟོབས་ཆེ་བ་ཆོ་འདི་ལ་སྨིན་པ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་དང་། སྐྱེ་བ་རྟིང་མར་འབྱུང་བ་ཕྱི་མར་མྱོང་བ། སྐྱེ་བ་མང་པོ་བརྒྱུད་ནས་སྨིན་པ་ལན་གྲངས་གཞན་ལ་མྱོང་བར་འགྱུར་པ་སྟེ། དེ་ལྟར་རང་གིས་བྱས་ཤིང་བསགས་པའི་ལས་ནི་རང་ཉིད་ཀྱི་ཕུང་པོ་འབའ་ཞིག་ལ་སྨིན་པར་འགྱུར་བས། སྡིག་ཏོ་མི་དགེ་པའི་ཕྱོགས་རྣམས་ནི་ཆུང་ངུ་ཡིན་ཡང་སྤང་ལ། དགེ་བའི་རྩ་བ་ནི་ཆུང་ངུ་ཆུང་ངུ་ཡིན་ཀྱང་བསྐྱེད་པར་བྱ་སྟེ། དུག་ཆུང་ངུས་མི་ཆེན་པོ་གསོད་པ་དང་། སྨན་ཆུང་དུས་ནད་ཆེན་པོ་འཇོམས་པའི་དཔེ་ཤེས་པར་བྱ་ཞིང་། ལུས་ཅན་རྣམས་ཀྱི་སྐྱིད་སྡུག་ལོགས་ཉེས་ཐམས་ཅད་བསམ་པའི་རྗེས་སུ་མི་འགྲོ། ལས་ཀྱི་རྗེས་སུ་འགྲོ་བས་སོ། །ཇོ་བོ་རྗེས། བསམས་ཚད་ཐོག་ཏུ་མི་ཁེལ། །ཕ་རོལ་ལས་ལས་གྲུབ་པས། །ལྷོད་ཀྱིས་གློད་ན་བདེའོ། །ཞེས་
༤༠ དང་། གཞན་ལས། ལས་ནི་གྲིབ་མ་བཞིན་དུ་ཕྱི་བཞིན་འབྲང་། །མི་ཚོ་ཕལ་ཆེར་སྡིག་པའི་ལས་ལ་ཟད། །ཕྱི་མའི་འགྲོ་ས་ངན་སོང་ཁོ་ན་ཡིན། ཞེས་དང་། ལས་བརྒྱ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། ཞེས་དང་། ཕན་པའི་འབྲས་བུ་བདེ་བ་ཆེ། །གནོད་བའི་འབྲས་བུ་སྡུག་བསྔལ་འབྱུང་། ཞེས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་སོ།། །།བཞི་པ་འཁོར་བའི་ཉེས་དམིགས་བསྒོམ་པ་ནི། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལས་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། ཞེས་གསུངས་པ། སེམས་ཅན་དམྱལ་བ་ལ་ནི་ལས་ལས་སྐྱེས་པའི་གཤིན་རྗེས་འཇིགས་སུ་རུང་བའི་མཚོན་ཆས་ཡང་བཏགས་ཤིང་ཡང་སོས་པ་གང་སོས། ཐིག་ནག་པོ་བཏབ་ནས་དེ་སོག་ལེས་གཏུབ་པ་ཐིག་ནག །ལྕགས་ཀྱི་རི་ལུག་ལ་སོགས་པའི་གདེང་འདྲ་བའི་བར་དུ་འཐག་པ་བསྡུས་འཇོམས། གསལ་ཤིང་འབར་བ་རྩེ་མོ་གཅིག་པས་སྦྱི་བོ་ནས་ཐལ་བྱུང་དུ་འབུགས་པ་ངུ་འབོད། གསལ་ཤིང་རྩེ་མོ་གསུམ་པས་འབིགས་པ་ངུ་འབོད་ཆེན་པོ། ལུས་མེ་ལྕེའི་ཕྲེང་བས་སྲེག་པ་ཚ་བ། ཁྲོ་ཆུ་ཁོལ་མར་འཚོད་པ་རབ་ཏུ་ཚ་བ། ལུས་སྲེག་པ་དང་། ལྕགས་ཀྱི་གཟེར་བུས་གོ་མཚམས་མེད་པར་བསྡམས་པ་དང་། ལྕེ་ལ་རྨོན་དོར་ལྔ་བརྒྱས་རྨོད་པ་སོགས་སྡུག་བསྔལ་དྲག་པོས་མནར་བས་མནར་མེད་དེ། ཡུན། ཡང་སོས་ལ་སོགས་དྲུག་རིམ་བཞིན། །
༤༡ འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་ལྷའི་ཚེ་དང་མཉམ་པ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ། །ཞེས་གསུངས་སོ། །གཞན་ཡང་། ཆུ་བོ་རབ་མེད་དུ་ནུབ་པ་དང་། ལོ་མ་རལ་གྲིའི་ནགས་ཚལ་དང་། ཚེར་མ་རྣོན་པོའི་ཚལ་དང་། སླུ་གྲིས་གཏམས་པའི་སོ་དང་། རིམ་པ་མེད་པར་འགྲོ་བ་དང་། ལྕགས་ཀྱི་ཐོ་ལུམ་འབར་བ་ཟ་བ་དང་། ཁྲོ་ཆུ་འཐུང་བ་དང་། ས་གཞི་རབ་ཏུ་འབར་བར་འདུག་པ་དང་། ཡོངས་སུ་བསྒྱུར་ཞིང་འབྲོས་པ་དང་། བརྒྱལ་བ་དང་། སྨྲེ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་གཟུགས་དུ་མས་སྡུག་བསྔལ་བརྒྱ་ཕྲག་མང་པོ་མྱོང་ངོ་། །གྲང་བའི་དམྱལ་བ། ཆུ་བུར་ཅན་དང་། ཆུ་བུར་བརྡོལ་བ་ཅན་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཨུ་ཏྤལ་ལྟར་གས་པ། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་སྟེ། ཤིན་ཏུ་གྲང་བའི་སྡུག་བསྔལ་མི་བཟོད་པ་དང་། རལ་གྲི་རྣོན་པོ་ཐོགས་པའི་གཤིན་རྗེ་གཏུམ་པོས་བརྡེག་ཅིང་གཏུམས་པ་ལ་སོགས་པའི་སྡུག་བསྔལ་མྱོང་བ་ཡང་། ཏིལ་རྫོང་ནང་ནས་ལོ་བརྒྱ་བཞིན། །ཏིལ་རེ་ཕྱུང་ནས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་བསྒྱུར། ཞེས་པའི་བར་དུའོ། །གཞན་ཡང་། ཉི་ཚེ་བ་དང་ཉེ་འཁོར་བ་སྟེ་བཅོ་བརྒྱད་དོ། །ཡི་དྭགས་ནི། ལུས་མེ་འབར་བ། ནང་ཁྲོལ་གྱིས་སྟོངས་པའི་སྒལ་པ་རིའི་ཁྲོད་ལྟ་བུ། གཡོ་བ་དང་བྲལ་བ། ཁ་ཁབ་ཀྱི་མིག་ལྟར་ཕྲ་བ། སྐྲ་རྩུབ་ཅིང་གྱེན་དུ་བརྫེས་པ་དང་། ཁ་ཅིག་སྡོང་དུ་མ་མེས་རེག་དང་། །འགའ་ཞིག་ཕྱགས་ཤེལ་ལྟ་བུ་ལ་སོགས་པའི་གཟུགས་རྣམ་པ་སྣ་ཚོགས། །ཐས་སྐོམ་གྱི་མིང་ཙམ་ཡང་མི་ཐོས་པ་དང་། ངན་སྐྱུགས་ཟབ་དང་། ཟས་བློ་ཆུར་གྱུར་ནས་ལུས་སྲེག་པ་ལ་སོགས་པ་
༤༢ སྟེ། བཤེས་སྤྲིང་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚལ་དགུན་ནི་ཉི་མའང་གྲབ། །ལྗོན་ཤིང་འབྲས་བུ་མེད་འགྱུར་དེ་དག་གིས། །བལྟས་པ་ཙམ་གྱིས་ཆུ་ཀླུང་བསྐམ་པར་འགྱུར། ཞེས་དང་། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྗོངས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཙམ། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་དང་། ཚེ་ཚད་ནི། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། ཞེས་དང་། ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། ཞེས་གསུངས་སོ། །དུད་འགྲོ་ནི་གླེན་ཞིང་རྨོངས་པ་དང་། གཅིག་ལ་གཅིག་ཟ་བ་དང་། གསོད་པ་དང་། བཀོལ་སྤྱོད་ལ་སོགས་པའི་སྡུག་བསྔལ་བགྲང་དུ་མེད་པ་སྟེ། ཁ་ཅིག་མུ་ཏིག་པལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་ལག་པ་རྡོག་པ་དང་། །ལྕགས་དང་ལྕགས་ཀྱུ་བཏབ་པས་བཏབ་སྟེ་བཀོལ། ཞེས་གསུངས་སོ། །མི་ལ་སྐྱེ་རྒ་ན་འཆི། ལྷ་ལ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཡོད་པ་དེ་རྣམས་ལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་བྱའོ། །འགྱུར་བའི་སྡུག་བསྔལ་ནི་མཐོ་རིས་ཀྱི་བདེ་བ་ཐམས་ཅད་དེ་བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་སུ། །ལས་ཀྱི་དབར་གིས་སླར་ཡང་ས་སྟེངས་ལྷུང་། ཞེས་དང་། ཚངས་ཉིད་ཆགས་བྲལ་བདེ་བ་སྐྱེས་ནས་ཀྱང་། །ལས་ཀྱི་དབང་གིས་ཡང་བྲན་ཉིད་དུ་འགྱུར། ཞེས་གསུངས་པས་སོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། །བྱིས་པ་ལག་མཐིལ་དང་འདྲ་བས་སྡུག་བསྔལ་དུ་མ་མཐོང་ལ་འཕགས་པ་མིག་དང་འདྲ་བས་སྡུག་བསྔལ་དུ་གཟིགས་པའོ། །དེ་ཡང་། བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྦུཾ་མི་རྟོག །འཕགས་པ་མིག་དང་འདྲ་བ་
༤༣ ཡིས། །དེ་ཡིས་དེ་ཉིད་ཡིད་ཀྱང་འབྱུང་། ཞེས་དང་། རྣལ་འབྱོར་དབང་ཕྱུག་གིས། འཁོར་བ་སྐྱིད་མེད་ཀྱི་བཙོན་ར་ན། །སྐྱིད་དུ་རེ་ནས་སྡུག་བསྔལ་སྤྱོད། །ཡུན་རིང་གི་ནད་པ་གཅོང་ཅན་བཞིན། །བསྐྱངས་བསྐྱངས་ནས་འཆི་བ་ཡི་རེ་མུག །ཅེས་གསུངས་པ་བཞིན་ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པས། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་བྱ་ལ། གཏན་དུ་བདེ་བ་ནི་མྱ་ངན་ལས་འདས་པ་གཅིག་པུ་ཡིན་པས། མྱ་ངན་ལས་འདས་པ་འབའ་ཞིག་ཞི་ཞིང་བདེ་བའོ།། །།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། རྒྱུད་སྣོད་དུ་རུང་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་རྫོགས་པར་བྱེད་པ་མཎྜལ། །བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་བཞི་ལས། དང་པོ་རྒྱུད་སྣོད་དུ་རུང་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་ནི། རང་གི་མདུན་གྱི་ནམ་མཁར། ལཾ་ལས་གསེར་གྱིས་གཞི་ཁོད་སྙོམས་པའི་དབུས་སུ། བཾ་ལས་བདུད་རྩིའི་རྒྱ་མཚོ། དེའི་དབུས་སུ་པཾ་ལས་དཔག་བསམ་གྱི་ཤིང་བལྟ་ན་ཆོག་མི་ཤེས་པའི་དབུས་སུ། རིན་པོ་ཆེའི་ཁྲི་ལ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མས་བསྐོར་བ། མདུན་དུ་ཡི་དམ་འཁོར་ལོ་སྡོམ་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་བ། གཡས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སངས་རྒྱས་ཐམས་ཅད་དང་། རྒྱབ་ཏུ་ཡུམ་ཆེན་མོ་ལ་དམ་པའི་ཆོས་པོ་ཏི་དང་གླེགས་བམ་གྱི་རྣམ་པར་བཞུགས་པ། གཡོན་དུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་འདུན་ཆེན་པོས་བསྐོར་བ། ཕྱོགས་མཚམས་ཐམས་ཅད་དཔའ་བོ་མཁའ་འགྲོ་མ་དམ་པ་ཆོས་
༤༤ སྐྱོད་བའི་སྲུང་མ་ཐམས་ཅད་སྤྲིན་གཏིབས་པ་བཞིན་དུ་བཞུགས་པའི་སྤྱན་སྔར། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་བློས། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། ཞེས་སོགས་ཀྱིས་སྐྱབས་འགྲོ་ལན་གསུམ་སྔོན་དུ་བཏང་ནས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། ལ་སོགས་པ་སྔགས་ཀྱི་གཞུང་ལས་གསུངས་པའི་ཆོ་ག་ལན་གསུམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། རང་གི་ལུས་ཀྱི་བཀོད་པ་གྲངས་མེད་ཅིང་བརྗོད་དུ་མེད་པར་སྤྲུལ་ཏེ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་ཞེས་པས་ཕྱག་སྟོང་ཕྲག་གཅིག་བཙལ་ནས། ཡིད་ཀྱིས་ཀུན་ཏུ་དམིགས་ལ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའ་སྤྱོད་པའི་སྨོན་ལམ་གྱི་ཆོ་གས་ཕྱག་བཙལ་བ་ལ་སོགས་པ་ཡན་ལག་བདུན་གྱི་ཚུལ་དུ་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དོ། །དེའི་རྗེས་མདུན་གྱི་ཡི་དམ་ནས་གཡས་བསྐོར་དུ་ཐིམ་པ་དབུས་ཀྱི་བླ་མ་གཙོ་འཁོར་ལ་ཐིམ་ཞིང་འཁོར་རྣམས་བླ་མ་དང་། དེ་བདག་ལ་བསྟིམ། བསྔོ་བ་སྨོན་ལམ་བྱའོ།། །།གཉིས་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ནི། རང་གི་སྤྱི་བོར་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་
༤༥ གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙམས་མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ཡེ་ཤེས་ལྔ་དང་ལྡན་པའི་མཐར། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སི་ངྔྷིམྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཅེས་པས་བསྐོར་བ། དེ་ལས་བདུད་རྩི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐོན། སྤྱི་བོ་ན་ཚངས་པའི་བུ་ག་ནས་ལུས་ཀྱི་ཕྱིར་སོང་བ་རྣམས་ཀྱིས་དྲི་མ་དྭང་། ནང་དུ་སོང་བ་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དུད་ཁུ་དང་སོལ་ཁུ། གདོན་བགེགས་ཐམས་ཅད་སྡིག་སྤྲུལ་སྦལ་ལྕོང་གི་རྣམ་པར་དབང་པོའ་སྒོ། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་ནས་ལུས་ཐམས་ཅད་ཤེལ་གོང་དྲི་མ་མེད་པ་ལྟ་བུར་དྭངས་བ། བྱང་ཆུབ་སེམས་ཀྱིས་གང་བར་བསམ་ལ་ཡིག་བརྒྱ་ཅི་རིགས་པར་བཟླས་ནས། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། སྐུ་གསུང་
༤༦ ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔས་རིགས་ཀྱི་བུ་ཁྱོད་ཀྱི་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་རང་ལ་ཐིམ་པར་བསམ་མོ། །གསུམ་པ་ཚོགས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ལ། སྔོན་འགྲོ་སྒྲུབ་པའི་མཎྜལ་དང་། དངོས་གཞི་མཆོད་པའི་མཎྜལ་གཉིས་ལས། སྔོན་འགྲོ་སྒྲུབ་པའི་མཎྜལ་ནི། རང་གི་མདུན་གྱི་ནམ་མཁར་རི་རབ་གྲུ་བཞི་བང་རིམ་བཞི་པའི་སྟེང་དུ། པདྨ་འདབ་མ་བཞི་པའི་དབུས་སུ་སེང་གེས་བཏེགས་པའི་ཁྲིར་བླ་མ། ཤར་དུ་ཡི་དམ། ལྷོར་སངས་རྒྱས། ནུབ་ཏུ་ཆོས། བྱང་དུ་དགེ་འདུན། གོང་བཞིན་དུ་གསལ་བཏབ་བོ།། །།གཉིས་པ་མཆོད་པའི་མཎྜལ་ནི། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་བརྗོད། བའི་ལྕི་བའམ་དྲི་བཟང་གི་ཆུས་སའི་ཕྱོགས་བྱུག་པར་བྱའོ། །དེ་ནས་དབུས་སུ་མེ་ཏོག་བཞག་སྟེ། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ་ཞེས་བརྗོད་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔགས་བརྗོད་ཅིང་ཚོམ་བུ་བཀོད་པ་གླིང་བཞི་གླིང་ཕྲན་བརྒྱད། རིན་པོ་ཆེ་སྣ་བདུན། གཏེར་ཆེན་པོའི་བུམ་པ་དང་བརྒྱད། རི་རབ་ཉི་ཟླ་དང་བཅས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་འབུལ་བར་བྱའོ། །ཕན་ཡོན་ནི། དཔག་ཏུ་མེད་པ་ཡོད་དེ། ཛེ་ཏཱ་རིས། བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་སྟེ། །ལེགས་པར་བྱུག་པར་བྱེད་པ་ཚུལ་ཁྲིམས་སོ། །སྲིན་དང་གྲོག་སྦུར་བསལ་བ་བཟོད་པ་ཡིན། །བྱ་བ་ལ་ནི་ཉེར་ཞུགས་བརྩོན་འགྲུས་ཏེ། །དེ་ལ་སྐད་ཅིག་སེམས་ནི་གཅིག་བྱེད་པ། །བསམ་གཏན་ཤེས་རབ་རི་མོ་གསལ་བའོ། །ཐུབ་པའི་མཎྜལ་བྱས་པ་ཡིས། །ཕ་རོལ་ཕྱིན་པ་འདི་དྲུག་ཐོབ། ཅེས་བྱ་བ་ལ་སོགས་པ་གསུངས་ཤིང་། ཆོས་རྗེས། ཞིང་ཁམས་ཀྱི་རྟེན་འབྲེལ་ཐམས་ཅད་འདི་ལ་ཡོད་པར་ཡང་གསུངས་སོ། །དེ་ནས་སེམས་
༤༧ བསྐྱེད་པ་དང་ལྡན་པ་རྟེན་གྱི་སྟོབས། སྔར་བྱས་ལ་འགྱོད་པ་རྣམ་པར་སུན་འབྱིན། ཕྱིས་མི་བྱེད་པར་སྡོམ་པ་སྡིག་པ་ལས་སླར་ལོག །བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་མདོ་ལ་སོགས་པའི་བཤགས་པའི་ཚིག་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་བཞིས་བདག་གཞན་གྱིས་སྡིག་པ་ཐམས་ཅད་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། སངས་རྒྱས་ནས་རིང་པོར་མ་ལོན་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་འདའ་བར་བཞེད་པ་རྣམས་མི་འདའ་བར་གསོལ་བ་དང་། དེ་དག་གི་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིས་ནས། ཚོགས་ཞིང་སྔར་བཞིན་བདག་ཉིད་ལ་བསྡུའོ།། །།བཞི་པ་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྟ་བུའི་ལྷ་གང་མོས་པར་བསམ་པའི་སྤྱི་བོར་གྱད་དང་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་དར་གྱིས་ཀླུབས་པ། པདྨ་ཟླ་ཉི་བརྩེགས་པའི་གདན་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་དང་ཐ་མི་དད་པ་གསལ་བཏང་པའི་སྤྱི་བོར། བརྒྱུད་པའི་བླ་མ་རྡོ་རྗེ་འཆང་ལ་ཐུག་གི་བར་ཐོ་བརྩེགས་སུ་བཞུགས་པ། དེ་ཐམས་ཅད་ངོ་བོ་ཆོས་ཉིད་དག་པའི་ཀློང་དུ་གཅིག་པ། རྣམ་པ་གང་ལ་གང་འདུལ་གྱི་གཟུགས་ཀྱི་སྐུར་ཤར་བས། རྩ་བའི་བླ་མ་ནས་རྡོ་རྗེ་འཆང་གི་བར། དགོངས་པ་ལ་མཐོ་དམའ་དང་། ཐུགས་རྗེ་ལ་བྲི་གང་མེད་པ། སངས་རྒྱས་ཉག་གཅིག་ཏུ་བཞུགས་པར་བསམས་ནས། བརྒྱུད་པའི་གསོལ་འདེབས་བྱས། བླ་མ་འོག་མ་འོག་མའི་གདུང་ཤུགས་ཀྱིས་གོང་མ་གོང་མ་རིམ་པ་བཞིན་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། བླ་མའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། རང་གི་སྨིན་མཚམས་ནས་ཞུགས་ལུས་ཐམས་ཅད་གང་། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ།
༤༨ ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། མགྲིན་པར་ཞུགས། ལུས་གང་། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། ལམ་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། བླ་མའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་བཞུགས། ལུས་ཐམས་ཅད་གང་། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཐོབ། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མཐར་བླ་མ་གདན་ཁྲི་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །དེ་ལྟར་ཁྲིད་མཐའ་དག་གི་སྔོན་དུ་འགྲོ་བའི་ཡི་གེ་འདི་ཡང་། པདྨ་དཀར་པོས་ལྷ་བཙུན་གཞན་ཕན་བཟང་པོར་གདམས་པའོ།། །།

༄། །བློ་སྦྱོང་གྱེར་བསྒོམ་རྡོ་རྗེའི་གླུ་ཞེས་བྱ་བ་བཞུགས་སོ༎

བློ་སྦྱོང་གྱེར་བསྒོམ་རྡོ་རྗེའི་གླུ་ཞེས་བྱ་བ་བཞུགས་སོ། །
༧༤ཀྭ་ཡེ་ཕ་མར་གྱུར་པའི་འགྲོ་བ་མ་ལུས་དྲང་བའི་ཕྱིར། །བདག་ལ་ཡོད་པའི་ཉོན་མོངས་དུག་ལྔ་གང་དག་གིས། །སེམས་ཅན་རྣམས་ཀྱི་དུག་ལྔ་མ་ལུས་དྲང་བར་བྱ། །འདོད་ཆགས་ལ་སོགས་མེད་པའི་དགེ་བ་གང་ཡོད་རྣམས། །འགྲོ་དྲུག་སེམས་ཅན་རྣམས་ལ་སྙོམས་པར་བྲམ་པར་བྱ། །ན་ཚ་ལ་སོགས་འབྲས་བུར་གྱུར་པའི་སྡུག་བསྔལ་གྱིས། །དེ་དང་རིགས་མཐུན་སྡུག་བསྔལ་མ་ལུས་དྲང་བར་བྱ། །ན་ཚ་ལ་སོགས་མེད་པའི་ཕན་བདེ་གང་ཡིན་དེ། །འགྲོ་དྲུག་སེམས་ཅན་རྣམས་ལ་རྟག་ཏུ་བྲིམ་པར་བྱ། །དེ་ལྟར་བྱས་ན་རང་ཉིད་འཁོར་བའི་རྒྱ་མཚོ་འདིར། །སྐད་ཅིག་ཙམ་ཡང་འཁྱམས་པའི་གོ་སྐབས་ག་ལ་སྲིད། །འོན་ཀྱང་ཇི་སྲིད་བྱང་ཆུབ་མ་ཐོབ་བར། །མྱོང་གྱུར་ཉོན་མོངས་རྒྱུ་འབྲས་ཇི་སྙེད་པ། །ཐམས་ཅད་སྐྱེ་བ་འདི་ལ་ཡོངས་སུ་རྫོགས་པར་བྱ། །དེ་ཡང་ད་ལོའ་ཟླ་བ་འདི་ལ་དྲང་བར་བྱ། །དེ་ཡང་དེ་རིང་ད་ལྟ་ཉིད་དུ་རྫོགས་བྱས་ནས། །སྡུག་བསྔལ་བྲང་བྲེད་རབས་ཆད་ཙམ་གཅིག་ཐབས་སུ་བསྟེན། །བློ་འདི་འབྱོངས་པར་གྱུར་ཅིག་བྱམས་པའི་རྣལ་འབྱོར་པ། །ཞེས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གྱེར་སྒོམ་རྡོ་རྗེའི་གླུ་བླང་བ་འདི་བྱམས་པའི་རྣལ་འབྱོར་པ་བདག་གིས་ཡུན་དུ་ཁ་ཏོན་བྱས་ནས། རེ་ཞིག་ཆུ་བོ་གངྒཱའི་འགྲམ་དུ་ཐུགས་རྗེ་ཆེན་
༧༥པོ་དང་ལྡན་པའི་བཅོམ་ལྡན་འདས་བྱམས་པ་ལྷའི་རྒྱལ་པོའ་ཆ་ལུགས་སུ་ཞུགས་ནས་བྱམས་པའི་རྣལ་འབྱོར་བ་ཅན་བྱོན་ནས་འདི་སྐད་གསུངས། ཐོས་པ་ཙམ་གྱིས་ངན་འགྲོའི་སྡུག་བསྔལ་སེལ་བའི་གླུ། །བསམ་པ་ཙམ་གྱིས་འཁོར་བའི་ལྗོན་ཤིང་བཅད་པའི་གླུ། །སྒོམ་པ་ཙམ་གྱིས་བྱང་ཆུབ་མྱུར་ཏུ་འབྱིན་པའི་གླུ། །བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གླུ་འདི་མཚར། །ཉོན་མོངས་དུག་ལྔ་དགྲ་བཞིན་འཇོམས་པར་རིགས་ན་ཡང་། །ཁྱོད་ཀྱིས་འདི་ལྟར་ན་ནི་རྒྱུད་ལ་བརྟེན་པར་འཚལ། །ན་ཚ་སྡུག་བསྔལ་ཀུན་ནས་བཟོད་པར་དཀའ་ན་ཡང་། །ཁྱོད་ཀྱི་འདི་ལྟར་ན་ནི་ངོ་མཚར་རྨད་དུ་བྱུང་། །རང་དོན་ཡལ་བར་དོར་ནས་གཞན་དོན་ལྷུར་མཛད་དེ། །རང་དབང་མེད་པར་འཁོར་བར་འཁྱམས་པ་སུ་མི་དཀའ། །དེས་ན་རང་དོན་བསམ་པ་སྐད་ཅིག་མ་འཁྲིས་པར། །གཞན་གྱིས་མི་འདོད་བདག་གིས་ལེན་པ་དམ་པ་ཡིན། །ཐེག་པ་ཆེན་པོའ་གསུང་རབ་མཐའ་ཡས་མུ་མེད་ཀྱང་། །འདི་རུ་མ་འདུས་རྡུལ་ཙམ་གང་ཡང་ཡོད་མ་ཡིན། །དེ་ཕྱིར་རྣལ་འབྱོར་ཁྱོད་ཀྱི་རྡོ་རྗེའི་གླུ་བླངས་འདི། །ཐོས་བསམ་བསམ་གཏན་བསྒོམ་པའམ་བཤད་ཀྱང་རུང་། །འཇིག་རྟེན་ལྷ་དང་བཅས་པའི་སྐྱབས་གནས་དམ་པ་སྟེ། །ཕྱོགས་བཅུའི་རྒྱལ་
༧༦བ་རྣམས་ཀྱི་ཐུགས་ཀྱི་སྙིང་ཁུ་དེ། །ཁྱོད་ཀྱི་བློ་ལ་ཤར་བ་ངོ་མཚར་ཤིན་ཏུ་ཆེ། །ཤིན་ཏུ་དགྱེས་པས་རྡོ་རྗེའི་གླུ་ཚིག་གི་ལན་དུ་གསུངས་པ་དང་། །བྱམས་པའི་རྣལ་འབྱོར་བ་ཤིན་ཏུ་ཉམས་དགའ་ཞིང་ཐེ་ཚོམ་གྱི་མདུད་པ་གྲོལ་ནས་དཔའ་བོ་ཆེན་པོ་རྡོ་རྗེའི་གཡུལ་དུ་ཞུགས་སོ། །ཀྱེ་ཧོ་ཡང་འདི་ལྟར་ཉིན་ལེན་གསུམ་མཚན་ལན་གསུམ་དུས་དང་གནས་སྐབས་དྲན་པ་དང་བརྗེད་པ་མ་མཆིས་པར་ཆོས་འདི་བློ་ལ་སྦྱངས་ཤིང་ཁམས་གསོ་རྡོ་རྗེའི་གླུ་བླངས་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། སྲིན་པོ་ལ་སོགས་པ་མ་རང་གི་བུ་གཅིག་པུ་ལ་བྱམས་བཞིན་གུས་པར་དབང་དུ་འདུས་པར་གྱུར་ཏོ། །གཞན་ཡང་ཡུལ་གྱི་རྒྱལ་པོ་དང་། བཙུན་མོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། ཁྱེའུ་བུ་མོ་དམངས་རིགས་ལ་སོགས་པ་ཐམས་ཅད་དབང་དུ་འདུས་ཏེ། །དགའ་བས་རྗེས་སུ་འབྲང་ཞིང་མཐོང་བ་དང་ཐོས་པ་ཐམས་ཅད་བྱམས་པའི་རང་བཞིན་དུ་གྱུར་རོ། །གཞན་ཡང་རྟ་དང་གླང་པོ་མ་ཧེ་སྤྲེའུ་འདབ་ཆགས་ཆུ་རུ་སྐྱེས་རིའི་སེམས་ཅན་གཅན་ཟན་གྱི་ཚོགས་ཐ་ན་གྲོག་སྦུར་ཡན་ཆད་འགྲོ་བ་རིགས་དྲུག་རང་ལ་མི་འཇིགས་ཤིང་བག་ཕེབས་པ་ལྟར་རྣལ་འབྱོར་བའི་དྲུང་དུ་འཁོར་བར་གྱུར་ཏོ། །དེ་ལྟར་རྣལ་འབྱོར་པའི་ཐུགས་ཀྱི་དགོངས་པ་ལ་བདག་གི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འདི་ལ་བྱས་ཚིག་ཁ་ཏོན་དུ་བྱས། །སྙན་པ་རྡོ་རྗེའི་གླུ་བླངས་པ་ལ་བརྟེན་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་བྱམས་པའི་ཞལ་མངོན་སུམ་དུ་བསྟན། །དགྱེས་པའི་གསུང་ཕྱུང་ནས་ཐེ་ཚོམ་གྱི་དྲྭ་བ་ཐམས་ཅད་བཅད། །དེ་ལ་བརྟེན་ནས་ཁོ་བོས་བཟོད་པ་དང་བརྩོན་འགྲུས་ལ་སོགས་པ་ཟླ་བ་ཡར་ངོ་བཞིན་དུ་འཕེལ་བར་གྱུར། །དེའི་དབང་གིས་འདི་ལྟར་འགྲོ་བ་རིགས་མི་མཐུན་
༧༧པ་ཐམས་ཅད་ཀྱང་མས་བུ་མཐོང་བ་བཞིན་དུ་བདག་ལ་ཀུན་དགའ་བར་གྱུར། །དེ་དག་གི་བཟང་ལེན་དུ་བཅོམ་ལྡན་འདས་བྱམས་པ་ལ་ཐེག་པ་ཆེན་པོའ་མཆོད་པ་བུལ་ཕུལ་བར་དགོངས་ནས་རྡོ་རྗེའི་གླུ་བླངས་པ་ནི། །ཐོག་མེད་དུས་ནས་ཉེ་བར་འབྲེལ་བ་ཡི། །ཕ་མར་གྱུར་པའི་སེམས་ཅན་མ་ལུས་པ། །བྱང་ཆུབ་མཆོག་ལ་འགོད་པའི་ཡི་དམ་བསམ། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། །དེ་ཚེ་རང་དོན་སྐད་ཅིག་མ་འཁྲིས་པར། །གཞན་དོན་འབའ་ཞིག་གོམས་པར་བྱ། །འདི་ནི་བྱང་ཆུབ་སྒྲུབ་པའི་གཙོ་བོ་ཡིན། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། །བདེ་སྡུག་བཏང་སྙོམས་ཚོར་བ་ཅི་བྱུང་ཡང་། །བྱང་ཆུབ་སྒྲུབ་པའི་གྲོགས་སུ་དང་དུ་བླང་། །བསྐལ་པ་དུ་མར་བསོད་ནམས་ཅི་གསོགས་ཀྱང་། །ཉན་ཐོས་སྔར་མའི་ཆོས་སུ་མ་ཤོར་བར། །ཆོས་འདིས །དེ་ཙམ་ཞིག་ཏུ་མི་འདོད་ཅི་བྱུང་ཡང་། །བཟོད་པའི་གོ་ཆ་ཅུང་ཟད་ཤོར་མ་གྱུར། །ལྷག་པར་དྲིན་གྱིས་བསྐྱངས་པའི་སྐྱེ་བོ་ཡིས། །ལོག་སྒྲུབ་བྱེད་ཀྱང་འཛུམ་པའི་བཞིན་གྱིས་སྐྱོང་། །ཆོས་འདིས །སྔར་མའི་སྐྱེ་བོས་ཕྱོགས་ནས་སྡིག་བསགས་ཀྱང་། །ངན་པའི་བསམ་པ་སྐད་ཅིག་མ་ཤོར་ཅིང་། །སྣང་སྲིད་བདུད་དང་ལྷ་འདྲེ་དགྲར་ལངས་ཀྱང་། །རང་འདོད་འཁྲིས་པའི་སྲུང་སྐྱོབ་བྱེད་མ་མྱོང་། །ཆོས་འདིས །ངེས་པར་འཆི་བའི་ནད་ཀྱིས་བཏབ་གྱུར་ཀྱང་། །ཆོས་མིན་དག་ལ་ཡིད་བརྟན་བཅའ་མ་མྱོང་། །སེར་སྣ་གོམས་པས་འབྱོར་པ་ཆུང་ན་ཡང་། །ལོག་པའི་ཆོས་ལ་ལྟོ་གོས་བྱེད་མ་མྱོང་། །ཆོས་འདིས །ངན་པའི་གྲོགས་ཀྱིས་ཀུན་ནས་བསྐོར་ན་ཡང་། །གཉེན་པོའ་རང་ཚུགས་གང་ཡང་སྐྱེལ་མ་མྱོང་། །མདོར་ན་འགྲོ་འམ་འདུག་གམ་ཅི་བྱེད་ཀྱང་། །མ་བརྟགས་བྱ་བ་གང་ཡང་བྱེད་མ་མྱོང་། །ཆོས་འདིས །དེ་ལྟར་ཡིན་མོད་འོན་ཀྱང་ཆོས་རྣམས་ལ། །བདེན་པར་རྟོག་པ་རྡུལ་ཙམ་ཡོད་མ་མྱོང་། །འདི་ནི་བྱང་ཆུབ་སྒྲུབ་པའི་གཙོ་བོ་ཡིན། །ཆོས་འདིས །དེ་ལྟར་སྒྲུབ་པའི་མཆོད་པ་དམ་པ་འདིས། །
༧༨རྣལ་འབྱོར་བདག་གི་བསམ་པ་སྦྱང་བའི་ཕྱིར། །བྱམས་པའི་དཔུང་གིས་ཡོན་འདི་བཞེས་སུ་གསོལ། །བཞེས་ནས་བློ་འདི་འབྱོངས་པར་མཛད་དུ་གསོལ། །ཞེས་པས་མཆོད་པ་དང་། བར་སྣང་ལ་མཆོད་པའི་ལྷ་མོ་ལྔ་དང་། སྒྲ་དང་འོད་ལ་སོགས་པ་ཡིད་དུ་འོང་བའི་མཆོད་པ་གཞན་ཡང་དཔག་ཏུ་མེད་པའི་རྣམ་པར་གྱུར་ཏོ། །དེའི་ཚེ་ཐེག་པ་ཆེན་པོ་ལ་བློ་འབྱོངས་པའི་སྐྱེས་བུ་དམ་པ་རྣམས་ཆོས་འདི་ངོ་མཚར་བའི་གནས་སུ་རིག་ནས་འདིའི་ཕྱོགས་སུ་དཀའ་བ་སྤྱོད་པ་དང་ཞུ་ཞིང་ཉམས་སུ་ལན་པ་ཡང་དུ་མ་བྱུང་མོད། །དེའི་ནང་ནས་གནས་ཆེན་པོ་བརྒྱ་དང་རྩ་བརྒྱད་ཀྱི་བདག་པོ་པཎྜི་ཏ་ལྔ་བཅུ་རྩ་གཉིས་ཀྱི་གཙུག་གི་ནོར་བུ། ཆོས་རྒྱལ་དྲུག་ཅུ་རྩ་གཉིས་ཀྱིས་མངའ་གསོལ་བའི་དཔའ་བོ། །འདུལ་བ་འཛིན་པ་བསམ་གྱིས་མི་ཁྱབ་པའི་མཁན་པོ། མདོ་སྡེ་འཛིན་པ་དཔག་ཏུ་མེད་པའི་བཤེས་གཉེན། མངོན་པ་འཛིན་པ་མཐའ་ཡས་པའི་བསྐུར་གནས་རིག་པ་འཛིན་པ་རྒྱ་མཚོའ་བླ་མ། མདོར་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་སྐྱེས་བུ་དམ་པ་འགྲོ་བའི་མགོན་པོ་ཨ་ཏི་ཤ་ལ་གནང་ནས་ཐུགས་རྗེ་ཆེན་པོ་དེས་ཐུགས་ཉམས་སུ་བཞེས་ཏེ། དེ་ཡང་རང་དོན་ཡལ་བར་དོར་ནས་གཞན་གྱི་དོན་ལྷུར་མཛད་པ་དེ་ནི་བདག་གི་བླ་མ་ལགས་ཞེས་པ་ལ་སོགས་པ་དེ་ལྟར་ལགས་སོ། །སྐྱེས་བུ་དམ་པ་དེས་རྒྱ་བོད་ཀྱི་ས་ཆ་ལ་སྐྱེས་བུ་དམ་པ་དོན་དུ་གཉེར་བ་རྣམས་ལ་ལྐོག་ཁྲིད་དུ་གདམས་པའོ། །བརྒྱུད་པ་ནི། བྱམས་པ། །བྱམས་པའི་རྣལ་འབྱོར་བ། །དེས་ཇོ་བོ་རྗེ་ལའོ། ༈ །བྱམས་པའི་རྣལ་འབྱོར་པ་ལ་ཕྱག་འཚལ་ལོ། །འཁོར་བའི་ནགས་སུ་དཀའ་ཐུབ་བཟོད། །སྐྱེ་བོ་ཡོངས་དེ་རང་འདོད་འཇོམས། །མི་འདོད་འཇིགས་པས་མི་བརྫི་བ། །དཔའ་བོ་རྣམས་ལ་གུས་བཏུད་ནས། །བདེ་གཤེགས་ལམ་སྲོལ་སྐྱོང་བའི་ཕྱིར། །རྒྱལ་པོ་སྙིང་སྟོབས་ཆེན་པོ་ལྟར། །གཞན་དོན་འབའ་ཞིག་རབ་བསམས་ནས། །བདག་གཞན་ངེས་པར་བརྗེ་བར་བྱ། །དེ་ལ་བདག་རྒྱུད་རེངས་པ་ངེས། །བཅུད་ཀྱི་བདག་པོ་དཔའ་བོ་ལ། །བདེ་གཤེགས་གསུང་རབ་དབང་བཞག་ནས། །ཡུས་པའི་ཚིག་
༧༩གིས་གདམས་འདི་ཞུས། །ཨེ་མ་དཔའ་བོ་སྙིང་རྗེ་ཅན། །བདག་གིས་ཆགས་པའི་གནས་རྣམས་སྤངས། །འཇིགས་པའི་ལམ་ལ་དཀའ་བ་སྤྱད། །ཕྱོགས་ལས་རྒྱལ་ཏེ་དྲུང་འདིར་སླེབས། །ནང་ནི་ནད་ཀྱིས་མནར་བ་ཡི། །ལོག་སྒྲུབ་སྐྱེ་བོ་བཟོད་པའི་ཕྱིར། །མི་གཙང་འཁོར་བའི་འདམ་རྫབ་ཏུ། །མི་ཕོད་བརྫི་བའི་ཆོས་གཅིག་ཞུས། །སྙིང་རྗེ་ཆེན་པོས་ལེན་གསུངས་པ། །དཀའ་བ་སྤྱད་ནས་འོང་བ་ལ། །འཇིགས་དང་དུབ་པ་སྤང་བའི་ཕྱིར། །བློ་སྦྱོང་སེམས་དཔའི་རིམ་པ་ཡོད། །ཁ་སྦུབ་སྣོད་དེ་ཐོས་པས་ཟློག །ཞབས་རྡོལ་སྣོད་དེ་བསམ་པས་དྲུབས། །སྤགས་པའི་སྣོད་དེ་སྒོམ་པས་ཁྲུས། །སྣོད་ཀྱི་སྐྱོན་སྤངས་བཅུད་འདི་ལོངས། །ཀྭ་ཡེ་ཐོག་མ་མེད་དུས་ནས། །ད་དུང་བདག་རྒྱུད་མ་ཐུལ་ནས། །གཤིས་ངན་བདུད་ཀྱི་ཁང་པ་ན། །ཉོན་མོངས་ལས་ཀྱི་ཕོ་ཉ་འཁོར། །ཁྱོད་ཀྱི་ཕ་མ་མ་བསམ་པས། །སེམས་ཅན་ཐམས་ཅད་སྡུག་བསྔལ་ཀྱང་། །ད་དུང་བག་བེབསཕེབས་བདེ་གྱུར་ཏེ། །གཉེན་པོ་གོ་ཆ་མི་གོན་ཨ། །དེ་ནི་གྱོད་བརྡལ་ཆེན་པོ་ཡིན། །ཕྱིན་ཆད་བཟློག་པའི་གོ་བ་ལོངས། །བདག་རྒྱུད་འགོང་པོ་མ་ཐུལ་ན། །ཕ་མའི་སྲོག་ལ་བྲབ་པོ་ཨ། །རང་གི་བདེ་སྐྱིད་འཇོམས་དེས་ཨ། །འཁོར་བའི་གཏིང་རྡོ་མཆིའོ་ཨ། །གཤིས་ངན་རང་མགོ་མ་འཆིངས་ན། །ཐམས་ཅད་དགྲ་བོར་ལངས་གྱུར་ཏེ། །དུག་མདའ་སྙིང་ལ་ཟུག་པའི་ཚེ། །ངེས་པར་ལུང་བར་མཆིའོ་ཨ། །རང་འདོད་ཁྱི་རྐུན་མ་ཕྱུང་བར། །གཉེན་པོའ་སྒོ་ཆད་མ་གྱུར་ཀྱང་། །ནང་དུ་ཕུང་ཁྲོལ་བྱུང་བའི་ཚེ། །སྨན་ཆད་དུག་ཏུ་འཆོར་རོ་ཨ། །དུག་ལྔའི་སྲོག་རྩ་མ་ཆོད་པར། །ལེ་ལོ་བློ་རྒྱ་བསྐྱེད་གྱུར་ཀྱང་། །ཚེ་ཐུང་རླུང་གིས་ཁྱེར་བའི་ཚེ། །སྙིང་ནས་འགྱོད་པ་མཆི་སོ་ཨ། །དེ་ནི་བསླབ་བྱ་ཆེན་པོ་ཡིན། །ཕྱིན་ཆད་སེམས་ལ་བརྟག་གཞིག་འཚལ། །རྣམ་རྟོག་བདུད་
༨༠ཀྱི་རྒྱལ་པོ་ཡིན། །གཤིས་ངན་ལས་ཀྱི་གཤིན་རྗེ་ཡིན། །རང་འདོད་དུག་གི་སྡོང་པོ་ཡིན། །སྐྱོན་རྣམས་སེམས་དང་ལེ་ལོ་ཅན། །ཚེ་འདི་ཆེ་ཐབས་བསླུ་བྲིད་ཡིན། །སྲུང་སྐྱོབ་མང་པོ་བོམགོ་བསྐོར་ཡིན། །ལྷ་འདྲེ་མང་པོབོ་བརྫུན་བྲིང་ཡིན། །རྣམ་རྟོག་དགྲ་རུ་མ་ལངས་ཤིག །བྱས་པའི་ལས་ལ་ཟིན་པ་མེད། །སྐྱོང་བའི་འཁོར་ལ་ཁྲེལ་གཞུང་མེད། །བསགས་པའི་ནོར་ལ་སྙིང་པོ་མེད། །ཕུང་ཤིག་གཞལ་གྱིས་ཐོབ་ཅིག་ཨ། །འཆི་བདག་རང་གི་སྙིང་ལ་གནས། །སྲོག་ནི་རང་གིས་གཅོད་པར་བྱེད། །དུག་ཆུ་རང་གིས་འཐུང་བར་བྱེད། །ངེས་པར་བདུད་འདི་སོམ་ཞིག་ཨ། །འདི་ནི་ཉམས་མྱོང་ཆེན་པོ་ཡིན། །བདག་གི་ཉེས་དམིགས་བཤད་པ་ཡིན། །གཏམ་འདི་འཇིགས་པར་རབ་བསམས་ནས། །ཕྱིན་ཆད་གོ་བར་འཚལ་ལོ་ཨ། །ངེས་པར་སྙིང་ལ་བསམ་པ་ཡིན། །བྱ་བྱེད་མང་པོ་སྲོག་ལ་གཟན། །གང་ལའང་ཕན་སེམས་མ་མཆིས་པས། །སྟོང་ཆེན་མང་པོ་མི་ཁ་སྡང་། །ཕོ་ཚུགས་གཉེན་པོ་མེད་པ་ཡི། །གྲོགས་པོ་ངན་པ་ཆོས་ལ་གཟན། །འདོད་ཡོན་སྡུག་ཁ་མ་ཁེངས་པའི། །ཆོས་པའི་གཟུགས་བརྙན་རྒྱུ་ལ་གཟན། །བྱས་ཤེས་བཀའ་དྲིན་མི་བཟོ་བའི། །ཁྲེལ་མེད་དེ་ནི་ཡོངས་ལ་གཟན། །རང་དོན་ཡལ་བར་མ་དོར་བའི། །གཞན་དོན་ཚིག་གིས་བསླུའོ་ཨ། །བློ་སྦྱོང་སེམས་དཔའི་རིམ་པ་ལས། །གཞི་ཉོན་མོངས་པ་གཏན་ལ་དབབ་པའི་ཆོས་ཡོངས་སུ་རྫོགས་སོ།། ༈ །།བློ་སྦྱོང་སེམས་དཔའི་རིམས་པ་ལས་བཟློག་ཕྱོགས་གཉེན་པོའ་ཆོས་བཞུགས་སོ། །སྙིང་རྗེའི་གདུང་བ་སྨན་གཅིག་པོ། །བདག་ལྟ་ཐུལ་བའི་གཉེན་གཅིག་པོ། །ཆགས་སྡང་སྐྱོབ་པའི་ལྷ་གཅིག་པོ། །གཉེན་པོའ་རྩ་བ་ཆོད་ལ་འདུད། །ཉོན་མོངས་རྣམ་རྟོག་སྐྱེས་པའི་ཚེ། །རྒྱ་ཁྲས་བྱེའུ་དེད་པ་ལྟར། །དམིགས་སུ་བཀོར་ལ་
༨༡བཀར་དེད་གྱིས། །ལག་ཏུ་ཟིན་ཏེ་བརླག་པར་གྱིས། །དོན་རྟོག་སྙིང་ལ་ཞེན་པའི་ཚེ། །དགྲ་རྐུན་ངོས་འཛིན་བྱེད་པ་ལྟར། །དབྱིབས་དང་སྤུ་རིས་ཕྱེ་མཛོད་ལ། །ཕྱིན་ཆད་རྟོག་པ་མེད་པར་གྱིས། །བཟང་རྟོག་དགྲ་རུ་ལངས་པའི་ཚེ། །གཤེད་མ་བུར་བརྫུས་ཟིན་པ་ལྟར། །ཟིན་མ་ཐག་ཏུ་མགོ་གནོན་ལ། །སྲོག་གཅོད་རྟོག་པ་མེད་པར་གྱིས། །སྐྱིད་འདོད་ལེ་ལོ་བྱུང་བའི་ཚེ། །སྟོན་གཡོག་གཉིད་ལོག་བསླངས་པ་ལྟར། །བསྡད་པའི་སྐབས་མེད་དྲག་འཆུན་གྱིས། །རྣམ་གྲོལ་ལས་ལ་འདའ་བར་བྱ། །ཚེ་འདིའི་ཆེ་ཐབས་སྒྲུབ་པའི་ཚེ། །སྲིན་པོ་མི་ཟན་མཐོང་བ་ལྟར། །ལྡང་ཞིང་ལས་དེའི་འཕྲོ་བཞག་ལ། །མི་ཁོམ་ལས་ལ་རྒྱང་རིང་བྲོས། །ཟླ་དང་གཡེང་བས་ཁྱེར་བའི་ཚེ། །གཡུལ་ངོར་མི་རོ་མཐོང་བ་ལྟར། །གྲོགས་དང་བཅས་ལ་རབ་སྡང་ཞིང་། །དབེན་པའི་ནགས་ཁྲོད་བརྟེན་པར་བྱ། །ཆགས་སྡང་བདུད་ཀྱིས་གཡེངས་པའི་ཚེ། །ཁྱི་སྨྱོན་དུག་སྦྲུལ་མཐོང་བ་ལྟར། །འཁོར་བའི་བདེ་ལ་རྒྱབ་ཕྱོགས་ཀྱིས། །བཙན་པ་མྱང་འདས་དབྱིངས་སུ་བྲོས། །རྟག་འཛིན་བརྩོན་རར་བསྡམས་པའི་ཚེ། །རྒྱལ་པོས་དོང་དུ་མནར་བ་ལྟར། །ནམ་འཆི་ཆ་མེད་རབ་བསམ་ལ། །ཡིད་འབྱུང་སྐྱོ་ཤས་དྲག་པོ་བསྟེན། །ཐོས་བསམ་ལོ་འདོད་ཤོར་བའི་ཚེ། །ཟློས་གར་མཁན་གྱིས་བཤད་པ་ལྟར། །ལག་ལེན་མེད་པར་རབ་བསམས་ནས། །རང་ལ་ཁྲེལ་བདས་ཆེན་པོ་བྱ། །ཉིན་མཚན་ཆོས་ལ་འབད་གྱུར་ཀྱང་། །ད་དུང་སྐྱ་དྲི་མ་ཡལ་ན། །བདུད་ཀྱིས་ཁྱེར་བར་རབ་བསམས་ལ། །བཟློག་སྟེ་གཉེན་པོ་བསྟེན་པར་བྱ། །བྱས་པ་ཆོས་ལ་བསམ་གྱུར་ཀྱང་། །ཅི་བྱས་ལོག་པར་སོང་གྱུར་ན། །འགོང་པོས་ཁྱེར་བར་རབ་བསམས་ལ། །ངེས་པར་དཀོན་མཆོག་ར་མདར་སྦྲན། །བླ་མའི་གྲྭ་སར་བསྡད་གྱུར་ཀྱང་། །མཁན་སློབ་གྲོགས་པོ་ལྟར་
༨༢བཅོས་པའི། །ཆོས་ལ་ཆགས་སྡང་གསོག་གྱུར་ན། །བདུད་ལས་བསམས་ལ་ནགས་ཁྲོད་བསྟེན། །རྩེ་གཅིག་སྒོམ་སྒྲུབ་བྱས་གྱུར་ཀྱང་། །ད་དུང་གྲོལ་ཆ་མ་རྙེད་ན། །ཐོས་པས་གོལ་ས་མ་རྙེད་སྐྱོན། །བསམས་ལ་བཟློག་སྟེ་ཟབ་མོ་བལྟ། །བློ་སྦྱོང་སེམས་དཔའི་རིམ་པ་ལས། །བཟློག་ཕྱོགས་གཉེན་པོའ་ཆོས་རྣམས་ཡོངས་སུ་རྫོགས་སོ། ༈ །བློ་སྦྱོང་སེམས་དཔའི་རིམ་པ་ལས། །རང་རྒྱུད་ངན་པ་དམའ་དབབ་པའི་ཆོས་བཞུགས་སོ། །རང་འདོད་འཁྲི་བ་མ་ཞུགས་པས། །ཐེག་དམན་ལྟ་བར་མ་ལྟུང་ཞིང་། །སྲིད་པའི་བརྩོན་རར་མ་བསྡམས་པའི། །གྲོལ་བ་དེ་ལ་ཕྱག་འཚལ་ལོ། །ངའོ་ཞེས་པ་མགོ་བསྐོར་ཡིན། །དགོས་ཤེས་བྱ་བ་ངོ་དགའ་ཡིན། །གཞན་མ་ཞེས་པ་དགྲ་ཚིག་ཡིན། །མི་དགོས་ཞེས་པ་བར་ཆད་ཡིན། །བདག་གཞན་ཅེས་པ་འབྱེད་ཚིག་ཡིན། །ཆགས་སྡང་ཞེས་པ་འཁྲུགས་པ་ཡིན། །དེ་འདྲའི་རྣམ་དབྱེ་སུ་བྱེད་པ། །དེ་ནི་ཟབ་མོའ་ཆོས་ལས་ཉམས། །མཁས་པ་དགྲ་བོ་འཇོམས་འདོད་ན། །དང་བོད་བདག་ཁྱད་དུ་བསད། །གང་གིས་བསྐུར་བ་བཏབ་གྱུར་ཀྱང་། །དེ་ལ་དག་ཚང་རྣམས་མི་བྱེད། །གང་གིས་གནོད་པ་བསྐྱལ་གྱུར་ཀྱང་། །ཁ་འཛིན་ཤག་འདེབས་ཡང་མི་བྱེད། །ལུས་སྲོག་ལོངས་སྤྱོད་བྲལ་གྱུར་ཀྱང་། །རང་གིས་བསགས་པས་ལེན་ནོ་ཞེས། །ལྷག་པར་རང་ལ་སྙིང་ཚིམ་བསྒྲང་། །གང་གིས་འདྲེ་གདོན་རྦད་གྱུར་ཀྱང་། །དེ་ལ་འཁུ་འཁྲིག་མི་བྱ་སྟེ། །གཞན་གྱི་བསམ་པ་ཚིམ་པར་བྱ། །མི་ཕོད་བསམ་པ་བརྗི་བ་སྟེ། །སྲིད་དང་འདྲ་བའི་འཁོར་ལ་སོགས། །ཤ་ལ་བརྩེ་བ་འཕྲོག་གྱུར་ཀྱང་། །རང་ལ་འགལ་མེད་སྙིང་ཚིམ་བགྲང་། །ཡོན་བདག་དྲིན་ལེན་ལོག་འཇལ་ཚེ། །སྐད་ཅིག་ཙམ་ཡང་མི་འཁྲུགས་པར། །བཟོད་བསྐུལ་བཀའ་དྲིན་དྲན་པར་བྱ། །ད་ནི་
༨༣སྡིག་པ་སྤོང་བའི་ཐབས། །ཞེ་སྡང་མེད་པར་དགྱེ་བར་བྱ། །དེ་ལྟར་བཀར་གྱིན་བྱམས་པ་བསྒོམ། །རང་ལ་སྙིང་ཚིམ་ཐི་ལེས་བཏབ། །དེ་ལྟར་བཟོད་པ་མ་ཐོབ་བར། །གྲོགས་ནི་གཤིས་ངན་དག་དང་འགྲོགས། །དེ་ལ་དམིགས་རྐྱེན་རབ་བྱས་ནས། །འཁོར་བ་ལ་ཡི་སྐྱོན་བསམ་ཞིང་། །སྙིང་རྗེ་ཆེན་པོ་ལྷག་པར་བསྒོམ། །གནས་མ་ལས་ཕུག་གད་སྐྱིབས་དང་། །ཁང་རུལ་ཐིགས་པ་འཛག་པ་དང་། །ལྷ་ཁང་ཕྱུགས་ལྷས་འབྲོག་སྟོང་དང་། །གཅོང་རོང་ཡིད་མི་དགའ་བར་བསྡད། །དེ་ཚེ་ཤེས་པ་མི་དགའ་ཞིང་། །ཀླུང་དུ་བསྡད་ན་རི་ལ་འགྲོ། །དེར་ནི་སྡོད་སྙིང་མི་འདོད་དེ། །བསེ་དང་སྐྱིབས་དང་བཟུར་ལ་སྙེགས། །ཡང་ཡང་སྡོང་ས་རབ་སྤོ་ཞིང་། །ཤེས་པ་མི་དགའ་སྐྱེ་བ་ན། །རང་ལ་ཤག་འདེབས་འདི་ལྟར་བྱ། །ཁྱོད་ཀྱི་ཤེས་སྤྱོད་འདི་འདྲ་ན། །གནས་མལ་འདི་ཡང་ཡང་རབ་ཡིན། །བློ་སེམས་འདི་ཀུན་བདེ་མོ་ཡིན། །གཞན་དུ་ཁྱོད་ཀྱི་སྡུག་བསྲན་འདིས། །དམྱལ་བར་མ་སྐྱེས་ཁར་རྗེ་ཆེ། །བཙོ་བསྲེག་མ་མྱོང་ཁར་རྗེ་ཆེ། །ཡིད་བཏགས་བཀྲེས་སྐོམ་གྲོང་ཁྱེར་དུ། །བསྐལ་པར་མ་སྐྱེས་ཁར་རྗེ་ཆེ། །མི་གཙང་སྲིན་བུའི་གྲོང་ཁྱེར་དུ། །འདམ་རྫབ་ཆེན་པོར་རབ་འཕྱོ་ཞིང་། །བསྐལ་པར་མ་སྐྱེས་ཁར་རྗེ་ཆེ། །གཞན་ཡང་འཇིགས་པ་རབ་བསམ་ཞིང་། །བདག་ལ་ཁྲེལ་བདས་ཆེན་པོ་བྱས། །ལྟོ་ལ་གྱོང་བསྐུར་དཀའ་ཐུབ་བྱ། །གོས་ལ་གྱོང་བསྐུར་དམའ་ཆ་བཟུང་། །བདེ་སྐྱིད་ཁྱད་བསད་གཉེན་པོ་བསྒོམ། །བྱ་བྱེད་ལིང་བསྒྱུར་བྱར་མེད་བསྟེན། །ཅི་བྱེད་བྱང་ཆུབ་གྲོགས་སུ་བསྒྱུར། །བློ་སྦྱོང་སེམས་དཔའི་རིམས་པ་ལས། །རང་རྒྱུད་ངན་པ་དམའ་དབབ་པའི་ཆོས་ཡོངས་སུ་རྫོགས་སོ། ༈ །བློ་སྦྱོང་སེམས་དཔའི་རིམ་པ་ལས། །ཟག་བཅས་དགེ་བའི་སྟོབས་སྐྱེད་པའི་ཆོས་བཞུགས་སོ། །ལུས་དང་སྲོག་ལ་མི་ལྟ་ཞིང་། །རྒྱལ་སྲིད་བྱ་དགའ་མ་བརྟེན་པར། །དཀའ་སྤྱད་བཟོད་པ་བསྒོམ་པ་ཡི། །དཔའ་བོ་དེ་ལ་ཕྱག་འཚལ་ལོ། །གཏམ་འདི་ཉོན་དང་རྟག་འཛིན་ཅན། །ལས་
༨༤འདི་སེམས་དང་ཁུར་བོ་ཅན། །སྐྱེ་བ་གཏན་གྱི་ས་བོན་དེ། །ཚེ་ཐུང་འདི་ལ་སྒྲུབ་དགོས་ན། །ལོང་ཡོད་བརྟེན་པའི་སྙིང་མེད་པ། །གདོན་འདི་གང་གིས་བསླད་པ་ཡིན། །སྔར་ཡང་སྐྱིད་འདོད་ཆེས་བས་ཕུང་། །དེ་ལྟར་ཡིན་མོད་ཟུར་མགོ་རགས། །ད་དུང་གཤིས་ངན་མ་སྤངས་ན། །རྒྱུད་འདིས་ཤིན་ཏུ་ཕུང་བ་ཡིན། །ད་དུང་གཞན་དོན་མ་བསམ་པར། །ང་དགོས་འབའ་ཞིག་བརྟེན་བྱས་ནས། །རང་གཞན་ཐམས་ཅད་མགོ་བསྐོར་ནས། །མནར་མེད་གནས་སུ་ངེས་པར་འཇུག །ཚེ་འདིའི་ཁ་འཛིན་ཤག་འདེབས་ཀྱིས། །འདྲེ་རྟོག་ཟུར་མགོ་སུ་བས་རགས། །ན་ཚ་སྡུག་བསྔལ་སུ་བས་མང་། །གཟེར་ཟུག་སྡུག་བསྔལ་ནད་དུ་ཆེ། །ཚ་གྲོང་སྡུག་བསྔལ་དམྱལ་བ་འདྲ། །དབུལ་ཕོངས་སྡུག་བསྔལ་སུ་བས་ཆེ། །བཀྲེས་སྐོམ་འཇིགས་སྐྲག་ཡིད་བཏགས་འདྲ། །དུག་སྦྲུལ་ཁྱི་སྨྱོན་ཉིད་དང་མཚུངས། །ཡོད་ན་ཡོད་པས་སྐྱོང་ཕྱིར་སྡུག །མེད་ན་མེད་པས་འཚོལ་ཕྱིར་འཁྱམས། །གང་ལྟར་བྱས་ཀྱང་སྡུག་བསྔལ་གསོས། །ཅི་ལྟར་བྱས་ཀྱང་སྐབས་དོན་སྟོང་། །ཙ་བ་བདག་འཛིན་ཆེས་པས་ལན། །སྡུག་བསྲན་སྙིང་རུས་ཆུང་བས་ལན། །བྱམས་པའི་ཞིང་ས་རལ་བས་ལན། །སྙིང་རྗེའི་རྩ་བ་ཆད་པས་ལན། །སེམས་བསྐྱེད་དགེ་བ་སྟོར་བས་ལེན། །མ་རབས་གྲོགས་ལ་བརྟེན་པས་ལན། །དེ་རྣམས་ཐམས་ཅད་འདས་པའི་ཆོས། །འདུན་མ་བརླག་ཟིན་ཡར་ལ་མཆོད། །ད་ནི་སུ་ལའང་རེ་མ་ཆེ། །ཕྱི་ནང་གང་ལའང་དོགས་མ་འཆའ། །དོན་མེད་རྟོག་པའི་སྔོན་མ་བསུ། །སྔར་བྱས་ངན་པའི་རྗེས་མ་བཅད། །བདག་འཛིན་བྱེད་རི་ཞེ་མནའ་སྐྱོལ། །ངན་ཤག་བྱེད་རི་ཞེ་མནའ་སྐྱོལ། །མི་ལ་འཇུག་རི་ཞེ་མནའ་སྐྱོལ། །འདོད་ཡོན་སེམས་རི་ཞེ་མནའ་སྐྱོལ། །ཇོ་བོ་སེམས་ཅན་མར་བསམས་ལ། །སྡུག་བྱུང་ཐམས་ཅད་རང་གིས་ཁུར། །དུཿཁ་ཐམས་ཅད་རང་གིས་ལོངས། །
༨༥ཁྲེལ་བདས་ཆེན་པོ་རང་ལ་གྱིས། །སོམས་ཤིག་སོམས་ཤིག་འཇིགས་པ་སོམས། །བཟློག་ཅིག་སྔར་བས་ལས་ངན་ཟློག །དེ་ལྟར་ཉོན་མོངས་རབས་ཆོད་ལ། །ཕྱི་ནང་དུས་སྐབས་ཐམས་ཅད་དུ། །བདག་འཛིན་དུཿཁས་མ་བཟུང་ཞིག །ལས་ངན་གསོག་ན་ཁྲོམ་དུ་སྒྲོགས། །ངོ་ལྐོག་བྱས་ན་ཁ་དམན་ཕོབ། །ནང་དབྱེན་བྱས་ལ་ནངས་མཚང་ཤིག །སྤྱོད་ངན་དཀྲུག་ལ་ཐེ་ལེས་ཐོབ། །གཙང་རྟོག་སྐྱེས་ཚེ་མཛེ་རོས་འདུལ། །གདོན་རྟོག་སྐྱེས་ཚེ་གཉེན་དགུ་འགྲིམ། །སྐྱུགས་བྲོ་སྐྱེས་ཚེ་རྣག་ཁྲག་འཇིབ། །ཁ་རྒྱང་མ་ཆེ་བདག་འཛིན་བསྒྱུར། །བྱིན་རླབས་མ་ཞུ་འདྲེ་ལ་བྱིན། །མཐུ་བོ་ཆེ་ལ་བློ་མ་གཏད། །མོ་བོན་དག་ལ་བློ་མ་དབབ། །དྲག་སྔགས་དག་ལ་སེམས་མི་གཏད། །རྫས་རང་ལིངྒ་རང་ལ་བྱས། །འདྲེ་གདོན་ནད་ཀྱིས་བཏབ་པ་ན། །རྡོ་རྗེ་འཛིན་པ་ལ་སོགས་པའི། །ཁྲོ་བོ་ཐམས་ཅད་ཕྱིར་ལ་ཁྱེད། །མ་ཧཱ་ཀཱ་ལ་ལ་སོགས་པའི། །གཏུམ་པོ་ཐམས་ཅད་ཕ་ཚད་ཁྱེད། །ད་ནི་དེ་རིང་ལན་ཆགས་འཇལ། །སྲུང་སྐྱོབ་ར་མདའ་སྦྲན་རི་ཤི །དེ་རིང་འཁོར་འདས་ཤན་ཤུན་འབྱེད། །འདུས་ཤིག་འདུས་ཤིག་ཤ་ཟ་དང་། །དབུགས་ལེན་ཐམས་ཅད་རྩ་འདིར་འདུས། །ཤ་བཤུས་རོགས་ལ་སླེབས་པར་ཤོག །ཤ་བགོས་གྲོགས་ལ་སླེབས་པར་ཤོག །ཁྱེད་རྣམས་ང་ཡི་ཕ་མ་ཡིན། །བུ་ཡི་ཤ་ཁྲག་རོལ་དུ་ཐོག །ཁྱོད་ནི་དྲིན་ཅན་ཕ་མ་ཡིན། །དེ་རིང་བཟང་ལན་ལེན་དུ་ཤོག །སྔོན་ཆད་ལུས་སེམས་གཅེས་པར་བཟུང་། །རྒྱུ་དེས་ད་རུང་འཁོར་བར་འཁྱམས། །སྔོན་ཆད་བྱ་དགའ་རང་གིས་ཁྱེར། །རྒྱུ་དེས་ད་རུང་ན་ཚས་བཏབ། །སྔོན་ཆད་གནོད་པ་གཞན་ལ་བསྐྱལ། །རྒྱུ་དེས་ཁུར་བོ་རི་བས་ལྕེ། །སྔོན་ཆད་བྱས་པ་འགྱོད་ལུགས་ལ། །ད་ནི་ཁུ་འཕྲིག་བྱ་རི་ཤི །སྔོན་ནི་བདག་འཛིན་བསྲུངས་བསྲུངས་ནས། །ཁ་
༨༦ཙམ་ཚིག་གི་སྐྱབས་འགྲོ་དྲན། །ད་ནི་སྐྱབས་གསུམ་མཐུ་ཆེ་ཡང་། །ད་ནི་བདག་འདིའི་རྒྱབ་མི་བྱེད། །ཕུང་བྱེད་འདི་ཡི་གཏིང་མ་རྫི། །གལ་ཏེ་ཐུགས་རྗེས་སྐྱབས་བྱེད་ན། །འཛིན་པ་ནང་དུ་བརླག་པར་གྱིས། །གཟུང་བ་ཕྱི་རུ་བརླག་པར་གྱིས། །ཆགས་ལྡང་རང་སར་བརླག་པར་གྱིས། །ཕྱིས་ནི་ལྡང་བ་མེད་པར་གྱིས། །ད་ནི་ལན་ཆགས་སྟོན་མོ་འགྱེད། །མགྲོན་རིས་སྲིད་རྩེ་མན་ཆད་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ན། །ལུས་དང་ལོངས་སྤྱོད་བྱ་དགའ་དང་། །དབུགས་དང་མདངས་དང་གཟི་བརྗིད་རྣམས། །གང་ལ་དགོས་པ་ཐམས་ཅད་འདུས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཤོག །ཐོག་མེད་དུས་ནས་གཅེས་བཟུང་བའི། །ཤ་ཁྲག་འདི་ལ་དགའ་བར་རོལ། །ལན་ཆགས་ཟོ་ལ་ཕྱིས་མི་སྙེགས། །མགྲོན་རིགས་སྟོང་ཕྲག་བརྒྱད་ཅུ་ཤོག །བྱིས་པའི་གདོན་ཆེན་བཅོ་ལྔ་ཤོག །གནོད་སྦྱིན་ཤ་ཟ་འབྱུང་པོ་ཤོག །ཕོ་བདུད་བདུད་ཀྱི་ཕོ་ཉ་ཤོག །མོ་བདུད་ལས་ཀྱི་སྲིན་མོ་ཤོག །ཕོ་བདུད་རྒྱལ་འགོང་ས་བདག་ཤོག །ཐམས་ཅད་འདིར་ཤོག་ཤ་ཁྲག་རོལ། །སྤྱི་བོ་ཚངས་པའི་བུ་ག་ནས། །རྐང་མཐིལ་སོར་མོ་ཡན་ཆད་ལ། །ཁོ་བོ་ཞེན་ཆགས་མི་བྱེད་ཀྱིས། །ཐམས་ཅད་བག་ཕོབས་ཚིམ་པར་ཟོ། །ཤ་ཁྱེར་ཁྲག་འཐུང་རུས་པ་མུར། །མགོ་པོ་ཡན་ལག་དོན་སྙིང་ཁྱེར། །ལྷུ་ཚིགས་ནང་ཁྲོལ་ཆུ་སེར་ཁྱེར། །མདོར་ན་ཀླད་པགས་ལ་སོགས་པའི། །ལུས་འདི་ཕྱི་ནང་ཐམས་ཅད་ཀྱི། །བཟའ་ཉན་བཅའ་ཉན་ཐམས་ཅད་ལ། །ཁུ་འཁྲིག་མ་བྱེད་ཚིམས་པར་རོལ། །ཞི་བར་གྱིས་ལ་བརླག་པར་གྱིས། །ཕུང་བར་གྱིས་ལ་རྩ་བ་ཆོད། །ཆོམ་ཆོམ་མྱོག་མྱོག་བདག་ལ་ཡ། །ཤག་ཤག་ཚལ་པ་བདག་ལ་ཡ། །རྦད་རྦད་ཐུམ་ཐུམ་བདག་ལ་ཡ། །ཧཱུྃ་ཛཿཕྱིས་འདི་མེད་པར་གྱིས། །འཁོར་བའི་འཁོར་ལོ་རྒྱུན་ཆོད་ཅིག །ལས་
༨༧ངན་ཕུང་པོ་རབས་ཆོད་ཅིག །སྔོན་ཆད་ལུས་འདི་གཅེས་པར་བཟུང་། །ད་ནི་བདག་ཉིད་བརླག་པར་མཛོད། །མ་རུངས་བརླག་པའི་མཐུ་སྟོབས་ཅན། །ཤ་ཁྲག་རོལ་པའི་གདུག་པ་ཅན། །དབུགས་ལེན་གཤེད་པོ་ས་མ་ཡ། །ཁྱེད་ཀྱིས་བདག་འདི་ཆོམ་པར་གྱིས། །དུས་གསུམ་སངས་རྒྱས་རྣམས་ལ་ལྷག །ཁྱོད་ཀྱིས་བདག་འདི་མ་ཆོམ་ན། །རང་རང་ལས་ཀྱིས་བརླག་པར་འགྱུར། །ད་ནི་ཤེས་ནས་འཇིག་པ་ཡིས། །ཚོགས་རྫོགས་བཅིང་བ་གྲོལ་བར་འདོད། །དེ་ལས་གྲོལ་བར་མ་གྱུར་ན། །འདིར་ཚོགས་གཤེད་མ་ཐམས་ཅད་ཀྱིས། །རླུང་དང་མཁྲིས་དང་བད་ཀན་དང་། །འདུས་པ་ནད་ཀྱི་ཕུང་པོ་དང་། །མི་བཟོད་སྡུག་བསྔལ་དྲག་པོ་ཐོངས། །སྣང་ཡུལ་སྲིད་པའི་འཁོར་འདས་ན། །མི་འདོད་ཇི་སྙེད་ཡོད་པ་རྣམས། །ཐམས་ཅད་བདག་གི་སྟེང་དུ་ཐོངས། །འགྲོ་ཀུན་ཉོན་མོངས་ལས་དང་ནི། །སྡུག་བསྔལ་སྲིད་པ་ཁེག་པར་གྱིས། །ངེས་པར་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་རང་གི་སྙིང་ནང་དུ། །ད་ལྟ་ཉིད་དུ་སྨིན་པར་ཤོག །རྒྱུ་དེས་འགྲོ་བ་མ་ལུས་པ། །ལས་ངན་རྒྱུ་འབྲས་དྲུང་ཕྱུང་ནས། །སྤངས་རྟོགས་ཕུན་སུམ་ཚོགས་པར་ཤོག །བདག་ལ་ཡོད་པའི་དགེ་བ་རྣམས། །ཐམས་ཅད་འགྲོ་བ་ཡོངས་ལ་བསྔོ། །རྒྱུ་དེས་འགྲོ་བ་མ་ལུས་པ། །རྟོགས་པ་ཕུན་སུམ་ཚོགས་པར་ཤོག །དེ་ལྟར་འགྲོ་བ་ཐམས་ཅད་ཀྱི། །སྤངས་རྟོགས་ཕུན་ཚོགས་ཐོབ་གྱུར་ཏེ། །བྱམས་དང་སྙིང་རྗེ་ཆེན་པོའ་དཔལ། །ཆོས་སུ་ཉག་གཅིག་ཐོབ་པ་ན། །དེ་ལས་བྱུང་བའི་ཚོགས་གཉིས་ཀྱིས། །བདག་ཉིད་འཁོར་བར་ག་ལ་ལུས། །གང་ཡང་བྱང་ཆུབ་མ་ཐོབ་བར། །མྱོང་འགྱུར་ཉོན་མོངས་རྒྱུ་འབྲས་རྣམས། །ཚེ་འདིར་རྒྱུད་ལ་སྨིན་པར་ཤོག །ཚེ་འདིའི་ཉོན་མོངས་རྒྱུ་འབྲས་རྣམས། །ད་ལོ་ཉིད་ལ་སྨིན་པར་ཤོག །དེ་ཡང་
༨༨ཟླ་བ་འདི་ལ་ཤོག །དེ་ཡང་དེ་རིང་ཉིད་ལ་ཤོག །དེ་ཡང་སྐད་ཅིག་འདི་ལ་ཤོག །དེ་རིང་གཟེར་ཐུང་ལ་སོགས་པའི། །ཟུག་གཟེར་དྲག་པོ་མྱོང་བའི་ཚེ། །ནད་འདི་འགྲོ་བ་ཡོངས་ཀྱི་ནད། །སྒོས་ཁུར་ཉིད་དུ་བླངས་པ་ཡིན། །ད་ནི་ཐོག་ཏུ་ཕེབས་པ་ཡིན། །གཏོད་ལེན་གནད་དུ་སོང་བ་ཡིན། །ཨ་ལ་ལ་ཧོ་ང་རེ་དགའ། །ངེས་པར་སེམས་ཅན་བདེ་སྟེ་མཆི། །སྡུག་བསྔལ་བདག་གིས་ལོན་པ་ཡིན། །ད་ནི་གོ་རེ་བཅད་དོ་ཞེས། །ན་ཚ་སྐྱེས་པ་ཙམ་གྱིས་ཀྱང་། །འོས་མེད་ན་ཚ་འདུས་པ་ཡིན། །ན་གོ་བདག་གིས་ཆོད་པ་ཡིན། །ཚ་གོ་བདག་གིས་ཆོད་པ་ཡིན། །བཀྲེས་སྐོམ་འཁྱག་གི་ཆོད་པ་ཡིན། །ལུས་ལ་ན་ཚ་སྐྱེས་གྱུར་ཀྱང་། །སེམས་ཀྱི་དགའ་བ་འཕེལ་བར་བྱ། །བློ་སྦྱོང་སེམས་དཔའི་རིམ་པ་ལས། །ཟག་བཅས་དགེ་བའི་སྟོབས་སྐྱེད་པའི་ཆོས་ཡོངས་སུ་རྫོགས་སོ།། ༈ །།བླ་མ་གསེར་གླིང་པས་ཇོ་བོ་ལ་མཐའ་འཁོབ་འདུལ་བའི་ཆོས་སུ་གནང་བ་བཞུགས་སོ། །མགོན་པོ་གསེར་གླིང་བའི་ཞལ་ནས། །ཇོ་བོ་ལ་བུ་ཁྱོད་མཐའ་འཁོབ་འདུལ་བའི་ཆོས་འདི་རྣམས་དགོས་གསུངས། །རྟོག་པ་ཐམས་ཅད་འབུར་འཇོམས་ཏེ། །གཉེན་པོ་ཐམས་ཅད་བཅོམ་རྡོག་ཡིན། །འདུན་མ་ཐམས་ཅད་གཅིག་འདྲིལ་ཏེ། །ལམ་རྣམས་ཐམས་ཅད་གཅིག་ཆོད་ཡིན། །གཉེན་པོ་རྣམ་བྱང་གི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །རྐྱེན་ངན་དགེ་བའི་བཤེས་གཉེན་ཏེ། །འདྲེ་གདོན་རྒྱལ་བའི་སྤྲུལ་པ་ཡིན། །ན་ཚ་སྡིག་སྒྲིབ་ཀྱི་ཕྱགས་མ་སྟེ། །སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལངས་ཡིན། །ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །སྐྱིད་ཀྱི་ཁ་ནོན་ཆེན་པོ་སྟེ། །སྡུག་གི་མཇུག་སྡུད་ཆེན་པོ་ཡིན། །ན་ན་ནད་
༨༩གཡོག་ཆེན་པོ་ཡིན། །གཅིག་པུར་སྡོད་ན་སྐྱོ་གྲོགས་ཡིན། །གཉེས་པོ་ལོག་ནོན་གྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །བདག་ནི་ལས་ངན་གྱི་རྩ་བ་སྟེ། །རྒྱངས་ཀྱིས་བསྐྱུར་བའི་ཆོས་གཅིག་ཡིན། །གཞན་ནི་བྱང་ཆུབ་ཀྱི་འབྱུང་ཁུངས་ཏེ། །བཅང་སྟེ་ལེན་པའི་ཆོས་གཅིག་ཡིན། །སྤང་གཉེན་མཇུག་སྡུད་ཀྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །ལོག་ཅེར་ལོག་ལ་ཅིར་ཅེར་ལྟོས། །ཤིགས་ཀྱིས་ཤིག་ལ་འབོལ་ལེ་ཞོག །དེས་ནི་མི་འཆིང་གྲོལ་བར་འགྱུར། །ཞེས་གསུངས་སོ། ༈ །ཉོན་མོངས་པ་ལམ་དུ་སློང་བའི་ཆོས་བཞུགས་སོ། །ན་མོ་རཏྣ་གུ་རུ། ཆགས་སྡང་གི་རྟོག་པ་དྲག་པོ་བྱང་ཆུབ་ཀྱི་སེམས་གཉིས་ལ་བརྟེན་ནས་ལམ་དུ་སློང་བའི་མན་ངག །སྔགས་ནས་ཉོན་མོངས་པ་ལམ་དུ་སློང་ཚུལ་བཤད་ཟེར་ཏེ། ཉོན་མོངས་པ་རང་ག་མ་འདི་ལམ་དུ་འགྲོ་མི་སྲིད། ཉོན་མོངས་པས་དམིགས་པར་བྱས་ནས་རྣམ་པར་བཟློག་པའི་སྒོ་ནས་ལམ་དུ་བྱེད་པ་མདོ་སྡེ་ནས་ཀྱང་མང་དུ་གསུངས། དེའི་གདམས་ངག་ཀྱང་དང་པོ་འདོད་ཆགས་ལ་མཚོན་ན། རང་རྒྱུད་དམ་དངོས་པོ་འགའ་ཞིག་ལ་ཆགས་པར་མཐོང་བའི་ཚེ་འདི་ཉོན་མོངས་པ་འདོད་ཆགས་ཡིན། མ་སྤངས་མ་སྦྱངས་མ་བཏུལ་ན་ངན་སོང་ལ་སོགས་པའི་དུཿཁ་དཔག་ཏུ་མེད་པ་བསྐྱེད་པ་ཡིན། སྦྱངས་ཤིང་བཏུལ་ན་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་འགྱུར་བ་ཡིན། བདག་གིས་འདི་བཏུལ་ནས་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་འགྱུར་བར་བྱའོ་སྙམ་དུ་བསམ། དེ་ནས་བདག་གི་དགྲ་ཟླའི་ཉོན་མོངས་པ་འདོད་ཆགས་རང་གི་རྒྱུད་ལ་བླངས། དེ་ནས་བྱམས་པ་བསྒོམ་པ་བཞིན་རྒྱ་ཇེ་ཆེར་བསྐྱེད། མཐར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་བག་ལ་ཉལ་དང་བཅས་པ་ཐམས་ཅད་རང་གི་སྟེང་དུ་བླངས་
༩༠པས་རང་གི་འདོད་ཆགས་དེ་བློས་འཁྱུད་ཚད་ཀྱིས་ཆེན་པོར་བསམ། སེམས་ཅན་ཐམས་ཅད་འདོད་ཆགས་དང་བྲལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་བསམ། དེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན། རང་གི་འདོད་ཆགས་རི་བོ་ཙམ་དེ་རང་གི་སེམས་ཀྱིས་བླངས་པ་ཡིན། ཕ་རོལ་གྱི་ཡང་བླངས་པ་ཡིན། འདོད་ཆགས་ཀྱི་ངོ་བོ་ཡང་སེམས་ཡིན་སེམས་ལས་ལོགས་སུ་རྡུལ་ཙམ་ཡང་མེད། སེམས་ལ་སེམས་ཀྱིས་བལྟས་པས་འདས་པ་དང་མ་འོངས་པའི་སེམས་ནི་འགག་ཤིག་མ་སྐྱེས་བས་ན་མེད་པ། ད་ལྟར་པ་ནི་དབྱིབས་ལ་སོགས་པའི་ངོས་བཟུང་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་ནམ་མཁའ་ལྟ་བུར་འདུག་པ་འདོད་ཆགས་བྱ་བའི་མིང་ཙམ་ཡང་དོན་དུ་གྲུབ་པ་མི་འདུག་སྙམ་དུ་བསམ་པ་དེའི་རང་དུ་གནས་ཆད་བཞག་པར་བྱའོ། །དེ་ནི་དོན་དམ་བྱང་སེམས་ཡིན། དེ་གཉིས་ལས་རིམ་པ་ལྟར་གཟུགས་ཀྱི་སྐུའི་མཚན་ཐོས་པ་ཙམ་གྱིས་ཀྱང་ཉོན་མོངས་པ་ཞི་བར་འགྱུར་བའི་ཕྲིན་ལས་དང་། ཉོན་མོངས་པ་བག་ཆགས་གནས་ངན་ལེན་ཐམས་ཅད་སྤོང་བའི་ཆོས་སྐུ་འབྱུང་། དེ་བཞིན་དུ་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ལ་སྦྱར་བར་ཤེས་པར་བྱ་གསུངས། བླ་མའི་གསུང་ཉིད་ལྷག་ཆད་མེད་པར་བྲིས་པའོ། །ཉོན་མོངས་པ་ལམ་དུ་སློང་བའི་མན་ངག་ཤིན་ཏུ་ཟབ་པའི་དོན་དགེ་ལེགས་ནམ་མཁའ་དང་མཉམ་པར་གྱུར་ཅིག ༈ །བླ་མའི་རྣལ་འབྱོར་བཞུགས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་ཡང་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ནས་བླ་མ་གལ་ཆེ་བས་མཚན་ཉིད་དེ་བསྟེན་ཚུལ་མང་དུ་གསུངས། སྡོང་པོ་བཀོད་པ་ལས། སྐྱེ་བ་འཛིན་པ་མེད་པ་ཡི། །གྲུ་ཡིས་ཕ་རོལ་ཕྱིན་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པས་སྲིད་མཐར་མིན། །ཞེས་གསུངས་ཏེ། འཇིག་རྟེན་པའི་ཡོན་ཏན་རིགས་མཐོ་བ་ལ་སོགས་པ་
༩༡རྫོགས་པའམ། ཡང་ན་སྒྲུབ་པ་པོ་སློབ་མའི་ཡོན་ཏན་དད་པ་དང་བརྩོན་འགྲུས་ལ་སོགས་པ་རྫོགས་པ་ཡོད་ཀྱང་རྒྱུད་བྱིན་གྱིས་རློབས་པའི་བླ་མ་ལ་མ་བསྟེན་པར་རྟོགས་པ་མི་སྐྱེ་སྟེ། དེ་མ་སྐྱེས་ན་འཁོར་བ་ལས་མི་ཐར་པས་བླ་མ་དམ་པ་བསྟེན་དགོས་ལ་མཚན་ཉིད་ཀྱང་། བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །རྟོགས་པ་ཡོད་ན་ཚད་ལྡན་ཡིན། །ཅེས་རྫོགས་པའི་སངས་རྒྱས་ནས་བརྒྱུད་པ་བར་མ་ཆད་པར་བྱང་ཆུབ་ཀྱི་སེམས་ལ་ངེས་པ་བརྟེན་པོ་ཡོད་པ་ཇོ་བོའ་བཀའ་བརྒྱུད་ལྟ་བུ་ལ་བརྟེན་དགོས་དེ་བསྟེན་པའི་ཚུལ་ཡང་གཉིས་ལས། དང་པོ་དོན་གྱི་སྒོ་ནས་བསྟེན་པ་བླ་མའི་གསུང་ལས་ཇི་ལྟར་བྱུང་བ་བཞིན་སྒོ་གསུམ་གྱི་སྒྲུབ་པ་ཡིན། གསང་བ་བརྡའི་སྒོ་ནས་བསྟེན་པ་ནི་རང་གི་སྙིང་གའམ་སྤྱི་གཙུག་ཏུ་བླ་མ་བསྒོམས་ནས་མོས་གུས་བྱས་གསོལ་བ་འདེབས་པ་ཡིན། དེ་ལ་སྦྱོར་བ། དངོས་གཞི། མཇུག་གསུམ་ལས། སྦྱོར་བ་ལ་གཉིས་ལས། དང་པོ་སེམས་བསྐྱེད་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། གཉིས་པ་སྟོང་ར་བཅས་རང་ལུས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསམ། སྙིང་འོད་ཀྱི་གོང་བུ་ལྟ་བུར་བསམ། དངོས་གཞི་ནི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་གང་མོས་ཀྱི་བླ་མ་བསམ། དེ་སྔར་མཐོང་མ་མཐོང་བྱེ་བྲག་གིས་སྐུའི་ཚད་ཇི་ཙམ་ཡིན་པའམ་ཚོན་གང་ཙམ་དུ་བསམ། ཞལ་གྱི་དཀྱིལ་འཁོར་དང་། སྐུའི་བཞུགས་ཚུལ་དང་། གསུང་གི་ང་རོ་དང་། ཐུགས་ཀྱི་དགོངས་པ་ཐམས་ཅད་དྲན་པར་བྱ། །བརྒྱུད་པའི་བླ་མ་སངས་རྒྱས་ལ་ཐུག་པ་མན་ཆད་ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་དང་། ཡི་དམ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བླ་མ་དེ་དང་ངོ་བོ་ཐ་མི་དད་པར་མོས་པར་བྱ། མཆོད་པ་ཅི་འབྱོར་དབུལ། དེ་ནས་ཐལ་མོ་སྦྱར་ལ་བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་འགྲོ་ཅི་ནུས་
༩༢བྱ། དེའི་དོན་ཡང་སྐྱོན་ཐམས་ཅད་བྲལ་བ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དོན་དམ་པར་རང་བཞིན་མེད་པ་ནམ་མཁའ་ལྟ་བུ་ཡིན་ཡང་བདག་ཅག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྣང་བ་ཡིན་སྙམ་དུ་བསམ། །དེ་ནས་བླ་མ་དགེ་བའི་བཤེས་གཉེན་རིན་པོ་ཆེ་བླ་མ་བརྒྱུད་པ་རྣམས་ཀྱི་རྒྱུད་ལ་ཇི་ལྟར་འཁྲུངས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཇི་ལྟར་མངའ་བ་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་བརྗོད་བྱའི་དོན་གྱི་མཐིལ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བདག་གི་རྒྱུ་ལྔ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །འབྱོར་པ། རྒུད་པ། མཐོ་བ། དམའ་བ། བདེ་བ། སྡུག་པ། ན་བ། འཆི་བ། འཕོ་བ། སྐྱེ་བའི་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་དང་བར་ཆད་ཐམས་ཅད་ཆོས་འདིའི་གྲོགས་སུ་འཁྱེར་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། དེ་ནས་མཉམ་བཞག་གི་ཕྱག་རྒྱ་བཅས་ལ་ཚངས་བུག་ཁ་བྱེ་བར་བསམ། དེའི་ནང་ན་མར་བླ་མའི་སྐུ་འོད་ཀྱི་རྣམ་པ་སྐར་མདའ་འཕོ་བའི་ཚུལ་དུ་བྱོན་ནས་སྙིང་དུ་ཞུགས་པར་བསམ། བླ་མ་སངས་རྒྱས་དངོས་རང་འདི་ཡིན་སྙམ་པའི་དད་གུས་སྐྱེས་ཚད་གཅིག་བསྒོམ། དེ་ནས་ཁོང་ཀློང་ལ་བླ་མའི་སྐུ་གསུང་ཐུགས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་འོད་གསལ་ནམ་མཁའ་ལྟ་བུའི་ངང་དུ་གྱུར་བར་བསམས་ལ་གནས་ཚད་དུ་བཞག །གསུམ་པ་རྗེས་ནི་དེ་ལ་མི་གནས་ནི་རང་གི་ལུས་དང་སྙིང་གའི་བླ་མ་སྔར་བཞིན་བསམ། ཡང་ན་སྤྱི་བོའ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། །དུས་གསུམ་གྱི་དགེ་བ་ཐམས་ཅད་བླ་མའི་ཐུགས་དགོངས་རྫོགས་པ་དང་ཆོས་འདི་སྐྱེ་བའི་ཆེད་དུ་བསྔོ་བ་དང་སྨོན་ལམ་གདབ། དེ་ལྟར་ཉམས་སུ་བླངས་པ་ལ་བརྟེན་ནས་ཕན་ཡོན་བསམ་གྱིས་མི་ཁྱབ་ཀྱང་
༩༣མདོར་བསྡུས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕན་ཡོན་གཉིས་འབྱུང་། མི་དང་མི་མ་ཡིན་པའི་འཚེ་བ་ཐམས་ཅད་ཀྱིས་མི་ཚུགས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ། གདམས་ངག་དང་རྫས་སུ་བསྟན་པ་ཐམས་ཅད་འབྱུང་། དམིགས་པ་གཉིས་ཀྱི་བྱེ་བྲག་གིས་འོད་གསལ་ལ་འཕོ་བ་ཡིན་པས་འཆི་ཁ་མའི་གདམས་ངག་འདི་ཉིད་ཡིན། འདི་ལ་འབུངས་ན་རང་གང་འདོད་གྱི་རྟོགས་པ་འཆར་ནུས་གསུངས། ཏིང་ངེ་འཛིན་གྱི་རྟོགས་པ་གཞན་མི་དགོས་གསུངས། ས་རིན་པོ་ཆེ་སྤྱིལ་བུ་པའི་ཞལ་ནས་ང་ཡི་སྙིང་ཕྱུང་ནས་བསྟན་ཀྱང་དམར་ལྷོག་ལྷོག་ཁམ་གཅིག་ལས་མི་གདའ། ཉམས་ལེན་གྱི་མཐིལ་ཕྱུང་པ་འདི་ཡིན་གསུངས། བླ་མའི་རྣལ་འབྱོར་བླ་མའི་གསུང་ཉིད་ལས་ཡི་གེར་བཀོད་པའོ། །ཆོས་འདིའི་བརྒྱུད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་འཕགས་པ་བྱམས་པ་ལ། དེས་ཐོགས་མེད་ལ། དེས་དབྱིག་གཉེན་ལ། ཀུ་སུ་ལུ་ཆེ་བ། ཀུ་སུ་ལུ་ཆུང་བ། གསེར་གླིང་པ། ཇོ་བོ་རྗེ་ལྷ་གཅིག་དགེ་བཤེས་སྟོན་པ། པུ་ཏོ་བ། ཤ་ར་བ། འཆང་ཀ་བ། སྤྱིལ་བུ་བ། སློབ་དཔོན་ལྷ། ལྷ་སྡིངས་དབོན། དྷརྨ་སིདྷཾ། རྒྱ་སྟོན་བྱང་ཆུབ་རྒྱལ་མཚན། མཁན་པོ་གཞོན་ནུ་བྱང་ཆུབ། རིན་ཆེན་འབྱུང་གནས་དཔལ་བཟང་པོ། དེས་བུདྡྷ་རཏྣ། དེས་ཀིརྟྟི་ཤཱི་ལ་ལ། དེས་ཛ་ཡ་བྷ་དྲ། དེས་པུཎྱེ་རཏྣ་ལའོ། །སརྦ་མངྒ་ལཾ། །

༄༅། །ཡེ་ཤེས་མཁའ་འགྲོ་ནི་གུ་མའི་ཆོས་དྲུག་གི་ཁྲིད་ཀྱི་གནད་ཡིག་སྙིང་པོ་ཀུན་འདུས་ཞེས་བྱ་བ་བཞུགས་སོ༎ ༎

༡༤༧ ཡེ་ཤེས་མཁའ་འགྲོ་ནི་གུ་མའི་ཆོས་དྲུག་གི་ཁྲིད་ཀྱི་གནད་ཡིག་སྙིང་པོ་ཀུན་འདུས་ཞེས་བྱ་བ་བཞུགས་སོ།། །།
༡༤༨ ན་མོ་ལོ་ཀེར་ཤྭ་རཱ་ཡ། གང་ཞིག་བརྗོད་བྲལ་ལྷུན་གྲུབ་འདུས་མ་བྱས། །ཁ་སྦྱོར་བདེ་ཆེན་ལོངས་སྐུ་གང་འདུལ་ཤར། །སྐུ་གསུམ་བདུན་ལྡན་རྡོ་རྗེ་འཆང་ལ་སོགས། །རྗེ་མཁྱེན་པས་གཟིགས་ཤིག་དྲིན་ཆེན་བླ་མ་རྣམས། །ཐུགས་བརྩེ་བས་དགོངས་ཤིག་ཡི་དམ་ལྷ་ཡི་ཚོགས། །དུས་འབྲལ་བར་མེད་པར་སྐྱོངས་ཤིག་དཀོན་མཆོག་གསུམ། །འགལ་རྐྱེན་སྤོངས་ལ་མཐུན་རྐྱེན་སྒྲུབས་ཤིག་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཐང་སྟོང་གི་རྒྱལ་པོ། །ལུང་སྟོང་གི་སྨྱོན་པ། ཟས་གང་བྱུང་གི་བཅུད་ལེན་པོ། །རྐྱེན་གང་བྱུང་གི་རོ་སྙོམས་པོ་ངས་ཐེག་པ་ཆེན་པོའ་ཆོས་ཐམས་ཅད་ཀྱི་ཉིང་ཁུ་ཕྱོགས་གཅིག་ཏུ་བསྡུས་པ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་སྙན་བརྒྱུད་ཀྱི་གདམས་པ་ཁྱད་པར་ཅན་འདི་འཆད་པ་ལ། ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་དང་། ཉམས་ལེན་དངོས་གཉིས་ཀྱི་དང་པོ་ནི་རྒྱུད་སྡེ་ལྔའམ། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བཞི་ཐོབ་ཅིང་། དམ་ཚིག་དང་དད་པ་དང་། བརྩོན་འགྲུས་དང་ལྡན་པ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས་འཁོར་
༡༤༩ བའི་ཉེས་དམིགས་སོགས་སྔོན་འགྲོའི་ཆོས་རྣམས་རྒྱུད་ལ་སྐྱེས་པ་ཞིག་དགོས་ཏེ། ནི་གུ་མའི་རྡོ་རྗེའི་ཚིག་རྐང་ལས། །དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བའི། ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོའམ་ཚེ་འདིར་སངས་རྒྱས་འགྱུར། །ཅེས་གསུངས་སོ། །གཉིས་པ་ཉམས་ལེན་དངོས་ལ། །སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་པཾ་ལས་པདྨའི་སྡོང་བུ་འདབ་མ་སྟོང་དང་ལྡན་པ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་འོད་ཟེར་འབུམ་དང་ལྡན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་སྟོང་གསུམ་གྱི་ཚད་དང་མཉམ་པ། དེའི་སྟེང་དུ་དར་ཟབ་ལ་སོགས་པའི་གདན་སྣ་ཚོགས་པའི་སྟེང་དུ་ངོ་བོ་རྩ་བའི་བླ་མ་རྣམ་པ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ།
༡༥༠ སྐུ་གཅེར་བུ་ལ་རུས་པ་དང་རིན་པོ་ཆེས་བརྒྱན་པ། ཞལ་འཛུམ་བག་དང་བཅས་པ། སྤྱན་གསུམ་དང་ལྡན་པ། དབུ་སྐྲ་སིལ་བུབུས་སྐུ་རྐེད་ཡན་ཆད་ཁེབས་པ། སྐུ་མཐོང་བ་ཙམ་གྱིས་སྡིག་སྒྲིབ་འདགས་པ། གསུང་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ལ་འགོད་ངེས་པ། སྣང་ལ་རང་བཞིན་མེད་པ་ཞིག་བསམས་ལ། དེའི་མདུན་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་སྙིང་གི་དཀྱིལ་རྐང་གི་ཁོངས་ནས་སྐྱབས་སུ་འགྲོ་བར་བསམས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ ཆོས་ལ དགེ་འདུན་ལ་ ཡི་དམ་ལ་སྐྱབས་སུ་མཆིའོ། དཔེ་གཅིག་ལ་འདི་འདུག་པ་བརྟག །མཆན། ཞེས་བརྒྱ་རྩ་སོགས་བརྗོད། དེ་ནས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་པ་བཞི་བསྒོམ། དེ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བདག་གི་ལུས་ངག་ཡིད་གསུམ་དགེ་སྦྱོར་གྱི་རིམ་པ་ལ་འཇུག་པར་བགྱིའོ། །ཞེས་སེམས་བསྐྱེད། དེ་ནས་བླ་མ་ལ་གསོལ་བ་གདབ་པ་ནི། སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། མཁའ་འགྲོ་ནི་གུ་མ་ལ གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ལ རྨོག་ལྕོག་རིན་ཆེན་བརྩོན་འགྲུས་ལ་གསོལ མཉམ་མེད་སྐྱེར་སྒང་པ་ཆེན་པོ་ལ བླ་མ་སངས་རྒྱས་གཉན་སྟོན་ལ ཆོས་རྗེས་སངས་རྒྱས་སྟོན་པ་ལ མཁས་གྲུབ་ཤངས་སྟོན་ཆོས་རྗེ་ལ རྒྱལ་བ་མུས་པ་ཆེན་པོ་ལ བླ་མ་རྡོ་རྗེ་གཞོན་ནུ་ལ མཚན་ལྡན་ནམ་་
༡༥༡ མཁའི་རྣལ་འབྱོར་ལ། བྱང་སེམས་སྦྱིན་པ་བཟང་པོ་ལ གྲུབ་ཐོབ་བརྩོས་འགྲུས་བཟང་པོ་ལ ཐབས་ལམ་བདེ་དྲོད་རང་འབར་དུ་བྱིན་གྱིས་རློབས། སྒྱུ་ལུས་ཆགས་སྡང་རང་གྲོལ་ཏུ རྨི་ལམ་ཉིང་འཁྲུལ་རང་དག་ཏུ འོད་གསལ་གཏི་མུག་རང་སངས་སུ འཕོ་བ་མ་བསྒོམས་སངས་རྒྱས་སུ བར་དོ་རྒྱལ་བ་ལོངས་སྐུ་རུ་བྱིན་གྱིས་རློབས། །ཞེས་སམ། ཚིགས་སུ་བཅད་པ་གང་རུང་གིས་གསོལ་བ་དྲག་ཏུ་གདབ་པར་བྱའོ། །གཉིས་པ་དངོས་གཞི་ལ་དྲུག་སྟེ། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུའོ། །དང་པོ་ཐབས་ལམ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ། །དང་པོ་ལ་གསུམ་སྟེ། དག་བྱེད་ཨའི་སྟོང་ར། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་རོ། །དང་པོ་ནི། རང་གི་སྤྱི་བོར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་རྒྱན་ཆ་ལུགས་གོང་དང་འདྲ་བར་བསྒོམས་ཏེ། དེ་ལ་བླ་མ་ཡི་དམ་ཐམས་ཅད་བསྟིམས་ལ། བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཞི་བར་བྱིན་གྱིས་རློབས། སྡིག་སྒྲིབ་འདགས་པར་བྱིན་གྱིས་རློབས། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། ཞེས་གསོལ་བ་བཏབ། འོག་ནས་འབྱུང་བ་ལྟར་སྲིད་པའི་དབང་ཞུས་ནས་ངག་ཏུ་ཨ་ཞེས་བརྗོད་པས་རང་གི་སྨིན་མཚམས་དང་རྣ་བ་གཡས་གཡོན་ཏུདུ་ཟུར་རེ་རེ་གཏད་པའི་ཆོས་འབྱུང་ཕྱི་དཀར་ནང་དཀར་སྟོང་སང་ངེ་བ་ལུས་དང་མཉམ་པ་ཞིག་བསམ་མོ། །དེ་ལྟར་མ་ཡེངས་པར་ཡང་ཡང་དུ་བསྒོམས་པས་སྡིག་སྒྲིབ་དཀོར་སྐུ་གླུད་དམ་ཚིག་གི་ཉམས་ཆགས་ཐམས་ཅད་དག་གོ །གཉིས་པ་སྟོང་ར་ནད་གདོན་
༡༥༢ སེལ་བྱེད་ནི། རང་གི་ཨོས་ཀོ་དང་རྣ་བའི་རྩ་བ་གཉིས་སུ་ཟུར་རེ་རེ་གཏད་པའི་ཆོས་འབྱུང་ཕྱི་ནང་གཉིས་ཀ་དཀར་བ་རྩ་བ་གསང་གནས་སུ་ཟུག་པའི་ནང་དུ་སེམས་སྐྱེ་མེད་ཨ་དམར་པོ་ཞིག་བསམ། ངག་ཏུ་ཨ་ཨ་ཞེས་ཅི་རིགས་བརྗོད་པས་ཨ་དེ་འོད་དུ་ཞུ་ནས་ངོ་བོ་བདུད་རྩི་རྣམ་པ་ག་བུར་ལྟར་དཀར་བ་རེག་བྱ་བསིལ་བ། ཚ་བའི་ནང་ཐམས་ཅད་ཞི་པརབར་བྱེད་པའི་ནུས་པ་དང་ལྡན་པ་ཞིག་བསམ། ཡང་རང་གི་ནུ་མ་གཉིས་དེའི་ཐད་ཀར་སྒྲལསྒལ་ཚིགས་དང་གསུམ་ལ་ཟུར་རེ་རེ་གཏད་པའི་ཆོས་འབྱུང་ཕྱི་ནང་གཉིས་ཀ་དམར་པོའ་ནང་དུ་རང་སེམས་སྐྱེ་མེད་ཨ་དམར་པོ་ཞིག་བསམ། ཡང་གོང་བཞིན་བརྗོད་པས་ཨ་དེ་ཞུ་ནས་ངོ་བོ་བདུད་རྩི་རྣམ་པ་ཟངས་ཞུན་ལྟར་དམར་བ་རེག་བྱ་ཚ་བ་གྲང་བའི་ནད་ཐམས་ཅད་ཞི་བར་བྱེད་པའི་ནུས་པ་དང་ལྡན་པ་ཞིག་བསྒོམ། ཡང་རང་གི་ལྟེ་བ་དང་མཁལ་ཁུང་གཉིས་ལ་ཟུར་རེ་རེ་གཏད་པའི་ཆོས་འབྱུང་ཕྱི་ནང་གཉིས་ཀ་སྨུག་པོའ་ནང་དུ་རང་སེམས་ཨ་སྨུག་པོ་ཞིག་བསམ། ངག་ཏུ་སྔར་བཞིན་བརྗོད་པས་ཨ་དེ་འོད་དུ་ཞུ་ནས་ངོ་བོ་བདུད་རྩི་རྣམ་པ་མར་ཞུ་བའི་དངསདྭངས་མ་ལྟར་སྨུག་པ། རེག་བྱ་འཇམ་པ། རླུང་གི་ནད་ཐམས་ཅད་ཞི་བར་བྱེད་པའི་ནུས་པ་དང་ལྡན་པར་བསམ། ཡང་རང་གི་ལྟེ་འོག་སོར་བཞི་དང་དཔྱི་མགོ་གཉིས་ལ་ཟུར་རེ་རེ་གཏད་པའི། ཆོས་འབྱུང་ནག་པོའ་ནང་དུ་རང་སེམས་ཨ་ནག་པོ་ཞིག་བསམ། དེ་ལ་སྔར་བཞིན་བརྗོད་པས། ཨ་དེ་ཞུ་ནས་ངོ་བོ་བདུད་རྩི་རྣམ་པ་ཁྲོ་ཆུ་ལྟར་ཁོལ་བ་རེག་བྱ་ཤིན་ཏུ་ཚ་བ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྲེག་པའི་ནུས་པ་དང་ལྡན་པ་ཞིག་བསམས་ནས། ངག་ཏུ་ཨ་ཞེས་བརྗོད་པས་ནད་ཐམས་ཅད་སྔོ་དམར་གྱི་རྣམ་པ། གདོན་ཐམས་ཅད་སྡིག་སྤྲུལསྦྲུལ་སོགས་དང་། སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་དུད་ཁུའི་རྣམ་པས་བ་སྤུའི་བུ་ག་ཐམས་ཅད་དང་། འོག་སྒོ་ནས་འཐོན་ཅིང་ནང་དུ་ཡང་ཚག་ཆོམ་ཆོམ་སྲེག་པར་བསྒོམ་མོ། །འདི་རྣམས་རྒྱུན་དུ་མ་ཡེངས་
༡༥༣ པར་བསྒོམས་པས་གང་ལ་དམིགས་པའི་ནད་གདོན་ཐམས་ཅད་ཞི་བར་མྱོང་བས་གྲུབ་བོ། །ཡང་ན་ཆོས་འབྱུང་སྔ་མ་སྔ་མའི་ནང་དུ། ཕྱི་མ་ཕྱི་མ་རྣམས་བསྒོམས་ཀྱང་རུང་ངོ་། །གསུམ་པ་རྟགས་གསུམ་སྟོང་རའི་ཁྱད་པར་ནི། ཉི་ཟླ་ཤར་བ། ནམ་མཁའ་ལ་འཕུར་བ། ཁང་སྟེང་དང་གངས་རི་སོགས་རི་བོའ་རྩེར་ཕྱིན་པ། ཆུར་མི་བྱིང་བར་ཕྱིན་པ། ངོ་ཚ་བའི་རྟོག་པ་མེད་པ་གཅེར་བུ་འཐོན་པ། ཁྲུས་བྱས་པ། གོས་དཀར་པོ་དྲི་མ་མེད་པ་གོན་པ་སོགས་ནི་སྡིག་པ་འདག་པའི་རྟགས་སོ། །འཁྲུ་སྐྱུགས་དང་རྣག་ཁྲག་འཛག་པ་དང་། ལུས་ལ་རྡུལརྔུལ་མང་པོ་འཐོན་པ་ནི་ནད་ཐོན་པའི་རྟགས་སོ། །སྡིག་སྦྲུལ་སྡོམ་སྦལ་ལྕོང་འབུ་སྲིན་ཐོན་པ་ནི་གདོན་ཐོན་པའི་རྟགས་སོ། །དེ་རྣམས་དངོས་སམ་ཉམས་སྣང་དམ་རྨི་ལམ་སོགས་ཅི་རིགས་སུ་འབྱུང་ངོ་། །གཉིས་པ་དངོས་གཞི་ལ་ལྔ་སྟེ། ལུས་གནད་མེའི་སྟོང་རའམ་དབུ་མ་ཆོས་བཞི་ལྡན། གཏུམ་མོ་གོས་སུ་གྱོན་པ། ཟས་སུ་ཟ་བ། གདན་དུ་བཏིང་བ། སྲིད་པའི་དབང་ཞུ་བའོ། །དང་པོ་ནི་རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལུས་ཙོག་པུ་བྱས། རྐང་པ་གཉིས་བསྣོལ་བའི་མཐིལ་སྟན་ལ་གཏད། ལག་པ་གཉིས་བསྣོལ་ནས་ལྷུ་བ་གཡས་གཡོན་གཉིས་ལ་འཇུས། གྲུ་མོ་པུས་མོ་ལ་བཀལ། མགྲིན་པ་ཅུང་ཟད་སྒུ་བར་བྱེད་པའི་མེ་ཐབ་དྲུག་ཆིངས་བྱས་ལ་སྤྱི་བོར་བླ་མ་སྡརསྔར་བཞིན་བསྒོམ། བླ་མ་རིན་པོ་ཆེ་བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེསཞེས་བརྗོད། སྲིད་པའི་དབང་ཞུས་ནས། རང་གི་སྤྱི་གཙུག་ནས་གསང་གནས་ཀྱི་བར་རྩ་དབུ་མ་མདའ་སྨྱུག་ལྟར་དྲང་བ། དོང་རྩེ་ལྟར་ཁོག་སྟོང་པ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། ཏིལ་གྱི་ཞུན་མར་ལྟར་དངསདྭངས་པ་སྟེ་དབུ་མ་ཆོས་བཞི་ལྡན་གསལ་གདབ། དེའི་གཡས་ན་རོ་མ་དམར་པོ།
༡༥༤ གཡོན་ན་རྐྱང་མ་དཀར་མོ། །དེ་གཉིས་ཀྱི་མས་སྣ་དབུ་མའི་ནང་དུ་ཆུད་པ། ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོ་སྟེ་གནས་བཞིར་རོ་རྐྱང་གཉིས་འཁྲིལ་བའི་རྩ་མདུད་རེ་རེ་ཡོད་པ། སྤྱི་བོ་ནས་གཡས་སུ་རོ་མ་གཡོན་དུ་རྐྱང་མ་ལ་རྩ་ཕྲན་བཞི་བཞི་གྱེས་པ་ཁའི་གཡས་གཡོན་གཉིས། སྣ་བུག་གཉིས་མིག་གཉིས་རྣ་བ་གཉིས་པོ་རྣམས་སུ་སྦྲུལ་མགོ་ལྟར་ཚེག་གེ་ཡོད་པ། བཤང་ལམ་ཀྱི་སྒོར་རླུང་གི་མདའ་གཞུ་མཆོག་མ་ལ་བ་དན་སྔོན་པོ་འཕྱངས་པ། མདེམདེའུ་རྩེ་རོ་རྐྱང་གཉིས་ཀྱི་བར་གྱི་དབུ་མའི་ནང་དུ་ཆུད་པ། མདེའུའི་རྩེར་རཾ་ལས་མེ་གླ་བའི་རིལ་མ་ཙམ་རྩ་བ་ཕྲ་བ། རྩེ་མོ་རྣོ་བ། རྐེད་པ་ལྡིར་བ། རེག་བྱ་ཚ་བ། ཁ་དོག་དམར་བ་སྟེ་ཆོས་ལྔ་ལྡན་གསལ་གདབ། སྤྱི་གཙུག་གི་དབུ་མའི་ནང་དུ་ཧཾ་ཡིག་དཀར་པོ་མགོ་བོ་མཐུར་ལ་ལྟ་བ་བསམ། དེ་ནས་རླུང་རོ་དལ་བུས་ཕྱིར་བསལ་ནས། རླུང་མཉམ་རྒྱུར་བྱས་ཏེ་སྟེང་རླུང་དལ་བུས་ནང་དུ་མར་དྲང་། འོག་རླུང་དལ་བུས་ཡར་འཐེན་ལ་སྟེང་འོག་གི་རླུང་ལྟེ་བར་ཁ་སྦྱར་བས། འོག་གི་རླུང་གཡོས་པས་མེ་དེ་གཟུགགཟུགས་མོ་བྱི་ཐུར་གྱི་དབྱིབས་འདྲ་བ་ཞིག་ལྟེ་འོག་ཏུ་འབར། ཡང་རླུང་བཟུང་ནས་ལྟེ་བར་འབར། རླུང་འཛིན་ཐེངས་གསུམ་པ་ལ་སྙིང་གར་སླེབས་པའི་དྲོད་ཀྱིས་སྤྱི་བོའ་ཧཾ་ཡིག་ལས་ཐིག་ལེ་མུ་ཏིག་གི་ཕྲེང་བ་ལྟ་བུར་བབས། སྙིང་གའི་མེ་ལ་ཕོག་བས་སོར་སྒྲ་དང་བཅས་པ་བསམ། མེ་མ་ཤི་བ་དང་མེ་ལྕེ་མ་འདར་བར་བྱེད་པ་ཟབ་གནད་གཅིག་ཡིན་པས་གལ་ཆེའོ། །དེས་ཐོག་མར་དྲོད་སྐྱེ། དེ་ནས་བདེ་བ། དེ་ནས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་བས་ཆོས་དྲུག་གི་རྩ་བ་ལྟ་བུ་ཡིན་ནོ། །འདི་ཡང་ནི་གུ་མས། །རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན། །ཤེས་རབ་ཁ་ཁ་མུ་ཁའི་སྙོམས་འཇུག་གིས། །ཟག་བཅས་ཟག་མེད་དགའ་བཞི་རིམ་བཞིན་ནོ། ཞེས་པས་བསྟན་ཏོ། །གཉིས་པ་གཏུམ་མོ་གོས་སུ་གྱོན་པ་ནི།
༡༥༥ ལུས་གནད་དང་དམིགས་པ་སྔར་བཞིན་ལས་ལག་པ་བསྣོལ་བའི་མཐིལ་གཉིས་མཁལ་མ་གཡས་གཡོན་ལ་བཀབ་ལ། ལྟེ་བ་དང་དེའི་ཐད་ཀྱི་རྒྱབ་མཁལ་མ་གཡས་གཡོན་གཉིས་སུ་མེ་ཅོག་སྒོང་ཙམ་བཞི་བསམས་ལ་སྔར་བཞིན་རླུང་ཁ་སྦྱོར་བཟུང་བས་དྲོད་མྱུར་དུཏུ་སྐྱེ་བ་མྱོང་བས་གྲུབ་བོ། །ན་སོ་རྒས་པོ་ཡིན་ན་མེ་ཕུག་རོན་གྱི་སྒོ་ངའམ་ངང་པའི་སྒོ་ང་ཙམ་བསམ་མོ། །གསུམ་པ་གཏུམ་མོ་ཟས་སུ་ཟ་བ་ནི། ལུས་གནད་གོང་བཞིན་ལ་སྔར་གྱི་དམིགས་པའི་སྟེང་དུ་ཆུ་རླུང་དཀར་པོ་བུས། མེ་རླུང་དམར་པོ་བཟུང་སྟེ་རླུང་ཁ་སྦྱར་བས། ༈ རྐན་ནས་མེ་འཇིགས་སུ་རུང་བ་ཞིག་བབས་པས། ༈ ལྟོ་བའི་ནང་ཐམས་ཅད་མེས་དམར་མེར་གང་བར་བསྒོམ་མོ། །དེ་ལ་གེགས་འབྱུང་ཉེ་བས་མྱོང་བ་དང་སྦྱར་ན། དང་པོ་རླུང་གི་རླུང་བུས། དེ་ནས་མེ་རླུང་བུས། དེ་ནས་རླུང་རྣམས་འོག་ནས་འབྱུང་བའི་ཁ་དོག་ལྟར་བུས་ནས། རྟགས་གཉིས་བར་དཔེ་གཅིག་ལ་མི་སྣང་། མཆན། དེ་ནས་ས་རླུང་སེར་པོ་སོ་རྩ་ནས་བཟུང་བར་དམིགས་ལ་ལྟེ་འོག་གི་རླུང་ནང་དུ་དྲངས་ཏེ་ཁ་སྦྱར་བས་ལྟོ་པ་སེར་མེར་གང་བར་བསམ། དེ་ནས་ཆུ་རླུང་དཀར་པོ་ཡ་རྐན་ནས་བཟུང་བས་དཀར་མེར་གང་། མེ་རླུང་དམར་པོ་སོ་བར་ནས་བཟུང་བས་དམར་མེར་གང་། དེ་ནས་རླུང་རླུང་སྔོན་པོ་བཟུང་སྟེ་སྟེང་འོག་གི་རླུང་ཁ་སྦྱོར་བས་ལྟོ་བ་སྔོ་མེར་གང་བར་བསྒོམ། དེས་དྲོད་མྱུར་ཞིང་གེགས་ཆུང་ངོ་། །བཞི་པ་གཏུམ་མོ་གདན་དུ་བཏིང་བ་ནི། ལུས་གནད་དང་དམིགས་པ་གོང་བཞིན་གྱི་སྟེང་དུ། ཉལ་བའི་ཚེ་ཁྱི་ཉལ་སྒོར་མོར་བྱ། གཞོག་གཡས་འོག་ཏུ་བཅུག་སྟེ་ཉལ་ལ་རླུང་ཕྱིར་ཕྱུང་བ་དང་། སྣ་ནས་མེ་དམར་ནར་བྱུང་བས་མལ་སྦུག་ཐམས་ཅད་མེས་དམར་མེར་གང་བར་བསམས་ལ། རླུང་ཅུང་ཟད་བཟུང་ནས་བསྒོམ་མོ། །ལྔ་པ་སྲིད་པའི་དབང་བསྐུར་ཞུ་བ་ནི་སྤྱི་བོར་བླ་མ་སྔར་བཞིན་བསྒོམ། དེའི་ཐུགས་ཀ་ནས་འོད་འཕྲོས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་འཆང་གི་རྣམ་
༡༥༦ བར་སྤྱན་དྲངས་ལ་བསྟིམ། ཀུན་འདུས་བླ་མ་རིན་པོ་ཆེ་ལ་ལུས་ལོངས་སྤྱོད་ཐམས་ཅད་མཆོད་པ་ཕུལ་ལ། བླ་མ་རིན་པོ་ཆེ་བདག་ལ་སྲིད་པའི་དབང་བསྐུར་བསྩལ་དུཏུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མའི་ཞབས་ཀྱི་མཐེ་བོང་ལས་བདུད་རྩིའི་རྒྱུན་དཀར་པོ་བྱུང་། སྨིན་མཚམས་ཡན་ཆད་གང་། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་མངོན་དུ་བྱས་པར་བསམ། བདུད་རྩི་དམར་པོ་བྱུང་། མགྲིན་པ་ཡན་ཆད་གང་། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། ལམ་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་མངོན་དུ་བྱས། བདུད་རྩི་སྔོན་པོ་བྱུང་། སྙིང་ག་ཡན་ཆད་གང་། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་མངོན་དུ་བྱས་པར་བསམ། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་གྱུར། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག །དབང་བཞི་པ་ཐོབ། ལམ་སྤྲོས་བྲལ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་བཞི་མངོན་དུ་བྱས་པར་བསམ་མོ། །དེས་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་དག །གེགས་མི་འབྱུང་། ཏིང་ངེ་འཛིན་མ་སྐྱེས་པ་སྐྱེ། སྐྱེས་པ་རྣམས་གོང་ནས་གོང་དུ་འཕེལ་བར་འགྱུར་རོ། །གསུམ་པ་རྗེས་ལ་གཉིས་ལས། དང་པོ་གེགས་རང་གྲོལ་ནི། ནུ་མ་གཉིས་དེའི་དབུས་ཏེ་གསུམ་དང་དེ་གསུམ་གྱི་ཐད་ཀའི་རྒྱབ་ཏུ་ཁྲོ་བོའ་མིག་ཤིན་ཏུ་འཇིགས་པ་གསུམ་བསམ། ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ལ། བ་སྤུའི་བུག་ཐམས་ཅད་ཁྲོལ་མའི་མིག་གམ་ཚགས་སེའི་མིག་ལྟ་བུ་བསྒོམ། དེའི་མིག་རྣམས་ནས་ནད་ཐམས་ཅད་སྔོ་དམར་དང་། གདོན་ཐམས་ཅད་སྡིག་སྦྲུལ་དང་སྦལ་ལྕོང་སོགས་དང་།
༡༥༧ སྡིག་སྒྲིབ་ཐམས་ཅད་དུད་ཁུའི་རྣམ་པས་ཚགས་སེའི་ནང་ནས་ཆུ་ཚགས་པ་བཞིན་བུད་པར་བསམས་ལ་ཁ་སྦྱོར་བཟུང་ངོ་། །སྨད་དུ་ཀུནྡའི་གེགས་བྱུང་ན་འཁྲུལའཕྲུལ་འཁོར་དང་དབབ་བཟུང་ཟློག་དགྲམ་གྱི་དམིགས་པས་བསལ་ལོ། །རྗེས་ཀྱི་གཉིས་པ་རླུང་རྟར་ཞོན་པའི་མན་ངག་ནི། རང་གི་མཆན་ཁུང་གཉིས་དང་རྐང་མཐིལ་གཉིས་སུ། རླུང་གི་བྱ་མོ་སྔོན་མོ་རེ་རེ་བསམ་མོ། །རྡོ་རྗེ་ཁུ་ཚུར་གཉིས་གཞག་འོག་ཏུ་གཞུག །གཙོ་བོར་ས་རླུང་ཕྱིར་བུས། རླུང་རླུང་ནང་དུ་བཟུང་སྟེ། སྟེང་འོག་གི་རླུང་ཁ་སྦྱོར་ཏེ་གླིང་བཞི་རི་རབ་དང་བཅས་པ་ལ་བསྐོར་བར་བསམ་མོ། །རླུང་འབྱངས་ནས་འགྲོ་བའི་ཚེ་བྱ་མོ་བཞིས་ནམ་མཁའ་ལ་འཁྱེར་བར་བསམ་སྟེ། རླུང་བཟུང་ནས་ཕྱིན་ན་རྟ་མེ་ཆོག་དང་འདྲ་བའི་འགྲོས་འབྱུང་ངོ་། །འདི་རྣམས་ཀྱང་ནི་གུམས། །བཅུད་པ་སྡུས་དག་བྱེད་སྟོང་རའི་གནད་གསུམ་དང་། །དྲོད་མྱུར་གཏུམ་མོའ་ཆོས་དྲུག་རིམ་བཞིན་ཏེ། །རི་བོང་དབབ་བཟུང་ཟློག་དགྲམ་རླུང་དང་བསྲེ། །གཉིས་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་བྱ། །ཞེས་པས་བསྟན་པ་ཡིན་ནོ། །གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་ལ་གསུམ་སྟེ། དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་བར་འཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ། །དང་པོ་ནི་སྔོན་འགྲོ་སྔར་བཞིན་བྱས་ནས། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་སྐུ་གཅེར་བུ་ལ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། །ཞལ་འཛུམ་བག་དང་བཅས་པ། སྤྱན་གསུམ་དང་ལྡན་པ་དབུ་སྐྲ་སིལ་བུས་སྐུ་ཕྱེད་ཡན་ཆད་ཁེབས་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཉི་མ་འབུམ་གྱི་གཟི་བརྗིད་དང་སྡན་པ། འོད་ཟེར་འཕྲོ་བས་བདག་གི་རྒྱུད་བྱིན་གྱིས་རློབས་བཞིན་པ་
༡༥༨ ཞིག་བསམས་ལ། དེའི་མདུན་དུ་བདག་གིས་བྱང་དྲངས་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཀུ་དི་རི་རི་གསོལ་བ་འདེབས་པར་བསམས་ལ། བླ་མ་རིན་པོ་ཆེ་བདག་མེད་རྟོགས་པར་བྱིན་གྱིས་རློབས། བདག་འཛིན་ཐོང་བར སྒྱུ་ལུས་འབྱོངས་པར །འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་ཞེས་གསོལ་བ་དྲག་ཏུ་གདབ་ཅིང་། བླ་མ་རིན་པོ་ཆེ་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཅེས་གསོལ་བ་གདབ་པས། གོང་ཐབས་ལམ་ལྟར་དབང་བསྐུར་བས་མཐར་རང་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་ངང་དུ་ཡུན་རིང་དུ་མཉམ་པར་བཞག་གོ །དེ་ལས་ལྡངས་པའིལྡང་བའི་སྤྱོད་ལམ་ཐམས་ཅད་དང་། སེམས་ལ་ཅི་སྣང་ཐམས་ཅད་ལ། ཨ་སྣང་ནི་སྣང་། བདེན་ནི་མི་བདེན། སྒྱུ་མ་ཡིན། རྨི་ལམ་ཡིན་ཨང་སྙམ་དུ་བསམ་མོ། །གསོལ་འདེབས་བླ་མའི་ལམ་ཁྱེར་དང་། ཅི་སྣང་བདེན་མེད་ལམ་ཁྱེར་གཉིས་གསུངས་པའང་འདི་ཁོ་ན་ལ་འདུས་པ་ཡིན་ནོ། །རྡོ་རྗེ་ཐེག་པའི་ལམ་རྣམས་ཀྱི་གཙོ་བོ་འདི་ཁོ་ན་ཡིན་པས། འདི་ལ་འབད་ཅིང་རྩེ་གཅིག་ཏུ་ཉམས་སུ་བླངས་ན། ལམ་ཐམས་ཅད་མྱུར་དུཏུ་བགྲོད་པ་ཡིན་ཏེ་ཡེ་ཤེས་མངོན་བྱུང་ལས། །ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལོ་ཟླས་བགྲོད། །བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཞེས་དང་། ནི་གུ་མས། །ལམ་ལྡལྔ་ས་བཅུའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་གསུངས་སོ། །གཉིས་པ་དབང་པོ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ་ནི། བླ་མའི་རྣལ་འབྱོར་སྔར་བཞིན་བྱས་ལ། ཨེ་མ་སྔར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་འཆི། ད་སྐྱེ་བའི་སེམས་ཅན་ཐམས་ཅད་ཀྱང་འཆི། ད་ལྟ་བའི་སེམས་ཅན་ཐམས་ཅད་ཀྱང་མི་འཆི་བར་ཚེ་ཐར་དུ་
༡༥༩ ལུས་པ་གཅིག་ཀྱང་མེད་པས། ང་ཡང་ངེས་པར་འཆི། ད་ཡང་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པས་འཆི་བའི་རྐྱེན་མང་། འཚོ་བའི་རྐྱེན་ཉུང་བས་མྱུར་དུཏུ་འཆི་བ་ཡིན་ཨང་སྙམ་དུ་བསམས་པས། ཚེ་འདིའི་མཐོ་དམན་གང་ལ་ཡང་བསྒྲུབ་འདོད་ཀྱི་བློ་མི་འཇུག་པ་ཞིག་ནམ་བྱུང་བྱུང་གི་བར་དུ་བསྒོམ། དེ་ནས་ཤི་བས་ཅི་ལྟོ་སྙམ་ན་ཤི་བའི་འོག་ཏུ་མེད་པར་མི་འགྲོ། །གནས་ལུགས་ཀྱི་དོན་ཅིགཞིག་མ་རྟོགས་པར་ཤི་ན། རིགས་དྲུག་གི་གྲོང་ཁྱེར་དྲུག་པོ་གང་རུང་ལས་འགྲོ་ས་མེད། དེ་རྣམས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་འབའ་ཞིག་ལ་སྤྱོད་པ་མ་གཏོགས་བདེ་བའི་སྐབས་ཡེ་མེད་པས་སྐྱིད་པ་མི་འདུག་ཨང་སྙམ་དུ་བསམ་ཞིང་། སངས་རྒྱས་ཐོབ་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ཞིག་ནམ་སྐྱེ་བར་དུ་བསྒོམ། ཨ་འདི་ཐམས་ཅད་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པའི་དྲན་འདུན་ཡང་དང་ཡང་དུ་བསྒོམ་མོ། །དེ་ནས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། ཧཱུྃ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ། །རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རུས་པ་དང་རིན་པོ་ཆེས་བརྒྱན་པ། སྣང་ན་གཟུགས་སུ་གྲུབ་པ། ཐོགས་བཅས་གྱི་གཟུགས་སུ་མ་གྲུབ་པ། སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ཞིག་བསྒོམ། དེ་ལ་ལྷ་ཡི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་བཞུགས་ཚུལ་གྱི་རྣམ་པ་འདི་འདྲ་བ་རང་གི་བློས་བཀོད་པ་མ་གཏོགས་ཕྱི་རོལ་དུཏུ་གྲུབ་པ་མི་འདུག་པས་འདི་འདྲ་བ་འདི་སྣང་ནི་སྣང་། བདེན་ནི་མི་བདེན་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་དུ་བསམ་ཞིང་། གཞན་ཡང་སེམས་ཀྱི་ཡུལ་དུ་སྣོད་བཅུད་ཉེ་རིང་བར་མ་དགའ་སྡུག་ལ་སོགས་པའི་སྣང་བ་ཅི་བྱུང་ཡང་། ལོང་གཏམ་སོགས་ཚིག་གཞན་གྱིས་བར་མ་ཆོད་པར། ངག་ཏུ་སྒྱུ་མ་ཡིན། རྨི་ལམ་ཡིན་ཞེས་བརྗོད་ཅིང་། ཡིད་
༡༦༠ ལའང་སྒྱུ་མ་རྨི་ལམ་གྱི་དྲན་འདུན་ཡེ་མ་ཉམས་པར་བྱའོ། །རང་ལུས་སྣང་སྟོང་ལྷ་སྐུ་དང་། ཅི་སྣང་སྒྱུ་མར་ལ་མཁྱེར་གཉིས་གསུངས་པའང་འདི་ཁོ་ན་ལ་འདུས་པ་ཡིན་ནོ། ཁྱེའུ་རབ་སྣང་གིས་ཞུས་པའི་མདོ་ལས། །ཆོས་རྣམས་སྒྱུ་མ་རྨི་ལམ་ཞེས། །གང་གི་ཚིག་བརྗོད་དྲན་གྱུར་ན། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་དུ་འཚང་རྒྱ་ངེས། །ཞེས་གསུངས་སོ། །དེ་རྣམས་ལའང་མྱོང་བ་རེ་མ་སྐྱེས་ན་དབང་པོ་ཐ་མར་སོང་བ་ཡིན་པས། གསུམ་པ་དབང་པོ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེ་བ་ན། སྔོན་འགྲོ་རྣམས་གོང་བཞིན་བྱས། རང་འཁོར་ལོ་སྡོམ་པར་གསལ་བའི་ལྟེ་བའི་འོག་ཏུ་ཆོས་འབྱུང་མས་ཡར་རིམ་པ་བཞིན་དུ། ནག་པོ། སེར་པོ། དམར་ལྗང་། དམར་ནག །དམར་པོ། དཀར་པོ་རྣམས་ཀྱི་ནང་དུ་རིམ་བཞིན། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མ་ཡིན། ལྷ་རྣམས་བསྒོམ། དེ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་འདི་ཐམས་ཅད་སྒྱུ་མ་ཡིན་རྨི་ལམ་ཡིན་སྙམ་དུ་བསམ་ཞིང་ངག་ཏུ་ཡང་བརྗོད། སྣང་བ་ཐམས་ཅད་བདེན་མེད་སྒྱུ་མར་ནམ་སོང་བར་དུ་མལ་གྱི་དྲོད་མ་ཡལ་བར་བྱས་ལ་གཞི་གཅིག་ཏུ་བསྒོམ་མོ། །གཞན་ཡང་ནད་གདོན་ལ་སོགས་པའི་གནོད་པའམ། བདེ་བ་སྐྱིད་པ་ལ་སོགས་པའི་སྣང་བ་ཅི་བྱུང་ཡང་སྒྱུ་མ་ཡིན་རྨི་ལམ་ཡིན་ཅེསཞེས་བརྗོད་ཅིང་བསམས་པས། རིགས་དྲུག་སྐྱུ་མར་འཆར་བྱེད་དང་། ནད་གདོན་སྒྱུ་མའི་ལམ་ཁྱེར་དང་། འཆར་བྱེད་ཡོན་ཏན་ཚོགས་དྲུག་དང་། ཞེན་མེད་སྒྱུ་མ་རང་ཤར་རྣམས་འདི་ཁོ་ན་ལས་འབྱུང་ངོ་། །བསྒོམས་པས་ཤེས་སོ། །བསྡུ་ན་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་གཅིག་གི་ནང་དུ་རིགས་དྲུག་བསྒོམས་ནས་སྔར་བཞིན་བསམས་པས་སྒྱུ་མ་རང་ཤར་གྱི་ཡོན་ཏན་རྣམས་འབྱུང་ངོ་། །དེ་རྣམས་ནི་ནི་གུ་མས། །སྒྱུ་ལུས་བདེན་མེད་དབང་པོ་རབ་འབྲིང་གསུམ། །འབྲལ་མེད་མོས་གུས་རང་ལུས་ཅིར་སྣང་ཀུན། །སྣང་སྟོང་ཞེན་བྲལ་ལྷ་སྐུ་ལམ་
༡༦༡ ཁྱེར་བྱ། །ཆགས་སྡང་རང་གྲོལ་བཅུ་བཞིའི་ས་ཐོབ་འགྱུར། །ཅེས་གསུངས་པའི་ཉམས་ལེན་གྱི་ཞལ་གདམས་སོ། །ཡང་ནི་གུམས། གང་གི་བསམ་པ་ཐམས་ཅད་ཡོངས་སྤངས་ནས། །རྨི་ལམ་འདུན་པའི་གནད་ལ་འབྲལ་མེད་བྱ། །ཉིང་འཁྲུལ་རང་དག་སྒྱུ་མ་ལམ་ཁྱེར་གྱི། །ཡོན་ཏན་རང་ཤར་ཉིན་མཚན་དུས་སུ་འབྱུང་། །ཞེས་གསུངས་བའི་སྙན་བརྒྱུད་རྨི་ལམ་ཉིང་འཁྲུལ་རང་དག་ལ་དོན་དྲུག་སྟེ། རྨི་ལམ་བཟུང་བ། སྦྱང་བ། སྤེལ་བ། སྤྲུལ་པ། བསྒྱུར་བ། ཡུལ་སྣང་བལྟ་བའོ། །དང་པོ་རྨི་ལམ་བཟུང་བ་ལ་གཉིས་ཏེ། སྔོན་འགྲོ་དང་དངོས་གཞིའོ། །དང་པོ་ནི་སྔོན་འགྲོ་གཞན་རྣམས་གོང་དང་འདྲ་བ་ལས། བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རྒྱན་ཆ་ལུགས་གོང་དང་འདྲ་བ་ཞིག་བསྒོམས་ནས། བླ་མ་རིན་པོ་ཆེ་བདག་གིས་རྨི་ལམ་ཟིན་པར་བྱིན་གྱིས་རློབས། རྨི་ལམ་འབྱོངས་པར རྨི་ལམ་སྤེལ་བར རྨི་ལམ་སྤྲུལ་པར རྨི་ལམ་བསྒྱུར་བར ཡུལ་སྣང་བལྟ་བར་བྱིན་གྱིས་རློབས། ཞེས་གསོལ་བ་གདབ་ཅིང་། བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཅེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བའི་ༀ་ལས་ༀ་དཀར་པོ་བྱུང་། རང་གི་དཔྲལ་བར་ཐིམ་པས། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། བླ་མའི་མགྲིན་པའི་ཨཱཿལས་ཨཱཿདམར་པོ་བྱུང་། རང་གི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། ལམ་རྫོགས་རིམ་བསྒོམ་པ་ལ་དབང་། བླ་མའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་པོ་བྱུང་། རང་གི་སྙིང་ཁར་ཐིམ། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་ལ་དབང་། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་
༡༦༢ དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་པའི་ངང་ལ་ཡུན་རིང་དུ་མཉམ་པར་བཞག །ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དག །དབང་བཞི་པ་ཐོབ། སྐུ་བཞི་མངོན་དུ་བྱས་པར་བསམ་མོ། །འདི་རྨི་ལམ་སོགས་ཆོས་དྲུག་གི་སྔོན་དུ་བྱའོ། །གཉིས་པ་རྨི་ལམ་བཟུང་བའི་དངོས་གཞི་ལ་གཉིས་ཏེ། རང་ཟིན་དང་། འཆུགས་མེད་གཉིས་སོ། །དང་པོ་ནི། རང་གི་སྤྱི་བོར་ཧཾ་ཡིག་ལས་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་བྱུང་ནས་སྙིང་གར་སླེབས། གསང་གནས་ནས་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་ཡར་བྱུང་ནས་སྙིང་གར་སླེབས། དེ་ནས་ཐིག་ལེ་དམར་པོ་དེས་དཀར་པོ་དེ་དེད་དེ། སྙིང་གར་ཁྲ་ཁོ་རོ་རོ་འཁོར་བ་ལ་སེམས་གཏད། རྨི་ལམ་སྒྱུ་མའི་དྲན་འདུན་བྱ། །དེ་ལྟར་ཐིག་ལེ་འཁོར་བ་བུམ་དབང་། རེག་ལ་ཁད་པ་གསང་དབང་། རེག་པ་ཤེས་རབ་ཡེ་ཤེས་དབང་། གཅིག་ལ་གཅིག་ཐིམ་ནས་འོད་དུ་ཡལ་ཏེ་མི་དམིགས་པར་སོང་བར་བསམ་པ་ནི་དབང་བཞི་པའོ། །དེ་ལྟར་ཡང་ནས་ཡང་དུ་བསྒོམ་ཞིང་གཉིད་དུ་འགྲོ་ཁར་ཐིག་ལེ་གཅིག་ལ་གཅིག་ཐིམ་ནས་ཡལ་ཏེ་སོང་བའི་མི་རྟོག་བའི་ངང་ལ་རྨི་ལམ་བཟུང་ངོ་། །ཟིན་པའི་ཚུལ་ནི། གཉིད་ཐུམ་ཕྲས་མང་པོ་འབྱུང་། དེ་ནས་འཇམ་ཟིན་རྩུབ་ཟིན་གང་རུང་གིས། ཨ་འདི་རྨི་ལམ་དུ་འདུག་སྙམ་དུ་ཟིན་པ་འབྱུང་ངོ་། །གཉིས་པ་འཆུགས་མེད་ལ་དོན་དགུར་མཛད་ཀྱང་བསྡུ་ན་གསུམ་དུ་འདུས་ཏེ། ལུས་གནད། དུས་གནད། དམིགས་པའི་གནད་དོ། །དང་པོ་ནི་ལུས་གནད་ཙོག་བུའོ། །གཉིས་པ་དུས་གནད་ནི་སྐྱ་རིངསརེངས་ཤར་ནས་ཉི་མ་མ་ཤར་གྱི་བར་རོ། །གསུམ་པ་དམིགས་པའི་གནད་ལ་གསུམ་སྟེ། རྟོག་མེད་གཉིས་དང་། རྟོག་བཅས་གཅིག་གོ །རྟོག་མེད་ལ་འཛིན་པའི་དང་པོ་ནི། རང་གི་སྤྱི་གཙུག་གི་ཧཾ་ལས་ཐིག་ལེ་དཀར་པོ་མར་བྱུང་། གསང་གནས་ནས་ཐིག་ལེ་དམར་པོ་ཡར་བྱུང་སྙིང་ཁར་འཕྲད། ཐིག་ལེ་གཉིས་སྔར་བཞིན་འཕྲོས་འདེད་ཀྱི་ཚུལ་གྱིས་འཁོར་བ་ལ་སེམས་
༡༦༣ གཏད། ཨ་ང་གཉིད་དུ་སོང་འདུག །འདི་རྨི་ལམ་དུ་འདུག་སྙམ་པའི་དྲན་འདུན་དྲག་པོ་བྱའོ། །གཉིད་དུ་འགྲོ་ཁར་ཐིག་ལེ་དཀར་པོ་དེ་སྣ་བུག་གཡས་ནས་ཐོན། དམར་པོ་དེ་སྣ་བུག་གཡོན་ནས་སྨིན་མཚམས་སུ་ཁྲ་ཁོ་རོ་རོ་འཁོར་བ་ལ་སེམས་གཏད། སྒྱུ་མ་རྨི་ལམ་གྱི་དྲན་འདུན་བྱ། དེ་ནས་ཐིག་ལེ་དཀར་པོ་དེ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། དམར་པོ་དེ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་བར་སོང་ནས། ཁོ་རོ་རོ་འཁོར་བ་ལ་སེམས་གཏད། འདི་སྒྱུ་མ་ཡིན། འདི་རྨི་ལམ་ཡིན་སྙམ་དུ་བསམ། མཐར་ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཡལ་ནས་མི་རྟོག་པའི་ངང་ལ་གཉིད་ལོག་ནས་རྨི་ལམ་བཟུང་ངོ་། །རྟོག་མེད་ལ་འཛིན་པའི་གཉིས་པ་ནི། དབྱིངས་རང་བཞིན་གྱི་རྣམ་པར་དག་པ་འདི། བསལ་བྱ་གློ་བུར་གྱི་དྲི་མ་དག་པ་ཞིག་ཡིན་ཞེས་བརྗོད་ལ། རང་འཁོར་ལོ་སྡོམ་པར་གསལ་བའི་སྙིང་གར་པད་ཟླའི་སྟེང་དུ་འཁོར་ལོ་སྡོམ་པ་མཚོན་གང་བ་འོད་ཟེར་འཕྲོ་བ་ཞིག་བསམ་ལ་ང་གཉིད་དུ་སོང་འདུག །འདི་རྨི་ལམ་དུ་འདུག་སྙམ་དུ་བསམ། གཉིད་ལོག་ཁར་རང་ཉིད་སྙིང་གའི་འཁོར་ལོ་སྡོམ་པ་ལ་ཐིམ། དེ་ཡང་འོད་དུ་ཡལ་སོང་སྟེ་མི་དམིགས་པའི་ངང་དུ་རྨི་ལམ་བཟུང་། གསུམ་པ་རྟོག་བཅས་ལ་བཟུང་བ་ནི། རྨི་ལམ་གྱི་ལུས་ཙོག་པུ། དུས་སྐྱ་རེངས་ཤར་ནས་ཉི་མ་མ་ཤར་གྱི་བར། རྨི་ལམ་གྱི་རྒྱུ་ནི་ཡི་གེ་ཧཾ། རྨི་ལམ་གྱི་གནད་ནི་མགྲིན་པ་ཡིན་པས། རང་གི་མགྲིན་པར་ཡི་གེ་ཧཾ་དཀར་པོ་འོད་འཕྲོ་བ་ཞིག་བསམས་ལ། རྨི་ལམ་གྱི་ངོ་བོ་ནི་གཉིད་དུ་སོང་མ་སོང་གི་བར་གྱི་རྣམ་པར་རྟོག་པ་ཡིན་པས། གཉིད་དུ་སོང་ནས་རྨི་ལམ་རགས་པ་མ་ཤར་གྱི་བར་དེར་མི་ལ་སོགས་པའི་རྣམ་རྟོག་རབ་རིབ་ཤར་བ་དེ་དྲན་པས་བཟུང་སྟེ་མིག་མི་འབྱེད་པར་འདི་རྨི་ལམ་དུ་འདུག་སྙམ་དུ་ངོས་བཟུང་བས་རྨི་ལམ་མི་ཟིན་མི་སྲེད་དོ། །དེས་ཀྱང་ཡེ་མ་ཟིན་ན་སྤྱི་བོར་ཐོད་པའི་
༡༦༤ ནང་གི་ཀླད་རྒྱའི་སྟེང་དུ་རྡོ་རྗེ་བདག་མེད་མ་དཀར་མོ་གྲི་ཐོད་འཛིན་པ། ནམ་མཁའ་ལ་ལྡིང་བ་འདྲ་བ་ཞིག་བསྒོམ། དེས་མི་ཟིན་མི་སྲིད་དོ། །འདི་རྒྱུན་དུ་བྱས་ན་གེགས་ཆེ་བས་བཞག་གོ །གཉིས་པ་རྨི་ལམ་སྦྱང་བ་ལ་བཞི་སྟེ། ལུས་ཀྱིས་སེམས་སྦྱོང་བ། སེམས་ཀྱིས་ལུས་སྦྱོང་བ། བདག་མེད་མས་སྦྱོང་བ། འདུན་པས་སྦྱོང་བའོ། །དང་པོ་ལུས་ཀྱིས་སེམས་སྦྱོང་བ་ནི། རང་འཁོར་ལོ་སྡོམ་པར་དཀར་པོ་རྡོར་དྲིལ་འཛིན་པར་བསྒོམ། འདི་རྨི་ལམ་ཡིན་པར་འདུག །རྨི་ལམ་ལ་ཇི་ལྟར་སྦྱར་སྦྱང་ཡིན་སྙམ་དུ་བསམས་ནས་གཡང་ས་ལྟ་བུལབུར་བསྐྱུར་བས་འོད་དུ་ཡལ་སོང་བར་བསམ་མོ། །གཉིས་པ་སེམས་ཀྱིས་ལུས་སྦྱོང་བ་ནི། རང་འཁོར་ལོ་སྡོམ་པར་གསལ་བའི་སྨིན་མཚམས་དང་ཚེགས་ཐམས་ཅད་དུ་ཡི་གེ་ཧཱུྃ་སྔོན་པོ་རེ་རེ་བསྒོམ། དེའི་འོད་ཀྱིས་རང་གི་ལུས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་སྤྱད། །གསུམ་པ་བདག་མེད་མས་སྦྱོང་བ་ནི། རང་འཁོར་ལོ་སྡོམ་པར་གསལ་བའི་ནོར་བུའི་ནང་དུ་ཧཱུྃ་དཀར་པོ་མགོ་བོ་མཐུརཐུར་དུ་ལྟ་བ་ཞིག་བསམ། དེ་ལ་དམིགས་པ་གཏད་དེ། འདི་རྨི་ལམ་ཡིན་སྙམ་དུ་བསམ་ཞིང་ངག་ཏུ་ཧཱུྃ་ཞེས་བརྗོད་པས་ཧཱུྃ་དེ་མགོ་བོ་གྱེན་དུ་ལོག་བསཔས། རྡོ་རྗེ་བདག་མེད་མ་སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ཞིག་ལུས་ཀྱི་ནང་དུ་བདེ་ཕྲི་ལི་ལི་སོང་ནས་འོད་དུ་ཞུ་སྟེ། ལུས་ཀྱི་ནང་ཐམས་ཅད་འོད་དཀར་པོས་གང་བས་མཐར་ཡལ་ཏེ་སོང་ནས་ཕྱག་རྒྱ་ཆེན་པོའ་ངང་དུ་བཞག་གོ །བཞི་པ་འདུན་པས་སྦྱོང་བ་ནི། སྣོད་བཅུད་ཕྲ་རགས་ཅི་མཐོང་ཡང་རྨི་ལམ་དུ་འདུག་སྙམ་དུ་བསམས་ནས། རང་གི་ལུས་ཕར་ཐལ་ཚུལ་ཐལ་དུ་སྦྱང་། གསུམ་པ་རྨི་ལམ་སྤེལ་བ་ལ་གཉིས་ཏེ། ཐུག་ཕྲད་དུ་སྤེལ་བ་དང་། གང་འདུལ་དུ་སྤེལ་བའོ། །དང་པོ་ནི་ས་ཡི་དཀྱིལ་འཁོར་ལ་དམིགས་ཏེ་འདི་རྨི་ལམ་དུ་འདུག །རྨི་ལམ་གྱི་སྣང་བ་ལ་གང་སྤེལ་སྤེལ་ཡིན་སྙམ་དུ་བསམས་ནས་གཅིག་ལས་བཅུ། བཅུ་ལས་བརྒྱ། བརྒྱ་ལས་སྟོང་། སྟོང་ལས་ཁྲི།
༡༦༥ དེ་ལས་འབུམ་ལ་སོགས་པ་བློས་འཁྱུད་ཚད་དུ་སྤེལ་ནས། རིམ་པ་ལོག་གེ་བས་བར་སྣང་གང་བ་ཙམ་དུ་བསྒོམ་མོ། །དེའི་འོག་ཏུ་ཆུའི་དཀྱིལ་འཁོར་སྔར་ལྟར་སྤེལ་ལོ། །དེ་ནས་མེའི་དཀྱིལ་འཁོར། རྗེས་སུ་རླུང་གི་དཀྱིལ་འཁོར་གོང་ལྟར་སྤེལ་ལོ། །དེས་མཚོན་ཏེ་འབྱུང་བཞི་ཕྲ་རགས་དང་སེམས་ཅན་ཕྲ་རགས་གང་མཐོང་ཡང་རྨི་ལམ་དུ་བསམས་ནས་གོང་ལྟར་སྤེལ་ལོ། །གཉིས་པ་གང་འདུལ་དུ་སྤེལ་བ་ལ་གཉིས་ཏེ། འཇིག་རྟེན་པའི་གང་འདུལ་དང་། འཇིག་རྟེན་ལས་འདས་པའི་གང་འདུལ་ལོ། །དང་པོ་ནི་ཕ་རོལ་པོ་འབུ་ལྟ་བུ་ལ་མང་པོར་སྤེལ་ནས། རང་བྱེའུ་མང་པོར་སྤྲུལ་ནས་བཟའ་བ་སོགས་ཀྱིས་འདུལ། བྱེའུ་ལྟ་བུ་ལ་རང་ཁྲ་ལྟ་བུ་སྤྲུལ་ནས་འདུལ། ཁྱི་ལ་སྦྱང་ཁྱི། སྤྱང་ཁྱི་ལ་སྟག །སྟག་ལ་སེང་གེ །མི་ལ་སྲིན་པོ་ལ་སོགས་རང་ལ་རང་གི་གཉེན་པོ་དེ་དང་དེར་སྤྲུལ་ནས་གསོད་པ་དང་བཅིང་བ་དང་བརྡུང་བ་ལ་སོགས་པ་བྱ་སྟེ་བདུལ་ལོ། །གཉིས་པ་ནི། ཕ་རོལ་ཀླུ་ལྟ་བུ་ལ་རང་བྱ་ཁྱུང་རྒྱལ་པོ་དང་། པེ་ཀར་ལྟ་བུ་ལ་རྟ་མགྲིན། ཀླུ་བདུད་དང་ཀླུ་སྲིན་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ། གནོད་སྦྱིན་དང་སྲིན་པོ་ལྟ་བུ་ལ་ཕྱག་ན་རྡོ་རྗེ་གཏུམ་པོ་སོགས་གདོན་དེའི་གཉེན་པོར་བསྔགས་པའི་ཁྲོ་བོ་སོགས་དེ་དང་དེར་སྤྲུལ་ནས་འདུལ་བ་དང་ཁྱུར་མིད་ལ་བཟའ་བ་དང་། ཕྱག་མཚན་གྱིས་གཏུབས་པ་དང་མེ་ཕུང་གིས་བསྲེག་པ་ལ་སོགས་པ་བྱ་སྟེ་འདུལ་ལོ། །བཞི་པ་རྨི་ལམ་སྤྲུལ་པ་ལའང་དེས་མཚོན་ནོ། །ལྔ་པ་རྨི་ལམ་སྒྱུར་བ་ནི། སའི་དཀྱིལ་འཁོར་འདི་ཆུར་བསྒྱུར། ཆུའི་དཀྱིལ་འཁོར་མེར་བསྒྱུར། མེའི་དཀྱིལ་འཁོར་འདི་རླུང་དུ་བསྒྱུར། རླུང་གི་དཀྱིལ་འཁོར་དེ་ནམ་མཁའ་ལ་ཡལ་སོང་བར་བསམས་ནས་དེའི་ངོ་བོར་བལྟའོ། །དེ་ནི་སྣོད་ཀྱི་འཇིག་རྟེན་བསྒྱུར་བའོ། །བཅུད་ཀྱི་སེམས་ཅན་བསྒྱུར་བ་ནི། དམྱལ་བ་རྣམས་ཡི་དྭགས་སུ་བསྒྱུར། ཡི་དྭགས་རྣམས་དུད་འགྲོར་བསྒྱུར། དུད་འགྲོ་རྣམས་མིར་བསྒྱུར། མི་རྣམས་ལྷ་མིན་ཏུ་བསྒྱུར། ལྷ་མིན་ལྷར་བསྒྱུར།
༡༦༦ ལྷ་རྣམས་ཕྱག་རྒྱ་ཆེན་པོར་བསྒྱུར། ཡང་ལྷ་ནས་དམྱལ་བའི་བར་ཡས་མར་བསྒྱུར། དེ་བཞིན་དུ་མ་དག་པའི་འཇིག་རྟེན་འདི་ཡང་དག་པའི་ཞིང་ཁམས་སུ་བསྒྱུར་བ་ལ་སོགས་པ་རྨི་ལམ་ལ་བརྟན་པ་ཐོབ་པར་བྱའོ། །དེ་ཐམས་ཅད་ལའང་འདི་རྨི་ལམ་དུ་འདུག་རྨི་ལམ་གྱི་སྣང་བ་ལ་གང་བསྒྱུར་བསྒྱུར་ཡིན་སྙམ་དུ་བསམ་པ་གལ་ཆེའོ། །དྲུག་པ་ཡུལ་སྣང་བལྟ་བ་ནི་ལུས་གནད་དང་། སྔོན་འགྲོ་གོང་དང་འདྲ་བ་ལས། རང་ཡི་དམ་དུ་གསལ་བའི་ལྟེ་བའི་འོག་ཏུ་ཆོས་འབྱུང་ངམ། ཐོད་པ་ཕྱི་དཀར་ལ་ནང་དམར་བ་བདུད་རྩིས་གང་བ་ཞིག་བསམ། དེ་ནས་རང་གི་སྣ་བུག་གཡས་ནས་ཚུར་རྡོ་རྗེ་བདག་མེད་མ་དཀར་མོ་གྲི་གུག་དང་ཐོད་པ་བསྣམས་པ་གར་སྟབས་ཅན་ཅིགཞིག་གིས་སྣ་དྲངས་ནས་ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་བྱོན། ལྟེ་འོག་ནས་བདུད་རྩི་བཞེས་པས་དགྱེས་པར་བསམ། ཡི་དམ་གྱི་ལྷ་ཁྱེད་རྣམས་ཀྱིས་བདག་གིས་ཡུལ་སྣང་གཏན་ལ་ཕེབས་པར་མཛད་དུ་གསོལ། སྙམ་དུ་བསམས་པས་བདག་མེད་མས་སྣ་དྲངས་ནས་སྣ་བུག་གཡོན་ནས་ཕྱིར་ཐོན་ནས་ནམ་མཁའ་ལ་བཞུགས་ནས་ཕྱག་གིས་བརྡ་མཛད་ནས། ཐོག་མར་དམྱལ་བའི་གནས་བསྟན། དེ་ནས་ཡི་དྭགས། དུད་འགྲོ། མི། ལྷ་མ་ཡིན། ལྷ་ཡི་གནས། དེ་ནས་བདེ་བ་ཅན་ལ་སོགས་དག་པའི་ཞིང་ཁམས་བསྟན་པར་བསམ་མོ། །དེ་ལྟར་ཉིན་མཚན་གཉིས་ཀར་བསམ་ཞིང་། ཡུལ་སྣང་གཏན་ལ་ནམ་ཕེབས་བར་དུ་བསྒོམ། སྐབས་སུ་སྣོད་བཅུད་དུ་སྣང་བ་དེ་ཡི་བྱུང་གནས་འགྲོ་གསུམ་རྩད་བཅད་ནས་རང་གི་སེམས་ཀྱི་ཆོ་འཕྲུལ་དུ་ཐག་བཅད། སེམས་ཀྱི་བྱུང་གནས་འགྲོ་གསུམ་ཡང་རྩད་བཅད་ནས་མཐར་ཕྱག་རྒྱ་ཆེན་པོ་སྣང་སྟོང་ཟུང་འཇུག་གི་ངང་དུ་མཉམ་པར་བཞག་གོ །དེས་ན་འདིར་རབ་དམིགས་མེད་གསལ་མཁྱེན། འབྲིང་གང་བསམ་གསལ་མཐོང་། ཐ་མ་ཡིད་ལུས་མཁའ་ལྡིང་། དམན་པ་དམིགས་པའི་ཡུལ་མཐོང་ངོ་། །ཕྱི་མ་ལ་བདག་མེད་མས་ཡུལ་སྣང་འཆར་བྱེད། ཨས་ཡུལ་སྣང་རང་
༡༦༧ གསལ། ཐིག་ལེ་ཡུལ་སྣང་གསལ་བྱེད་ཅེས་སྤྲོས་པ་རྣམས་ནི་འདི་ཁོ་ན་ཉམས་སུ་བླངས་པས་གྲུབ་པར་ཡོད་དོ་ཟབ། ། །དེ་དག་གི་སྐབས་སུ་འཁྲུལ་འབྱམས། སད་འབྱམས། བདེ་འབྱམས་སོགས་ཀྱི་གེགས་བྱུང་ན་བླ་མ་ལ་མོས་གུས་བྱས་ནས་གསོལ་བ་གཏབ། ཡི་དམ་ཆོས་སྐྱོང་ལ་ཚོགས་འཁོར་དང་གཏོར་མ་དང་། གེགས་སེལ་གྱི་དམིགས་པ་རྨོག་ལྕོག་པས་མཛད་པའི་འབྱམས་གཅོད་དུ་ལྟོས་ཤིག །བཞི་པ་འོད་གསལ་གཏི་མུག་རང་སངས་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། མི་རྟག་པ་དང་འཁོར་བའི་ཉེས་དམིགས་བསམ། ཁ་ཟས་བཅུད་ཅན་ཟ། སྤྱོད་ལམ་དལ་བར་སྡོད། ཐབས་ལམ་ནན་བསྐྱེད་ལ་བསྒོམ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ལ་ཚོགས་འཁོར་གཏོར་མ་འབུལ། འོད་གསལ་མོས་གུས་ཀྱི་གནད་ཡིན་པས་བླ་མ་ལ་གསོལ་བ་དྲག་ཏུ་གདབ་བོ། །གཉིས་པ་དངོས་གཞི་ལ་བཞི་སྟེ། འོད་གསལ་བཟུང་བ། ལམ་དུ་ཁྱེར་བ། བསྲེ་བ། མཐར་ཐུག་གི་འོད་གསལ་ལོ། །དང་པོ་ལ་ཨ་ལ་བཟུང་བ་ནི། རང་འཁོར་ལོ་སྡོམ་པ་གསལ་བའི་སྙིང་གར་ཨ་དཀར་པོ་དྲི་མ་མེད་པ་འོད་འཚེར་བ་ཞིག་བསམ། དེའི་འོད་ཀྱིས་ལུས་ཀྱི་ནང་གང་། དེ་ནས་རང་གི་ལུས་ཀྱི་ཕྱི་ནང་ཐམས་ཅད་དཀར་སེངསིང་ངེ་བ་ཞིག་བསྒོམ་ལ་བཟུང་ངོ་། །དེ་ལ་མ་ཟིན་ན་རང་བདེ་མཆོག་དཀར་པོར་གསལ་བའི་ཐུགས་ཀའི་པད་ཟླའི་སྟེང་དུ་རང་འདྲ་བའི་འཁོར་ལོ་སྡོམ་པ་ཚོན་གང་བའི་ཐུགས་ཀར་ཨ་དཀར་པོ་ཉུངས་འབྲུ་ཙམ་འོད་འཕྲོ་བ་ཞིག་བསམ། དེ་ལས་འོད་འཕྲོས་པས་ལུས་ཕྱི་ནང་ཐམས་ཅད་དཀར་སིང་སོང་། བ་སྤུའི་བུ་ག་རྣམས་ནས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་དཀར་སིང་ངེ་བ་ཞིག་ཏུ་བསྒོམས་པས་འཆར་རོ། །དེ་ལ་མ་ཟིན་ན་ཐིག་ལེ་ལ་བཟུང་བ་ནི། རང་འཁོར་ལོ་སྡོམ་པ་ཚོན་གང་ཙམ་དུ་གསལ་བའི་སྨིན་མཚམས་ཐིག་ལེ་དཀར་པོ་ཏིལ་
༡༦༨ འབྲུ་ཙམ་འོད་འཕྲོ་བ་ཞིག་ལ་སེམས་རྩེ་གཅིག་ཏུ་གཏད་དེ། ཡེམ་ཡེངས་པར་བསྒོམས་ན་འཆར་བར་ངེས་སོ། །ཡང་ན་བདག་མེད་མལ་བཟུང་བ་ནི། གོང་རྨི་ལམ་གྱི་སྐབས་སུ་བཤད་པའི་ཀླད་རྒྱའི་མཚམས་ཀྱི་བདག་མེད་མ་ནམ་མཁའ་ལ་ལྡིང་བ་འདྲ་བ་དེ་བསྒོམ་ཞིང་ཐོད་པ་དུང་ཁང་ལྟ་བུར་བསྒོམས་པས་ཟིན་ནོ། །ལམ་ཁྱེར་སོགས་ཕྱི་མ་གསུམ་ནི་འོད་གསལ་ཤར་ན་སྤྲོས་ཏེ་བོགས་འདོན་དང་བཅས་པ་རྣམས་རྒྱས་པར་རྡོ་རྗེའི་ཚིག་རྐང་དང་ཁྱུང་པོའ་བསྡུས་དོན་བཞིན་དུ་བླ་མ་གོང་མའི་ཁྲིདའཁྲིད་ཡིག་ཏུ་གསལ་ཞིང་བླ་མས་ངོ་སྤྲད་པས་ཆོག་གོ །རྗེས་ལ་དམ་ཚིག་ལ་རྩ་བ་དང་ཡན་ལག་གི་ལྟུང་བས་མ་ཕོག་པར་བྱ་ཞིང་། བྱེ་བྲག་ཏུ་འོད་གསལ་ལ་ཐིག་ལེ་ཡེ་ཤེས་ཀྱི་དྭངས་མ་ཡིན་པས་ཁམས་དཀར་པོ་བ་ཐག་ཙམ་ཡང་མ་ཉམས་པར་བྱའོ། །གཞན་ཡང་གེགས་སེལ་བོགས་འདོན་འོད་གསལ་འཆར་སྒོ་ངོས་འཛིན་ཉམས་རྟོགས་དང་ཉིན་མཚན་གྱི་ཁྱད་པར་སོགས་བླ་མ་གོང་མའི་གསུང་སྒྲོས་སུ་གསལ་ལོ། །འདི་དག་ཀྱང་ནི་གུ་མས། འོད་གསལ་འཆར་བྱེད་བླ་མའི་མོས་གུས་དང་། །བདེ་ཆེན་ཟག་བཅས་ཟག་མེད་ལྟ་གདིངགདེང་དང་། །བདེ་གསལ་མི་རྟོག་དབྱེར་མེད་རང་ཤར་འབྱུང་། །སྦྱོར་དངོས་རྗེས་གསུམ་དུས་གནད་བརྒྱན་པར་བྱའོ། །ཞེས་པའི་ཉམས་ལེན་ནོ། །ལྔ་པ་འཕོ་བ་མ་བསྒོམ་སངས་རྒྱས་ནི། ནི་གུ་མས། །འཕོ་བྱ་འཕོ་བྱེད་བྲལ་བ་ཡང་རབ་སྟེ། །འབྲིང་དང་ཐ་མས་ཆགས་སྔང་སྤང་བྱ་སྟེ། །དགའ་ཞིང་མོས་གུས་དམིགས་པ་རྩེ་གཅིག་གིས། །གྱེན་དུ་འཕངས་ཤིང་སྨོན་ལམ་བརྒྱན་པར་བྱ། །ཞེས་གསུངས་པའི་ཉམས་ལེན་ལ། རབ་ལྟ་ཐོག་ནས་འཕོ་བ། འབྲིང་སྒྱུ་ལུས་ནས་འཕོ་བ། ཐ་མ་སྨོན་ལམ་གྱིས་འཕོ་བའོ། །དང་པོ་ནི། འཕོ་བྱ་འཕོ་བྱེད་བྲལ་བའི་རང་སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། ནམ་མཁའ་དྭངས་བ་ལྟ་བུ་བདེ་གསལ་མི་རྟོག་པའི་ངང་ལ་རྩེ་གཅིག་ཏུ་འཇོག་པའོ། །འདི་ལ་ཆོས་སྐུ་དེ་
༡༦༩ བཞིན་ཉིད་ཀྱི་འཕོ་བ་ཡང་ཟེར་རོ། །གཉིས་པ་དབང་པོ་འབྲིང་སྒྱུ་ལུས་ཀྱི་སྟེང་ནས་འཕོ་བ་ལ། ཡི་དམ་ལ་འཕོ་བ་དང་། བླ་མ་ལ་འཕོ་བ་གཉིས། དང་པོ་ལ་སྦྱང་བ་དང་། ལས་ལ་སྦྱོར་བ་གཉིས། དང་པོ་ནི། རང་གི་སྤྱི་བོར་པད་ཉིའི་སྟེང་དུ་ཡི་དམ་འཁོར་ལོ་སྡོམ་པ་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ་ཞིག་ཤིན་ཏུ་གསལ་བར་བསྒོམ། དེ་ལ་མཆོད་པ་འབུལ། ཡི་དམ་དཔལ་ཧེ་རུ་ཀ་བདག་མཁའ་སྤྱོད་ཀྱི་གནས་སུ་དྲང་དུ་གསོལ། །ཅེས་གསོལ་བ་དྲག་ཏུ་གདབ། ཧེ་རུ་ཀས་རིགས་ཀྱི་བུ་ཡར་ཤོག་གསུངས་པའི་གནང་བ་བྱུང་བས་རང་གི་སེམས་འོད་དཀར་པོ་ཞིག་ཏུ་གྱུར་ནས། རྩ་དབུ་མའི་ནང་ནས་ཡར་སོང་སྟེ། སྤྱི་གཙུག་ནས་རྒྱང་ཐོན། ཡི་དམ་ཡབ་ཡུམ་གྱི་ཐུགས་ཀར་ཐིམ། དེ་ནས་ཡི་དམ་ཡབ་ཡུམ་ཀྱང་འོག་མིན་གྱི་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཐུགས་ཀར་ཐིམ་པར་བསམ། དེའི་ཐུགས་ཀ་ན་ཨ་དཀར་པོ་གཅིག་ཡོད་པ་ལ་སེམས་རྩེ་གཅིག་ཏུ་གཏད། དེ་ནས་ཨ་དེ་འོད་དཀར་པོ་ཞིག་ཏུ་སོང་སྟེ་ཡས་མར་བྱུང་རང་གི་ཚངས་བུག་ནས་དབུ་མའི་ནང་ན་མར་ཞུགས། སྙིང་གར་སླེབས་པས་ཨ་དཀར་པོ་ཞིག་ཏུ་སོང་བ་ལ་སེམས་གཏད། དེ་ལྟར་ཡང་དང་ཡང་དུ་སྦྱངས་པས། རབ་ལ་སྤྱི་བོ་བརྡོལ་ནས་ཁྲག་ཆུ་འཛག་པ་འོང་། འབྲིང་ལ་སྤྱི་བོ་འཕྲིགས་པ་ལ་སོགས་པ་འབྱུང་། ཐ་མ་ལ་ཡང་སྤྱི་བོ་ཟ་གུལ་བ་ཡོང་། དེ་རྣམས་འབྱོངས་པའི་རྟགས་ཡིན་ནོ། །དེའི་གནས་སྐབས་རྣམས་སུ་རྣམ་ཤེས་ཐལ་སྲིད་པས། སྤྱི་གཙུག་ན་རིན་པོ་ཆེའི་སྣོད་ཀྱིས་མནན། དེས་ཐུབ་བོ། །གཉིས་པ་ལས་ལ་སྦྱར་བ་ནི། ནམ་ཞིག་འཆི་ལྟས་ཀྱིས་ཕོག་པའི་ཚེ་བླ་མ་ཡི་དམ་ལ་ཚོགས་དང་གཏོར་མ་འབུལ། ལུས་ལོངས་སྤྱོད་ཉེ་འབྲེལ་ལ་སོགས་པ་ཡུལ་ཡིད་དུ་འོང་བ་སོགས་
༡༧༠ གསུམ་ལ་བརྟེན་པའི་ཆགས་སྡང་རྨོངས་གསུམ་ཐམས་ཅད་སྤངས་ལ་གོང་གི་དམིགས་པ་བཞིན་རྩེ་གཅིག་ཏུ་འཕོས་ནས་སེམས་སླར་ལུས་ལ་མི་ལྡོག་གོ །གཉིས་པ་བླ་མ་ལ་འཕོ་བ་ལའང་གཉིས་ལས་སྦྱང་བ་ནི། སྔོན་འགྲོ་གོང་དང་འདྲ། རང་ཡི་དམ་དུ་གསལ་བའི་སྤྱི་བོར་པད་ཟླའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་རྒྱན་ཆ་ལུགས་རྣམས་གོང་སྒྱུ་ལུས་བཞིན་དུ་བསྒོམས་ནས་ཡན་ལག་བདུན་པ་འབུལ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་ཡང་ཡང་བརྗོད་ཅིང་བདག་མཁའ་སྤྱོད་ཀྱི་གནས་སུ་དྲང་དུ་གསོལ། བདག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་གོང་བཞིན་དུ་གནང་བ་བྱུང་བས། རང་སེམས་འོད་དཀར་པོ་ཞིག་ཏུ་སོང་སྟེ་རྩ་དབུ་མའི་ནང་ནས་ཡར་སོང་། ཚངས་བུག་ནས་རྒྱང་འཐོན་ནས་བླ་མའི་ཐུགས་ཀར་ཐིམ་པས་བླ་མ་ཡང་འོད་དུ་ཡལ་ནས་མི་རྟོག་པའི་ངང་དུ་འཇོག །ཡང་ན་བླ་མ་འོག་མིན་དུ་འཁོར་ལོ་སྡོམ་པའི་ཐུགས་ཀར་ཐིམ་པ་སོགས་སྔར་དང་འདྲའོ། །ལས་ལ་སྦྱར་བའང་གོང་གི་རིགས་པས་ཤེས་དགོས་སོ། །ཐ་མ་སྨོན་ལམ་གྱིས་འཕོ་བ་ནི། གང་ཟག་ཐ་མལ་པ་དམིགས་པ་མི་ཆུན་པ་རྣམས་ལ་ནི་འཆི་བའི་ཚེ་ཆགས་སྡང་སྤངས་ནས་དག་པའི་ཞིང་དུ་སྐྱེ་བ་ལ་སོགས་པའི་སྨོན་ལམ་རྣམ་པར་དག་པ་གདབ་ཅིང་སངས་རྒྱས་ཀྱི་མཚན་བྱིན་རླབས་ཅན་སྒྲོག་པ་ལ་སོགས་པ་བྱ་བ་ཡིན་ནོ། །འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ནི་ཞལ་གདམས་ཟུར་དུ་ཡོད་དོ། །སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་འཕོ་བའི་མན་ངག་། །དྲུག་པ་བར་དོ་རྒྱལ་བ་ལོངས་སྐུ་ལ། སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོར་བསྡུས་ནས་བཤད་ན། རང་བཞིན་ལྷུན་གྲུབ་ཀྱི་བར་དོ། ཏིང་འཛིན་བསམ་གཏན་གྱི་བར་དོ། རྣམ་སྨིན་སྐྱེ་ཤིའི་བར་དོ། རྨི་ལམ་བག་ཆགས་ཀྱི་བར་དོ། ལུགས་ལྡོག་འཆི་ཁའི་བར་དོ། ལུགས་འབྱུང་སྲིད་པའི་བར་དོ་སྟེ་དྲུག་ལས། འདིར་སྦྱང་བྱའི་
༡༧༡ བར་དོ་གཙོ་ཆེ་བ་སྐྱེས་ནས་མ་ཤིའི་བར་གྱི་སྐྱེ་ཤི་བར་དོ་དང་། གཉིད་དུ་སོང་ནས་མ་སད་ཀྱི་བར་རྨི་ལམ་བར་དོ་དང་། ཤི་ནས་སྐྱེ་བ་ཕྱི་མ་མ་བླངས་བར་གྱི་སྲིད་པ་བར་དོ་གསུམ་ཡིན་པ་ལས། དང་པོ་ནི། སྦྱོང་བྱེད་སྒྱུ་ལུས་བསྒོམས་པས་སྦྱངས་ལ། གཉིས་པ་ནི་སྦྱོང་བྱེད་རྨི་ལམ་སྦྱོང་སྤེལ་གྱིས་སྦྱང་བར་བྱའོ། །འདིར་སྐབས་སུ་བབ་པ་སྲིད་པ་བར་དོ་སྦྱོང་བའི་ཚུལ་ལ་ནི་གུ་མས། །བར་དོ་སྣང་སོགས་འོད་གསལ་ལོངས་སྐུ་དང་། །གང་འདུལ་སྤྲུལ་སྐུ་མཚམས་སྦྱོར་སྐྱོ་ཤས་གནད། །ཆགས་སྡང་ཕྲག་དོག་འོད་གསལ་ལྷ་སྐུས་སྦྱང་། །སྒྲིབ་གཉིས་རང་དག་སྐུ་གསུམ་མངོན་དུ་འགྱུར། །གཟུགས་སྒྲ་ས་ཆུ་སྣང་མཆེད་ལ་སོགས་པའི། །ཐིམ་འགྲོས་རང་བཞིན་བརྒྱད་ཅུ་ཤེས་པར་བྱ། །ཞེས་གསུངས་པའི་ཉམས་ལེན་ལ། ད་ལྟའི་གནས་སྐབས་སུ་སྲིད་པ་བར་དོ་འདུན་པས་སྦྱང་བའི་ཚུལ་དང་། །འཆི་བ་འོད་གསལ་ཤར་ནས་བར་དོ་ཚུན་ཆད་དུ་ཉམས་སུ་བླངས་ནས་འཚང་རྒྱ་བའི་ཚུལ་གཉིས། དང་པོ་ནི། ཨ་ཙ་མ་ང་ཤི་ནས་བར་དོ་ན་སླེབས་འདུག །གདོས་བཅས་ཀྱི་ལུས་མེད་པས་ཕྱིན་པའི་ཤུལ་ལ་རྐང་རྗེས་ཀྱང་མི་འདུག །ལུས་ལ་ཁམས་དཀར་དམར་མེད་པས་ཕྱི་རོལ་དུ་ཉི་ཟླའི་འོད་མི་སྣང་། རང་གི་གྲིབ་མའང་མི་སྣང་འདུག་པ་བར་དོ་ན་ཡོད་པའི་རྟགས་ཡིན། ང་ལ་བླ་མ་རིན་པོ་ཆེས་བར་དོ་ལ་བར་དོ་ངོ་ཤེས་པར་གྱིས་ལ་བར་དོ་རྒྱལ་བ་ལོངས་སྐུར་ཉམས་སུ་ལོངལོངས་གསུངས་པའི་སྐབས་དེར་སླེབས་འདུག་པས་རེ་ས་གཞན་ན་མེད་དོ། །བླ་མ་དཀོན་མཆོག་མཁྱེན་སྙམ་དུ་གསོལ་བ་གདབ་ཅིང་། རབ་ཀྱིས་ལྟ་ཐོག་ཏུ་འཇོག །འབྲིང་སྒྱུ་ལུས་བསྒོམ། ཐ་མ་སྨོན་ལམ་རྣམ་པར་དག་པར་གདབ་བོ། །ཡང་སྐབས་སུ་ང་ཤི་ནས་བར་དོ་ན་སླེབས་འདུག །དེའི་རྟགས་རེས་འགའ་རམ་འབྲོག་ཆེན་པོ་སྐྱ་ངམ་མེ་བ་དང་། རེས་འགའ་དམར་ངམ་མེ་བ་དང་། རེས་འགའ་ནག་ངམ་མེ་བའི་སྣང་བ་འདུག །འདི་བླ་མའི་གསུང་གིས་ཡང་བའི་
༡༧༢ གནས་གསུམ་ཡོད་གསུངས་པ་དེར་འདུག་པས། རེ་ས་གཞན་ན་མེད་སོགས་སྔར་བཞིན་བསྒོམ། ཡང་སྐབས་སུ་ང་བར་དོ་ན་འདུག །ས་རླུང་ལོག་པས་རི་བོ་སོགས་གྲུམ་པའི་སྒྲ་དང་། དེའི་འོག་ཏུ་འཆོར་བའི་སྣང་བ་དང་། ཆུ་རླུང་ལོག་པས་ཆུ་བོ་ཆེན་པོའ་སྒྲ་དང་། དེས་ཁྱེར་བའི་སྣང་བ་འབྱུང་། མེ་རླུང་ལོག་པས་ནགས་མེས་ཚིག་པ་ལ་སོགས་མེའི་སྒྲ་དང་། དེས་ཚིག་པ་འདྲ་བའི་སྣང་བ་འབྱུང་། རླུང་གི་རླུང་ལོགས་པའི་སྟོབས་ཀྱིས་ལས་ཀྱི་རླུང་ཆེན་པོའ་སྒྲ་དང་། དེས་ཁྱེར་བའི་སྣང་བ་འབྱུང་བ་འདི་བླ་མས་བར་དོར་འཇིགས་པའི་སྒྲ་བཞི་འབྱུང་གསུངས་པ་དེར་འདུག་པས། རེ་ས་གཞན་ན་མེད་དོ་སོགས་གོང་བཞིན་བསྒོམ། ཡང་སྐབས་སུ་ང་ཤི་ནས་བར་དོ་ན་འདུག །གནས་མ་ངེས་པ་རེས་འགའ་ལྷ་ཁང་དང་། ཁང་ཁྱིམ་ལ་སོགས་པའི་སྣང་བ་འཆར། རེས་འགའ་ས་ཕུག་དང་སྤྱིལ་པོ་ལ་སོགས་པའི་སྣང་བ་འཆར། གྲོགས་ལ་ངེས་པ་མེད་པ་རེས་འགའ་ལྷའི་བུ་དང་བུ་མོ་སོགས་ཡིད་དུ་འོང་བ་དང་འགྲོགས། རེས་འགའ་འདྲེ་དང་སྲིན་པོ་སོགས་ཡིད་དུ་མི་འོང་བ་དང་འགྲོགས་པའི་སྣང་བ་འཆར། ཟས་མ་ངེས་པ་རེས་འགའ་བདུད་རྩི་དང་རེས་འགའ་མི་གཙང་བ་སོགས་ཀྱི་དྲིས་ཚིམས་པའི་སྣང་བ་འཆར། གོས་མ་ངེས་པ་རེས་འགའ་རེ་ཤགས་ལ་སོགས་པ་དང་། རེས་འགའ་དར་ཟབ་ལ་སོགས་གྱོན་པའི་སྣང་བ་འཆར། སྣང་བ་མ་ངེས་པ་ད་ལྟར་རང་རང་གི །ཡུལ་ན་ཡོད་པ་ལ་དེ་མ་ཐག་གཤེད་དུ་ཡུལ་གཞན་དུ་སླེབས་པའི་སྣང་བ་འཆར། སྐྱབས་མ་ངེས་པ་རེས་འགའ་ཟམ་པ་དང་ངལ་སྟེགས་ལྗོན་ཤིང་ལ་སོགས་པ་ལ་སྐྱབས་སུ་འགྲོ་བའི་སྣང་བ་འཆར་གིན་འདུག་པས། འདི་བླ་མས་བར་དོར་མ་ངེས་པའི་རྟགས་དྲུག་ཡོད་གསུངས་པ་དེར་འདུག་པས། རེ་ས་གཞན་ན་མེད་དོ་ཞེས་སོགས་གོང་བཞིན་བསྒོམ། གཞན་ཡང་ང་ཤི་ནས་བར་དོ་ན་སླེབས་འདུག །ཁར་སེངསང་ངས་ཉེ་དུ་སོགས་ལ་གཏམ་ལབ་དུས་གཏམ་ལན་ཡོད་པ་ལ་ད་གཏམ་ལན་མི་ཁུག་འདུག །ཟས་སུའང་དྲི་
༡༧༣ ཟ་བར་འདུག །རི་བོ་སོགས་ལའང་ཐོགས་མེད་དུ་ཕྱིན་ནས་གང་འདོད་པའི་ས་དེར་ཡུད་ཙམ་གྱིས་སླེབ་པར་འདུག་ཅེས་སོགས་ཟས་ཟ་བ་གཏམ་ལབ་པ་གོས་གྱོན་པ་སོགས་མདོར་ན་སྤྱོད་ལམ་བཞི་པོ་ཐམས་ཅད་དུ་ཨ་བར་དོ་ན་སླེབ་འདུག་ཅེས་སོགས་དང་། རེ་ས་གཞན་ན་མེད་དོ་བླ་མ་དཀོན་མཆོག་མཁྱེན་ནོ་ཞེས་གསོལ་བ་འདེབས་པ་དང་། དེའི་ངང་ནས་རབ་ཀྱིས་ལྟ་ཐོག་ཏུ་འཇོག །འབྲིང་སྒྱུ་ལུས་བསྒོམ། ཐ་མས་སྨོན་ལམ་རྣམ་དག་གདབ་པོ། །གཉིས་པ་འོད་གསལ་ཤར་ནས་བར་དོ་ཚུན་ཆད་དུ་ཉམས་སུ་བླངས་ནས་འཚང་རྒྱ་བའི་ཚུལ་ལ་རབ་བར་དོ་དང་པོའ་འོད་གསལ་རང་ཤར། འབྲིང་རྒྱལ་བ་ལོངས་སྐུ་རང་ཤར། ཐ་མ་སྤྲུལ་སྐུ་འགགས་མེད་རང་ཤར། སྤྱིའི་གནད་འཆུག་མེད་ལམ་ཁྱེར་རོ། །དང་པོ་ནི་རིམ་གྱིས་འཆི་བའི་དབང་དུ་བྱས་ན། དང་པོ་ཡུལ་སྣང་ལྔ་ཐིམ་པའི་ཚུལ་ནི། གཟུགས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་ཅུང་ཟད་མི་གསལ་དུ་འགྲོ། །སྒྲ་དྲི་ལ་ཐིམ་པས་རྣ་བས་སྒྲ་མི་ཚོར། དྲི་རོ་ལ་ཐིམ་པས་སྣས་དྲི་མི་ཚོར། རོ་རེག་བྱ་ལ་ཐིམ་པས་ལྕེས་རོ་བཅུད་མི་ཚོར། རེག་བྱའི་ཆོས་རླུང་ལ་ཐིམ་པས་ལུས་ཀྱིས་རེག་བྱ་རྣམས་ཇི་ལྟ་བ་བཞིན་མི་ཚོར་ཞིང་། ལུས་ཀྱི་མདངས་ངན་དུ་འགྲོའོ། །འབྱུང་བ་ཐིམ་ཚུལ་ནི། དང་པོ་ས་ཆུ་ལ་ཐིམ་པས་ལུས་ཀྱི་སྟོབས་ཉམས། ཁ་ཆུ་དང་སྣ་ཆུ་འཛག །ཆུ་མེ་ལ་ཐིམ་པས་ལྕེ་དང་ཁ་སྣ་སོགས་གཤེར་བའི་ཆ་ཐམས་ཅད་སྐམ། མེ་རླུང་ལ་ཐིམ་པས་ལུས་དྲོད་མཐའ་ནས་སྡུད། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་ནང་གི་དབུགས་ཀྱི་རྒྱུ་བ་ཆད་དོ། །རྣམ་ཤེས་འོད་གསལ་ལ་ཐིམ་པས་སྐད་ཅིག་དང་པོའ་སྐབས་སུ་ཁམས་དྭངས་མ་དཀར་པོ་ཆུའི་རང་བཞིན་སྤྱི་གཙུག་ན་ཡི་གེ་ཧཾ་གི་རྣམ་པར་གནས་པ་དེ་ཐུར་དུ་བབས་པས། ཕྱི་རྟགས་སུ་ཟླ་བ་ཤར་བ་ལྟ་བུ་དཀར་ལམ་པ་འབྱུང་། ནང་རྟགས་སུ་དུ་བ་ལྟ་བུ་བན་བུན་ནམ་སྨྲིག་རྒྱུ་ལྟ་བུ་ལང་ལང་འོད་ཟེར་ལྔ་དང་
༡༧༤ ལྡན་པ་འཕྲོ་བ་འབྱུང་། དེའི་དུས་སུ་སྣང་བ་ཞེས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མ་གཅིག་དང་པོར་འཆར་རོ། །དེའི་སྟོབས་ཀྱིས་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་སོ་གསུམ་པོ་འགགས་ཤིང་། དེའི་དུས་སུ་དགྲ་མི་ཤ་བོ་ལ་ཡང་ཞེ་སྡང་སྐྱེ་བ་འབྱུང་། །དེའི་རྗེས་སུ་ཁམས་དྭངས་མ་དམར་པོ་མེའི་རང་བཞིན་ལྟེ་བ་ན་གཏུམ་མོ་ཨ་ཐུང་གི་རྣམ་པར་གནས་པ་དེ་གྱེན་ལ་འབར་བས། ཕྱི་རྟགས་སུ་ཉི་མ་ཤར་བ་ལྟ་བུ་ལ། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཆེམས་པ་འབྱུང་། དེའི་དུས་སུ་མཆེད་པ་ཞེས་བྱ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྔར་བས་ཆེས་གསལ་ལ་འཛིན་པ་མེད་པ་དེ་ལ་ལྷན་ནེར་གནས་པ་སྐད་ཅིག་མ་གཉིས་པ་འབྱུང་སྟེ། དེའི་སྟོབས་ཀྱིས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས་ཤིང་། དེའི་དུས་སུ་ལྷའི་བུ་དང་བུ་མོ་ལ་ཡང་འདོད་ཆགས་མི་སྐྱེ་བ་འབྱུང་ངོ་། །དཀར་དམར་གཉིས་པོ་དེ་དང་པོར་སྙིང་གར་འཕྲད་པའི་བར་དུ་རླུང་སེམས་གཉིས་ཚུགཚུགས་པ་ལས། ཕྱི་རྟགས་སུ་མུན་སྲོས་པ་ལྟ་བུ་ནག་འཐིབས་པ་ཡོད། ནང་རྟགས་སུ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་གསལ་ལ་མི་རྟོག་པ་སིང་བ་ཞིག་འབྱུང་། དེའི་དུས་སུ་ཐོབ་པ་ཞེས་བྱ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་གསལ་ལ་འཛིན་པ་ཐམས་ཅད་དང་བྲལ་བ་དེ་ལ་ལྷན་ནེར་གནས་པ་སྐད་ཅིག་མ་གསུམ་པ་འབྱུང་སྟེ། དེའི་སྟོབས་ཀྱིས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་པོ་འགག་གོ །སྙིང་གར་ཁམས་དཀར་དམར་གཉིས་ཀྱི་བར་དུ་ཆུགཚུགས་པའི་རླུང་སེམས་དབུ་མར་ཆུད་པ་ལས། ཕྱི་རྟགས་ཐོ་རངས་སྐྱ་རེངས་ཤར་བ་ལྟ་བུ་སྐྱ་ལམ་པ་ཞིག་འབྱུང་། ནང་རྟགས་སྟོན་ཀའི་ནམ་མཁའ་ལ་ཉི་མའི་མདངས་ཕོག་པ་ལྟ་བུ་འབྱུང་ཞིང་། བདེ་སྟོང་གི་ཉམས་འཆར་བར་འགྱུར་རོ། །དེའི་དུས་སུ་ཉེ་བར་ཐོབ་པ་རང་བཞིན་གྱི་འོད་གསལ་ཞེས་བྱ་བ་ཞེན་རྟོག་ཀྱི་དྲི་མ་ཐམས་ཅད་དང་བྲལ་བ་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མ་བཞི་པ་འབྱུང་ཞིང་། ཡེ་
༡༧༥ ཤེས་དེས་རང་བཞིན་བརྒྱད་ཅུའི་རྣམ་རྟོག་ཕྲ་རགས་ཀྱི་ཆ་དང་བཅས་པ་ཐམས་ཅད་འོད་གསལ་ལ་ཐིམ་པར་འགྱུར་རོ། །འདི་ལ་རང་བཞིན་གྱི་འོད་གསལ་ཞེས་ཀྱང་བྱ། འཆི་བ་འོད་གསལ་ཆོས་སྐུའི་ཕོ་བྲང་ཞེས་ཀྱང་བྱ། བར་དོ་དང་པོ་འོད་གསལ་རང་ཤར་ཞེས་ཀྱང་བྱ་ཞིང་། སྔར་འོད་གསལ་འདྲིས་ཡོད་པའི་གང་ཟག་དབང་པོ་རབ་རྣམས་ཀྱིས་རང་བཞིན་གྱི་འོད་གསལ་དེ་དང་། སླར་བསྒོམས་པའི་འོད་གསལ་གཉིས་མ་བུ་འཕྲོད་ནས་འོད་གསལ་དེ་ཉིད་ངོས་བཟུང་སྟེ། དེའི་ངང་དུ་རྩེ་གཅིག་ཏུ་གནས་པས་སྲིད་པ་བར་དོར་འཇུག་མི་དགོས་པར་ཆོས་སྐུར་འཚང་རྒྱ་ཞིང་། ཆོས་སྐུ་སྐྱ་མེད་དེ་ལས་མ་གཡོས་བཞིན་གཟུགས་སྐུ་གཉིས་རང་ཤར་ལྷུན་གྲུབ་ཏུ་འབྱུང་ནས་དེས་འཁོར་བ་མ་སྟོངས་ཀྱི་བར་དུ། གང་ལ་གང་འདུལ་གྱིས་སེམས་ཅན་སྨིན་གྲོལ་ལ་འགོད་པར་བྱེད་དོ། །ཡེ་ཤེས་རོལ་པའི་རྒྱུད་ལས། །འོད་གསལ་ཟིན་པའི་གང་ཟག་ལ། །བར་དོའ་གྲོང་ཁྱེར་དེས་མི་མཐོང་། །གཞན་དོན་གཟུགས་སྐུའི་སྣང་བ་འཆར། །དཔེར་ན་ཡིད་བཞིན་ནོར་བུ་འདྲ། །ཞེས་གསུངས་སོ། །དེ་ནི་རིམ་གྱིས་པའི་དབང་དུ་བྱས་པ་གཙོ་ཆེ་བ་ཙམ་ཡིན། ཅིག་ཆར་བ་ལ་དེ་འདྲ་བའི་རིམ་པའི་ངེས་པ་མེད། སྐྱེས་བུ་ཐ་མལ་པ་འཆི་བའི་འབྱུང་བ་སོགས་ཐིམ་ཚུལ་དང་། རྣལ་འབྱོར་པས་བསྒོམས་པའི་ཉམས་འཆར་ཚུལ་འདྲ་བས། དུ་བ་དང་སྨྲིག་རྒྱུ་སོགས་དང་པོར་འབྱུང་བའི་ངེས་པ་མེད་དོ། །མདོར་ན་རྒྱལ་བས་མདོ་རྒྱུད་ལས་གསུངས་པ་དང་། བླ་མ་སྒོམ་པ་མཚན་ཉིད་དང་ལྡན་པའི་གསུང་དང་། རང་གིས་བསྒོམས་པའི་མྱོང་བ་གསུམ་པོ་མཐུན་དགོས་ཀྱིས། གོ་ཡུལ་དང་མྱོང་བ་སོ་སོར་སོང་ན་གྱོདགྱོང་བྱེད་ཅིང་། ཕོ་ཚོད་ཚབས་སུ་འགྲོ་བ་དཀའ་བས་ཆོས་པར་ཁས་འཆེ་བ་ཚོ་གཟབ་དགོས་སོ། །གཉིས་པ་འབྲིང་རྒྱལ་བ་ལོངས་སྐུ་རང་ཤར་ནི། དབང་པོ་འབྲིང་ལ་བར་དོ་དང་པོའ་འོད་གསལ་ལ་གནས་པར་མ་ནུས་པའི་གང་ཟག་
༡༧༦ གིས་སྲིད་པ་བར་དོར་འཇུག་དགོས་ཤིང་། དེའི་བདུན་ཕྲག་དང་པོ་ལ་ལོངས་སྐུ་ཐོབ་པའི་ཕྱིར་དུ་འབད་དགོས་སོ། །དེ་ལ་བདུན་ཕྲག་དང་པོའ་ཞག་ཕྱེད་དང་བཞི་ཚུན་ཆད་ལ་སྐྱེ་བ་སྔ་མའི་ལུས། ཡུལ། ཁྱིམ། ནོར་རྫས། ཉེ་འབྲེལ་སོགས་ཀྱི་སྣང་བ་འཆར་བས། དུས་དེར་བར་དོར་ཤེས་པ་འབྱུང་དཀའ། དེ་ནས་ཞག་ཕྱེད་དང་བཞི་སོང་ནས་ཕྱི་མའི་ལུས་ཀྱི་སྣང་བ་ཡུད་ཙམ་རེ་ཤར་ནས་སྔ་མའི་ལུས་སྣང་དེས་རྟག་མ་ཐུབ་པ་དང་། བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་གྱིས་ཉེན་ནས་སྔ་མའི་ཉེ་འབྲེལ་རྣམས་ཀྱི་རྩར་ཕྱིན་ནས་ཟས་སྐོམ་བླངས་པས། ཟས་སྐོམ་སྟེར་བ་ལྟ་ཞོག་གཏམ་ལན་ཙམ་ཡང་མི་སྨྲ་བར་རང་གི་མིང་ནས་འབོད་ཅིང་མྱ་ངན་དང་སྨྲེ་སྔགས་འདོན་པ་མཐོང་ནས་ཨ་པ་ང་ཤི་འདུག་སྙམ་དུ་ངོ་ཤེས་པ་འབྱུང་། དེའི་ཚེ་བླ་མ་དམ་པའི་ཞལ་ནས་བར་དོ་ལ་བར་དོར་ངོ་ཤེས་པར་གྱིས་ལ་རྒྱལ་བ་ལོངས་སྐུ་ཉམས་སུ་ལོང་ཞིགལོངས་ཤིག་གསུངས་པའི་དུས་དེར་སླེབ་འདུག་སྙམ་དུ་ཤེས་པ་སྔར་གོམས་པའི་སྟོབས་ཀྱིས་འབྱུང་ཞིང་དེའི་ཚེ་བར་དོ་རྒྱལ་བ་ལོངས་སྐུར་སངས་རྒྱས་པས་ཆོག །རེ་དགའ་སྙམ་པའི་འདུན་པ་དང་ལྡན་པས་བླ་མ་ལ་གསོལ་བ་བཏབ་ནས་བར་དོའ་སྣང་བ་ཐམས་ཅད་རང་གི་སེམས་སྣང་ཡིན། རང་གི་སེམས་སྣང་ཐམས་ཅད་སྒྱུ་མ་རྨི་ལམ་ཡིན་སྙམ་དུ་བསམས་ནས། རང་ཡི་དམ་ལྷ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོར་བསྒྱུར་ཅིང་བསྒོམས་པས་སྔར་བསྒོམས་པའི་སྟོབས་ཀྱིས། རང་རྒྱལ་བ་ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པའི་ལྷ་སྐུ། ཆོས་སྐུའི་ངོ་བོ། །ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས། དེ་གསུམ་དབྱེར་མེད་པའི་བདེ་བ་ཆེན་པོའ་སྐུར་རང་ཤར་དུ་འབྱུང་སྟེ། དེས་འཁོར་བ་མ་སྟོངས་ཀྱི་བར་དུ་གདུལ་བྱ་གང་ལ་གང་འདུལ་གྱིས་སྨིན་གྲོལ་ལ་འགོད་པར་བྱེད་དོ། །སྔར་བསྒོམས་པ་ཞིག་ཡིན་ན་དེའི་སྟོབས་ཀྱིས་བར་དོའ་
༡༧༧ ཤེས་པ་དེ་ང་ལྟ་བས་ཤེས་པ་སུམ་བཅུ་འགྱུར་གྱིས་གསལ་བས་སངས་མི་རྒྱ་མི་སྲིད་པས་ཐེ་ཚོམ་མ་བྱེད་པར་སྒོམས་ཤིག །བདུན་ཕྲག་དང་པོར་སངས་མ་རྒྱས་ན་སྔར་བསྒོམས་པའི་སྟོབས་ཆེན་པོ་མེད་པ་དང་། དབང་པོ་ཡང་ཐ་མར་སོང་བ་ཡིན་པས། གསུམ་པ་དབང་པོ་ཐ་མས་སྤྲུལ་སྐུ་འགགས་མེད་རང་ཤར་ནི་ཞག་བདུན་ཕྲག་བདུན་གྱི་བར་དུ་བར་དོར་གནས་སྲིད་པས། དེ་ལ་ང་ཤི་ནས་བར་དོ་ན་འདུག་སྙམ་པའི་སྡུག་བསྔལ་ཆེན་པོ་འབྱུང་ཞིང་། དེའི་རྗེས་ལ་ཕ་མ་དང་ཕོ་མོ་སོགས་ལ་དམིགས་པའི་འདོད་ཆགས་སྐྱེས་ནས་དེ་ལ་བརྟེན་པའི་ཕྲག་དོག་དང་མིག་སེར་སྐྱེ། དེས་མཚམས་སྦྱར་ནས་འཁོར་བར་སྐྱེ་བ་ལེན་པར་འགྱུར་བས། དེ་ལ་ང་ཤི་འདུག་སྙམ་པའི་དུས་དེར། ཀྱེ་མ་ཆགས་སྡང་སྐྱེས་ན་དེའི་དབང་གིས་འཁོར་བར་སྐྱེ་བ་ལེན་པར་འགྱུར་ཞིང་དེས་སྡུག་བསྔལ་བས། ད་ནི་བདེ་ཆེན་གྱི་ཞིང་དུ་མཆོག་གི་དངོས་གྲུབ་ཐོབ་པར་བྱའོ་སྙམ་པ་དང་། བར་དོའ་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ཡིན་སྙམ་དུ་བསམ་ཞིང་བླ་མ་ལ་གསོལ་བ་གདབ། དེ་ནས་རང་གི་མདུན་དུ་ཆོས་འབྱུང་མཐིང་ནག་གཅིག་གི་ནང་དུ་རང་སེམས་ཧཱུྃ་སྔོན་པོར་གྱུར་པར་བསམ། དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་པ་འཕྲོས་པས། འགྲོ་བ་ལྔའི་བག་ཆགས་དང་དྲི་མ་སྦྱངས། མངལ་སྒོ་བཀག་པར་བསམ་མོ། །དེ་ནས་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རང་སེམས་ཡི་དམ་ཡབ་ཡུམ་དུ་བསྒོམ། བར་དོའ་ཆགས་སྡང་གི་ཡུལ་ཕོ་མོར་སྣང་བ་དེ་ཡང་ཡི་དམ་ཡབ་ཡུམ་དུ་བསྒོམས་ནས། མཆོད་པ་འབུལ་ཞིང་གསོལ་བ་བཏབ། སྒྲ་གྲགས་ཚད་སྔགས། དྲན་རྟོག་ཐམས་ཅད་ལྷ་སྐུ་ཕྱག་རྒྱ་ཆེན་པོའ་ངང་དུ་སྐད་ཅིག་ཡུད་ཙམ་མཉམ་པར་བཞག་པར། ཕྱི་ནང་སྣོད་བཅུད་ཐམས་ཅད་དང་རང་ལུས་སྣང་སྟོང་ཞེན་བྲལ་གྱི་སྤྲུལ་སྐུའི་སྣང་བ་འབའ་ཞིག་རང་ཤར་དུ་བྱུང་ནས། དུས་དེ་ཉིད་དུ་འཚང་མི་རྒྱ་མི་སྲིད་དོ། །བཞི་པ་སྤྱི་གནད་འཆུག་མེད་ལམ་ཁྱེར་ནི། དབང་པོ་རབ་འབྲིང་ཐ་མ་གསུམ་ཀའི་སྐབས་སུ་བར་དོ་སྐྱོ་
༡༧༨ ཤས་ཀྱི་གནད་ཡིན་པས་བར་དོའ་དྲན་འདུན་དང་། སྐྱོ་ཤས་དྲག་པོ་སྐྱེད་ཅིང་བླ་མ་ལ་གསོལ་བ་གདབ། ཕོ་མོར་སྣང་བ་སོགས་མདོར་ན་བདག་གཞན་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་བཅས་པའི་ཡི་དམ་ཡབ་ཡུམ་དུ་བསྒོམ། སྤྲུལ་སྒྱུར་གྱི་དྲན་འདུན་ཡེ་མ་ཉམས་པར་བྱའོ། །རྒྱས་པར་བླ་མ་གོང་མའི་གསུང་སྒྲོས་རྣམས་སུ་ཤེས་པར་བྱའོ། །དེ་དག་གིས་ནི་གུ་ཆོས་དྲུག་གཞལ་གདམས་མདོ་ཙམ་དུ་བཤད་པའོ། །མདོར་ན་རྩོད་ལྡན་སྙིགས་མའི་དུས་འདིར། སེམས་ཅན་རྣམས་ལོག་ལྟས་རྒྱུད་གང་བའི་སྟོབས་ཀྱིས་ཆོས་པར་རློམས་པ་རྣམས་ཀྱང་ཕལ་ཆེར་ཚོང་དུས་སུ་འོ་མ་ལ་ཆུས་བསླད་ནས་འཚོང་བ་བཞིན་དུ། བླ་མ་གོང་མའི་གསུང་དང་རྒྱལ་བའི་བཀའ་ལ་རང་གི་རྟོག་བཟོས་བསླད་ནས་རང་གཞན་ཐམས་ཅད་སླུ་བར་བྱེད་པས་གོང་མའི་གསུང་དང་ཐེམ་ཡིག །རང་གི་མྱོང་བ་དང་སྦྱར་ནས་ལྟ་བ་རྣམ་པར་དག་པ་དང་ལྡན་པས་མན་ངག་ཁྱད་པར་ཅན་འདི་ཉམས་སུ་ལེན་པའི་དཀའ་སྤྱད་བཟོད་པར་བྱས་ཏེ་རྩེ་གཅིག་ཏུ་ཉམས་སུ་བླངས་ན་ཚོཚེ་འདིའམ་བར་དོ་ཚུན་ཆད་དུ་སངས་རྒྱས་ནས་མཁའ་སྤྱོད་ཀྱི་གནས་སུ་འགྲོ་བར་ངེས་པ་ཡིན་ནོ། །འདིར་ཡང་ནི་གུ་མས། །ལོག་ལྟས་རྒྱུད་དཀྲུགས་རྩོད་ལྡན་སྙིགས་མའི་དུས། །ཡང་དག་ཆོས་ནི་ཉིན་སྐར་རུས་སྦལ་སྤུ། །ལོག་ཆོས་ཚོང་དུས་འོ་མའི་ཆོས་སྤྱོད་ཚེ། །ཉམས་མྱོང་ལུང་དང་ཐེམསཐེམ་ཡིག་རྒྱན་པར་གཅེས། །ལམ་གྱི་མཆོག་གྱུར་འདི་ཉིད་ཉམས་ལེན་ཚེ། །གཞན་གྱི་དུས་མིན་འཆི་ཁའམ་བར་མ་དོར། །བདེ་སྟོང་ཟུང་འཇུག་སྐུ་གསུམ་རང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཉིད་དུ་འགྲོ། །ཞེས་བཀའ་རྒྱ་དང་བཅས་ནས་གསུངས་སོ། །ནི་གུ་ཆོས་དྲུག་གི་ཞལ་གདམས་གྱིཀྱི་གནད་ཡིག་སྙིང་པོ་ཀུན་འདུས་ཞེས་བྱ་བ། བླ་མ་རྣམས་ཀྱི་ཞལ་གདམས་ཕྱོགས་གཅིག་ཏུ་དྲིལ་བ་འདི་ནི་ལུང་སྟོང་གི་སྨྱོན་པས། ཐར་པ་གླིང་གི་སྒྲུབ་ཁང་ཞལ་དཀར་
༡༧༩ ལྷ་གདོང་དུ་ཉམས་སུ་བླངས་པའི་རྟོགས་པ་ལ་དཔེས་ནས་གནས་མཆོག་རི་བོ་ཆེར་སྟག་ལོ་ཟླ་བ་བདུན་པའི་ཚེས་བཅུ་མཁའ་འགྲོ་འདུ་བའི་དུས་སུ་ཡོངས་སུ་རྫོགས་པར་སྦྱར་བའོ། །ཡི་གེ་པ་ནི་བཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ཡིན་ནོ། །ཉམས་རྟོགས་ཡར་ངོའ་ཟླ་ལྟར་གོང་ནས་གོང་དུ་འཕེལ་བར་ཤོག །མངྒ་ལཾ་བྷ་།།

༄༅། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་སྤྱི་སྡོམ་རྩ་ཚིག་བཞུགས་སོ། ༎

༦༣ ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་སྤྱི་སྡོམ་རྩ་ཚིག་བཞུགས་སོ།། །།
༦༤ ན་མོ་མ་ཧཱ་མུ་དྲཱ་ཡ། །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་སྟོན་པ་ལ། །སྔོན་འགྲོ་དངོས་གཞི་རྗེས་དང་རྣམ་པ་གསུམ། །སྔོན་འགྲོ་ལའང་ཐུན་མོང་ཐུན་མོང་མིན། །ཁྱད་པར་གྱི་ནི་སྔོན་འགྲོ་རྣམ་པ་གསུམ། །དང་པོ་དལ་འབྱོར་རྙེད་དཀའ་མི་རྟག་པ། །ལས་འབྲས་འཁོར་བའི་ཉེས་དམིགས་སྒོམ་པ་བཞི། །དང་པོའ་བསྒོམ་བྱ་དལ་འབྱོར་རིན་ཆེན་འདི། །ཐོབ་དཀའ་འཇིག་སླ་ད་རེས་དོན་ཡོད་བྱ། །གཉིས་པ་སྣོད་བཅུད་ཐམས་ཅད་མི་རྟག་ཅིང་། །དགོས་སུ་འགྲོ་བའི་ཚེ་སྲོག་ཆུ་བུར་འདྲ། །ནམ་འཆི་ཆ་མེད་ཤི་ཚེ་རོ་རུ་གྱུར། །དེ་ལ་ཆོས་ཀྱིས་ཕན་ཕྱིར་བརྩོན་པས་བསྒྲུབ། །གསུམ་པ་ཤི་ཚེ་རང་དབང་མི་བདུ་བར། །ལས་ནི་བདག་གིར་བྱེད་ཕྱིར་སྡིག་པ་སྤང་། །དགེ་བའི་བྱ་བས་རྟག་ཏུ་འདའ་བར་བྱ། །བཞི་པ་འཁོར་བའི་གནས་གྲོགས་བདེ་འབྱོར་སོགས། །སྡུག་བསྔལ་གསུམ་གྱིས་རྟག་ཏུ་མནར་བའི་ཕྱིར། །གསོད་སར་ཁྲིད་པའི་གཤེད་མའི་དགའ་སྟོན་ལྟར། །ཞེན་འཁྲིས་བཅད་ནས་བཙུན་པས་བྱང་ཆུབ་བསྒྲུབ། །ཐུན་མོང་མིན་པའི་སྔོན་འགྲོ་སྐྱབས་སེམས་
༦༥ དང་། །རྡོར་སེམས་མཎྜལ་བླ་མའི་སྒོམ་བཟླས་བཞི། །དང་པོ་སྐྱབས་ཡུལ་ལྷ་ཚོམ་གསལ་བཏབ་ལ། །མདུན་ན་བདག་སོགས་མ་རྒན་ཀུན་གནས་པས། །སྐྱབས་འགྲོ་བྱེད་པར་དམིགས་ལ་སྐྱབས་འགྲོ་བྱ། །ཚད་མེད་བཞི་བསྒོམ་སེམས་བསྐྱེད་སྙིང་ནས་བྱ། །གཉིས་པ་སྤྱི་བོར་རྡོར་སེམས་སྔགས་བཅས་བསམ། །བཤགས་སྡོམ་བྱས་པས་བདུད་རྩིའི་རྒྱུན་བབས་ཏེ། །རང་གི་ལུས་ཞུགས་སྡིག་སྒྲིབ་ཀུན་སྦྱངས་ནས། །ཡིག་བརྒྱ་བརྗོད་པས་སྒྲིབ་བྱང་རྟགས་རྣམ་འོང་། །གསུམ་པ་སྒྲུབ་པ་ཚོམ་བུ་ལྔ་པོ་ལ། །དཀོན་མཆོག་ལྔ་བསྐྱེད་མཆོད་པའི་མཎྜལ་ནི། །དངོས་འབྱོར་ཡིག་སྤྲུལ་དུ་མ་ཕུལ་བ་ལས། །ཚོགས་གཉིས་རྫོགས་པའི་རྟགས་རྣམས་རིམ་བཞིན་འཆར། །བཞི་པ་སྤྱི་བོར་བླ་མ་བསྒོམས་བྱས་ལ། །མོས་གུས་དྲག་པོས་གསོལ་བཏབ་དབང་བཞི་བླང་། །མཉེས་པ་ལྔ་ཡིས་བླ་མ་བསྟེན་བྱས་ན། །ཐུགས་རྗེའི་བྱིན་རླབས་ཞུགས་པའི་རྟགས་རྣམས་འབྱུང་། །ཐུན་བསྡུའི་ཚེ་ན་སྐྱབས་ཡུལ་རྡོར་སེམས་དང་། །སྒྲུབ་པའི་མཎྜལ་ལྷ་ཚོགས་བླ་མ་རྣམས། །འོད་ཞུ་རང་ལ་ཐིམ་པས་
༦༦ དེ་དག་གི། །སྐུ་གསུང་ཐུགས་དང་དབྱེར་མེད་གྱུར་པར་བསམ། །ཁྱད་པར་སྔོན་འགྲོ་མ་ཞེན་རྒྱུ་ཡི་རྐྱེན། །བླ་མ་བཞི་ཡིས་ཟིན་པ་བདག་པོའ་རྐྱེན། །དམིགས་རྐྱེན་བསྒོམ་བྱའི་དམིགས་པ་མ་འཁྲུལ་བ། །དེ་མ་ཐག་རྐྱེན་རེ་དོགས་སྤང་བླང་དང་། །དགག་སྒྲུབ་མེད་པར་གང་ཤར་སྐྱོང་བའོ། །དངོས་གཞི་ཞི་གནས་ལྷག་མཐོང་རྣམ་པ་གཉིས། །དང་པོར་ལུས་གནད་སེམས་གནད་ལུས་གནད་ནི། །བསམ་གཏན་ཆོས་བདུན་སྐྱོན་མེད་ལེགས་པར་བཅའ། །སེམས་གནད་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི། །དུས་གསུམ་སྤྲོས་བཅད་གང་ཤར་ངང་དུ་བཞག། །བྱེ་བྲག་ལ་ནི་མ་ཟིན་ཟིན་བྱེད་དང་། །ཟིན་པ་བརྟན་བྱེད་བརྟན་པ་བོགས་དབྱུང་གསུམ། །དང་པོར་དམིགས་པ་དམིགས་མེད་རླུང་དང་གསུམ། །དང་པོ་ལ་ཡང་ཕྱི་ནང་གཉིས་ལས་ཕྱི། །མ་དག་པ་དང་དག་པ་གཉིས་སུ་འདུས། །དང་པོ་ཤེལ་རྡེལ་རྩིག་པ་མར་མེ་སོགས། །གཉིས་པ་དེ་བཞིན་གཤེགས་པའི་སྐུ་ལ་འཛིན། །བྱིང་རྒོད་སྐྱོན་ཀྱང་ལྟ་སྟངས་ཉིད་ཀྱིས་སེལ། །ནང་འཛིན་བླ་མ་ཡི་དམ་གང་རུང་ངོ་། །དེ་ཡི་ངོ་བོ་འོད་ཀྱི་གོང་བུ་ནི། །རང་གི་སྙིང་གི་དཀྱིལ་དུ་བསྒོམ་པའོ། །དམིགས་མེད་འབྱུང་བཞི་གཅིག་ཐིམ་སྟོང་པར་འཛིན། །གསུམ་པ་རླུང་ནི་བུམ་ཅན་གྲངས་ལ་འཛིན། །ཟིན་པ་བརྟན་བྱེད་སྙིང་གར་པདྨ་ནི། །དཀར་ནག་གཉིས་ལས་ཐིག་ལེ་དཀར་ནག་གཉིས། །བྱིང་རྒོད་དང་བསྟུན་ཅི་རིགས་སྒོམ་པའམ། །རྒྱུན་དུ་སྤེལ་ནས་བསྒོམ་པར་བྱ་བའོ། །ཡང་ན་འཇོག་དང་ཀུན་འཇོག་ངེས་འཇོག་དང་། །ཉེ་བར་འཇོག་དང་དུལ་བྱེད་ཉེར་ཞིར་བྱེད། །རྒྱུད་གཅིག་བྱེད་དང་མཉམ་འཇོག་གནས་ཐབས་དགུ། །བརྟན་པ་བོགས་དབྱུང་ཡུལ་དྲུག་སོ་སོ་དང་། །ཡིད་ཡུལ་དགེ་དང་མི་དགེ་གང་སྐྱེས་པ། །དེ་ལ་དགག་སྒྲུབ་མེད་པར་སོ་སོར་འཛིན། །ཐུན་ཐུང་གྲངས་མང་ལྷོད་ཀྱིས་གློད་
༦༧ ལ་འབད། །གེགས་སེལ་བོགས་འདོན་ཀ་ཐོ་ཅན་རྣམས་ཡོད། །གཉིས་པ་ལྷག་མཐོང་ལ་ནི་སེམས་ངོ་བལྟ། །བཞི་རྩ་བཅད་དང་རིག་སྟོང་གཏན་ལ་འབེབས། །དང་པོ་གནས་འགྱུ་གཉིས་པོ་སོ་སོ་ཡི། །སེམས་ཀྱི་ངོ་བོ་ཁ་དོག་གཟུགས་ལ་སོགས། །གར་གནས་གར་འགྲོའི་སྐྱེ་འགག་གནས་གསུམ་ཅི། །སྙམ་དུ་ངོ་བོ་ལེགས་པར་གཏན་ལ་འབེབས། །གཉིས་པ་དེ་ཉིད་ཁ་དོག་གཟུགས་ལ་སོགས། །ཇི་ལྟར་གནས་ཤིང་ཇི་ལྟར་འཕྲོ་བ་བལྟ། །ལྟ་མཁན་རང་ཡང་ལེགས་པ་རྩད་བཅད་བྱ། །གནས་འགྱུ་གཉིས་ཀྱང་གཅིག་དང་ཐ་དད་དཔྱད། །ཡོངས་ཚོལ་སོར་བརྟག་ཞིབ་མོར་དཔྱོད་པ་དང་། །ཞི་ལྷག་ཟུང་འབྲེལ་གསལ་བ་མི་རྟོག་པ། །བཏང་སྙོམས་རྒྱུན་མི་ཆད་དང་ཡེངས་མེད་དེ། །ཡིད་བྱེད་བཅུ་ཅིག་སྒོ་ནས་བོགས་འདོན་བྱ། །གསུམ་པ་ཐ་མལ་ཤེས་པ་རྗེན་པ་འདི། །ངོས་བཟུང་མེད་ཕྱིར་སྟོང་པར་ངོ་སྤྲོད་བྱ། །སྐབས་འདིར་དྲི་བ་ངོ་སྤྲོད་མང་དུ་ཡོད། །ཡང་ན་འགྱུ་སྣང་གཉིས་ཀྱིས་ངོ་སྤྲོད་བྱ། །འགྱུ་བ་སྣ་ཚོགས་དུས་གཅིག་སྤྲོ་བ་དང་། །དགའ་སྡུག་དུག་ལྔ་རྣམ་རྟོག་སོ་སོར་བལྟ། །རྣམ་རྟོག་སྐུ་དྲིན་ཅན་དུ་ཤེས་པ་དང་། །དྲི་བ་གེགས་སེལ་བོགས་འདོན་འདི་ན་ཡོད། །གཉིས་པ་སྣང་ཐོག་ཉིད་ནས་ངོ་སྤྲོད་པར། །སྣང་བ་སེམས་ཡིན་སེམས་དེ་སྟོང་པ་དང་། །སྟོང་པ་ལྷུན་གྲུབ་ལྷུན་གྲུབ་རང་གྲོལ་ཏེ། །བཞི་ལས་དང་པོ་དམིགས་རྟེན་ལ་སོགས་པར། །སྣང་བ་ཐམས་ཅད་རྨི་ལམ་ཇི་བཞིན་དུ། །སེམས་སྣང་མ་གཏོགས་ལོགས་སུ་མེད་པ་དང་། །ལུས་སེམས་གཅིག་དང་ཐ་དད་བྲལ་རིག་ན། །སྣང་བ་སེམས་སུ་ངོ་སྤྲོད་དེ་བཞིན་བཏབ། །གཉིས་མེད་སེམས་དེ་ཆུ་ནང་ཟླ་གཟུགས་ལྟར། །སྟོང་པ་སྐྱེ་འགག་གནས་གསུམ་བྲལ་བར་མཐོང་། །གསུམ་པ་སྟོང་ཡང་རྩལ་སྣང་འགགས་མེད་འཆར། །བཞི་པ་སྣང་སྟོང་ཆེན་པོར་
༦༨ ལྷུན་གྲུབ་པས། །འཁོར་འདས་བསྡུས་པའི་ཆོས་ལ་སྤང་བླང་བྲལ། །གདོད་མའི་བྱང་ཆུབ་མངོན་དུ་འགྱུར་པའོ། །དེ་དག་གིས་ནི་དངོས་གཞིའི་དམིགས་པ་བསྟན། །རྗེས་རྩལ་སྦྱོང་ཕྱོགས་འདོན་གེགས་སེལ་དང་། །ལམ་བགྲོད་འབྲས་བུ་མངོན་དུ་བྱེད་ཚུལ་ལོ། །དང་པོ་ཡུལ་དུས་ངོ་བོ་རང་བཞིན་དང་། །ཤེས་རབ་དག་ལ་ལོག་རྟོག་སེལ་བ་ལྔ། །ཡུལ་ནི་དགེ་སྡིག་ཡུལ་ལ་སྤང་བླང་བྲལ། །དུས་ནི་དུས་གསུམ་མཉམ་ཉིད་བདེན་ཞེན་བྲལ། །ངོ་བོ་སེམས་ལས་ལྷག་པའི་ཡེ་ཤེས་མེད། །རང་བཞིན་སེམས་གཞན་སངས་རྒྱས་ལོགས་ན་མེད། །ཤེས་རབ་ཐོས་བསམ་བརྟག་དཔྱད་ཀྱིས་མི་རྟོགས། །བྱིན་རླབས་སྟོབས་ཀྱིས་མྱུར་དུ་འཆར་བའོ། །མཁས་པ་གསུམ་ལ་བསླབ་པ་གསུམ་ཡོད་པར། །དང་པོར་མགོ་རྩོམ་མཁས་པར་བཅོས་པར། །མ་བཅོས་སོ་མ་ལྷུག་པའི་ངང་ནས་བལྟ། །འཕྲོ་གཅོད་མཁས་པ་ཏིང་འཛིན་ལུས་གནད་བསྒྱུར། །སྐྱོད་མཁས་བཟང་ངན་ཉམས་ལ་ཆགས་སྡང་སྤང་། །ཡང་ན་གཤིས་ཤོར་རྒྱས་འདེབས་གཉེན་པོར་ཤོར། །ལམ་ཤོར་བཞི་སེལ་དང་པོ་བརྟག་དཔྱད་སོགས། །ཤེས་བྱའི་བབས་ལ་འདི་བཞིན་གནས་སྙམ་ནས། །བློས་བྱས་སྤངས་ལ་འགགས་མེད་རྩལ་སྣང་སྦྱང་། །གཉིས་པ་སྔགས་དང་ཡིད་ཀྱིས་སྟོང་ཉིད་དངོས། །མིན་བཞིན་བློ་ཡིས་རྒྱས་བཏབ་སྒོམ་པ་དེ། །ཐ་མལ་ཤེས་པའི་རང་ངོ་བསྐྱངས་པས་སེལ། །གསུམ་པོ་ཉོན་མོངས་ལ་སོགས་སྟོང་ཉིད་ཀྱིས། །གཞིལ་རློམ་སྤང་གཉེན་གཉིས་སུ་འཛིན་པ་དེ། །སྤང་བྱ་དེ་ཡི་རང་ཞལ་བལྟས་པས་སེལ། །བཞི་པ་སྟོང་ཉིད་མ་གཏོགས་ལམ་མེད་སྙམ། །དེ་ལ་མཆོག་བཟུང་ཐབས་ཆར་མི་སེམས་པ། །འཁོར་འདས་མཉམ་ཉིད་ཞེ་འདོད་བྲལ་བས་སེལ། །སྒོམ་པའི་གོལ་ས་བཅད་ཅིང་བོགས་འདོན་པ། །བདེ་གསལ་མི་རྟོག་པ་
༦༩ སོགས་ཉམས་རྣམས་ལ། །ཆགས་ན་ཁམས་གསུམ་གོལ་བས་དེ་སྔར་ས་ཏེ། །ཆགས་ཞེན་བྲལ་ཞིང་བརྩོན་པ་བསྐྱེད་པར་བྱ། །འདི་སྐབས་བོགས་འདོན་འབྲས་བུ་འབྱུང་བའོ། །འཕྲང་གསུམ་དགྲར་ལོངས་བསལ་ཏེ་བོགས་འདོན་པ། །སྟོང་པ་དགྲར་ལངས་ཐམས་ཅད་སྟོང་པ་ཉིད། །ཡིན་སྙོམ་དགེ་སྡིག་སྤང་བླང་ཀུན་དོར་བ། །སྟོང་ཉིད་དང་ནས་ལྟ་སྤྱོད་ཟུང་འབྲེལ་བའི། །ལམ་ལ་བསླབས་པས་སེལ་ཞིང་སྙིང་རྗེ་ནི། །དགྲར་ལངས་རང་གི་ཏིང་འཛིན་དགེ་སྦྱོར་རྣམས། །དོར་ནས་མི་འགྲུབ་བཞིན་དུ་གཞན་དོན་བྱེད། །རང་གཞན་དུབ་པར་བྱེད་དོ་སེམས་ཅན་ལ། །སྙིང་རྗེའི་ངང་ནས་རང་གི་དགེ་སྦྱོར་སྐྱོང་། །རྒྱུ་འབྲས་དགྲར་ལངས་རྟོག་པས་བྱེད་མཐོང་ནས། །ཐམས་ཅད་མཁྱེན་པ་བྱེད་སྙམས་སྒྲ་ཚད་སོགས། །སྦྱངས་ནས་དགེ་སྦྱོང་ངོ་ཏི་དོར་བ་དེ། །སྟོང་ཉིད་རྒྱུ་འབྲས་ཟུང་འཇུག་བསྒོམས་པས་སེལ། །གསུམ་པ་གེགས་སེལ་ནད་གདོན་ཏིང་འཛིན་གེགས། །སེལ་ལ་དང་པོ་ནད་ཀྱི་གཞི་རྩ་བཅད། །ཡང་ན་གཏོང་ལེན་ཀུན་གཞིར་ལྟ་སོགས་བྱ། །གདོན་ནི་རང་གི་སེམས་ཉིད་འཁྲུལ་པ་ལས། །སྣང་གི་དོན་ལ་མ་གྲུབ་གཞི་རྩ་བཅད། །ཡང་ན་གཏོང་ལེན་སྐུ་བཞིར་ཁྱེར་སོགས་བྱ། །ཏིང་འཛིན་གེགས་ནི་བྱིང་རྒོད་གཉིས་སུ་འདུ། །དེ་ནི་དམིགས་པ་སྤྱོད་ལམ་བླ་མ་དང་། །ངོ་ལྟ་ལ་སོགས་བྱས་པས་སེལ་བར་འགྱུར། །བཞི་པ་ལམ་ནི་རྣལ་འབྱོར་བཞི་ཡིས་བགྲོད། །རྩེ་གཅིག་ཞི་ལྷག་དབྱེར་མེད་དོན་ལ་གནས། །སྤྲོས་བྲལ་ཆོས་རྣམས་སྟོང་པ་ཉིད་དུ་རྟོགས། །རོ་གཅིག་འཁོར་འདས་ཆོས་རྣམས་རོ་གཅིག་འཆར། །སྒོམ་མེད་བསྒོམ་བྱ་སྒོམ་བྱེད་ཀུན་དང་བྲལ། །དེ་རྣམས་མི་བརྟན་བརྟན་དང་རབ་ཏུ་བརྟན། །ཅུང་ཟད་ཕལ་ཆེར་མ་ལུས་རྟོགས་པ་ལས། །ཆུང་འབྲིང་ཆེན་པོ་བཅུ་
༧༠ གཉིས་སོགས་སུ་གསུངས། །རྩེ་གཅིག་ཚོགས་སྦྱོར་སྤྲོས་བྲལ་མཐོང་བའི་ལམ། །རོ་གཅིག་སྒོམ་མེད་འབྲིང་མན་སྒོམ་ལམ་སྟེ། །སྒོམ་མེད་ཆེན་པོར་རྫོགས་པའི་སངས་རྒྱས་སོ། །བཞི་པ་འབྲས་བུ་དེ་ལྟར་ཉམས་བླངས་པས། །ཤེས་རབ་རལ་གྲིས་སྒྲིབ་པ་ཀུན་བཅད་ནས། །མངོན་པར་སངས་རྒྱས་སྐུ་གསུང་མཛད་ཕྲིན་གྱིས། །འཁོར་བ་མ་སྟོངས་བར་དུ་འགྲོ་དོན་མཛད། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི། །རྩ་ཚིག་བསྡུས་དོན་དྲན་ཐོ་མདོར་བསྡུས་འདི། །སློབ་དཔོན་ཕྱོགས་གླང་ཞེས་བྱས་བསྐུལ་བ་ལས། །བཛྲེ་ཤྭ་ར་[35]ཞེས་བྱའི་ཕྱོགས་བཅུ་པས། །རྣམ་ཐོས་རི་བོའ་ངོགས་སུ་བྲིས་པའོ།། །།

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་འགྲེལ་ཟག་མེད་སྦྲང་རྩི་ཞེས་བྱ་བ་བཞུགས་སོ༎

༢༣

༄༅། །ཨཱསྟི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་འགྲེལ་ཟག་མེད་སྦྲང་རྩི་ཞེས་བྱ་བཞུགས་སོ།

༢༤

༄༅། །ན་མོ་གུ་ར་ཝེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག །གཅོད་ཀྱི་གཞུང་་་་་་ཉུང་དུ་འགྲེལ་པ་་་་་་་ཟག་མེད་སྦྲང་རྩི་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུང་གི་མངའ་བདག་འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །མཁྱེན་གཟིགས་དཀྱིལ་འཁོར་སྒྲིབ་གཉིས་གཟའ་ལས་གྲོལ། །ཐུགས་རྗེའི་འོད་ཀྱིས་ནམ་མཁའི་མཐའ་ལ་ཁྱབ། །འཕྲིན་ལས་ཚ་ཟེར་འཁོར་བའི་རྒྱ་མཚོ་སྐེམ། །མ་རིག་མུན་སེལ་རྒྱལ་བ་སྲས་བཅས་དང་། །ནམ་མཁའི་ནོར་བུ་བཀའ་བརྒྱུད་རིན་ཆེན་ལ། །སྲིད་པའི་འདམ་ལས་སྐྱེས་པའི་རྣལ་འབྱོར་གྱིས། །དད་པའི་འདབ་སྟོང་རབ་ཏུ་རྒྱས་བྱས་ཏེ། །དགའ་མགུ་རངས་པའི་ཟེའུ་འབྲུ་མངོན་ཕྱུང་ནས། །ཟག་མེད་སྦྲང་རྩིའི་དགའ་སྟོན་འགྱེད་བྱ་ཡི། །དོན་གཉེར་དད་བརྩོན་འདབ་གཤོག་མི་དམན་ཅིང་། །ཕ་རོལ་ཕྱིན་[36]པའི་རྐང་དྲུག་ལྡན་པ་རྣམས། །གཞུང་དོན་བཅུད་འདིས་གྱ་ནོམ་ཚིམ་པར་གྱིས། ༈ དེ་ལ་བསྟན་བཅོས་འདི་ཉིད་རྩིས་འགོ་ལྔས་འཆད་པ་ལས། དང་པོ་ནི། །སློབ་དཔོན་གང་གིས་མཛད་པ་ནི། ལྷག་པའི་ལྷ་

༢༥

འཇམ་དཔལ་སྨྲ་བའི་སེང་གེས་བྱིན་གྱིས་བརླབས་ཤིང་། འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་ཐོགས་མེད་གཉིས་ཀྱི་་་གཞུང་ལུགས་ཐུགས་སུ་ཆུད་པས་ལུང་རིག་ལ་མཁས་པ། ཏིང་ངེ་འཛིན་མཆོག་མངའ་བ་སྟེ་བསྟན་བཅོས་བརྩམས་པའི་ཡོན་ཏན་གསུམ་དང་ལྡན་པ་བྲམ་ཟེ་ཨཱརྻ་དེ་ཝ་ཞེས་བྱ་བ་དེས་མཛད་དོ།། ༈ གཉིས་པ། ཕྱོགས་གང་དུ་རྟོགས་ཤིང་བཀའ་གང་ལ་བརྟེན་ནས་མཛད་པ་ནི། །སྤྱིར་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་པ་ཆེན་པོ། །དེ་ལའང་མདོ་སྔགས་གཉིས་ཀའི་མཐར་ཐུག་གི་གོ་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། །མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ལ་བརྟེན་ཅིང་། །བྱེ་བྲག་ཏུ་བཀའ་བར་པ་མཚན་ཉིད་མེད་པ[37]འི་ཆོས་ཀྱི་འཁོར་ལོའི་མདོ། སྲས་ཡུམ་བཅུ་བདུན་ལ་སོགས་ལ་བརྟེན་ནས་མཛད་དོ།། ༈ གསུམ་པ། དགོས་པ་གང་གི་ཆེད་དུ་མཛད་ན། བློ་དང་ལྡན་པ་འགའ་ཞིག་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས། རང་གཞན་ཐམས་ཅད་་་་དེ་ལས་ཐར་པའི་ཐབས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་འདོད་པ་ལ། ཚེ་ཐུང་ཞིང་བརྩོན་འགྲུས་ཆུང་བས་ཡུམ་གྱི་དོན་རྟོགས་མི་ནུས་ཤིང་། ཡུམ་གྱི་

༢༦

སྤས་དོན་མངོན་པར་རྟོགས་པའི་རྒྱན་ལ་སོགས་པ་ལྟར་བསླབས་ཀྱང་དོན་རྒྱུད་ལ་སྐྱེ་དཀའ་བས། དེ་དག་གི་ཚེགས་ཆུང་དུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའི་དོན་དུ་མཛད་དོ། །དབང་འཇམ་དཔལ་སྨྲ་བའི་སེང་གེས་རྗེས་སུ་བཟུང་བས་དེ་ལྟ་བུའི་ཐབས་ཤེས་པ་དང་། །བྱིན་རླབས་ཀྱི་བཀའ་བབ་ཡོད་པས་དོན་དེ་རྟོགས་ནུས་པ་དང་ལྡན་པའོ།། ༈ བཞི་པ། མཚན་ཅི་ལས་བཏགས་ན། དོན་དང་། དཔེ་དང་། གཞུང་ཚད་དང་། གང་ཟག་དང་། གནས་དང་། དུས་དང་། བྱེད་ལས་ལ་མཚན་དུ་བཏགས་པ་ལ་སོགས་པ་མང་དུ་ཡོད་པ་ལས། འདི་དོན་ལས་མཚན་དུ་བཏགས་པ་སྟེ། བརྗོད་བྱའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྗོད་བྱེད་གཞུང་འདིས་སྟོན་པའོ།། ༈ ལྔ་པ། དབུ་ཞབས་སུ་དོན་དུ་ཞིག་གིས་སྟོན་ན། བསྡུས་པའི་དོན་གསུམ་སྟེ། །ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། མཚན་སྨོས་པ། མཆོད་པར་བརྗོད་པ། བཤད་པར་དམ་བཅའ་བའོ། །དེ་ལ་མཚན་བསྒྱུར་བ་ནི། རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ། ཨུ་པ་དེ་ཤ་ན་མ། བོད་སྐད་དུ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཞེས་བྱ་བའོ། དེ་བཤད་ན། ཁམས་གསུམ་གྱི་ས་ལས་འཕགས་པས་ན་ཨཱརྻའོ། སོ་སོ་་་རང་རིག་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས་ལ་གསལ་སྣང་ཐོབ་པ་ནི་དོན་དམ་རྟོགས་པའི་ཤེས་རབ་སྟེ་པྲཛྙཱའོ། སྟོང་པ་སྙིང་རྗེ་ཟུང་འཇུག་གི་ལམ་གྱི་སྲིད་ཞི་གཉིས་ཀྱི་མཐར་མ་ལྷུང་བ་ནི་ཕ་རོལ་ཏུ་ཕྱིན་པ་སྟེ་པཱ་ར་མི་ཏའོ། དོན་དེ་རྟོགས་པའི་ཐབས་བྱ་སླ་ལ་ཚེགས་ཆུང་དུས་ཉེ་བར་ཕན་འདོག་པ་ནི་མན་ངག་སྟེ། ཨུ་པ་དེ་ཤའོ། །གཞུང་འདི་ཡི་མིང་སྟེ་སྐད་ཞེས་བྱ་བ་ནི་ན་མའོ། །ཞར་བྱུང་ལོ་པཎ་གྱི་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ཞེས་པ་སྟེ། ཡུམ་མཆོག་ཏུ་གྱུར་པ་ལ་བསོད་ནམས་བསགས་པ། བསམ་པའི་དོན་ཡིད་བཞིན་དུ་འགྲུབ་པའོ།། ༈ གཉིས་པ་མཆོད་པར་བརྗོད་པ་ནི། །

༢༧

རྟོགས་པའི་ཉི་ཟླས་མ་རིག་ལོག་རྟོག་བཅོམ། །ཐུགས་རྗེའི་རླན་གྱིས་འགྲོ་རྣམས་སྨིན་མཛད་པ། །དོན་གཉིས་མཐར་ཕྱིན་སྨྲ་བའི་སེང་གེ་ལ། །ལུས་དང་ངག་ཡིད་དང་ཞིང་མོས་པས་འདུད། །གང་གིས་བདུད་ན་གཞུང་འདི་རྩོམ་མོས་སོ། །གང་ལ་འདུད་ན་ཆོས་ཀྱི་སྐུ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པར་རང་རྒྱུད་ལ་བཞུགས་པ་དེ། རང་རིག་པའི་ཡེ་ཤེས་ཀྱི་རྟོགས་པ་ཉི་ཟླ་ལྟ་བུ་དང་། །དེའི་མཐུས་མ་རིག་པའི་བག་ཆགས་ཤེས་སྒྲིབ་དང་། ཀུན་བརྟགས་ཀྱི་ལོག་རྟོག་གི་ཉོན་སྒྲིབ་གཉིས་ཀ་སྤངས་པ་རང་དོན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་། །མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་ཆར་འབབ་པས་རྩི་ཐོག་སྨིན་པ་ལྟ་བུ། གཞན་དོན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ་འཇམ་དཔལ་སྨྲ་བའི་སེང་གེ་ལའོ། །ཚུལ་ཇི་ལྟར་འདུད་ན་བཅོས་མིན་གྱི་དད་པས་ཀུན་ནས་བསླངས་ཏེ། ལུས་ངག་ཡིད་གསུམ་དང་ཞིང་མོས་པས་སོ། །དགོས་པ་གང་གི་ཆེད་དུ་འདུད་ན། འཇམ་དཔལ་རྩ་བའི་བླ་མ་དང་ལྷག་པའི་ལྷ་གཉིས་ཀ་ཡིན་པས། དེ་ལ་འདུད་ན་དོན་གཉིས་འབད་མེད་དུ་འགྲུབ་པས་སོ།། ༈ གསུམ་པ་བཤད་པར་དམ་བཅའ་བ་ནི། བརྗོད་བྱའི་སྙིང་པོ་རྩ་བ་དང་བྲལ་བ། གཉིས་མེད་ཤེས་རབ་ཕ་རོལ་ཕྱིན་པའི་དོན། །རྟག་ཆད་ལ་སོགས་དམིགས་པའི་མཐའ་གྲོལ་བ། །ཅི་ནུས་པར་ནི་འགྲོ་ལ་ཕན་ཕྱིར་བཤད། གང་གིས་བཤད་ན། འཕགས་པ་ལྷས་སོ། །གང་བཤད་ན། རྗོད་བྱེད་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་སམ། སྡེ་སྣོད་རིན་པོ་ཆེ་གསུམ་གྱི་བརྗོད་བྱའི་སྙིང་པོ་མཐར་ཐུག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། འཁོར་བའི་རྩ་བ་བདག་འཛིན་དང་བྲལ་ཞིང་། གཉིས་འཛིན་གྱི་འཁྲུལ་རྟོག་སྐྱེ་མེད་དུ་སྟོན་པའི་དོན་དེའོ། །ཚུལ་ཇི་ལྟར་བཤད་ན་ཚིག་དོན་ཕྱིན་ཅི་མ་ལོག་པར་མཐའ་བརྒྱད་ཀྱི་དམིགས་པའི་ཡུལ་ལས་འདས་པ་སྟེ། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་

༢༨

ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། ཅེས་པ་ལྟར་རོ། དགོས་པ་གང་གི་ཆེད་དུ་བཤད་ན། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ནས་བཟུང་སྟེ། ཅི་ནུས་ཀྱི་གཞན་དོན་[38]བྱ་བ་ཡིན་པས། འདི་ཡང་འགྲོ་ལ་ཕན་པའི་ཆེད་དུའོ། །དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞུང་དང་། ལམ་དང་། དོན་གསུམ་ལ། ཕྱི་མ་ནི་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསྒྲུབ་བྱའི་འབྲས་བུ་ཡིན་ལ། །དེ་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས། དེ་སྒྲུབ་བྱེད་ཀྱི་ལམ་དང་། དེ་སྟོན་བྱེད་ཀྱི་གཞུང་གཉིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་[39]སྒྲས་བརྗོད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲ་ཡིན། ཅེས་གསུངས་པ་ལྟར། རྗོད་བྱེད་གཞུང་འདིས་བརྗོད་བྱ་དོན་དེ་སྟོན་ནུས་པ་དང་། དེའང་ཚིག་དོན་ཕྱིན་ཅི་མ་ལོག་པར་བརྗོད་བྱ་དང་་་་་་་རྗོད་བྱེད་འབྲེལ་པ་དང་། དེ་བསྟན་པས་རྗེས་་་་་་འཇུག་གོ[40]དོན་རྟོགས་ནུས་དགོས་པ་དང་། རྟོགས་ནས་ཉམས་སུ་བླང་པས་འབྲས་བུ་་་་སངས་རྒྱས་ཐོབ་པ་ནི་དགོས་པའི་དགོས་པ་སྟེ། ཆོས་བཞི་དང་ལྡན་པ་ནི་བསྟན་བཅོས་མཆོག་ཏུ་གྱུར་པའི་མཚན་ཉིད་དོ། །གཞུང་གི་དོན་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ།[41] མཇུག་བསྡུ་བའོ། །དང་པོ་ལ་གསུམ། ལུས་ངག་ཡིད་གསུམ་མཉམ་པར་བཞག་ཐབས། སེམས་ཀྱི་གནས་ལུགས། དེ་ལྟར་རྟོགས་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། བཅའ་གཞི་གསུམ་གྱི་བཀའ་ཡི་ཐོག་ཏུ་བཞག །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའི་ཐབས་ཐུན་མོང་མ་ཡིན་པ་ཡིན་ཏེ། ཡུམ་་་ལས་ཏིང་ངེ་འཛིན་གྱི་རྣམ་གྲངས་མང་པོ་གསུངས་པ་ལ་བརྟེན་པ་ཏིང་ངེ་འཛིན་དེ་དག་བསྒོམ་པའི་མན་ངག་གོ། །བཅའ་གཞི་གསུམ་ནི་ལུས་ངག་ཡིད་གསུམ་གྱིས་སོ། །བཀའི་དོན་ནི་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་

༢༩

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་སྟེང་དུ་བཞག་པའོ། །དེའི་ཞོར་ལ་རིགས་དྲུག་གི་བག་ཆགས་དག་པར་བྱེད་པ་སྟེ། གསང་སོགས་ནས་སེམས་ལ་རིགས་དྲུག་གི་བག་ཆགས་ཡོད་པ་ལུས་ལ་སྨིན་ནས། རིགས་དྲུག་གི་རྩ་ཡིག་ཡོད་པར་གསུངས་པ་ནི། །རྐང་མཐིལ་དུ་ཏྲི། གསང་གནས་སུ་པྲེ། ལྟེ་བར་དུ། སྙིང་གར་ནྲྀ། མགྲིན་པར་སུ། སྤྱི་བོར་ཨའོ། །རྟེན་དེ་དག་ལ་བརྟེན་པའི་བག་ཆགས་མས་རིམ་གྱིས་བསྡུས་ནས། དབྱིངས་རིག་བསྲེས་པས་འཁྲུལ་པ་དག་ཅིང་སྟོང་ཉིད་དུ་རྟོགས་པའོ། །སློབ་མ་ལ་གདམས་ངག་འདེབས་པའི་དུས་སུ་འོག་གི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བྱས་ལ་གཟོད་གདབ་བོ། ༈ གཉིས་པ་སེམས་བསྐྱེད་ཀྱི་གནས་ལུགས་བསྟན་པ་ནི། བཅོས་བསླད་མེད་པའི་རིག་པ་ངོས་བཟུང་ངོ་། འཁོར་འདས་གཉིས་ཀྱི་རྩ་བར་གྱུར་པའི་སེམས། །དེ་ལ་རྒྱུ་རྐྱེན་གང་ཡང་མ་གྲུབ་པ། །སྐྱེ་མེད་གཅིག་ཆོད་རང་བཞིན་སྟོང་པ་ཉིད། གང་གིས་ཐབས་དེ་ལ་བརྟེན་ནས་འཁོར་འདས་གཉིས་ཀྱི་རྩ་བ་སེམས་རིག་པ་འདི་ངོས་བཟུང་ལ་ཡོད་མེད་ལ་སོགས་སྒྲོ་འདོགས་བཅད་དེ། སེམས་གཏན་ལ་ཕབ་པས་འཁོར་འདས་ཐམས་ཅད་གཏན་ལ་ཕེབས་པ་སྟེ།[42] ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་བྱེད་པ། ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། ཅེས་སོ། །དེས་ན་སེམས་དེ་རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད། དབྱིབས་དང་ཁ་དོག་གང་ཡང་མ་གྲུབ། སྐྱེ་བ་མེད་ཅིང་གཞི་རྩ་བྲལ་བའི་གཅིག་ཆོད་རང་བཞིན་གྱིས་སྟོང་ཉིད་དེ། ཆོས་ཐམས་ཅད་ཀྱང་དེ་ལས་མ་འདས་པ་ནི་གནས་ལུགས་སོ།། ༈ གསུམ་པ་དེ་ལྟར་རྟོགས་པའི་ཕན་ཡོན་ནི། དེ་ལྟར་རྟོགས་ན་སྡོང་པོ་རྩད་བཅད་བཞིན། །རྟོག་པའི་ཡལ་ག་ནམ་ཡང་སྐྱེ་མི་འགྱུར། །སེམས་ཀྱི་གཞི་རྩ་ཆོད་ནས་སླར་ཡང་འཁོར་བར་མི་ལྡོག་ཅིང་། འཁྲུལ་རྟོག་

༣༠

རྒྱུན་ཆད་ནས་རྣམ་པར་གྲོལ་བ་ཐོབ་པའོ། །དབྱིངས་རིག་བསྲེ་བའི་ཉམས་ལེན་རྒྱས་པར་འོག་ནས་སྟོན་ལ། ཐབས་འདི་གཞུང་ལུགས་གཞན་ལ་མ་གྲགས་ཤིང་། གདམས་ངག་འདིའི་ཟག་ཁྱད་ཡིན་པས་ཐོག་མར་བསྟན་པ་ཡིན་ནོ།། ༈ རྒྱས་པར་བཤད་པ་ལ་གསུམ། ཐོག་མར་རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ལམ་ཉམས་སུ་ལེན་པའི་གདམས་ངག་དངོས། ཉམས་སུ་བླངས་པའི་འབྲས་བུ་བསྟན་པའོ། །དང་པོ་ལ་གསུམ། སེམས་བསྐྱེད་ཀྱི་སྔོན་འགྲོ། །དངོས་གཞི། བསླབ་བྱ་བསྟན་པའོ། །དང་པོ་ནི། དངོས་དང་དངོས་མེད་བློ་ལ་སྣང་བ་ཡི། །རྒྱ་ཆེན་མཆོད་པས་བླ་མ་དཀོན་མཆོག་མཆོད། འདིས་སློབ་དཔོན་གྱི་བྱ་བ་བསྟན་ཏེ། རྟེན་དང་མཆོད་པ་འབྱོར་ཚད་བཤམས་ལ། མདུན་དུ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུ་དང་དུས་གསུམ་གྱི་སངས་རྒྱས་བྱང་སེམས་དང་། སྟེང་ཕྱོགས་སུ་བླ་མ་བརྒྱུད་པ་རྣམས་དང་། འོག་ཕྱོགས་སུ་དཔལ་མགོན་སྲུང་མ་རྣམས་ཀྱིས་བསྐོར་བར་བསྐྱེད་ཅིང་། སྤྱན་དྲངས་ལ་དངོས་སུ་འབྱོར་བ་དང་། དངོས་མེད་ཡིད་ཀྱིས་སྤྲུལ་པ་དང་། བློ་ཡུལ་དུ་སྣང་བ་བདག་བློས་མ་བཟུང་བའི་མཆོད་པ་གསུམ་པོས་ཅི་ནུས་མཆོད་དོ། ༈ གཉིས་པ་དངོས་གཞི་ནི། ཕྱག་དང་མཆོད་པ་ཕུལ་ནས་ནི། གུས་པས་སྐྱབས་འགྲོ་སེམས་བསྐྱེད་བླང་། འདིས་སློབ་མའི་བྱ་བ་བསྟན་ཏེ། བླ་མ་དཀོན་མཆོག་ལ་ཕྱག་འཚལ་བ་དང་། །ཅི་འབྱོར་པའི་མཆོད་པ་ཕུལ་ནས། གུས་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བས་སོ་ཐར་གྱི་སྡོམ་པ་དང་། སེམས་བསྐྱེད་པའི་བྱང་སེམས་ཀྱི་སྡོམ་པ་བླང་ལ་དེ་ནས་གོང་གི་གདམས་ངག་གདབ་བོ། ༈ གསུམ་པ་དེ་ཡི་བསླབ་བྱ་ནི། །བླ་མའི་བསླབ་བྱ་མིག་ལྟར་གསུང་། །བྱང་ཆུབ་སེམས་དཔའི་བསླབ་བྱ་ནི། །སྲོག་གི་ཕྱིར་ཡང་སྤང་མི་བྱ། །བསླབ་པ་སྲུང་ལ་བརྩོན་པར་བྱ། དེ་ལྟར་ཡང་སྤྱོད་འཇུག་ལས། །རྒྱལ་བའི་སྲས་ཀྱི་དེ་ལྟ་བུ། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། །གཡེལ་བ་མེད་པར་རྟག་ཏུ་

༣༡

།ཡང་། །བསླབ་ལས་མི་འདའ་འབད་པར་བྱ། ཅེས་དང་། དེ་ལྟས་ཅི་ལྟར་དམ་བཅས་བཞིན། །བདག་གིས་གུས་པས་བསྒྲུབ་པར་བྱ། །དེ་ནས་བརྩོན་པར་མ་བྱས་ན། །འོག་ནས་འོག་ཏུ་འགྲོ་བར་འགྱུར། ཅེས་གསུངས་པ་ལྟར་བསྲུང་བའི་ཕན་ཡོན་དང་མ་སྲུང་བའི་ཉེས་དམིགས་ཤེས། སྲོག་ལ་བབས་ཀྱང་[43]བསླབ་པ་ལས་མི་འདའ་བར། མིག་གི་འབྲས་བུ་བཞིན་སྲུང་བར་བྱ་སྟེ། བསྲུང་བྱ་རྣམས་ནི། འཕགས་པ་ཐོགས་མེད་ཀྱིས་བྱང་སར་རྒྱ་ཆེར་གསུངས་པའི་དོན། །སློབ་དཔོན་ཙནྡྲ་གོ་མཱིས་གཞུང་དུ་མཛད་པ་སྡོམ་པ་ཉི་ཤུ་པ་ལ་སོགས་པ་བཞིན་ནོ། ༈ གཉིས་པ་ལམ་ཉམས་སུ་བླང་་་་བའི་གདམས་ངག་ལ་ལྔ། ཐབས་ངེས་པར་སྔོན་དུ་འགྲོ་བའི་ལམ། ཤེས་རབ་ངེས་པར་ཉམས་སུ་བླང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དངོས་དང་། དེ་ལས་གཅོད་དུ་གྱུར་པའི་ངེས་ཚིག་དང་། དེའི་མི་མཐུན་པའི་ཕྱོགས་སྤང་བར་བསྟན་པའོ། ༈ དང་པོ་ལ་དྲུག །རང་གཞན་གྱི་མི་དགེ་བ་བཅུ་སྤངས་པ་དང་། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་པ་དང་། དེའི་མི་མཐུན་པའི་རློམས་སེམས་སྤང་བ་དང་། །མཐའ་བྲལ་དབུ་མའི་དོན་མ་རྟོགས་པའི་སྐྱོན་དང་། དམིགས་པའི་དུག་སྤངས་པ་དང་། ཐབས་ཕར་ཕྱིན་ལྔ་སྔོན་དུ་འགྲོ་དགོས་པའི་དཔེ་བསྟན་པའོ། ༈ དང་པོ་ལ་དྲུག །བདག་ཉིད་མི་དགེ་བ་བཅུ་སྤང་ཞིང་གཞན་སྤང་་་པ་ལ་བསྐུལ་བ་དང་། གཞན་མི་དགེ་བ་སྤངས་པ་ལ་རྗེས་སུ་ཡི་རངས་ཤིང་ལེགས་སོ་བརྗོད་པ་དང་། མི་དགེ་བ་བཅུ་སྤངས་པ་གཅིག་པུས་ཀྱང་མི་གྲོལ་བར་བསྟན་པའོ། །དང་པོ་ནི། སྲོག་གཅོད་ལ་སོགས་མི་དགེ་བཅུ། །བདག་སྤང་གཞན་ཀྱང་དེ་ལ་བསྐུལ། ཐབས་ངེས་པའི་ལམ་ཐམས་ཅད་དང་པོ་སྡིག་ལས་ལྡོག་པ། བར་དུ་དགེ་ལས་ལྡོག་པ། ཐ་མ་ཀུན་ལས་ལྡོག་པ་གསུམ་དུ་བསྡུས་ནས་སྟོན་ཏེ། སྡིག་པ་ནི་སྲོག་གཅོད་པ་མ་བྱིན་པ་ལེན་པ། འདོད་པས་ལོག་པར་གཡེམ་པ་སྟེ། ལུས་ཀྱི་མི་དགེ་བ་གསུམ་དང་། ཚིག་རྩུབ་མོ། ངག་འཁྱལ་

༣༢

པ། བརྫུན་དུ་སྨྲ་བ། ཕྲ་མ་སྟེ་ངག་གི་མི་དགེ་བ་བཞི་དང་། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་སྟེ། བཅུ་པོ་དེ་དག་དུག་གསུམ་གྱིས་ཀུན་བསླང་གིས་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པས་དམྱལ་བ། ཡི་དྭགས། དུད་འགྲོ་རྣམས་སུ་སྐྱེ་བ་ནི་རྣམ་སྨིན་གྱི་འབྲས་བུ་དང་། མིར་སྐྱེས་ཀྱང་། ཚེ་[44]ཐུང་བ་དང་། ལོང་སྤྱོད་[45]དབུལ་བ་དང་། དགྲ་མང་[46]བ་དང་། སྐུར་[47]པ་མང་བ་དང་། གཉེན་བཤེས་དང་[48]འབྱེད་པ་དང་། མི་སྙན་པ་ཐོས་[49]པ་དང་། ཚིག་མི་[50]བཙུན་པ་དང་། ཡིད་ལ་རེ་བ་འཇོམས་[51]པ་དང་། འཇིགས་པ་མང་[52]བ་དང་། ལྟ་ངན་[53]འཛིན་པར་འགྱུར་བ་མྱོང་བ་རྒྱུ་མཐུན་དང་། མི་དགེ་བ་གང་གོམས་པ། དེ་དག་སླར་ཡང་བྱེད་འདོད་པས་སྡུག་བསྔལ་གྱི་ས་བོན་རྒྱུན་མི་འཆད་པ་ནི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་གཉིས་དང་། ཡུལ་མཐུ་ཆུང་བ་དང་། སད་སེར་མོད་པ་དང་། རྡུལ་འཁྲིགས་པ་དང་། དྲིང་བ་དང་། མཐོ་དམན་ཅན་དང་། ཚ་སྒོ་ཅན་དང་། དུས་ལོག་དང་། འབྲས་བུ་རྣམས་ཕྲ་བ་དང་། ཁ་ཞིང་ཆུང་བ་དང་། འབྲས་བུ་ཡེ་མེད་པའི་ཡུལ་དུ་སྐྱེ་བ་ནི་དབང་འབྲས་སམ། སྐྱེས་བུས་བྱེད་པའི་འབྲས་བུ་སྟེ། དེ་ལྟར་ཤེས་ནས་བདག་ཉིད་སྤངས་ཤིང་། གཞན་དག་ཀྱང་སྤངས་སུ་གཞུག་པ་ནི། སྐྱབས་འགྲོའི་བསླབ་བྱ་སོ་ཐར་གྱི་སྡོམ་པ་གཞན་ལ་གནོད་པ་གཞི་བཅས་སྤངས་པ་སྟེ། དེའང་ལུས་ངག་གི་མི་དགེ་བ་བདུན་ནི་གཞན་ལ་གནོད་པ་ཡིན་ལ། དེའི་གཞི་ནི་ཡིད་ཀྱི་གསུམ་མོ། ༈ གསུམ་པ་ནི། སྲོག་གཅོད་སྤང་བ་དེ་དག་གིས། མཐུན་འགྱུར་ལེགས་པར་བརྗོད་པར་བྱ། །དེ་ལྟར་བྱས་པས་རང་གི་བསོད་ནམས་འཕེལ་ཞིང་གཞན་སྨིན་པར་འགྱུར་བའོ། ༈ གསུམ་པ་ནི། མི་དགེ་བཅུ་པོ་སྤང་ཙམ་གྱིས། ལམ་མཆོག་རྙེད་པར་མི་འགྱུར་ཏེ། མངོན་མཐོ་ལྷ་མིའི་ལམ་དང་ཐར་པ་བྱང་ཆུབ་ཀྱི་ལམ་གཉིས་ལས། མི་དགེ་

༣༣

བའི་ལས་བཅུ་སྤངས་ནས་དགེ་བའི་ལས་བཅུ་བསྒྲུབ་པ་དེས། འདོད་ཁམས་ཀྱི་ལྷ་མི་ཙམ་ལས་ཐོབ་མི་ནུས་ལ་དེའི་སྟེང་དུ་རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམ་པས། དེའི་བྱེ་བྲག་གི་འབྲས་བུ་སྐྱེ་བའི་བསམ་གཏན་གཟུགས་ཁམས་བསམ་གཏན་བཞི་དང་། གཟུགས་མེད་ཁམས་སྐྱེ་མཆེད་མུ་བཞིའི་ལྷར་སྐྱེ་བ་ནི་མི་གཡོ་བའི་ལས་ཞེས་བྱའོ། ༈ གསུམ་པ་ལམ་ཕ་རོལ་ཕྱིན་དྲུག་བསྟན་པ་ལ་གཉིས། བདག་ཕར་ཕྱིན་དྲུག་ལ་སྤྱད་ཅིང་གཞན་ཡང་དེ་ལ་བསྐུལ་བ་དང་། དེའི་མཐུན་འགྱུར་དང་ལེགས་པ་བརྗོད་པའོ། །དང་པོ་ནི། ཕ་རོལ་ཕྱིན་པ་དྲུག་ལ་ནི། བདག་སྤྱོད་གཞན་ཡང་དེ་ལ་བསྐུལ། སྦྱིན་པ་ནས་བསམ་གཏན་གྱི་བར་ལྔ་པོའང་ཤེས་རབ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་སྟེ་ཟག་བཅས་ཀྱི་ལམ་ཡིན་པས་སོ། །དེས་ན་ཐར་པ་བྱང་ཆུབ་ཀྱི་ལམ་གྱི་གཙོ་བོ་ནི་ཤེས་རབ་སྟེ། དེས་ཟིན་ན་སྦྱིན་པ་སོགས་ལྔ་པོའང་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་ལ། བྱང་ཆུབ་སེམས་དཔའི་ལམ་རྫོགས་པས། བདག་ཉིད་སྤྱོད་ཅིང་བསྡུ་བའི་དངོས་པོ་བཞི། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའི་སྒོ་ནས་གཞན་ཡང་དེ་ལ་བསྐུལ་བར་བྱའོ། ༈ །གཉིས་པ་ནི། ཕ་རོལ་ཕྱིན་པ་དྲུག་པོ་ཡི། །མཐུན་འགྱུར་ལེགས་པ་བརྗོད་པར་བྱ། །དེ་ནི་རང་གི་རྒྱུད་དག་ཅིང་གཞན་སྨིན་པའི་ཐབས་ཏེ། སེམས་བསྐྱེད་ཀྱི་བསླབ་བྱ་གཞན་ལ་གནོད་པ་སྤངས་པའི་སྟེང་དུ། ཕན་པ་ཅི་ནུས་སུ་བསྒྲུབ་པ་བྱང་ཆུབ་སེམས་དཔའི་སྡོམ་པའི་ངོ་བོའོ། །ཕར་ཕྱིན་དྲུག་དོན་བརྒྱད་ཀྱིས་ཉམས་སུ་ལེན་པ་གཞན་དུ་བསྟན་ནོ། །གསུམ་པ་དེའི་མི་མཐུན་པའི་རློམས་སེམས་སྤངས་པ་ནི། ཕ་རོལ་ཕྱིན་དྲུག་ལ་སོགས་པ། །དགེ་བའི་ལས་ལ་སྤྱོད་གྱུར་པའི། །རློམ་སེམས་སྐྱེས་བས་དེ་ལས་ལྡོག །འདིས་བར་དུ་དགེ་ལས་ལྡོག་པ་བསྟན་ཏེ། དེའང་ཚོགས་གཉིས་ཟུང་འཇུག་གི་དགེ་བ་བྱང་ཆུབ་ཀྱི་ལམ་ལས་ལྡོག་པ་མིན་ཏེ། ཚེ་འདིའི་མངོན་མཐོ་དང་། ཕྱི་

༣༤

མ་ལྷ་མིའི་གོ་འཕང་ཙམ་ལ་དམིགས་ནས་ལེགས་སྨོན་གྱི་དགེ་བ་སྤྱད་པ་ནི་བྱང་ཆུབ་ཀྱི་གེགས་ཡིན་པས། དེ་ལས་ལྡོག་པའོ། །ཡང་རློམས་པ་སྐྱེ་བ་ནི་དགའ་བྲོད་ཀྱི་བདུད་ཡིན་པས་དེ་སྤངས་པའོ། ༈ བཞི་པ་མཐའ་བྲལ་དབུ་མའི་དོན་མ་རྟོགས་པའི་སྐྱོན་ནི། གཉིས་མེད་ཕ་རོལ་ཕྱིན་པའི་དོན། །དགེ་སྡིག་བླང་དོར་རེ་དོགས་ཀྱི། །མཐའ་དང་བྲལ་བར་མ་རྟོགས་ན། །འདུས་བྱས་དགེ་བ་བྱས་གྱུར་ཀྱང་། །ཚེ་འདི་ཉིད་ལ་གྲོལ་མི་འགྱུར། །འདིས་གོང་འོག་གཉིས་ཀྱི་ཟ་མ་ཀུན་ལས་ལྡོག་པ་བསྟན་ཏེ། དོན་དམ་པ་ནི་ཡུལ་དང་ཡུལ་ཅན་ལ་སོགས་གཉིས་ཆོས་ཀྱི་གཟུང་འཛིན་ཐམས་ཅད་དང་བྲལ་བ་སྟེ། དེ་མ་རྟོགས་ཀྱི་བར་དུ་དགེ་བ་ཅི་ཙམ་བྱས་ཀྱང་རྣམ་གྲོལ་མི་ཐོབ་པས། དགེ་སྡིག་གི་བླང་་་་དོར་དང་འཁོར་འདས་ཀྱི་རེ་དོགས་ལ་སོགས་གཉིས་ཆོས་ཐམས་ཅད་དོན་ལས་མ་གྲུབ་པར་ཤེས་པ་ནི་ཀུན་ལས་ལྡོག་པའོ། ༈ ལྔ་པ་དམིགས་པའི་དུག་སྤངས་པ་ནི། དེ་བས་འདུས་བྱས་འདུས་མ་བྱས། །དཀར་དང་གནག་པའི་ཆོས་རྣམས་ཀུན། །རྡུལ་ཙམ་དམིགས་པར་མི་འགྱུར་རོ། །ཀུན་རྫོབ་བློ་ཡུལ་དུ་སྣང་བའི་འཁོར་འདས་ཀྱི་ཆོས་འདི་ཐམས་ཅད། རྟེན་ཅིང་འབྲེལ་འབྱུང་ཙམ་མ་གཏོགས་པར། དོན་ལ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མི་དམིགས་པས། བློ་ལས་འདས་པ་སྟོང་པ་ཉིད་དེ། འཕགས་པ་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་འདོད། ཅེས་སོ། དེས་ན་སྟོང་པ་ཉིད་དང་། ལྟ་བ་དང་། དོན་དམ་ཙམ་དུའང་དམིགས་སུ་མེད་དེ། །སྟོང་ཉིད་བག་ཆགས་གོམས་པ་ལས། །དངོས་པོའི་བག་ཆགས་སྤངས་འགྱུར་ཏེ། ཅི་ཡང་མེད་ཅེས་གོམས་པ་ལས། ཕྱི་ནས་དེ་ཡང་སྤང་བར་འགྱུར། །ཞེས་ཞི་བ་ལྟས་གསུངས་པ་ལྟར་རོ། ༈ དྲུག་པ་ཐབས་ཕར་ཕྱིན་ལྔ་སྔོན་དུ་འགྲོ་དགོས་པའི་དཔེ་ནི། འོན་ཀྱང་ཐབས་ལ་མ་བརྟེན་པའི། །ཤེས་རབ་མངོན་དུ་མི་འགྱུར་རོ། །སོ་ནམ་སྔོན་དུ་

༣༥

མ་སོང་བའི། །ལོ་ཐོག་མི་འབྱུང་བ་དང་མཚུངས། ཐ་མ་ཀུན་ལས་ལྡོག་པ་ཡང་འཛིན་པ་དང་བྲལ་བ་ཙམ་ཡིན་གྱི། ཚོགས་གཉིས་ཟུང་འཇུག་གི་དགེ་བ་མི་བསྒྲུབ་པ་མ་ཡིན་ཏེ། གཞི་བདེན་གཉིས་ཟུང་འཇུག་ལམ་ཚོགས་གཉིས་ཟུང་འཇུག །འབྲས་བུ་སྐུ་གཉིས་ཟུང་འཇུག །ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས་ཐབས་བསོད་ནམས་ཀྱི་ཚོགས་ཀྱིས་ཉེ་བར་ལེན་པའི་རྒྱུ་བྱས། ཡེ་ཤེས་ཀྱི་ཚོགས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་པས། ས་བཅུའི་ཡོན་ཏན་སྐྱེ་ཞིང་མཐར་གཟུགས་སྐུ་ཐོབ་ལ། དོན་དམ་སེམས་བསྐྱེད་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཀྱིས་ཉེ་བར་ལེན་པའི་རྒྱུ་བྱས། བསོད་ནམས་ཀྱི་ཚོགས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་པས་ལམ་ལྔའི་ཡོན་ཏན་སྐྱེ་ཞིང་མཐར་ཆོས་སྐུ་ཐོབ་པས། འཇིག་རྟེན་པའི་སོ་ནམ་དང་སྟོན་ཐོག་ལྟར་ཤེས་པར་བྱས་ལ་ཐབས་ངེས་པའི་ལམ་འདི་དང་། འོག་ནས་འབྱུང་བའི་ཤེས་རབ་ངེས་པའི་ལམ་གཉིས་ཟུང་འཇུག་ཏུ་ཉམས་སུ་བླང་བར་བྱའོ། ཤེས་རབ་ངེས་པ་ཉམས་སུ་བླང་བ་ལ་བརྒྱད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པ་ལྔ་པོ་རྐྱང་པས་ལམ་མི་འགྲུབ་པར་བསྟན་པ་དང་། དེ་རང་ལ་ཡོད་པས་གཞན་རྐྱེན་མ་ཡིན་པ་དང་། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་དང་། སངས་རྒྱས་ཀྱི་དགོངས་པ་དངོས་དང་། དེ་རྟོགས་པའི་ཐབས་དང་། ཉམས་སུ་ལེན་པའི་གནས་དང་། ཅི་ལྟར་ཉམས་སུ་ལེན་པའི་ཐབས་དང་། དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་ནོ། །དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ཡི། །དོན་ལ་ངེས་པར་མ་སྤྱད་ན། སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་སྤྱོད་གྱུར་ཀྱང་། །ལོང་བས་སྣ་དབྱུག་སྟོར་བ་ཡིས། །ལམ་རྒྱུས་རྙེད་པར་ག་ལ་འགྱུར། སྦྱིན་སོགས་ལྔ་པོ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པས། ཤེས་རབ་ཀྱི་མིག་དང་བྲལ་ན་ཟུང་འཇུག་གི་ལམ་དུ་མི་འགྱུར་བས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་མི་ཕྱིན་ནོ། ༈ གཉིས་པ་ནི། ཤེས་རབ་ཕ་རོལ་ཕྱིན་པའི་དོན།

༣༦

ཚིག་རྐང་འདི་མཆན་དཀྱུས་ལ་ཤོར་བ་ཡིན་པ་འདྲ་སྟེ། གཞུང་འདི་ལ་ཤོ་ལོ་ཀ་ལྔ་བཅུ་ཡོད་པ་ལ་ཚིག་རྐང་གཅིག་ལྷག་པར་གདའ་བས་འདི་འདྲའོ། །འོན་ཀྱང་གོ་རྒྱུ་ལ་ཕན་པར་སྣང་ནས་བཞག་གོ །གཞན་ནས་མཚོ་ལ་རང་ལ་ཡོད། །དངོས་དང་མཚན་མར་མ་གྲུབ་པའི། །རང་བཞིན་འོད་གསལ་ཆེན་པོའི་དོན། དེ་ལྟར་མཆོག་ཏུ་གྱུར་པའི་ཤེར་ཕྱིན་དེ་རྙེད་པར་མི་ནུས་སམ་སྙམ་ན། །རང་གི་སེམས་ཀྱི་ཆོས་ཉིད་སྒྲིབ་གཡོག་དང་བྲལ་བས་རང་གི་རང་འོད་གསལ་བ་དེ་ཡིན་ཏེ། མདོ་ལས། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། རྗེ་བཙུན་བྱམས་པས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། ཅེས་པ་དེའོ། ༈ གསུམ་པ་ནི། ཡིད་ལ་བྱེད་པ་ཀུན་དང་བྲལ། །དྲན་རྟོག་རང་བཞིན་གྱིས་སྤངས་བའི། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །འོད་གསལ་མངོན་དུ་བྱེད་པའི་ལམ་ནི། །ཡུམ་ལས། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དེ་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་རྗེས་སུ་དྲན་པའོ། །ཞེས་པ་སྟེ་བསྒོམ་པའི་ཐབས་ནི་འོག་གི་དབྱིངས་རིག་བསྲེ་བའོ། ༈ བཞི་པ་ནི། །ཕྱི་ནང་ལྷ་འདྲེ་འཁོར་དང་འདས། །སྣང་དང་སྟོང་པ་ལ་སོགས་པ། །གཉིས་སྣང་བྲལ་བ་སངས་རྒྱས་ཀྱི། །དགོངས་པ་མ་ནོར་མ་བཅོས་པ། །དཔེར་ན་ནམ་མཁའི་དབྱིངས་དང་མཚུངས། དེ་ལྟར་སངས་རྒྱས་རྗེས་དྲན་བསྒོམ་པའི་དོན་གཉིས་འཛིན་ཐམས་ཅད་བྲལ་བ་དེ་སངས་རྒྱས་ཀྱི་དགོངས་པ་སྟེ། རྒྱ་ཆད་ཕྱོགས་ལྷུང་དང་མཚན་རྟོག་ཐམས་ཅད་ལས་འདས་པ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནམ་མཁའ་ལྟ་བུའོ། །དེ་ནི་སངས་རྒྱས་ཀྱི་དགོངས་པ་སོ་སོའི་སྐྱེ་བོའི་ཉམས་སུ་མྱོང་བའི་ཐབས་ཁྱད་པར་ཅན་ནོ། ༈ ལྔ་པ་དེ་རྟོགས་པའི་ཐབས་ལ་བཞི། །དབྱིངས་རིག་བསྲེ་བ་དང་། དབྱིངས་རིག་

༣༧

བསྲེ་བའི་འབྲས་བུ་དང་། །དབྱིངས་རིག་བསྲེ་བའི་ཐབས་དངོས་དང་། དབྱིངས་རིག་བསྲེ་བའི་དགོས་བའོ། །དང་པོ་ནི། ཐབས་ཀྱི་མཆོག་ཏུ་གྱུར་པ་ནི། །དབྱིངས་དང་རིག་པ་བསྲེ་བར་བྱ། དོན་ཤེར་ཕྱིན་དུས་འདི་ཉིད་དུ་མངོན་དུ་བྱེད་པའི་ཐབས། གཞུང་ལུགས་གཞན་ལ་མ་གྲགས་པ་ཆོས་འདིའི་ཟབ་ཁྱད་མཆོག་ཏུ་གྱུར་པ་ནི་དབྱིངས་རིག་བསྲེ་བ་སྟེ། དེའི་རྒྱུ་མཚན་དབྱིངས་རིག་གཉིས་ཡུལ་དང་ཡུལ་ཅན་བྱེད་པའི་གཉིས་འཛིན་བྱུང་ལ། དེ་ལས་འཁོར་བའི་འཁྲུལ་པ་མཐའ་དག་བྱུང་ངོ་། །ལམ་དུ་དབྱིངས་རིག་བསྲེ་བ་བསྒོམ་པས་མཐར་ཕྱིན་འབྲས་བུའི་གནས་སྐབས་སུ། དབྱིངས་རིག་རྣམ་པར་དག་པ་དང་། རིག་པ་རྣམ་ཤེས་ཚོགས་གནས་གྱུར། །ཡེ་ཤེས་བཞི་དབྱེར་མེད་དུ་འདྲེས་ནས། སྐུ་གསུམ་འགྲུབ་པས། གཞི་ལམ་འབྲས་གསུམ་འབྲེལ་བ་ཅན་དུ་ཟབ་ཅིང་གསང་སྔགས་ཀྱི་ལམ་དང་ཆ་་་འདྲ་བའོ། ༈ གཉིས་པ་ནི། དབྱིངས་རིག་འདྲེས་པའི་དུས་དག་ཏུ། །དངོས་དང་མཚན་མ་དགག་བསྒྲུབ་དང་། །དམིགས་པར་འཛིན་པ་རང་སངས་ཏེ། །གཟུང་འཛིན་གཉིས་དང་བྲལ་བ་ཡི། །ཆོས་ཉིད་དོན་ལ་གནས་པའོ། །འབྲས་བུ་མངོན་དུ་གྱུར་པའི་དུས་སུ་དབྱིངས་རིག་འདྲེས་པའི་སྟོབས་ཀྱིས་གཉིས་ཆོས་ཐམས་ཅད་ཀྱི་འཛིན་པ་སངས་ནས་གཉིས་མེད་ཡེ་ཤེས་ཀྱི་ཆོས་ཉིད་རྒྱས་ལ། ད་ལྟ་བསྒོམ་པའི་དུས་སུའང་དེ་དང་ཆ་མཐུན་གྱི་ཉམས་ལ་གནས་པའོ། ༈ གསུམ་པ་ནི། །དེ་ལྟར་ལུས་སེམས་མ་བཅོས་པར། །ནམ་མཁའ་སྟོང་པས་གར་ཁྱབ་པ། །རིག་པ་སྟོང་པས་ཁྱབ་པར་ནི། །རྒྱ་བསྐྱེད་ཁྱབ་བདལ་ཆེན་པོར་བཞག །སློབ་མ་ལ་གདམས་ངག་འབེབ་པའི་དུས་ནི། །སྔར་བསྟན་པའི་བཅའ་གཞི་གསུམ་ལ་བརྟེན་ནས་དབྱིངས་རིག་བསྲེ་བ། རིག་རྩལ་དབྱིངས་སུ་བསྲེ་བ། ལུས་ཀྱི་བསྒྲིམ་ཆ། ངག་གི་བསྡམ་ཆ། ཡིད་ཀྱི་གཏད་ཆ་ཐམས་ཅད་ཀློད་ལ། ལུས་སེམས་མ་བཅོས་པར་ནམ་མཁས་གར་ཁྱབ་རིག་པས་ཁྱབ། །རིག་པས་གར་ཁྱབ་ཆོས་

༣༨

སྐུ་མི་ཁྱབ། ཆོས་སྐུ་ཁྱབ་བརྡལ་ཆེན་པོའི་ངང་ལ་མཉམ་པར་བཞག །རྒྱུན་དུ་ནི་ནམ་མཁའ་སྒོ་འབྱེད་བྱ་བའམ་མ་བྱས་ཀྱང་རུང་སྟེ། གདོད་ནས་དབྱིངས་རིག་དབྱེར་མེད་དུ་ཤེས་པར་བྱས་ལ། དེའི་ངང་ལ་མཉམ་པར་བཞག་གོ། ༈ བཞི་པ་ནི། །དེ་ཚེ་རིག་པ་གཞི་རྩ་དང་། །བྲལ་བར་ཉམས་སུ་མྱོང་བ་ནི། །དབང་པོ་ལྔ་དང་ཕྱི་རོལ་ཡུལ། །རིག་པ་གང་དུའང་མི་གནས་སོ། །དབྱིངས་རིག་དབྱེར་མེད་དུ་བཞག་པས། ཆོས་ཐམས་ཅད་རང་གི་སེམས་རིག་པའི་ངོ་བོར་རྟོགས་ཤིང་། རིག་པ་ཉིད་ཀྱང་ངོ་བོ་མ་གྲུབ་པ་གཞི་མེད་རྩ་བྲལ་དུ་རྟོགས་པ་དེའི་ཚེ། །རིག་པ་ནི་མིག་སོགས་དབང་པོ་ལྔ་དང་། གཟུགས་སོགས་ཡུལ་ལྔ་གང་དུ་ཡང་མི་དམིགས་ཏེ། ཤེར་སྙིང་ལས། མིག་མེད། རྣ་བ་མེད་ཅེས་སོགས་གསུངས་པ་བཞིན་ནོ། །དེ་ཉིད་ལྟ་བ་སྐྱེ་མེད་སྟོང་པ་རང་བཞིན་མེད་པ། བསྒོམ་པ་ཁྱབ་བརྡལ་ཆེན་པོ། །ལམ་ཁྱེར་གནས་ཤར་གྲོལ་གསུམ། སྤྱོད་པ་ཉམ་ང་ཐོག་འཇོམས། འབྲས་བུ་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལྷའི་དབང་དུ་བྱས་ན། དྲི་མེད་དག་པའི་ལྷ། །ཏིང་ངེ་འཛིན་གྱི་དབང་དུ་བྱས་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །བཟླས་པའི་དབང་དུ་བྱས་ན་ཡང་དག་དོན་གྱི་བཟླས་པ་ཞེས་གསུངས་སོ། ༈ དྲུག་པ་ལམ་ཉམས་སུ་ལེན་པའི་གནས་ནི། གཡའ་ཁང་དུར་ཁྲོད་གཉན་ས་དང་། །གྲོང་དང་གྲོང་ཁྱེར་ཆེན་པོ་དང་། ཕུག་དང་དབེན་ཕུག་གནས་དག་ཏུ། གཉིས་སུ་མེད་པ་བསྒོམ་པར་བྱ། རྣམ་གཡེང་གི་འཇིགས་པ་སྤངས་ཤིང་། བསམ་གཏན་གྱི་བདེ་བ་མྱང་བའི་ཕྱིར་གནས་དེ་ཉིད་ལྟ་བུར་བསྒོམ་ལ། སྤང་གཉེན་གཉིས་མེད་གནས་བདག་དང་རྣལ་འབྱོར་པ་གཉིས་མེད་དུ་བསྒོམ་པས། གེགས་སེལ་བོག་འདོན་ཞར་ལ་འབྱུང་བའོ། ༈ བདུན་པ་ཇི་ལྟར་ཉམས་སུ་ལེན་པའི་ཐབས་དངོས་ལ་གཉིས། གང་ཉམས་སུ་བླང་བའི་ཆོས་དང་། དེ་ཇི་ལྟར་ཉམས་སུ་བླང་བའི་ཐབས་སོ། ༈ དང་པོ་ནི། བླ་མས་བསྟན་པའི་སྐྱེ་མེད་དོན། གཉིས་

༣༩

པ་ནི། སྤྱོད་ལམ་རྣམ་བཞི་ཉམས་སུ་བླངས། མཉམ་བཞག་གི་རྗེས་སྤྱོད་ལ་བསྲེ་བ་སྟེ། དྲན་ཤེས་དང་མ་བྲལ་བར་སྐྱོང་བའོ། བརྒྱད་པ་དེ་ལྟར་ཉམས་སུ་བླངས་བའི་ཕན་ཡོན་ནི། དེ་ལྟར་ཉམས་སུ་ལེན་པ་ལ། །ཕ་རོལ་ཕྱིན་པའི་བྱིན་རླབས་དང་། །ཆོས་རྣམས་སྟོང་པར་རྟོགས་པ་དེས། །བར་ཆད་འབྱུང་བར་མི་འགྱུར་ཏེ། །སྟོང་པ་ཉིད་ལ་སྟོང་ཉིད་ཀྱིས། །གླགས་རྙེད་པ་ལྟ་ག་ལ་སྲིད། གོང་གི་དབེན་གནས་དེ་ལྟ་བུར་བསྒོམ་པས་བར་ཆད་མི་འོང་ངམ་ཞེ་ན། རྒྱུ་གཉིས་ཀྱིས་མི་འོངས་ཏེ། །དང་པོ་ནི་སྡུད་པ་ལས། མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་པ། དེ་ཀུན་ཡིད་མི་བདེ་ཞིང་དེ་ལ་རིམ་གྲོ་བྱེད། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང་། །ཡུམ་གྱུར་ཤེས་རབ་ཕར་ཕྱིན་འདི་ལ་དགོངས་པ་མཛད། ཅེས་པ་ལྟར་ཡུམ་གྱི་བྱིན་རླབས་དང་། གང་ཚེ་མཁས་པ་དེ་དག་བསམ་པ་རབ་ལྡན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པའི་མཆོག་དོན་ལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཅེས་པ་ལྟར། རྣལ་འབྱོར་པས་ཆོས་ཐམས་ཅད་རྣམ་པར་ཐར་པ་སྒོ་གསུམ་གྱི་རང་བཞིན་ནམ་མཁའ་ལྟ་བུར་རྟོགས་པའི་མཐུས་བར་ཆད་མི་འོང་སྟེ། ཡུམ་ལས། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད། དེ་བཞིན་དུ་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལའང་སྦྱར་བ་དང་། ཕྱི་ཡི་ནམ་མཁས་ནང་གི་ནམ་མཁའ་འཁྲུག་པ་མི་བྱེད་དོ། ཅེས་སོ། དེ་ཡན་ཆད་ཀྱིས་ཐབས་ངེས་པ་དང་ཤེས་རབ་ངེས་པ་གཉིས་སོང་ནས། ༈ གསུམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དངོས་ལ་གསུམ། རྟོགས་པའི་ངོ་བོ། དྲོད་ཚད། །དཔེ་དོན་ནོ། །དང་པོ་ནི། ཆོས་ཉིད་སྟོང་པའི་དོན་རྟོགས་ན། །རྟགས་སམ་མཚན་མ་ཕ་རོལ་ཏུ། །སྒོ་ལྔའི་ཡུལ་དུ་གཟུགས་དང་སྒྲ། །དྲི་རོ་རེག་བྱ་མ་ལུས་པ། །སྟོང་པ་ཉིད་དུ་རབ་གསལ་ཏེ། །ནང་དུ་ཉོན་མོངས་རགས་པ་དང་། །གཟུང་འཛིན་ཕྲ་མོ་སྐྱེས་གྱུར་

༤༠

ཀྱང་། །གཉིས་མེད་རང་གྲོལ་རྩིས་ལས་འདས། དབྱིངས་རིག་དབྱེར་མེད་ཀྱི་རྟོགས་པ་ཆོས་ཉིད་སྟོང་པའི་དོན་རྒྱུད་ལ་སྐྱེས་པ་ན། །ཡུལ་ཅན་དབང་པོ་ལྔའི་རྣམ་ཤེས་དང་། ཡུལ་གཟུགས་སོགས་ལྔས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་འཆར་ལ། །སྐབས་སུ་འཁྲུལ་བའི་བག་ཆགས་ཉོན་མོངས་རག་པ་སྐྱེས་ཀྱང་སྐྱེས་གྲོལ་དུ་འགྱུར་བས། ཉོན་མོངས་ཀྱི་བྱ་བ་མི་བྱེད་ཅིང་ལས་མི་སོགས་ཏེ། གཟུང་འཛིན་ལྟར་སྣང་ཡང་། གཟུང་འཛིན་གྱི་དོན་བྱེད་མི་ནུས་པས་ཕྲ་མོ་ཡིན་ལ། རེ་དོགས་རྩིས་གདབ་ལས་འདས་པ་འབྱུང་སྟེ། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། མེ་ས་ཡོངས་སུ་གདུང་བའི་ས་བོན་རྣམས་ནི་ཁ་དོག་ཡོངས་སུ་ཉམས་པ་མེད་ལ། མྱུ་གུ་འབྱུང་བའི་སྐལ་བ་ནི་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔར་ཉོན་མོངས་པ་རྣམས་ཀྱང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། བདག་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་གདུང་ན་དེ་འདོད་པའི་ཡོན་ཏན། དགའ་བ་ཐམས་ཅད་ཡོངས་སུ་སྤྱོད་པར་བྱེད་ཀྱང་། ལོག་པར་ལྟུང་བར་འགྲོ་བའི་ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན་པར་མི་བྱེད་ལ། སངས་རྒྱས་ཀྱི་ཁ་དོག་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཅེས་སོ། །གཉིས་པ་ནི། དེ་ལྟར་རྟོགས་ན་ཆོས་ཉིད་ལ། གནས་ཤར་གྲོལ་བར་གྱུར་པ་སྟེ། །གསེར་གླིང་དག་ཏུ་ཕྱིན་དང་མཚུངས། །ཆོས་ཉིད་རྟོགས་པ་རྒྱ་མཚོ་ལྟ་བུའི་ངང་ལ་གནས་ན། རྟོག་པའི་འདུ་འཕྲོ་ཆར་བ་ལྟ་བུ་ཅི་ཤར་ཡང་རང་གྲོལ་དུ་འགྱུར་བས་གཉེན་པོ་གཞན་མི་དགོས་ཏེ། ཐམས་ཅད་ཆོས་ཉིད་དུ་འཆར་བ་ནི་རིན་པོ་ཆེའི་གསེར་གླིང་དུ་ས་རྡོ་མི་རྙེད་པ་ལྟར་རྣམ་རྟོག་ངན་པ་མི་རྙེད་པའོ། ༈ གསུམ་པ་དཔེ་དོན་ནི། སྐྱེས་བུའི་སྲོག་རྩ་བཅད་གྱུར་ཀྱང་། །མིག་ལ་སོགས་པ་དབང་བོ་ཡི། །ཆེད་དུ་སྒོ་ནི་དགག་མི་དགོས། །དེ་བཞིན་སེམས་ནི་རྩད་བཅད་ན། །ཆོས་རྣམས་སྟོང་པར་རྟོགས་པར་འགྱུར། གོང་གི་མདོར་བསྟན་གྱི་སྐབས་

༤༡

སུ་སེམས་འཁོར་འདས་གཉིས་ཀའི་རྩ་བར་གསུངས་ལ། དེའི་གཞི་རྩ་ཆོད་ན་ཤིང་སྡོང་པོའི་རྩ་བ་བཅད་པ་འདྲ་ཞིང་། སྐྱེ་མེད་གཅིག་ཆོད་དུ་གསུངས་པ་དང་འདི་གཉིས་གནད་གཅིག་སྟེ་དཔེ་དོན་ནི་གོ་སླའོ། །འདི་ཡི་སྐབས་སུ་བཀའ་ཚོམས་ལས་ལུས་ངག་ཡིད་གསུམ་ལ་འཛིན་པ་མེད་པ་རྒྱལ་བའི་སྐུ་གསུང་ཐུགས་ཡིན་ལ། སྣང་གྲགས་རིག་གསུམ་ཀྱང་སེམས་ཀྱི་སྐུ་གསུང་ཐུགས་སུ་གསུངས་པ་དང་། གསང་སྔགས་བླ་ན་མེད་པས་སྔགས་སྡོམ་གྱི་ངོ་བོ་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་གི་མཚན་འཛིན་སྐྱོབ་པ་ལ་བཤད་པ་གཉིས་གནད་གཅིག་པར་གོ་སྟེ། སྔགས་སུ་ལས་དང་པོའི་གང་ཟག་ནས་བཟུང་སྟེ་ལམ་འཁྱེར་བྱེད་ལུགས་ཡིན་ལ། འདིར་རྟོགས་པའི་ཡོན་ཏན་དགོངས་པའི་ཁྱད་པར་ཡོད་དོ། །བཞི་པ་དེ་ལས་གཅོད་དུ་གྱུར་པའི་ངེས་ཚིག་ནི། སེམས་ཉིད་རྩ་བ་གཅོད་པ་དང་། །ཉོན་མོངས་དུག་ལྔ་གཅོད་པ་དང་། །ལྟ་མཐའ་བསྒོམ་པའི་འདུ་བྱེད་དང་། །སྤྱོད་པ་ཉམས་ང་རེ་དོགས་དང་། །སྙེམས་བྱེད་ཐམས་ཅད་གཅོད་པའི་ཕྱིར། །ངེས་པའི་ཚིག་ཏུ་གཅོད་ཅེས་བྱ། །སེམས་ཀྱི་ཉེས་རྩ་བདག་འཛིན་ཏེ། སྡུད་པ་ལས། སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ། ཅེས་དང་། །འདོད་ཆགས་ལ་སོགས་དུག་ལྔ་དང་། ལྟ་བའི་མཐར་འཛིན། བསྒོམ་པའི་ཡིད་བྱེད། །སྤྱོད་པའི་ཉམ་ང་། འབྲས་བུའི་རེ་དོགས་ཀྱི་ཆགས་རྣམས་གཅོད་པ་སྟེ། ཆགས་པ་གཅོད་བྱེད་ཀུན་ལ་ཆགས་བཟད་པར་འདོད། ཅེས་དང་། ལམ་སྦྱིན་པ་སོགས་ཀྱི་མི་མཐུན་ཕྱོགས་གཅོད་པ་སྟེ། རྒྱུད་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྙེམས་བྱེད་སོགས་བདུད་བཞི་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་གཅོད་པ་སྟེ། རྒྱུད་ལས། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། ཅེས་སོ། །དེ་དག་ནི་དོན་ཤེར་ཕྱིན་གྱི་བྱེད་ལས་ལ་མིང་དུ་བཏགས་ཏེ། མདོ་རྒྱུད་ལས་གསུངས་པའི་མིང་དོན་འབྲེལ་བ་ཡིན་གྱི། །མ་གསུངས་

༤༢

པའི་བབ་ཆོལ་ལྟ་བུ་ནི་མ་ཡིན་ནོ། ༈ ལྔ་པ་ལམ་གྱི་མི་མཐུན་ཕྱོགས་སྤོང་བ་ལ་གསུམ། །བདུད་གཉིས་ངོས་བཟུང་ཞིང་དེ་གཅོད་པའི་ཐབས་དང་། བདུད་འབྱུང་བའི་རྒྱུ་མཚན་དང་། བདུད་བཏུལ་བའི་ཐབས་བསྟན་པའོ། །དང་པོ་ལ་བདུན། ཐོགས་བཅས་ཀྱི་བདུད་དང་། ཐོགས་མེད་ཀྱི་བདུད་དང་། ཆོད་པའི་རྟགས་དང་། ཚར་བའི་ཚད་དང་། ལྡོག་པའི་དུས་དང་། མི་ལྡོག་པའི་ཐབས་དང་། ལོག་གནོན་གཟེར་བུ་ལྟ་བུའི་གདམས་ངག་གོ །དང་པོ་ལ་གཉིས། བཅད་བྱའི་ཡུལ་དང་། །གཅོད་བྱེད་ཀྱི་གདམས་ངག་གོ །དང་པོ་ནི། མངོན་ཞེན་ཆགས་སྡང་ཐོགས་པའི་བདུད། །དེ་ལ་ཇི་ལྟར་བཅད་ཞེ་ན། གཟུགས་སོགས་འདོད་ཡོན་ལྔ་ནི་ཐོག་བཅས་ཡིན་ཏེ། །དེ་ལ་སེམས་ཞེན་ཅིང་ཆགས་པས་་་་་་་་་་་་དུག་གསུམ་དུག་ལྔ་སྐྱེ་བ་ནི་བདུད་དེ་ཐར་པའི་སྲོག་གཅོད་པའོ། །དེ་དང་ཡུལ་གྱི་ཆ་ནས་ཐོགས་བཅས་བདུད་དང་། སེམས་ལ་ཉོན་མོངས་སྐྱེ་བ་ནི་ཐོགས་མེད་བདུད་ཡིན་པས། བདུད་གཉིས་གཞི་མཐུན་པའོ། ༈ གཉིས་པ་ལ་གསུམ། གང་ཟག་གི་མཚན་ཉིད། གདམས་ངག་དངོས། དེ་དག་གི་ཆེ་བའོ། །དང་པོ་ནི། །ཉམས་ཅན་རབ་འབྲིང་ཐ་མ་ཡིས། །ཅེས་སོ། ༈ གཉིས་པ་ལ་གསུམ། དབང་བོ་[54]རབ་དང་། འབྲིང་དང་། ཐ་མའི་གདམས་ངག་གོ །དང་པོ་ནི། དྲན་མེད་དང་དུ་བཞག་པ་དང་། གཉིས་པ་ནི། །དེ་ལ་གཏད་དེ་བསྒོམ་པ་དང་། གསུམ་པ་ནི། བརྟགས་ཤིང་དཔྱད་ལ་གཏན་ལ་དབབ། དབང་བོ་[55]རབ་ཀྱིས་ཡུལ་སྣང་སྟོང་ཉིད་དུ་རྟོགས་པས་སངས་རྒྱས་རྗེས་དྲན་གྱི་ངང་དུ་བཞག་ལ། འབྲིང་གི་ཡུལ་སྣང་སེམས་སུ་ཤེས་པས་སེམས་ལ་གཏད་དེ་བསྒོམ། ཐ་མས་སྒྱུ་མའི་དཔེ་བརྒྱད་ལ་སོགས་པས་ཡུལ་སྣང་ལ་རང་བཞིན་མེད་པར་གཏན་ལ་དབབ་སྟེ། ཆགས་སྡང་མི་སྐྱེ་བར་བསླབ་བོ། ༈ གསུམ་པ་ཆེ་བ་ནི། དཔེར་ན་ནགས་ཚལ་འཐུག་པོ་དང་། །སྟོབས་

༤༣

དང་ལྡན་པའི་སྐྱེས་བུ་དང་། །སྟ་གྲི་རྣོན་པོ་ཅི་བཞིན་ནོ། །བཅད་བྱའི་ཡུལ་ནི་རྒྱ་ཆེ་ཞིང་གྲངས་ཡང་མང་བས་ནགས་ཚལ་འཐུག་པོ་དང་འདྲ་ལ། གཅོད་མཁན་ཉམས་རྟོགས་ཡོད་པ་ནི་སྐྱེས་བུ་སྟོབས་ལྡན་ཏེ། གཅོད་བྱེད་ཀྱི་གདམས་ངག་ཟབ་མོ་ནི་སྟ་གྲི་རྣོན་པོ་བཞིན་ནོ། །དེས་ན་བརྩོན་འགྲུས་དང་ལྡན་ན་གཉེན་པོ་ཆུང་ངུས་ཀྱང་སྤང་བྱ་ཆེན་པོ་འཇོམས་པའོ། །གཉིས་པ་ཐོགས་མེད་ཀྱི་བདུད་ལ་གཉིས། བཅད་བྱའི་བདུད་ངོས་བཟུང་བ། གཅོད་བྱེད་ཀྱི་གདམས་ངག་གོ། །དང་པོ་ནི། ལྷ་འདྲེའི་ཆོ་འཕྲུལ་སྙེམས་བྱེད་ཅིང་། །ཐོག་མེད་བདུད་ཅེས་བྱ་བ་ནི། །འདི་ལ་ནང་བདུད་ཉོན་མོངས་དང་། ཕྱི་བདུད་ལྷ་འདྲེ་གཉིས་ལས། དང་པོ་གོང་དུ་བསྟན་ལ། འདི་ཕྱི་བདུད་དེ་སྙེམས་བྱེད་བདུད་ཀྱི་ཞོར་ལ་བསྟན་ཏོ། །གཉིས་པ་ལ་དྲུག །གཉན་ཐོག་ཏུ་གཉན་དབབ་པ་དང་། མེ་བཙའ་ཨ་ན་ཚུགས་བཞག་པ་དང་། ཉམས་ལེན་གྱི་ཆོས་དང་། སྐར་ཆེན་ཐིབས་འོག་ཏུ་གཞུག་པ་དང་། ལྷ་འདྲེ་གཉིས་ལ་ཉེ་རིང་སྤོངས་པ་དང་། གཉན་ཆེན་མཐའ་ལ་གཏད་པའོ། །དང་པོ་ནི། གཉན་ཐོག་གཉན་དབབ་ཤ་ཐོག་ཏུ། གཉིས་པ་ནི། མེ་བཙའ་ཨ་ན་ཚུགས་སུ་བཞག །འདི་རྣམས་རི་སྐོར་ཡིན་ལ། དེའང་མཁས་པ་གསུམ་གྱིས་ཉམས་སུ་ལེན་པས། དང་པོ་གཞི་བཅའ་བ་ལ་མཁས་པ་ནི་དེ་དག་གིས་བསྟན་ཏོ། ༈ གསུམ་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། ཤེས་རབ་ངེས་པའི་ཉམས་ལེན་སངས་རྒྱས་རྗེས་དྲན་བསྒོམ་པ་ནི་སྐྱབས་འགྲོ་སྟེ། དབྱིངས་རིག་བསྲེ་བ་ཐུན་དུ་བཅད་ལ་བསྒོམ་སྟེ། ཉམས་ལེན་གྱི་དངོས་གཞིའོ། ༈ བཞི་པ་ནི། སྐར་ཆེན་ཐིབས་འོག་དག་ཏུ་གཞུག །བདུད་ཁང་ལུས་ལ་བྱས་ནས་ཟིལ་གནོན་སེམས་ཀྱིས་བྱེད་པ་དཔེའི་སྒོ་ནས་བསྟན་པའོ། ༈ ལྔ་པ་ནི། ལྷ་འདྲེ་གཉིས་ལ་ཉེ་རིང་སྤངས། སྤང་གཉེན་གཉིས་མེད་དུ་བསྒོམ་པའི་བསླབ་བྱའོ། ༈ དྲུག་པ་ནི།།

༤༤

གཉན་ཆེན་མཐའ་ལ་གཏད་པར་བྱ། སློང་གི་དུས་སུ་ཕྱི་ནང་གསང་གསུམ་གྱི་མཐའ་གཏད་ལ་སོགས་པ་བསྟན་པའོ། ༈ གསུམ་པ་ཆོད་ཚད་ནི། གཅོད་ན་ཆོད་ཚད་ཉམ་ང་བྲལ། དེ་དག་ནི་ཉམས་ལེན་གྱི་གདེང་ཐོབ་པའི་དྲོད་ཚད་དོ། ༈ བཞི་པ་ཚར་བའི་ཚད་ནི། ཚར་ཚད་ཆོ་འཕྲུལ་རང་ཞི་བ། ཐུན་མོང་དང་ཁྱད་པར་དང་། མཆོག་གི་ཚར་ཚད་རྣམས་བསྟན་པའོ། །ཆོ་འཕྲུལ་དང་སློང་རྟགས་སོགས་འོག་ནས་ཁ་སྐོང་སྟེ། བར་དུ་ལམ་ལ་གཟུང་པ་ལ་མཁས་པའི་ཉམས་ལེན་ནོ། ༈ ལྔ་པ་ལྡོག་པའི་དུས་ནི་ལྡོག་ཚད་སྐྲག་ཅིང་དངངས་ནས་འབྲོས། རང་གཞན་གྱི་ལྷ་འདྲེས་བསྒྱུར་བ་ལ་སོགས་ལྡོག་པའི་རྒྱུ་རྣམས་བསྟན་པའོ། ༈ དྲུག་པ་མི་ལྡོག་པའི་ཐབས་ནི། མི་ལྡོག་སྒོ་གཏན་ལྟ་བུ་ནི། །སྐྲག་ཅིང་དངངས་ཀྱང་མི་འབྲོས་སོ། །འཇིགས་སྐྲག་གི་སྣང་བ་ཅི་བྱུང་ཡང་ཤི་ནུས་ཐོག་འགེལ་བྱ་བའོ། །བདུན་པ་ལོག་ནོན་ནི། ལོག་གནོན་གཟེར་བུ་ལྟ་བུ་ནི། བཏུད་དེ་དེ་ལ་ནན་ཏན་བྱ། །དེ་ནི་མན་ངག་དམ་པའོ། །མི་མཐུན་ཕྱོགས་དང་དུ་བླང་བས་བར་ཆད་དངོས་གྲུབ་ཏུ་འགྱུར་བའི་ཐབས་ཁྱད་པར་ཅན་ནོ། །དེ་དག་ནི་ཐ་མ་རྗེས་བཅད་པ་ལ་མཁས་པའི་ལག་ལེན་ནོ། །བདུད་གཉིས་བཅད་པའི་ཐབས་སོང་ནས། གཉིས་པ་བདུད་འབྱུང་བའི་རྒྱུ་མཚན་ལ་གསུམ། བདུད་ངོས་བཟུང་བ་དང་། དེ་གཅོད་བྱེད་ཀྱི་གདམས་ངག་དང་སློང་རྟགས་བསྟན་པའོ། །དང་པོ་ནི། གཉིས་མེད་ཕ་རོལ་ཕྱིན་བསྒོམ་པས། །འཇིག་རྟེན་ལྷ་འདྲེས་མ་བཟོད་ནས། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ། །མངོན་སུམ་གཟི་བྱིན་རྨི་ལམ་སོགས། །ལམ་ཟབ་མོ་བསྒོམ་པས་དེའི་གཟི་བརྗིད་མ་བཟོད་ནས་ཆོ་འཕྲུལ་འོང་བ་ཡིན་གྱི། དམིགས་བརྩུབ་པོ་མ་བྱས་ན་མི་སློང་བ་ནི་མ་ཡིན་ནོ། །དེའང་རྫི་གྲིབ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་། ཕྱི་ནང་གསང་གསུམ་གྱི་སློང་རྣམས་འབྱུང་བ་ནི་སྲོག་གིས་བསྡུས་པའོ། ༈ གཉིས་པ་ལ་

༤༥

།གསུམ། དབང་པོ་རབ་དང་འབྲིང་དང་ཐ་མའོ། །དང་པོ་ནི། དེ་དག་ཀུན་ལ་ཉམས་རབ་ཀྱི། །གཉིས་སུ་མེད་པའི་དོན་ལ་བཞག །གཉིས་པ་ནི། འབྲིང་གིས་དེ་ལ་གཏད་དེ་བསྒོམ། །གསུམ་པ་ནི། །ཐ་མས་ཕུང་པོ་གཟན་དུ་སྐྱུང་། གཅོད་བྱ་ཆོ་འཕྲུལ་གསུམ་པོ་དེ། །གཅོད་བྱེད་ལམ་ཁྱེར་གསུམ་གྱིས་ཉམས་སུ་བླང་པ་སྟེ། རབ་ཆོ་འཕྲུལ་སྟོན་མཁན་གྱི་ལྷ་འདྲེ་དང་རྣལ་འབྱོར་པ་གཉིས་སུ་མི་དམིགས་པའོ། །འབྲིང་གིས་དབྱེར་མེད་བསྲེ་བ་ལ་སེམས་གཏད་པའོ། །ཐམས་ཕུང་པོ་གཟན་དུ་སྐྱུར་བ་ནི་འོག་ནས་བསྟན་ཏོ། །གཉིས་པ་ནི། དེ་རྗེས་རིག་པ་བློ་རྟེན་དང་། །བྲལ་བའི་ཉམས་ནི་སྐྱེ་བར་འགྱུར། །དེ་ནི་རྣལ་འབྱོར་བ་[56]འབྲིང་ལ་སློང་རྟགས་བྱུང་ཚུལ་ཏེ། ཐ་མས་ནི་ཚར་ཚད་ལ་བརྟེན་དགོས་སོ། །གསུམ་པ་བདུད་བཏུལ་བའི་ཐབས་ལ་གཉིས། བདུད་ངོས་བཟུང་བ་དང་། དེ་གཅོད་པའི་གདམས་ངག་གོ། །དང་པོ་ནི། གཉན་སར་ཕྱིན་ནས་ལྷ་འདྲེ་ཡི། །གཟི་བྱིན་བྱུང་ན་བེམ་རིག་ཕྲལ། གཉིས་པ་ལ་གསུམ། །ལུས་ལ་སྙེམས་ཐག་གཅོད་པ་དང་། སེམས་ལ་སྙེམས་ཐག་གཅོད་པ་དང་། རྣམ་རྟོག་བདུད་ལས་སྤྲོ་བའོ། །དང་པོ། ལུས་འདི་བེམ་པོ་རྡོ་བ་འདྲ། །དེ་ལ་གནོད་པར་མི་འགྱུར་རོ། །གཉིས་པ་ནི། སེམས་ནི་དངོས་མེད་ནམ་མཁའ་འདྲ། །དེ་ལ་སུས་གནོད་སུ་ལ་གནོད། །དེ་ལྟར་བསམ་ཏེ་ཆོས་ཉིད་ལ། །ཉམ་ང་བག་ཚ་མེད་པར་བཞག །ལྷ་འདྲེས་རང་ལུས་བེམ་པོ་འདི། །ཁྱེར་ནས་སོང་བ་སྙམ་བྱེད་ཀྱང་། །སྔར་གྱིས་ལས་མ་འགུལ་བས། །གང་ལའང་ཉམ་ང་མི་བྱའོ། །འདི་ནི་དབང་པོ་འབྲིང་དང་ཐ་མའི་ཉམས་ལེན་ཏེ། ཐམས་ཅད་ཀྱང་རི་སྐོར་གྱི་དངོས་གཞི་ལ་དགོས་པ་ཡིན་ནོ། །གསུམ་པ་ནི། རྣམ་པར་རྟོག་པ་གང་སྐྱེས་བདུད། །དེ་ནི་རང་གི་སེམས་ལས་བྱུང་། །སེམས་ལ་བྱུང་ས་གནས་པ་དང་། །འགྲོ་སར་གྲུབ་པ་རྡུལ་ཙམ་མེད། །གྲོལ་ནས་སངས་རྒྱས་འབྱུང་མི་འགྱུར། །འཁྲུལ་ནས་འཁོར་བར་འཁྱམ་མི་སྲིད། །འཁྲུལ་རྟོག་ཐམས་ཅད་སྙེམས་

༤༦

བྱེད་ཀྱི་བདུད་ཡིན་ལ། དེ་སེམས་ཀྱི་རང་རྩལ་ཡིན་ཅིང་སེམས་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བར་རྟོགས་ན། གྲོལ་འཁྲུལ་ཀྱང་ངོ་བོ་མ་གྲུབ་པ་ས་གཞི་མེད་རྩ་བྲལ་དུ་ལ་བཟླ་བའོ། །དེ་རྣམས་ཀྱིས་ཉམས་སུ་བླང་བའི་གདམས་ངག་ཐམས་ཅད་བསྟན་ཟིན་ཏོ། །རི་སྐོར་ཞིབ་ཏུ་ཁོ་བོས་བྲིས་བའི་དབྱིངས་ཀྱི་རྡོ་རྗེ་ཕ་ལམ་ལ་སོགས་གཞན་དུ་ཤེས་སོ། །གསུམ་པ་ལམ་ཉམས་སུ་བླང་བའི་རིམ་པ་ལ་གསུམ། མཆོག་གི་འབྲས་བུ་དང་། གོལ་ས་སྤང་བ་དང་། སྒྲིབ་པ་བསྟན་པ་དང་། གནས་ལུགས་བསྟན་པ་དང་། ཐུན་མོང་གི་འབྲས་བུ་བསྟན་པའོ། །དང་པོ་ནི། དགེ་སྡིག་ལས་ཀུན་རྣམ་པར་དག །ཡེ་དག་ཡེ་གྲོལ་ཡེ་སངས་རྒྱས། ཐོག་མར་ལམ་ལ་ཞུགས་ནས་བླང་དོར་ལ་བསླབ་པས། དགེ་བ་སྟོབས་འཕེལ་ཞིང་སྡིག་པ་རིམ་གྱིས་འགྲིབ་ནས། ལམ་ལྔས་བཅུའི་ཡོན་ཏན་རྫོགས་ཏེ་ལས་ཐམས་ཅད་རྣམ་པར་དག་པས། སྤངས་དཔྱད་གུམ་ཏུའི་ཡེ་དག །རྟོགས་པ་ཕུན་སུམ་ཚོགས་པ་ཡེ་གྲོལ། དོན་གཉིས་ཕུན་སུམ་ཚོགས་པ་ཡེ་སངས་རྒྱས་པའོ། །ཡང་ཡེ་དག་གཞིའི་གནས་ལུགས། །ཡེ་གྲོལ་ལམ་གྱི་སྦྱང་ཐབས། ཡེ་སངས་རྒྱས་པ་འབྲས་བུའི་འཆར་ཚུལ་ལོ། །གཉིས་པ་ནི། སྡིག་ལ་མི་འཛེམ་གོལ་བས་ཡིན། ཉོན་སྒྲིབ་མ་སྤངས་བར་འབྲས་བུ་མི་ཐོབ་པས་གོལ་སའོ། །གསུམ་པ་ནི། གྲུབ་པའི་མཐའ་ཞེན་སྒྲིབ་པ་ཡིན། འཁོར་གསུམ་དུ་འཛིན་པ་ལྟ་གྲུབ་ཀྱི་མཐར་འཛིན་ཐམས་ཅད་ཤེས་སྒྲིབ་ཏུ་བསྟན་པའོ། །བཞི་པ་ནི། གཉིས་མེད་རང་གྲོལ་གནས་ལུགས་ཡིན། །སྒྲིབ་གཉིས་སྤངས་ནས་དོན་གྱི་གནས་ལུགས་རྟོགས་པ་སྟེ། དེ་གསུམ་གྱི་འབྲས་བུ་ལ་སྒྲོ་འདོགས་གཅོད་པའོ། །ལྔ་པ་ལ་དྲུག །སྤྱིར་ཉམས་ལེན་གྱི་སྔོན་དུ་འགྲོ་བ་དང་། ཉམས་ལེན་གྱི་ཆོས་དང་། རང་གི་བར་ཆད་སེལ་བའི་གདམས་ངག་དང་། གཞན་གྱི་བར་ཆད་སེལ་བའི་ཐབས་དང་། དེ་དག་གི་སྤོག་ཆོག་དང་། སྤྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་སུ་བླངས་བའི་འབྲས་

༤༧

བུ་བསྟན་པའོ། །དང་པོ་ནི། །ཆོས་ཉིད་ངང་ལས་སྐྱབས་འགྲོ་དང་། གཉིས་པ་ནི། སེམས་བསྐྱེད་གསོལ་བ་གདབ་བར་བྱ། ལམ་ལ་འཇུག་པ་དང་ལམ་བསྒོམ་པ་དང་། གཉན་སར་འགྲོ་བ་དང་། ཐུན་གྱི་ཐོགས་ལ་སྐྱབས་འགྲོ་བྱ་བ་དངོས་གཞི་ལ་ཡང་དོན་དམ་པའི་སྐྱབས་འགྲོ་དང་། བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པར་བྱའོ། །གསུམ་པ་ནི། རང་ལ་བར་ཆད་བྱུང་བ་ན། །གཉན་སར་ཕྱིན་ལ་གཉིས་མེད་བསྒོམ། །ལམ་བསྒོམ་པའི་རྣལ་འབྱོར་པ་ལ་ཉོན་མོངས་པ་དང་། ནད་དང་། གདོན་གྱི་བར་ཆད་གསུམ་པོ་གང་བྱུང་ཡང་། བརྩོན་འགྲུས་འཕེལ་བའི་ཕྱིར་སྤང་བྱ་ངང་གཉེན་པོ་གཉིས་མེད་དུ་བསྒོམ་སྟེ། ལམ་ཁྱེར་རེ་རེ་ལའང་ལམ་ལྔ་དང་སྦྱར་བའི་ཚུལ་ཉམས་སུ་བླང་བས་ལམ་བཅོ་ལྔར་འགྱུར་རོ། །བཞི་པ་ནི། སེམས་ཅན་གཞན་ལ་ཕན་འདོགས་ན། །སྙིང་རྗེ་སྔོན་དུ་འགྲོ་བ་ཡིས། །བདག་དང་ནད་པ་གདོན་དང་ནད། །ཐམས་ཅད་སྟོང་པར་ཤེས་བྱས་ལ། །ཕྱག་ཆག་བྱ་ཞིང་སྟོང་ཉིད་བསྒོམ། །མགོ་བོ་གཏད་ལ་ཉལ་བར་བྱ། ནད་གདོན་གྱིས་ཉེན་པའི་སེམས་ཅན་ལ་ཕན་འདོགས་དགོས་པ་བྱུང་ན། བྱམས་སྙིང་རྗེ་བསྒོམ་པ་སྔོན་དུ་སོང་ནས། བདག་དང་ནད་པ་གདོན་དང་ནད་བཞི་ཀ་སྟོང་ཉིད་དུ་ཤེས་པས་ཕྱག་གིས་ན་སར་ཆག་ཆག་བྱས་ལ། ནད་པ་ལ་མགོ་བོ་གཏད་ལ་ཉལ་བའམ། །ལྷ་འདྲེ་གཏུམ་མོ་གནས་པའི་སར་མགོ་བོ་གཏད་ལ་ཉལ་ཏེ། འདི་ལ་འཁྱམ་གཅོད་དུ་གྲག་གོ །ལྔ་པ་ནི། དེས་ཀྱང་ཞི་བར་མ་གྱུར་ན། །གཉན་སར་སྐྱབས་འགྲོ་སེམས་བསྐྱེད་བྱ། །ལན་གསུམ་འགོང་ལ་མཐའ་བྲལ་བསྒོམ། །མཎྜལ་བཅས་ལ་ཤིང་བུ་དང་། །རྡིལ་བུས་བྱིན་བརླབས་བྱས་ལ་བསྐུར། །རྣལ་འབྱོར་བ་[57]དང་ནད་པ་ལྷན་ཅིག་ཏུ་ཡོད་ན། སྐྱབས་འགྲོ་སེམས་བསྐྱེད་གསོལ་གདབ་ཚོགས་མཆོད་མང་དུ་བྱས་ལ་ནད་པའི་སྟེང་དུ་ལན་གསུམ་འགོང་རྒྱབ་ལ་བརྟུལ་ཞུགས་ཀྱི་སྤྱོད་པ་ཅི་རིགས་བྱ། སློབ་མ་ལོགས་ཤིག་ཏུ་འདུག་ན་

༤༨

ཚོགས་མཆོད་ཀྱི་སྐབས་སུ། །རྡོལ་བུ་ལ་བྱིན་བརླབས་བྱས་ལ་བསྐུར་ནས་བཀའ་བསྒོ་བྱའོ། །འདིར་རི་ཁྲོད་འགྲིམ་པའི་སློབ་མ་ལ་ལྷ་འདྲེའི་སྲོག་དབང་གི་ཚུལ་དུ་བྱ་བའང་ཡོད་དེ། ལག་ལེན་ནི་ལོག་ཏུ་སྟོན་ནོ། །འདི་རྣམས་ནི་ས་ལ་འབྲས་བུ་ཐོབ་པ་འདི་གེགས་མེད་[58]རག་ལས་པས་འབྲས་བུའི་ཞར་ལ་བསྟན་ཏོ། །དྲུག་པ་ལ་གསུམ། གཉན་ཁྲོད་དུ་གཅོད་བྱས་བའི་གནས་སྐབས་ཀྱི་འབྲས་བུ་དང་། ཆོས་ཉིད་ཀྱི་དོན་བསྒོམ་པས་བདུད་བཞི་ཆོད་པ་མཐར་ཐུག་གི་འབྲས་བུ་དང་། དེ་གཉིས་ཀ་ལས་བྱུང་བའི་ཕན་ཡོན་ནོ། །དང་པོ་ནི། །སྟེང་གི་ལྷ་རྣམས་དམ་ལ་ཐོགས། །འོག་གི་ཀླུ་རྣམས་ཟིལ་གྱིས་གནོན། །ཀླུ་ལ་གང་བཅོལ་ལས་ཀུན་འགྲུབ། །ལྷ་རྣམས་རང་ས་ནས་གྲོགས་བྱེད། །ཀླུ་རྣམས་མ་ལུས་བྲན་དུ་ཁོལ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྣམས་ཀྱིས་བུ་ལྟར་འཚོ། །དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པས། རང་རྒྱུད་ཀྱི་ཉོན་མོངས་པ་དུག་གསུམ་ཆོས་ཉིད་ཀྱི་དབང་དུ་འདུས་པས། དུག་གསུམ་རྒྱས་པའི་སྐྱེ་འགྲོ་ཐམས་ཅད་དབང་དུ་འདུ་ཞིང་དམ་ལ་ཐོགས་ནས་འཕྲིན་ལས་བསྒྲུབ་སྟེ། ལྷ་རྣམས་འདོད་ཆགས་གཙོ་བོར་གྱུར་པ། ཀླུ་རྣམས་ཞེ་སྡང་དང་གཏི་མུག་གཙོ་བོར་གྱུར་པ་སྟེ། འགྲོ་བ་གཞན་དེ་གཉིས་ཀྱི་ཁོང་དུ་བསྡུའོ། །སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་བཞི་དང་། ཡུམ་གྱི་བསྟན་པ་སྲུང་བར་ཁས་བླངས་བའི་དཔལ་མགོན་སྲུང་མ། ལྷ་ཀླུ་རྣམས་ཀྱིས་ཀྱང་སྲུང་བ་དང་སྐྱོབ་པ་དང་སྡོང་གྲོགས་སུ་བྱེད་ལ། རྩ་བ་གསུམ་གྱིས་ཀྱང་བརྩེ་[59]བས་སྐྱོང་བར་འགྱུར་རོ། །གཉིས་པ་ནི། ཐོགས་བཅས་བདུད་ལ་་་ཆོད་པས་ནི། །སྣང་བ་དགྲར་ནི་ལོང་མི་འགྱུར། །ཐོག་མེད་བདུད་ལ་ཆོད་པས་ནི། གདོན་གནོད་སྦྱིན་ཕོ་མོ་དམ་ལ་ཐོགས། །ཡུལ་སྣང་བདེན་མེད་མངོན་སུམ་དུ་རྟོགས་པས། ཡུལ་ལ་བརྟེན་པའི་ཉོན་མོངས་མི་

༤༩

སྐྱེ་བ་ནི་ཉོན་སྒྲིབ་སྤངས་པ་སྟེ། མཐོང་ལམ་དང་ས་དང་པོའོ། ནང་དུ་ཉོན་མོངས་པ་དག་པས། ཕྱི་ནང་གི་གཉིས་ཆོས་ཐམས་ཅད་ཆོམ་ནས། འཁོར་གསུམ་གྱི་འཛིན་པ་ལས་གྲོལ་བ་ནི་ཤེས་སྒྲིབ་སྤངས་པ་སྟེ། ས་བཅུ་ལམ་ལྔ་མཐར་ཕྱིན་པའོ། །གསུམ་པ་ནི། དེ་ལ་སོགས་པའི་ཡན་ལག་ནི། །དཔག་ཏུ་མེད་པ་འབྱུང་བར་འགྱུར། །མངོན་མཐོ་ལྷ་མིའི་ལམ་དགེ་བ་བཅུ་དང་། །ཐར་པ་བྱང་ཆུབ་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚུལ་བཞིན་ཉམས་སུ་བླངས་པས་གནས་སྐབས་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པ་དང་། མཐར་ཐུག་མངོན་པར་རྫོགས་པར་སངས་རྒྱས་ནས་དོན་གཉིས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ལ་སོགས་པ་ནི། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་བཤད་པ་ལྟར། འབྲས་བུའི་ཡན་ལག་དཔག་ཏུ་མེད་པ་འདིར་བརྗོད་མི་ནུས་སོ། །རྒྱས་པར་བཤད་པ་སོང་ནས། གསུམ་པ་མཇུག་བསྡུ་བ་ནི། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་བཅད་ཆེན་མོ་ཞེས་བྱའོ། །བྲམ་ཟེ་ཨཱརྻ་དེ་ཝས་[60]གདམས་པའོ། །གཞུང་ཤེར་ཕྱིན་སྟོང་ཕྲག་བརྒྱ་བའི་[61]དགོངས་དོན། ལམ་ཤེར་ཕྱིན་མངོན་རྟོགས་རྒྱན་ལ་སོགས་པའི་ཟབ་གནད། དོན་ཤེར་ཕྱིན་ཉམས་སུ་ལེན་པའི་མན་ངག་གི་གཞུང་ཚིགས་སུ་བཅད་པ་ལྔ་བཅུ་བ།[62] ཕ་རོལ་ཕྱིན་དྲུག་ལ་སོགས་དོན་རྒྱ་ཆེ་བ་དང་དབྱིངས་རིག་བསྲེ་བ་ལ་སོགས་གནད་ཟབ་མོ་སྟོན་པ། གང་ཟག་གཅིག་མངོན་པར་རྫོགས་པར་སངས་རྒྱས་པར་ནུས་པའི་ལམ་ཚང་བར་སྟོན་

༥༠

པས་ན་རྫོགས་སོ། །ཞེས་བསྟན་ཏོ། །གཞུང་དོན་ཐམས་ཅད་སོང་ནས། མཇུག་གི་དོན་རྒྱ་གར་གྱི་པཎྜི་ཏ་དམ་པ་རིན་པོ་ཆེས་སྒྲ་རང་འགྱུར་དུ་བསྒྱུར་བ་ལ། ཞྭ་མ་ལོ་ཙཱས་ཞུས་ཏེ་གཏན་ལ་ཕབ་པའོ། །དམ་པ་རིན་པོ་ཆེའི་མཚན་ནི། ཀཱ་མ་ལཱ་ཤཱི་ལ་ཡིན་ལ། གྲུབ་ཆེན་བརྒྱད་ཅུའི་བསྟོད་པ་ལས། སྒྲ་ཚད་ལུང་རིག་མན་ངག་མཁས། །རིག་འཛིན་ཚེ་ཡི་དངོས་གྲུབ་བརྙེས། །ཀཱ་མཱ་ལ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །དེ་བོད་དུ་ལན་གསུམ་ཕེབས་པའི་རྟིང་རེས་གཞུང་འདི་སྐྱོ་སྟོན་སྐུ་མཆེད་ལ་གནང་ནས་མ་ཇོ་མོ་གངྒའི་ལྷ་མོའི་སྤྲུལ་པ་དེས་དར་ཞིང་རྒྱས་པར་མཛད་ཀྱང་། གང་ཟག་གི་སྐལ་པ་དང་འཚམ་པར་གཞུང་གི་དགོངས་དོན་ཅི་རིགས་པར་བསྟན་པ་ལས། གཞུང་གི་ཚིག་དོན་ཡོངས་སུ་རྫོགས་པར་གནང་བ་ནི། ཁུ་སྒོམ་ཆོས་སེང་ལས་མ་བྱང་ཞེས་བཤད་དོ། །དེ་ནས་རིམ་པར་བརྒྱུད་པ་ལས་ཟལ་མོ་བྲག་པས་ཉང་གི་ཇོ་སྲས་རིན་ཆེན་གསལ་གྱི་དོན་དུ། གཞུང་གི་དོན་འགྲེལ་དང་ཡིག་སྣ་མང་བར་མཛད་པར་སྣང་ལ། བདག་གི་བླ་མས་འགྲེལ་པ་འབྲིང་དུ་ལོང་བ་མཛད་ཅིང་། ཁོ་བོས་རྒྱས་བསྡུས་གཉིས་བྲིས་པ་ཡིན་ནོ། །འདི་བྲིས་མ་ཡི་འཕྲིན་ལས་བསྒྲུབས་བྱས་ཤིང་། །མཁའ་འགྲོའི་ལུང་བསྟན་བསླུ་བ་མེད་པར་ཡང་། །བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་བགྱིས་ཏེ། །བདག་ཉིད་ལྷག་བསམ་རྣམ་པར་དག་པས་སོ། །བདེན་པ་

༥༡

དེ་དང་ཕྱོགས་བཅུ་དུས་གསུམ་གྱི། །གང་ཟག་བཞི་ཡི་བསོད་ནམས་ཉིན་བྱེད་རྣམས། །ཆོས་དབྱིངས་དག་པའི་མཁའ་ལ་རབ་འཕགས་ནས། །མཐའ་ཡས་སེམས་ཅན་བློ་མུན་སེལ་ཕྱིར་སྦྱིན། །དག་ཀྱང་ཀུ༷ན་མཁྱེན་རྒྱ་མཚོར་མ་ཆུད་བར། །ཚོགས་གཉིས་དག༷འ་བདེའི་ཆུ་རྒྱུན་འཕེལ་བ་དང་། །དོན་གཉིས་བདུད་རྩིའི་དཔ༷ལ་དང་ལྡན་པ་ཡིས། །མ་ལུས་འགྲོ་བ་ཚིམ་པའི་འབྱོར༷་བར་ཤོག །།

༄༅། །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་བཞུགས་སོ༎

༣༩ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་བཞུགས་སོ། །
༤༠བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའ་གདམས་པ་ཞལ་ནས་སྙན་དུ་བརྒྱུད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་འདི་ལ་དོན་གཉིས་ཏེ། བླ་མ་དམ་པའི་བརྒྱུད་རིམ་བཤད་པ་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་སོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་བཀའ་སྡུད་པ་པོ་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་གསུངས། དེས་ཏཻ་ལོ་ཤེས་རབ་བཟང་པོ་ལ། དེས་མཁས་གྲུབ་ནཱ་རོ་པཎ་ཆེན་ལ། དེས་སྒྲ་སྒྱུར་མར་པ་ལོཙྪ་ལ། དེས་དབང་ཕྱུག་མི་ལ་རས་པ་ལ། དེས་དྭགས་པོ་ཟླ་འོད་གཞོན་ནུ་ལ། དེས་བདེ་གཤེགས་ཕག་མོ་གྲུབ་ལ། དེས་གྲུབ་ཐོབ་གླིང་རྗེ་རས་པ་ལ། དེས་འགྲོ་མགོན་གཙང་པ་རྒྱ་རས་ལ། དེས་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལ། དེས་ཡང་དགོན་ཆོས་ཀྱི་རྒྱལ་པོ་ལ། དེས་ཐུགས་སྲས་སྤྱན་སྔ་རིན་ལྡན་ལ། དེས་ཀུན་ཆེན་ཟུར་ཕུག་ཆོས་རྗེ་ལ། དེས་བྱ་བཏང་རི་ཁྲོད་རས་ཆེན་ལ། དེས་སྨན་སྒོམ་འོད་ཟེར་སེང་གེ་ལ། དེས་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན་ལ། དེས་འདུལ་འཛིན་ངག་གི་དབང་པོ་ལ། དེས་སྟག་ལུང་ཐང་པ་ངག་
༤༡དབང་གྲགས་པ་ལ། དེས་མཉམ་མེད་ཤར་རབ་འབྱམས་པ་སངས་རྒྱས་སེང་གེ་ལ། དེས་རྗེ་བཙུན་རུས་པའི་རྒྱན་ཅན་ལ། དེས་མཉམ་མེད་རྒོད་ཚང་རས་པ་ལ། དེས་བདག་ལའོ་ཁྲིད་བྱེད་པའི་དུས་སུ་སྔོན་དུ་བླ་མའི་རྣལ་འབྱོར་སྒོམ་པ་གལ་ཆེའོ། །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་ཟེར་ཀྱང་དོན་ལ་ཚིག་བཞི་སྟེ། དང་པོ་སེམས་ཀྱི་གཞི་རྩ་བཅད་པ། གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ། གསུམ་པ་སེམས་ཀྱི་གོལ་ས་བཅད་པ། བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པའོ། །དང་པོ་སེམས་ཀྱི་གཞི་རྩ་བཅད་པ་ནི། སེམས་ཉིད་འདི་དང་པོ་གང་ནས་བྱུང་། བར་དུ་གར་གནས། ཐ་མ་གར་འགྲོ་བརྟགས་པས། དང་པོ་བྱུང་ས་མེད་དེ་རྒྱུ་དང་རྐྱེན་ལས་མ་བྱུང་བས་ཡེ་ནས་རྩ་བྲལ་དུ་འདུག །བར་དུ་གནས་ས་མེད་དེ་དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས་འགྱུ་བ་སྟོང་འགྱུ་དང་སྣང་བ་སྟོང་སྣང་དུ་འདུག །ཐ་མ་འགྲོ་ས་མེད་དེ་འདིར་སོང་གི་ཡུལ་དང་རྗེས་མེད་པས་འགྱུ་བ་རང་གྲོལ་དང་སྣང་བ་རང་སངས་སུ་འདུག །དེས་ན་སེམས་ཉིད་འདི་དང་པོ་རྒྱུ་ཡིས་མ་བསྐྱེད་པས་ཐ་མར་རྐྱེན་གྱིས་མི་འཇིག །དུས་གློ་བུར་
༤༢དུ་མ་བྱུང་བས་གང་སྟོངས་དང་འཕེལ་འགྲིབ་མེད། སྣང་སྲིད་ཀུན་ལ་ཁྱབ་པས་ཕྱོགས་དང་རིས་སུ་མ་ཆད། དངོས་པོ་དང་མཚན་མར་མ་གྲུབ་པས་འདི་ཞེས་མཚོན་དུ་མེད། གང་དུའང་མ་གྲུབ་ལ་ཅིར་ཡང་འཆར་བས། ཡོད་མེད་རྟག་ཆད་གཉིས་ཀྱི་མཐའ་ལས་འདས། དུས་གསུམ་འཕོ་འགྱུར་མེད་ཅིང་རང་བཞིན་ཡེ་ནས་དག་པས་འཁོར་བའི་སྐྱོན་གྱིས་མ་གོས་ཏེ་སེམས་ཉིད་འདི་ཡེ་ནས་སངས་རྒྱས་ཡིན་གསུངས་སོ། །གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ་ནི། དེ་ལྟར་རྟོགས་པའི་སྟེང་དུ་སེམས་མི་གནས་པ་གནས་པར་བྱེད་པའི་ཐབས་ལ་དྲུག་སྟེ། ལུས་རྣམ་སྣང་གི་ཆོས་བདུན་བྱས་ལ། སེམས་ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན་དུ་མ་བཅོས་གཉུག་མའི་ངང་དུ་སེམས་རྩོལ་སྒྲུབ་མེད་པར་མཉམ་པར་བཞག །རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ་སེམས་ཉིད་གཡོ་འགུལ་མེད་པར་མཉམ་པར་བཞག །ཉི་ཟླ་སྤྲིན་དང་བྲལ་བ་བཞིན་དུ་ཀུན་གསལ་མདངས་དང་ལྡན་པར་མཉམ་པར་བཞག །བུ་ཆུང་ལྷ་ཁང་བལྟ་བ་བཞིན་དུ་གསལ་ཆ་མ་འགགས་ལ་འཛིན་ཆ་མེད་པར་མཉམ་པར་བཞག་ཆུའི་རྦ་རླབས་བཞིན་དུ་བྱུང་ཚོར་ཐམས་ཅད་སེམས་སུ་ཤེས་པར་བྱས་ལ་མཉམ་པར་བཞག །ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་རིག་པ་རྗེས་མེད་མཉམ་པར་བཞག་གོ །གསུམ་པ་སེམས་ཀྱི་གོལ་ས་བཅད་པ་ལ་ལྔ་སྟེ། ཡར་སངས་རྒྱས་ལ་རེ་ན་གོལ་བས་རང་སེམས་རང་གིས་རིག་པ་ལས་གུད་ན་བཟང་བཟང་པོའ་སངས་རྒྱས་ཤིག་མེད་པར་ཁོ་ཐག་བཅད། མར་འཁོར་བ་ལ་དོགས་ན་གོལ་བས་རང་སེམས་རང་གིས་མ་རིག་པ་ལས་གུད་ན་ངན་ངན་པོའ་འཁོར་བ་ཞིག་མེད་པར་ཁོ་ཐག་བཅད། བར་གྱི་སྣང་བ་ལ་ཞེན་ན་གོལ་བས་ཅིར་སྣང་རྨི་ལམ་སྒྱུ་མར་ཁོ་ཐག་བཅད། ནང་གི་ཉམས་མྱོང་ལ་ཞེན་ན་གོལ་བས་ཕྱག་རྒྱ་ཆེན་པོ་ཡིད་ལ་བྱར་མེད་པར་ཁོ་ཐག་བཅད། ལས་རྒྱུ་འབྲས་ཁྱད་དུ་གསོད་ན་གོལ་བས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་ལས་རྒྱུ་འབྲས་ཀྱིས་མི་བསླུ་བར་ཁོ་ཐག་བཅད་ལ། སྡིག་པ་ཕྲ་མོ་ནས་
༤༣སྤང་ཞིང་དགེ་བ་ཕྲ་མོ་བསྒྲུབ་པར་བྱའོ། །བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པ་ལ། སྤྱོད་པ་རྒྱུན་ཁྱེར་གྱི་རྣལ་འབྱོར་དྲུག་བྱ་སྟེ། ཉིན་མོ་སྣང་བ་རྒྱས་བཏབ་པའི་རྣལ་འབྱོར། ནང་ནུབ་འདོད་ཡོན་གྲོགས་སུ་ཁྱེར་བའི་རྣལ་འབྱོར། སྲོད་ལ་དབང་པོ་གཞི་ལ་བསྡུ་བའི་རྣལ་འབྱོར། ནམ་གུང་ཤེས་པ་བུམ་པར་གཞུག་པའི་རྣལ་འབྱོར། ཐོ་རངས་རིག་པ་གསལ་གདབ་པའི་རྣལ་འབྱོར། འཆི་ཁར་ཡེ་ཤེས་ཟང་ཐལ་དུ་བཏང་བའི་རྣལ་འབྱོར་རོ། །ཉིན་མོ་སྣང་བ་རྒྱས་བཏབ་པའི་རྣལ་འབྱོར་ནི། འདི་ལྟར་སྣང་བ་རང་སེམས་འཁྲུལ་པར་རྒྱས་བཏབ། སེམས་འཁྲུལ་པ་ངོས་བཟུང་མེད་པས་རྨི་ལམ་སྒྱུ་མར་རྒྱས་བཏབ། སྒྱུ་མ་ལ་རང་བཞིན་མེད་པས་ཆོས་ཐམས་ཅད་སྐྱེ་མེད་དུ་རྒྱས་བཏབ་བོ། །ནང་ནུབ་འདོད་ཡོན་གྲོགས་སུ་འཁྱེར་བའི་རྣལ་འབྱོར་ནི། བར་འདོད་ཡོན་ཐམས་ཅད་སྟོང་པ་ལ་སྟོང་པར་རོལ། ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་གྱིས་ལོངས་སྤྱད། འབྲིང་སྒྱུ་མ་ལ་སྒྱུ་མར་རོལ་ཡེ་ཤེས་ལ་ཡེ་ཤེས་ཐིམ་པའི་ཚུལ་གྱིས་ལོངས་སྤྱད། ཐ་མ་བླ་མ་ཡི་དམ་ལ་ཚོགས་མཆོད་འབུལ་བའི་ཚུལ་གྱིས་ལོངས་སྤྱད། སྲོད་ལ་དབང་པོ་གཞི་ལ་བསྡུ་བའི་རྣལ་འབྱོར་ནི། རྣམ་རྟོག་འཁྲུལ་པ་དྲན་པ་གང་ཤར་གྱི་ངོ་བོ་ལ་གཅེར་བལྟས་ལ། རྟོག་པ་ཐམས་ཅད་གཞི་ཆོས་ཉིད་ངང་དུ་བསྡུ་བའོ། །ནམ་གུང་ཤེས་པ་བུམ་པར་གཞུག་པའི་རྣལ་འབྱོར་ནི། ནུབ་མོ་སྙིང་གི་དཀྱིལ་དུ་བླ་མ་དམ་པ་བསྒོམ་པ་དེ་ལ་ཤེས་པ་གཏད་དེ་གཉིད་ལོག་པས་གཉིད་འོད་གསལ་དུ་འཆར་རོ། །ཐོ་རངས་རིག་པ་གསལ་གདབ་པའི་རྣལ་འབྱོར་ནི། དུས་གནད་ཤེས་རབ་ཀྱི་རྒྱས་བཀྲལ་ལ། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་གཞིག་འབྲེལ་བཏང་ཞིང་བླ་མ་དམ་པའི་གདམས་ངག་ཟབ་མོ་རྣམས་རིམ་བཞིན་གསལ་བཏབ་བོ། །འཆི་ཁར་ཡེ་ཤེས་ཟང་ཐལ་དུ་བཏང་བའི་རྣལ་འབྱོར་ནི། རྣལ་འབྱོར་པ་ནམ་འཆི་བའི་ཚེ་ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་ཆགས་ཞེན་རྩ་བ་ནས་བཅད་ལ། དོན་དམ་པར་སེམས་སྐྱེ་འཆི་མེད་པས་ཕྱག་རྒྱ་ཆེན་པོ་
༤༤ཡིད་ལ་བྱར་མེད་པར་ཁོ་ཐག་བཅད་ལ། སྒོམ་མེད་ཀྱི་ངང་དུ་མ་ཡེངས་པར་བཞག་པས་བར་དོ་མེད་པར་ཟང་ཐལ་དུ་སངས་རྒྱའོ། །གཞི་རྩ་བཅད་པ་ལྟ་བ་ཡིན། །བཞག་ཐབས་བསྟན་པ་སྒོམ་པ་ཡིན། །ལམ་ཁྱེར་བསྟན་པ་སྤྱོད་པ་ཡིན། །གོལ་ས་བཅད་པ་འབྲས་བུ་ཡིན། །གོ་སླ་ལ་ཁྱེར་བདེ་བ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་རྫོགས་སོ།། །།སརྦ་དཱ་མངྒ་ལཾ།། །།

ལམ་དྲི་མ་མེད་པ་ཤེལ་སྒོང་དག་པའི་སྐོར་

༢༦ ལམ་དྲི་མ་མེད་པ་ཤེལ་སྒོང་དག་པའི་སྐོར་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཉིས་པ་མི་ཡི་སེང་གེ་ཆོས་ཉིད་ཀྱི་བདེན་པ་གཟིགས་པ་དེས། སྐལ་ལྡན་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ། རྣལ་འབྱོར་ཕོ་གདམས་པའི་གནད་བསྡུས་པའོ། །མོ་ལྔ་བཅུ་རྩ་བཞིའི་ཉམས་ཀྱི་གདམས་པ། ལམ་དྲི་མ་མེད་པ་ཤེལ་སྒོང་དག་པའི་སྐོར། མར་མེ་གཅིག་ནས་གཅིག་ཏུ་མཐུད་པ་ལྟ་བུའི་ལུགས། ཡུལ་ངོས་འཛིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་པ། རྩ་བ་རྒྱུད་ལ་འགེལ་བ་གསང་སྔགས་དང་རྗེས་སུ་མཐུན་པ་ཐབས་རྟེན་འབྲེལ་གྱི་ཆེ་བ་ཡིས་གཟུགས་བརྙན་རང་ཞིག་ལ་འགྲོ་བ་འདི། བར་དུ་ལོ་ཙཱ་བའི་ཚིག་ལྷད་མ་ཞུགས་ཏེ། དམ་པ་རིན་པོ་ཆེ་ཉིད་ཀྱིས་དྲོད་ཐོབ་ནས་གསུངས་པས་བུམ་ཆུ་གཅིག་ནས་གཅིག་ཏུ་བྱོ་བ་ལྟ་བུའོ། །དྲན་པ་སྤྲུལ་པར་མ་ཤེས་ན། །རྟོག་པའི་རྒྱུན་མི་ཆོད་པས། །སྣ་ཚོགས་ཞེན་མེད་དུ་ཤེས་པར་བྱ། །ཤེས་རབ་བཟང་པོའི་གདམས་པ་ཡིན། ༡ །འཁྲུལ་སྣང་ལ་དོན་དུ་བཟུང་ན། །འཁོར་བའི་རྩུབ་ལས་མི་གྲོལ་བས། །དེར་འཛིན་གྱི་ཤེས་པ་བོར་བར་བྱ། །ཙཱ་པའི་གདམས་པ་ཡིན། ༢ །གཉིས་སྣང་བདེན་མེད་དུ་མ་ཤེས་ན། །བློ་སྣང་གི་ཡི་གེ་མི་འཛད་པས། །ཆོས་རྣམས་མིང་དུ་ཤེས་པར་བྱ། །ནཱ་རོ་པའི་གདམས་པ་ཡིན། ༣ །ལྷག་མཐོང་སྒྲ་སེལ་མ་ཤེས་ན། །ཤེས་བྱའི་སྒྲིབ་པ་མི་འདག་པས། །སྣང་བ་ཆོས་སྐུར་ཤེས་པར་བྱ། །བྷུ་སུ་ཀུའི་གདམས་པ་ཡིན། ༤ །མི་ཆོས་དང་བློ་མཐུན་ན། །རྣལ་འབྱོར་པས་རང་ས་མི་ཟིན་པས། །མི་ཆོས་ཀྱི་འདུན་མ་བོར་བར་བྱ། །ཀླུ་སྒྲུབ་སྙིང་པོའི་གདམས་པ་ཡིན། ༥ །འཇིག་རྟེན་པའི་གཏམ་བདེན་མེད་དུ་མ་ཤེས་ན། །སྒྲ་ཕྱིར་ཡིད་འབྲེངས་པས། །ངག་གི་སྨྲ་སྒོ་བཅད་དེ་ལྐུགས་པའི་ཚུལ་བྱ། །ཌོམྦྷི་པའི་གདམས་པ་ཡིན། ༦ །འཁོར་འདས་རྩ་བྲལ་དུ་མ་ཤེས་ན། །བླང་
༢༧ དོར་གྱི་བློ་མི་འཛད་པས། །གཟུགས་བརྙན་གྱི་ཆོས་རྣམས་རང་སར་བཞག་པར་བྱ། །ཏོག་ཙེ་བའི་གདམས་པ་ཡིན། ༧ །སྐད་ཅིག་མའི་མཚང་མ་རིག་ན། །འདུས་བྱས་ཀྱི་གནད་མི་རྟོགས་པས། །ད་ལྟར་གྱི་ཤེས་པ་ངོས་བཟུང་བར་བྱ། །ཨིནྡྲ་བྷཱུ་ཏིའི་གདམས་པ་ཡིན། །ཡིད་ཀྱིས་ཚེར་མ་མ་ཕྱིས་ན། །བློ་ཡི་བཞག་ས་མི་རྙེད་པས། །འགྱུ་བའི་འཕྲང་བཙན་ཐབས་སུ་བཅད་པར་བྱ། །མར་མེ་མཛད་ཀྱི་དགོངས་པ་ཡིན། ༩ །གསལ་བ་ལ་ངར་མ་ཐོགས་ན། །ཡུལ་ལ་ཤེས་པ་མི་མཐོང་བས། །གདིང་ལྡན་གྱི་རིག་པ་ཧུར་འདོན་པར་བྱ། །བརྟུལ་ཞུགས་པའི་གདམས་པ་ཡིན། ༡༠ །རིག་པ་ལ་རང་བྱན་མ་ཚུད་ན། །བདེ་གསལ་ཉམས་སུ་མི་མྱོང་བས། །ཐབས་སྣ་ཚོགས་ཀྱིས་ཐོག་ཏུ་བཀལ་བར་བྱ། །ཨ་ནནྡའི་གདམས་པ་ཡིན། ༡༡ །གསལ་བ་ལ་ངར་མ་ཐོགས་ན། །བདེ་གསལ་ཉམས་སུ་མི་མྱོང་བས། །རིག་པ་ཐོག་བབས་སུ་བརྒྱབ་པར་བྱ། །ཀྲྀཥྞ་པའི་གདམས་པ་ཡིན། ༡༢ །ཕྱི་ནང་གཅུད་ལ་མ་བོར་ན། །སེམས་ལ་དབང་མི་ཐོབ་པས། །ཤེས་པ་ལ་འགྲོ་ལྡོག་གིས་རྩལ་དུ་མར་སྦྱང་བར་བྱ། །པདྨ་འབྱུང་གནས་ཀྱི་གདམས་པ་ཡིན། ༡༣ །རྨི་ལམ་གྱི་ཤེས་པ་མ་ལྡོག་ན། །བར་དོའི་འཁྲུལ་སྣང་མི་འདག་པས། །ཕུ་ཐག་ད་ལྟ་ནས་ཆོད་པར་བྱ། །པདྨ་བཛྲའི་གདམས་པ་ཡིན། ༡༤ །འཁྲུལ་པ་བཆོད་ཤུལ་དུ་རྗེས་མ་བསྲིངས་ན། །རྩ་བ་རྒྱུད་ལ་མི་ཁེལ་བས། །རིག་པའི་སྣམ་བལྟེབས་པར་བྱ། །ཀུ་ཀུ་རི་པའི་གདམས་པ་ཡིན། ༡༥ །ཀུན་རྟོག་གི་བག་ཆགས་ལ་ལོག་ན། །རྫུ་འཕྲུལ་ལ་སྙེམས་མི་ཆོད་པས། །ཞེ་སྡང་ལམ་དུ་ཁྱེར་བར་བྱ། །བི་པའི་གདམས་པ་ཡིན། ༡༦ །གོ་ཆ་གཅིག་ཆོད་དུ་མ་ཁྱེར་ན། །སྟོང་ཉིད་ཐུག་ཕྲད་དུ་མི་འཆར་བས། །མཉམ་བཞག་དང་རྗེས་ཐོབ་བྱེའུ་འཕུར་
༢༨ དུ་བྱ། །ཨ་ཝ་དྷུ་ཏི་པའི་གདམས་པ་ཡིན། ༡༧ །རླུང་སེམས་གཅིག་ཏུ་མ་འདྲེས་ན། །འོད་གསལ་གྱི་མདངས་མི་ཐོན་པས། །ཀ་ར་ཎ་ཡུལ་ལ་ཡེངས་པ་བཅིང་བར་བྱ། །རྡོ་རྗེ་དྲིལ་བུ་པའི་གདམས་པ་ཡིན། ༡༨ །གོ་ཆ་རྗེས་ཐོབ་ལ་མ་སྐྱོལ་ན། །འཁྲུལ་པའི་བའིརྩ་བ་མི་ཆོད་པས། །དམ་བཅའི་མཚམས་བསྲེ་བར་བྱ། །ལཱུ་ཧི་པའི་གདམས་པ་ཡིན། ༡༩ །དྲན་པའི་རྩིས་མ་ཟིན་ན། །ཉོན་མོངས་པའི་ཤེས་པ་ཕྱིར་འཕེལ་བས། །གཉེན་པོ་ཡུལ་ལ་ཐུབ་པར་བྱ། །ས་ར་ཧ་པའི་གདམས་པ་ཡིན། ༢༠ །གུས་པའི་བློ་མ་སྐྱེས་ན། །རྒྱུད་ལ་བྱིན་རླབས་མི་འཇུག་པས། །ངེས་པའི་ཤེས་པ་སྟོར་དུ་མི་གཞུག །ཨ་བ་དྷཱུ་ཏི་པ་འབྲིང་པོའི་གདམས་པ་ཡིན། ༢༡ །ཐ་མལ་གྱི་ཤེས་པ་ངོས་མ་ཟིན་ན། །རིག་པ་གཅེར་བུར་འབྱིན་མི་ཤེས་པས། །བྱེད་མཁན་གྱི་ངོ་བོ་ལ་བལྟ་བར་བྱ། །ཡན་ལག་མེད་པའི་རྡོ་རྗེའི་དགོངས་པ་ཡིན། ༢༢ །དབང་གི་ཉམས་མྱོང་ངོས་མ་ཟིན་ན། །བདེ་བ་ལམ་དུ་མི་ལྷོང་བས། །ཕོ་ཉ་ལམ་དུ་འཁྱེར་བར་བྱ། །སྒེག་པའི་རྡོ་རྗེའི་གདམས་པ་ཡིན། ༢༣་ །སེམས་ཀྱི་འཁུ་འཕྲིགས་མ་སོལ་ན། །ཐེ་ཚོམ་གྱི་གེགས་མི་ཁྲོལ་བས། །བློ་ཡི་སྙེམས་ཐག་བཅད་པར་བྱ། །བརྟུལ་ཞུགས་པ་ཆུང་བའི་གདམས་པ་ཡིན། ༢༤་ །ལྟ་རྟོག་ཡུལ་ལ་མ་འཛོམ་ན། །བློ་ཆོས་ཉིད་དུ་མི་འགྲོ་བས། །འཛིན་པའི་མཁན་པོ་བཙལ་བར་བྱ། །ཨ་ཝ་དྷུ་ཏི་པ་ཆུང་བའི་གདམས་པ་ཡིན། ༢༥ །ཅི་སྣང་བདེན་མེད་དུ་མ་ཤེས་ན། །བག་ཆགས་འཁོར་བའི་ཆོས་དང་མི་འབྲལ་བས། །སྣང་བ་ལམ་དུ་ཁྱེར་བར་བྱ། །ཨཱ་དེ་བའི་དགོངས་པ་ཡིན། ༢༦ །འཐོར་ཡས་སྲང་དུ་མ་ཆུད་ན། །མི་རྟོག་པ་རྒྱུད་ལ་མི་སྐྱེ་བས། །རྟོག་པ་ཡུལ་ལས་བཅད་པར་བྱ། །ཀམྦ་ལའི་གདམས་པ་ཡིན། ༢༧ །མཚན་མ་རང་གྲོལ་དུ་མ་ཤེས་ན། །ལས་ཀྱི་འཕེན་ལན་
༢༩ མི་འཛད་པས། །ཅིར་སྣང་ཆོས་ཉིད་དུ་ཁྱེར་བར་བྱ། །ཀོ་ཥ་ན་པའི་གདམས་པ་ཡིན། ༢༨ །སྐད་ཅིག་མའི་གོ་འབྱེད་མ་ཤེས་ན། །ཡེ་ཤེས་ཀྱི་ཚོགས་མི་རྫོགས་པས། །སྟོང་ཉིད་རེས་འཇོག་ཏུ་མི་གཏོང་བར་བྱ། །ཨཱ་ནནྡའི་གདམས་པ་ཡིན། ༢༩ །རིག་པའི་བབ་དེད་དུ་མ་བསྐྱང་ན། །འབྱུང་བའི་རོ་མི་སྙོམས་པས། །ལྟ་བ་རང་ཐབས་ལ་གཟུང་བར་བྱ། །བ་སུ་དྷཱ་རའི་གདམས་པ་ཡིན། ༣༠ །སྨོན་ལམ་གྱི་མཐའ་མ་དག་ན། །འབྲས་བུ་གཞན་དོན་མི་འབྱུང་བས། །འཁོར་བ་ཆེད་དུ་གཉེར་བར་མི་བྱ། །བསོད་སྙོམས་པའི་གདམས་པ་ཡིན། ༣༡ །ཤེས་རབ་ཐབས་སུ་མ་ཁྱེར་ན། །སྟོང་ཉིད་ལམ་དུ་མི་ལྷོངས་པས། །རྩ་བ་བྲལ་བའི་རང་བཞིན་ཤེས་པར་བྱ། །ཐོགས་མེད་པའི་གདམས་པ་ཡིན། ༣༢ །སྨོན་ལམ་རྒྱུད་ལ་མ་ཁེལ་ན། །སངས་རྒྱས་ཀྱི་རྒྱུ་ལམ་དང་བྲལ་བས། །བྱང་ཆུབ་ཀྱི་སེམས་མི་གཏོང་བར་བྱ། །གསེར་གླིང་པའི་བའིགདམས་པ་ཡིན། ༣༣ །དྲན་པ་རང་གྲོལ་ཡེངས་མེད་དུ་མ་ཤེས་ན། །རྗེས་ཐོབ་ཀྱི་ཤེས་པ་ངོས་མི་ཟིན་པས། །གཉེན་པོའི་་བྱ་ར་བ་བཤིག་པར་བྱ། །ཌོམྦྷི་པ་ཆུང་བའི་གདམས་པ་ཡིན། ༣༤ །རྟེན་འབྲེལ་གྱི་རྩ་བ་འགེལ་མ་ཤེས་ན། །འཁོར་བའི་མཐའ་མི་ཆོད་པས། །སྐད་ཅིག་མའི་མཚངས་ཤེས་པར་བྱ། །ཙཱ་པའི་དགོངས་པ་ཡིན། ༣༥ །སྣང་སྟོང་ཟུང་འཇུག་ཏུ་མ་ཤེས་ན། །བློ་དངོས་ཀྱི་འབྲེལ་པ་མི་ཆོད་པས། །ཡོད་མེད་ཀྱི་དངོས་པོ་བལྟ་བར་བྱ། །ཏཻ་ལོ་པའི་གདམས་པ་ཡིན། ༣༦ །དེར་འཛིན་གྱི་ཤེས་པ་མ་བོར་ན། །ཡུལ་གྱི་འཁྲུལ་པ་བམི་ཆོད་པས། །གཉུག་མའི་ཡེ་ཤེས་ངོས་བཟུང་བར་བྱ། །ནཱ་རོ་པའི་གདམས་པ་ཡིན། ༣༧ །སྡུག་བསྔལ་ལ་བསྲན་མ་ཚུགས་ན། །སྒྲུབ་པའི་ལམ་སྣ་མི་ཟིན་པས། །མི་ཆོས་པ་དང་འབྲེལ་པ་བཅད་པར་བྱ། །རིན་ཆེན་བཟང་པོའི་གདམས་པ་ཡིན། ༣༨ །རྟེན་འབྲེལ་གྱི་འགྲོས་མ་ཤེས་ན། །ངོ་མཚར་གྱི་རྟགས་མི་འབྱིན་པས། །
༣༠ རིག་པ་དྭངས་སུ་གཞུག་པར་བྱ། །གནྡྷ་པའི་གདམས་པ་ཡིན། ༣༩ །དྲན་པ་དུམ་བུར་མ་བསྲིག་ན། །རྣམ་རྟོག་རྒྱུན་པར་འཆོར་བས། །འགྲོ་ལྡོག་གིས་འབོར་ལེན་བསྐྱང་བར་བྱ། །ད་བ་རི་བའི་གདམས་པ་ཡིན། ༤༠ །གང་ཟག་ལ་བྱེ་བྲག་ཏུ་མ་ཕྱེས་ན། །དམ་བཅའ་བའི་ས་མཚམས་མི་ཟིན་པས། །སྒྲུབ་པ་དུམ་བུར་མཐུད་པར་བྱ། །ར་ཊི་ཏཱའི་གདམས་པ་ཡིན། ༤༡ །དྲན་པ་རང་དྭངས་སུ་མ་ཤེས་ན། །བག་ཆགས་ཀྱི་ནད་རོ་ལྡང་བས། །འདས་པའི་རྗེས་མི་བཅད་པར་བྱ། །དྷ་ས་ལའི་གདམས་པ་ཡིན། ༤༢ །རིག་པ་ལ་གཡེར་མ་ཐོན་ན། །རྣམ་རྟོག་རྐུན་བུར་འཆོར་བས། །ཤེས་པ་སོ་མའི་རྒྱུན་མཐུད་པར་བྱ། །ཨ་ཀ་ར་སིདྡྷིའི་གདམས་པ་ཡིན། ༤༣ །སྣང་བ་སྒྱུ་མར་མ་ཤེས་ན། །ལེན་པའི་རྣམ་ཤེས་ལ་འཕྲུལ་པ་བམི་ལྡོག་པས། །ཚོགས་དྲུག་གི་ཡུལ་ལ་བདེན་མེད་དུ་ཤེས་པར་བྱ། །བི་རུ་པའི་གདམས་པ་ཡིན། ༤༤ །དངོས་པོ་ལ་ཆོག་མ་ཤེས་ན། །ལུས་སེམས་འདོད་པའི་ཁོལ་པོར་བོརའགྱུར་བས། །ལྟོ་གོས་ལ་གྱོང་བསྐུར་བར་བྱ། །པདྨོའི་ཞབས་ཀྱི་གདམས་པ་ཡིན། ༤༥ །ཤེས་པ་སྲང་དུ་མ་ཆུད་ན། །རྗེས་ཐོབ་ལ་ངར་མི་ཐོགས་པས། །འཇིགས་པའི་ལྟ་སྟངས་དང་སྦྱར་བར་བྱ། །ཤིང་ལོ་མའི་གདམས་པ་ཡིན། ༤༦ །དཀའ་བ་ཉམས་སུ་མ་བླངས་ན། །ཐ་མལ་གྱི་ཤེས་པ་ཚར་མི་ཆོད་པས། །སྡུག་བསྔལ་སྔོན་དུ་བཏང་བར་བྱ། །རི་ཁྲོད་མའི་གདམས་པ་ཡིན། ༤༧ །སྔ་ཕྱིའི་རྟོག་པ་སེལ་མ་ཤེས་ན། །རྟེན་འབྲེལ་གྱི་རིམ་པ་མི་འཆར་བས། །དྭངས་མའི་ཤེས་པ་མི་བསླད་པར་བྱ། །དྲི་མ་མེད་པའི་གདམས་པ་ཡིན། ༤༨ །རྗེས་ལ་ངར་མ་ཐོན་ན། །ལམ་གྱི་རྩལ་མི་འབྱོངས་པས། །རིག་པ་མདུང་སློང་དུ་གཏོང་བར་བྱ། །གྷུ་དྷ་པའི་གདམས་པ་ཡིན། ༤༩ །འགྱུར་མེད་ཀྱི་རྩལ་མ་སྦྱངས་ན། །སྣང་བའི་དངོས་འཛིན་མི་འགགས་པས། །
༣༡ ལྟ་རྟོགས་ཡུལ་དང་འབྲེལ་བར་བྱ། །གཅེར་བུ་མའི་གདམས་པ་ཡིན། ༥༠ །མཉམ་བཞག་དུམ་བུར་མ་བསིལ་ན། །རྗེས་ལ་ཉམས་མི་འཕེལ་བས། །ལྟ་སྟངས་ལ་ངར་གདགས་པར་བྱ། །མཁའ་འགྲོ་མ་དཀར་མོའི་གདམས་པ་ཡིན། ༥༡ །དགོས་མེད་ཀྱི་བློ་མ་སྐྱེས་ནས། །ཤེས་པའི་འཁྲི་བ་བཅད་དཀའ་བས། །ཞེན་པ་གློ་བུར་དུ་དབྲལ་བར་བྱ། །ལེགས་སྨིན་ཀཱ་རའི་གདམས་པ་ཡིན། །བཟང་པོའི་འཕྲོ་ལ་མ་བཤིག་ན། །བྱིང་རྒོད་ཀྱི་མཐར་འཆོར་བས། །གནས་པའི་རྒྱུན་བསྟུང་བར་བྱ། །ཀུ་མུ་ཏའི་གདམས་པ་ཡིན། ༥༣ །ཉོན་མོངས་པའི་སྐྱེ་ཡུལ་མ་ཤེས་ན། །དྲན་པ་རང་རྒྱུད་པར་འགྲོད་ས། །རིག་པ་འགྲོ་ལྡོག་ལ་བསླབ་པར་བྱ། །སུ་ཁ་མ་ཧཱ་སིདྡྷིའི་གདམས་པ་ཡིན། ༥༤ །རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་བཞིའི་གདམས་པ། ལམ་དྲི་མ་མེད་པ་ཤེལ་སྒོང་དག་པའི་སྐོར་ཞེས་བྱ་བ་གནད་ཀྱི་མན་ངག་རྫོགས་སོ།། །།ཤུ་བྷཾ།

༄༅། །གྲུབ་མཆོག་སྤྱི་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རྒྱ་གར་ལུགས་དངོས་གྲུབ་ཐིག་ལེ་འཁྱིལ་པ་བཞུགས་སོ། །

XXX ༄༅། །གྲུབ་མཆོག་སྤྱི་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རྒྱ་གར་ལུགས་དངོས་གྲུབ་ཐིག་ལེ་འཁྱིལ་བ་བཞུགས་སོ། །
XXX ༄༅༅། །ན་མོ་གུ་རུ་མ་ཧཱ་སིདྡྷི་ལ་བྡྷེ་བྷྱཿ རྣམ་རྟོག་ལ་བརྟེན་མི་རྟོག་བརྙེས། །མི་རྟོག་ཁོང་ནས་ཡེ་ཤེས་ཤར། །ཟུང་འཇུག་གྲུབ་པ་མཆོག་རྣམས་དང༌། །དབྱེར་མེད་རྡོ་རྗེ་འཛིན་ལ་འདུད། །བླ་མའི་རིམ་པ་ལས་འོངས་པ། །བྱིན་རླབས་འཇུག་པའི་ཐབས་ཟབ་མོ། །གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་ལྟར། །རང་རྟོག་འཁྲུལ་དྲིས་མ་བསླད་དགོད། །གྲུབ་པའི་སྤྱི་མེས་ཆེན་པོ་སློབ་དཔོན་རྟ་མཆོག་ཞབས་དང༌། རྩོད་དུས་ཀྱི་དཔལ་ཧེ་རུ་ཀ་ཞི་བ་སྦས་པའི་གདམས་ངག་གིས་བཀའ་སྲོལ་ལྟར་སློབ་དཔོན་དཔའ་བོ་འོད་གསལ་ལུགས་ཀྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་གཙོ་བོར་གྱུར་པའི་གྲུབ་ཆེན་གང་ལའང་སྦྱོར་དུ་རུང་བའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། དབེན་པའི་གནས་སུ་མཎྜལ་གྱི་ཡོ་བྱད་ཉེ་བར་བསྡོག །འབྱོར་ན་ཕྱི་ནང་གི་མཆོད་པ་ཇི་ལྟར་རིགས་པ་བཤམས་ལ། སྐྱབས་འགྲོ་དང་སེམས་བསྐྱེད། ཚད་མེད་བཞི་བསྒོམས་པ་རྣམས་སྤྱི་ལྟར་སྔོན་དུ་བཏང༌། མཎྜལ་བྱི་དོར་བྱས་ལ། ཨོཾ་བཛྲ་བྷཱུ་མི་སྭཱ་ཧཱ། ཞེས་སྐྱོན་སྦྱང༌། ཨོཾ་བཛྲ་རེ་ཁེ་ཧཱུྃ་སྭཱ་ཧཱ། ཞེས་དྲི་བཟང་དང་བ་བྱུང་གིས་སྐྱང་ནུལ་བྱ། དེའི་དབུས་སུ་ལག་པ་གཡས་པས་མེ་ཏོག་གསར་པའི་ཚོམ་བུ་བཀོད་ལ། ཧཱུྃ་སུ་མེ་རུ་མ་དྷྱེ་མ། ཤར་དུ་བཀོད་ལ། ཡ་སཱུརྦ་བི་དེ་ཧ་དྭཱི་བ། ལྷོར་བཀོད་ལ། ར་ཛཾ་པུ་དྭཱི་པ་དཀྵི་ཎཿ ནུབ་ཏུ་བཀོད་ལ། ཝ་གོ་ད་ནཱི་ཡ་བ་བཤྩ་མ་དྭཱི་པ། བྱང་དུ་བཀོད་ལ། ལ་ཨུརྟར་
XXX ཀུ་རུ་དཱི་པ། ཤར་གྱི་གཡས་གཡོན་དུ་བཀོད། ཡཾ་ཨཿདེ་ཧཤྩ་བི་དེ་ཧ། ལྷོའི་གཡས་གཡོན་དུ་བཀོད་ལ། རཾ་རཿཙ་མ་རཤྩ་ཨ་པ་ཙ་མ་རཿ ནུབ་ཀྱི་གཡས་གཡོན་དུ་བཀོད་ལ། ཝཾ་ཝཿཤ་ཥ་ཨུརྟར་མཏྟྲི་ཎཿ བྱང་གི་གཡས་གཡོན་ཏུ་བཀོད་ལ། ལཾ་ལཿཀུ་ར་ཝ་ཀོ་ར་ཝཱ། ཤར་གྱི་ཤར་དང་ནུབ་ཀྱི་ནུབ་ཏུ་བཀོད་ལ། ཙནྡྲ་སཱུརྻ་བྷཱུཥི་ཏ། ཞེས་བརྗོད་ནས། རིན་ཆེན་སྣ་ཚོགས་རང་བཞིན་ནི། །རི་རབ་ལྕོག་བརྒྱད་ཡང་དག་ལྡན། །གླིང་བཞི་གླིང་ཕྲན་ལྡན་པ་འདི། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །ཞེས་མེ་ཏོག་དོར་ལ་མཎྜལ་མདུན་སྟེགས་སུ་བཀོད། མཎྜལ་གྱི་དབུས་སུ་དག་པ་ཡེ་ཤེས་ཀྱི་ཞིང་ཁམས་རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་པ་ཕྱི་རོལ་སྲུང་བའི་འཁོར་ལོ་གཞོམ་དུ་མེད་པས་ཡོངས་སུ་བསྐོར་བའི་སྙིང་པོར་གཞལ་མེད་ཁང་རྒྱུ་དང་བཀོད་པ་ཕུན་སུམ་ཚོགས་པ། དུར་ཁྲོད་རོལ་པའི་ཡོ་བྱད་དང་ལྷ་རྫས་ཀྱི་ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་གྲུབ་པའི་དབང་ཕྱུག་དཔལ་ས་ར་ཧ། སྐུ་མདོག་དཀར་དམར་བྲམ་ཟེའི་ཆ་བྱད་ཅན། བགྲེས་རྒུད་སྤངས་པའི་ལང་ཚོ་འགྱུར་བ་མེད་པའི་གང་བ་ལ་རྟག་ཏུ་གནས་པ། དབུ་སྐྲ་ཇོ་བྲེགས་རས་དམར་པོའི་ཨངྒ་རག་གསོལ་ཞིང་ཕྱག་གཉིས་གཉུག་མའི་གནས་ལུགས་མཚོན་པར་བྱེད་པའི་མདའ་སྲོང་
XXX བའི་ཕྱག་རྒྱ་ཅན། ཞབས་ཕྱེད་སྐྱིལ་ཀྲུང་དུ་བཞུགས་པའི་གཡོན་ནས་རིག་མ་ཡེ་ཤེས་ཀྱི་རྣལ་འབྱོར་མ་མདའ་མཁན་མོའི་ཚུལ་ཅན་གྱིས་བརྟེན་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་གྱི་གཟི་འོད་ཕྱོགས་བརྒྱར་འབར་བས་བཟོད་པར་དཀའ་བའི་ཟིལ་ཅན་ཉི་མའི་སྙིང་པོ་ལྟ་བུ། སྲིད་པ་གསུམ་ཟིལ་གྱིས་གནོན་པའི་ལྟ་སྟངས་ཀྱིས་རབ་ཏུ་དཔའ་བའི་ཉམས་ཅན། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་ལ་རྟག་ཏུ་མཉམ་པར་བཞག་པ། ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པའི་ཕྲིན་ལས་ཀྱི་རྣམ་པར་རོལ་པ་ཟད་མི་ཤེས་པ་ཅན། དཔའ་བོ་དང་ཌཱ་ཀི་རྒྱ་མཚོ་ལྟ་བུའི་མཆོད་ཅིང་བརྗིད་པ་དང༌། ས་གསུམ་གྱི་དབང་པོ་རྣམས་ཀྱི་རི་མོར་བྱེད་བཞིན་པའི་སྐུ་ཅན་གྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དམ་ཚིག་པ་དང་ཡེ་ཤེས་པ་གདོད་ནས་དབྱེར་མི་ཕྱེད་པ། དངོས་དང་བརྒྱུད་པའི་བླ་མ་ཀུན་འདུས། ཡི་དམ་ཞི་ཁྲོ་རབ་འབྱམས་ཀུན་འདུས། སངས་རྒྱས་ཆོས་དང་དགེ་འདུན་ཀུན་འདུས། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཀུན་འདུས། །བརྟན་གཡོའི་ཁྱབ་བདག །འཁོར་འདས་ཀྱི་དཔལ་མགོན། སྐྱབས་གནས་ཀུན་གྱི་སྤྱི་གཟུགས་ཆེན་པོར་མངོན་སུམ་དུ་བཞུགས་པར་གྱུར། ཨོཾ་ཨཱཿདཔལ་ལྡན་རྡོ་རྗེ་བླ་མ་དམ་པའི་ཞབས་ཀྱི་པདྨོ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ་ཧཱུྃ། ཨདྱ་སིདྡྷྱ་མཱཾ། ཞེས་ལན་མང་དུ་ཕྱག་བྱ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །མདའ་བསྣུན་ཁྱོད་ཞབས་པད་ལ་འདུད། །རྒྱལ་བ་ཀུན་དངོས་བླ་མ་ལ། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་སྤྲིན། །སྒོ་གསུམ་ལོངས་སྤྱོད་དགེ་རྩར་བཅས། །གུས་པས་འབུལ་གྱིས་བཞེས་སུ་གསོལ། །ཉོན་མོངས་དབང་གྱུར་ཐོག་མེད་ནས། །སྡིག་སྒྲིབ་ཉེས་ལྟུང་ཅི་བསགས་པར། །གནོང་འགྱོད་དྲག་པོས་སྙིང་ནས་བཤགས། །དག་ཅིང་ཚངས་པའི་དངོས་གྲུབ་སྩོལ། །སྐྱེ་
XXX འཕགས་རྒྱལ་བ་སྲས་བཅས་ཀྱིས། །ཟག་བཅས་ཟག་པ་མེད་པ་ཡི། །བསོད་ནམས་གང་བསགས་ཐམས་ཅད་ལ། །དགའ་བ་ཆེན་པོས་རྗེས་ཡི་རང༌། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒོ། །ཁྱད་པར་ཐེག་མཆོག་བླ་ན་མེད། །གདུལ་བྱའི་ཁམས་དབང་མོས་པ་བཞིན། །རྒྱུན་ཆད་མེད་པར་སྟོན་པར་བསྐུལ། །འཁོར་བའི་འཁོར་ལོ་མ་ཞིག་བར། །དེ་སྲིད་སྙིང་རྗེའི་གཞན་དབང་གིས། །ཞི་བའི་དབྱིངས་སུ་མི་གཞོལ་བར། །རྟག་ཅིང་བརྟན་པར་བཞུགས་གསོལ་འདེབས། །འདིས་མཚོན་དུས་གསུམ་དགེ་བའི་མཐུས། །མྱུར་དུ་བྱང་ཆུབ་མཆོག་ཐོབ་ནས། །ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ཡན་ལག་བདུན་པ་ཅི་མང་དང༌། ཐུན་མོང་གིས་མཎྜལ་སྤྱི་ལྟར་རྒྱས་བསྡུས་ལན་མང་དུ་ཕུལ་རྗེས་ནང་གི་མཎྜལ་ནི། སྐད་ཅིག་གིས་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ལག་ཏུ་བྱུང༌། དེས་རང་ལུས་དུམ་བུར་བྱས་ནས་མཎྜལ་དུ་བཀོད་པར་གྱུར། ཧཱུྃ་མསྟ་ཀ་སུ་མེ་རུ་ཡ་བཱ་མ་བཱ་ད་བི་དེ་ཧཿ ར་ཧི་ནི་པཱ་ད་ཛམྤུ་དྭཱི་པ། ཨ་པཤྩི་མ་དྭཱི་པ་ཧི་ན་ཧ་སྟ། ལ་བཱ་མ་ཧསྟ་ཀུ་རུ་ཨུརྟ་ར། ཤཱུཏྲ་ཀུ་སུ་མ་ཙནྡྲ་སཱུརྻ་བྷཱུ་ཥི་ཏཾ། ཞེས་ཚོམ་བུ་བཀོད་པར་མོས་ལ། ཨི་དཾ་གུ་རུ་རཏྣ་ཨཱཏྨ་ནཾ་ཀཱ་ཡ་མཎྜལ་ནིརྻ་ཏ་ཡཱ་མི། ཞེས་དབུལ་ཞིང་སླར་ཡང༌། རང་ལུས་རྣམ་སྨིན་ཕུང་པོའི་ཀ་པཱ་ལ། །ལིངས་སྐྱིས་ཕོག་དབུས་ལྷག་མའི་ལུས་ཕུང་རྣམས། །རིལ་པོར་བཅུག་ལ་ཡི་གེ་འབྲུ་གསུམ་གྱིས། །སྦྱངས་རྟོགས་སྤར་ཞུ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་དུ་བརྗོད། ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གསོལ་བར་གྱུར་པར་བསམ་ལ། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་དཔལ་ལྡན་བླ་མ་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་ཨཱཿཤྲཱི་མཱ་ན་སངྒུ་རུ་མ་ཧྲཱ་སིདྡྷི་མཱ་ན་ས་ར་ཧ་ས་པ་རི་ཝཱ་རི་བྷྱཿ ཨི་དཾ་བ་ལི་ག་ཎ་ཙཀྲ་མ་ཧཱ་པཱུ་ཛ་ཁཱ་ཧི། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། འདིར་ཕྱི་ནང་གི་མཆོད་པ་ཅི་འབྱོར་བས་མཆོད་པར་
XXX བགྱི་གསུངས་པས་རྒྱས་པར་སྤྲོ་ན་མཆོད་ཕྲེང་གི་ཚིག་ཅི་རིགས་སྦྱར། དཀྱུས་སུ། ཡང་དག་དགའ་བའི་མེ་ཏོག་གིས། །རྡོ་རྗེ་ཉི་མ་པདྨར་བྱུང༌། །མེ་ཏོག་བདག་ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱི་བདག་ཉིད་མཆོག །པུཥྤེ་སོགས་སྦྱར། རྣམ་རྟོག་ཚོགས་ཀྱི་ཡུལ་མིན་ཅིང༌། །ལྟེ་བར་གཏུམ་མོ་འབར་བ་ཡིས། །ངེས་པར་སྲེགས་པ་དེ་ཡི་སྤོས། །ཐུགས་ཀྱི་རྡོ་རྗེ་ལ་ནི་དབུལ། །ཡི་གེ་ཧཱུྃ་ལས་ཡང་དག་བྱུང༌། །སྔགས་ཀྱི་འོད་ཟེར་ཤིན་ཏུ་གསལ། །མར་མེ་འབར་བའི་ཡང་དག་འོད། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །བདེ་བ་ཆེན་པོའི་ནམ་མཁར་གནས། །བྱང་ཆུབ་སེམས་ནི་སད་པ་དང༌། །དེ་ཉིད་ཀྱིས་ཀྱང་བྱུགས་པ་ནི། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །འདིར་ནི་གང་དང་གང་ལོངས་སྤྱོད། །དབང་པོ་ཐམས་ཅད་ཡང་དག་བསྟན། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་མཆོད་པས་མཆོད་པར་བྱ། །འགོག་པའི་རྡོ་རྗེར་གུགས་པའི་སེམས། །རང་ཉམས་དཔྱིད་ཀྱི་དཔའ་བོའི་གླུ། །གཞོམ་མེད་ན་དཱའི་སྒྲ་དབྱངས་ཀྱིས། །ཐུགས་ཀྱི་རྡོ་རྗེའི་མཆོད་པར་བགྱི། །ནང་མཆོད་བདུད་རྩི་ཕུལ་ལ། ཨོཾ་ཨཱཿཧཱུྃ། བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །སྒྲོན་མ་ལྔ་ཡི་བཟའ་བ་ནི། །སངས་རྒྱས་ཀུན་གྱི་དམ་ཚིག་གཙོ། །ཉེས་བྲལ་ཞི་བའི་བཏུང་བ་མཆོག །སྦྲང་རྩི་བུ་རམ་འབྲུ་དང་ཤིང༌། །བཅོས་པའི་མྱོས་བྱེད་རྣམ་པ་ལྔ། །ཤེས་རབ་རང་བཞིན་དབུལ་བར་བགྱི། །མཚན་ཉིད་དང་ལྡན་པའི་རིག་མ་ཕུལ་བར་མོས་ལ། ལྷ་མོ་འདི་དག་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རིགས་ལྔ་ལས་བྱུང་འདི་ཕུལ་བས། །རིག་པའི་བརྟུལ་ཞུགས་མཐར་ཕྱིན་ཤོག །ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་པའི། །དགའ་བ་བླ་ན་མེད་པས་མཆོད། །ཅེས་གསང་བའི་མཆོད་པ་བྱ། བསྟོད་པ་གྲུབ་ཆེན་སོ་སོའི་སྔགས་བརྗོད་བྱེ་བྲག་པ་སོགས་གང་ཤེས་དང༌། སྤྱི་ཙམ་དུ། ཟབ་ཞི་སྤྲོས་དང་བྲལ་བ་གཉུག་མའི་དོན། །སྣང་དང་སྟོང་པ་གཉིས་དང་གཉིས་མིན་ལ། །ཨེ་མ་ཧོ་འདི་སྙམ་བྲལ་
XXX བའི་ལྟ་བ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱེད་ལ་འདུད། །སྨྲ་བསམ་བརྗོད་དུ་མེད་པའི་རང་བཞིན་ལ། །བདེ་སྟོང་འཛིན་པ་མེད་པ་བདེ་བའི་ཉམས། །ཨེ་མ་ཧོ་རྩོལ་བྲལ་ལྷུག་མའི་སྒོམ་པ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱེད་ལ་འདུད། །སྤང་བླང་བྱར་མེད་རང་བཞིན་འོད་གསལ་ལ། །གཟུང་འཛིན་གློ་བུར་དྲི་མ་རྣམ་དག་པ། །ཨེ་མ་ཧོ་རང་བཞིན་ལྷུན་གྲུབ་འབྲས་བུ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱེད་ལ་འདུད། །ཅེས་པ་ཙམ་བྱ། སླར་ཡང་ཡན་ལག་བདུན་པ་བྱ་བར་གསུངས་པས་རྒྱས་བསྡུས་གང་ལྕོགས་སྦྱོར་ཆོག །དཀྱུས་ཙམ་དུ། ཨོཾ་ཨཱཿདཔལ་ལྡན་རྡོ་རྗེ་བླ་མ་དམ་པའི་ཞབས་ཀྱི་པདྨོ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ། །ཧཱུྃ། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །བླ་མ་སངས་རྒྱས་ལ་ཕྱག་འཚལ། །སྐྱོབས་པ་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་རྗེ་ལ་ཕྱག་འཚལ་ལོ། །ཕྱག་འོས་སངས་རྒྱས་ཐམས་ཅད་དང༌། །རྒྱལ་བས་གསུངས་པའི་ཆོས་རྣམས་དང༌། །ཚུལ་ཁྲིམས་བཟང་ལྡན་དགེ་འདུན་སྟེ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །བྱས་དང་བྱེད་དུ་བཅུག་དང་ཡི་རང་བའི། །སྡིག་པ་མ་ལུས་སྐྱོན་ཀུན་འཇིག་བྱེད་པའི། །སྤྱན་ལྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བྱེད་པ་ཡི་སྡོམ་པ་བླང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང༌། །རྒྱལ་བའི་སྲས་ཀྱིས་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡི་རངས་ཤིང༌། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །རྒྱལ་བ་དཀོན་མཆོག་ལ་སོགས་གསུམ་པོ་ལ། །དངོས་པོ་ཀུན་གྱིས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །བདག་གིས་དུས་གསུམ་དགེ་བ་ཅི་སྤྱད་པས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པ་མྱུར་ཐོབ་ཤོག །ཅེས་པ་ཙམ་བྱ། དེ་ནས། ཨཱཏྨ་ནཾ་སུ་ཁ་དུཿཁ་ཏེ་མེ་ཛྙཱ་
XXX ནེ་སུ་ཁ་ཀི་དུཿཁ་ཏོ་མ་ཐི། ནསྠི་ས་ར་ཧ་ན་མོ་སྟུ་ཏེ། ཞེས་པའམ་བོད་སྐད་དུ་བསྒྱུར་ན། བདག་གིས་བདེ་སྡུག་ཁྱེད་ཀྱིས་མཁྱེན་ནོ། །བདེའམ་སྡུག་ཀྱང་ཁྱོད་ལས་གཞན་མ་མཆིས་སོ། །ཕྱག་འཚལ་ཞིང་འདུད་དོ་ས་ར་ཧ། །ཞེས་པ་གང་རིགས་ཀྱིས་དྲག་ཏུ་གསོལ་བ་གདབ་ཅིང༌། གུ་རུ་ཤ་ར་ཎཾ་གཙྪ་མི། ལན་མང་དུ་བརྗོད། ཨོཾ་ཨཱཿམ་ཧཱ་སིདྡྷི་ལ་བྡྷ་ས་ར་ཧ་པཱ་ད་ཧཱུྃ་ཧཱུྃ། ཞེས་པའི་མཚན་སྔགས་ཀྱང་ཅི་ནུས་སུ་བཟླ་ཞིང༌། མཐར། བླ་མ་གྲུབ་བརྙེས་རྣལ་འབྱོར་དབང་ཕྱུག་གི །སྐུ་ལ་རྩ་གསུམ་འཁོར་ལོ་ལྔ་གསལ་བའི། །གཡོན་ཕྱོགས་རྐྱང་མ་དང་བྲལ་ཀུནྡའི་ཁམས། །སྐུ་ཡི་བྱིན་རླབས་བདུད་རྩི་འོད་དཀར་ཚུལ། །སྨིན་མཚམས་ནས་བྱུང་རང་གི་དཔྲལ་བར་ཐིམ། །ལུས་ཀྱི་སྒྲིབ་དག་བུམ་དབང་ཐོབ་པར་གྱུར། །གཡས་ཕྱོགས་རོ་མ་དང་འབྲེལ་རྡུལ་གྱི་ཁམས། །གསུང་གི་བདུད་རྩི་འོད་དམར་ཚུལ་དུ་བྱུང༌། །མགུལ་བའི་གནས་ནས་བདག་གི་མགྲིན་པར་ཐིམ། །ངག་གི་སྒྲིབ་དག་གསང་བའི་དབང་བསྐུར་ཐོབ། །ཨ་ཝ་དྷཱུ་ཏི་མུན་ཅན་དངས་མའི་ཚུལ། །ཐུགས་ཀྱི་བྱིན་རླབས་བདུད་རྩི་འོད་མཐིང་བཅས། །ཐུགས་ཀའི་གནས་ནས་སྙིང་གར་ཐིམ་པ་ཡིས། །ཡིད་ཀྱི་སྒྲིབ་དག་ཤེར་དབང་ཡེ་ཤེས་ཐོབ། །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། །གཉིས་མེད་བསམ་བརྗོད་བྲལ་བའི་ངང་དུ་བཞག །སྒོ་གསུམ་འཕོ་བའི་སྒྲིབ་དག་ཚིག་དབང་ཐོབ། །བླ་མ་རང་སེམས་ཐ་མི་དད་དུ་འདྲེས། །ཞེས་དམིགས་ལ་བསམ་མེད་གཉུག་མའི་རང་ངོར་མཉམ་པར་འཇོག །དེ་ལས་ལྡང་བ་ན། ཨེ་མ་མ་ལ་དུས་གསུམ་དགེ་བ་འདིས། །བདག་དང་མར་གྱུར་མཐའ་ཡས་སེམས་ཅན་ཀུན། །གྲུབ་པ་མཆོག་གིས་རྟག་པར་རྗེས་བཟུང་ནས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་ཐོབ་ཤོག །མགོ་བོར་བླ་མའི་ཅོད་པན་འཆང༌། །ལག་ཏུ་རྡོ་རྗེ་དྲིལ་བུ་འཛིན། །ངག་ཏུ་གསང་སྔགས་རྒྱལ་པོ་བཟླ། །ཡིད་ཀྱིས་ཟུང་འཇུག་བསྒོམ་པར་ཤོག །ཅེས་སོགས་ཐུན་མོང་མ་ཡིན་པའི་བསྔོ་སྨོན་གདབ་ཅིང་ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། ༈ །དེ་བཞིན་དུ་གཞན་འདྲ་བ་ལ། མངོན་རྟོགས་ཀྱི་
XXX སྐབས། པགས་པའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐུ་མདོག་སྔོ་སངས་ནོར་བུའི་ཁ་དོག་ལྟ་བུ་དྭངས་ཤིང་དྲི་མ་མེད་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཐུགས་ཀར་འཆིང་བ། ན་བཟའ་ཆོས་གོས་གསུམ་དང་བཅས་ཤིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གི་བཞུགས་པ་ཤཾ་ཁ་ལ་སོགས་པའི་ཀླུའི་རྒྱལ་པོ་མཆོག་རྣམས་སྦྲུལ་གྱི་རྣམ་པས་གདེངས་ཀའི་གྲིབ་མ་འབུལ་བ་ལ་སྐུ་རྒྱབ་བརྟེན་པ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མན་གོང་བཞིན་ལ། བསྟོད་པའི་སྐབས། ནཱ་གཱ་རྫུ་ནའི་ཞབས་ལ་འདུད། །མཚན་སྔགས་ཀྱང་ས་ར་ཧའི་ཚབ་ཏུ། །ནཱ་གཱ་རྫུ་ན་མ་གཏོགས་གཞན་གོང་དང་འདྲ་བ་ཉིད་དོ། ། ༈ །དེ་བཞིན་ཤ་བ་རི་ལའང༌། བླ་མ་དང་གྲུབ་པའི་དབང་ཕྱུག་དཔལ་རི་ཁྲོད་པ་ཆེན་པོ། འགྱུར་བ་མེད་པའི་ཆོས་ཉིད་མཚོན་པའི་སྐུ་མདོག་ནག་པོ། དབུ་སྐྲ་རལ་པ་སྤྱི་བོར་བཅིངས་པ་སྨྱུག་མའི་ཤུན་པས་བསྡམས་པ། སྤྱན་འབྲུ་ཚུགས་སུ་གཟིགས་ཤིང་སྤྱན་རྩ་དམར་བ། ཕྱག་གཉིས་མདའ་དང་འོད་མའི་གཞུ་མཆོག་ལ་ཕག་རྒོད་ཀྱི་ཁོག་སྟོང་དང་ཁོག་སྨད་བཀལ་བ། རྨ་བྱའི་མདངས་སྒྲོ་གཤིབས་པའི་ཤམ་ཐབས་དང༌། མེ་ཏོག་འབྲས་བུའི་རྒྱན་སྣ་ཚོགས་པས་བརྒྱན་ཏེ་འགྱིངས་བག་དང་བཅས་པའི་རོལ་སྟབས་སུ་བཞུགས་པ། སྐུའི་གཡས་གཡོན་ནས་རིག་མ་རྒྱན་དང་ཆ་ལུགས་གཙོ་བོ་དང་མཚུངས་ཤིག་མདའ་དོང་འཛིན་པ་གཉིས་ཀྱིས་བརྟེན་པ། ལྷན་ཅིག་སྐྱེས་པའི་བདེ་བ་མན་འདྲ། རི་ཁྲོད་དབང་ཕྱུག་ཞབས་ལ་འདུད། །ཤ་བ་རི་པཱ་ད་ཞེས་བསྒྱུར་བ་མ་གཏོགས་འདྲ། བསྟོད་པའི་སྐབས་སྤྲོ་ན་ནགས་རིན་གྱིས་མཛད་པའི་ཤ་བ་རི་པའི་བསྟོད་ཆེན་སོགས་ཀྱང་འདོན་ནོ། ༈ །དེ་བཞིན་དུ་གྲུབ་ཆེན་ནག་པོ་སྤྱོད་པ་ལའང༌། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་གྲུབ་པའི་སློབ་དཔོན་བརྟུལ་ཞུགས་སྤྱོད་པའི་དབང་ཕྱུག་ཀཧྣ་པ་ཆེན་པོ་སྐུ་མདོག་ནག་པོ་དཔའ་ཞིང་སྒེག་པ་ཧུར་བག་ཆགས་པ་ཕྱག་གཡས་ཅང་ཏེའུ་འཁྲོལ་ཞིང༌། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པའི་མཆན་
XXX ཁུང་དུ་རྡོ་རྗེ་ཁ་ཊྭཱྃ་ག་བསྒྲེང་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་སྐུ་ལ་མི་རུས་ཀྱི་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་སྟག་གི་པགས་པའི་ཤམས་ཐབས་གསོལ་བ། པི་ཤྭ་རཱུ་པི་ནཱི་ཞེས་བྱ་བའི་སྲིན་མོའི་གཙོ་མོ་འཇིགས་སུ་རུང་བ་གདན་ནམ་བཞོན་པའི་ཚུལ་དུ་གནས་པའི་སྟེང་ན་རོལ་སྟབས་སུ་བཞུགས་པ། རེས་འགའ་རོ་ལངས་ཆེན་པོ་མེ་ཏོག་གི་ཕྲེང་བས་བརྒྱན་པ་ལ་ཆིབས་པ་སོགས་སྣ་ཚོགས་པའི་རྣམ་འཕྲུལ་སྟོན་པར་མཛད་བཞིན་པའི། སྟེང་གི་ནམ་མཁའ་ལ་གདུགས་བདུན་འཛིན་པ་མེད་པར་འཁོར་ཞིང༌། ཌཱ་མ་རུ་བདུན་འཁྲོལ་བ་པོ་མེད་པར་རང་འཁྲོལ་བ། རེས་འགའ་གདུགས་བདུན་བརྒྱད་ཌཱ་མ་རུ་བདུན་བརྒྱར་འཕེལ་བའི་ཆོ་འཕྲུལ་ཅན། སྣང་བའི་འཁོར་བདུན་བརྒྱ་དང་མི་སྣང་བའི་འཁོར་བདུན་བརྒྱ་ལ་སོགས་པ་གྲུབ་པ་དང་རིག་པ་འཛིན་པའི་རྣལ་འབྱོར་ཕོ་མོ་གྲངས་མེད་དབུས་ན་རོལ་བ། ལྷན་ཅིག་སྐྱེས་པའི་བདེ་བ་མན་འདྲ། སྤྱོད་འཆང་དབང་པོའི་ཞབས་ལ་འདུད། །ཙརྻ་བཛྲ་རམ། ཀཧྣརྻ་ཀ་པཱ་ད་ཞེས་སྦྱར་བ་དང༌། ༈ གཉིས་སུ་མེད་པ་གྲུབ་པའི་དབང་ཕྱུག་བི་རཱུ་པ་ཆེན་པོ་སྐུ་མདོག་སྨུག་ནག་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། དབུ་སྐྲ་ཅོ་བྲེགས་ལ་མེ་ཏོག་གི་ཕྲེང་བས་སྤུད་པ། ལྷག་མ་རྒྱན་སྤངས་ཤིང་ཕྱག་གཡས་སྡིགས་མཛུབ་ཀྱི་ཕྱག་རྒྱ་གདེངས་པས་ཉི་མ་བརྟོད་ལ་གནོན་པའི་ཚུལ་དང༌། གཡོན་པ་མན་གྱི་རྭ་ཞལ་ཆང་གིས་གང་བ་དཀུར་བརྟེན་པ། ཤ་ནའི་གོས་ཀྱིས་འདོམས་དཀྲིས་ཅན་རོལ་པའི་འདུག་སྟངས་སུ་བཞུགས་པ། གཡོན་གྱི་ཕྱོགས་ནས་རིག་མ་ཆང་སྣོད་འཛིན་པས་འདུད་པའི་ཚུལ་ཅན། ལྷན་ཅིག་སྐྱེས་པའི་མན་འདྲ། བི་རཱུ་པ་ལ་ཕྱག་འཚལ་འདུད། །བི་རཱུ་པཱ་ད་ཞེས་བསྒྱུར་བ་དང༌། ༈ གྲུབ་པའི་དབང་ཕྱུག་ཌོམྦྷི་ཧེ་རུ་ཀ་སྐུ་མདོག་དཀར་དམར་རལ་པའི་ཐོར་ཚུགས་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཤིན་ཏུ་འཇིགས་པའི་སྦྲུལ་རེག་པའི་དུག་ཅན་གྱིས་རྒྱན་དུ་མཛད་ཅིང༌། མཐོང་བའི་
XXX དུག་ཅན་ལྕག་གི་ཚུལ་དུ་བསྣམས་པ། ཁ་རླངས་ཀྱི་དུག་ཅན་བདུན་གྱིས་དབུའི་སྟེང་དུ་གདངས་གར་བྱས་ཤིང༌། སྟག་མོ་མི་བཟད་འཇིགས་སུ་རུང་བ་ལ་ཆིབས་པའི་བརླ་གཡོན་པའི་སྟེང་ནས་གསང་བའི་གཟུངས་མ་གཡུང་མོ་རྣལ་འབྱོར་མ་གཅེར་མོ་པདྨ་ཅན་གྱི་མཚན་ཉིད་ཡོངས་སུ་རྫོགས་པས་དམ་དུ་འཁྱུད་ཅིང་འཁྲིལ་བའི་བདེ་བས་དགྱེས་རྒུར་རོལ་པ། ལྷན་ཅིག་སྐྱེས་མན་འདྲ། ཌོམྦྷི་པ་ལ་ཕྱག་འཚལ་འདུད། །ཌོམྦྷི་ཧེ་རུ་ཀ་པཱ་ད་ཞེས་བསྒྱུར། ༈ གྲུབ་པའི་དབང་ཕྱུག་ལཱུ་ཧི་པ་ཆེན་པོ་སྐུ་མདོག་སྔོ་སངས་སྐེམས་ཤིང་རིད་པའི་ཚུལ་ཅན་རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་ཤིང་རས་ཀྱི་སྨད་དཀྲིས་གསོལ་བ། སྐུའི་མདུན་ཕྱོགས་སུ་ཉའི་རྒྱུ་ལྟོ་སྤུངས་པ་ལས་ཕྱག་གིས་བླངས་ཏེ་ཞལ་དུ་གསོལ་བའི་རྣམ་པ་ཅན་ཕྱེད་སྐྱིལ་གྱིས་བཞུགས་པ། ལྷན་ཅིག་སྐྱེས་མན་འདྲ་བ་ལ། ལཱུ་ཧི་པ་ལ་ཕྱག་འཚལ་འདུད། །ལཱུ་ཧི་པཱ་ད་ཞེས་བསྒྱུར་བ་དང༌། ༈ བླ་མ་དང་གཉིས་སུ་མེད་པའི་གྲུབ་པའི་དབང་ཕྱུག་གཽ་རཀྵ་ནཱ་ཐ་སྐུ་མདོག་དཀར་སྔོ་སྣུམ་པའི་མདངས་ཅན་ཤངས་རྒྱུད་མཐོ་ཞིང་འཛུམ་བག་གི་མདངས་དང་ལྡན་པ། ཨག་ཚོམ་དང་དབུ་སྐྲ་ལྗང་སེར། ལྟ་སྟངས་ཅེར་རེ་པ། སྙན་ལ་མུ་དྲ་ནག་པོ་དང༌། མགུལ་དུ་སིངྒ་ནཱ་དའི་རྭ་དུང་འཆང་ཞིང་སྐུ་ལ་ཙཀྲ་ཀནྟ་སྟེ་འཁོར་ལོ་ལྟ་བུའི་བེམ་པོ་གསོལ་བ། སྒོམ་ཤིང་ལ་ཀོས་གོ་བརྟེན་པའི་ཚུལ་གྱིས་སྐྱིལ་ཀྲུང་དང་བཅས་དྲང་པོར་བཞུགས་ཤིང༌། ཕྱག་མཉམ་བཞག་གི་སྟེང་ན་ཀུ་བའི་སྣོད་ཐོགས་པ། མཐོང་བའི་མོད་ལ་ཉམས་དགའ་ཞིང་ཐ་མལ་གྱི་སྣང་བ་ཧྲུལ་པོར་འཇིག་པ། ལྷན་ཅིག་སྐྱེས་པ་མན་འདྲ། གཽ་རཀྵ་ལ་གུས་པས་འདུད། །གཽ་རཀྵ་ནཱ་ཐ་པཱ་ད་བསྒྱུར་བ་དང༌། ༈ གྲུབ་པའི་སློབ་དཔོན་ཆེན་པོ་ཏིནྟི་པ་སྔོ་སངས་ཤིན་ཏུ་སྨིན་པའི་ན་ཚོད་ཅན་གྱི་སྐུ་ལུས། ཨག་ཚོམ་དང་སྨ་ར་རིང་དུ་འཕྱང་བ་དབུ་སྐྱེས་དང་བཅས་པ་རབ་ཏུ་དཀར་བའི་མདངས་ཅན། རས་ཀྱི་སྨད་དཀྲིས་གསོལ་ཞིང་
XXX ཁྲི་འཐགས་ཀྱི་བྱ་བ་ལ་བརྩོན་པའི་ཚུལ་དུ་བཞུགས་པ། ལྷན་ཅིག་སྐྱེས་པ་སོགས་དང༌། ཏནྟི་པ་ལ་གུས་པས་འདུད། ཏནྟི་ཀ་པཱ་ད་སོགས། ༈ གྲུབ་པའི་དབང་ཕྱུག་དྲིལ་བུ་པ་སྐུ་མདོག་སྔོ་སངས་རལ་པའི་ཐོར་ཚུགས་ཅན། རུས་པའི་རྒྱན་དྲུག་དང་སྟག་གི་པགས་པའི་ཤམས་ཐབས་འཕྱང་བ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་པདྨ་ཅན་གྱི་མཚན་ཉིད་ཡོངས་སུ་རྫོགས་པ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་དཀར་གསལ་ལྟ་བས་ཆོག་མི་ཤེས་པ་ལ་འཁྱུད་དེ་མཉམ་པར་སྦྱོར་བའི་བདེ་བ་རྒྱས་པ། ཞབས་གཡས་བརྐྱང་གི་སྟབས་ཅན་ཞེས་དང༌། དྲིལ་བུ་པ་ལ་ཕྱག་འཚལ་འདུད། །བཛྲ་གྷཎྜ་པཱ་ད་ཞེས་སོ། ། ༈ གྲུབ་པའི་དབང་ཕྱུག་ཆེན་པོ་ཛཱ་ལནྡ་ར་སྐུ་མདོག་དཀར་དམར་རལ་པའི་ཐོར་ཚུགས་དང་རུས་པའི་རྒྱན་ཅན་རས་དམར་པོའི་འདོམས་དཀྲིས་གསོལ་བ། ཞབས་ཕྱོགས་གཅིག་རྒྱབ་ནས་དཔུང་པར་བཀལ་ཞིང་ཕྱོགས་གཅིག་བཞེངས་པའི་ཚུལ་ཅན། ཕྱག་གཉིས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་ལྡོག་སྟེ་སྤྱི་བོར་འཆིངས་པ། གཡོན་གྱི་ཕྱོགས་ནས་རིག་མ་རྣལ་འབྱོར་མའི་ཆ་བྱད་ཅན་གྱིས་འདུད་བཞིན་པ་ཞེས་དང༌། ཛཱ་ལནྡཱ་རའི་ཞབས་ལ་འདུད། །ཛཱ་ལནྡྷ་ར་པཱ་ད་ཞེས་སོ། ། ༈ གྲུབ་པའི་སློབ་དཔོན་ཆེན་པོ་ཀུ་ཀུ་རི་པ་སྐུ་མདོག་སྔོ་སངས་རུས་པའི་རྒྱན་དང་རལ་པའི་ཐོར་ཚུགས་ཅན། ཕྱེད་སྐྱིལ་གྱིས་བཞུགས་ཤིང་ཐོད་པ་འཛིན་པའི་པང་དུ་རྡོ་རྗེ་ཡན་ལག་མ་ཀུ་ཀུ་རི་གཞོན་ནུའི་གཟུགས་ཅན་བཟུང་སྟེ་དགྱེས་རྒུར་རོལ་པ། ཞེས་དང༌། ཀུ་ཀུ་རཱི་པར་ཕྱག་འཚལ་འདུད། །ཀུ་ཀུ་རི་པཱ་ད་ཞེས་སོ། ། ༈ གྲུབ་པའི་སློབ་དཔོན་ཆེན་པོ་ལྭ་བ་པ་སྐུ་མདོག་དཀར་དམར་ཚངས་པ་སྤྱོད་པའི་ཆ་བྱད་ཅན། སྐུ་ལ་ལྭ་བའི་དུམ་བུ་བརྒྱ་ཕྲག་བསྡུས་ཏེ་དྲུབས་པའི་ན་བཟའ་གསོལ་ཞིང་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་སྐྱིལ་མོ་ཀྲུང་བཅས་ཏེ་གཉིད་འཐུག་གི་ཟོལ་གྱིས་འོད་གསལ་བསམ་གྱིས་མི་ཁྱབ་པ་ལ་མཉམ་པར་འཇོག་པའི་
XXX ཚུལ་ཅན། ཞེས་དང༌། ལྭ་བ་པ་ལ་ཕྱག་འཚལ་འདུད། །ཀམྤ་ལ་པཱ་ད་བསྒྱུར་བ་དང༌། ༈ ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་ཨིནྡྲ་བྷཱུ་ཏི་མིའི་བདག་པོ་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་ཆ་བྱད་སྐུ་མདོག་དཀར་དམར་མཛེས་ཤིང་བརྗིད་ལ་ཆགས་པའི་ཉམས་ཅན་དར་དང་རིན་པོ་ཆེའི་རྒྱན་སྤྲས་ཏེ་ནོར་བུའི་ཁྲི་སྟན་མཐོ་ཞིང་ཡངས་ལ་བཀོད་ལེགས་པའི་སྟེང་དུ་བདེ་ལུགས་སུ་བཞུགས་པའི་སྐུའི་མཐའ་བསྐོར་དུ་བུད་མེད་རིན་པོ་ཆེའི་མཚན་ཉིད་རྫོགས་པའི་བཙུན་མོའི་ཚོགས་ལྔ་བརྒྱས་བསྐོར་བ་འདོད་པའི་ཡོན་ཏན་ཐམས་ཅད་ལ་རྗེས་སུ་ཆགས་པས་རྟག་ཏུ་དགྱེས་རྒུར་རོལ་པའི་རྣམ་པ་ཅན། ཞེས་དང༌། ཨིནྡྲ་བྷུ་ཏི་ལ་ཕྱག་འཚལ། །ཤྲཱི་ན་རེནྡྲ་བྷཱུ་ཏི་པཱ་ད། ཞེས་སོ། ། ༈ གྲུབ་པའི་སློབ་དཔོན་ཆེན་པོ་དཔལ་བདེ་བ་ཆེན་པོ་པདྨ་ཀཱི་ར་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གྱི་དཀྱིལ་འཁོར་རབ་ཏུ་གང་ཞིང་རྒྱས་ལ། པདྨ་རྒྱས་པ་ལྟ་བུའི་སྤྱན་རས་དང་མཆུ་སྒྲོས་མངའ་བ། དབུའི་དཔྲལ་བའི་དབྱིབས་སུ་རྡོ་རྗེས་མཚན་པའི་པདྨ་རྒྱས་པའི་རེ་ཁཱས་སྤྲས་ཞིང༌། །སྐུའི་ཆ་ཤས་ཐམས་ཅད་དུ་པདྨ་ཨུཏྤལ་ལྕགས་ཀྱུ་ཞགས་པ་ལ་སོགས་པའི་ཤ་མཚན་དགེ་བ་ཤ་སྟག་གིས་སྤྲས་པ། ཀཱཎྚ་ཀའི་ཅོད་པན་མནབས་ཤིང༌། གསང་གོས་ཀྱི་སྟེང་དུ་ཆོས་གོས་རྣམ་པ་གསུམ་གསོལ་བ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་ལ་ཐུགས་ཀར་གདེངས་ཤིང༌། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་དཀུར་བརྟེན་པའི་མཆན་དུ་རྡོ་རྗེའི་ཁ་ཊྭཱྃ་ག་བཅུག་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུའི་གཡས་གཡོན་ནས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་པདྨ་ནཱི་བཅུ་དྲུག་པའི་ལང་ཚོ་ཅན་གྱིས་བརྟེན་པ། ལྷན་ཅིག་སྐྱེས་པའི་སོགས་དང༌། པདྨཱ་ཀར་ར་ཕྱག་འཚལ་འདུད། ཤྲཱི་མ་ཧཱ་སུ་ཁ་པདྨ་བཛྲ་པཱ་ད་ཞེས་བསྒྱུར་བ་དང༌། ༈ གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་བི་རཱུ་པ། དབུ་ལ་རྡོ་རྗེ་
XXX ཐོད་ཅེས་བྱ་བ་རྟེན་འབྲེལ་གྱི་བྱིན་རླབས་ཀྱི་ཅོད་པན་སྔོན་པོ་གསོལ་ཞིང༌། ཕྱག་གཡས་བ་མེན་གྱི་རྭ་བ་བདུད་རྩིས་གང་བ་འཛིན་ཞིང་གསོལ་བ། གཡོན་པུས་མོའི་སྟེང་དུ་བཞག་པ། སྐུའི་མདུན་དུ་ཀ་པཱ་ལ་མ་ཧཱ་བ་ལས་གང་བ་བཞག་ཅིང༌། དབུ་སྐྲ་ཅོ་བྲེག་ལྤགས་པའི་གདན་དང་འདོམས་དཀྲིས་ཅན། ལྷག་མ་རྒྱན་དང་ན་བཟའ་སྤངས་ཤིང་རྣལ་འབྱོར་པ་ཧུར་བག་ཆགས་པའི་རྣམ་པ། སྐུའི་གཡོན་ནས་རིག་མ་ཐལ་མོ་སྦྱར་བ་དང་བཅས་པ། ལྷན་ཅིག་སོགས་དང༌། ནག་པོ་བི་རཱུ་པ་ལ་འདུད། །ཀྲྀཥྞ་པི་རཱུ་པཱ་ད་ཞེས་བསྒྱུར། ༈ བརྒྱན་པའི་དབུས་སུ་གྲུབ་པའི་དབང་ཕྱུག་ཏིལླི་པ་ཆེན་པོ་སྐུ་མདོག་ཆེན་པོ་སྐུ་མདོག་སྔོན་ག་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རས་ཀྱི་ཨངྒ་རག་གསོལ་ཞིང་མིང་འགྲེང་གང་ཙམ་གྱི་ནམ་མཁའ་ལ་འཕགས་ཏེ་ཏིལ་བརྡུང་བའི་རྣམ་པ་ཅན། སྐུའི་མདུན་དུ་རིག་མ་ཏིལ་མཁན་མོའི་རྣམ་པས་བར་སྣང་ལ་གནས་བཞིན་ཏུ་ཏིལ་ལུགས་པའི་བྱ་བ་ལ་བརྩོན་པ་དང་ཐབས་ཅིག་ཏུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཇི་ལྟར་འབྱུང་བའི་བརྡ་སྟོན་པར་མཛད་པ། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སོགས་དང༌། ཏིལླི་པ་ལ་ཕྱག་འཚལ་ལོ། །ཏིལླི་ཀུ་པཱ་ད་ཧཱུྃ་ཧཱུྃ། ༈ གྲུབ་བའི་སློབ་དཔོན་ཆེན་པོ་དཔལ་ནཱ་རོ་པ་སྐུ་མདོག་སྨུག་ནག་ལྟ་བར་མི་བཟོད་པའི་ཟིལ་དང་ལྡན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་དང་རུས་པའི་རྒྱན་དྲུག་གིས་སྤྲས་ཤིང་དར་གྱི་ཨངྒ་རག་གསོལ་བ། ཞིང་ཆེན་གྱི་པགས་པ་བཤུས་མ་ཐག་པ་ཁྲག་འཛགས་པ་སྟོད་གཡོགས་ཀྱི་ཚུལ་དུ་མནབས་པའི་རྐང་ལག་གཉིས་ནས་ཕྱག་གིས་བཟུང་སྟེ་ཕན་ཚུན་དུ་བརྒྱངས་པ། ཞབས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པའི་གར་སྟབས་ཅན། ལྷན་ཅིག་སྐྱེས་སོགས་དང༌། ནཱ་རོ་པ་ཡི་ཞབས་ལ་འདུད། །ནཱ་རོ་པཱ་ད་ཞེས་བསྒྱུར་བ་དང༌། ༈ དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་དཔལ་ཤྲཱནྟི་པ་སྐུ་མདོག་སྔོ་སྐྱ་གནས་བརྟན་རྡོ་རྗེ་འཛིན་པ་ཆེན་པོ། ཅུང་ཟད་སྨིན་པའི་ན་ཚོད་ཅན་གྱི་རྣམ་པ་ཆོས་གོས་རྣམ་པ་གསུམ་དང་པཎྜི་ཏའི་ཅོད་
XXX པན་མནབས་ཤིང༌། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་བཅས་ཏེ་ཏ་ལའི་བྱང་བུར་བྲིས་པའི་གླེགས་བམ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་གདིང་བ་ལ་བཞུགས་པ་དང༌། ཤཱིནྟི་པ་ལ་ཕྱག་འཚལ་ལོ། །རཏྣ་ཨཱ་ག་ར་ཤཱནྟི་པཱ་ཞེས་སྦྱར། དེ་བཞིན་ཏུ། ༈ བརྒྱན་པའི་དབུས་སུ་སློབ་དཔོན་ཆེན་པོ་ཤྲཱི་སཏྭ་ནཱ་ཐ་ཤཱནྟི་གུཔྟ་སྐུ་མདོག་སྨུག་ནག །རིན་པོ་ཆེ་དང་རུས་པའི་རྒྱན་ཐོ་རེ་བས་སྤྲས་པ། སྐུ་ཤ་ཉམས་རྒྱས་ཤིང་བརྗིད་ལ་ཧུར་བག་ཆགས་པ། དབུ་སྐྲ་ཅོ་བྲེག་རས་ཀྱིས་འདོམས་དཀྲིས་གྲུ་གསུམ་པ་གསོལ་ཞིང་ཞབས་གཉིས་བཟང་པོའི་འདུག་སྟངས་ཀྱིས་རིན་པོ་ཆེའི་ཁྲི་ལ་པགས་པའི་གདན་གྱི་སྟེང་དུ་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཐུགས་ཀར་འཆིང་བ། ལྷན་ཅིག་སྐྱེས་སོགས་དང༌། ཤཱནྟི་གུཔྟ་ལ་ཕྱག་འཚལ། །ཤྲཱི་སཏྭ་ནཱ་ཐ་ཤཱནྟི་གུཔྟ་ཧཱུྃ་ཧཱུྃ། ཞེས་སྦྱར། ༈ དེ་བཞིན་དུ། པགས་པའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སློབ་དཔོན་ཆེན་པོ་ཤྲཱི་བུདྡྷ་གུཔྟ་ཛོ་གིའི་ཆ་བྱད་ཅན་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། སྐུ་བོང་ཆེ་ཞིང་ལྷུན་ཆགས་ལ་དང་བ་འདྲེན་པ། མཐོང་བའི་མོད་ལ་བ་སྤུ་གཡོ་ཞིང་སྐྱི་བུང་ཞེས་བྱེད་པའི་བྲིལ་དང་ལྡན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་སུ་བཅིངས་པའི་རྩེ་མོ་ནས་རལ་པའི་ཟར་བུ་ཅུང་ཟད་རྒྱབ་ཏུ་འཕྱང་བ། མེ་ཏོག་སེར་པོ་ཁ་བྱེ་མ་ཐག་པའི་ཐོད་བཅིངས་གསོལ་པ། བགྲེས་རྒུད་སྤངས་པའི་ལང་ཚོས་གང་བ་ལག་ནས་ཤིང་ཧུར་བག་ཆགས་པ། རས་ཀྱི་འདོམས་དཀྲིས་དང་ན་བཟའ་གསོལ་ཞིང་པུས་འཁྱུད་ཅན། ཕྱག་གཡས་ས་གནོན་པུས་སྟེང་དུ་བཀབ་ཅིང་གཡོན་ཀ་པཱ་ལ་བདུད་རྩིས་གང་བ་དཀུར་བརྟེན་པའི་ཚུལ་གྱིས་འཛིན་པ། སྐུ་དྲངས་པོར་བསྲངས་ཏེ་སྐྱིལ་ཀྲུང་ཕྱེད་པའི་འདུག་སྟངས་ཀྱིས་བཞུགས་པ། ལྷན་ཅིག་སྐྱེས་པའི་སོགས་དང༌། བུདྡྷ་གུཔྟར་གུས་ཕྱག་འཚལ། །ཤྲཱི་བུདྡྷ་གུཔྟ་ནཱ་ཐ་ཧཱུྃ་ཧཱུྃ། ཞེས་སྦྱར་བ་མ་གཏོགས་
XXX གོང་དང་འདྲའོ། །འདི་རྣམས་ཀྱིས་མཚོན་ནས་རང་རང་གིས་དམིགས་བསལ་དུ་དད་པའི་ཡུལ་སོགས་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་གང་ལའང་སྦྱོར་དུ་རུང་བར་གསུངས་པས། སོ་སོའི་མངོན་རྟོགས་དང་མཚན་དང་མཚན་སྔགས་ཁ་སྤོས་པས་ཆོག་གོ །དགེ་བས་གྲུབ་པ་མཆོག་རྣམས་ཀྱི། །བྱིན་རླབས་བདག་གི་རྒྱུད་ལ་ཞུགས། །རྟོགས་གྲོལ་དུས་མཉམ་མཁའ་སྤྱོད་ཚེའི། །གྲོང་ཁྱེར་ཉམས་དགར་དབུགས་དབྱུང་ཤོག །ཚུལ་འདི་ལྟ་བུའི་བླ་མའི་རྣལ་འབྱོར་མཛད་བྱང་མི་གསལ་ཡང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུངས་ཟིན་ཡིན་ངེས་པར་བཞུགས་པ་ལ་ཚིགས་ཟིན་གྱི་ཁ་སྐོང་འོས་རིགས་འཐད་ལྡན་རྣམས་དཀྱུས་སུ་བཙུད་པའི་བཀླགས་ཆོག་ཉིད་དུ་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསལ་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བཀོད་པ་དགེ་ལེགས་འཕེལ།།

༄༅། །མ་མོ་གསང་བ་ལས་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ༎

༨༥༄༅། །མ་མོ་གསང་བ་ལས་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།
༄༅། །སློབ་དཔོན་པདྨ་སཾ་བྷཱ་བའི་ཐུགས་དམ་མངའ་བདག་བཙད་པོ་ལ་གནང་བའོ།།
༨༦།འདི་ལ་གསུམ་སྟེ། སླད། གཞུང་། མཇུག་གོ །གཞུང་ལ་གསུམ། གཞི། ལམ། འབྲས་སོ། མཇུག་ལ་གཉིས་ཏེ། ལུང་བསྟན་པ་དང་། མཚན་བསྟན་པའོ། །(དཀྱིལ་འཁོར་གཙོ་བོ་བཅོམ་ལྡན་འདས།)དཔལ་(ཆེན་པོ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་དང་།)ལྡན་མཁའ་འགྲོའི་(མ་ཚོམ་བུ།)ཚོགས་བཅས་ལ། (སྒོ་གསུམ་གུས་པས།)རྣམ་པར་བཏུད་(མཇལ་འདྲེན་ཡེ་ཤེས་ཀྱི།)དེ་ཕྱག་འཚལ་ལོ། (མཁའ་དགུ་)དབྱིངས་དང་ཡེ་ཤེས་(ཀློང་དགུ།)དབྱེར་མེད་(དུ་གནས་པའི།)པའི། །མཁའ་འགྲོ་དྲུག་(མའི་ཚོགས་ཀྱི་རྣམ་གྲངས།)ཅུ་རྩ་བརྒྱད་ཀྱི། །གཙོ་མོ་(ར་གྱུར་པ་ཡུམ།)སྲིད་པ་བདེ་འགྲོའི་ཐུགས(སྤྱི་དོན་གཏན་ལ་དབབ་པ་ས་གསུམ།)། །གནས་ལུགས་(གཞི་དང་།)ཐབས་()ང་མངོན་(འབྲས་བུ།)གྱུར་པའོ། །གནས་ལུགས་ ནི་ བྱང་ཆུབ་སྙིང་པོའི་དོན། །སངས་རྒྱས་(དུས་གསུམ་གྱི།)སེམས་ཅན་(ཁམས་གསུམ།)གཉིས་(མེད་ཀྱི་ལམ་རྣམས།)ཀྱི་(དུ་གྱུར་བས།)ཡུམ(དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས།)། །བདེ་(དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས།)ཆེན་(རང་བྱུང་གི་)ཡེ་ཤེས་འབྱུང་(སྤྲོས་པ་ཐམས་ཅད་དང་བྲལ་པའི་དོན་དེ།)བའི་གནས།(ཡིན་བསམ་མོ།) མ་མོ་ཐུགས་ཀྱི་ཡིན་ཏེ།ཐིག་ལེ་ཞེས་སུ་བཤད། (གཉིས་པ་)ཐབས་ནི་ལམ་ཡིན་རྣམ་གསུམ་སྟེ།
༨༧ (།སྒོམ་གྱི།)སྔོན་འགྲོ་(དང་)དངོས་(གཞི།)དང་རྗེས་ཤེས་སོ། །སྔོན་འགྲོ་(ལ།)སྤྱི་དང་ཁྱད་པར་ཏེ(གཉིས་སུ་བསྟན།)། སྤྱི་ནི་ཕྱི་(བུམ་དབང་དང་།)(དམ་རྫས་ཀྱི་དབང་དང་།)ནང་གསང་བ་ཡི།(ཤེས་རབ་ཡེ་ཤེས་ཀྱི།) །དབང་རྣམས་(སྔོན་དུ།)རྫོགས་པར་ཐོབ་པའོ། །ཁྱད་པར་འཁོར་(གྱི་སྔོན་འགྲོ་ལ།)ལོ་རྣམས་གཉིས་(ཀྱིས་བསྟན།)ཏེ། །བསྲུང་བ་དང་ནི་སྤྱད་(རྣམ་རྟོག)པའོ། (།ཕྱི་ནང་གསང་བའི་བར་ཆོད་)བསྲུང་བ་མཚམས་ཀྱི་འཁོར་ལོ་ནི། །ཐབས་དང་ཚད་དང་དགོས་ཆེད་དོ། །ཐབས་ནི་རང་གི་ལུས་(དང་།)སེམས་ལ། །གནས་པའི་(རྩ།)དྭངས་མ་རྣམ་པ་ལྔ། །རིགས་ཀྱི་ཁྲོ་མོ་ལྔར(གསལ་བ།)་བསྒོམ་ཏེ།(དེ་ལྟར་གསལ་བར་གྱུར་པ་དང་།) (ཕར་)འགྲོ་(བ་དང་ཚུར།)འོང་(བ་དང་འགྲོ་འོང་མེད་པར།)གནས་པའི་ཐབས་ཀྱིས་(བར་ཆད།)བསྲུང་(བར་བྱའོ།)། །ཚད་ནི་ཐུན་དང་བརྟན་པ་(ཐོབ་པའི་ཚད་ནི།)སྟེ།(ཐོབ་པའི་ཚད་གཉིས་ཡིན།) ཁྲག་ དྲོད། དབུགས། རྣམ་པར་ཤེས་པའི། ཐུན་(དང་པོ།)ནི་རབ་འབྲིང་ཐ་མ་ཡིས། །བཅུ་དྲུག་བརྒྱད་དང་བཞི་བར་བསྒོམ། ཀྱི་ཚད། །བརྟན་པ་(ཐོབ་པའི་ཚད་ནི།) གསལ་བ་གསུམ་(དང་།)ལྡན་ཏེ།(བ་ཡིན།) གཟུགས་(སུ་སྣང་བ་ཐམས་ཅད་སྐུར་གསལ་བ།)དང་སྒྲ་(གྲགས་པ་ཐམས་ཅད་གསུང་དུ་གསལ་བ།)དང་སེམས་(ཏིང་ངེ་འཛིན་གྱི་དཀྱིལ་་་ ཤོག་ལྷེ་༨༨ འཁོར་དུ།)
༨༨གསལ་བའོ། །དགོས་ཆེད་(ནི། སྣང་བ་དང་།)ཕྱི་ནང་(ཕུང་པོ་དང་།)གསང་བ་(རྣམ་པར་རྟོག་པ། )ཡི། །བར་ཆད་(པོ་དང་།)གསུམ་ལས་གྲོལ་བར་བཤད། །(རྣམ་རྟོག་)སྦྱང་བར་བྱ་བའི་འཁོར་ལོའང་(གསུམ་སྟེ། )། །ཐབས་དང་ཚད་དང་དགོས་པ་སྟེ། །ཐབས་ནི་ཕྱི་(སྣང་བ་དང་།)ནང་(ཕུང་པོ་དང་།)གསང་བ་(རིག་པ། )ཡི། །རིག་པའི་རྩལ་སྦྱོང་རྣམ་པ་གསུམ་གྱིས། ( ཕྱི་ནང་གསང་བའོ།)དངོས་པོ་གསུམ་ལ་ཞེན་པ་ཡི། །རྣམ་རྟོག་(ཕྲ་རགས་ཐམས་ཅད། )ཆོས་ཀྱི་དབྱིངས་སུ་སྦྱང་། །ཚད་ནི་ཐུན་(གྱི་ཚད་)དང་བརྟན་(པ་ཐོབ།)པ་(གཉིས་ཡིན།)སྟེ། །ཐུན་(རྣལ་འབྱོར་པ།)ནི་རབ་འབྲིང་ཐ་མ་ཡིས། །བསྲུང་བའི་གོ་ཆ་བཞིན་དུ་བསྒོམ།(རབ་བཞི་འབྲིང་བརྒྱད་ཐ་མ་བཅུ་དྲུག་ཏུ་བྱས་ལ།) བརྟན་པ་(ཐོབ་པའི་ཚད་ནི།)ཕྱི་ནང་གསང་བ་ཡི། །རྟོག་པ་གསུམ་(གྱི་མཐའ།)ལས་གྲོལ་བ་ཡིན། །དགོས་ཆེད་(ནི་རྣལ་འབྱོར་པའི། ཐམས་ཅད།)ཉམ་ཆག་སྐོང་བ་དང་། (བླ་མ་དང་ཡི་དམ་གྱི།)བྱིན་རླབས་རང་གི་རྒྱུད་ལ་འཇུག་པའོ། (གཏུམ་མོ།)དངོས་གཞི་བསྒོམ་པའི་རིམ་པ་ནི།(སྤྱི་དོན་གསུམ་གྱིས་སྟོན་ཏེ།) (དང་པོ་)རླུང་སེམས་བྲིད་(པར་བྱ་བ།)དང་(བར་དུ་རླུང་སེམས།)། གཞུན་པ་དང་། །གཏུམ་མོ་(ཐ་མ།)ལམ་དུ་བསླང་བའོ། རླུང་(དང་པོ།)སེམས་བྲིད་(བྱ་བ།)པ་རྣམ་གཉིས་ལས། (བྲིད་པ་)རླུང་ནི་ཟས་(བཅུད་ཅན།)དང་སྤྱོད་ལམ་(དལ་བ།)དང་། །གཟུང་(འོག་རླུང་ལྟེ་བར་འཇམ་པར། རྟགས་རབ་འབྲིང་ཐ་མ་གསུམ་འཆར་བའོ།)བའི་ཐབས་ཀྱིས་བྲིད་པ་སྟེ། །སེམས་ཉིད་(བྲིད་པ་ནི།)གོ་ཆ་དང་པོ་(ཚད་དང་བཅས་པ།)དང་། །བར་པ་(དང་།)ཐ་མ་(ཚད་དང་བཅས་པ།)དག་གིས་སོ། (བར་དུ།)རླུང་སེམས་གཞུན་པ་(ལ།)རྣམ་གཉིས་ཏེ། །རྩ་རླུང་གནད་ལ་དབབ་པ་དང་། །རིག་པ་ལམ་དུ་གཞུག་པའོ། །(རྩ་རླུང་།)གནད་(དབབ་པ་ལ། རྗེའི་སྐྱིལ་ཀྲུང་དུ་བྱས་)ལ་ཐབས་དང་ཚད་དང་ནི། །(གནད་ལ་ཕེབས་པའི། ལག་པས་)དགོས་པ་དག་གིས་ཤེས་པར་བྱ། (དེ་ལས་དང་པོ་རྩ་རླུང་གནད་ལ་དབབ་པའི།)ཐབས་ནི་(གསུམ་སྟེ་)ལུས་དང་རྩ་དང་རླུང་། །གནད་ལ་དབབ་པར་(དང་པོ་ལུས་གནད་ལ་དབབ་པ་ལ་བདུན་ཏེ།)བསྟན་པ་སྟེ། དྲོད་ལ་བདེ་བ་(བསྐྱེད་པ་ནི་རྐང་པ་རྡོ་)
༨༩(དྲོད་ཀྱི་མེ་ལོང་བརྡམས་པས་དྲོད།)བསྐྱེད་པ་དང་། །རླུང་སོར་གཞུག (།པ་ནི་འཁོར་ལོ་ཉི་ཤུ་རྩ་བརྒྱད་གནད་ལ་དབབ་པ་དང་། དར་ལུག་ནམ་མཁའི་མཐོངས་སུ་པ་དང་། ཉི་ཟླའི་དལ་བསྐོར་བའི་ཐབས།) དང་མི་རྟོག་(རླུང་ཐམས་ཅད་རང་སར་ཚུད་པར་བྱེད་པ་ཡིན།) བསྐྱེད། ཕ་ནི་དཔག་བསམ་ཤིང་གི་ལོ་མ་དབུག་པ་དང་། འདོད་ཆགས་ཀྱི་རྩ་གནད་ལ་བོར་བ་དང་། ཉི་ཟླ་རི་བོའ་རྩེ་ལ་མནན་པ་སྐྱེ་བ་ཡིན། (དྲོད་དང་བདེ་བ།)མྱུར་དང་(བར་བྱེད་པའི་ལུས་གནད་ནི་དང་པོར་བསྡམས་པར་དུ་སྤྲུགས་ཐ་མར་སྒྲིམས་པའི་ཐབས།)རླུང་ནད་གཞོམ་པ་(ནི་དཔུང་མགོ་སྲང་པོར་ཚིགས་བཀྲུལ་ཡུལ་ལྡངས་བཀྲུག་ལུས་བྱིང་དུ་བསྒུལ་ཞིང་བརྡེག་པའི་ཐབས།)དང་། (དྲོད་དང་བདེ་བ།)གསལ་བར་བྱེད་པ་ལུས་(ནི་ཐབས་དེ་རྣམས་ཐམས་ཅད་ཀྱིས་སོ།)ཀྱི་གནད། །གཉིས་པ་རྩ་གནད་ལ་དབབ་པ་ལ་བཞི་ལས། དང་པོ། འཁོར་ལོ་དྲུག་རྩེགས་ ༀ་དང་ཨཱཿདང་ཧཱུྃ་དང་། ཀྵ་དང་། རོཾ་དང་། ཡོཾ་གི་འཁོར་ལོའི་།སྲོག་ཤིང་གསུམ་ནི་རོ་མ་དང་རྐྱང་མ་དང་ཀུན་རྡར་མའོ། དེ་ལས་རོ་མ་ལས་ཆོས་དྲུག་དང་ལྡན་ཏེ། དབྱིབས་སྦྲུལ་གྱི་ཕྲུ་གུ་ལྟ་བུ་རྩ་བ་ཟླུམ་པ། སྐེད་པ་བགས་ཀྱིས་ལྡིར་བ་རྩེ་མོ་ཕྲ་བའོ། སྦོམ་ཕྲ་ནི་རྟ་རྔ་སུམ་སྒྲིམ་ཙམ་མོ། །གནས་ནི་སྒལ་ཚིགས་པའི་སྟེ་ཀུན་རྡར་མའི་གཡས་ན་གནས་སོ། རྟེན་ནི་དྲི་ཆུ་དང་ཞེ་སྡང་གི་རྟེན་བྱེད་དོ། །ལས་ནི་ཡེ་ཤེས་ཀྱི་སྒོ་འཆར་བར་བྱེད་པའོ། རྐྱང་མའི་དབྱིབས་དང་སྦོམ་ཕྲ་ནི་གོང་མ་དང་མཐུན་ནོ། ཁ་ཅིག་ནི་སྨུག་ལ་དཔལ་དམར་བའོ། གནས་ནི་སྒལ་ཚིགས་པའི་སྟེ་ཀུན་རྡར་མོའ་གཡོན་ན་གནས་སོ། །རྟེན་ནི་རཀྟ་དང་འདོད་ཆགས་ཀྱི་རྟེན་བྱེད་དོ། །ལས་ནི་དབྱིབས་ཀྱི་དོན་གསལ་བར་བྱེད་དོ། །ཀུན་རྡར་མའི་དབྱིབས་ནི་རག་དུང་གྱེན་དུ་བསླང་བ་ལྟར་གནས་སོ། །ཁ་དོག་སྨུག་ལ་དཔལ་མཐིང་པའོ། སྦོམ་ཕྲ་ནི་རྟ་རྔ་རྐྱང་མ་ཙམ་མོ། །གནས་ནི་རོ་རྐྱང་གཉིས་ཀྱི་དབུས་ན་གནས་སོ། །རྟེན་ནི་བྱང་སེམས་དང་གཏི་མུག་གི་རྟེན་བྱེད་དོ། །ལས་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་གསལ་བར་བྱེད་དོ། །ལྗོན་པའི་ཚལ་གྱིས་རྒྱས་པ་(ནི་ཙཀྲ་དྲུག་གི་ཙ་འདབ་ཡིན་ཏེ། གདུགས་དང་ཡུ་བ་དང་འཁོར་ལོ་དང་ཉི་མའི་འོད་ཟེར་དང་དྲག་པོའ་ཨེ་ཁུང་དང་། འོད་མའི་གཞུ་བདུངས་བ་ལྟ་བུའི་རྣམ་པ་དང་ལྡན་པ་ཡིན།)སྟེ། (སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་གི་ཚུལ་ལོ།) །ཡན་མན་གཉིས་སུ་ཟུག་པ་ཡིས། ཅེས་པ་ནི་རོ་མ་དང་རྐྱང་མའི་ཡར་སྣ་སྨིན་མའི་ནང་ཟུར་གཉིས་ལ་བྱ་རོག་གི་སྡེར་མོ་ལྟར་ཟུག་གོ་
༩༠མར་སྣ་མེ་རླུང་གཉིས་ཀྱི་མཚམས་སུ་འདམ་གྱི་ཕུར་པ་ལྟར་ཟུག་གོ ཀུན་རྡར་མའི་ཡར་སྣ་སྨིན་འཚམས་སུ་པདྨ་ཁ་འབུས་པ་བཞིན་ཟུག་གོ། མར་སྣ་རོ་རྐྱང་གཉིས་དང་འབྲེལ་ནས་ཡོད་དོ། (རྩ་དེ་རྣམས་ཀྱིས་)ལུས་(ཀྱི་རྟེན་བྱེད་སྲོག་གི་)ཟུངས་འཛིན་པས་རྩ་(གནད་ལ་དབབ་པའི་དེ་ཁོ་ན།)ཉིད་དོ། །དྲང་པ་རླུང་གནད་ལ་དབབ་པ་ལ་བཞི་ལས། དང་པོ་རླུང་། དབང་དུ་བྱེད་པ་ལ་གཉིས་ཏེ། སྟེང་རླུང་དབང་དུ་བྱ་བ་དང་། འོག་རླུང་དབང་དུ་བྱའོ། སྟེང་རླུང་ལ་གཉིས་ཏེ། རླུང་སྦྱང་བ་དང་། རླུང་བུམ་པར་གཞུག་པའོ། སྦྱང་བ་ནི་ཕྱིར་འགྲོ་ཚད་དུ་བཏང་། ནང་དུ་འགྲོངས་ཚད་དུ་དྲང་ངོ་། བུམ་པར་གཞུག་པ་ནི་གཞི་འཛིན་པར་བྱེད་པའི་ལྟོ་བ་རུ་འབྱུང་འཐུག་མེད་པར་ཐུབ་ཐང་དུ་གཟུང་བའོ། འོག་རླུང་ལའང་གཉིས་ཏེ། རླུང་སྦྱང་བ་དང་། བུམ་པར་གཞུག་པའོ། སྦྱང་བ་ནི་ཨ་ལོང་ནས་ལྟེ་བའི་བར་དུ་འགྲོ་ལྡོག་བྱེད་པའོ། བུམ་པར་གཞུག་པ་ནི་དྲོད་ཀྱི་མེ་ལོང་གི་སྟེང་དུ་རྩོལ་བ་བསྐྱེད་ལ་ཐུབ་ཚད་བཟུང་བར་བྱའོ། དང་རྒྱས་པ་དང་།པར་བྱ་བ་ལ་གསུམ་སྟེ། རོ་མ་ལ་བཙུད་ལ་ཡེ་ཤེས་ཆེན་པོའི་སྣང་བ་རྒྱས་པར་བྱེད་པ་དང་། རྐྱང་མ་ལ་བཙུད་ལ་བདེ་བ་ཆེན་པོའི་སྟོང་ཉིད་རྒྱས་པར་བྱ་བ་དང་། ཀུན་རྡར་མོ་ལ་བཙུད་ལ་གཉིས་སུ་མེད་པའི་ཆོས་ཉིད་རྒྱས་པར་བྱ་བའོ། རྩ་རོ་མལ་རླུང་བཟུང་བ་ནི་སྣ་བུག་གཡས་པ་ནས་རླུང་རྒྱུ་བའི་དུས་སུ་འོག་རླུང་བཛྲ་བོ་ཏེ་ས་མ་ཡ་ཧཱུྃ་གིས་དྲག་པོར་བཟུང་། སྟེང་རླུང་རྡོ་རྗེ་རི་རབ་ཀྱི་སྦྱོར་བས་འཇམ་པར་གཟུང་། རླུང་དེ་གཉིས་གཞི་འཛིན་པའི་ལྟེ་བར་ཁ་སྤྲད་ལ་ཅུང་ཞིག་བསྒོམ། དེ་ནས་ཁམས་གསེང་ལ་དྲོད་ཀྱི་མེ་ལོང་གི་སྟེང་དུ་ཕབ་ལ་བསྒོམ། དེ་ནས་ཁམས་གསེང་ལ་མེ་རླུང་བརྩིགས་པའི་ཙཀྲ་ལ་ཕབ་ལ་བསྒོམས། །དེ་ནས་རླུང་སེམས་འདུས་པའི་རང་བཞིན་འོད་དཀར་པོའི་ཐིག་ལེ་སྲན་མའི་གའུ་ཙམ་དུ་གྱུར་ནས། རྩ་རོ་མའི་ནང་ན་ཡར་རྩེག་ཆི་ལི་ལི་སོང་བས། རྩ་དེ་སྦྲུལ་ཀྱི་ཕྲུ་གུ་འོ་མས་གསོས་པ་བཞིན་དུ་དཀར་ལྡང་གིས་སོང་ནས། ཕྱི་ནང་དང་སྒྲིབ་གཡོགས་མེད་པར་གསལ་དྭངས་གིས་སོང་བར་བསྒོམ་མོ། རྩ་རྐྱང་མ་ལ་རླུང་གཟུང་བ་ནི། རླུང་སྣ་བུག་གཡོན་ནས་རྒྱུ་བའི་དུས་སུ། འོག་རླུང་བཛྲ་ཀྲོ་ཏི་ཤྭ་རི་བ་ག་པད་མ་རྒྱ་ཧཱུྃ་གིས་དྲག་པོར་བཟུང་། སྟེང་རླུང་པདྨ་ཁ་འཐུམས་ཀྱི་སྦྱོར་བས་འཇམ་པར་གཟུང་། རླུང་དེ་གཉིས་གཞི་འཛིན་པའི་ལྟེ་བར་ཁ་སྦྱར་ལ་ཅུང་ཞིག་བསྒོམ། །དེ་ནས་ཁམས་གསེངས་ལ་དྲོད་ཀྱི་མེ་ལོང་གི་སྟེང་དུ་ཕབ་ལ་བསྒོམ་མོ། ད་ནས་ཁམ་གསེངས་ལ་མེ་རླུང་བརྩེགས་པའི་འཁོར་ལོ་ལ་ཕབ་ལ་བསྒོམ། དེ་ནས་རླུང་སེམས་འདུས་པའི་རང་བཞིན་འོད་དམར་པོའི་ཐིག་ལེ་སྲན་མའི་གའུ་ཙམ་དུ་གྱུར་ནས་རྩ་རྐྱང་མའི་ནང་ན་ཡར་རྩེག་ཆི་ལི་ལི་སོང་བས། རྩ་དེ་དར་དཀར་གྱི་སྐུད་པ་མཚལ་ཆུ་ནས་དྲངས་པ་བཞིན་དུ་
༩༡དམར་ལྡང་གིས་སོང་ནས། ཕྱི་ནང་དང་སྒྲིབ་གཡོགས་མེད་པར་དྭངས་སང་གིས་སོང་བར་བསྒོམ། རྩ་ཀུན་རྡར་མ་ལ་རླུང་གཟུང་བ་ནི། རླུང་སྣ་བུག་གཉིས་ནས་རྒྱུ་བའི་དུས་སུ། འོག་རླུང་ཧཱུྃ་གཏུམ་ཆོད་ཀྱིས་དྲག་པོར་བཟུང་། སྟེང་རླུང་ཧཱུྃ་ནས་འདྲེན་གྱིས་འཇམ་པར་གཟུང་། རླུང་དེ་གྲེ་གཞི་འཛིན་པའི་ལྟེ་བར་ཁ་སྤྲད་ལ་ཅུང་ཞིག་བསྒོམ། དེ་ནས་ཁམས་གསེངས་ལ་དྲོད་ཀྱི་མེ་ལོང་གི་སྟེང་དུ་བབ་ལ་བསྒོམ། དེ་ནས་ཁམས་གསེངས་ལ་མེ་རླུང་བརྩེགས་པའི་འཁོར་ལོར་བབ་པ་བསྒོམ། དེ་ནས་རླུང་སེམས་འདུས་པའི་རང་བཞིན་འོད་དཀར་དམར་མཐིང་གསུམ་འདྲེས་པའི་ཐིག་ལེ་སྲན་མའི་གའུ་ཙམ་དུ་གྱུར་ནས། རྩ་ཀུན་རྡར་མན་ཡར་ལ་རྩེག་ཆི་ལི་ལི་སོང་བས། རྩ་དེ་ཁྱེད་ཀྱི་རྒྱུ་མ་དངུལ་ཆུས་བཀང་བ་ལྟར་ཅི་དྲག་ལ་གདབ། དྲོད་དང་བདེ་བ་མྱུར་དུ་སྐྱེ། རླུང་གི་ནད་དུ་མི་འགྱུར་བའི་དགོས་པ་ཡོད་དོ། །རྒྱས་མ་ཐེབས་ན། དེ་ལས་ཟློག་པའི་སྐྱོན་དུ་འགྱུར་རོ། (གསུམ་པ་རླུང་།)ཞི་བར་བྱེད་པ་ལ་གསུམ་སྟེ། རབ་ཚངས་པའི་བུ་གའི་སྦྱོར་བ་ཞི་བར་བྱ་བ་དང་། ཐ་མ་ན་ཀློད་པའི་སྦྱར་བས་ཞི་བར་བྱའོ། རབ་ནི་དང་པོ་རླུང་སེམས་གཉིས་སུ་མེད་པར་དྲིལ་ལ་དྭངས་སྙིགས་འབྱེད་པའི་འཁོར་ལོར་ཐུབ་ཐང་གིས་མནན། དེ་མི་ཐུབ་པར་གཟོ་ཙམ་ན་རྩོལ་བ་དྲག་པོ་ལུས་གཅུ་བ་དང་བསིག་པ་དང་རྔུབ་པའི་སྦྱོར་བ་བྱ། དེས་ཀྱང་མི་ཐུབ་པར་གཟོ་ཙམ་ན། ཚངས་པའི་བུ་ག་ནས་ཡར་ལ་རླུང་སྔོ་བ་མྱུར་བ་ཚ་བའི་ངད་དང་བཅས་པ་ཆི་ལི་ལི་སོང་བས་ཞི་བར་བསྒོམ། འབྲིང་ནི་གོང་མ་ལྟར་བྱས་ལ་མི་ཐུབ་བར་གཟོ་ཙམ་ན་བ་སྤུའི་བུ་ག་ཐམས་ཅད་ནས་གོང་མ་ལྟར་སོང་བས་ཞི་བར་བསྒོམ། ཐ་མ་ནི་གོང་མ་ལྟར་བྱས་ལ་མི་ཐུབ་པར་གཟོ་ཙམ་ན། ན་སའི་སྒོ་སློད་ལ་བཞི་ཆ་དང་བྱེད་དང་སུམ་གཉིས་ཙམ་ཁ་བྲི་ལ་བསྒོམ་པས། དང་།(ཡར་སྐྱེ་མར་འབྲིའི་རིམ་པ་ཤེས་པར་བྱའོ།) (བཞི་པ་རླུང་།)དྲག་པོ་ཡིས། ཚར་བཅད་པ་ནི་སེང་གེ་རྣམ་རོལ་གྱི་ཕྱག་རྒྱས་རླུང་གི་སྒོ་བཀག་ལ་ཙཀྲ་དྲུག་དང་པོར་ཚིགས་ཐམས་ཅད་དུ་རྣམ་ཤེས་རླུང་དང་སྦྲགས་ལ་དྲངས། དེ་ལྟར་ཐུབ་ཚད་དུ་བཟུང་པས་འཁོར་ལོ་སོར་ཚིགས་ཀུན་ཏུ་རྩེག་ཆི་ལི་ལི་སོང་བར་བསྒོམ། ལུས་ལ་ན་ཚ་ལ་སོགས་པ་ཡོད་པར་ཀྱང་རྣམ་ཤེས་རླུང་ཞོན་དྲངས་ལ་བ་སྤུའི་བུ་ག་ནས་ཡར་ལ་ནད་ཀྱི་རླངས་པ་ཕྱུ་རུ་སོང་བར་བསྒོམ་མོ།( འོག་རླུང་།)དྲང་བ་དང་མནན་པ་དང་བར་རླུང་། དཀྲུགས་པ་དང་།གསུམ་ནི་རླུང་སེམས་སྦྱོར་བ་གསུམ་དང་ལྡན་པ་སྟེ་གནད་གཞི་ཀུན་ལ་འཇུག་པ་ཡིན་ནོ། (རླུང་གི་)འགགས་དང་བྲལ་བ་ནི་ལུས་ལ་བཀུ་མཉེ་འཐགས་པར་བྱ། སྣ་སྒོར་རྒོད་བཞིན་དུ་བུད་
༩༢རླུང་འཇམ་རིང་དུ་མནན་ལ་གཡས་དང་གཡོན་དུ་གཞུན་སྒལ་ཚིགས་ལེགས་པར་བསྲང་ལ་རླུང་ཕྱིར་དྲག་ཏུ་འཕང་བར་བྱས། ཙཀྲ་བཞི་ལ་བླ་མ་བསྒོམ་པ་ནི། རླུང་གི་གནད། །ཆག་ཚད་(ལ་གཉིས་ཏེ།)ཐུན་དང་(གྱི་ཚད།)བསྟན་པ་སྟེ།(ཐོབ་པའི་ཚད།) ཐུན་ནི་རབ་འབྲེང་ཐ་མ་ལས། ཐུན་(གསུམ་)དང་(ཐུན་)དྲུག་དང་(ཐུན་)དགུ་བར་བསྒོམ། བརྟན་པ་(ཐོབ་པའི་ཚད་ལ་བཞི་སྟེ། ལུས།)སྣུམ་དང་མཉེན་(པ་དང་།)འཇམ་(པ་)དང་། ལུས་ལ་ གོས་ཀྱི་འཁྲི་བ་ཆོད་པའོ། །དགོས་ཆེད་(ནི་)ལུས་(ཀྱི་དྲོད།)དང་སེམས་ཀྱི་དྲོད། (ཐ་མ་ལ་)རིམ་(གྱིས་སྐྱེ་བ།)དང་(རྣལ་འབྱོར་པ་རབ་ལ།)ཆིག་ཆར་དག་ཏུ་སྐྱེ།(པས་སོ།) (རིག་པ་)ལམ་དུ་གཞུག་པ་(ལ་གསུམ་ལས་དང་པོར།)བྱིང་བ་གསེང་བ་ནི་རླུང་སེམས་གཅིག་ཏུ་དྲིལ་ལ་ཙ་ཀུན་རྡར་མན་ཡར་ལ་དཀར་ཆི་ལི་ལི་དྲངས་ལ་ཚངས་པའི་བུ་ག་ན་ཡར་བཏོན་ལ་ཤེས་པ་ནམ་མཁའི་མཐོང་སུ་བཞག་གོ རྒོད་པ་དགུག་པ་ནི། མེ་རླུང་འདུས་པའི་འཁོར་ལོ་ན་གཏུམ་མོ་སྦར་ཏེ་ཀྵ་དང་ཧཱུྃ་ལ་སོགས་པ་ཞུ་ནས་འཁོར་ལོ་བཞིའི་རྟོག་པ་ཆོས་ཉིད་དུ་སྦྱངས་ལ་བདེ་སྟོང་གི་ངང་ལ་ཕྲེལ་གྱིས་བསྒོམ་མོ། དང་། །ལྐུགས་པའི་སྐྱོན་རྣམས་བསལ་བ་ནི་གནས་ལུགས་ངོས་མ་ཟིན་ན་སྣང་བ་ལ་སྟོང་བས་རྒྱས་གདབ། སྟོང་པ་ལ་སྣང་བས་རྒྱས་གདབ་ལ་གཉིས་མེད་ཀྱི་དོན་འབྱངས་བར། བྱས་ལ།(སེམས་པའི་ལྟ་སྟངས་ཀྱིས་སྣང་སྟོང་གཉིས་མེད་ཀྱི་དགོངས་པ་གསལ་གདབ་བོ།) བདེ་བ་(བསྒོམ་པ་ནི་ཐིག་ལེ་འབར་འཛག་གི་གཏུམ་མོ་ཡིན།)གསལ་བ་(བསྒོམ་པ་ནི་འཁོར་ལོ་འོད་འབར་གྱི་གཏུམ་མོ་ཡིན།)མི་རྟོག་(པ་བསྒོམ་པ་ནི་བདེ་གསལ་གཉིས་ལ་རྒྱས་འདེབས།)པ།(འི་གཏུམ་མོ་ཡིན།) (བདེ་གསལ་མི་རྟོག་པ་གསུམ་འདྲེས་པའི།)ངང་ལས་(གཞན་དུ་)མ་གཡོས་མཉམ་པར་བཞག(པ་ནི་རིག་པ་ལམ་དུ་གཟུང་བའོ།) །གཏུམ་མོ་ལམ་དུ་བསླང་བ་ནི། (དོན་གསུམ་སྟེ།) (ལམ་དུ་བླང་བའི།)ཐབས་དང་(ལམ་དུ་སློངས་བའི།)ཚད་དང་(ལམ་དུ་སློངས་པའི།)དགོས་ཆེད་དོ། (དེ་ལ་དང་པོ་ལམ་སློངས་བའི།)ཐབས་ཀྱིས་(གནང་ཁ།) རླུང་གི་འཁོར་ལོ་ནས།(ཡི་གེ་ཨ་ལས་ཡེ་ཤེས་རླུང་ལྔ་སྐྱེ་བ།) རྡོ་རྗེའི་(ཆད་པ་ལྡན་པ།) །ཁ་ཐོང་(ཁའི་མཆོག་མ་དང་ལྡན་པའི།)གཞུ་(དྲག་ཏུ།)བརྡུངས་ཏེ།( གཞུ་དེ་ལ་རླུང་གི་འོད་ཟེར་ཕྱོགས་བཅུར་འཕྲོ་བ་དེས་སུམ་མདོའི་མེའི་འཁོར་ལོའི་རྃ་ལས།) ཤེས་རབ་ཡེ་
༩༣ཤེས་(མེའི)མདེའུ་ལས།འི་རང་བཞིན་གསལ་བ་བརྟན་པ་མྱུར་བ་ཕྱི་ནང་མེད་པ་དེ་ལ་ཡེ་ཤེས་ཀྱི་མེ་དམར་སེར་དུ་འགྲོ་བ་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་བྱེད་པའི་ཆོས་དང་ལྡན་པ། སྣང་བའི་རྗེས་སུ་གྲུབ་ལ། རྟོགས་པའི་རྫས་སུ་མ་གྲུབ་པ་རང་བཞིན་དག་པའི་བདེ་བ་ཆེན་པོ་ནི། སྤྲོས་པའི་(སྟོང་གསལ་མེའི་)ཐིག་ལེ་དགུ་(པོ་དེ།)རྣམས་(ཡི་གེ་ཀྵཿལས་གྱེན་དུ་)འཕང་། ངོ་འཕངས་བས་ཡི་གེ་ཀྵའི་འཁོར་ལོ་འོད་ཀྱི་རང་བཞིན་དུ་བཞུ་ནས་ཡར་འབར་ཞིང་མར་འཛག་པར་བསྒོམས། ད་ནས་ཧཱུྃ་དང་ༀ་དིང་ༀ་གྱི་འཁོར་ལོ་ལའང་དེ་བཞིན་དུ་འབར་འཚག་བྱའོ། ཆག་ཚད་(ལ་གཉིས་ཏེ།)ཐུན་(གྱི་ཚད།)དང་བརྟན་པའོ།(ཐོབ་པའི་ཚད། སྟེ།) ཐུན་ནི་རབ་འབྲིང་ཐ་མ་སྟེ། །དྲུག་དང་བཞི་དང་གཉིས་པར་བསྒོམ། །བརྟན་པ་(ཐོབ་པའི་ཚད་ནི།)ལས་དང་ཡེ་ཤེས་ཀྱི། །གཏུམ་མོ་ལུས་(དང་སེམས།)ལ་འབར་བའོ། (གཏུམ་མོ་ལམ་དུ་སློངས་པའི།)དགོས་ཆེད་(ནི་དཀྱིལ་འཁོར་གྱི་གཙོ་བོ།)དཔའ།(ཆེན་པོ་དང་།) ལྡན་(པའི།)རིགས་ལྔ་(ཡེ་ཤེས་ལྔ་)ཡི། །མཁའ་འགྲོའི་(མ་མོའི་ཚོམ་བུ།)ཚོགས་(དང་)ཀྱི་དཀྱིལ་འཁོར་དུ། (བཅས་པའི་ངོ་བོ་ཡེ་)གདོད་མ་ཉིད་ནས་(ལྷུན་གྲུབ་ཏུ།)གནས་པའི་དོན། (དེ་ཉིད།) རང་ལ་(རྟོགས་པ་མངོན་གྱུར་དུ། )འབར་བར་གྱེད་པའོ། (སྒོམ་པ་དག་གི་)རྗེས་ཤེས་(ནི་བསྒོམ་པའི།)ཐུན་ཚོད་ཅིག་(ཅིག)ངག་ཏུ། (ཆེད་འཛིན་གྱི་རྟོག་པ་དང་བྲལ་བའི།)བདེ་བ་(ཡེ་ཤེས་རང་སྣང་གི་འཁོར་ལོ་མ་འགགས་པའི།)གསལ་བ། (རྩ་དང་རླུང་དང་བདེ་བ་ཙམ་དུའང་།)མི་རྟོག་པའི། །ངང་ལ་(རིག་པ།)མཉམ་པར་གཞག་( པར་བྱས།)ནས་ནི། ཕྱི་ནང་གསང་བའི། སྤྱོད་ཡུལ་ཀུན་དང་།(སྒོམ་དུ།) བསྲེ་བར་བྱ།(འོ།) (གསུམ་པ་གཏུམ་མོ།)མངོན་དུ་གྱུར་པའི་འབྲས་བུ་ནི། །བདག་(དོན་)ངང་གཞན་དོན་(ལྷུན་གྱིས་)གྲུབ་པ་སྟེ། (དོན་དམ།)དེས་པའི་སྐུ་(ལྔ་)དང་གསུང་(ལྔ་)དང་ཐུགས།(ལྔ་དང་།) ཡོན་ཏན་(ལྔ་དང་།)ཕྲིན་ལས་རྣམ་པ་ལྔ།(སྟེ་ཉི་ཤུ་རྩ་ལྔ་པོ་དེ་རྣམས།) (རིག་པ་)བྱང་ཆུབ་སེམས་གྱི་བདེ་ཀློང་དུ། །གཅིག་ཏུ་འཁྱིལ་པ་(སྤྲོས་པ་དང་བྲལ་བ་ནི།)བདག་གི་དོན།(ཏོ།)( ཀུན་བཟང་)ཧེ་རུ་ཀ་ཡི་ཐུགས་(སྤྲོས་པ་དང་བྲལ་བའི་ངང་།)ལས་ནི། (བདག་དོན་ཐུགས་རྗེ་ཆེན་པོ།)སྤྲུལ་པའི་ཡི་གེ་ཧཱུྃ་དུ་ཤར།(ནས།) ཧཱུྃ་གིས་འགྲོ་བ།( རིགས་དྲུག་གི་)
༩༤སེམས་ཅན་(ཐམས་ཅད།)གྱི། (ཡུལ་ལྔ་དབང་པོ་ལྔའི།)བག་ཆགས་(ཀུན་གཞི་ལ་བཞག་ནས་ཡོད་པ་དེ།)སྦྱོང་(བར་བྱེད།)པ་གཞན་གྱི་དོན།( ཏོ།) (ཡེ་ཤེས་ཀྱི།)མཁའ་འགྲོ་(མ་དང་།) མ་མོའི་ཚོགས་(སུ་གྱུར་པ་དེ་དག་)ཐམས་ཅད་ཀྱི། (ཕྱི་ནང་གསང་བའི་)རྒྱུད་ཆེན་རྒྱ་མཚོ་ལྟར་དཔག་བར་དཀའ་བ་མཐའ་ཡས་(པ་བཞུགས།)པའི། །དགོངས་པ་ཀུན་(བསམ་གཏན་གྱི་མན་ངག་འདི་ལ།)འདུས་(པའི་ཕྱིར།)གསང་བའི་བཅུད། (དུ་གྱུར་བའི་མན་ངག་) (འདི་རིག་པ།)བྱང་ཆུབ་སེམས་ཀྱི་གཏེར་དུ་སྦ།(འོ་ཞེས་ཀུ་མར་ལ་གདམས་སོ།) (རྒྱ་གར་གྱི་ཡུལ།)དུར་ཁྲོད་ཆེན་པོ་(བརྒྱད་ཀྱི་ནང་ནས།)བསིལ་བའི་ཚལ་གྱི། བྲག་ཕུག་དུ། ཨུ་རྒྱན་གྱི་མཁན་པོ་(ཆེན་པོ།) པདྨ་འབྱུང་གནས་ལ་ (དཔལ་ལྡན་)ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་དངོས་སུ་ལུང་བསྟན་པའི་དགོངས་ཉམས། (འདི་ནི་ཕྱི་རབས་ཀྱི་)རྣལ་འབྱོར་པ་རྣམས་ཀྱི་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཉིད་དོ། (མཁའ་འགྲོ་མའི་སྙན་བརྒྱུད་)བསམ་གཏན་སྒྲོན་མ་ཞེས་བྱ་བ་རྫོགས་སོ།། ཆོས་འདི་ལ་བཞི་སྟེ། མཚན་དང་། ཕྱག་དང་། གཞུང་དང་། མཇུག་གོ། མཚན་ལ་གཉིས་ཏེ། རྒྱ་གར་གྱི་མཚན་དང་། བོད་ཀྱི་མཚན་ནོ། གཞུང་ལ་གསུམ་སྟེ། ཤེས་(ཆོས་ནམས།)པར་བྱ་བའི་ཡུལ་དང་། ཉམས་སུ་བླང་བའི་ཐབས་དང་། མངོན་དུ་གྱུར་པའི་འབྲས་བུའོ། ཉམས་སུ་བླང་བའི་ཐབ་ལ་དྲུག་སྟེ། གནས་(པ་རྒྱལ་བའི།)ལུགས་ངོ་སྤྲོད་པ་དང་། འཕྲོད་(ངོ་བོ་ཉིད།)པའི་རྟགས་དང་། ཚད་དང་། རིག་པ་བཞག་(དབྱིངས་ཀྱི།)ཐབས་དང་། ཉམས་དང་། དེ་ཐོག་ཏུ་གནས་སུ། མ་བཏུབ་ན་བཅོས་ཐབས་བསྟན་པའོ། །ཉམས་ལ་གསུམ་སྟེ། དབྱིངས་ཀུན་ཏུ་བཟང་(རིགས་དང་།)མོའི་། ཉམས་དང་། ཡེ་ཤེས། ཀུན་ཏུ་(དབྱིངས་ཀྱི།)བཟང་མོའི་ཉམས་དང་། དབྱིངས་ཡེ་ཤེས་དབྱེར་མེད་བདེ་བ་(བདེ་གསལ་ཆེན་པོའི་ཉམས་སོ།) འབྲས་བུ་ལ་གཉིས། རྣམ་གྲངས་སུ་ཀུན་དག་དབྱེ་བ་དང་། ངོ་བོ་ཉིད་དུ་བརྡུ་ཚུལ་ལ། མཇུག་གི་དོན་ལ་གཉིས། ཟུང་ཅིག་(བླང་དོར།)པར་གདམས་པ་དང་། དགེ་(ཆོས་དབྱིངས།)པ་བསྔོ་པའོ། བསྡུས་དོན། ཨི་ཐྀ།།

སློབ་དཔོན་པདྨ་བཛྲ་གྱིས་མཛད་པའི་རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་བཞུགས་སོ།

༣༨ ༄༅། །སློབ་དཔོན་པདྨ་བཛྲ་གྱིས་མཛད་པའི་རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་བཞུགས་སོ། །ཤེས་[63]རབ་སྙིང་པོ[64]འི་རྩེར་[65]བྱུང་[66]། བདག་མེད་མ་ལ་ཕྱག་འཚལ་ནས། །ཡན་ལག་མེད་རྡོར་ཞལ་སྔ་ནས། །དབང་དང་གདམས་ངག་འབྲེལ་བ་ཡི། །མར་མེའི་རྩེ་མོ་ལྟ་བུ་ཡི། །ཀྱཻ་རྡོ་རྗེའི་གདམས་ངག་བཤད། །རྣལ་འབྱོར་པ་གང་ཞིག་དཔལ་ཀྱཻ་རྡོ་རྗེའི་དབང་དང་ལྡན་ཞིང་། དམ་ཚིག་དང་ལྡན་ཏེ། རྡོ་རྗེ་འཆང་ཆེན་པོ་བསྒྲུབ་པར་འདོད་པས་དང་པོ་གནས་ལ་སོགས་པ་ཁྱད་པར་ཅན་བཙལ་ཏེ། ཁམས་[67]དང་ལུས་ཀྱི་འབྱུང་བ་ཆ་མཉམ་མོ། །དེ་ལྟར་ཁམས་ཤིན་ཏུ་[68]བདེ་བ་དང་། སྟན་བདེ་བའི་སྟེང་དུ་ལུས་ཁོང་[69]གློད་དེ་བདེ་བར་ཉལ་ལོ[70]། །དེ་ནི་བསམ་གཏན་གྱི་ཚོགས་སྣ་ཚོགས་པས་ཚོགས་ཀྱི་ལམ་གྱི་བདག་ཉིད་དོ། །དེ་ནས་[71]ཐོ་རངས་སྐྱ་རེངས་དང་པོ་ཤར་ནས་ལེགས་པར་ལངས་ཏེ། སྐྱོན་[72]མེད་པའི་གོས་ལེགས་པར་གོན་ནས་ལུས་[73]ཀྱི་ཁམས་དང་། འབྱུང་བའི་གྲང་དྲོ་སྦྱར་ཏེ། ཁྲུས་དང་གཉིད་བསང་བའི་ཆོ་ག་བྱའོ། །དེ་ནས་སྟན་ནང་ཚངས་ཅན་གྱི་སྟེང་དུ་ལེགས་པར་འདུག་སྟེ་ལུས་ལེགས་[74]པར་ཆ་སྙམ་མོ[75]། །དེ་བཞིན་ཏུ་དབུགས་ཀྱང་ཆ་[76]སྙོམ་མོ[77]། སེམས་ཀྱང་ཆ་སྙོམ་སྟེ། དེ་ཡན་ཆད་[78]ཀྱིས་ནི་བསམ་གཏན་ལ་སྦྱོར་བས་ན། སྦྱོར་བའི་ལམ་གྱི་བདག་ཉིད་དོ། །དེ་ནས་བདག་ཉིད་[79]དཔལ་ཀྱཻ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་རྡོ་རྗེ་རྩེ་ལྔ་པ། གཡོན་ཀ་པཱ་ལ་བསྣམས་པ་བསམ་མོ། དེ་ནས་རང་གི་སྙིང་གར་ཉི་མ་དང་ཟླ་བའི་སྟེང་དུ་ཧཱུྃ་སྔོན་པོ་བསམ་
༣༩སྟེ། དེ་ལས་འོད་ཟེར་ཕྱིར་འཕྲོས་ཏེ། སྣོད་ཀྱི་འཇིག་རྟེན་ཐམས་ཅད་དུ། སྐྱེ་འགྲོ་མོ་རིགས་ཐམས་ཅད་ཀྱི་རྟོག་པ་བསྲེགས་ཏེ། སླར་འདུས་པས[80]། རང་ཉིད་ཡུམ་བདག་མེད་མ་ཤེས་རབ་ཀྱི་ཆ་མེ་ལོང་ལ་ཧས་བཏབ་པ་བཞིན་དམིགས་པར་བྱ།སྣོད་ཀྱི་འཇིག་རྟེན་ཀྱི་རང་བཞིན་དུ་བསམ་མོ། །དེ་བཞིན་དུ་ཡུམ་ཉིད་སྣོད་དང་། མ་མོའི་རིགས་ཀྱི་ངོ་བོར་དྲན་པའོ། །དེས་འགྲེའོ།སྐྱེ་འགྲོ་ཕོ་རིགས་ཐམས་ཅད་བསྲེགས་ཏེ། སླར་འདུས་པ་རང་ཉིད་དཔལ་ཧེ་རུ་ཀ་བཅུད་ཀྱི་འཇིག་རྟེན་གྱི་རང་བཞིན་དུ་བསམ་སྟེ། གཞན་སྦྱང་ངོ་། །དེ་ནས་ཡུམ་གྱི་སྙིང་གར་ཟླ་བའི་བར་དུ་ཡྃ་བསམ་སྟེ། འོད་དེས་ཡུམ་འོད་དུ་ཞུ་སྟེ། ཡབ་ཀྱི་ཐུགས་ཀར་ཞུགས་པར་བསམ་མོ། །དོན་དེ་ཉིད་སྔར་མ་མཐོང་ཡུལ་ལ་དམིགས་པ།བ་མཐོང་བས་མཐོང་བའི་ལམ་གྱི་བདག་ཉིད་དོ། །དེ་ནས་ཡབ་ཀྱི་སྙིང་གར་ཉི་ཟླའི་བར་དུ་ཧཱུྃ་གི་འོད་ཀྱིས་ཡབ་ཉིད་འོད་དུ་ཞུ་སྟེ། སྟེང་དུ་ཉི་མར་སྲན་མ་ཙམ།བསམ་སྟེ་ཐབས་སོ། །ཡུམ་བསྡུས་བ།ནི་འོག་ཏུ་ཟླ་བ་སྟེ་ཤེས་རབ་བོ། །ཉི་ཟླའི་བར་དུ་ས་བོན་གྱི་ཡི་གེ་ཧཱུྃ་ལ་ཡན་ལག་གི་ཡི་གེ་ཀཱ་ལི་བརྒྱད་ཅུ་མགོ་ཐུར་དུ་བལྟས་པར་བསམ་མོ། །དེ་བཞིན་ཉིད་ལག་གི་ཡི་གེ །ཨཱ་ལི་སུམ་ཅུ་རྩ་གཉིས་མགོ་གྱེན། ལ་བལྟས་པར་བསམ་མོ། ཡི་གེ་ཧཱུྃ་ནི་ཐབས་ཤེས་རབ་གཉིས་མེད་དུ་བསམ་མོ། །ཉི་མ་དང་ཟླ་བ་ནི་སྲན་མ་ཙམ་མོ། །ཧཱུྃ་ནི་ཡུངས་ཀར་གྱི་འབྲུ་ཙམ་མོ། །ཨཱ་ལི་ཀཱ་ལི་ནི་སྐྲའི་རྩེ་མོ། །དེ་ལྟར་ཐིག་ལེ་བསྒོམ་པ་ནི། སྒོམ་པའི་ལམ་གྱི་བདག་ཉིད་དོ། །དེ་ནས་ཧཱུྃ་ལས་འོད་བྱུང་སྟེ། ཀཱ་ལི་འོད་དུ་ཞུ་སྟེ། ཨཱ་ལི་ལ་ཐིམ་པས། ཨཱ་ལི་ཡང་འོད་དུ་ཞུ་སྟེ་ཟླ་བ་ལ་ཐིམ་པར་བསམ་མོ། །དེ་བཞིན་དུ་ཉི་མ་ཡང་ཟླ་བ་ལ་ཐིམ། ཟླ་བ་ཞབས་སྐྱེད་ལ་ཐིམ་པར་བསམ་མོ། །ཧཱུྃ་ཡང་རིམ་གྱིས་སྤངས་ཏེ་བསྒོམ་པ་ནི་ཕྲ་མོའ་རྣལ་འབྱོར་རོ། །དེ་ནས་དཀར་ལ་འཚེར་བའི་བདུད་རྩིའི་ཐིག་ལེ་་གསལ་ན་གསལ་བས་འཕྲོ་བཅད། མི་གསལ་ན་མི་གསལ་བས་འཕྲོ་བཅད། གོང་འོག་ཀུན་ལ་གནད་ཆེ། སྐྲའི་རྩེ་མོ་ཙམ་ལ་སེམས་གཏད་
༤༠དོ། །དེ་ནས་ནཱ་དའི་སྒྲ་རིས་རྡུལ་ཕྲ་རབ་ཙམ་ལ། དེ་ནས་སེམས་ཙམ་ལ་སེམས་གཏད་དོ། །དངོས་པོ་སྤང་བའི་མཐར་ཕྱིན་པའི་ལམ་གྱི་བདག་ཉིད་དོ། །དེ་ནས་སེམས་འོད་གསལ་བར་བསྒོམས་ཏེ། དེ་ལ་སྣོད་བཅུད་ནི། །ཡབ་དང་ཡུམ་གྱི་བདག་ཉིད། ཡབ་ཡུམ་ནི་ཐིག་ལེའི་བདག་ཉིད། །ཐིག་ལེའང་ཕྲ་མོའ་བདག་ཉིད། ཕྲ་མོའང་སེམས་ཀྱི་བདག་ཉིད། སེམས་ཀྱང་གདོད་མ་ནས་སྟོང་པའི་རང་བཞིན་ཅན། ཐོག་མ་དང་ཐ་མ་ལ་སོགས་པ་མཐའ་ཐམས་ཅད་བྲལ་བར་བསྒོམ་སྟེ། རྡོ་རྗེ་འཆང་ཆེན་པོ་སྟེ་ལམ་ལྔའི་འབྲས་བུའི་བདག་ཉིད་དོ། །གོང་གི་རིམ་པ་དེ་དག་ཀྱང་རྣལ་འབྱོར་པའི་མོས་པའི་བྱེ་བྲག་གིས། ལོའམ[81]། ཟླ་བར་བཞག་ལ་སེམས་བརྟན་པར་བྱ་[82]སྟེ། དེ་ནས་ཡབ་ཡུམ་ལ་བསླབས་[83]ཏེ། རིམ་གྱིས་བསྒོམ་པ་ཡང་ཡོད་དོ། །གཞན་ཡང་ཐུན་གཅིག་ལ་རིམ་པ་གཉིས་རྫོགས་པར་བསྒོམ་པ་ཡང་ཡོད་དོ། །ཁ་ཅིག་ནི་གོང་མ་ལ་གཅིག་པར་འཇུག་པ་ཡང་། ཡོད་པས་ཅི་རིགས་པར་གཟུང་ཞིང་མན་ངག་སྦྱིན་ནོ། །སྐྱོན་ནི་བྱིང་རྒོད་གཉིས་སོ། །དེ་ལ་བྱིང་བ་བསལ་བའི་ཐབས་ནི། སེམས་གཟེངས་བསྟོད་དེ། སངས་རྒྱས་ཀྱི་མཁྱེན་པ་ཡེ་ཤེས་དྲན་པར་བྱ་སྟེ། དེ་ནས་ཡང་བསྒོམ་མོ། །གཉིད་ལ་ནི། གདོང་པར་ཆུ་གཏོར་བའམ། བསྐོར་བ་བྱས་ཏེ་གསལ་བ་ཡང་བསྒོམ་མོ། །རྒོད་ན་འཁོར་བའི་སྡུག་བསྔལ་གྱི་ཡུལ་དེ་ཉིད་ལ་སྐྱོ་བ་སྐྱེས་ཏེ་ཡང་བསྒོམ། དེས་ཀྱང་མ་[84]ཞིནཞི་ན་ཡུལ་དེ་ཉིད་དམིགས་པ་བསྒྱུར་ཏེ། སེམས་དེ་ཉིད་ལ་གཏད་དེ་བསྒོམ་མོ། །ཐུན་[85]བཞི་ནི། སེམས་ཉམས་ཆུང་ཙམ་ན་ནི། ཐུན་ཚོད་དབྱུག་གུས་བཟུང་ལ་ཐུན་ཐུང་བར་བསྒོམ། མཚམས་རིང་བར་བསྒོམ། སེམས་ཅུང་ཟད་བརྟས་ནས་ཆུ་ཚོད་ཀྱིས་ཐུན་ཚོད་བཟུང་ངོ་། །དེ་བཞིན་དུ་སེམས་ཅུང་ཟད་བརྟས་སྙམ་རྙེད་པ་དང་། །སེམས་སྟོབས་དང་ལྡན་པའི་ཐུན་ཚོད་ནི་འཕོ་བ་དང་། ཐུན་དང་། ཉིན་ཞག་
༤༡དང་། ལོ་ཟླས་ཐུན་མཚམས་བཟུང་སྟེ། རིང་བར་བསྒོམ་ཞིང་། ཐུན་མཚམས་ཐུང་བར་བསྒོམ་མོ། །རྟགས་[86]ནི་དང་པོ་ཁམས་མི་ལྡོག་པ་འབྱུང་ངོ་། །དེ་ནས་རང་གི་ལུས་ལ་ནད་རྙིང་པ་འབྱང་ཞིང་གསར་པ་མི་སྐྱེད་པ་དང་། ལུས་ཀྱི་ཉེས་པ་ལས་ངང་གིས་ལྡོག་སྟེ་དགེ་བ་ལ་ཐབས་ཀྱིས་འཇུག་སྟེ། ལུས་ཀྱི་རྟགས་འདར་བ་ལ་སོགས་པའང་འབྱུང་ངོ་། །རྣལ་འབྱོར་ཕྱི་[87]ལ་མཆོག་ཏུ་གཞོལ་བས་ན། ཐུན་བཞིའི་སྔོན་དུ་བསྟོད་པ་དང་། གཏོར་མའི་མཆོད་པ་བྱས་ཏེ་བསྒོམ་མོ། བླ་མ་བརྒྱུད་པ་ལས་རྙེད་པའི། །དབང་དང་གདམས་ངག་འབྲེལ་བཅས་དང་། །མར་མེའི་རྩེ་མོའི་གདམས་ངག་བརྩམས། དེ་ཡིས་དགེ་བ་གང་ཐོབ་པ། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །སྟོང་པ་འོད་གསལ་ཐོབ་པར་ཤོག །དཔལ་ཀྱཻ་རྡོ་རྗེའི་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་ག་ཡ་དྷ་རས་བླ་མར་གསུངས།རྫོགས་སོ། །རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། བླ་མ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཞིང་ཞུས་པའོ། །སརྦ་མངྒ་ལཾ།

༄༅། །སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ༎

༢༡ སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ། །
༢༢ སྤྱན་གཟིགས་དཔལ་མོ་དཔལ་བཟང་ཏིང་འཛིན་བཟང་། །ཇོ་བོ་ཡོལ་སྟོན་རོག་སྟོན་རྩིས་སྟོན་ཞང་། གསལ་སྟོན་རྣལ་འབྱོར་སྐྱབས་ཅེ་སངས་རྒྱས་དཔོན། །རིན་བྱང་བསོད་གྲགས་རྒྱལ་སྲས་རྒྱ་མ་བ། །ལོ་གྲགས་བྱང་སེམས་ཀུན་རྒྱལ་སྲས་པའི་རྗེ། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཀུན་སྙིང་ཕྲིན་ལས་རིན་ཆེན་རྒྱ་མཚོ་དཔལ། །མཐའ་ཡས་ཀུན་བཟང་ཚེ་དབང་ནོར་བུའི་སྡེ། །ངག་དབང་རྣམ་རྒྱལ་ཀུན་བཟང་མཐུ་སྟོབས་ཞབས། །ཉི་མ་ཆོས་འཕེལ་བློ་གསལ་བསྟན་སྐྱོང་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་ནས། །སྐྱེ་མེད་ཨ་ལས་འགགས་མེད་ལྷ་ཡི་སྐུ། །སྣང་སྟོང་ཟུང་འཇུག་སྤྲོས་བྲལ་རྣལ་འབྱོར་གྱིས། །སྤྱན་རས་གཟིགས་དབང་འགྲུབ་པར་བྱིན་གྱི་རློབས། །ཞེས་པའང་མཁྱེན་བརྩེའི་འི་དབང་པོས་གསོལ་བ་བཏབ་པ་སིདྡྷ་རི་སྟུ།།

དོ་ཧ་མཛད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག

༢༨ །རྒྱ་གར་སྐད་དུ། །དོ་ཧ་ཀོ་ཥ་ནཱ་མ་མ་ཧཱ་མུ་དྲ་ཨུ་པ་དེ་ཤ། །བོད་སྐད་དུ། །དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའ་མན་ངག །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ཇི་ལྟར་དངོས་དང་དངོས་མེད་སྣང་སྟོང་དང་། །རྒྱུ་དང་མི་རྒྱུ་གཡོ་དང་མི་གཡོ་བ། །ཐམས་ཅད་མ་ལུས་ནམ་མཁའི་རང་བཞིན་ལས། །དུས་རྣམས་ཀུན་ཏུ་ནམ་ཡང་གཡོས་པ་མེད། །ནམ་མཁའ་ནམ་མཁའ་ཞེས་ནི་རབ་བརྗོད་ཀྱང་། །ནམ་མཁའི་ངོ་བོ་ཅིར་ཡང་གྲུབ་པ་མེད། །ཡོད་དང་མེད་དང་ཡོད་མིན་མེད་མིན་དང་། །དེ་ལས་གཞན་དུ་མཚོན་པའི་ཡུལ་ལས་འདས། །དེ་ལྟར་མཁའ་དང་སེམས་ཀྱི་ཆོས་ཉིད་ལ། །ཐ་དད་ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཐ་དད་མིང་ནི་བློ་བུར་བཏགས་པ་ཙམ། །དེ་ལ་དོན་མེད་བརྫུན་གྱི་ཚིག་ཏུ་ཟད། །ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །གང་གིས་གདོད་ནས་སེམས་མེད་རྟོགས་པ་ཡིས། །དུས་གསུམ་རྒྱལ་བའི་དགོངས་པ་དམ་པ་རྙེད། །ཆོས་ཀྱི་ཟ་མ་ཏོག་ཅེས་ཡོངས་སུ་བཏགས། །དེ་ཡང་ལོག་པའི་ཆོས་གཞན་མ་ཡིན་ཏེ། །གདོད་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །དེ་ཡིས་དེ་ཉིད་བསྟན་དུ་ཡོད་མིན་ཏེ། །བརྗོད་དུ་མེད་པ་སུས་ཀྱང་གོ་བ་མེད། །གལ་ཏེ་བདག་པོ་ཡོད་ན་ནོར་ཡོད་དེ། །ཡེ་ནས་བདག་མེད་དེ་ལ་ཅི་ཞིག་ཡོད། །སེམས་ཡོད་གྱུར་ན་ཆོས་ཀུན་ཡོད་རིགས་ཏེ། །སེམས་མེད་པ་ལ་ཆོས་ཤིག་སུ་ཡིས་རྟོགས། །སེམས་དང་ཆོས་སུ་སྣང་བ་ཐམས་ཅད་ནི། །བཙལ་ན་མི་རྙེད་འཚོལ་མཁན་གང་ནའང་མེད། །མེད་པ་དུས་གསུམ་མ་སྐྱེས་མ་འགགས་པ། །དེ་ཉིད་གཞན་དུ་འགྱུར་བ་མེད་པ་ནི། །རང་བཞིན་བདེ་བ་ཆེན་པོའ་གནས་ལུགས་ཡིན། །དེ་ཕྱིར་སྣང་བ་ཐམས་ཅད་ཆོས་ཀྱི་སྐུ། །འགྲོ་བ་སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འདུ་བྱེད་ལས་ཀུན་ཡེ་ནས་ཆོས་ཀྱི་དབྱིངས། །
༢༩བཏགས་པའི་ཆོས་ཀུན་རི་བོང་རྭ་དང་མཚུངས། ༈ །ཀྱེ་ཧོ། ཉི་མ་སྤྲིན་བྲལ་འོད་ཟེར་ཀུན་ཁྱབ་ཀྱང་། །མིག་མེད་རྣམས་ལ་མུན་པ་ཉིད་དུ་སྣང་། །ལྷན་ཅིག་སྐྱེས་པ་ཀུན་ལ་ཁྱབ་གྱུར་ཀྱང་། །རྨོངས་པ་དག་ལ་དེ་ཉིད་ཤིན་ཏུ་རིང་། །འགྲོ་བ་རྣམས་ཀྱིས་སེམས་མེད་མ་རྟོགས་པས། །བཏགས་པའི་སེམས་ཀྱིས་སེམས་ཉིད་རབ་ཏུ་བཅིངས། །ཇི་ལྟར་གདོན་གྱིས་བརླབས་པའི་སྨྱོན་པ་དག །དབང་མེད་དོན་མེད་སྡུག་བསྔལ་བྱེད་པ་ལྟར། །དངོས་འཛིན་རྣམ་རྟོག་གདོན་གྱིས་ཟིན་པ་ཡིས། །ཀྱེ་མ་དོན་མེད་སྡུག་བསྔལ་འབའ་ཞིག་བྱེད། ཁ་ཅིག་བློ་ཡི་དབྱེ་བས་རྨོངས་རྣམས་བཅིངས། །བདག་པོ་ཁྱིམ་དུ་བཞག་ནས་གཞན་དུ་ཚོལ། ཁ་ཅིག་གཟུགས་བརྙན་དག་ལ་དོན་དུ་འཛིན། ཁ་ཅིག་རྩ་བ་བོར་ནས་ལོ་འདབ་འབྲེག །ཇི་ལྟར་བྱས་ཀྱང་བསླུས་པ་མ་ཚོར་རོ། ༈ །ཀྱེ་ཧོ། བྱིས་པ་རྣམས་ཀྱིས་དེ་ཉིད་མ་རིག་ཀྱང་། །དེ་ཉིད་རང་ལ་གཡོ་མེད་ང་ཡིས་རྟོགས། །ང་ཡིས་ཐོག་མཐའ་མེད་པར་ཤེས་གྱུར་པས། །ང་ཡིས་ང་མཐོང་ང་ཉིད་གཅིག་པུར་ལུས། །གཅིག་པོ་ཉིད་ལ་བལྟས་པས་གཅིག་མ་མཐོང་། །མཐོང་བྱ་མཐོང་བྱེད་བྲལ་བས་བརྗོད་དུ་མེད། །བརྗོད་དུ་མེད་པ་སུ་ཡིས་གོ་བར་འགྱུར། །གཉུག་མའི་ཡིད་ལ་གང་ཚེ་བྱང་གྱུར་པ། །དེ་ཚེ་རི་ཁྲོད་ང་ཡིས་རྟོག་པ་འཇུག །སེང་གེའི་འོ་མ་སྣོད་ངན་ཕལ་པར་མིན། །ཇི་ལྟར་ནགས་ན་སེང་གེའི་ང་རོ་ཡིས། །རི་དྭགས་ཕྲ་མོ་ཐམས་ཅད་སྐྲག་གྱུར་ཀྱང་། །སེང་ཕྲུག་རྣམས་ནི་དགའ་བས་རྒྱུག་པ་ལྟར། །གདོད་ནས་མ་སྐྱེས་བདེ་ཆེན་འདི་བསྟན་པས། །རྨོངས་པ་ལོག་རྟོག་ཅན་རྣམས་སྐྲག་འགྱུར་ཀྱང་། །སྐལ་ལྡན་རབ་ཏུ་དགའ་བས་སྤུ་ཟིང་བྱེད། ༈ །ཀྱེ་ཧོ། །མ་ཡེངས་སེམས་ཀྱིས་རང་གིས་རང་ལ་ལྟོས། །རང་གི་དེ་ཉིད་རང་གིས་རྟོགས་གྱུར་ན། །ཡེངས་པའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར། །
༣༠མཚན་མ་རང་གྲོལ་བདེ་བ་ཆེན་པོའ་ངང་། །རྨི་ལམ་དག་གི་བདེ་དང་སྡུག་བསྔལ་ཀུན། །སད་པའི་དུས་ན་རང་བཞིན་མེད་པའི་ཕྱིར། །རེ་དང་དོགས་པའི་བསམ་པ་ཀུན་སྤངས་ནས། །དགག་དང་སྒྲུབ་པའི་བསམ་པ་སུ་ཞིག་བྱེད། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །ང་ཉིད་མཐོང་བས་རང་བཞིན་མེད་པའི་ཕྱིར། །རེ་དང་དོག་པའི་བློ་ནི་ཟད་གྱུར་པས། །སྤང་དང་བླང་བའི་འབད་རྩོལ་ཅི་བྱར་ཡོད། །སྣང་གྲགས་ཐམས་ཅད་སྒྱུ་མ་སྨིག་རྒྱུ་དང་། །གཟུགས་བརྙན་དང་མཚུངས་དངོས་པོའ་མཚན་མ་མེད། །སྒྱུ་མར་སྣང་མཁན་སེམས་ཉིད་ནམ་མཁའ་སྟེ། །མཐའ་བྲལ་དབུས་མེད་སུས་ཀྱང་ཤེས་མི་འགྱུར། །གངྒཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚྭ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། །བརྟགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་དག །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་བྱོས། །གང་ཞིག་ནམ་མཁའི་ཁམས་ཀུན་ཡོངས་བཙལ་ཡང་། །མཐའ་དང་དབུས་མེད་མཐོང་བ་ཡོངས་སུ་འགགས། །དེ་བཞིན་སེམས་དང་ཆོས་ཉིད་ཡོངས་བཙལ་བས། །སྙིང་པོ་རྡུལ་ཙམ་ཡོད་པར་མ་གྱུར་ཏེ། །ཡོངས་སུ་ཚོལ་བའི་སེམས་ཀྱང་མི་དམིགས་པ། །ཅི་ཡང་མ་མཐོང་བ་དེ་དེ་མཐོང་ཡིན། །ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་ནི། །ཕྱོགས་རྣམས་བསྐོར་ཞིང་སླར་ཡང་དེ་རུ་འབབ། །འདོད་པའི་སེམས་ཀྱིས་བསྟན་པའི་རྗེས་སྤྱོད་ཀྱང་། །དང་པོའ་སེམས་ཉིད་གཉུག་མ་ཉིད་དུ་འབབ། །རྐྱེན་གྱིས་མི་འགུལ་རེ་བའི་ཡིད་ཆད་པ། །དོགས་པའི་ལྐུགས་པ་གཞིག་པ་རྡོ་རྗེ་སེམས། །རྩ་བ་ཆོད་པའི་སེམས་ཉིད་ནམ་མཁའ་འདྲ། ༈ །ཀྱེ་ཧོ། །བསྒོམ་དུ་མེད་པས་ཡིད་ལ་མི་བྱ་སྟེ། །ཐ་མལ་ཤེས་པ་རང་ལུགས་གཉུག་མ་ལ། །བཅོས་པའི་དམིགས་པ་དག་གིས་མི་བསླད་དོ། །རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས། །མ་གཟུང་མ་གཏང་རང་ག་ཉིད་དུ་ཞོགས། །གལ་ཏེ་མ་རྟོགས་
༣༡བློ་ལ་བསྒོམ་རྒྱུ་མེད། །རྟོགས་པ་ཅན་ལ་བསྒོམ་བྱ་སྒོམ་བྱེད་མེད། །ཇི་ལྟར་ནམ་མཁས་ནམ་མཁའ་དམིགས་སུ་མེད། །དེ་ལྟར་སྟོང་པས་སྟོང་པ་བསྒོམ་དུ་མེད། །གཉིས་མེད་ཤེས་པ་ཆུ་དང་འོ་མ་ལྟར། །སྣ་ཚོགས་རོ་གཅིག་བདེ་ཆེན་རྒྱུན་ཆད་མེད། །འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཡིད་བྱེར་མེད་།།།་སིང་མ་བྲལ་།།།་གཉུག་མའི་ངང་། །དེ་ཉིད་སྐྱོང་ལ་སྒོམ་ཞེས་ཐ་སྙད་བཏགས། །རླུང་ནི་མ་བཟུང་ཡིད་ནི་མ་བཅིངས་པས། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག །དྲན་རྟོག་བྱུང་ན་དེ་ཉིད་རང་ལ་ལྟོས། །ཆུ་དང་རླབས་གཉིས་ཐ་དད་མ་རྟོག་ཅིག །ཡིད་ལ་མི་ཕྱེད་ཕྱག་རྒྱ་ཆེན་པོ་ལ། །བསྒོམ་རྒྱུ་རྡུལ་ཙམ་མེད་པས་མི་བསྒོམ་སྟེ། །སྒོམ་མེད་དོན་ལ་འབྲལ་མེད་སྒོམ་པའི་མཆོག །གཉིས་མེད་ལྷན་སྐྱེས་བདེ་བ་ཆེན་པོའ་རོ། །ཇི་ལྟར་ཆུ་ལ་ཆུ་བཞག་རོ་གཅིག་ལྟར། །ཇི་བཞིན་ངང་དུ་དེ་བཞིན་གནས་པའི་ཚེ། །དམིགས་འཛིན་ཡིད་ནི་རབ་ཏུ་ཞི་བར་འགྱུར། ༈ །ཀྱེ་ཧོ། །གཉིས་མེད་གཉུག་མའི་རང་བཞིན་གང་དེ་ལ། །སྤང་དང་བླང་བའི་དངོས་པོ་ཅི་ཞིག་ཡོད། །ངས་ནི་ཆོས་ཀུན་མ་བཟུང་མ་བཏང་བས། །བུ་ཁྱོད་འདི་གྱིས་བྱ་བ་མི་སྨྲའོ། །ཇི་ལྟར་ནོར་བུ་དེ་དངོས་མེད་པ་ལྟར། །རྣལ་འབྱོར་ཤེས་པ་དེ་ནི་ངེས་མེད་ལྟར། །འདུ་བྱེད་སྣ་ཚོགས་ཅལ་ཅོལ་གང་སྨྲས་ཀྱང་། །རྣལ་འབྱོར་བློ་ནི་གཅིག་ལས་མི་དགའ་འོ། །གཅིག་ཉིད་ན་ནི་གཅིག་ཉིད་ཡོད་མིན་པས། །རྣམ་པ་སྣ་ཚོགས་རྩ་བ་བྲལ་གྱུར་ཏེ། །སྨྱོན་པ་བཞིན་དུ་རྩིས་མེད་ཡན་པ་ལ། །བྱར་མེད་སྤྱོད་པ་བུ་ཆུང་བཞིན་དུ་གནས། །སྲིད་པའི་འདམ་སྐྱེས་པདྨ་བུང་བའི་སེམས། །ཉེས་པ་གང་ལ་གང་གིས་གོས་པ་མེད། །ཟ་ཞིང་འཐུང་ལ་གཉིས་སྤྲོད་བདེ་བ་དང་། །གལ་ཏེ་ལུས་སེམས་རབ་ཏུ་གདུང་འགྱུར་དང་། །རྣམ་པ་སྣ་ཚོགས་གང་ལ་སྤྱོད་གྱུར་པ། །གང་གིས་མ་བཅིངས་མ་གྲོལ་གོས་པ་མེད། །རྟོགས་པའི་
༣༢ངང་སྤྱོད་རྩིས་མེད་ངང་དེ་ནས། །རྨོངས་པའི་འགྲོ་བ་ཉིད་དག་མངོན་གྱུར་ཚེ། །མི་བཟོད་སྙིང་རྗེའི་ཤུགས་ཀྱིས་མཆི་མ་འབྱུང་། །བདག་གཞན་འདོག་ནས་ཕན་པ་ཉིད་ལ་འཇུག །དོན་ལ་བརྟགས་ན་དམིགས་པ་གསུམ་བྲལ་བས། །ཡང་དག་མ་ཡིན་རྨི་ལམ་སྒྱུ་མ་འདྲ། །ཆགས་ཐོགས་བྲལ་བས་དགའ་ཞིང་སྐྱོན་མེད་པས། །སྒྱུ་མ་མཁས་པས་སྒྱུ་མའི་དོན་བྱེད་མཚུངས། ༈ །ཀྱེ་ཧོ། །གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །སྤང་དང་ཐོབ་པའི་དངོས་པོ་གང་ཡང་མེད། །ཡིད་ལ་བྱར་མེད་ཕྱག་རྒྱ་ཆེན་པོ་ནི། །འབྲས་བུ་གང་དུའང་རེ་བར་མ་བྱེད་ཅིག །རེ་བའི་སེམས་ནི་གདོད་ནས་མ་སྐྱེས་པས། །སྤང་དང་ཐོབ་པའི་དངོས་པོ་ཅི་ཞིག་ཡོད། །གལ་ཏེ་གང་གིས་ཐོབ་པའི་དངོས་ཡོད་ན། །དྲན་པའི་ཕྱག་རྒྱ་རྣམ་བཞིས་ཅི་ཞིག་བྱེད། །ཇི་ལྟར་རི་དྭགས་སྐོམ་པས་གདུངས་པ་ཡིས། །སྨིག་རྒྱུའི་ཆུ་ལ་རབ་ཏུ་རྒྱུག་པ་ལྟར། །རྨོངས་པ་གང་ཞིག་འདོད་པས་རབ་གདུངས་བ། །ཇི་ལྟར་འབད་ཀྱང་སླར་ནི་རིང་བར་འགྱུར། །ཡེ་ནས་མ་སྐྱེས་རང་བཞིན་རྣམ་དག་པས། །དེ་ལས་ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །བརྟགས་པའི་ཡིད་ནི་དབྱིངས་སུ་དག་གྱུར་པས། །དེ་ལ་རྡོ་རྗེ་འཆང་ཞེས་བཏགས་པ་ཙམ། །ཇི་ལྟར་བྱེ་ཐང་སྐམ་པོའ་སྨིག་རྒྱུ་ནི། །ཆུར་སྣང་ཆུ་ནི་གཉིས་སུ་མེད་པ་ལྟར། །བཟོད་ནས་དག་པ་བཏགས་པའི་ཡིད་སྤངས་པ། །དེ་ལ་རྟག་ཆད་གཉིས་སུ་བརྗོད་དུ་མེད། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་བཞིན་དུ། །སྨོན་ལམ་དབང་གིས་རེ་བ་ཡོངས་སྐོང་བ། །དེ་ཡང་འཇིག་རྟེན་ཐ་སྙད་ཀུན་རྫོབ་སྟེ། །དམ་པའི་དོན་ལ་འགའ་ཡང་ཡོད་མ་ཡིན། །དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོ་སྙིང་པོ་དོན་གྱི་མན་ངག །དཔལ་རི་ཁྲོད་དབང་ཕྱུག་ཤ་བ་རིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་བཻ་རོ་ཙ་ནས་རང་འགྱུར་དུ་མཛད་པའོ། །རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཤ་བ་རིའི་ཕྱག་རྒྱ་ཆེན་པོ་སྙིང་པོ་དོན་གྱི་མན་ངག་འདི་ཉིད་རས་ཆུང་སྙན་
༣༣བརྒྱུད་འཛིན་པའི་དམ་པ་གོང་མ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་ཤིང་འགྲེལ་པ་དང་བསྡུས་དོན་ལ་སོགས་པའང་ཅི་རིགས་པ་མཛད་སྣང་ངོ་།

༄། །བྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་པ་སྙིང་པོར་བསྡུས་པ་བྱང་ཆུབ་ལམ་གྱི་སྣང་བ་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ་། ༎

༡༥བྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་པ་སྙིང་པོར་བསྡུས་པ་བྱང་ཆུབ་ལམ་གྱི་སྣང་བ་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ། །།
༡༦བྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་པ་སྙིང་པོར་བསྡུས་པ་བྱང་ཆུབ་ལམ་གྱི་སྣང་བ་རབ་ཏུ་གསལ་བ་ཞེས་བྱ་བ། །བླ་མ་ཤཱཀྱའི་རྒྱལ་པོའ་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །བསོད་ནམས་བརྒྱ་ལྡན་མཚན་གྱི་མེ་ཏོག་དཔེ་བྱད་མཛེས་པའི་ཟེའུ་འབྲུ་ཆགས། །ཡན་ལག་དྲུག་ཅུའི་དབྱངས་ཀྱི་རྔ་སྒྲས་རིགས་གསུམ་གདུལ་བྱར་ཐར་ལམ་སྟོན། །ཡེ་ཤེས་ནམ་མཁའི་མེ་ལོང་ངོས་སུ་ཤེས་བྱའི་གཟུགས་བརྙན་མ་འདྲེས་གསལ། །བདག་ཅག་སྟོན་མཆོག་བཀའ་དྲིན་མཉམ་མེད་སྙིང་ནས་དྲན་ནོ་ཐུགས་རྗེས་སྐྱོངས། །སེམས་མཆོག་བསྐྱེད་ནས་རྒྱུན་གྱི་མཐའ་བར་ལམ་ཞུགས་ས་ལ་གནས་རྣམས་དང་། །དེ་དག་གང་ལས་འབྱུང་བའི་གནས་གྱུར་སེམས་ཀྱི་དམ་པ་རིན་ཆེན་ཏེ། །དེ་ཉིད་སྟོན་བྱེད་དགེ་བ་གསུམ་ལྡན་ལེགས་གསུང་ཉི་ཟླའི་དཀྱིལ་འཁོར་ལ། །དད་ཅིང་མོས་པའི་ཡིད་ཀྱི་འདབ་བརྒྱ་ཡང་སྲིད་ཀུན་ཏུ་གྲོལ་གྱུར་ཅིག །མཐའ་ཡས་སྒྱུ་འཕྲུལ་ཁ་བ་ཅན་ལྗོངས་སུ། །ཐར་ལམ་མ་ནོར་སྟོན་མཛད་རྒྱལ་བའི་སྲས། །ས་གསུམ་གྲགས་པའི་རྒྱལ་མཚན་མངོན་མཐོ་བ། །མགོན་པོ་ཨ་ཏི་ཤ་ལ་ཕྱག་བགྱིའོ། །གང་དེའི་བརྒྱུད་འཛིན་བཀའ་རྣམས་གདམས་ངག་ཏུ། །སྟོན་པའི་རང་ལུགས་གསར་རྙིང་མུ་ཏིག་ཕྲེང་། །རྣམ་ཐར་གསེར་གྱི་སྐུད་པར་བརྒྱུས་དེ་རྣམས། །ཡིད་ཆེས་དད་པས་གཙུག་གི་རྒྱན་ཏུ་བཅིངས། །ཐོས་པ་ཙམ་གྱིས་སྲིད་ལས་ངེས་པར་འབྱིན། །ཉམས་སུ་བླངས་པས་གཏན་
༡༧གྱི་འདུན་མ་འགྲུབ། །དྲི་མེད་་མཚུངས་རྣམ་དག་གཞུང་། །གངས་ཅན་སྐྱེ་དགུའི་སྤྱི་ནོར་འདི་ཀོ་རྨང་། །ཡོངས་གྲགས་ཉི་ཟླ་ལྟ་བུའི་བཀའ་སྲོལ་ཉིད། །དམ་པ་དུ་མས་ཤིན་ཏུ་གསལ་མཛད་མོད། །རང་མཉམ་བློ་གྲོས་བུམ་ཆུང་འགེངས་སླ་བའི། །ཚིག་འགྲེལ་བདུད་རྩིའི་ཉིང་ཁུ་ཅུང་ཟད་སྤེལ། །འདིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ་རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། །སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ། བྱང་ཆུབ་ལམ་གྱི་སྒྲོན་མ་འཆད་པ་ལ་གཉིས། །བཤད་བྱའི་ཡན་ལག་དང་། གདམས་པ་དངོས་ཀྱི་དོན་ནོ། །དང་པོ་ནི། བི་ཀྲ་མ་ལ་ཤཱི་ལའི་མཁས་པ་རྣམས་ཀྱིས། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའ་ཆེ་བ་བསྟན་པ། །གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ། ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་དང་གསུམ་སྔོན་དུ་གལ་ཆེ་བར་བཞེད་པ་ལྟར་འདིར་ཡང་ཅུང་ཟད་བཤད་ན། དང་བོ་གཞུང་འདི་མཛད་པ་པོ་ནི། བསྐལ་པ་བཟང་བོའ་བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་ཟ་ཧོར་གྱི་ཡུལ་དུ་རྒྱལ་རིགས་ཆེན་པོར་སྐུ་འཁྲུངས་ཤིང་། སྡེ་སྣོད་གསུམ་མང་དུ་མཁྱེན་པ་ལུང་གི་ཡོན་ཏན་དང་། དེ་ཚུལ་བཞིན་དུ་བསྒྲུབས་པས་རྟོགས་པའི་ཡོན་ཏན་
༡༨མཐའ་དག་བརྙེས་ནས། རྡོ་རྗེ་གདན་བྱང་ཆུབ་ཆེན་པོའ་ཕོ་བྲང་དུ་མུ་སྟེགས་ཀྱི་སྨྲ་བ་ངན་པ་ལན་གསུམ་དུ་ཆོས་ཀྱིས་ཕམ་པར་མཛད་པ་སོགས་རྒྱ་བོད་གཉིས་སུ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བརྒྱ་ཆེན་པོ་མཛད་ཅིང་། ཁྱད་པར་བོད་དུ་ཕེབས་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་ཞིང་། གཞུང་འདི་ཉིད་མཛད་པ་ལ་སོགས་པའི་སྒོ་ནས་རྒྱལ་བའི་བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་གསལ་བར་མཛད་པས་ཀུན་ཀྱང་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་མ་ནོར་བ་ལ་དངོས་དང་བརྒྱུད་པའི་སྒོ་ནས་འཁྲིད་པར་མཛད་པའི་པཎྜི་ཏ་ཆེན་པོ་ཛ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་བྱ་བ་སྟེ། ནག་ཚོ་ལོ་ཙཱ་བའི་བསྡོད་པ་བརྒྱད་ཅུ་པ་ལས། ཇོ་བོ་བོད་དུ་མ་བྱོན་ན། །ཐམས་ཅད་ལོང་བ་བཞིན་དུ་གྱུར། །མཁྱེན་པ་རྒྱས་པ་ཁྱོད་བྱོན་པས། །བོད་དུ་ཡེ་ཤེས་ཉི་མ་ཤར། ཞེས་གསུངས་པ་ལྟར་རོ། །གཉིས་པ་ཆོས་ཀྱི་ཆེ་བ་ནི། ས་གསུམ་གྱི་སྒྲོན་མེ་གཅིག་པུ་ཐུབ་པའི་གསུང་རབ་ཐམས་ཅད་ཀྱི་བཅུད་བསྡུས་པ། ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ། བརྒྱུད་པའི་ཆུ་བོ་གསུམ་འདྲེས་ཀྱི་མན་ངག །མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ཆེན། མདོ་དང་དགོངས་འགྲེལ་མཐའ་དག་གི་ལྡེའུ་མིག །རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་གཤེགས་ཤུལ། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བྱ་མ་ཚང་བ་མེད་པར་སྟོན་པའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་སྟེ། མདོ་སྔགས་གཉིས་ཀའི་གནད་བསྡུས་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང་། སེམས་ཅན་འདུལ་བའི་རིམ་པ་གཙོ་བོར་སྟོན་པས་ལག་ཏུ་བླང་བདེ་བ་དང་། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བའི་ཚུལ་ནི། ཉན་པའི་ཚུལ། བཤད་པའི་ཚུལ། མཇུག་ཏུ་ཐུན་མོང་དུ་ཇི་ལྟར་བྱ་བའི་ཚུལ་
༡༩རྣམས་ཏེ་རྒྱས་པ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་རྣམས་ལས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་གདམས་པ་དངོས་ཀྱི་དོན་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག་གཞུང་གི་དོན་ནོ། །དང་པོ་ནི། རྒྱ་གར་འཕགས་པའི་ཡུལ་ན་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས། ལེགས་སྦྱར་གྱི་སྐད་དུ། །གཞུང་འདིའི་མཚན་ལ་བོདྷི་པ་ཐཱ་པྲ་དཱི་པ་ཞེས་པ། བོད་ཀྱི་སྐད་དུ། །བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བར་བསྒྱུར་ལ། དེ་ཡང་བོདྷི་ནི་བྱང་ཆུབ། པ་ཐཱ་ནི་ལམ། པྲ་དི་པ་ནི་སྒྲོན་མ་ཞེས་བྱ་བའོ། །དེ་ལ་སྤང་རྟོགས་མཐར་ཕྱིན་པའི་བདག་ཉིད་ཅན་གྱི་སངས་རྒྱས་ཀྱི་ཡེ་ཤེས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་བྱང་ཞིང་། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མ་ལུས་པ་ཆུབ་པས་བྱང་ཆུབ་དང་། །དེར་བགྲོད་པའི་ལམ་གྱི་གེགས་མ་རྟོགས་པ་དང་། ལོག་པར་རྟོགས་པ་དང་། ཐེ་ཚོམ་གྱི་མུན་པ་མ་ལུས་པ་བསལ་ནས།། །།ས་བཅུ་ལམ་ལྔའི་རང་བཞིན་གསལ་བར་བྱེད་པའི་བསྟན་བཅོས་ཡིན་པས་སྒྲོན་མ་ཞེས་བྱའོ། །དེ་ལྟར་བསྟན་བཅོས་བསྒྱུར་བའི་ཐོག་མར་རྒྱ་སྐད་སྨོས་པ་ནི། ཆོས་ཁུངས་བཙུན་པར་ཤེས་པ་དང་། ལོ་པཎ་རྒྱལ་བློན་རྣམས་ལ་བྱས་ཤེས་དྲིན་གཟོ་སྐྱེ་བ་དང་། སཾ་སྐྲྀ་ཏའི་སྐད་ལ་བག་ཆགས་བཞག་པ་སོགས་ཀྱི་ཆེད་ཡིན་ནོ། །གཉིས་པ་འགྱུར་ཕྱག་ནི། ལོ་ཙཱ་བས་འགྱུར་མཛད་པའི་སྔ་ལོགས་སུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་བསྟན་བཅོས་འདི་སྤྱིར་རྒྱལ་བའི་བཀའ་མཐའ་དག་གི་དགོངས་འགྲེལ་ཡིན་ཀྱང་གཙོ་བོར་ཐེག་པ་ཆེན་པོའ་མངོན་པར་ཤེས་པ་དང་། འགྱུར་མཐར་ཕྱིན་པ་སོགས་ཀྱི་ཆེད་དུ་བཀོད་པའོ། །གསུམ་པ་གཞུང་གི་དོན་ལ་གསུམ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། གཞུང་དངོས་བཤད་པ། རྒྱུ་གང་ལ་བརྟེན་ནས་བརྩམས་པའོ། །དང་པོ་ནི། བསྟན་བཅོས་རྩོམ་པའི་ཐོག་
༢༠མར་གང་ལ་ཕྱག་བྱ་བའི་ཡུལ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྒྱུ་སྡིག་པའི་ཆོས་བཅོམ་ཞིང་། །སྡིག་འབྲས་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བ་ཐམས་ཅད་བདག་དང་། །དེའི་ཆོས་ཏེ་རྒྱལ་བ་དེ་རྣམས་ཀྱིས་གསུངས་པའི་ཆོས་གསུང་རབ་ལུང་གི་ཚོགས་དང་། དེ་ཉམས་སུ་ལེན་པ་སྒྲུབ་པའི་ཆོས་དང་། དེ་མངོན་དུ་གྱུར་པ་རྟོགས་པའི་ཆོས་རྣམས་དང་། སྐྱབས་གནས་དང་། དགེ་བ་ལ་ཤེས་ནས་དད་པ་ཐོབ་པས། དེ་དག་ལ་འདུན་ཞིང་དབྱེ་བར་མ་ནུས་པས་ན་དགེ་འདུན་ཏེ་ཞུགས་གནས་བརྒྱད་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ས་ལ་གནས་པ་སྟེ། ཡུལ་དེ་རྣམས་ལ་སྐྱབས་གནས་ཀྱི་ཡོན་ཏན་མཐོང་བའི་ཐུགས་ཀྱིས་དྲངས་པའི་ལུས་ངག་གིས་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་ཕྱག་མཛད་པས་བགེགས་དང་བར་ཆད་ཞི་ནས་རྩོམ་པ་མཐར་ཕྱིན་པ་དང་། ཡ་རབས་དམ་པའི་སྤྱོད་པ་དང་མཐུན་པ་དང་། འོ་སྐོལ་རྗེས་འཇུག་རྣམས་ལ་ལག་ལེན་དུ་བསླབ་པའི་ཆེད་ཡིན་ནོ། །དེ་ལྟར་ཕྱག་བྱས་ཏེ་ཅི་བྱ་ཞེ་ན། བྱ་བ་ཁྱད་པར་ཅན་བྱེད་པ་ཡིན་ཏེ། དེ་ཡང་བོད་ཐམས་ཅད་ཀྱི་བསྟན་པའི་བདག་པོར་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་རིགས་སུ་འཁྲུངས་ཤིང་། རྟེན་དགེ་སློང་། དཀོན་མཆོག་ལ་མི་ཕྱེད་པའི་དད་པ་ཅན། མདོ་རྒྱུད་ལ་ཤེས་རབ་ཀྱི་སྤྱན་ཡངས་པ། ཇོ་བོ་དཀའ་བ་དུ་མས་སྤྱན་དྲངས་ཏེ། ཐུགས་ལ་བབ་པའི་དངོས་པོ་མཐའ་དག་གིས་མཉེས་པར་མཛད་པའི་རང་གི་སློབ་མ་ལྷག་པའི་ཐུགས་བསྐྱེད་བཟང་པོ་དང་ལྡན་པ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བོད་དུ་བསྟན་པ་ལ་འདྲ་མི་འདྲའི་བབ་ཅོལ་མང་པོ་བྱུང་བས་ད་ལྟ་བསྟན་པ་སྤྱི་ལ་ཅི་ཕན་ཅིག་དགོས་ཚུལ་སོགས་སྙན་དུ་གསོལ་ནས། ཐེག་པ་ཆེན་པོ་མ་ལུས་པའི་དོན་ཚིག་ཉུང་ལ་དོན་འདུས་པ་བླ་མ་ཉིད་ཀྱིས་ཇི་ལྟར་ཐུགས་ཉམས་སུ་བཞེས་པའི་བསྟན་བཅོས་ཞིག་མཛད་པར་ཞུ་ཞེས་བསྐུལ་བར་གྱུར་པས། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་
༢༡ལམ་གྱི་སྣང་བ་ཀུན་ཏུ་སྟོན་པར་བྱེད་པའི་སྒྲོན་མ་ལྟ་བུའི་བསྟན་བཅོས་རབ་ཏུ་གསལ་བར་བྱའོ། །དེ་ལྟར་བསྟན་པའི་སྒྲོན་མེ་འདི་བཤད་པར་དམ་བཅའ་མཛད་པ་ནི་རྩོམ་པ་མཐར་ཕྱིན་པའི་ཆེད་ཡིན་ནོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ་གཉིས། སྐྱེས་བུ་གསུམ་གྱི་རྣམ་གཞག་མདོར་བསྟན་པ་དང་། དེ་དག་གི་ལམ་གྱི་མཚན་ཉིད་སོ་སོར་བཤད་པའོ། །དང་པོ་ནི། གོང་དུ་བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། ཞེས་བཤད་པའི་བྱང་ཆུབ་ཀྱི་ལམ་དེ་ཇི་ལྟ་བུ་ཞེ་ན། སྤྱིར་སྐྱེས་བུ་ཞེས་པ་སེམས་ཅན་ཡིན་ནོ་ཅོག་ལ་འཇུག་ཀྱང་། །འདིར་སྐྱེས་བུའི་སྐད་དེད་པུ་རུ་ཥ་ཞེས་པ། དོན་བྱེད་པའམ་ནུས་པ་ལ་འཇུག་པས། འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་པའི་ནུས་པ་དང་ལྡན་པས་སྐྱེས་བུ་ཞེས་བྱ་ཞིང་། ཕྱི་མ་ཕན་ཆད་ཀྱི་བླང་དོར་ལ་དཔྱོད་པའི་ཡིད་ཤས་ཆེ་བས་མི་ཞེས་ཀྱང་བྱའི། ཚེ་འདི་པ་ཙམ་དོན་དུ་གཉེར་བ་ལ་འདིར་བསྟན་གྱི་མིའམ་སྐྱེས་བུ་ཞེས་མི་བྱ་སྟེ། བེའུ་བུམ་ལས། ཕྱི་མར་ངན་སོང་འཇིགས་པས་སྡིག་སྤོང་། །འཁོར་བའི་སྐྱོན་དྲན་ཐར་བ་འདོད་པས། །བདེན་བཞིའི་ཚུལ་གྱིས་བསླབ་པ་གསུམ་འཇུག །ཐེག་དམན་འཇིགས་པས་བྱང་ཆུབ་སེམས་སྦྱོང་། །དེ་ལྟ་བུ་ནི་མི་ཡི་སྤྱོད་པ། གཞན་དུ་ན་ནི་ཅི་ཞིག་མ་ཡིན། ཞེས་གསུངས་པ་ལྟར་རོ། །བླ་མེད་བྱང་ཆུབ་ཏུ་བགྲོད་པའི་ལམ་དེ་ལ་ཆུང་ངུ་མངོན་མཐོའ་ལམ་དང་། འབྲིང་ངེས་ལེགས་ཐུན་མོང་བའི་ལམ་དང་། མཆོག་ཏུ་གྱུར་པ་སངས་རྒྱས་ཉིད་ཀྱི་ལམ་གསུམ་ཡོད་པས། སྐྱེས་བུ་གསུམ་གྱི་ལམ་དེ་ཡང་གསུམ་ཉིད་དུ་ཤེས་པར་བྱ་ཞིང་། །དེ་དག་ཀྱང་རང་གི་ངོ་བོ་མཚོན་པར་བྱེད་པའི་མཚན་ཉིད་ཀྱི་སྒོ་ནས་རབ་ཏུ་གསལ་བ་སྟེ་གོ་སླ་བར། །ལམ་གསུམ་སོ་སོའ་ངོ་བོ་དང་ཁྱད་པར་སྟོན་ཚུལ་མི་འདྲ་བའི་སྒོ་ནས་དབྱེ་བ་བྲི་བར་བྱའོ། །འདིར་འཕྲོས་དོན་གྱི་ཚུལ་དུ་ལམ་སྤྱིའི་རྣམ་བཞག་མདོར་བསྡུས་ཙམ་བཤད་ན། །སངས་རྒྱས་ཀྱིས་ཐོག་མར་ཐུགས་བསྐྱེད་པ་དང་། བར་དུ་ཚོགས་བསགས་པ་དང་།
༢༢མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཐམས་ཅད་སེམས་ཅན་ཁོ་ནའི་དོན་དུ་ཡིན་པས། ཆོས་གསུངས་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་ཁོ་ན་སྒྲུབ་པར་བྱེད་ལ། དེ་ལྟར་ན་བསྒྲུབ་བྱ་སེམས་ཅན་གྱི་དོན་ནི་གཉིས་ཏེ། གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་སོ། །དེ་ཡང་དང་པོ་སྒྲུབ་པ་ལས་བརྩམས་ཏེ་ཇི་སྙེད་གསུངས་པ་ཐམས་ཅད་ནི། སྐྱེས་བུ་ཆུང་ང་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་ནི་ཚེ་འདི་ལ་ཆེད་ཆེར་མི་བྱེད་པར་ཚེ་ཕྱི་མའི་མཐོ་རིས་ཀྱི་ཕུན་ཚོགས་དོན་དུ་གཉེར་ཞིང་། །དེའི་རྒྱུ་རྣམས་ལ་འཇུག་པའི་ཕྱིར་རོ། །ངེས་ལེགས་ལ་གཉིས་ཏེ། འཁོར་བ་ལས་གྲོལ་བ་ཙམ་གྱི་ཐར་པ་དང་། ཐམས་ཅད་མཁྱེན་པའོ། །དེ་ལ་ཉན་རང་གི་ཐེག་པ་ལས་བརྩམས་ཏེ་ཇི་སྙེད་གསུངས་པ་ཐམས་ཅད་ནི་སྐྱེས་བུ་འབྲིང་དངོས་སམ་དེ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་འབྲིང་ནི་སྲིད་པ་མཐའ་དག་ལ་སྐྱོ་བ་སྐྱེས་ནས་སྲིད་པ་ལས་གྲོལ་བའི་ཐར་པ་རང་གི་དོན་དུ་ཐོབ་པར་བྱས་ཏེ། དེའི་ཐབས་བསླབ་པ་གསུམ་ལ་འཇུག་པས་སོ། །རྣམ་མཁྱེན་སྒྲུབ་པའི་ཐབས་ནི་གཉིས་ཏེ། ཕར་ཕྱིན་དང་། སྔགས་ཀྱི་ཐེག་ཆེན་ནོ། །དེ་གཉིས་ནི་སྐྱེས་བུ་ཆེན་པོའ་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་ཆེན་པོ་ནི་སྙིང་རྗེ་ཆེན་པོའ་གཞན་དབང་དུ་གྱུར་པས་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཐོབ་བྱར་བྱས་ཏེ། ཕྱིན་དྲུག་དང་རིམ་གཉིས་སོགས་ལ་སློབ་པ་ཡིན་པས་སོ། །དེ་ཡང་རང་གཞུང་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །ཞེས་པ་ལ་སོགས་པ་གསུངས་ཤིང་སྐྱེས་བུ་དེ་རྣམས་ཀྱི་ལམ་གྱི་གོ་རིམ་ལས་ཕར་ཕྱིན་དང་སྔགས་གཉིས་ཀ་འོག་ནས་གསུངས་པའི་ཕྱིར་རོ། །སྐྱེས་བུ་གསུམ་གྱི་ཐ་སྙད་ནི་གཏན་ལ་དབབ་པ་བསྡུ་བ་དང་། མཛོད་འགྲེལ་སོགས་མང་པོར་གསུངས་སོ། །སྐྱེས་བུ་ཆུང་ངུ་ལ་ཚེ་
༢༣འདི་ལྟར་ལེན་པ་དང་། ཕྱི་མ་ལྷུར་ལེན་པ་གཉིས་ཡོད་པ་ལས་འདིར་ནི་ཕྱི་མ་སྟེ། དེ་ཡང་མངོན་མཐོའ་ཐབས་མ་ནོར་བ་ལ་ཞུགས་པ་བཟུང་ངོ་། །དེ་ལྟར་སྐྱེས་བུ་གསུམ་དུ་བཤད་ཀྱང་སྐྱེས་བུ་ཆེན་པོའ་ལམ་དུ་གཞན་གཉིས་ཀྱི་ལམ་ཡང་འདུ་བས། དེ་གཉིས་ཐེག་ཆེན་གྱི་ལམ་གྱི་ཡན་ལག་ཡིན་པར་སློབ་དཔོན་རྟ་དབྱངས་ཀྱིས་གསུངས་སོ། །དེས་ན་འདིར་སྲིད་པའི་བདེ་བ་ཙམ་ཐོབ་བྱར་བྱེད་པ་སྐྱེས་བུ་ཆུང་ངུ་དང་། རང་དོན་དུ་འཁོར་བ་ལས་ཐར་པ་ཙམ་ཐོབ་བྱར་བྱེད་པ་སྐྱེས་བུ་འབྲིང་གི་ལམ་གཉིས་དང་། །ཐུན་མོང་བའི་ལམ་འགའ་ཞིག་སྐྱེས་བུ་ཆེན་པོའ་ལམ་གྱི་སྔོན་འགྲོ་བྱས་ནས། སྐྱེས་བུ་ཆེན་པོའ་ལམ་སྦྱོང་བའི་ཡན་ལག་ཏུ་བྱེད་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་ཐེག་ཆེན་དུ་འཇུག་པའི་སྒོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཉིད་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བརྩོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམ་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར་སེམས་དེ་རྒྱུད་ལ་སྐྱེས་ན་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་ཐོབ་ནས་རྟེན་དེ་ལ་ཐེག་ཆེན་པོར་ཚུད་ལ། དེ་ཉམས་ན་ཐེག་ཆེན་བའི་གསེབ་ནས་ཐོན་པར་འགྱུར་བའི་ཕྱིར་རོ། །དེས་ན་ཐེག་ཆེན་དུ་འཇུག་པར་འདོད་པ་རྣམས་ཀྱིས་ནི་སེམས་དེ་སྒོ་དུ་མ་ནས་འབད་དེ་བསྐྱེད་དགོས་ལ། དེ་བསྐྱེད་པ་ལ་ནི་སྔོན་དུ་སེམས་དེ་བསྐྱེད་པའི་ཕན་ཡོན་བསྒོམས་ནས་ཕན་ཡོན་ལ་སྤྲོ་ཤུགས་འཕེལ་བ་ཅིག་དང་། ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་དགོས་པར་བསླབ་བཏུས་དང་སྤྱོད་འཇུག་ལས་གསུངས་སོ། །དེ་ལྟར་གསུངས་པའི་ཕན་ཡོན་ཡང་བསྡུ་ན་གཉིས། གནས་སྐབས་དང་། མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལ་ཡང་ངན་འགྲོར་མི་ལྟུང་བ་དང་། བདེ་འགྲོར་སྐྱེ་བ་གཉིས་ཏེ། སེམས་དེ་སྐྱེས་ན་ངན་སོང་གི་རྒྱུ་སྔར་བསགས་པ་དག་པ་དང་ཕྱིས་སོགས་རྒྱུན་
༢༤འཆང་ལ། ངེད་འགྲོའི་རྒྱུ་སྔར་བསགས་རྣམས་སེམས་དེས་ཟིན་པས་རྒྱ་ཆེར་འཕེལ་བ་དང་། གསར་དུ་བྱེད་པ་རྣམས་ཀྱང་དེས་ཀུན་ནས་སློང་བས་ཟད་པའི་མཐའ་མེད་དོ། །མཐར་ཐུག་གི་དོན་ཐར་བ་དང་ཐམས་ཅད་མཁྱེན་པ་རྣམས་ཀྱང་སེམས་དེ་ལ་བརྟེན་ནས་བདེ་བླག་ཏུ་འགྲུབ་ལ། །སྔོན་དུ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ལ་ཐོབ་འདོད་བཅོས་མ་མིན་པ་ཞིག་མེད་ན། ཕན་ཡོན་དེ་རྣམས་སེམས་བསྐྱེད་ལས་འབྱུང་བས་སེམས་བསྐྱེད་ལ་འབད་པར་བྱའོ། །ཞེས་སྨྲས་ཀྱང་ཚིག་ཙམ་དུ་ཟད་དོ། །དེ་ལ་སྔོན་དུ་མངོན་མཐོ་དང་ངེས་ལེགས་ཀྱི་ཕན་ཡོན་གཉིས་པོ་དེ་ཐོབ་འདོད་སྐྱེད་པ་ལ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་བསམ་པ་སྐྱོང་དགོས་སོ། །དེ་ལྟར་ཕན་ཡོན་གཉིས་ལ་ཐོབ་འདོད་བསྐྱེད་ནས་ཕན་ཡོན་ཅན་གྱི་སེམས་སྒོམ་པ་ན། སེམས་དེའི་རྩ་བ་བྱམས་པ་དང་སྙིང་རྗེ་བསྐྱེད་དགོས་ལ། དེ་ཡང་རང་བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་མནར་བའི་འཁོར་བར་འཁྱམས་པའི་ཚུལ་བསམས་པ་ན་བ་སྤུ་གཡོ་འགུལ་མེད་པ་ཞིག་ལ། སེམས་ཅན་གཞན་བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་མནར་བ་ལ་མི་འབད་པ་མེད་དོ། །སྤྱོད་འཇུག་ལས། སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། །ཞེས་གསུངས་སོ། །དེའི་ཕྱིར་སྐྱེས་བུ་ཆུང་ངུའི་སྐབས་སུ་རང་ལ་ངན་སོང་གི་སྡུག་བསྔལ་གྱིས་གནོད་པའི་ཚུལ་དང་། འབྲིང་གི་སྐབས་སུ་མཐོ་རིས་ན་ཡང་སྡུག་བསྔལ་ཞིང་བདེ་བ་མེད་པའི་ཚུལ་ལ་བསམས་ནས། དེ་ནས་གཉེན་དུ་གྱུར་བའི་སེམས་ཅན་རྣམས་ལ་ཡང་རང་ཉམས་ལ་དཔག་ནས་བསྒོམས་པས་བྱམས་དང་སྙིང་རྗེ་སྐྱེ་བའི་རྒྱུར་འགྱུར་ཞིང་། དེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས་ཆུང་འབྲིང་དང་ཐུན་མོང་བའི་བསམ་པ་སྦྱོང་བ་ནི། བྱང་ཆུབ་ཀྱི་སེམས་བཅོས་མ་མིན་པ་སྐྱེ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་དེ་གཉིས་ཀྱི་སྐབས་སུ་སྐྱབས་འགྲོ་དང་། ལས་འབྲས་
༢༥སོགས་ཀྱི་སྒོ་ནས་བསག་སྦྱང་གི་སྒོ་དུ་མ་ལ་འབད་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་སྔོན་འགྲོ་རྒྱུད་སྦྱོང་བའི་ཐབས་ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་རྣམས་ཀྱི་རིགས་སུ་འགྱུར་བས། དེ་དག་ཀྱང་སེམས་དེ་སྐྱེ་བའི་སྐབས་སུ་གོ་བར་བྱའོ། །འདིར་ཆུང་འབྲིང་གི་ཆོས་སྐོར་རྣམས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཡན་ལག་ཏུ་འགྲོ་ལུགས་རྣམས་ཤེས་པ་གལ་ཆེ་སྟེ། དེ་ལྟར་མ་ཤེས་ན་སྐྱེས་བུ་ཆེན་པོའ་ལམ་དང་ལམ་སོ་སོ་བ་འབྲེལ་མེད་དུ་འགྱུར་བས་སོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་ཅི་སྐྱེ་བྱ། དེ་ནས་སེམས་དེ་བརྟན་པར་བྱ་བའི་ཕྱིར་དུ་སྐྱབས་འགྲོ་ཐུན་མོང་མ་ཡིན་པ་སྔོན་དུ་བཏང་ནས་སྨོན་པའི་ཆོ་ག་བྱ། སྨོན་པ་ཆོ་གས་བཟུང་ནས་དེའི་བསླབ་པ་རྣམས་ལ་བསླབ། དེ་ནས་སྤྱོད་པ་ཕྱིན་དྲུག་དང་བསྡུ་བཞི་སོགས་ལ་སློབ་པར་འདོད་པའི་བློ་སྦྱོང་ལ། སྙིང་ཐག་པ་ནས་སློབ་འདོད་བྱུང་བ་ན། འཇུག་སྡོམ་རྣམ་དག་ཅིག་བླང་། དེ་ནས་རྩ་ལྟུང་གིས་མ་གོས་པ་ལ་སྲོག་བསྡོས་བྱ། ཟག་པ་ཆུང་འབྲིང་དང་ཉེས་བྱས་རྣམས་ཀྱིས་ཀྱང་མ་གོས་པ་ལ་འབད་ཅིང་། ཅི་སྟེ་གོས་ནའང་ལྟུང་བ་ཕྱིར་བཅོས་ཇི་ལྟར་གསུངས་པའི་སྒོ་ནས་ལེགས་པར་སྦྱང་། དེ་ནས་ཕྱིན་དྲུག་སྤྱི་ལ་བསླབ་ཅིང་། །ཁྱད་པར་དུ་སེམས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་་བཀོལ་དུ་རུང་བར་བྱ་བའི་ཕྱིར་ཞི་གནས་ཀྱི་ངོ་བོ་བསམ་གཏན་ལ་བསླབ་བོ། །གཞུང་འདིར་མངོན་ཤེས་སྐྱེད་པའི་ཕྱིར་དུ་ཞི་གནས་ལ་བསླབ་པར་གསུངས་པ་ནི་མཚོན་ཙམ་སྟེ། ཇོ་བོ་ཉིད་ཀྱིས་སྐབས་གཞན་དུ་ལྷག་མཐོང་སྐྱེད་པའི་ཕྱིར་དུ་ཡང་གསུངས་པས་དེའི་ཕྱིར་དུ་ཞི་གནས་བསྒྲུབ་བོ། །དེ་ནས་བདག་གཉིས་སུ་འཛིན་པའི་འཆིང་བ་གཅོད་པའི་ཕྱིར་དུ་སྟོང་ཉིད་ཀྱི་ལྟ་བས་ཐག་ཆོད་པར་བྱས་ལ་བསྒོམ་ཚུལ་མ་ནོར་བར་བསྐྱངས་ནས་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་བསྒྲུབ་པར་བྱའོ། །དེ་ལྟར་ན་ཞི་ལྷག་སྒྲུབ་པ་མ་གཏོགས་པའི་འཇུག་སྡོམ་གྱི་བསླབ་བྱ་ལ་སློབ་པ་མན་ཆད་ཚུལ་ཁྲིམས་ཀྱི་བསླབ་པ་དང་།
༢༦ཞི་གནས་ནི་སེམས་ཀྱི་བསླབ་པ་དང་། ལྷག་མཐོང་ནི་ཤེས་རབ་ཀྱི་བསླབ་པར་འགྲེལ་བར་གསུངས་སོ། །གཞན་ཡང་ཞི་གནས་མན་ཆད་ཐབས་དང་། བསོད་ནམས་ཀྱི་ཚོགས་དང་། ཀུན་རྫོབ་བདེན་པ་ལ་བརྟེན་པའི་ལམ་དང་། རྒྱ་ཆེ་བའི་ལམ་རིམ་ཡིན་ལ། ཤེས་རབ་ཁྱད་པར་ཅན་གསུམ་སྐྱེད་པ་ནི་ཤེས་རབ་དང་། ཡེ་ཤེས་ཀྱི་ཚོགས་དང་། དོན་དམ་བདེན་པ་དང་། ཟབ་མོའ་ལམ་རིམ་ཡིན་པས། དེ་དག་གི་གོ་རིམ་དང་། གྲངས་ངེས་པ་དང་། ཐབས་ཤེས་ཡ་བྲལ་གྱིས་བྱང་ཆུབ་མི་འགྲུབ་པ་ལ་ངེས་པ་ཆེན་པོ་བསྐྱེད་པར་བྱའོ། །དེ་ལྟར་ལམ་ཐུན་མོང་པས་རྒྱུད་སྦྱངས་ནས་ནི་ངེས་པར་སྔགས་ལ་འཇུག་དགོས་ཏེ། དེ་ལ་ཞུགས་ན་མྱུར་དུ་ཚོགས་གཉིས་རྫོགས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ཙམ་ལས་མི་ལྕོགས་པའམ་རིགས་ནུས་ཆུང་བས་མི་སྤྲོ་ན་ལམ་རིམ་དེ་ཉིད་ཇེ་རྒྱས་སུ་གཏོང་བ་ཙམ་བྱའོ། །སྔགས་ལ་འཇུག་ན་ནི་སྤྱིར་ཐེག་པ་ཐམས་ཅད་དང་། ཁྱད་པར་སྔགས་ནས་གསུངས་པའི་བཤེས་གཉེན་བསྟེན་ཚུལ་ཁྱད་པར་དུ་གྱུར་བ་ཞིག་བྱ། དེ་ནས་རྒྱུད་སྡེ་རྣམ་དག་ནས་འབྱུང་བའི་དབང་གིས་རྒྱུད་སྨིན་པར་བྱས་ནས། དེའི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་སྲོག་བསྡོས་བྱས་ཏེ་བསྲུང་། །ཁྱད་པར་རྩ་ལྟུང་ཕོག་ན་སླར་བླང་དུ་ཡོད་ཀྱང་རྒྱུད་ཆུད་ཟོས་ཏེ་ཡོན་ཏན་སྐྱེ་དཀའ་བས་དེས་མ་གོས་པར་བྱེད། ཡན་ལག་གི་ལྟུང་བ་རྣམས་ཀྱིས་མ་གོས་པར་བྱེད་ཅིང་ནའང་ཇི་མི་སྙམ་པར་མི་འཇོག་པར་བཤགས་བསྡམ་གྱིས་དག་པར་བྱའོ། །དེ་ནས་རྒྱུད་སྡེ་འོག་མ་ལྟར་ན་མཚན་བཅས་དང་གོང་མ་ལྟར་ན་བསྐྱེད་རིམ་གྱི་རྣལ་འབྱོར་གང་རུང་ཅིག་ལ་འཁྲིད། དེ་བརྟེན་ནས་རྒྱུད་སྡེ་འོག་མ་ལྟར་ན་མཚན་མེད་ཀྱི་རྣལ་འབྱོར་དང་། གོང་མ་ལྟར་ན་རྫོགས་རིམ་གྱི་རྣལ་འབྱོར་གང་རུང་ལ་བསླབ་བོ། །དེ་ལྟར་བློ་རིམ་གྱིས་བསྐྱེད་དགོས་པ་ནི། གཟུངས་ཀྱི་དབང་ཕྱུག་རྒྱལ་བོས་ཞུས་པ་ལས། ནོར་བུ་མཁན་མཁས་པས་ནོར་བུ་རིམ་གྱིས་སྦྱང་བའི་དཔེ་དོན་དུ་སྦྱར་ནས་བཀའ་སྩལ་ཏོ། །མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། དང་བོར་མངོན་པར་མཐོ་
༢༧བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པའོ། །ཞེས་མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་རིམ་ཅན་དུ་འཁྲིད་བར་གསུངས་པ་དང་། འཕགས་པ་ལྷས་ཀྱང་། སེམས་ཅན་དང་པོའ་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་སོ། །གཉིས་པ་དེ་དག་གི་ལམ་གྱི་མཚན་ཉིད་སོ་སོར་བཤད་པ་ལ་གསུམ། སྐྱེས་བུ་ཆུང་ངུའི་མཚན་ཉིད། འབྲིང་གི་མཚན་ཉིད། ཆེན་པོའ་མཚན་ཉིད་བསྟན་པའོ། །དང་པོ་ནི། ཚེ་འདི་ལ་མ་ཆགས་པར་གཙོ་བོར་ཕྱིམ་ཕན་ཆད་ཀྱི་དོན་སྒྲུབ་ནུས་ཀྱི་སྐྱེས་བུ་གང་ཞིག །ཐབས་ནི་ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་སྔོན་དུ་སོང་བའི་སྒོ་ནས། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་། །ཟག་བཅས་ཀྱི་བསམ་གཏན་དང་། གཟུགས་མེད་ཀྱི་སྙོམས་འཇུག་སོགས་ལྷའི་ཐེག་པ་དང་། ཚངས་པའི་ཐེག་པ་ཞེས་བཤད་པ་གང་དག་གིས། །འཁོར་ལོས་སྒྱུར་བའི་མཐར་ཐུག་པའི་མིའི་བདེ་བ་དང་། བརྒྱ་བྱིན་ནས་གཟུགས་མེད་པའི་བར་གྱི་འཁོར་བའི་བདེ་བ་ཙམ་དག་ལ། ཆེད་དུ་བྱ་བ་གང་ཟག་རང་ཉིད་ཀྱིས་ཐོབ་པའི་དོན་དུ་གཉེར་བར་བྱེད་པ་གང་ཡིན་པའི་སྐྱེས་བུ་དེ་ནི། སྲིད་པ་དོན་དུ་གཉེར་ཞིང་གཞན་དོན་ལ་རྒྱབ་ཀྱིས་ཕྱོགས་པས། འབྲིང་དང་ཆེན་པོ་ལས་དམན་པའི་ཕྱིར། །འདིར་བསྟན་གྱི་སྐྱེས་བུ་ཐ་མར་ཤེས་པར་བྱའོ། །སྤྱིར་ནི་སྐྱེས་བུ་ཆུང་ངུ་ལ་ཚེ་འདི་དོན་དུ་གཉེར་བ་ཙམ་ཡང་ཡོད་ཀྱང་། འདི་ནི་མངོན་མཐོའ་ཐབས་མ་ནོར་བ་ལ་ཞུགས་དགོས་པས། འདིར་བསྟན་གྱི་སྐྱེས་བུ་ཆུང་ངུ་ལ་གཅིག་ཉིད་ལས་དབྱེ་བ་གཞན་མི་བྱེད་དོ། །སྐྱེས་བུ་གསུམ་གྱི་ལམ་མཐའ་དག་གི་རྩ་བ་བཤེས་གཉེན་བསྟེན་ཚུལ་ཡིན་ཏེ། དེས་མཉེས་པར་བྱས་ན་དལ་འབྱོར་ལ་སྙིང་པོ་ལེན་འདོད་སྐྱེ་ཞིང་། དལ་བའི་རྟེན་ལ་སྙིང་པོ་ལེན་འདོད་དམ་ཆོས་སྒྲུབ་འདོད་ཀྱི་བློ་མ་སྐྱེས་བར་སྐྱེས་བུ་གསུམ་གྱི་
༢༨ལམ་གང་ཡང་ཉམས་སུ་ལེན་པ་མི་འོང་བས། བཤེས་གཉེན་བསྟེན་པ་དང་། དལ་འབྱོར་གྱི་ཆོས་སྐོར་གཉིས་གསུམ་ཀའི་སྔོན་འགྲོ་ཡིན་པས། ཁྲིད་ཉམས་སུ་ལེན་པ་ན་བཤེས་གཉེན་བསྟེན་ཚུལ་སོགས་གོ་རིམ་ངེས་ཅན་དུ་བྱའོ། །དེ་ཡང་སྐྱེས་བུ་ཆུང་དུའི་བསམ་པ་སྐྱེ་བ་ལ། མི་རྟག་པ་དང་། ངན་སོང་གསུམ་གྱི་ཉེས་དམིགས་བསམ་པ་དང་། སྦྱོར་བ་སྒྲུབ་པ་ལ། །སྐྱབས་འགྲོ་དང་། ལས་འབྲས་བསམ་ནས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་བསླབ་དགོས་པས། འདིར་བསྟན་གྱི་སྐྱེས་བུ་ཆུང་ངུའི་ལམ་གྱི་དངོས་གཞི་ལ་དམིགས་སྐོར་བཞི་ཡོད་དོ། །གཉིས་པ་སྐྱེས་བུ་འབྲིང་གི་མཚན་ཉིད་ནི། མནར་མེད་ནས་སྲིད་རྩེའི་བར་གྱི་འཁོར་བ་མཐའ་དག་གི་སྡུག་བསྔལ་རྒྱུ་མཚན་དུ་མའི་སྒོ་ནས་བསམས་པས་འཁོར་ལོས་སྒྱུར་རྒྱལ་སོགས་ཀྱི་བདེ་བ་ལའང་རྨི་ལམ་དུ་ཡང་འདོད་པ་མེད་པས། སྲིད་པའི་བདེ་བ་མཐའ་དག་ལ་རྒྱབ་ཀྱིས་ཕྱོགས་ཤིང་ཞེན་པ་ལོག་པ་བསམ་པའི་ཁྱད་པར། །བསམ་པ་དེས་ཀུན་ནས་བསླངས་ཏེ། སྒོ་གསུམ་སྡིག་པ་མི་དགེ་བའི་ལས་ལས་ལྡོག་པའི་བདག་ཉིད་ཅན་གྱི་སོ་ཐར་རིས་བདུན་གང་རུང་གི་བརྟུལ་ཞུགས་ལ་ཡང་དག་པར་གནས་པ་སྦྱོར་བའི་ཁྱད་པར། བསམ་སྦྱོར་དེ་གཉིས་དང་ལྡན་པའི་རྟེན་གྱི་གང་ཟག་གང་ཞིག །རང་ཉིད་སྡུག་ཀུན་ཉེ་བར་ཞི་བའི་མྱང་འདས་ཙམ་དོན་དུ་གཉེར་བ་འབྲས་བུའི་ཁྱད་པར་སྟེ། ཁྱད་པར་དེ་གསུམ་དང་ལྡན་པ་ནི་དམ་ཆོས་མ་ནོར་བར་གྲུབ་པའི་ལམ་ལ་ཞུགས་པས། འདིར་བསྟན་གྱི་སྐྱེས་བུ་ཡིན་ཞིང་། སྲིད་པ་མཐའ་དག་ལས་ཡིད་འབྱུང་བས་ཆུང་དུ་ལས་ཁྱད་པར་འཕགས་པ་དང་། འགྲོ་བའི་དོན་གྱི་ཁུར་འཁུར་བའི་ལྷག་བསམ་དང་མི་ལྡན་པས་ཆེན་པོ་ལས་དམན་པའི་ཕྱིར། དེ་ལ་ནི་འབྲིང་ཞེས་བརྗོད་པར་བྱ་བ་ཡིན་ནོ། །འདིར་དངོས་སུ་བསྟན་པའི་སྐྱེ་བུ་འབྲིང་ལ་དབྱེ་ན། ཐེག་པའི་སྒོ་ནས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་གཉིས། བསྒོམ་བྱའི་སྒོ་ནས་འཕགས་པའི་བདེན་པ་བཞི་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལྡོག་ཏུ་བསྒོམ་པ་གཉིས། ནང་ཚན་གྱི་སྒོ་ནས་།
༢༩རང་དོན་དུ་ཐར་བ་དོན་གཉེར་གྱི་བློས། དགེ་བཅུའི་ཚུལ་ཁྲིམས་ལ་སློབ་པ་ནི་སྐྱེས་བུ་འབྲིང་གི་ཆུང་ངུ་། བསམ་པ་དེ་ལྡན་གྱིས་འཕགས་པའི་བདེན་པ་བཞི་བསྒོམ་པ་འབྲིང་གི་འབྲིང་། བསམ་པ་དེ་དང་ལྡན་པ་གང་ཞིག །གཉིས་སྟོང་གི་བདག་མེད་བསྒོམ་པ་འབྲིང་གི་ཆེན་པོ་ཡིན་ནོ། །དེ་ལྟར་ན་འཕགས་མཆོག་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བའི་རྗེས་སུ་འབྲང་བས་ནི། བསྒོམ་བྱ་བདག་མེད་གསུམ་གྱི་སྒོ་ནས་ཀྱང་གསུམ་དུ་དབྱེར་ཡོད་དེ། གང་ཟག་རྫས་ཡོད་ཀྱིས་སྟོང་བ་ཙམ་གྱིས་བདག་མེད་དང་། རྡུལ་ཕྲན་ཆ་མེད་བསགས་པའི་ཕྱི་རོལ་དོན་གྱིས་སྟོང་བ་གཟུང་བ་ཆོས་ཀྱི་བདག་མེད་དང་། གང་ཟག་དང་ཆོས་རྟོག་པས་བཏགས་པ་ཙམ་ལས། རང་བཞིན་གྱིས་གྲུབ་པས་སྟོང་པའི་བདག་མེད་ཕྲ་མོ་རྟོགས་ཤིང་བསྒོམ་པའི་ཐེག་དམན་གྱི་གང་ཟག་གསུམ་བཞག་དགོས་པའི་ཕྱིར་རོ། །སྐྱེས་བུ་འབྲིང་གི་ལམ་གྱི་དངོས་གཞི་ནི། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། ཞེས་པས་སྡུག་བདེན་དང་སྡིག་པའི་ལས་ལས། ཞེས་པས་ཀུན་འབྱུང་དང་། རང་ཞི་ཙམ་དོན་གཉེར། ཞེས་པས་འགོག་བདེན་དང་། ལྡོག་བདག་ཉིད། ཅེས་པས་ལམ་བདེན་བསྟན། ཞེས་ཤ་ར་བས་གསུངས་པ་ལྟར། འཕགས་པའི་བདེན་པ་བཞིའི་ལམ་ནི། ཐར་འདོད་རྣམས་ཀྱིས་བསྒོམ་བྱའི་གཙོ་བོ་དང་། སྐྱེས་བུ་འབྲིང་གི་ལམ་གྱི་གཞུང་ཤིང་ཡིན་ཏེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱང་དེ་ཉིད་དུ་འདུས་པའི་ཕྱིར། །དེ་ཡང་ཐར་པ་དོན་གཉེར་གྱིས་གཏན་ལ་དབབ་བྱ་ཀུན་བྱང་གཉིས་སུ་ངེས་ཏེ། དང་པོ་ལ་རྒྱུ་འཆིང་བྱེད་ཀུན་འབྱུང་དང་། འབྲས་བུ་བཅིངས་པ་སྡུག་བདེན་གཉིས་སུ་ངེས་ཤིང་། ཕྱི་མ་ལ་ཐོབ་བྱ་འགོག་བདེན་དང་། འཐོབ་བྱེད་ལམ་བདེན་གཉིས་སུ་ངེས་པའི་ཕྱིར། གོ་རིམ་ཡང་སྡུག་བདེན་ཐོག་མར་གསུངས་པ་ལྟར། ཐར་འདོད་རྣམས་ཀྱིས་དང་པོར་འཁོར་བ་སྤྱི་དང་། སོ་སོའ་ཉེས་དམིགས་ལེགས་པར་བསམ་ཏེ། ཐར་འདོད་ཀྱི་བློ་བཅོས་མིན་བསྐྱེད། འཁོར་བའི་སྡུག་བསྔལ་བསམ་པས་ཡིད་སྐྱོ་བ་ན། འཁོར་
༣༠བ་འདི་ཅིའི་རྒྱུ་ཅན་ཡིན་སྙམ་དུ་བསམས་པས་ཉོན་མོངས་པ་དང་། ཟག་བཅས་ཀྱི་ལས་ལས་འཁོར་བ་འགྲུབ་པར་མཐོང་ནས། ཀུན་འབྱུང་སྤོང་འདོད་སྐྱེ་བས། དེའི་འོག་ཏུ་ཀུན་འབྱུང་འཁོར་བའི་འཇུག་རིམ་སྒོམ། ཀུན་འབྱུང་གི་གཙོ་བོ་མ་རིག་པ་ནི། ཡུལ་གྱི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ཡིན་པས། དེ་སྤོང་ནུས་སུ་ཤེས་པ་ན། འགོག་པ་མངོན་དུ་བྱ་ནུས་སུ་མཐོང་བས། དེའི་འོག་ཏུ་འོག་ས་བསྟན་པ་ཡིན་ལ། དེ་ཡང་ལམ་ལ་རག་ལས་པར་མཐོང་བས། དེ་ནས་ལམ་བདེན་བསྟན་པ་ཡིན་ཏེ། །རྗེ་བཙུན་བྱམས་པས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་ཡི་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། ཞེས་གསུངས་པས་སོ། །གསུམ་པ་སྐྱེས་བུ་ཆེན་པོའ་མཚན་ཉིད་བསྟན་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བློ་ལེགས་པར་སྦྱངས་ཤིང་འབྱུང་བའི་གང་ཟག་གིས་རང་གི་རྒྱུད་དུ་གཏོགས་པའི་འཁོར་བའི་སྡུག་བསྔལ་གྱིས་ཐོག་མཐར་བར་གསུམ་དུ་གདུངས་པར་མཐོང་བ་ན། དེ་དང་མཐུན་པར་སྲིད་མཚོར་འཁྱམས་པ་གང་ཞིག །མར་གྱུར་སེམས་ཅན་གཞན་ཀུན་གྱི་སྡུག་བསྔལ་ལ་བསམ་སྟེ། དེ་དག་ཐམས་ཅད་ཀྱང་རང་དང་འདྲ་བར་སྡུག་བསྔལ་ཐམས་ཅད་ཀྱི་མེ་འབར་བས་བསྲེགས་པ་ལ་མི་བཟོད་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ་དེ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་དང་། དེའི་རྒྱུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་ཀུན་ཡང་དག་པར་སླར་ལྡོག་པ་མེད་པར་ཟད་པར་ཀུན་ནས་འདོད་པའི་གཞན་དོན་དོན་གཉེར་གྱི་འདོད་པ་དང་མཚུངས་ལྡན་གྱི་ཐོབ་བྱ་བྱང་ཆུབ་ལ་དོན་དུ་གཉེར་བའི་སེམས་རིན་པོ་ཆེ་དང་། དེས་ཀུན་ནས་བསླངས་པའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཅི་རིགས་ལ་གནས་པའི་སྐྱེས་བུ་དེ་ནི། ཐེག་ཆེན་སྒྲུབ་པའི་ཐབས་མ་ནོར་བ་ལ་ཞུགས་པས། འདིར་
༣༡དངོས་སུ་བསྟན་པའི་སྐྱེས་བུ་མཆོག་གམ་ཆེན་པོའ་མཚན་ཉིད་ཡིན་ནོ། །དེ་ལ་དབྱེ་ན། ལྟ་བའི་སྒོ་ནས་དབུ་སེམས་གཉིས། ཐེག་པའི་སྒོ་ནས་མདོ་སྔགས་གཉིས། ལམ་མྱུར་བུལ་གྱི་སྒོ་ནས་ཕྱུགས་ཀྱི་ཤིང་རྟས་བགྲོད་པས་སོགས་ལྔར་དབྱེ་བ་ཡོད་དོ། །གཉིས་པ་སྐྱེས་བུ་ཆེན་པོའ་ལམ་རྒྱས་པར་བཤད་པ་ལ་གཉིས། ཕ་རོལ་ཏུ་ཕྱིན་པའི་ལམ་རྒྱས་པར་བཤད་པ་དང་། སྔགས་ལ་འཇུག་པའི་ཚུལ་ཕྱོགས་ཙམ་བསྟན་པའོ། །དང་པོ་ལ་གཉིས། ལམ་གྱི་རྣམ་གཞག་དང་། འབྲས་བུའི་རྣམ་གཞག་བཤད་པའོ། །དང་པོ་ལ་གཉིས། བཤད་པར་དམ་བཅའ་བ་དང་། ལམ་ཡང་དག་པ་ཉིད་བཤད་པའོ། །དང་པོ་ནི། བཤད་པར་བྱའོ་ཞེས་པ་བཤད་པའི་གཞིར་བཞག་སྟེ། གང་བཤད་ན། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་བའི་ཐབས་ནིའོ། །གང་ལ་ན། སེམས་ཅན་དམ་པ་ཐེག་པ་ཆེན་པོའ་རིགས་སད་ཅིང་། གཞན་དོན་དུ་བྱང་ཆུབ་མཆོག་གི་གོ་འཕང་ཐོབ་པར་འདོད་པའི་ལྷག་བསམ་རྣམ་པར་དག་པ་དང་ལྡན་པར་གྱུར་པ་དེ་དག་ལའོ། །ཚུལ་ཇི་ལྟར་ན། རང་བཟོ་མ་ཡིན་ཏེ། ཇོ་བོ་གསེར་གླིང་པ་ལ་སོགས་པའི་བླ་མ་དམ་པ་རྣམས་ཀྱིས་ཇི་ལྟར་བསྟན་པ་ཡི་གསུང་གི་རྗེས་སུ་འབྲང་ཞིང་། ལུང་རིག་དང་ལྡན་པས་ཡང་དག་པར་རོ། །དེ་ལ་སེམས་ཅན་དམ་པ་ཞེས་རྐང་པ་གཉིས་ཀྱིས་ཆོས་འདི་གང་ལ་བཤད་པའི་སྣོད་ངོས་བཟུང་། །བླ་མ་རྣམས་ཀྱི་བསྟན་པ་ཡི། ཞེས་གཉིས་ཀྱིས་བདུད་རྩི་ལྟ་བུའི་ཆོས་ངོས་བཟུང་བའོ། །དེ་དག་ལས། ཡང་དག་ཐབས་ནི་ཞེས་པས་བརྗོད་བྱ་དང་། བཤད་པར་བྱ་ཞེས་པས་དགོས་པ་དང་། །བླ་མ་རྣམས་ཀྱིས་བསྟན་པ་ཡི། ཞེས་པས་རྗོད་བྱེད་ཀྱི་ཁྱད་པར་དང་། བྱང་ཆུབ་མཆོག་ཅེས་པས་ཉིང་དགོས་དང་། དེ་དག་ཀྱང་གཅིག་ལ་གཅིག་བསྟེན་པ་ནི་འབྲེལ་པ་སྟེ་གོ་སླའོ། །འོ་ན་བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། ཞེས་པ་དང་། དེ་དག་མཚན་ཉིད་རབ་གསལ་བ། །སོ་སོའ་དབྱེ་བ་བྲི་བར་
༣༢བྱ། ཞེས་པ་དང་། འདིར་ཡང་དག་ཐབས་ནི་བཤད་པར་བྱ། ཞེས་པ་ཐམས་ཅད་བཤད་པར་དམ་བཅའ་བ་ཡིན་ན་ཟློས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དང་པོས་གཞུང་སྤྱིའི་རྩོམ་པར་དམ་བཅའ་བ་དང་། གཉིས་པས་སྐྱེས་བུ་གསུམ་གྱི་ལམ་གྱི་དབྱེ་བ་སོ་སོར་འཆད་ཅེས་པ་དང་། གསུམ་པས་ཐེག་ཆེན་གྱི་རིགས་ཅན་ལ་བླ་མེད་བྱང་ཆུབ་སྒྲུབ་པའི་ཐབས་མ་ནོར་བར་འཆད་ཅེས་སྟོན་ཚུལ་ཐ་དད་པའི་ཕྱིར་རོ། །དེས་ན་སེམས་ཅན་དམ་པ་ཞེས་སོགས་ཤོ་ལོ་ཀ་འདི་གཞུང་འོག་མ་རྣམས་ཀྱི་མདོར་བསྟན་དུའང་བཟུང་ངོ་། །གཉིས་པ་ཐབས་ཡང་དག་པ་བཤད་པ་ལ་གཉིས། །སྨོན་པ་བསླབ་བྱ་དང་བཅས་པ་དང་། འཇུག་པ་བསླབ་བྱ་དང་བཅས་པའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་བསླབ་བྱ་ལ་སློབ་ཚུལ་ལོ། །དང་པོ་ལ་གསུམ། ཚོགས་གསོག་པ། སྐྱབས་འགྲོ་ཁྱད་པར་ཅན་བྱ་བ། སེམས་གསུམ་ལ་བློ་སྦྱོང་བའོ། །དང་པོ་ནི། ཡུལ་གང་གི་མདུན་དུ་མཆོད་པ་ཇི་ལྟར་བྱ་ན། རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་རི་མོར་བྲིས་པའི་སྐུ་དང་། འབུར་དུ་བརྐོས་པ་དང་། ལུགས་སུ་བླུགས་པ་ལ་སོགས་པ་སྐུའི་རྟེན་དང་། རིང་བསྲེལ་གྱི་སྙིང་བོ་ཅན་གྱི་མཆོད་རྟེན་ཐུགས་ཀྱི་རྟེན་དང་། གསུང་རབས་ཡན་ལག་བཅུ་གཉིས་སོགས་དམ་པའི་ཆོས་ཀྱི་པུ་སྟི་གསུང་གི་རྟེན་རྣམས་མངོན་སུམ་དུ་བཞུགས་པ་ལ་ཕྱོགས་པའི་མདུན་ནས་མཆོད་པ་བྱའོ། །ཤར་བས་ནས་ཞེས་པས་ཕྱག་འཚལ་བའང་བསྟན་པ་ཡིན་གསུངས། དངོས་པོ་གང་གིས་མཆོད་ན། མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་དར། ཞལ་ཟས་ཏེ། ཉེར་སྤྱོད་ཀྱི་དངོས་པོ་དག་གིས་སོ། །དེ་ཡང་རང་གང་འབུལ་འདོད་པ་ཙམ་གྱིས་མཆོད་དམ་ཞེ་ན། རང་ལ་ཅི་འབྱོར་ཞིང་ཡོད་པ་ལྷག་མ་མ་ལུས་པ་ཡིས་མཆོད་པ་བྱ་དགོས་ཏེ། ཇོ་བོའ་ཞལ་ནས། འབྲས་དཀར་མོ་ཁ་ལ་གཅིག་བདོག་གོ། །ཡོམ་བཏང་། བྱང་ཆུབ་ཀྱི་སེམས་བཟང་པོ་མཆི། ཡོམ་བཏང་། བྱང་ཆུབ་ཀྱི་སེམས་
༣༣བཟང་པོ་མི་མཆི་གསུང་སྐད། དེ་དག་ནི་རྫས་བཤམས་པས་མངོན་སུམ་དུ་མཆོད་པ་ཡིན་ནོ། །པུ་ཏོ་བའི་ཞལ་ནས། མཆོད་པ་ནི་གྲོགས་པོ་སྙིང་ཞོགས་ཞོགས་པ། ཚིག་པ་ཟ་ཙག་ཙག་པ་ཤོམ་དགོས་པ་ཡིན་ནོ་གསུངས། ཡིད་ཀྱིས་མཆོད་པའི་ཚུལ་ཡང་། ཀུན་ཏུ་བཟང་པོའ་སྤྱོད་པའི་སྨོན་ལམ་ལས་གསུངས་པ་ཡི་ཕྱག་འཚལ། མཆོད་འབུལ། སྡིག་བཤགས། ཡི་རང་། གསོལ་གདབ། བསྔོ་བ་སྟེ། མཆོད་པ་རྣམ་པ་བདུན་པོ་དག་ཀྱང་བྱ་བ་ཡིན་ནོ། །དེ་དག་ལ་མཆོད་པ་ཞེས་བྱ་སྟེ། མཆོད་པའི་དོན་ནི་ཕུལ་མཉེས་པར་བྱེད་པ་ཡིན་ལ། བདུན་པོ་དེས་ཀྱང་ཡུལ་ཁྱད་པར་ཅན་རྣམས་དགྱེས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་སྐྱབས་འགྲོ་ཁྱད་པར་ཅན་བྱ་བ་ནི། །དུས་ཁྱད་པར་ཅན་བྱང་ཆུབ་སྙིང་པོའ་མཐར་ཐུག་པ་སྟེ་ཆོས་ཀྱི་སྐུ་མངོན་དུ་མ་བྱས་ཀྱི་བར་དུའོ། །བྱང་ཆུབ་སྙིང་བོ་ནི་གཉིས་ཏེ། གནས་བྱང་ཆུབ་སྙིང་བོ་དང་། རྟོགས་པ་བྱང་ཆུབ་སྙིང་བོའོ། །དང་པོ་ལ་གཉིས་ཏེ། རྡོ་རྗེ་གདན་ལྟ་བུ་སྤྲུལ་སྐུའི་དང་། །འོག་མིན་སྟུག་པོ་བཀོད་པ་ལྟ་བུ་ལོངས་སྐུའི་གནས་བྱང་ཆུབ་སྙིང་བོའོ། །གཉིས་པ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་སྐུའོ་ཞེས་བུ་སྟོན་གྱིས་གསུངས་པ་ལྟར་རོ། །ཀུན་སློང་ཁྱད་པར་ཅན་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོས་དཀོན་མཆོག་གསུམ་སྐྱབས་སུ་འཛིན་པ་ལས་ནམ་ཡང་མི་ལྡོག་པ་ཡི་སེམས་ཤིན་ཏུ་བརྟན་པ་དག་གིས། ཡུལ་ཁྱད་པར་ཅན་སྤང་རྟོགས་མཐར་ཕྱིན་གྱི་སངས་རྒྱས་དང་། ལུང་དང་རྟོགས་པའི་ཆོས་དང་། ཐུན་མོང་མ་ཡིན་པའི་དགེ་འདུན་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་སྟེ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ། བསམ་པ་ཁྱད་པར་ཅན་སོ་སོའ་ཡོན་ཏན་ཐོས་པ་ན་རབ་ཏུ་དང་བའི་དད་པ་ཤུགས་དྲག་པོ་བསྐྱེད་ཅིང་སྤྲོ་བ་དང་ལྡན་པར་བྱས་ཏེ། ལུས་ཀྱི་ཀུན་སྤྱོད་རྐང་པ་གཉིས་ཀྱི་པུས་མོའ་ལྷ་ང་སར་བཙུགས་ནས་སམ།
༣༤ཙོག་པུར་འདུག་ཀྱང་རུང་། བླ་གོས་ཕྲག་པ་གཅིག་ཏུ་གཟར། ལག་གཉིས་ཐལ་མོ་སྦྱར་བ་བྱས་ནས་ནི། གནས་སྐབས་སྨོན་པ་སེམས་བསྐྱེད་ཀྱི་ཆོ་ག་བྱེད་པའི་དང་བོརསྐྱབས་འགྲོ་དག་གི་དངོས་གཞིའི་ཆོ་ག་བྱེད་པའི་དང་བོར་སྐྱབས་འགྲོ་དག་གི་དངོས་གཞིའི་ཆོ་ག་ལན་གསུམ་མམ་བརྗོད་པ་གསུམ་དུ་བྱ་སྟེ། གསུམ་པའི་ཚེ་སྐྱབས་འགྲོའི་སྡོམ་པ་ཐོབ་པ་ཡིན་པའི་ཕྱིར། ཤ་ར་བའི་ཞལ་ནས། ཉན་ཐོས་ལ་སྐྱབས་སུ་མི་འགྲོ་བ་དེ་བྱིན་རླབས་ཆུང་བ་མ་ཡིན་གྱིས། ལམ་མི་མཐུན་པ་གྲོགས་པོར་འཐུར་མི་བཏུབ་པ་དང་འདྲ་བ་ཡིན་གསུངས། དེ་ཡང་མདོ་སྡེ་རྒྱུན་ལས། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིགས་ཚོགས་ཐེག་པ་དམན་དག་ལས། །སྐྱོབས་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་ཚེ་འདིའི་འཚེ་བ་དང་། ཕྱི་མའི་ངན་སོང་དང་ཐབས་མིན་པ་ལམ་ལོག་པ་ལས་སྐྱོབ་པའི་ཕྱིར་སྐྱབས་སུ་འགྲོ་བ་སྐྱེས་བུ་ཆུང་ངུའི་དང་། འཇིག་ཚོགས་ཟག་བཅས་ཀྱི་ཕུང་པོ་འདུ་བྱེད་ཀྱི་རང་བཞིན་ཅན་གྱི་འཁོར་བའི་སྡུག་བསྔལ་ལས་རང་ཉིད་ཐར་པའི་སྐྱབས་སུ་འགྲོ་བ་འབྲིང་གི་དང་། ཐེག་དམན་ལ་འཇིགས་ནས་སེམས་ཅན་ཐམས་ཅད་འཁོར་བའི་འཇིགས་པ་ལས་བསྐྱོབ་པའི་ཕྱིར་ཐུན་མོང་མ་ཡིན་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཐེག་ཆེན་གྱི་སྐྱབས་འགྲོར་གསུངས་སོ། །འོ་ན་སྐྱབས་འགྲོ་ཁྱད་པར་ཅན་དང་། སྨོན་པ་ལ་ཁྱད་པར་ཡོང་དམ་མེད་ཅེ་ན། པུ་ཏོ་བས་སྨོན་པ་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་ཅིང་། སངས་རྒྱས་ཐོབ་ནས་སེམས་ཅན་སྒྲོལ་བ་ཚོང་དཔོན་རང་སྟོབས་ཀྱིས་སྐྱེལ་མ་བྱེད་པ་དང་འདྲ། སྐྱབས་འགྲོ་ཁྱད་པར་ཅན་ནི། སེམས་ཅན་སྡུག་བསྔལ་ལས་གྲོལ་བར་འདོད་པས་དེའི་ནུས་པ་མངའ་བ་དཀོན་མཆོག་གསུམ་ལ་ཞུས་ནས་ཚོང་དཔོན་ཁས་དྲག་པོ་གཞན་ལ་བརྟེན་ནས་སྐྱེལ་མ་བྱེད་པ་ལྟ་བུ་ཡིན་གསུངས་སོ། །མདོ་སྡེ་རྒྱན་ལས་ནི། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་བརྩེ་ལས་རེག་བྱ། ཞེས་སངས་རྒྱས་འདོད་པས་ཁས་ལེན་པའང་གསུངས་སོ། །འདིར་སྐྱབས་
༣༥འགྲོའི་རྒྱུ་དང་། ཡུལ་དང་། ངོ་བོ་དང་། བསླབ་བྱ་དང་། ཕན་ཡོན་རྣམས་ནི་གཞན་ལས་ཤེས་པར་བྱའོ། །གསུམ་པ་སེམས་གསུམ་ལ་བློ་སྦྱོང་བ་ནི། ཚོགས་གསོག་སྔོན་དུ་སོང་བའི་སྐྱབས་འགྲོ་ཁྱད་པར་ཅན་བྱས་ཟིན་པ་དེ་ནས། མ་གྱུར་སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱམས་པའི་སེམས་ནི་རྒྱུ་འབྲས་ཡན་ལག་བདུན་གྱི་ནང་ཚན་གྱི་སྙིང་རྗེའི་རྒྱུར་ངེས་པས་སྔོན་དུ་འགྲོ་དགོས་ལ། དེ་བས་ན་སེམས་ཅན་ཐམས་ཅད་ལ་མར་ཤེས་དྲིན་དྲན་དྲིན་གཟོའ་སྒོ་ནས་སྙིང་དུ་སྡུག་ཅིང་གཅེས་པའི་བློ་དུང་དུང་བ་བྱུང་ན། སྙིང་རྗེ་སྒོམ་སྟེ། དམིགས་པ་ངན་སོང་གསུམ་ན་སྡུག་བསྔལ་དྲག་རྒྱུན་རིང་བ་ཅི་ཡོད་དང་། མི་ལ་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་དང་། འདོད་ལྷ་དྲུག་ན་འཆི་འཕོ་བ་དང་འོག་ཏུ་ལྟུང་བའི་སྡུག་བསྔལ་དང་། སོགས་ཁོང་ནས་བསྟན་པ་ཁམས་གོང་མ་གཉིས་ན་ཏིང་ངེ་འཛིན་གྱིས་མྱོས་ནས་ཆོས་ཀྱི་བློ་མེད་ཅིང་གནས་པ་ལ་རང་དབང་མ་ཐོབ་པའི་སྡུག་བསྔལ་ཏེ། མདོར་ན་སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བའི་འགྲོ་བ་མ་ལུས་པ་ལ་ཐུགས་རྗེའི་སྤྱན་གྱིས་བལྟས་ཏེ། ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་ནི་སྡུག་བསྔལ་བ་དང་། མི་དང་འདོད་ལྷའི་འགྱུར་བའི་སྡུག་བསྔལ་དང་། ཁམས་གོང་མའི་འདུ་བྱེད་ཀྱི་སྡུག་བསྔལ་དང་། །དེ་རྣམས་སྐྱེད་པའི་རྩ་བ་ཀུན་འབྱུང་ལས་དང་ཉོན་མོངས་པ་རྒྱུ་མཚན་ལ་བསམས་ནས། དེ་ལས་འགྲོ་བ་མཐའ་དག་ཐར་བར་འདོད་པའི་སྙིང་རྗེ་དང་། དེ་ཡིས་དྲངས་པའི་བྱང་ཆུབ་ཆེན་པོ་ཐོབ་འདོད་ཀྱི་བློ་སྦྱང་བ་ལ་ནན་ཏན་བྱ་དགོས་ཏེ། མདོ་ལས་བྱང་ཆུབ་སེམས་དཔའ་ཆོས་མང་བོ་ལ་བསླབ་པར་མི་བྱའོ། །ཆོས་གཅིག་ལ་བསླབ་པར་བྱ་སྟེ། གང་ཞེ་ན། སྙིང་རྗེ་ཆེན་པོའོ། །ཞེས་གསུངས་པས་སོ། །གཉིས་པ་དངོས་གཞི་ནི། དེ་ལྟར་བྱམས་པ་དང་སྙིང་རྗེའི་དམིགས་རྣམ་ལེགས་པར་སྦྱངས་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་དུས་ནམ་ཡང་ཕྱིར་ལྡོག་པ་མེད་པར་དམ་བཅའ་བའི་སྒོ་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་བསྐྱེད་པར་བྱའོ། །དེ་ཡང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐད་ཅིག་གཅིག་ཀྱང་མི་བཏང་བའི་སེམས་ཀྱིས་སྨོན་
༣༦སེམས་ཆོ་གས་བླངས་ནས། འོག་ནས་འབྱུང་བའི་བསླབ་བྱ་ལྔ་པ་ལ་ངེས་པར་སློབ་དགོས་སོ། །སྨོན་སེམས་ཆོ་གས་ལེན་པ་དངོས་ནི་གཞན་ལས་ཤེས་པར་བྱའོ། །གསུམ་པ་འཇུག་པ་བསླབ་བྱ་དང་བཅས་པ་ལ་ལྔ། ཕན་ཡོན་དྲན་པ་ལ་བསླབ་པ། བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་པ། ཚོགས་གཉིས་བསགས་པ་ལ་བསླབ་པ། སེམས་ཅན་བློས་མི་སྤང་བ་ལ་བསླབ་པ། དཀར་ནག་ཆོས་བརྒྱད་བླང་དོར་བྱེད་ཚུལ་ལ་བསླབ་པའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་བྱང་ཆུབ་སྨོན་པའི་སེམས་དག་ནི། ཆོ་གས་བསྐྱེད་པའི་ཡོན་ཏན་ནམ་ཕན་ཡོན་དཔག་ཏུ་མེད་པ་གང་ཡིན་པ་དེ་ནི། འཕགས་པ་སྡོང་བོ་བཀོད་པ་ཡི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པའི་ཞིང་ས་ལྟ་བུའོ། །ཞེས་སོགས་དཔེ་ཉིས་བརྒྱ་ལྷག་ཙམ་གྱི་སྒོ་ནས་བྱང་ཆུབ་སེམས་དཔའ་ནོར་བཟང་ལ། རྒྱལ་ཚབ་བྱམས་པས་རབ་ཏུ་རྒྱས་པར་བཤད་དོ། །གཉིས་པ་ནི། དེ་ལྟར་སྨོན་སེམས་ཆོ་གས་བླངས་པའི་བྱང་སེམས་དེ་ཡིས། མདོ་དང་བསྟན་བཅོས་རྣམས་རང་ཉིད་ཀྱིས་ཀློག་པའམ། ཡང་ན་བླ་མ་ལས་ལེགས་པར་མཉན་ཏེ། རྫོགས་པའི་བྱང་ཆུབ་ལ་དམིགས་པའི་སྨོན་སེམས་ཀྱི་ཡོན་ཏན་ནམ་ཕན་ཡོན་མཐའ་ལས་འདས་ཤིང་དཔག་ཏུ་མེད་པ། ཐེག་ཆེན་གྱི་མདོ་སྡེ་ལ་སོགས་པ་རྣམས་ལས་ཇི་སྐད་གསུངས་པ་དག་རྣམ་པར་མཐའ་ཆོད་པར་ཤེས་པར་བྱས་ནས། དགོས་པ་རང་རྒྱུད་ལ་སེམས་དེ་གནས་ཤིང་མི་ཉམས་པར་འཕེལ་བའི་རྒྱུ་མཚན་ནམ་རྒྱུ་རྐྱེན་དུ། དེ་ལྟར་ཡང་དང་ཡང་དུ་ཐ་ན་ཉིན་དང་མཚན་མོ་ལན་གསུམ་གསུམ་དུ་བྱང་ཆུབ་ཀྱི་སེམས་དེ་ནི་བསྐྱེད་པར་བྱའོ། །དེ་ཡང་ཆོག་རྒྱས་པ་མ་གྲུབ་ནའང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། ཞེས་པ་སོགས་ཀྱི་ཚིགས་བཅད་ཇོ་བོ་ཉིད་ཀྱི་གཞུང་ལས་འབྱུང་བ་དེ་ལྟར་བྱའོ། །འོ་ན་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ་དེ་གང་ལས་བཤད་ཅེ་ན།
༣༧ཁྱིམ་བདག་དཔལ་སྦྱིན་གྱིས་ཞུས་པའི་མདོ་སྡེ་དག་ལས། བྱང་ཆུབ་ཀྱི་སེམས་འདི་ཡི་བསོད་ནམས་ཕན་ཡོན་རྒྱ་ཆེར་རབ་ཏུ་བསྟན་པ་གང་གི་ཚེ་ན། དེ་དག་ལས་ཚིགས་བཅད་གསུམ་ཙམ་དུ་མདོར་བསྡུས་ནས་གསུངས་པས་ན། དེ་ནི་གཞུང་འདིར་ཡང་བྲི་བར་བྱའོ། །འོ་ན་དེ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཉིད་ཀྱི་བསོད་ནམས་གང་ཡིན་པ་དེ་གཟུགས་སུ་མ་གྲུབ་མོད་ཀྱི། དེ་ལ་གལ་ཏེ་གཟུགས་ཤིག་མཆིས་ན་ཕྱོགས་བཅུའི་ནམ་མཁའི་ཁམས་ནི་མ་ལུས་པ་ཀུན་ཕྱུར་བུར་བཀང་སྟེ་གཏམས་ནའང་། ཕན་ཡོན་དེ་ནི་ནམ་མཁའ་དེ་བས་ཀྱང་ལྷག་པར་འགྱུར་ཏེ་མི་ཤོང་བ་ཡིན་ནོ། །གཞན་ཡང་སྣོད་ཀྱི་ཁྱད་པར་ཆུ་བོ་གངྒའི་འགྲམ་གྱི་བྱེ་མའི་གྲངས་སམ། ཆུ་ཉིད་རྡུལ་དུ་ཕྱེ་བའི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་རྣམས། རྟེན་དད་པ་དང་ལྡན་པའི་མི་གང་གིས། མཆོད་རྫས་ཀྱི་ཁྱད་པར་ལྷའི་རིན་ཆེན་དབང་གི་རྒྱལ་པོ་དག་གིས་ཀུན་ཏུ་བཀང་སྟེ། ཡུལ་ཁྱད་པར་ཅན་འཇིག་རྟེན་གྱི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་འབུལ་བ་ཕུལ་པ་བས། རྟེན་གྱི་གང་ཟག་ཐེག་ཆེན་གྱི་རིགས་ཅན་གང་གིས་དཀོན་མཆོག་གམ་བླ་མའི་དྲུང་དུ་དད་པས་ཐལ་མོ་སྦྱར་བ་བགྱིས་ཏེ། བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བཏུད་པ་སྟེ་བསྐྱེད་ན། བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཆོད་པ་འདི་ནི་སྔ་མ་ལས་ཁྱད་པར་དུ་འཕགས་ཤིང་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་དེ་ལ་བསོད་ནམས་ཀྱི་མཐའ་ནི་མ་མཆིས་སོ། །གསུམ་པ་ནི། ཕན་ཡོན་དྲན་པ་དང་དུས་དྲུག་ཏུ་སྦྱོང་བ་གཉིས་ཀྱི་སྒོ་ནས་བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་པར་བྱས་ནས་ནི། དཀོན་མཆོག་ལ་མཆོད་པ། དགེ་འདུན་ལ་བསྙེན་བསྐུར། འབྱུང་པོ་ལ་གཏོར་མ། ཕོངས་པ་ལ་སྦྱིན་པ་སོགས་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་འབད་པ་མང་བོས་སེམས་དེ་ཀུན་ཏུ་སྤེལ་བར་བྱ་དགོས་ཏེ། ཚོགས་ཀྱི་གཏམ་ལས། བདག་གིས་དེ་རིང་བསོད་ནམས་དང་། །ཡེ་ཤེས་ཚོགས་ནི་གང་ཞིག་གིས།
༣༨གཞན་ལ་ཕན་པ་གང་བྱ་ཞེས། །བྱང་ཆུབ་སེམས་དཔས་ཡང་ཡང་བསམ། ཞེས་གསུངས་པའི་ཕྱིར་རོ། །ཞིང་ཞེས་པ་འོག་མ་སྡུད་པའི་ཚིག་གོ། །བཞི་པ་ནི། འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། ཞེས་པའི་གང་གིས་སྒྲས་བསྟན་པར་ཞང་རམ་བས་བཞེད་དོ། །དེ་ཡང་གང་གི་སྒྲས་ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུད་ལ་བསླབ་པར་བསྟན་ཞིང་། སེམས་ཅན་བློས་སྤང་གིས་སེམས་བསྐྱེད་གཏོང་བས་སོ་སྙམ་དུ་དགོངས་པས་ཤིན་ཏུ་ལེགས་ཞེས་དམ་པ་ཁ་ཅིག་འཆད་དོ། །ལྔ་པ་ནི། འདིར་བསྟན་སྨོན་སེམས་ཆོ་གས་བཟུང་བ་འདི་ལ་ནི་སྔར་བཤད་པའི་བསླབ་བྱ་བཞིའི་སྒོ་ནས་ཚེ་འདིར་མི་ཉམས་པའི་རྒྱུ་ལ་བསླབ་པ་དེ་ཙམ་གྱིས་ཆོག་གམ་ཞེ་ན། མི་ཆོག་སྟེ་སྐྱེ་བ་ཕྱི་མ་ཚེ་རབས་གཞན་དུའང་སེམས་དེ་མི་བརྗེད་ཅིང་དྲན་པར་བྱ་བའི་དོན་དུ། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་ཇི་སྐད་བཤད་པའི་བསླབ་པ་བཞི་ཚན་གཉིས་པོ་ཡོངས་སུ་བསྲུང་བ་དང་བསྟེན་པར་བྱ་བ་ཡིན་ནོ། །གཉིས་པ་འཇུག་པ་བསླབ་བྱ་དང་བཅས་པ་བཤད་པ་ལ་གསུམ། མཚམས་སྦྱར་ཏེ་འཇུག་སྡོམ་བླང་བར་བསྟན་པ། ཇི་ལྟར་བླང་བའི་ཚུལ། །སྡོམ་པ་བླངས་ནས་བསླབ་བྱ་ལ་བསླབ་པ་རབ་བསྟན་པའོ། །དང་པོ་ནི། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་རྒྱལ་སྲས་ཀྱི་སྤྱོད་པ་ལ་མ་བསླབ་ན་འཚང་རྒྱ་མི་སྲིད་ཅིང་། བྱང་སྡོམ་མ་བཟུང་ན་སྦྱིན་སོགས་ལ་བསླབ་ཀྱང་རྒྱལ་སྲས་ཀྱི་སྤྱོད་པར་མི་འགྱུར་བས། སྨོན་སེམས་ཆོ་གས་བརྟན་པོར་བཟུང་བ་དེས་སྤྱོད་པའི་རྟེན་སྡོམ་པ་བཟུང་དགོས་ཏེ། འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་པ་བཟུང་བ་མ་གཏོགས་པར་ཡང་དག་པ་མཆོག་ཉིད་དུ་སྨོན་པ་ཡི་སེམས་གོང་ནས་གོང་དུ་འཕེལ་བར་འགྱུར་བར་བ་མ་ཡིན་པའི་ཕྱིར། དེ་ལྟར་ན་དགོས་པ་འབྲས་མིང་རྒྱུ་ལ་བཏགས་པ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་སྡོམ་པ་སྨོན་པའི་སེམས་དེ་སྤེལ་ཞིང་མཐར་ཕྱིན་པར་འདོད་པས་བླང་དགོས་པ་ཡིན་ལ། རྒྱུ་མཚན་དེ་ཡི་ཕྱིར་ན་སྒྱིད་ལུག་པ་དང་ཞུམ་པ་མེད་པར་ཤིན་ཏུ་འབད་པས་འཇུག་པའི་སྡོམ་པ་འདི་ནི་ངེས་པར་བླང་བར་བྱའོ། །གཉིས་པ་
༣༩འཇུག་སྡོམ་ཇི་ལྟར་ལེན་པའི་ཚུལ་ལ་གསུམ། གང་གིས་ལེན་པའི་རྟེན། གང་ལས་བླང་བའི་ཡུལ། ཇི་ལྟར་ལེན་པའི་ཆོ་གའོ། །དང་པོ་ནི། དགེ་བསྙེན་ནས་དགེ་སློང་གི་སྡོམ་པའི་བར་གྱི་སོ་སོར་ཐར་བའི་རིས་བདུན་དངོས་སམ། །དེ་དང་ཐུན་མོང་བའི་རང་བཞིན་གྱི་ཁ་ན་མ་ཐོ་བ་དུས་རྟག་ཏུ་སྤོང་བའི་ཇི་སྲིད་འཚོ་བའི་སྡོམ་པ་གཞན་དེ་དག་དང་ལྡན་པའི་རྟེན་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡི་སྐལ་བ་ཡོད་ཀྱིས། དེ་ལས་གཞན་དུ་བྱང་སྡོམ་ཕུན་སུམ་ཚོགས་པ་སྐྱེ་བ་མིན་ཏེ། བྱང་སྡོམ་ནི་དངོས་སམ་བརྒྱུད་པའི་སྒོ་ནས་གཞན་ལ་ཕན་འདོགས་ནུས་པ་གང་ཞིག །དེ་ལས་གཞན་གནོད་གཞི་བཅས་ལས་ལྡོག་དགོས་པའི་ཕྱིར། གལ་ཏེ་སོ་ཐར་གྱི་སྡོམ་པ་ནི་ཚེ་འཕོས་པས་གཏོང་བས། འདིའི་རྟེན་ཇི་ལྟར་རུང་སྙམ་ན། རྣལ་འབྱོར་པ་ཆེན་པོའ་ཞལ་ནས། རྒན་པོ་ལང་བའི་རྟེན་དབྱུག་པས་བྱེད་ཅིང་། ཕྱིས་ནས་དབྱུག་བ་མི་འགྱེལ་བ་རྒན་པོས་མགོ་ནས་བཟུང་བས་བྱེད་པ་ལྟར། དང་པོར་སྐྱེ་བའི་རྟེན་སོ་ཐར་གྱིས་བྱེད་ལ། དེ་ནས་གཞན་གནོད་གཞི་བཅས་ལས་ལོག་པ་དེ་བྱང་ཆུབ་སྙིང་པོའ་བར་མི་འཆོར་བར་བྱང་སྡོམ་གྱིས་བྱེད་ཅེས་གསུངས་སོ། །སོ་ཐར་རིས་བདུན་ཅི་རིགས་ལ་གནས་པའི་རྟེན་ལ་བཟང་ངན་གྱི་ཁྱད་པར་ཡོད་དམ་མེད་ཅེ་ན། ཟླ་བ་སྒྲོན་མ་ལས། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། ཞེས་སོགས་གསུངས་པ་ལྟར་རོ། །འོ་ན་སོ་ཐར་གྱི་སྡོམ་ལྡན་གྱིས་བྱང་སྡོམ་བཟུང་བའི་ཚེ་གནས་འགྱུར་རམ། གཉིས་ལྡན་གང་ཡིན་ཞེ་ན། ནག་ཚེའི་འགྲེལ་པར། དེ་གཉིས་སྡོམ་པ་གཅིག་གམ་ཐ་དད་ཅེ་ན། གཅིག་པའང་ཡིན། ཐ་དད་པའང་ཡིན་ཏེ། འདི་ལྟར་སྡོམ་པའི་ཚུལ་ཁྲིམས་བྱ་བ་ལ་སོགས་པ་གཞན་ན་མེད་ཀྱི། སོ་སོར་ཐར་བ་རིགས་བདུན་པོ་གང་ལ་གནས་པ་ཉིད་སྡོམ་པའི་ཚུལ་ཁྲིམས་ཡིན་པས་ན་གཅིག་པའང་ཡིན་ནོ། །ཐ་དད་པའང་ཡིན་ཏེ། སོ་སོར་ཐར་པ་རྫས་སུ་འདོད་པ་དང་། གཞན་ལ་གནོད་པ་བྱེད་པ་ལས་ལོག་ནས་
༤༠གནོད་པ་མི་བྱེད་པ་དང་། བྱང་སེམས་ཀྱི་སྡོམ་པ་རྫས་སུ་མི་འདོད་པ་དང་། གཞན་ལ་ཕན་པ་ཉིད་སྒྲུབ་པས་ཐ་དད་པའང་ཡིན་ཞེས་བྱའོ་གསུངས་སོ། །གཉིས་པ་གང་ལས་བླང་བའི་ཡུལ་ནི། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་སྟེ། ཡང་དག་བར་ལེན་པ་དང་། མི་ཉམས་པར་བསྲུང་བ་དང་། ཉམས་ན་ཕྱིར་བཅོས་པའི་ཐབས་ལ་མཁས་པའི་ཤེས་རབ་ཕུན་སུམ་ཚོགས་པ་དང་། བདག་ཉིད་གང་ཞིག་བྱང་ཆུབ་སེམས་དཔའི་སྡོམ་པ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་གནས་པ་དང་། བྱང་སེམས་ཀྱི་སྡོམ་པ་འབོགས་པར་བཟོད་པའི་ནུས་པའམ་སྤོབས་པ་ཕུན་སུམ་ཚོགས་པ་དང་། སྙིང་རྗེ་དང་ལྡན་པའི་བསམ་པ་ཕུན་སུམ་ཚོགས་པ་སྟེ། བཞི་པོ་དེ་དག་དང་ལྡན་པ་ནི་བླ་མ་བཟང་པོར་ཤེས་པར་བྱ་ཞིང་། དེ་དག་གི་ནང་ནས་སྔ་མ་གཉིས་གཙོ་ཆེ་བར་ཞང་རོམ་སོགས་ཀྱིས་བཞེད་དོ། །གསུམ་པ་ཇི་ལྟར་ལེན་པའི་ཆོ་ག་ལ་གཉིས། བླ་མ་ཡོད་པའི་དང་། མེད་པའི་ཆོ་གའོ། །དང་པོ་ནི། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་ས་དག་གི་ནང་ཚན་ཚུལ་ཁྲིམས་ཀྱི་ལེའུ་ལས་གསུངས་པའི་ཆོ་ག་ཡིས། ཡང་དག་པའི་མཚན་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པ་ཡི་བླ་མ་བཟང་པོ་དེ་ལས་འཇུག་པའི་སྡོམ་པ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་བླང་ངོ་། །དེའང་གསོལ་གདབ། སྤྲོ་བསྐྱེད། ཚོགས་བསགས། བསྐུལ་གདབ། བསམ་པ་ཁྱད་པར་ཅན་བསྐྱེད་པ། བར་ཆད་ཐུན་མོང་བ་དྲི་བ། བསླབ་པ་མདོར་བསྡུས་བརྗོད་པ་དང་བདུན་ནི། སྦྱོར་བ་དང་། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་བསླབ་པ་ལན་གསུམ་གྱི་བར་དུ་ལེན་པ་ནི་དངོས་གཞི་དང་། མཁྱེན་གསོལ། ཡེ་ཤེས་ཀྱི་གཟིགས་པ་འཇུག་པའི་ཕན་ཡོན། སྡོམ་པ་མནོས་པ་གྱ་ཚོམ་དུ་མི་བསྒྲགས་པ། བསླབ་པ་མདོར་བསྡུས་བརྗོད་པ། གཏང་རག་གི་མཆོད་པ་དང་ལྔ་ནི་མཇུག་གི་ཆོ་གའོ། །གཉིས་པ་བླ་མ་མེད་པའི་ཆོ་ག་ལ་གཉིས། སྤྱི་དང་བྱེ་བྲག་
༤༡གི་སྒོ་ནས་ལུང་བཞིན་དུ་བཤད་པར་དམ་བཅའ་བ་དང་། མདོ་དེ་ལས་འབྱུང་བའི་སེམས་བསྐྱེད་དང་སྡོམ་པ་བཟུང་ཚུལ་སྟོན་པའོ། །དང་པོ་ནི། མཚན་ཉིད་དང་ལྡན་པའི་བླ་མ་དེ་འདྲ་བ་ལ་སྡོམ་པ་བླང་བར་གསུངས་པ་བཞིན་ཤིན་ཏུ་འབད་པས་བཙལ་ཡང་། ཡུལ་དུས་ཀྱི་དབང་གིས་འདི་འདྲ་བའི་གལ་ཏེ་བླ་མ་གཏན་ནས་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། བླ་མ་ཡོད་པ་དེ་ལས་གཞན་དམིགས་བསལ་རང་ཉིད་ཀྱིས་བླང་བའི་ཚུལ་ཡོད་དེ། བླ་མ་མེད་པའི་སྡོམ་པ་ནོད་པ་ཡི་ཆོ་ག་ལུང་ལས་གསུངས་པ་བཞིན་འདིར་ཡང་ཡང་དག་པར་བཤད་པར་བྱ་བ་ཡིན་པའི་ཕྱིར། ཞེས་སྤྱིར་བཤད་པར་དམ་བཅས་ནས། འོ་ན་ལུང་གང་ལས་བཤད་ཅེ་ན། དེ་ལ་སྔོན་བསྐལ་པ་དཔག་ཏུ་མེད་པའི་དུས་ཀྱི་ཚེ་འཇམ་པའི་དཔལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཨཱམྦ་རཱ་ཛ་ཏེ། རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་བ་ཡིས། དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་བོ་ཞེས་བྱ་བའི་དྲུང་དུ། ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ཡི་ཚུལ། འཇམ་དཔལ་གྱི་ནི་སངས་རྒྱས་ཀྱི་ཞིང་གི་རྒྱན་གྱི་བཀོད་པ་སྟོན་པའི་མདོ་ལས་བཤད་པ་ལྟར། དེ་བཞིན་དུ་གཞུང་འདིར་ནི་རབ་ཏུ་གསལ་བར་བྲི་བར་བྱའོ། །ཞེས་བྱེ་བྲག་ཏུ་བཤད་པར་དམ་བཅའ་བའོ། །གཉིས་པ་མདོ་དེ་ལས་འབྱུང་བའི་སེམས་བསྐྱེད་དང་སྡོམ་པ་བཟུང་ཚུལ་ལ་གཉིས། སེམས་བསྐྱེད་དང་། སྡོམ་པ་བཟུང་ཚུལ་ལོ། །དང་པོ་ནི། སེམས་ཅན་ཐམས་ཅད་ཀྱི་མགོན་པོ་སངས་རྒྱས་བྱང་སེམས་རྣམས་ཀྱི་སྤྱན་སྔ་རུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་ཅིང་། ཆེད་དུ་བྱ་བ་ནམ་མཁའི་མཐས་གཏུགས་པའི་འགྲོ་བ་མ་ལུས་པ་ཐམས་ཅད་མགྲོན་དུ་གཉེར་བའམ་དེའི་དོན་དུ། འགྲོ་བ་དེ་དག་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ལས་མ་བརྒལ་བ་སྒྲོལ་བ་དང་། ཀུན་འབྱུང་གི་འཆིང་བ་ལས་མ་གྲོལ་བ་དགྲོལ་ལོ། །བདག་ལྟས་དབུགས་མ་ཕྱུང་བ་ལམ་བདེན་གྱིས་དབུངས་དབྱུང་བ་དང་།
༤༢རྣམས་རྟོག་གི་ཡོངས་སུ་མྱང་ངན་ལས་མ་འདས་པ་འགོག་བདེན་གྱིས་མྱང་ངན་ལས་འདས་པ་ལ་འགོད་ཅིང་མགྲོན་དུ་གཉེར་བའོ། །འདིས་འཇུག་པའི་སྦྱོར་བ་དང་། སྨོན་པའི་དངོས་བཞི་བསྟན་པར་སར་བ་བཞེད་དོ། །གཉིས་པ་སྡོམ་བཟུང་ཚུལ་ལ་གསུམ། ཉེས་སྤྱོད་སྡོམ་པའི། སེམས་ཅན་དོན་བྱེད་ཀྱི། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་པའི་ཁས་ལེན་པའོ། །དང་པོ་ནི། ཀུན་ནས་མནར་སེམས་པའི་རྒྱུ་དགུ་གང་རུང་ལ་བརྟེན་ནས། ཞེ་སྡང་གིས་གསོད་འདོད་པ་ལ་སོགས་པའི་གནོད་སེམས་དང་། གཞན་ལ་འགྲན་སེམས་དུ་སེམས་འཁྲུག་པའི་ཁྲོ་བའི་སེམས་ཉིད་དང་། ཡོ་བྱད་གཞན་ལ་བཏང་མི་ནུས་པའི་སེར་སྣ་དང་ནི། གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཕྲག་དོག་ཉིད་དེ། བཞི་པོ་དེ་དག་སྡོམ་པ་བླངས་པའི་ཉིན་དེང་ནས་བཟུང་སྟེ་བླ་ན་མེད་པའི་བྱང་ཆུབ་དག་མ་ཐོབ་ཀྱི་བར་དེ་སྲིད་དུ་མི་བྱའོ། །དབང་པོ་གཉིས་སྦྱོར་གྱི་འཁྲིག་པ་སྤངས་པའི་ཚངས་པར་སྤྱོད་པ་སྤྱད་པར་བྱ་ཞིང་། སྡིག་པའི་ལས་དང་། དེའི་རྒྱུ་འདོད་པའི་ཡུལ་ལ་ཆགས་པ་རྣམས་སྤང་བར་བྱའོ། །དེ་དག་སྤངས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པར་དག་པ་ལ་དགའ་བས་སངས་རྒྱས་རྣམས་ཀྱི་སྤྱོད་པ་དམ་པའི་རྗེས་སུ་ལེགས་པར་བསླབ་པར་བྱའོ། །གཉིས་པ་ནི། བདག་ཉིད་མྱུར་བའི་ཚུལ་གྱིས་ཏེ་སེམས་ཀྱིས་ནི་བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང་དགའ་བ་མེད་པར། སེམས་ཅན་གཅིག་གི་དོན་བྱ་བའི་རྒྱུ་ཡིས་ནི་ཕྱི་མའི་མུ་མཐར་ཐུག་པ་མེད་པར་འཁོར་བ་ཅི་སྲིད་ཀྱི་བར་དེ་སྲིད་དུ་གནས་པར་བགྱིད་དོ། །གསུམ་པ་ནི། དེ་ལྟར་གནས་ནས་ཅི་བྱེད་སྙམ་ན། གྲངས་ཚད་བཟུང་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཞིང་དག་གིས་ངོམ་གྲོག་དང་། ཚེར་མ་སོགས་སྐྱོན་རྣམས་རྣམ་པར་སྦྱང་བར་བྱ་ཞིང་། འགྲོ་བ་རྣམས་ཀྱིས་བདག་གི་མིང་ཐོས་ནས་བཟུང་
༤༣བ་བྱས་པ་དང་། མཐོང་ཐོས་དྲན་རེག་གིས་ཀྱང་སེམས་ཅན་རྣམས་ལ་ཕན་གདགས་པར་འདོད་པས་ཕྱོགས་བཅུ་ཐམས་ཅད་ཀྱི་ཞིང་དག་ཏུ། བདག་གི་མིང་གྲགས་ཤིང་རྣམ་པར་གནས་པར་བྱེད་པའི་སྒོ་ནས་སེམས་ཅན་གྱི་འཇིག་རྟེན་ཡང་སྦྱང་ཞིང་སྨིན་པར་བྱའོ། །ལས་དང་པོ་པས་སྡོམ་པའི་ཚུལ་ཁྲིམས་ཉིད་ལ་གཅེས་སྤྲས་བྱེད་དགོས་པས། སླར་ཡང་ཟློས་ཏེ་སྟོན་པ་ནི། བདག་གི་ལུས་དང་ངག་གི་ལས་དག་རྣམ་པ་ཐམས་ཅད་དུ་ནི་ལྟུང་བས་མ་གོས་པར་དག་པར་བྱ་ཞིང་། ཡིད་ཀྱི་ལས་ཀྱང་ལྟུང་བས་དག་པར་བྱ་སྟེ། མདོར་ན་སྒོ་གསུམ་གྱི་མི་དགེ་བའི་ལས་རྣམས་རྣམ་པ་ཐམས་ཅད་དུ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནམ་ཡང་མི་བྱའོ། །གསུམ་པ་སྡོམ་པ་བླངས་ནས་བསླབ་བྱ་ལ་སློབ་པར་བསྟན་པ་ལ་གསུམ། ཚུལ་ཁྲིམས་ཀྱི། སེམས་ཀྱི། ཤེས་རབ་ཀྱི་བསླབ་པ་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས། དངོས་དང་། དེའི་ཆེ་བའོ། །དང་པོ་ནི། འོ་ན་སྒོ་གསུམ་དག་བྱེད་ཀྱི་རྒྱུ་གང་ཞེ་ན། དགོས་པ་བྱང་སེམས་རང་གི་ལུས་ངག་སེམས་གསུམ་པོ་ནི་ལྟུང་བས་རྣམ་པར་དག་ཅིང་། སེམས་ཅན་གཞན་རྣམས་ལ་མཆོག་ཏུ་ཕན་པའི་རྒྱུ་ཡི་ཕྱིར་དུ་ཐེག་ཆེན་གྱི་རིགས་ཅན་འཇུག་པའི་སེམས་ཀྱི་བདག་ཉིད་ཀྱི་སྡོམ་པ་ལ་གནས་པས། ཡུལ་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ལ། ཚུལ་དང་མཐུན་པར་ལེགས་པར་འབད་པས་བསླབས་ན། གོམས་སྟོབས་ཀྱིས་ཕྱིས་ནས་སྔར་བཤད་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ལ་གཅེས་སྤྲས་སུ་འཛིན་པའི་གུས་པ་ཇེ་ཆེར་འགྱུར་རོ། །དེ་ལ་ལེགས་པ་ཞེས་བྱ་བའི་སྒྲ་ནི། དག་པ་དང་། ཕྱིར་མི་ལྡོག་པ་དང་། ཡོངས་སུ་རྫོགས་པ་གསུམ་ལ་འཇུག་པས། སྡོམ་པའི་ཚུལ་ཁྲིམས་ལ་བསླབ་པས་སྐྱེས་བུ་གཟུགས་ལེགས་པ་བཞིན་དུ་དག་པ་དང་། དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབ་པས་རྫོགས་བྱང་ལས་ཕྱིར་མི་ལྡོག་ཅིང་མི་ཉམས་པས་རིམས་ནད་ཡོངས་སུ་བྱང་བ་བཞིན་དུ་འགྱུར། ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་བསླབས་པས་
༤༤བུམ་པ་ལེགས་པར་གང་བ་བཞིན་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པའི་སྒྲ་དོན་ཡང་གསུམ་པོ་དེ་ལས་འགྱུར་བ་ཡིན་ཏེ། སྡོམ་པའི་ཚུལ་ཁྲིམས་ཀྱིས་སྐྱོན་ཐམས་ཅད་བྱང་། ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱི་ཡོན་ཏན་མཐའ་དག་ཆུབ། དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་སེམས་དཔའ་ཆེན་པོར་འགྱུར་བའི་ཕྱིར། ཞེས་གསུངས་སོ། །གཉིས་པ་ནི། ཚུལ་ཁྲིམས་གསུམ་ལ་བསླབས་པས་ལུས་ངག་ཡིད་གསུམ་དག་པར་འགྱུར་བ་དེ་བས་ན། སྤང་བྱ་རྣམ་པར་དག་ཅིང་གཉེན་པོའ་ཕྱོགས་ཡོངས་སུ་རྫོགས་པ་ནི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཡིན་ལ། དེ་ཉིད་གཞན་དོན་དུ་ཐོབ་བྱར་དམིགས་ཤིང་སེམས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྡོམ་པའི་ཚུལ་ཁྲིམས་གཙོ་བོར་གྱུར་བའི་ཚུལ་ཁྲིམས་གསུམ་གྱི་སྡོམ་པ་རྣམ་པར་དག་ཅིང་སྲུང་བ་ལ་ནི། །དྲན་ཤེས་བག་ཡོད་དང་ལྡན་པའི་སྒོ་ནས་གུས་པ་ཆེན་པོས་ནན་ཏན་གྱིས་འབད་པར་བྱས་པས་རྫོགས་པའི་བྱང་ཆུབ་ཀྱི་རྒྱ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ནི་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་སེམས་ཀྱི་བསླབ་པ་ལ་སློབ་ཚུལ་ལ་གཉིས་མངོན་ཤེས་འབྱུང་བའི་རྒྱུའི་ཕྱིར་ཞི་གནས་ལ་བསླབ་པ་དང་། ཞི་གནས་ལ་ཇི་ལྟར་བསླབ་ཚུལ་དངོས་སོ། །དང་པོ་ནི། དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་རང་བཞིན་གྱི་ཚོགས་གཉིས་པོ་ནི་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པ་ཡི་རྒྱུ་ཁྱད་པར་ཅན་ནི། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བདག་གིས་མངོན་པར་ཤེས་པ་དྲུག་བསྐྱེད་པ་ཉིད་དུ་བཞེད་ཅིང་། གཞན་དོན་རྣམ་དག་སྒྲུབ་པའང་མངོན་ཤེས་ལ་རག་ལས་ཏེ། ཇི་ལྟར་ན་འདབ་གཤོག་ཡོངས་སུ་མ་རྫོགས་པའི་བྱ་ནི་ནམ་མཁའ་ལ་འཕུར་བར་མི་ནུས་པ་ཡིན་ལ། དཔེ་དེ་བཞིན་དུ་མངོན་པར་ཤེས་པའི་སྟོབས་དང་བྲལ་བས་རང་སྐལ་དང་འཚམས་པར་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་ནུས་པ་མ་ཡིན་པའི་ཕྱིར་ཏེ། ཡུམ་ལས། རབ་འབྱོར་དཔེར་ན་བྱ་འདབ་མ་མེད་པ་ནི་ནམ་མཁའ་ལ་འཕུར་མི་ནུས་སོ།
༤༥དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་མངོན་པར་ཤེས་པ་ལ་མ་བསྟེན་པར་སེམས་ཅན་རྣམས་ལ་ཆོས་བསྟན་པར་མི་ནུས་ཏེ། ལམ་གོལ་སར་ཞུགས་པས་སེམས་ཅན་རྣམས་ལམ་དུ་ཟུད་པར་མི་ནུས་སོ། །ཞེས་སོ། །དེ་ཡང་རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་སངས་རྒྱས་ཀྱི་ཞིང་དང་གདུལ་བྱ་གར་ཡོད་པའི་ཞིང་དུ་འགྲོ། གཞན་སེམས་ཤེས་པས་ཁམས་དང་བསམ་པ་ཇི་ལྟ་བ་བཞིན་དུ་རྟོགས། ལྷའི་རྣ་བས་དེ་དག་གི་སྐད་རིག །སྔོན་གནས་ཤེས་པས་སྔོན་གྱི་རྒྱུ་རྟོགས། ལྷའི་མིག་གིས་མ་འོངས་པར་ཅི་འགྱུར་རིག །ཟག་ཟད་ཀྱིས་བྱང་གྲོལ་གྱི་ལམ་སྟོན་པས་ཐེག་པ་གསུམ་ལ་འདུན་པ་དང་། སྨིན་ཅིང་གྲོལ་བར་བྱེད་པ་ཡིན་ནོ། །གཞན་ཡང་རྟེན་བྱང་སེམས་མཉམ་པ་ལའང་མངོན་ཤེས་དང་ལྡན་པའི་བྱང་སེམས་དེས་ཉིན་མཚན་ཕྲུགས་གཅིག་ལ་སྦྱང་བའི་རང་བཞིན་གྱི་བསོད་ནམས་ཀྱི་ཚོགས་བསགས་པ་དག་ནི་གང་ཡིན་པ་དེ། མངོན་ཤེས་དག་དང་བྲལ་བར་གྱུར་བ་ལ་སྐྱེ་བ་བརྒྱར་ཡང་ཡོད་པ་མ་ཡིན་ནོ། །འདིས་ནི་ཡེ་ཤེས་ཀྱི་ཚོགས་ཀྱང་མཚོན་ནོ། །རྒྱུ་མཚན་དེས་ན་དུས་མྱུར་དུ་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུ་ཚོགས་གཉིས་ཡོངས་སུ་རྫོགས་པར་འདོད་པར་གྱུར་པ་དེས་ནི། དེའི་ཐབས་མངོན་ཤེས་བསྐྱེད་དགོས་ལ། དེ་ཡང་དེའི་རྒྱུ་ལ་བརྩོན་འགྲུས་ཤུགས་དྲག་གིས་འབད་པ་ཆེར་བྱས་པས་མངོན་ཤེས་དྲུག་པོ་དག་འགྲུབ་པར་འགྱུར་གྱིས། ལེ་ལོས་དབང་དུ་བྱས་པས་འགྲུབ་པ་མིན་པས་བརྩོན་འགྲུས་རྩོམ་དགོས་སོ། །འོ་ན་དེའི་རྒྱུ་གང་ལ་འབད་ཅེ་ན། ཤིན་སྦྱངས་རྣམ་དག་གིས་ཟིན་པའི་ཞི་གནས་ཚུལ་བཞིན་དུ་གྲུབ་པ་མ་ཡིན་པས། བསྒོམས་སྟོབས་ལས་བྱུང་བའི་མངོན་ཤེས་ཁྱད་པར་ཅན་འབྱུང་བར་མི་འགྱུར་ལ། རྒྱུ་མཚན་དེ་ཡི་ཕྱིར་ཞི་གནས་བསྒྲུབ་པར་བྱ་བའི་ཕྱིར་དུ། སེམས་གནས་པའི་ཐབས་དགུ་ལ་ཡང་དང་ཡང་དུ་འབད་པར་བྱའོ། །གཉིས་པ་ཞི་གནས་ལ་ཇི་ལྟར་བསླབ་ཚུལ་དངོས་ལ་གསུམ། ཞི་གནས་ཀྱི་ཚོགས་བརྟེན་པ། ཞི་གནས་ཇི་ལྟར་སྒོམ་པའི་
༤༦ཚུལ། བསྒོམས་པའི་ཕན་ཡོན་ནོ། །དང་པོ་ནི། འོ་ན་རྩོན་འགྲུས་གཅིག་པུས་ཞི་གནས་འགྲུབ་བམ་ཞེ་ན། མ་ཡིན་ཏེ་ཞི་གནས་ཀྱི་ཡན་ལག་རྒྱུ་ཚོགས་རྣམ་པར་ཉམས་པས་ནི་བརྩོན་འགྲུས་དྲག་པོས་རབ་ཏུ་འབད་དེ་ཡུན་རིང་དུ་བསྒོམ་པར་བྱས་ཀྱང་ལོ་ནི་མང་བོ་སྟོང་ཕྲག་དག་གིས་ཀྱང་ཞི་གནས་ཀྱི་ཏིང་ངེ་འཛིན་འགྲུབ་པར་མི་འགྱུར་རོ། །དེ་ལྟར་ཡན་ལག་ཉམས་ན་ཞི་གནས་མི་འགྲུབ་པ་དེ་ཡི་ཕྱིར། མདོ་སྡེ་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་དང་། ཉན་ས་ལ་སོགས་པ་ལས་ཇི་སྐད་གསུངས་པའི་ཡན་ལག་རྣམས་ལ་ལེགས་པར་གནས་ཤིང་བསྒྲུབས་པས་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །གཉིས་པ་ནི། དེ་ལྟར་ཞི་གནས་ཀྱི་རྒྱུ་ཚོགས་ལ་གནས་པ་དེས་རྒྱལ་བས་གསུངས་པའི་བསྒོམ་བྱའི་དམིགས་པ་ཚང་ཐུབ་ཀྱི་མདོ་དང་བསྟན་བཅོས་ལས་འབྱུང་བའི་གང་ཡང་རུང་བ་གཅིག་དག་ལ། སྒོམ་བྱེད་ཀྱི་ཡང་ནི་དགེ་བ་ལ་སྟེ་གཞན་དུ་མི་ཡེངས་པར་རྩེ་གཅིག་ཏུ་བཞག་པར་བྱའོ། །གསུམ་པ་ནི། སྔར་བཤད་པ་ལྟར་ཏིང་ངེ་འཛིན་ལ་ཆུ་བོའ་རྒྱུན་བཞིན་བརྩོན་པའི་རྣལ་འབྱོར་བས་ཞི་གནས་གྲུབ་པར་གྱུར་པ་ན། དེ་སྦྱངས་པ་ལས་མངོན་པར་ཤེས་པ་རྣམས་སྐྱེ་བར་མ་ཟད། མི་རྟོག་པའི་ཡེ་ཤེས་དག་ཀྱང་འགྲུབ་པར་འགྱུར་ཏེ། ཇོ་བོ་ཉིད་ཀྱི་ཞལ་ནས། མངོན་ཤེས་མཐུ་དང་ལྡན་བྱས་དང་། །ཟག་མེད་ལམ་ནི་བསྐྱེད་པའི་ཕྱིར། །དང་པོར་ཞི་གནས་བསྐྱེད་པར་བྱ། ཞེས་སོ། །གསུམ་པ་ཤེས་རབ་ཀྱི་བསླབ་པ་ལ་སློབ་པའི་ཚུལ་ལ་གཉིས། ཐབས་ཤེས་ཟུང་འབྲེལ་གྱི་འཐད་པ་བསྟན་པའི་སྒོ་ནས་ལྷག་མཐོང་ལ་བསླབ་པར་བསྟན་པ་དང་། ལྷག་མཐོང་ལ་ཇི་ལྟར་སློབ་པའི་ཚུལ་ལོ། །དང་པོ་ལ་གསུམ། ལྷག་མཐོང་ཤེས་རབ་ལ་སློབ་དགོས་པའི་རྒྱུ་མཚན་དང་། ཐབས་ཤེས་ཟུང་འབྲེལ་གྱི་སློབ་དགོས་པའི་རྒྱུ་མཚན་ཟུང་དུ་འབྲེལ་བའི་ལམ་དངོས་བཤད་པའོ། །དང་པོ་ནི། འོ་ན་ཞི་གནས་དང་། དེས་བྲངས་པའི་མངོན་ཤེས་བསྐྱེད་པ་ཙམ་གྱིས་ཆོག་གམ་སྙམ་ན། འཇིག་རྟེན་པའི་བསམ་
༤༧གཏན་གྱི་ཉོན་མོངས་མངོན་གྱུར་སྤོང་ན་ཡང་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བའམ་རྣལ་འབྱོར་དང་བྲལ་བས་སྒྲིབ་པ་གཉིས་པོ་གང་གི་ཡང་ས་བོན་ཟད་པར་མི་འགྱུར་ཏེ། སློབ་དཔོན་ཆེན་པོ་ཙནྡྲ་གོ་མཱིས། བསམ་གཏན་ནགས་མེས་ཡང་དང་ཡང་དུ་ནི། །ཉེས་པའི་ཚང་ཚིང་མང་པོ་བསྲེགས་བྱས་ཀྱང་། །བདག་ལྟའི་རྩ་བ་བརྟན་པོ་མ་བྱུང་ན། །ཆར་གྱི་བརླན་བཞིན་མདུན་ནས་རབ་ཏུ་བསྐྱེད། ཅེས་སོ། །རྒྱུ་མཚན་དེ་ཡི་ཕྱིར་ན་ཆགས་སོགས་ཉོན་མོངས་པ་དང་། །གཉིས་སྣང་འཁྲུལ་པའི་བག་ཆགས་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤང་བའི་ཕྱིར། དེ་ཉིད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དུས་རྟག་ཏུ་སྦྱིན་སོགས་ཀྱི་ཐབས་དང་བཅས་པའི་སྒོ་ནས་བསྒོམ་པར་བྱ་དགོས་ཏེ། སྤྱོད་འཇུག་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་བ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཇི་ལྟར་སྒོམ་མི་བྱེད། ཅེས་སོ། །དེ་ལ་རྐང་པ་སྔ་མ་གཉིས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་བྲལ་ན་ཉོན་མོངས་ཅི་ཡང་སྤོང་མི་ནུས་པས། ཉན་རང་ལའང་སྟོང་ཉིད་ཕྲ་མོ་རྟོགས་པ་ཡོད་པར་བསྟན། ཕྱི་མ་བཞིས་ཐེག་པ་ཆེ་ཆུང་ལྟ་བས་མི་འབྱེད་པས། ཐེག་པ་ཆེན་པོས་བགྲོད་པ་རྣམས་ཀྱིས་ཐབས་རྒྱ་ཆེན་པོས་ཟིན་པའི་ཤེས་རབ་ལ་སློབ་དགོས་པར་བསྟན་ནོ་གསུངས། གཉིས་པ་ནི། དེ་ལྟར་ན་ཐབས་དང་བྲལ་བའི་ཤེས་རབ་ཁོ་ན་དང་། ཤེས་རབ་དང་བྲལ་བའི་ཐབས་གཅིག་པུ་ཉིད་ཀྱིས་ཀྱང་སངས་རྒྱས་མི་ཐོབ་པས། རྫོགས་བྱང་དོན་དུ་གཉེར་བའི་གང་ཟག་གིས་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ལ་སློབ་དགོས་ཏེ། རྒྱུ་མཚན་གང་གི་ཕྱིར་ན། བཅོམ་ལྡན་འདས་ཀྱིས་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་བའོ། །ཞེས་གསུངས་པ་དེ་བས་ན་གཉིས་ཀ་གང་ཡང་སྤང་ཞིང་དོར་བར་མི་བྱའོ། །གསུམ་པ་ཟུང་འབྲེལ་གྱི་ལམ་ཉིད་བཤད་
༤༨པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འོ་ན་དེ་དག་སོ་སོའ་ངོ་བོ་གང་ཡིན་ཞེ་ན། ཤེས་རབ་ནི་གང་དང་ཐབས་ནི་གང་ཡིན་ཞེས་མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་དུ་གྱུར་པ་དག་ནི་སྤང་བའི་ཕྱིར། ཐབས་རྣམས་དང་ནི། ཤེས་རབ་ཀྱི་མཚན་ཉིད་འདྲེས་པ་ལྟ་བུར་སྣང་བ་དེ་ཕྱིན་ཅི་མ་ལོག་པར་ཡང་དག་པ་ཉིད་དུ་སོ་སོའ་དབྱེ་བའམ་ཁྱད་པར་མ་འདྲེས་པར་གསལ་བར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཐབས་ངོས་བཟུང་བ། དེ་གོམས་པའི་དགོས་པ། ཤེས་རབ་ཀྱི་ངོས་བཟུང་བའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སླབས་པའམ་ལོགས་སུ་བཀར་ནས། དེ་ལས་གཞན་བྱང་ཆུབ་ཀྱི་སེམས་ཀྱི་ཟིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་མཚོན་པའི་དཀར་བོ་དགེ་བའི་ཆོས་རྣམས་ཐམས་ཅད་པ་མཐའ་དག །དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཐབས་ཀྱི་ཕྱོགས་སུ་གཏོགས་པ་ཡིན་པར་བཤད་དོ། །གཉིས་པ་ནི། མི་རྟག་པ་དང་ལས་འབྲས་ནས་བརྩམས་ཏེ་སྦྱིན་པ་ལ་སོགས་པའི་ཐབས་རྣམས་གོམས་པ་ཤིན་ཏུ་བརྟན་པར་བྱས་པའི་དབང་གིས། བྱང་སེམས་བདག་རང་ཉིད་ཀྱིས་ཕྱི་ནང་གི་དངོས་པོ་གང་ཡང་རུང་བ་ཞིག་ལ་དམིགས་ནས་མཚན་མར་འཛིན་པའི་དམིགས་གཏད་གཅོད་པའི་ཤེས་རབ་རྣམ་པར་བསྒོམ་པ་ཉིད་སྒྲིབ་པ་སྤོང་བ་ལ་ནུས་པ་ཤིན་ཏུ་ཆེ་བས་ན། དེས་ནི་བླ་ན་མེད་པའི་བྱང་ཆུབ་མྱུར་བ་ཉིད་དུ་ཐོབ་པར་འགྱུར་གྱིས། ཐབས་ཀྱི་ཆ་ཁྱད་དུ་བསད་ནས་བདག་མེད་གཅིག་པུ་བསྒོམ་པས་བླ་མེད་བྱང་ཆུབ་འགྲུབ་པ་མིན་ནོ། །གསུམ་པ་ནི། ཕུང་བོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་ཏེ། །ཆོས་སུམ་ཅུ་རྩ་ལྔ་པོ་དེ་རྣམས་ནི་ཆོས་ཅན་ནམ་དམིགས་པའོ། །དེ་རྣམས་ཀྱི་སྟེང་དུ་ངེས་བྱའི་ཆོས་སམ་རྣམ་པ་ནི། རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་ཤིང་ཤེས་པར་བྱ་བ་ཡིན་ཏེ། འཁོར་བར་འཁྱམས་པའི་རྒྱུའི་གཙོ་བོ་ནི་ཇི་ལྟར་སྣང་བའི་དངོས་པོ་འདི་
༤༩དག་ལ་བདེན་པར་ཞེན་པ་ཉིད་ཡིན་ལ། བདེན་ཞེན་རྣམས་ལས་ཀྱང་རང་བཞིན་གྱིས་སྐྱེ་བར་འཛིན་པ་ཉིད་དངོས་འཛིན་གཞན་གྱི་རྟེན་ཡིན་པས་ལྡོག་དགོས། དེ་ལ་རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་དགོས་པའི་ཕྱིར། དེ་ལྟར་ན་སྔར་ཡོད་པ་ཞིག་ཕྱིས་མེད་དེ་སོང་བ་ལྟ་བུའང་མ་ཡིན་པར། གཟོད་མ་ནས་སྟོང་པ་ཡིན་པས་རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་པར་གྱུར་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བ་ཉིད་དུ་ཤེས་པ་ནི། ཐབས་ཤེས་གཉིས་ཀྱི་ནང་ནས་ཤེས་རབ་ཅེས་ནི་ཡོངས་སུ་བཤད་ལ། ཤེས་རབ་ཀྱི་བསླབ་པའི་གཙོ་བོ་ཡང་དེ་ཡིན་ནོ། །གཉིས་པ་ལྷག་མཐོང་ལ་སློབ་པའི་ཚུལ་ལ་གཉིས། རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ། །དང་པོ་ལ་གསུམ། ལྷག་མཐོང་གི་ཚོགས་བརྟེན་པ། ལྷག་མཐོང་བསྒོམ་པའི་ཚུལ། བསྒོམ་པའི་འབྲས་བུའོ། །དང་པོ་ལ་གཉིས། རིག་པ་ལ་བརྟེན་པ་བསམ་བྱུང་གི་ཤེས་རབ་དང་། ལུང་ལ་བརྟེན་པ་ཐོས་བྱུང་གི་ཤེས་རབ་བསྟན་པའོ། །དང་པོ་ལ་གསུམ། འབྲས་བུ་ལ་སྤྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིག །རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེག་མའི་གཏན་ཚིག །ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ་གྱི་གཏན་ཚིག་གོ། །དང་པོ་ནི། གོང་དུ་རང་བཞིན་གྱིས་སྐྱེ་བ་མེད་པར་བརྟགས་པའི་བློས་ཤེས་རབ་ཏུ་བསྟན་པ་ལ། དངོས་སྨྲ་བ་རྣམས་ན་རེ། མི་འཐད་དེ། དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་འཇིག་མངོན་སུམ་དུ་གྲུབ་པའི་ཕྱིར་ཞེ་ན། འོ་ན་མྱུ་གུ་རང་བཞིན་གྱིས་སྐྱེ་ན། རྒྱུའི་དུས་ན་ཡོད་པའམ། མེད་པའམ་གཉིས་ཀའམ། གཉིས་ཀ་མ་ཡིན་པ་ཞིག་རང་བཞིན་གྱིས་སྐྱེ་བར་བརྟག་གྲང་། དང་པོ་ལྟར་ན། མྱུ་གུ་ཆོས་ཅན། རྒྱུ་ཡི་དུས་སུ་ཡོད་པ་སྐྱེ་བ་རིགས་པ་མིན་ཏེ། ཡོད་པ་གྲུབ་ཟིན་པས་སྐྱེ་བ་དགོས་པ་མེད་པའི་ཕྱིར་དང་། གྲུབ་ཟིན་སྐྱེ་ན་སྐྱེ་བ་ཐུག་མེད་དུ་འགྱུར་བའི་ཕྱིར། གཉིས་པ་ལྟར་ན། རྒྱུའི་དུས་སུ་མེད་པའང་རང་བཞིན་གྱིས་སྐྱེ་བ་རིགས་པ་མ་ཡིན་ཏེ། རྒྱུ་ནུས་པ་རི་ལྟར་ཆེ་
༥༠ཡང་རང་བཞིན་གྱིས་གྲུབ་པའི་མྱུ་གུ་བསྐྱེད་མི་ནུས་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །རྒྱུའི་དུས་སུ་མེད་ན། སྤྱིར་མེད་མི་དགོས་ཀྱང་། རང་བཞིན་གྱིས་གྲུབ་པ་ཞིག་རྒྱུའི་དུས་སུ་མེད་ན་རྣམ་པ་ཐམས་ཅད་དུ་མེད་དགོས་ཏེ། སྔོན་བྱུང་ད་ལྟ་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། ཞེས་པས་བསྟན་པའི་རིགས་པས་སོ། །གསུམ་པ་ལྟར་ན། སྔར་བཤད་པའི་ཉེས་པ་གཉིས་ཀར་ཐལ་བར་འགྱུར་བའི་ཕྱིར། རྒྱུའི་དུས་སུ་ཡོད་པ་དང་མེད་པ་གཉིས་ཀ་དག་ཀྱང་། རང་བཞིན་གྱིས་འབྱུང་བ་རིགས་པ་མིན་ནོ། །བཞི་པ་ལྟར་ན་ཡང་མི་འཐད་དེ། རྒྱུའི་དུས་སུ་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པའི་དངོས་པོ་ཕུང་གསུམ་པ་དེ་འདྲ་མི་སྲིད་པའི་ཕྱིར། དེ་ལྟར་ན་མྱུ་གུ་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་རང་བཞིན་གྱིས་མི་སྐྱེ་བའི་ཕྱིར། ཞེས་པས་ཤེས་རབ་ཀྱི་ཡུལ་སྐྱེ་མེད་རིགས་པས་སྒྲུབ་པ་ཡིན་ཏེ། སྟོང་ཉིད་བདུན་ཅུ་པ་ལས། ཡོད་པ་ཡོད་ཕྱིར་སྐྱེ་མ་མིན། །མེད་པ་མེད་ཕྱིར་སྐྱེ་མ་ཡིན། །ཆོས་མི་མཐུན་ཕྱིར་གཉིས་ཆོས་མིན། །སྐྱེ་བ་མེད་ཕྱིར་གནས་འགག་མིན། ཅེས་སོ། །གཉིས་པ་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། རང་ལས་མི་སྐྱེ་སྟེ། དེ་ལྟར་ན་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་ཞིང་། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །ཞེས་པའི་གནོད་བྱེད་ཀྱང་འཇུག་པའི་ཕྱིར། ངོ་བོ་ཉིད་ཀྱིས་གཞན་ལས་ཀྱང་མི་སྐྱེ་སྟེ། ངོ་བོ་ཉིད་ཀྱིས་གཞན་ཡིན་ན་ཕན་གདགས་བྱ་འདོགས་བྱེད་འབྲེལ་མེད་དུ་འགྱུར། དེ་ལྟར་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར་དང་། རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་པའི་རིག་པས་གནོད་པའི་ཕྱིར། འདི་ནི་གཅིག་དུ་བྲལ་གྱི་རིགས་པའི་སྙིང་པོ་ཅན་ཡང་ཡིན་ཏེ། བདག་སྐྱེ་འགོག་པའི་གཅིག་དང་། གཞན་སྐྱེ་འགོག་པའི་རང་བཞིན་གྱིས་ཐ་དད་ཡིན་པ་འགོག་པའི་ཕྱིར། བདག་གཞན་
༥༡གཉིས་ཀ་ལས་ཀྱང་སྐྱེ་བ་མིན་ཏེ། བདག་གཞན་རེ་རེ་པ་ལས་སྐྱེ་བ་ཁོག་པའི་ཕྱིར། །རྒྱུ་མེད་ལས་ཀྱང་སྐྱེ་བ་མིན་ཏེ། དེ་ལྟར་ན་འཇིག་རྟེན་པ་རྣམས་འབྲས་བུ་སྟོན་ཐོག་འབྱུང་བའི་ཕྱིར། ཞིང་ལས་ལ་འབད་པའང་དོན་མེད་པའི་ཕྱིར་དང་། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། ཞེས་པས་གནོད་བྱེད་ཐོག་ཏུ་འབབ་པའི་ཕྱིར། དེ་ལྟར་མཐའ་བཞི་ལས་སྐྱེ་བ་མི་འཐད་པ་དེ་ཡི་ཕྱིར། དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་རང་བཞིན་མེད་དོ། །གསུམ་པ་ནི། སྔར་བཤད་པ་ལས་ཡང་ན་རིགས་པའི་རྣམ་གྲངས་གཞན་ཕྱི་ནང་གི་ཆོས་རྣམས་ཐམས་ཅད་པ་དག་ནི་ཆོས་ཅན། རང་བཞིན་གྱིས་གྲུབ་པའི་གཅིག་དང་། དེ་ལྟར་གྲུབ་པའི་དུ་མས་རྣམ་པར་དཔྱད་ན་ཡུལ་སྟེང་ནས་གྲུབ་པའི་ངོ་བོ་ཉིད་ནི་རྡུལ་ཙམ་ཡང་མི་དམིགས་པས་ན། རང་བཞིན་གྱིས་གྲུབ་པ་མེད་པ་ཉིད་དུ་ངེས་ཏེ། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན་ནོ། །གཉིས་པ་ལུང་ལ་བརྟེན་ནས་ཐོས་བྱུང་གི་ཤེས་རབ་ནི། བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྟོང་ཉིད་ཟབ་མོ་ལ་ངེས་པ་ཡང་དག་པར་དྲང་བའི་ཕྱིར། སྟོང་ཉིད་ངེས་དོན་གྱི་ལུང་གིས་བསྒྲུབ་པ་མདོ་ཀུན་ལས་བཏུས་པ་དང་། རིགས་པས་བསྒྲུབ་པ་སྟོང་ཉིད་བདུན་ཅུ་པའི་གཞུང་ལས་འབྱུང་བའི་རིགས་པ་དང་། །སྟོང་ཉིད་ཟབ་མོ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལ་འབེབས་པ་དབུ་མ་རྩ་བ་ལ་སོགས་པའི་རིགས་པའི་ཚོགས་རྣམས་དང་། ལྷག་པར་འཕགས་པའི་དགོངས་པ་འགྲེལ་བའི་མཆོག་སངས་རྒྱས་བསྐྱངས་དང་ཟླ་བའི་ཞབས། ཞི་བ་ལྷའི་གཞུང་རྣམས་ལས་ཀྱང་དངོས་པོ་རྣམས་ཀྱི་རང་བཞིན་ནམ་གནས་ཚུལ་ཉིད་གདོད་མ་ནས་སྟོང་བ་ཉིད་དུ་གྲུབ་པར་བཤད་པ་ལ། རྒྱ་ཆེར་བལྟ་ཞིང་ལྟ་བའི་ཕུ་ཐག་ཆོད་པར་བྱའོ། །འོ་ན་ལུང་དང་རིགས་རིག་པ་རྒྱ་ཆེན་པོ་དེ་དག་རྒྱུ་མཚན་གང་གི་ཕྱིར་འདིར་མི་འགོད་ཅེ་ན། དེ་དག་འདིར་བཀོད་ན་གཞུང་ནི་ཤིན་ཏུ་མངས་མངཔར་གྱུར་གྱིས་དོགས་ནས། རྒྱུ་མཚན་དེ་ཡི་ཕྱིར་འདིར་ནི་དེ་དག་མ་སྤྲོས་ལ། འོན་ཀྱང་ལུང་རིག་གིས་གྲུབ་པའི་གྲུབ་མཐའ་ཙམ་ཞིག་ཏུ་ཅུང་ཟད་
༥༢བསྟན་པ་ནི། བདག་མེད་བསྒོམ་པའི་དོན་དུ་རབ་ཏུ་བསྡུས་ཏེ་བཤད་པ་ཡིན་ནོ། །དེ་ཡང་། སྟོང་ཉིད་བདུན་ཅུའི་རིག་པ་དང་། ཞེས་པ་འདིས་རྟེན་འབྲེལ་ཆེན་པོའ་གཏན་ཚིགས་བསྟན་པར་བཞེད་པ་ལྟར་ན། བློ་གྲོས་རྒྱ་མཚོས་ཞུས་པ་ལས། གང་རྣམས་རྟེན་ཅིང་འབྲེལ་བར་འབད། །དེ་རྣམས་ངོ་བོ་ཉིད་ཀྱིས་མེད། ཅེས་རྟེན་འབྱུང་གི་རྟགས་ཀྱིས་རང་བཞིན་གྱིས་གྲུབ་པ་འགོག་པ་གསལ་བར་གསུངས་ཤིང་། མ་དྲོས་པས་ཞུས་པ་ལས་ཀྱང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རགས་ལས་གང་དེ་སྟོང་པ་སྟེ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། ཅེས་གསལ་བར་གསུངས་ཏེ། དེ་ཡང་རྐང་པ་དང་པོས་མ་སྐྱེས་ཞེས་གསུངས་པའི་དོན་ནི། རྐང་པ་གཉིས་པས་དེས་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ཅེས་བཤད་པས། སྐྱེ་བ་འགོག་པ་ལ་དགག་བྱའི་ཁྱད་པར་སྦྱར་བ་ཡིན་ལ། རྐང་པ་གསུམ་པས་རྐྱེན་ཚོགས་པའི་རྟེན་འབྲེལ་ལ་རག་ལས་པ་གང་ཡིན་པ་དེ་ནི་སྟོང་བའི་དོན་དུ་གསུངས་ཏེ། དེའང་རང་བཞིན་གྱིས་གྲུབ་པས་སྟོང་བ་རྟེན་འབྱུང་གི་དོན་ཡིན་གྱི། སྐྱེ་ཙམ་བཀག་པའི་སྣང་ཙམ་དུ་དོན་བྱེད་པས་སྟོང་བ་མིན་པར་བསྟོན་ནོ། །རྩ་ཤེས་ལས་ཀྱང་། རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། ཞེས་བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། ངོ་བོ་ཉིད་ཀྱིས་གྲུབ་པས་ཞི་བའམ་སྟོང་བར་གསུངས་སོ། །དེ་འདྲ་བའི་རྟེན་འབྱུང་གི་གཏན་ཚིགས་ལ་ཤིན་ཏུ་བསྔགས་ཏེ། མ་དྲོས་པས་ཞུས་པ་ལས། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་འགྱུར་ཏེ། །མཐར་ལྟ་བ་ལ་བརྟེན་པར་ཡོང་མི་བྱེད། ཅེས་རྟེན་འབྱུང་ཇི་བཞིན་དུ་རྟོགས་པས་མཐར་འཛིན་གྱི་ལྟ་བ་ལ་མི་བརྟེན་པར་གསུངས་ཏེ། འདི་ནི་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་བྱད་ཆོས་བླ་ན་མེད་པའོ། །དེ་ཡང་འདི་ལྟར་ལྟ་བ་རྣམ་དག་གི་གེགས་དང་གོལ་སའི་གཙོ་བོ་ནི་གཉིས་ཏེ། ཆོས་རྣམས་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་དམིགས་གཏད་ཅན་གྱི་རྟག་ལྟ་སྒྲོ་འདོགས་ཀྱི་
༥༣ལྟ་བ་དང་། རྒྱུ་འབྲས་རྟེན་འབྱུང་གི་ངེས་པ་རང་ལུགས་ལ་དྲང་དུ་མེད་པར་སོང་ནས་འདི་ཡིན་དང་མིན་གྱི་ངོས་བཟུང་བྱས་མེད་པ་ཆད་ལྟ་སྐུར་འདེབས་ཀྱི་ལྟ་བའོ། །དེ་གཉིས་ནི་རྒྱུ་རྐྱེན་འདི་ལས་འབྲས་བུ་འདི་འབྱུང་ལ་ངེས་པ་དྲངས་པའི་ཏན་ཚིགས་ལ་བརྟེན་ནས། རང་བཞིན་གྱིས་གྲུབ་པ་བཀག་པ་ནམ་ལུས་པ་སྤོང་བ་ཡིན་ཏེ། གཏན་ཚིགས་ཀྱི་དོན་ངེས་པས་ཆད་ལྟ་དང་། དམ་བཅས་པའི་དོན་ངེས་པས་ནི་རྟག་ལྟ་རྩ་བ་ནས་སུན་འབྱིན་པའི་ཕྱིར་རོ། །དེས་ན་མྱུ་གུ་ལ་སོགས་པར་ཕྱི་དང་། །འདུ་བྱེད་ལ་སོགས་པ་ནང་གི་དངོས་པོ་རྣམས་རིམ་པ་བཞིན་དུ་ས་བོན་ལོགས་པ་དང་། མ་རིག་པ་ལ་སོགས་པ་ལ་བརྟེན་ནས་འབྱུང་ལ། དེ་ལྟ་ཡིན་ན་དེ་དག་ལ་རང་གིས་མཚན་ཉིད་ཀྱིས་གྲུབ་པ་མི་འཐད་དེ། རང་གི་ངོ་བོ་ཉིད་ཀྱིས་གྲུབ་ན་ནི། རང་ལ་དབང་བའི་ཚུགས་ཐུབ་ཀྱི་རང་བཞིན་གྲུབ་དགོས་པས། རྒྱུ་རྐྱེན་ལ་རག་ལས་པ་འགལ་བའི་ཕྱིར། འདིས་ནི་གང་ཟག་དང་བུམ་པ་སོགས་ཀྱང་རང་གི་ཚོགས་པ་བརྟེན་ནས་བཏགས་པ་ཡིན་པས་རང་བཞིན་མེད་པར་ཤེས་པར་བྱའོ། །བརྟེན་ནས་སྐྱེས་པ་དང་། བརྟེན་ནས་བཏགས་པ་ཡིན་ན། གང་ལ་བརྟེན་པ་དེ་དང་ངོ་བོ་ཉིད་ཀྱིས་གྲུབ་པའི་གཅིག་ཏུ་མེད་དོ། །གཅིག་ཏུ་ཡོད་ན་བྱ་བྱེད་ཐམས་ཅད་གཅིག་ཏུ་འགྱུར་རོ། །དེ་གཉིས་ངོ་བོ་ཉིད་དུ་གྲུབ་པའི་གཞན་དུའང་མེད་དེ། ཡོད་ན་འབྲེལ་པ་འགོག་ནུས་པས། དེ་ལ་ལྟོས་པ་འགལ་བའི་ཕྱིར་རོ། །རྩ་ཤེས་ལས་ཀྱང་། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཏེ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། ཞེས་སོ། །དེ་ལྟར་མཚན་འཛིན་གྱི་དམིགས་གཏད་མཐའ་དག་གིས་སྟོང་བའི་སྟོང་ཉིད་ཀྱི་ངེས་པ་དྲངས་ནས། ལས་འབྲས་ཀྱི་འབྲེལ་བའི་ངེས་པ་མི་འདོར་བས། འདོར་ལེན་བསྟེན་པ་ལ་ཤིན་ཏུ་བསྔགས་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། ཞེས་གསུངས་
༥༤སོ། །དེ་ལྟར་འོང་བ་ལ་ནི་རང་བཞིན་གྱིས་ཡོད་པ་དང་། ཡོད་ཙམ་དང་། རང་གི་མཚན་ཉིད་ཀྱིས་མེད་པ་དང་། མེད་པའི་ཁྱད་པར་ཕྱེད་དགོས་ཏེ། འཇུག་འགྲེལ་ལས། གཟུགས་བརྙན་རང་བཞིན་མེད་པའི་རྒྱུ་དང་འབྲས་བུའི་རྣམ་པར་གཞག་པ་ཡང་ཤེས་བཞིན་དུ། མཁས་པ་སུ་ཞིག་གཟུགས་དང་ཚོར་བ་ལ་སོགས་བརྒྱུ་དང་། འབྲས་བུ་ལས་ཐ་དད་མེད་པར་གནས་པ་རྣམས་ཡོད་པ་ཙམ་ཞིག་ཏུ་དམིགས་པས་རང་བཞིན་དང་བཅས་པར་ངེས་པར་བྱེད། དེའི་ཕྱིར་ཡོད་པར་དམིགས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་དོ། །ཞེས་གསུངས་པ་ལྟར་རོ། །དེ་དག་མ་ཕྱེད་ན་དངོས་པོ་ཡོད་ཕྱིན་ཆད་རང་གི་ངོ་བོས་ཡོད་པ་དང་། རང་གི་ངོ་བོས་མེད་ཕྱིན་ཆད་ཡེ་མེད་དུ་སོང་ནས། སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་གཉིས་ལས་མི་འདའ་བར་གསུངས་སོ། །དེས་ན་རང་གི་ངོ་བོས་མེད་པས་ཡོད་མཐའ་ཐམས་ཅད་དང་། དེ་ཉིད་ལ་རང་བཞིན་མེད་པའི་རྒྱུ་འབྲས་འཇོག་ནུས་པས་མེད་མཐའ་ཐམས་ཅད་ལས་གྲོལ་ལོ། །མདོར་ན་ཆོས་རྣམས་བདེན་པར་འཛིན་པ་དང་། ཅིར་ཡང་མ་གྲུབ་པ་དང་ཡོད་པ་མིན་པར་འཛིན་པ་ནི། ཡང་དག་པའི་དོན་གྱི་བཟློག་ཕྱོགས་ཀྱི་རྟག་ཆད་ཀྱི་མཐར་ལྟུང་བ་ཡིན་གྱི། །ཆོས་རྣམས་དོན་དམ་པར་མེད་པ་དང་། ལས་འབྲས་སོགས་ཐ་སྙད་དུ་ཡོད་པར་འཛིན་པ་སོགས་ནི་མཐར་འཛིན་མིན་ཏེ། གཟུང་བ་ལྟར་དུ་ཡུལ་དེ་སྣང་ཙམ་དུ་དེ་ལྟར་གནས་པའི་ཕྱིར་ཏེ། སྟོང་ཉིད་བདུན་ཅུ་པ་ལས། འདི་རྟེན་འདི་འབྱུང་ཞེས་བྱ་བའི། །འཇིག་རྟེན་ཚུལ་འདི་འགོག་མི་མཛད། ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྷག་མཐོང་སྒོམ་ཚུལ་ནི། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་པ་དེ་བས་ན་གང་ཟག་དང་ཕུང་བོ་སོགས་ཀྱི་ཆོས་རྣམས་ལྷག་མ་མ་ལུས་པའི་རང་བཞིན་དག་ནི་ཡོད་ན། ལུང་དང་རིག་པས་བཙལ་བའི་ཚེ་རྙེད་དགོས་པ་ལས། རྡུལ་ཙམ་ཡང་མི་དམིགས་པས་ན། གང་ཟག་དང་ཆོས་ལ་ངོ་བོས་གྲུབ་པའི་བདག་མེད་པ་ཉིད་ནི་ཡིན་ནོ། །ཞེས་རིགས་རིགཔས་རྣམ་པར་དཔྱད་ཅིང་སྒོམ་པ་གང་ཉིད་ཡིན་པ་
༥༥དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བསྒོམ་པ་ཡིན་ཏེ། སྒོམ་རིམ་པར་མ་ལས། ཤེས་རབ་ཀྱིས་དངོས་པོ་མཐའ་དག་གི་ངོ་བོ་ཉིད་ལ་སོ་སོར་བརྟགས་ནས་གང་གི་ཕྱིར། མི་དམིགས་པར་བསམ་གཏན་བྱེད་པ་དེའི་ཕྱིར། ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་བྱ་སྟེ། ཞེས་གསུངས་པས་སོ། །འོ་ན་དེ་ལྟར་རྟོགས་མཁན་གྱི་ཤེས་རབ་ཉིད་ལ་འཛིན་པ་ཇི་ལྟར་སྤོང་། ཞེ་ན། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ནི་གང་ཟག་དང་ཆོས་རྣམས་ཀུན་ལ་དཔྱད་པའི་ཚེ་གང་གི་ཡང་རང་བཞིན་བདེན་གྲུབ་ཏུ་མ་མཐོང་བ་བཞིན་དུ། ཤེས་རབ་དེ་ཉིད་ཀྱང་རིག་པས་རྣམ་པར་དཔྱད་པ་ན་རང་བཞིན་གྱིས་བདེན་གྲུབ་ཏུ་མེད་དོ། །བདེན་པའི་གཅིག་དང་། བདེན་པའི་དུ་མ་དང་བྲལ་བའི་ཕྱིར། དེ་ལྟར་ཡུལ་ཅན་སྐྱེ་མེད་དུ་རྟོགས་པ་གང་ཡིན་པ་དེ་ཉིད་རྣམ་པར་རྟོག་པ་མེད་པར་གནས་པ། མི་རྟོགས་པའི་ཡེ་ཤེས་ཀྱི་རྒྱུར་ངེས་པས་དེ་བསྒོམ་པར་བྱའོ། །གཉིས་པ་ལྷག་མཐོང་བསྒོམ་པའི་འབྲས་བུ་ལ་གཉིས། དངོས་ཀྱི་དོན་དང་། དེ་ཉིད་ལུང་གིས་སྒྲུབ་པའོ། །དང་པོ་ནི། བདེན་འཛིན་གྱི་རྣམ་པར་རྟོག་པ་ལས་བྱུང་ཞིང་དེའི་རྩ་བ་ཅན་གྱི་ཁམས་གསུམ་གྱི་སྲིད་པ་འཁོར་བ་འདི་ཐམས་ཅད་རྣམ་པར་རྟོག་པས་སྒྲོ་བཏགས་ནས་བཞག་པའི་བདག་ཉིད་དོ། །དེ་ཡི་ཕྱིར་ན་མ་ལུས་ཤིང་ལུས་པ་མེད་པའི་རྣམ་པར་རྟོག་པ་བག་ཆགས་དང་བཅས་ཀུན་སྤངས་པ་ནི། མི་གནས་པའི་མྱ་ངན་ལས་འདས་པ་ཐར་པའི་མཆོག་ཐོབ་པ་རང་གཞན་གྱི་དོན་ཐམས་ཅད་འགྲུབ་པ་ཡིན་ནོ། །གཉིས་པ་ནི། འོ་ན་འཁོར་བ་རྣམ་རྟོག་ལས་བྱུང་བ་དང་། བདག་མེད་བསྒོམས་པས་དེ་ཉིད་སྤོང་ནུས་པའི་ཁུངས་ཇི་ལྟར་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་སམྦུ་ཊའི་རྒྱུད་ལས། དངོས་པོར་འཛིན་པའི་རྣམ་པར་རྟོག་པ་འདི་ནི་སྲིད་པའི་རྩ་བར་གྱུར་བའི་མ་རིག་པ་ཆེན་པོ་ཞེས་བྱ་སྟེ། གཏིང་མཐའ་མེད་པའི་འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད་པ་པོ་ཡིན་པའི་ཕྱིར། བདེན་འཛིན་གྱི་རྣམ་རྟོག་གི་གཉེན་པོར་བདག་མེད་པའི་དོན་རིགས་པས་དཔྱད་དེ། ངེས་པ་རྙེད་པའི་ཚེ་དཔྱད་
༥༦མཐར་རྣམ་རྟོག་དང་བྲལ་བའི་རྟོག་མེད་ཀྱི་ཏིང་ངེ་འཛིན་ལ་གནས་ཤིང་གོམས་པར་བྱས་པས། གོམས་པ་རབ་ཀྱི་མཐར་ཕྱིན་པ་ན། སྟོན་དུས་ཀྱི་སྤྲིན་དང་བྲལ་བའི་ནམ་མཁའ་བཞིན་དུ་རྟོག་པ་མེད་པའི་སེམས་ཀྱི་ཆོས་ཉིད་གསལ་བར་མངོན་སུམ་དུ་མཐོང་བ་ཡིན་ནོ། །ཞེས་གསུངས་ཏེ། ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །རྟོག་མེད་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། ཅེས་སོ། །གཞན་ཡང་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཀྱང་། ཐེག་པ་ཆེན་པོའ་དམ་པའི་ཆོས་ཟབ་མོ་འདི་ལ། ཐོས་བསམ་གྱི་ཤེས་རབ་སྔོན་དུ་འགྲོ་བའི་རྒྱལ་བའི་སྲས་པོས། མཚན་འཛིན་གྱི་ཡིད་བྱེད་དང་འགལ་བའི་མི་མཐུན་ཕྱོགས་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ལ། དེ་བསམས་ཤིང་གོམས་པར་གྱུར་ན། མཚན་མ་ལ་སྤྱོད་པའི་རྣམ་རྟོག་གི་དྲྭ་བ་བགྲོད་པར་དཀའ་བ་རྣམས་ལས་རྣམ་པར་འདས་ཏེ། རིམ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །ཞེས་གསུངས་ཏེ། དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམས་གྱུར་ན། །རྣམ་རྟོག་བགྲོད་དཀའ་རྣམས་འདས་ཏེ། །རིམ་གྱིས་མི་རྟོག་ཐོབ་པར་འགྱུར། །ཞེས་མདོ་རྒྱུད་གཉིས་ཀྱི་ལུང་གིས་བསྒྲུབ་པར་མཛད་དོ། །གཉིས་པ་མཇུག་བསྡུ་བ་ནི། །དེ་ལྟར་ངེས་དོན་གྱི་ལུང་དང་། དྲི་མ་མེད་པའི་རིག་པའི་ཚོགས་དག་གིས་ནི། གང་ཟག་དང་ཕུང་བ་ོསོགས་ཀྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་བདེན་པར་སྐྱེ་བ་མེད་པའམ་སྐྱེ་བའི་རང་བཞིན་མེད་པར་ངེས་ཤིང་སྒྲོ་འདོགས་ཆོད་པར་བྱས་ནས། ཡིན་ལུགས་ཀྱི་དོན་ལ་མཚན་འཛིན་གྱི་རྣམ་པར་རྟོག་པ་མེད་པར་རྩེ་གཅིག་ཏུ་བསྒོམ་པར་བྱ་སྟེ། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་བོར་བྱ། །སྐྱེ་བའི་རྫོང་ལས་ཚོགས་ཆུང་ཐར་བར་འགྱུར། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་འབྲས་བུའི་ཆོས་བཤད་པ་ནི། དེ་ལྟར་སྐྱབས་འགྲོ་ཐུན་མོང་བ་ནས་བཟུང་སྟེ།
༥༧སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བློ་ལེགས་པར་སྦྱངས་ནས། སྨོན་འཇུག་གི་སེམས་གཉིས་བསྐྱེད་དེ། ཐབས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས། ཞི་གནས་དང་། ལྷག་མཐོང་གི་དེ་ཁོ་ན་ཉིད་བསྒོམ་པར་བྱས་ན། ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ་ལེགས་པར་བགྲོད་དེ། རིམ་གྱིས་དྲོད་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་ཐོབ་པར་བྱས་ནས། ས་དང་པོ་རབ་ཏུ་དགའ་བ་དང་། གཉིས་པ་དྲི་མ་མེད་པ་ལ་སོགས་པ་ནས་བཟུང་སྟེ། བཅུ་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་གྱི་གནས་སྐབས་ཀྱི་འབྲས་བུ་ཐོབ་པར་འགྱུར་ཏེ། དེ་ལས་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཀྱི་གོ་འཕང་ཡང་ཡུན་མི་རིང་བར་མྱུར་བ་ཉིད་དུ་ཐོབ་ནས། སྐལ་བ་དང་ལྡན་པའི་འགྲོ་བ་མཐའ་ཡས་པ་སྨིན་ཅིང་གྲོལ་བར་བྱེད་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་། རྒྱུན་མི་ཆད་པར་འཁོར་བ་ཇི་སྲིད་དུ་འབྱུང་བ་ཡིན་ཏེ། དེ་བཞིན་འཁོར་བ་ཇི་སྲིད་དུ། །ལས་ནི་རྒྱུན་མི་ཆད་པར་འདོད། ཅེས་གསུངས་སོ། །གཉིས་པ་སྔགས་ལ་འཇུག་པའི་ཚུལ་མདོ་ཙམ་བསྟན་པ་ལ་གསུམ། རྡོ་རྗེ་ཐེག་པ་ལ་འཇུག་པས་དབང་ཐོབ་དགོས་པར་བསྟན་པ། རྟེན་གྱི་ཁྱད་པར་གྱིས་དབང་གོང་མ་གཉིས་བྱར་རུང་མི་རུང་གི་ཚུལ། དབང་གོང་མ་གཉིས་མ་ཐོབ་ན་རྒྱུད་ཉན་བཤད་སོགས་བྱར་རུང་མི་རུང་དཔྱད་པའོ། །དང་པོ་ལ་གསུམ། །རྟེན་གྱི་གང་ཟག །དེ་ལ་སྨིན་བྱེད་ཀྱི་དབང་བསྐུར་བ། དབང་བསྐུར་བའི་ཆེ་བ་བསྟན་པའོ། །དང་པོ་ནི། དེ་ལྟར་ཕར་ཕྱིན་ཐེག་པའི་ལུགས་ཀྱི་ཕྱིན་དྲུག་བསྡུ་བཞིའི་ཉམས་ལེན་གྱིས་དོན་ཡོངས་སུ་རྫོགས་པར་འགྱུར་བ་བཞིན་དུ། རྡོ་རྗེ་ཐེག་པའི་ས་ལམ་གྱིས་བགྲོད་པའི་རྟེན་ཇི་ལྟར་དགོས་ན། སྔགས་བཟླས་པའི་མཐུ་ཉིད་ལས་གྲུབ་པ་ཡིན་ནོ། །ཞི་བ་དང་། རྒྱས་པ་ལ་སོགས་པའི་ཕྲིན་ལས་རྣམ་པ་བཞི་པོ་རྣམས་ཀྱིས་དང་། འདོད་དགུ་འབྱུང་བའི་བུམ་པ་བཟང་པོ་གྲུབ་པ་ལ་སོགས་པ་དང་། གྲུབ་པ་ཆེན་པོ་བརྒྱད་
༥༨ལ་སོགས་པའི་སྟོབས་ཀྱིས་ཀྱང་། ལམ་བདེ་བ་དང་། མྱུར་བ་ཡིས་ནི་རང་གི་བྱང་ཆུབ་ཆེན་པོའ་ཚོགས་ཡོངས་སུ་རྫོགས་ཤིང་། གཞན་དོན་ཐམས་ཅད་སྒྲུབ་པར་འདོད་པ་དང་། བྱ་བ་དང་སྤྱོད་པ་ལ་སོགས་པའི་རྒྱུད་སྡེ་རྣམས་ལས་ཇི་སྐད་གསུངས་པའི་གལ་ཏེ་གསང་སྔགས་ཀྱི་སྤྱོད་པ་ཐམས་ཅད་ཚུལ་བཞིན་དུ་ཉམས་སུ་བླང་བར་འདོད་པ་དང་ལྡན་ན། དེ་ཉིད་གསང་སྔགས་ཀྱི་རྟེན་དུ་རུང་བར་རིག་པར་བྱའོ། །གཉིས་པ་ནི། རྡོ་རྗེ་ཐེག་པའི་ལམ་རྟེན་གྱི་གང་ཟག་དེ་ཉིད་གསང་སྔགས་ལ་འཇུག་པར་འདོད་པ་དེའི་ཚེ། མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་མཉེས་པར་བྱ་སྟེ། དགོས་པ་གང་གི་དོན་དུ་ན། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཐོབ་པའི་ཕྱིར་དུའོ། །འདིས་ནི་མཆོག་དབང་གོང་མ་གསུམ་ཡང་མཚོན་ནོ། །ཚུལ་ཇི་ལྟར་ན། ལུས་ངག་གིས་བསྙེན་བསྐུར་བ་དང་། རིན་ཆེན་དང་། བགོ་བ་དང་། བཟའ་བཏུང་དང་། རྐང་བྲན་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་གྱི་ཡོ་བྱད་སྦྱིན་པ་དང་། བཀའ་སྩལ་དང་དུ་བླངས་ནས་ཚུལ་བཞིན་དུ་བསྒྲུབ་པ་ལ་སོགས་པ་སྒོ་གསུམ་གྱི་དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་དེ་ཉིད་མཉེས་པར་བྱ་བ་ཡིན་ཏེ། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང་། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། ཞེས་པ་ལྟར་རོ། །དེ་ལྟར་བླ་མ་མཉེས་པར་གྱུར་བ་ན། སློབ་མ་དེ་ཡིས་དབང་དོན་དུ་གསོལ་བ་བཏབ་ནས། མཐའ་རྟེན་རྗེས་གནང་དང་བཅས་པ་ཡོངས་སུ་རྫོགས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བས། སློབ་མ་རང་ཉིད་གསང་སྔགས་ཀྱི་སྣོད་རུང་དུ་བྱའོ། །གསུམ་པ་ནི། གོང་དུ་བཤད་པ་ལྟར་དབང་བཞི་རྫོགས་པར་བསྐུར་བས། སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཀུན་རྣམ་པར་དག་ཅིང་། སློབ་མ་བདག་ཉིད་ནི་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །གཉིས་པ་རྟེན་གྱི་ཁྱད་པར་གྱིས་དབང་གོང་མ་གཉིས་བྱར་རུང་མི་རུང་གི་ཚུལ་ནི། འོ་ན་དབང་བསྐུར་དེ་དག་
༥༩དངོས་གྲུབ་འདོད་པའི་གང་ཟག་ཐམས་ཅད་ཀྱིས་བླང་བ་ཡིན་ནམ་ཞེ་ན། དང་བོའ་སངས་རྒྱས་དུས་ཀྱི་འཁོར་ལོའ་རྩ་བའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་ཀྱིས་རབ་ཏུ་འབད་པས་བཀག་པ་ཆེན་པོ་མཛད་པའི་ཕྱིར། གསང་བ་དང་། །ཤེས་རབ་ཡེ་ཤེས་ཀྱི་དབང་གཞན་ལ་བསྐུར་བ་ཚངས་པར་སྤྱོད་པའི་དགེ་བསྙེན་དང་། རབ་བྱུང་སྡེ་ལྔ་གང་རུང་གི་ཚུལ་ཁྲིམས་ལ་གནས་པས་མི་བྱ་ཞིང་། རང་ཉིད་ཀྱིས་ཀྱང་དངོས་སུ་བླང་བར་མི་བྱའོ། །འོ་ན་སྐྱོན་ཅི་ཞིག་གཟིགས་ནས་དབང་དེ་གཉིས་ཚངས་སྤྱོད་སོགས་ལ་བཀག་ཅེ་ན། གལ་ཏེ་དབང་བསྐུར་བ་གཉིས་པོ་དེ་དག་གང་ཟག་དེ་རྣམས་ཀྱིས་དངོས་སུ་འཛིན་ཅིང་བླངས་པ་སོགས་བྱས་ན། ཚངས་སྤྱོད་ཀྱི་དཀའ་ཐུབ་དང་། རབ་བྱུང་གི་སྡོམ་པ་ལ་གནས་པས་ནི། སྟོན་པས་བཀག་པ་སྤྱད་པར་གྱུར་བ་བའི་ཕྱིར་ཚངས་སྤྱོད་ཀྱི་དཀའ་ཐུབ་དང་། རབ་བྱུང་གི་སྡོམ་པ་དེ་ཉམས་པར་གྱུར་ཏེ། ཚུལ་ཁྲིམས་ཀྱི་བརྟུལ་ཞུགས་ཅན་དེ་དག་ལ་ཕམ་པ་དང་། ཕམ་པ་དང་འདྲ་བ་ཡི་རྩ་བའི་ལྟུང་བ་དག་ནི་འབྱུང་བར་འགྱུར་ཞིང་། ལྟུང་བས་ཉམས་པའི་གང་ཟག་དེ་དག་ནི་ངན་སོང་གསུམ་དུ་ངེས་པར་ལྟུང་བར་འགྱུར་བས་ན། དངོས་གྲུབ་འགྲུབ་པ་ཡང་དུས་ནམ་ཡང་ཡོད་པ་མ་ཡིན་ཏེ། ཇོ་བོ་ཉིད་ཀྱི་ཞལ་ནས། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་ཚངས་པར་སྤྱོད་པ་གྲོལ་བའི་ལམ་པས་མི་བསྐུར་ཞིང་། སློབ་མས་ཀྱང་མི་བླང་ངོ་། །དེ་ནི་ཚངས་པར་སྤྱོད་པ་ཟད་པར་བྱེད་པ་དང་། སངས་རྒྱས་ཀྱི་བསྟན་པ་ནུབ་པར་བྱེད་པས་སེམས་ཅན་དམྱལ་བར་སློབ་དཔོན་དེ་དང་། སློབ་མ་གཉིས་ཐེ་ཚོམ་མེད་པར་འགྲོ་བར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་དབང་གོང་མ་གཉིས་མ་ཐོབ་ན་རྒྱུད་བཤད་ཉན་སོགས་བྱར་རུང་མི་རུང་གི་དགོས་པ་སྤང་བ་ནི། གལ་ཏེ་ཚངས་པར་སྤྱོད་པས་དབང་དེ་གཉིས་དངོས་སུ་བླང་དུ་མི་རུང་ན་གསང་སྔགས་སྤྱོད་པའི་སྐལ་བ་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། བྱ་བ་ལ་སོགས་པའི་
༦༠རྒྱུད་སྡེ་བཞི་པོ་ཀུན་ལ་སློབ་མས་ཉན་པ་དང་། སློབ་དཔོན་གྱིས་འཆད་པ་དང་། ཐུན་མོངས་སུ་གཉིས་ཀས་སྦྱིན་སྲེག་དང་། མཆོད་སྦྱིན་དང་། རབ་གནས་དབང་བསྐུར་ལ་སོགས་པ་བྱེད་པ་ལ། སློབ་དཔོན་གྱིས་དབང་བསྐུར་བ་རྗེས་འབྲང་དང་བཅས་པ་བརྙེས་པའམ་ཐོབ་པར་གྱུར་ཅིང་དེ་ཁོ་ན་ཉིད་བཅུ་རིག་པའི་གང་ཟག་དག་ལ་ཉེས་པ་མེད་པའི་ཕྱིར་རོ། །གསུམ་པ་རྒྱུ་གང་ལ་བརྟེན་ནས་བརྩམས་པ་ནི། སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། བསྙེན་པར་རྫོགས་ནས་སྡོམ་རྒྱུན་རྣམ་དག་པར་མ་ཆད་དུ་ལོ་སུམ་ཅུ་ལྷག་ཙམ་བཞེས་པས་གནས་བརྟན་ཆེན་པོ་མར་མེ་མཛད་དཔལ་གྱིས་མདོ་དང་། སོགས་ཁོངས་ནས་རྒྱུད་དང་། མན་ངག་གི་བསྟན་བཅོས་ཏེ། དམ་པའི་ཆོས་རྣམས་ལས་བཤད་པ་ཇི་ལྟ་བ་བཞིན་མཐོང་བས་དང་། །བོད་ཡུལ་གྱི་བསྟན་པའི་ཁུར་བཞེས་པའི་ལྷ་རིག་དགེ་སློང་བྱང་ཆུབ་འོད་ཀྱིས། བསྟན་པ་སྤྱི་ཁྱབ་ཀྱི་དོན་དུ་ཐེག་པ་ཆེན་པོའ་ཤིང་རྟར་གྱུར་པའི་གཞུང་ཞིག་ཅིས་ཀྱང་གནང་དགོས་ཞེས་གསོལ་བ་བཏབ་པ་ལ་བརྟེན་ནས། ལས་དང་པོ་པའི་ས་ནས་བྱང་ཆུབ་མཆོག་གི་བར་དུ་བགྲོད་པའི་ཐེག་པ་ཆེན་པོའ་ལམ་རྣམ་པར་བཤད་པ་འདི་ཡང་། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླངས་ན་ལེགས། ཞེས་གསུངས་པ་ལྟར། དགག་སྒྲུབ་ཀྱི་སྤྲོས་པ་རྒྱ་ཆེན་པོ་དོར་ནས། ཐམས་ཅད་མཁྱེན་པ་དོན་གཉེར་གྱི་ཉམས་ལེན་མ་ཚང་བ་མེད་པ་བསྒྲུབ་པའི་ཆ་རྐྱེན་དུ་གྱུར་པ་ཙམ་ཞིག་ཚིག་མདོར་བསྡུས་ནས་བྱས་སོ། །བཞི་པ་མཇུག་གི་དོན་ལ་གཉིས། གང་གིས་མཛད་པ་དང་སུས་བསྒྱུར་བའོ། །དང་པོ་ནི། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བའི་གཞུང་འདི་ནི་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས། སྐལ་ལྡན་གྱི་གདུལ་བྱ་བགྲང་བ་ལས་འདས་པའི་
༦༡དོན་དུ། ཐུགས་བརྩེ་བ་ཆེན་པོས་མཛད་པ་རྫོགས་སོ། །ཞེས་པའོ། །གཉིས་པ་ནི། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙྪ་བ་འཇིག་རྟེན་གྱི་མིག་དགེ་སློང་དགེ་བའི་བློ་གྲོས་ཀྱིས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཞིང་། ཚིག་དོན་གྱི་ཞུ་ཆེན་བགྱིས་ནས་འཆད་ཉན་མཛད་པའོ། །ཕྱོགས་བཅུའི་རྒྱལ་ཀུན་བདེ་བར་གཤེགས་པའི་ཤུལ། །བྱང་སེམས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ། །བསྟན་པ་ཡོངས་སུ་རྫོགས་པའི་གཞུང་བཟང་འདི། །ཐར་འདོད་སྐྱེ་བོས་སྙིང་གི་བཅུད་དུ་ལོངས། །སྐྱེ་ཀུན་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་། །རྣམ་དག་ལེགས་པའི་ལམ་བཟང་འདིར་ཞུགས་ནས། །བྱང་ཆུབ་སེམས་མཆོག་སྐྱེས་བརྟན་གོང་དུ་འཕེལ། །བཟང་བོ་སྤྱོད་པ་རྒྱ་མཚོ་ཡོངས་རྫོགས་ཤོག །དཔལ་ལྡན་མར་མེ་མཛད་ཀྱི་ཐུགས་བསྐྱེད་དང་། །སྨོན་ལམ་སྟོབས་ཀྱིས་བྱང་ཆུབ་ལམ་གྱི་རིམ། །བདག་སོགས་རྒྱུད་ལ་དཀའ་བ་མེད་པར་རྫོགས། །ཚེ་འདིར་དོན་གཉིས་ལྷུན་གྱིས་འགྲུབ་གྱུར་ཅིག །ཡོངས་སུ་གྲགས་པའི་གཞུང་ལུགས་ཆེན་པོ་འདི་ལ་འགྲེལ་ཟིན་གྱི་ཞབས་ཏོག་འདི་ལྟར་བགྱིས་ན་ལེགས་ཞེས་རྗེ་བཙུན་བླ་མ་ཀུན་མཁྱེན་བརྩེ་བ་ཆེན་པོས་བཀའ་གནང་བ་ལྟར། ཐུབ་བསྟན་རིས་སུ་མ་ཆད་བའི་རྗེས་སུ་སློབ་ཅིང་རྒྱལ་བའི་སྲས་པོའ་རྟགས་ཙམ་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་གསུང་གི་བཅུད་ཕྱུངས་ཏེ་བཀོད་པ་དགེ་ལེགས་འཕེལ།། །།

༄༅། ཁྲིད་བརྒྱའི་སྤྱི་ཆིངས་རྣམ་པར་སྤེལ་བ་ངོ་མཚར་ཆོས་ཀྱི་སྒོ་མང་ཞེས་པ་སྣང་། །

༤༧ ཁྲིད་བརྒྱའི་སྤྱི་ཆིངས་རྣམ་པར་སྤེལ་བ་ངོ་མཚར་ཆོས་ཀྱི་སྒོ་མང་ཞེས་པ་སྣང་།
༤༨ ༀ་ཤིས་པར་གྱུར་ཅིག །མཆོག་གི་དང་པོའ་སངས་རྒྱས་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་ནས་ཐོག་མ་ཉིད་དུ་མངོན་རྫོགས་ཀྱང་། །འཁོར་བའི་གཟེབ་འདིར་འགྲོ་དོན་ལ་དགའི་སྲེད་པ་འཛིན། །གཅིག་མིན་དུ་མ་ཡང་མིན་བརྗོད་པས་དབུལ་བྱས་པས། །རྟག་ཆད་གཡངས་སའི་འཇིགས་པ་རྣམ་གྲོལ་མཆོག་དེ་རྒྱལ། །ལས་རྒྱ་སྲེད་པས་མ་བསྲུངས་ཤིང་། །ཡེ་རྒྱ་སྒྱུ་མར་མ་ཞེན་ལ། །དམ་རྒྱ་མཚན་མས་མ་བཅིངས་པའི། །ཕྱག་རྒྱ་ཆེ་དེས་དགེ་ལེགས་སྩོལ། །རྣམ་པར་དཔྱད་པའི་སྟོང་པ་སྤངས། །མྱང་བ་སྟོང་པའི་དུག་རོ་བྲལ། །མ་བརྟགས་པྲ་ཕབ་གཟུགས་བརྙན་བཞིན། །རྣམ་ཀུན་མཆོག་ལྡན་མ་མས་སྐྱོངས། །ཨེ་མ་གཅིག་ཏུ་མ་ངེས་པའི། །གང་ལ་གང་འཚམས་ཆོས་ཀྱི་ཆར། །གདུལ་བྱའི་ཞིང་ས་གཤིན་པ་ལ། །སོ་སོའ་རེ་བ་འབྲས་ལྡན་གྱུར། །རང་བློའི་གླེགས་པུའི་མི་བརྗེད་གཟུངས། །འཛིན་མ་ཡི་ནི་ངོས་དག་ལ། །རྒྱ་མཚོ་བཞི་ཡི་སྣག་ཚ་ཡིས། །རྩི་ཤིང་ནགས་ཚལ་སྙུ་གུའི་ལམ། །སེམས་ཅན་ཀུན་གྱིས་ཡི་གེ་པས། །བསྐལ་བརྒྱར་བྲིས་ཀྱང་ག་ལ་ལོངས། །དེ་ཕྱིར་བློ་གྲོས་མི་ཟད་ཅེས། །
༤༩ སྙེམས་བཅས་ཉུང་དུའི་ཚིག་ཙམ་འགོད། །འདི་ནི་དཔྱོད་ལྡན་སྐྱེ་བོ་འགའ། །ཡིད་ཆེས་ཤིང་རྟ་འདྲེན་པའི་སྒོ། །བརྫུན་བྲལ་བདེན་པའི་ཁུངས་བརྗོད་པའི། །གླེང་གཞིའི་ངག་སྦྱོར་ཅུང་ཟད་སྨྲེང་། སྔ་མའི་ལས་འཕྲོའི་དབང་གྱུར་པས། །བུ་ཆུང་དུས་ནས་ཟབ་ཁྲིད་ཉན། །ཆོས་ཀྱི་ཚིག་འབྲུ་ཇི་ལྟ་བ། །ལན་རེ་ཐོས་པས་བརྗེད་གསོས་བཞིན། །སྣ་ཚོགས་མི་འདྲའི་བཤད་ཚུལ་དག །རང་བློར་མ་འདྲེས་སིལ་བུར་གནས། །ཕན་ཚུན་མ་འཛིངས་མ་སྦགས་པའི། །བཞིད་ཁུངས་སོ་སོར་འབྱེད་ལ་བརྩོན། །གང་གང་གཞུང་ལུགས་དེ་དང་དེའི། །ཁུངས་སུ་བཞག་པའི་མདོ་རྒྱུད་རྣམས། །དེ་དེ་ཉིད་ལ་དེ་བཞིན་དུ། །ལེགས་སྦྱར་གང་དེའི་ཆོས་ལུགས་སྤེལ། །མཁས་།།།་ས་རྡོག ས་ཁྲོ་།།།་ས་འབྲི་།།།་ས་དཀར་།།།་ས་དགེ་།།།་ཇོ་ཞལ་ལྟ་བུ། གྲུབ་ཕན་ཚུན་ཟུར་ཟློས་པའང་། །བདག་ཅག་ཡོངས་ལ་དད་པའི་རྒྱུས། །སྡེ་པ་བཅོ་བརྒྱད་གནང་བཀག་བཞིན། །ཀུན་ཀྱང་ལྟོས་ཆོས་འགལ་མེད་འཛིན། །འོན་ཀྱང་མོས་གུས་ཡིད་ཆེས་གཟུང་། །རྒྱལ་བའི་བཀའ་ལུང་ཚད་མ་ཉིད། །སུས་ཀྱང་མ་མྱངས་བདུད་རྩིའི་བཅུད། །རང་གིས་བསོད་ནམ་བསྐལ་
༥༠ བས་འཐུང་། །ཀྭ་ཡེ་ཤེས་ལྡན་སྙིང་གི་བུ། །བདག་ལ་དད་པའི་སེམས་འཆང་རྣམས། །ཡིན་ལུགས་ཇི་བཞིན་སྒྲུབ་འདོད་ན། །འཆང་ཚོ་ངག་གི་གཟེར་བུ་ཟུང་། །གང་སྨྲ་ཚིག་འབྲུ་མ་བཅོས་པ། །ཁུངས་ཉིད་སྟོན་ཚེ་རང་བཟོས་དབེན། འདི་དོན་འདི་ལས་མི་འདའ་ཞེས། །ཡི་གེས་དམན་པའི་གསང་བ་ལོངས། །རང་བཞེད་ཡི་གེའི་ལམ་མིན་ཞིང་། །དམན་པའི་ཡུལ་མིན་ཆེས་ཕྲ་བ། །ཡུན་དུ་སྦྱངས་པའི་བློ་ཅན་ལ། །རྣམ་པར་འབེལ་ཚེ་གསལ་བར་གྱུར། །ལྡབ་ལྡིབ་བརྗོད་ཚིག་བྱིས་པའི་ངག །བླུན་དད་མ་མའི་ངོ་གསག་ཅན། །དེང་དུས་རང་རང་མོས་པའི་ངོར། །སྨྲ་བའི་དབང་ཕྱུག་ས་སྟེང་ཁྱབ། །བདག་ནི་གྲགས་པ་ལས་འབྱོལ་ཏེ། །ཤེས་རབ་ཆེ་མིན་བརྩོན་འགྲུབ་རབ། །རང་བློས་མ་སྤྱད་གོང་མའི་སྲོལ། །ཇི་བཞིན་སྐྱོང་བའི་སྐལ་བ་རྙེད། །ཚེ་འདིར་འབད་པ་དུ་མ་ཡིས། །གྲོག་མཁར་སྦྲང་རྩིའི་དཔེ་ཇི་ལྟར། །བླ་མའི་གསུང་ལས་ཐོས་པའི་ཆོས། །ཁྲིད་བརྒྱའི་ངེས་གནད་འདི་ལྟར་ལགས། །དེའང་བདག་ཅག་ན་ཚོད་གཞོན་ནུར་གྱུར་པའི་སྐབས་སུ་དབུས་གཙང་གི་ཡུལ་ནས་འཁོར་བའི་རང་གི་སློབ་བུ་ཞིག་གི་ངག་ལས། །ཁྲིད་པ་སངས་རྒྱས་དཔལ་བྱ་བའི་ཁྲིད་བརྒྱའི་བརྗོད་གླེང་ཐོས་པས་ཡིད་ལྷག་པར་གཡོས་ཏེ། རང་གིས་ཀྱང་ནན་ཏན་བགྱི་བ་དབང་ལུང་ལས་ཀྱང་ཁྲིད་ཚུལ་སྐྱོང་བའི་སྒོ་ཉིད་ལ་འདུན་པར་གྱུར་ཏེ། རྣ་བའི་ཁུང་བུར་ཐོག་མར་ཐོས་པའི་བཀའ་ཁྲིད་ཀྱི་དང་པོར་ཡང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ལུང་ཞེན་པ་བཞི་དང་བྲལ་བའི་གདམས་པ་ལེགས་པར་ཉན་པས། །རང་ལོ་བདུན་གྱི་ན་ཚོད་ལ་ཡང་བསམ་བཏན་གྱི་བདུད་རྩིས་མ་ཕོངས་པར་སྲིད་བདེར་མ་ཆགས་པའི་ཡིད་འབྱུང་ཤུགས་དྲག་པོས་བསྐུལ་བའི་དད་པ་གསུམ་བླ་ལྷག་ཏུ་སྟོབས་སུ་གྱུར་ཅིང་། དེ་ནས་བརྩམས་ཏེ་ན་ཚོད་ཀྱི་ལང་ཚོ་ཇེ་འཕེལ་ལ་དྲན་པའི་
༥༡ ཟབ་ཁྲིད་ཀྱི་རྙེད་པ་ཡང་ཇི་སྙེད་ཅིག་ཐོབ་པས་རེ་ཞིག་དེ་ཙམ་གྱིས་ཆོག་པའི་ཚོད་འཛིན་སེམས་ཁྲིད་ཡིད་བཞིན་གྱི་ནོར་བུའི་བར་དུ་བརྒྱ་དང་བརྒྱད་ཀྱི་གྲངས་སུ་བགྱིས་ལགས་ཀྱང་། སླད་མའང་ཆོས་ཀྱི་རྙེད་པ་དུ་མའི་ཁུར་གྱིས་རང་བློ་ཡོངས་སུ་ཕྱུག་པར་སྔ་མ་ལ་ཡང་འདོར་ལེན་དུ་བགྱིས་པའི་གསར་ཐོབ་ཀྱི་ཁྲིད་མེད་མི་རུང་མང་པའི་ཞབས་ཐོག་པར་བྱས་ནས། གྲགས་པའི་ཕྱིར་འབྲང་གི་གནས་ཙམ་འདྲེན་པ་ལས་ལྡོག་ནས། །ཁུངས་དང་འབྲེལ་བའི་ཚིག་དོན་དཔྱད་པས་བདེན་པ་ཡིད་ཆེས་ཀྱི་ཡུལ་དུ་བྱོན་པ་རྣམས་མི་འདོར་བ་དང་། །གང་ཟག་བློ་ཆུང་བས་རྒྱ་ཆེན་པོ་མི་རྙེད་ཅིང་མི་གོ་བའི་ཡུལ་ཅན་རྣམས་ལ་ཕན་པར་བསམས་ནས། །ཁྲིད་ཚུལ་ཕན་ཚུན་མི་ཟློས་པ་གང་ཡིན་པའི་གཞུང་རྙིང་དེའི་ཚིག་དོན་བཅུད་ཕྱུང་བའི་ཡི་གེ་སྤེལ་བ་ལ། །དེ་ཡང་ཐོག་མར་འབྲེལ་བསྒྲིགས་ཀྱི་ཚོམ་ཅུང་ཞིག་སྤྱིར་བརྗོད་ན་འདི་ལྟར། རང་ཅག་དམན་མོས་པའི་ངོར་ཆོས་ཚུལ་འདི་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་བཅུད་ཡོངས་སུ་བཟུང་བའི་རྒྱ་བོད་ཀྱི་སྐྱེས་བུ་དམ་པ་མཐའ་དག་གིས་བརྫུན་བྲལ་བདེན་པའི་དབྱངས་གཅིག་གིས་ཆོས་མིན་དང་མ་འདྲེས་མ་སྦགས་པར་དམ་པའི་ཆོས་གཙང་མ་མདོ་རྒྱུད་བསྟན་བཅོས་ཀྱི་ལམ་པོ་ཆེ་ལས་དྲངས་ཏེ། ཁྲིད་ཕྱོགས་རེ་རེས་ཀྱང་གང་ཟག་རེ་རེ་མཐར་ཕྱིན་སངས་རྒྱས་ཀྱི་གནས་སུ་སྐྱེལ་བའི་གདིང་ལྡན་དུ་སྩལ་བའི་གནད་མ་འཆུགས་པའི་སྒོ་ནས། གང་ཡང་འདི་ཇོ་བོ་བཀའ་གདམས་པའི་རིང་ལུགས་ལས་འོད་པའི་རྒྱ་ཆེན་མདོ་སྡེའི་བསྡུ་བ་སྐྱེས་བུ་རབ་འབྲིང་ཐ་མ་གསུམ་གྱི་བློ་སྦྱོང་དུ་ལས་འབྲས་སྤང་བླང་ནས་བརྩམས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་རིན་པོ་ཆེ་ལ་མཐར་ཐུག་པའི་བར་ཁྲིད་ཚུལ་ལྟར་དང་། ས་ཀར་གྱི་གྲུབ་མཆོག་ཆེན་པོ་དག་གི་ཞལ་རྒྱུན་ལྟར། ཟབ་མོའ་རྒྱུད་སྡེའི་ངེས་
༥༢ གསང་ཁོལ་དུ་ཕྱུང་བ། ལམ་རིམ་པ་གཉིས་ཀྱི་ལམ་པོ་ཆེ་ནས་ཞུགས་ཏེ། རྡོ་རྗེ་འཛིན་པའི་སར་ཕྱིན་པའི་ཁྲིད་ཚུལ་གཉིས་པོ་དག་ནི་འདིར་བཤད་བྱའི་སྙིང་པོར་གྱུར་པ་ལས། །དེ་ཉིད་ཡང་རྒྱལ་བ་རྒྱལ་སྲས་ཀྱི་གསུང་རྗེན་པའི་ཕྲ་རྒྱས་ཀྱིས་ཇི་བཞིན་པའི་ཡིད་བརྟན་མཆོག་ཏུ་བསྒྲུབས་ནས། སངས་རྒྱས་དགེས་པའི་ལམ་སྲོལ་ཉིད་དུ་མདོ་རྒྱུད་དཔང་པོར་བཞག་ནས་དངོས་ཤུགས་སྦས་གསུམ་གྱིས་འཕྲུལ་ཕྱེ་སྟེ། མཐར་ཐུག་རྟོན་པ་བཞི་ལྡན་ལས་མི་འཆུགས་པའི་གཟེར་ཐེབས་པའི་ངོ་སྤྲོད་འཐེབ་སྦྱོར་ནི་སྙིང་པོའ་ཡང་སྙིང་པོ་སྟེ། དམ་པའི་ཆོས་ཀྱི་ཚུལ་རྒྱལ་བ་ལས་ལྷག་པའི་སྨྲ་བ་པོ་ཚད་མ་མི་སྲིད་པའི་ཕྱིར་རོ། །དེས་ན་རང་ཅག་གིས་སྐལ་པས་ཐོབ་པའི་ཟབ་ཁྲིད་ཇི་སྙེད་པའི་ངེས་གནས་འདི་དག་ཏུ་ཡང་རང་བློས་གཞལ་བའི་ལེགས་ལེགས་ཀྱི་རྟོག་བཟོའམ། ཡིད་དཔྱོད་མོས་ཞེན་གྱི་བླ་མའི་གསུང་བགྲོས་ཙམ་ལ་འཐས་པའི་ཕྱོགས་འཛིན་ཡིག་བྲིས་ཕན་ཚུན་བསྡུས་པའི་བསྲེ་བསླད་དུ་གྱུར་པ་གཅིག་ཀྱང་མ་མཆིས་པ་ནི་ཆོས་སྤྱན་གཟིགས་པ་དག་གིས་དཔེའི་ཡུལ་ལ་རྗེས་སུ་དཔྱད་པས་དགོངས་ཤིང་མཁྱེན་པའི་དབང་ལས་སོམ་ཉི་མི་སྤྱོད་པས། དེའི་ཕྱིར་རང་གིས་རྩ་བའི་བླ་མ་གང་གིས་དྲིན་ལས་ཐོབ་པ་དང་། ཡི་གེ་མཛད་པ་པོ་གང་སུའི་མཚན་གྱིས་འཁྱུད་ཅེས་པའི་མདོ་ཙམ་ནི། ཁྲིད་བརྒྱའི་སྤྱི་ཆིངས་འདིར་བྲི་ཞིང་། བརྒྱུད་པ་མ་ལུས་པའི་མཚན་གྱི་རིམ་པ་སྤེལ་བ་ནི་བརྒྱུད་པའི་གསོལ་འདེབས་གང་དེ་དང་དེའི་ལམ་གྱི་རིམ་པའི་ལུས་རྣམ་པར་བཞག་པའི་ཞབས་ཐོག་པར་བགྱིས་པའི་སརྒ་ཕྱེ་བ་བཀྲ་ཤིས་པའི་གྲངས་ཀྱི་ཚུལ་སྤེལ་བ་ལས་ཤེས་ཤིང་། ཁོངས་སུ་ཆུད་པར་བྱ་བ་ཡིན་ནོ། །དེ་ཡང་བདག་གི་དུས་འདིར་ཟབ་ཁྲིད་ཀྱི་ལེགས་བྱས་རྣ་བར་སོན་པའི་ཐོག་མར་ནི། རྗེ་བཙུན་སྦས་པའི་སངས་རྒྱས་ལས་ཞེན་པ་བཞི་དང་བྲལ་
༥༣ བའི་གདམས་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ལུང་བདུད་རྩིའི་ཉིང་ཁུ་འདི་ཉིད་ཡིན་ཏེ། འཇམ་དབྱངས་དང་ས་ཆེན་འཇལ་བའི་ལོ་རྒྱུས་རྩ་ཚིག །རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཁྲིད་ཡིག་ཚིགས་བཅད་མ་དང་། རྗེ་བཙུན་གྱི་ཉམས་མགུར་རྣམས་ཀྱང་ཆོས་འདིའི་རྒྱབ་བརྟེན་དུ་གསུངས་ཤིང་། ནུབ་པ་རིག་འཛིན་གྲགས་ཀྱིས་རྗེ་བཙུན་རིན་པོ་ཆེའི་གསུང་ལ་ཟིན་བྲིས་སུ་བྱས་པའི་ཁྲིད་ཐོ་དང་། བླ་ཆེན་ཆོས་རྒྱལ་འཕགས་པའི་ཐོ་ཡིག་རྣམས་གཞིར་བཞག་ནས། ཁྲིད་དམིགས་ཀྱི་ངོ་བོ་ནི་ཟར་བྱང་ཕུག་པ་ཀུན་དགའ་ལེགས་རིན་གྱིས་མཛད་པ་ཉིད་ནས་གནང་བར་མཛད་དེ། དེ་ཡིད་ཆེས་ཀྱི་ཟུངས་སུ་སྙིང་ལ་བཞག །དད་སོགས་མོས་པས་དགེ་བའི་ས་བོན་གྲུངས་པོ་ཡང་ཐོག་མའི་ཁྲིད་འདི་ལ་རྙེད་པས་ནན་ཏན་གྱིས་རྩིས་སུ་བགྱིས་ཏེ། རང་ལ་བློ་ལྟོས་འགེལ་བའི་དད་ཅན་གྱི་སློབ་མ་ཞིག་སྣང་ན་ཐོག་མའི་ཁྲིད་ཀྱི་སྒོ་འབྱེད་ནི་འདི་ཉིད་ཀྱིས་ཁྲིད་པར་སེམས། ཁྲིད་འདི་ཡང་ཕྱིས་ངོར་ཆེན་ལྷ་མཆོག་སེང་གེའི་དྲུང་དུ་ཀུན་མཁྱེན་གོ་བོ་རབ་འབྱམས་པས་མཛད་པའི་ཁྲིད་ཡིག་ལས་ཀྱང་ཞུས་ཤིང་། སྤྱང་ལུང་རིན་པོ་ཆེ་ལས་ཐེག་ཆེན་ཆོས་ཀྱི་རྒྱལ་པོའ་ཁྲིད་ཡིག་ལས་ཀྱང་ཉན་ཏེ། རང་ཉིད་ནི་བརྒྱུད་པ་གོང་མ་ཐོག་མའི་ལེགས་བྱས་སུ་རྙེད་པ་ཉིད་ལ་ཡིད་གཏོད་པས། ཁྲིད་བརྒྱའི་བརྒྱུད་འདེབས་སུ་ཡང་དེ་བཞིན་བྲིས་པ་རང་རང་གིས་དད་མོས་ཀྱི་བགྱི་བས་བརྒྱུད་པ་སོ་སོ་གང་ལ་མོས་པ་རྣམས་དེ་བཞིན་ལྷུར་ལེན་པ་ཞུ་ཞིང་། །ཁོ་བོས་བླ་མ་སོ་སོ་ལ་བསྐྱར་ཞུས་སུ་ནོད་པའི་དགོས་པ་ཡང་འདི་ཉིད་ཡིན་ནོ། །དེ་ལྟར་ཐོག་མར་དགེ་བའི་ཁྲིད་དེའི་རྗེས་ཐོག་ཏུ་ཡང་ཐེག་པ་ཆེན་པོའ་ཉམས་ལེན་གྱི་མ་མོ། ཁྲིད་གཉིས་པ་ཐེག་ཆེན་བློ་སྦྱོང་ཐོས་པ་ལ། རྒྱ་བོད་ཀྱི་ཡི་གེ་རྣམ་གྲངས་དྲུག་ཅུ་རེ་བགྲང་དང་། དེ་དག་
༥༤ གི་དོན་བསྡུས་བུ་ལེ་གངས་ཁྲོད་པ་རྒྱལ་སྲས་དཀོན་མཆོག་འབངས། མཚན་གཞན་སེམས་དཔའ་གཞོན་ནུ་རྒྱལ་མཆོག་ཏུ་འབོད་པའི་ལེགས་བཤད་ཀུན་འདུས་དང་བཅས་པའི་བཤད་ལུང་དུ་ནོས་ནས། །དམིགས་པའི་གནད་དྲིལ་རྒྱལ་སྲས་སེམས་དཔའ་ཆེན་པོ་དངུལ་ཆུ་ཆོས་རྫོང་པའི་གསུང་བགྲོས་ཇི་བཞིན་པ་འགྲོ་མགོན་དཔལ་ཡེས་མཛད་པ་ལ་དེ་ཉིད་ཀྱི་གསུང་ངག་ལས་མན་ངག་སྙན་བརྒྱུད་དུ་བྱུང་བ་རྣམས་ཧོར་བཀའ་བཞི་པ་སེང་གེ་རྒྱལ་མཚན་གྱིས་ཟུར་འདེབས་དུམ་བུ་ལྔར་བསྒྲིགས་པ་དང་སྦྱར་ཏེ། སྔོན་འགྲོ་རྟེན་གྱི་ཆོས་རྫོགས་རྗེ་སའང་འཇུག་པ་སེམས་བསྐྱེད་དང་འབྲེལ་བར་དངོས་གཞིའི་དམིགས་པའི་ཞི་བ་ལེན་ལོ་བསྐོར་མར་བཏགས་པ་ཞིག་འཇེན་པར་ཐོབ་རྗེས་སུ། །ཁྲིད་གསུམ་པ་རྟེན་འབྲེལ་སྙིང་པོའ་མན་ངག་མུས་ཆེན་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་ལོ་རྒྱུས་རྒྱས་པ་དབུར་བཞུགས་པའི་སྟེང་ནས་དང་། ཁྲིད་བཞི་པ་སྐྱིད་སྡུག་ལམ་ཁྱེར་རྗེ་བཙུན་རེ་མདའ་བས་རྒྱལ་སྲས་པའི་གསུང་ལ་ཟིན་ཐོར་གནང་བ་བཞིན་དང་། ཁྲིད་ལྔ་པ་སུམ་པ་ལོ་ཙཱ་བའི་བློ་སྦྱོང་ཆོས་རྗེ་དཔལ་ལྡན་བླ་མས་མཛད་པ་ལྟར་དང་། འོག་གི་སྨར་ཁྲིད་ཚོམ་བུ་ལུགས་རྣམས་སྩལ་ནས། །འདི་སྟེང་དུ་ལྷན་ཅིག་སྐྱེས་སྦྱོར་རྒྱལ་སྲས་པའི་གསུང་ལ་རྒྱ་མ་བས་ཟིན་བྲིས་གནང་བ་དེ་དབུས་གཙང་དུ་ཚོལ་ལ་ཐོབ་ངེས་གྱིས། དེས་རྒྱལ་སྲས་ཁྲིད་དྲུག་ཚང་བ་ཡིན་ཅེས་རྗེ་སྦས་པའི་སངས་རྒྱས་དེས་བཀའ་སྩལ་མཛད་པ་ལགས་ཤིང་། སྐབས་ཞིག་ཏུ་མ་གཅིག་གི་སྤྱོད་ཡུལ་ལ་ཡིད་སོང་ནས། ཟབ་དོན་སྒོ་དྲུག་སྐྱེ་མེད་དོ་པའི་ལུགས་དང་། རྟོགས་ལྡན་དཔལ་བཟང་པོས་བསྡེབས་པ་སོགས་ཇི་སྙེད་ཐོབ་རྗེས། གཉག་སྟོན་བསམ་གཏན་འོད་ཟེར་གྱི་བཀའ་གསར་མ་ལེའུ་བརྒྱད་མ་ཡིད་ཆེས་མར་ཐོབ་ཅིང་། འདིར་ཁྲིད་
༥༥ དྲུག་པར་འདྲེན་རྒྱུ་ཡང་དེའི་ནང་གི་དོན་ཁྲིད་ཡིད་བཞིན་ནོར་བུ་ཡིག་དྲུག་ཤེས་རབ་དཔལ་འབྱོར་ལས་རྙེད་པ་དེ་ཉིད་ཡིན་ལ། ཡང་རྗེ་བཙུན་སྦས་པའི་སངས་རྒྱས་ལས་ཁྲིད་བདུན་པ་སྙིང་པོ་དོན་གསུམ་ཁྲོ་ཕུ་ལོ་ཙཱ་བའི་ཡི་གེའི་སྟེང་ནས་སྨིན་པར་ཐོས་ལ། ཕྱིས་སྤྱང་ལུང་པ་ལ་ཡང་པཎ་ཆེན་རིན་པོ་ཆེས་མཛད་པའི་དཔེ་ནང་ལྟར་ཆོས་ཀྱི་རྗེས་མར་ཐོས་སོ། །ཡང་ཁྲིད་བརྒྱད་པ་རང་སེམས་དུབ་པ་ངལ་གསོ་ཁྲོ་ཕུ་བའི་ཡི་གེ་རྣམས་དང་། ཡང་རྩེ་བའི་ཁྲིད་ཡིག་སྟེང་ནས་ཀུན་སྤངས་རིན་པོ་ཆེ་ལས་ཞ་ལུ་པའི་ཁྲིད་ཆེན་གྱི་མིང་སྦྱར་ནས་ནོད་ལ། ཁྲིད་དགུ་པ་བཀའ་གདམས་སྐྱེས་བུ་གསུམ། ཁྲིད་བཅུ་པ་བསྟན་རིམ་ཆེན་མོ། །ཁྲིད་བཅུ་གཅིག་པ་སྲིད་ཞི་མཉམ་ཉིད། །ཁྲིད་བཅུ་གཉིས་པ་དབུ་མ་ཆེན་པོ། །ཁྲིད་བཅུ་གསུམ་པ་བཀའ་གདམས་ལྐོག་ཁྲིད་དགེ་བའི་བཤེས་གཉེན་ཤྭ་བོ་སྒང་པའི་རྡུང་འཐག་བསྐོར་གསུམ་མར་གྲགས་པ་དང་། ཁྲིད་བཅུ་བཞི་པ་ཐུབ་པ་ལ་བརྟེན་ནས་ཞི་གནས་སེམས་འཛིན། ཁྲིད་བཅོ་ལྔ་པ་སྤྱན་རས་གཟིགས་ལ་བརྟེན་པའི་སྙིང་རྗེ་མཁའ་ཁྱབ། །ཁྲིད་བཅུ་དྲུག་པ་མི་གཡོ་བ་ལ་བརྟེན་པའི་གཏུམ་པོའ་གེགས་སྲུངས། ཁྲིད་བཅུ་བདུན་པ་སྒྲོལ་མ་ལ་བརྟེན་པའི་མངོན་ཤེས་ལུང་སྟོན་ཏེ། བཀའ་གདམས་ལྟ་བཞིའི་ཁྲིད་འདི་རྣམས་དང་། །སྐྱེས་བུ་གསུམ་སོགས་མཆིམས་ཆེན་ནམ་མཁའ་གྲགས་ཀྱི་ཡི་གེ་རང་ཁོ་ནའི་སྟེང་ནས། སྣར་ཐང་མཁན་པོ་གྲགས་པ་དཔལ་ལྡན་དོན་གྲུབ་པའི་སྤྱན་སྔར་རྭ་སྟོན་ཡོན་ཏན་དཔལ་བཟང་པོས་ཆོས་གྲྭ་དེ་ཉིད་དུ་ལོ་གསུམ་ས་སྡེ་བཙུགས་ནས་ཞུས་པའི་རྒྱུན་རྣམས་རྗེ་བཙུན་སྦས་པའི་སངས་རྒྱས་དེས་བདག་ལ་དགྱེས་བཞིན་དུ་སྩལ་བ་ཡིན་ལ། དེ་སྐབས་སུ་སྔར་དང་མུ་འབྲེལ། ཁྲིད་པ་ཅོ་བརྒྱད་པ་པོ་ཏོ་
༥༦ བའི་དཔེ་ཆོས་ངོ་སྤྲོད་ཀྱི་ཁྲིད་ཧོར་ཀ་བཞི་པ་སེང་གེ་རྒྱལ་མཚན་པས་མཛད་པའི་སྟེང་ནས་དང་། ཁྲིད་བཅུ་དགུ་པ་བཀའ་གདམས་གླེགས་བམ་སྙིང་གི་ཐིག་ལེའི་ཁྲིད་སྨྱུག་ལ་པཎ་ཆེན་གྱི་ཡིག་ཆའི་སྟེང་ནས་ཀུན་སྤངས་རིན་པོ་ཆེ་ལ་ཞུས། བཀའ་གདམ་ལྷ་བཞིའི་ཁྲིད་འདིར་ཡང་ཐོས་མོད་ཀྱང་སྔར་གྱི་ཁུངས་དང་གཏན་མི་འདྲ་བའི་བཅོས་མའི་ཟོལ་སྦྱོར་དུ་ངེས་ཤེས་འདྲོངས་ཤིང་། ཁྲིད་ཉི་ཤུ་པ་ཤེར་ཕྱིན་བཀའ་བབ་དྲུག་གི་ཁྲིད། རོང་སྟོན་ཤེས་བྱ་ཀུན་རིག་གིས་མཛད་པའི་སྟེང་ནས་འབུམ་ཊཱིཀ་དང་ལྷན་ཅིག་མཁས་པའི་དབང་པོའ་ཞལ་སྒོ་ནས་ཚིམ་པར་ཐོབ་ལ། ཁྲིད་ཉེར་གཅིག་བཞི་བྱེད་ལམ་ལྔའི་ཁྲིད་རོང་སྟོན་གྱི་ཁྲིད་ཡིག་བཞིན་སྤྱང་ལུང་པའི་དྲུང་དུ་རྙེད་པ་གཅིག་པུ་གྲངས་སུ་སྨོས་པ་ཙམ་བྱས་ལ། གཞན་རྨ་སོ་ཀམ་གསུམ་བརྒྱུད་པ་ཕྱི་མ་སོགས་ཀྱི་ཁོངས་ནས་ཁྲིད་ཚུལ་བཅུ་དྲུག་ཙམ་ཐོབ་ཀྱང་གྲངས་སུ་མ་བཀོད་པ་ཡིན་ནོ། །དམ་པ་སངས་རྒྱས་ཉིད་དང་ངོ་བོ་གཅིག་པའི་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་གསུམ་གྱི་གནད་འདོམས། ཁྲིད་ཉེར་གཉིས་པ་དབུ་མ་རང་རྒྱུད་པའི་མཚན་གཞིར་འཇོག་པའི་སྒོམ་རིམ་གྱི་ཁྲིད་ཀྱང་རོང་སྟོན་གྱིས་མཛད་པའི་ཐོག་ནས་མཁས་པའི་དབང་པོའ་མདུན་དུ་ལེགས་པར་ནོས་ཤིང་། ཁྲིད་ཉེར་གསུམ་པ་བྱམས་པའི་ཆོས་ལྔའི་སྒོམ་ཁྲིད་བཙན་ཁ་བོ་ཆེ་ནས་བརྒྱུད་པ། བཅོམ་ལྡན་རིག་པའི་རལ་གྲིས་མཛད་པའི་ཡི་གེའི་སྟེང་ནས་ཀུན་མཁྱེན་དོན་ཡོད་དཔལ་བ་ལས་རྭ་སྟོན་ཡོན་ཏན་པས་གསན་པའི་རྒྱུན་རྗེ་བཙུན་སྦས་པའི་སངས་རྒྱས་ལས་བདག་གི་བྱམས་ཆོས་བརྒྱ་ཚར་འཛུག་དུས་སློབ་དཔོན་མཁས་པ་བཟང་པོ་བརྟན་པས་ཀྱང་མཛུབ་བཙུགས་ཀྱིས་ཆེད་གཉེར་གནང་སྟེ་སྨིན་པར་ཐོས་ལ། པ་ཚབ་ལོ་ཙཱ་བ་ནས་བརྒྱུད་པའི་དཔལ་ལྡན་ཟླ་བ་གྲགས་པའི་ཞལ་ལུང་དབུ་མ་ཐལ་འགྱུར་བའི་ངེས་གནས་ཕུལ་བྱུང་། །
༥༧ རྗེ་བཙུན་རེ་མདའ་པའི་ཡི་གེ་ལྟར། ཁྲིད་ཉེར་བཞི་པར་འདྲེན་རྒྱུ་འདི་དང་། ཁྲིད་ཉེར་ལྔ་པ་གོང་གི་བཙན་ཁ་བོ་ཆེ་ནས་བརྒྱུད་པའི་པདྨའི་ལྕགས་ཀྱུ་ཞེས་པའི་མིང་ཡོད་པའི་ཡི་གེ་ལ་བརྟེན་ཏེ། གཞན་སྟོང་གི་ལྟ་ཁྲིད་ཁོལ་ཕྱུང་གཉིས་སློབ་དཔོན་མཁས་པའི་གསུང་གིས་བརྒྱན་པར་ཞུས། ཁྲིད་ཉེར་དྲུག་པ་སྦས་པའི་དོན་ཀུན་གསལ་ཁྲིད་ཚུལ་གཉིས་བརྒྱ་དང་སུམ་ཅུར་འབྱེད་པའི་མཛུབ་ཁྲིད་ཟལ་མོ་བྲག་པ་གྲགས་པ་ཡེ་ཤེས་ལས་ནོས་ཤིང་། ཁྲིད་ཉེར་བདུན་པ་གྲུབ་པའི་རྒྱལ་མོའ་ལུགས་ཀྱི་ཚེ་ཁྲིད་ཐོག་མར་ཀུན་སྤངས་རིན་པོ་ཆེ་དང་། བར་དུ་རྒྱ་སྒོམ་དང་། ཏྲེ་བོ་ཆོས་ཀྱི་རྒྱ་མཚོ་དང་། མཐར་སྤྱང་ལུང་པ་རྣམས་ལས་སྐྱེས་མཆོག་འབའ་ར་བའི་ཁྲིད་ཡིག་སྟེང་ནས་རིམ་བཞིན་དུ་ནན་ཆགས་སུ་ཞུས་ཤིང་། ཁྲིད་ཉེར་བརྒྱད་པ་སྒྲོལ་དཀར་ཚེ་ཁྲིད་ཇོ་བོ་ནས་བརྒྱུད་པ་དང་། ཀརྨ་པ་རོལ་པའི་རྡོ་རྗེ་ནས་བརྒྱུད་པ་ལུགས་གཉིས་རིམ་པར་ཐོབ་ཀྱང་། འདིར་གྲངས་འདྲེན་པ་འདི་ཇོ་བོ་ཨ་ཏི་ཤའི་ཁྱད་ཆོས་ཉིད་ཡིད་ཆེས་འཐད་པར་མཐོང་ནས་གྲངས་སུ་བགྱིས་ཤིང་། ཁྲིད་ཉེར་དགུ་པ་ཚེ་དཔག་མེད་དཀར་པོའ་ཁྲིད་མཁའ་འགྲོ་མ་དེ་ཝ་ཌཱ་ཀི་ལས་མི་ཏྲ་ཛོ་ཀི་ནས་བརྒྱུད་པ་འདི་དང་གོང་གི་གཉིས་ཀ་བླ་མ་རིན་པོ་ཆེ་ཁྲ་རི་བ་ལས་ཐོབ་ཅིང་། ཁྲིད་སུམ་ཅུ་པ་དགེ་སློང་མ་དཔལ་མོའ་ལུགས་ཀྱི་སྨར་ཁྲིད་ཇོ་བོའ་གསུང་ལ་ཡོལ་སྒོམ་ཆོས་དབང་གིས་ཡི་གེར་བཏབ་པའི་ཁྲིད་རྙིང་དང་། ཁྲིད་སོ་གཅིག་པ་བྱང་སེམས་ཟླ་རྒྱལ་ལུགས་ཞང་སྐྱི་ཚ་འོད་ཀྱི་ཐོ་ཆུང་ལ། འཛིམ་ཆེན་རྒྱལ་མཚན་དཔལ་བཟང་གིས་རྒྱས་པར་ཕྱེ་བ་དང་། རོང་སྟོན་གྱི་ཁྲིད་ཡིག་གསུམ་གྱི་སྟེང་ནས་དང་། ཁྲིད་སོ་གཉིས་པ་ཚེམ་བུ་ལུགས་རིན་པོ་ཆེ་ཤེར་འབུམ་པའི་ཁྲིད་ཡིག་སྟེང་ནས་མྱང་ཁྲིད་ལྷག་པར་སྨིན་པ་དང་། ལུང་རྒྱབ་ཏུ་ཆོས་རྗེ་བླ་མ་དམ་པས་མཛད་
༥༨ པའི་ཁྲིད་ཡིག་ཆེན་མོའ་ལུང་རྗེ་བཙུན་སྦས་པའི་སངས་རྒྱས་ལས་ཐོབ་ཅིང་བྱང་ཆུབ་བཟང་པོས་སྤྱན་རས་གཟིགས་དངོས་ལ་ཞུས། དེས་སྐྱེས་མཆོག་འབའ་ར་བ། དེས་ནམ་མཁའ་སེང་གེ། །མ་ཎི་བ་ལེགས་པ་རྒྱལ་མཚན། མ་ཎི་བ་གྲགས་པ་བསོད་ནམས། དེ་ནས་རྗེ་བཙུན་སྦས་པའི་སངས་རྒྱས་ལ་བཞུགས་པ་ཡང་ཐོབ་སྟེ་གྲངས་སུ་མ་བཏབ་ལ། ཕྱིས་སྤྱང་ལུང་པ་ལས་བྱང་ཆུབ་སེམས་དཔའ་རྒྱལ་བ་ཡེ་ཤེས་ཀྱིས་མཛད་པའི་ཁྲིད་ཡིག་གི་ལུང་། ཏྲེ་བོ་ཆོས་ཀྱི་རྒྱ་མཚོ་ལས་རྟོགས་ལྡན་མཁའ་སྤྱོད་དབང་པོས་མཛད་པའི་ཁྲིད་ཡིག་གི་ལུང་ཐོབ་ཀྱང་གཉིས་ཀ་ཚེམ་བུ་ལུགས་སུ་སྣང་ལ། འདིར་ཁྲིད་སོ་གསུམ་པར་འདྲེན་རྒྱུ་སྐྱེར་སྒང་ལུགས་ཀྱི་སྨར་ཁྲིད་ཆོས་སྐུ་།།།་རིན་ཆེན་གྱིས་མཛད་པ་རྒྱ་སྒོམ་ལས་ཐོབ་པ་འདི་ཉིད་དོ། །ཁྲིད་སོ་བཞི་པ་བདེ་མཆོག་གི་སྨར་ཁྲིད་དང་། ཁྲིད་སོ་ལྔ་པ་ཀྱེ་རྡོར་གྱི་སྨར་ཁྲིད་གཉིས་སློབ་དཔོན་དགའ་རབ་རྡོ་རྗེས་བདེ་ཀྱེ་དཔའ་བོ་གཅིག་པའི་རྒྱ་གཞུང་རེ་རེ་གདན་དུ་བཀོད་ནས་སྤྱིར་ཡི་དམ་ཐམས་ཅད་ཀྱི་སྨར་ཁྲིད་ཅེས་པའི་ཚུལ་དུ་བཀྲལ་ཏེ། རྒྱལ་སྲས་རིན་པོ་ཆེའི་ཐུགས་བཅུད་རྭ་སྒྲེང་པ་།།།་བསོད་ནམས་ལས་བརྒྱུད་དེ་སྤྱང་ལུང་པ་ལས་ཐོབ་བོ། །ཁྲིད་སོ་དྲུག་པ་ཕྱག་རྡོར་འཁོར་ཆེན་གྱི་རྫོགས་རིམ་བྱིན་རླབས་བཞི་ལྡན་དམར་གྱི་ཡི་གེའི་སྟེང་ནས་བྲག་དཀར་སེམས་དཔའ་ཆེན་པོ་ནས་བརྒྱུད་པ་མཁན་ཆེན་རིན་པོ་ཆེ་ནས་ནོས་ཤིང་། ཁྲིད་སོ་བདུན་པ་ཕྱག་རྡོར་གཏུམ་པོའ་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད། གསང་བདག་གྲུབ་ཆེན་གྱིས་མཛད་པའི་ཡི་གེའི་སྟེང་ནས་མང་མཁར་བ་ཟླ་བ་མགོན་པོ་ལས་རྙེད་དོ། །ཁྲིད་སོ་བརྒྱད་པ་ཆག་ལུགས་ཀྱི་ཕག་མོ་སེར་མོ་ཀུརྨ་པཱ་དའི་ཁྲིད་ཀུན་སྤངས་རིན་པོ་ཆེས་བྲིས་སྐུ་དང་བཅས་ཆེད་གཏད་དུ་སྩལ་ཞིང་།
༥༩ ཁྲིད་སོ་དགུ་པ་ཀུ་རུ་ཀུལླེའི་གསང་ཁྲིད་ཡ་མཚན་རྨད་བྱུང་མཁས་པའི་གཙུག་རྒྱན་ལ་བཏུད་ནས་ཞུས་ཤིང་། །ཁྲིད་བཞི་བཅུ་པ་སྦྱོར་དྲུག་དཔལ་ལྡན་བླ་མའི་ཡི་གེར་གསལ་བའི་རྒྱ་བོད་ཀྱི་སྦྱོར་དྲུག་གི་རྣམ་གྲངས་ཇི་སྙེད་པ་དག་དང་། ཇོ་ཞལ་སོ་སོའ་བཞེད་སྲོལ་ཐ་དད། ཕྱིས་འབྱུང་པཎ་ཆེན་ནགས་རིན་ལུགས་སོགས་རྣམ་གྲངས་མང་དུ་ཐོས་ཀྱང་། འདིར་གྲངས་བཏབ་ཏུ་འཛིན་རྒྱུ་རྒྱུད་འགྲེལ་དངོས་བསྟན་ཙནྡན་དང་ཙནྡན་གྱི་དྲི་ལྟར་ཕྱུང་བ་དེ་ཡིན་ཞིང་། ཐོག་མར་རྗེ་ལོ་ཆེན། བར་དུ་ཁྲ་རི་བ། མཐར་སྤྱང་ལུང་པའི་བར་དུ་ནན་ཏན་གྱིས་ཞུས་པའོ། །ཁྲིད་ཞེ་གཅིག་པ་ཡི་གེ་མེད་པའི་དུས་འཁོར་སྙན་བརྒྱུད་རྗེ་ལོ་ཆེན་ལས་ཁྲིད་ཞུ་བའི་ཐོག་མར་ནོས་ཤིང་། ཁྲིད་ཞེ་གཉིས་པ་ཨུ་རྒྱན་བསྙེན་སྒྲུབ། ཐོག་མར་ཏྲེ་བོ་ཆོས་ཀྱི་རྒྱ་མཚོ་ལས་རྗེ་རང་བྱུང་པའི་ཁྲིད་ཡིག་སྟེང་ནས་དང་། བར་དུ་རྗེ་ལོ་ཆེན་ལས་ཟླ་སེང་གི་ཁྲིད་ཡིག་སྟེང་ནས་ལུང་ཁྲིད་དང་། མཐར་སྤྱང་ལུང་པ་ལས་བསོད་ནམས་འོད་ཟེར་པའི་ཁྲིད་ཡིག་གི་སྟེང་ནས་མུན་ཁྲིད་དམ་པར་ཞུས་པ་འདི་གྲངས་སུ་འདེབས། ཁྲིད་ཞེ་གསུམ་པ་ལམ་འབྲས་སྤྱི་བབས་ལུགས་སྲོལ་བཅོ་བརྒྱད་ཀྱི་སྟེང་དུ་དེ་ཉིད་རྒྱས་པར་ཕྱེ་བ་ཉེར་བཞི། །སྤྱིར་བསྡོམས་ན་བཅུ་གཉིས། སྙིང་པོར་དྲིལ་ན་རྩ་བའི་གྱེས་བཞི་འབྲོག་མི་དང་གྱི་ཇོ་ལུགས་གཉིས་སུ་འདུས། དེ་ཡང་ཁུངས་བརྒྱུད་པ་ཉེར་ལྔའི་ནང་ནས་ཞྭ་ལུགས་ཟུར་དུ་ཕྱུང་བའི་ས་ལུགས་ཁོ་ན་བརྒྱུད་ལུགས་ཉེར་བཞི་ལ་ཡང་ནང་གསེས་ཐེག་ཆེན་ལུགས་དང་། ངོར་ལུགས་གཉིས་སུ་ཕྱེ་བའི། །བརྒྱུད་པ་གོང་མའི་ལུགས་ཀྱི་ལམ་འབྲས་ཆ་ལག་ཡོངས་སུ་རྫོགས་པ་ཐེག་ཆེན་པ་ནས་སྤྱང་ལུང་པ་དགུང་ལོ་བརྒྱའི་མཐར་སོན་ནས་བརྒྱུད་པ་དང་། བརྒྱུད་པ་ཕྱི་མ་ངོར་ཆེན་ལས་བརྒྱུད་དེ། །རྗེ་བཙུན་སྦས་
༦༠ པའི་སངས་རྒྱས་ལས་ཁྲིད་ཡིག་སྦས་དོན་གསལ་བའི་སྟེང་ཁོ་ན་ནས་བཟླས་པ་ལན་གསུམ་དང་། གློ་བོ་མཁན་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་ཡང་ཁྲིད་ཡིག་དེ་ཉིད་ཀྱི་སྟེང་ནས་ལན་གསུམ་བཏུད་མར་ཐོབ་ཅིང་། ངོར་ཆེན་ལྷ་མཆོག་སེང་གེའི་དྲུང་དུ་ཀུན་མཁྱེན་གྱིས་མཛད་པའི་ལམ་འབྲས་ཆོས་འབྱུང་དང་། རྗེ་སངས་རྒྱས་རིན་ཆེན་གྱི་དངོས་གྲུབ་འབྱུང་གཏེར། མ་པད་དུ་བུ་བཅུག་པའི་བཤད་ཚུལ་ཤིན་ཏུ་སྨིན་པར་ཞུས་ཏེ། འདིར་གྲངས་སུ་འདྲེན་རྒྱུ་དང་། བརྒྱུད་འདེབས་གཉིས་ཀར་རྒྱ་རས་མེད་ན་གླིང་རས་རབས་ཆད་ཀྱི་དཔེར། རྗེ་བཙུན་སྦས་པའི་སངས་རྒྱས་འདྲེན་ཅིང་བརྒྱུད་པ་དེ་ཉིད་ལས་འོང་བའི། ཁྲིད་ཞེ་བཞི་པ་བསམ་མི་ཁྱབ། ཁྲིད་ཞེ་ལྔ་པ་ཟབ་པའི་ཚུལ་དགུ། ཁྲིད་ཞེ་དྲུག་པ་ལྷན་ཅིག་སྐྱེས་གྲུབ། ཁྲིད་ཞེ་བདུན་པ་གཏུམ་མོ་ལམ་རྫོགས། ཁྲིད་ཞེ་བརྒྱད་པ་ཡོན་པོ་སྲོང་བ། ཁྲིད་ཞེ་དགུ་པ་སེམས་ཐག་གཅོད་པ། ཁྲིད་ལྔ་བཅུ་པ་ཕྱག་རྒྱའི་ལམ། ཁྲིད་ང་གཅིག་པ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་སྟེ། ལམ་སྐོར་ཕྱི་མ་བརྒྱད་དང་། ཁྲིད་ང་གཉིས་པ་མདོ་རྒྱུད་བསྲེ་བ། ཁྲིད་ང་གསུམ་པ་ཕྱི་རོལ་གདོན་གྱི་བར་ཆད་སེལ་བ། ཁྲིད་ང་བཞི་པ་འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་སེལ་བ། ཁྲིད་ང་ལྔ་པ་ཏིང་འཛིན་སེམས་ཀྱི་བར་ཆད་སེལ་བ། ཁྲིད་ང་དྲུག་པ་ཕྱག་ཆེན་སྡུག་བསྔལ་གསུམ་སེལ། ཁྲིད་ང་བདུན་པ་གཉུག་མ་དྲན་གསལ་ཏེ་སྒོ་དྲུག་ཆོས་འབྲེལ་དང་། ཁྲིད་ང་བརྒྱད་པ་དག་པ་གསུམ་གྱི་ཁྲིད། འཕགས་པ་རིན་པོ་ཆེའི་ཁྲིད་ཡིག་ནང་ལྟར། གློ་བོ་མཁན་ཆེན་རིན་པོ་ཆེའི་ཞལ་སྔའི་བཀའ་དྲིན་ལས་ཐོས་ཤིང་། ཁྲིད་ང་དགུ་པ་རང་བྱིན་རླབས་ཀྱི་དམིགས་པ་ཉེར་དགུ་ནི་མཁས་པའི་རྗེ་དཔལ་ལྡན་ཚུལ་ཁྲིམས་ལས་ཐོས། བརྒྱུད་པ་ལམ་འབྲས་ལྟར་གྱི། ཁྲིད་དྲུག་ཅུ་པ་ལམ་སྦས་བཤད། ཁྲིད་རེ་གཅིག་པ་བརྡའ་དོན་གསལ་བ། ཁྲིད་རེ་གཉིས་པ་གསང་འདུས་རིམ་
༦༡ ལྔ་མར་ལུགས་ཀྱི་སྨར་ཁྲིད་རྗེ་ལོ་ཆེན་ཉིད་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་བཤད་ལུང་ཞིབ་རྒྱས་ཐོབ་ཀྱང་ཁྲིད་རེ་གཉིས་པའི་གྲངས་འདེབས་རིམ་ལྔ་འགོས་ལུགས་མུས་ཆེན་གྱི་གསུང་ལ་མང་མཁར་བ་བློ་གྲོས་རྒྱལ་མཚན་གྱིས་ཟིན་བྲིས་སུ་མཛད་པ་རྗེ་རབ་གསལ་ཟླ་བ་མགོན་པོ་ལས་ནོས་པ་དང་། ཁྲིད་རེ་གསུམ་པ་གསང་འདུས་འཇམ་རྡོར་གྱི་ཁྲིད་རྫོགས་རིམ་གྲོལ་བའི་ཐིག་ལེ་བྲག་དམར་བ་ཀུན་དགའ་ཚེ་འཕེལ་གྱི་ཟིན་ཐོའ་སྟེང་ནས་གོང་ལྟར་ནོས་པ་དང་། ཤིན་ཏུ་སྤྲོས་མེད་ཁྲིད་རེ་བཞི་པ་ལ་འདྲེན་རྒྱུ་གློ་བོ་ལོ་ཙཱ་བ་ནས་དབང་ཁྲིད་ཟུང་འབྲེལ་སྣར་ཐང་མཁན་པོ་གྲུབ་པ་ཤེས་རབ་ནས་བརྒྱུད་པ་རྗེ་བཙུན་སྦས་པའི་སངས་རྒྱས་ལས་ཐོབ་པར་འདྲེན་ཞིང་། ཆག་ལུགས་ཀྱི་དབང་སྔོན་སོགས་སྤྲོས་མེད་མཛེས་རྒྱན་སོར་བཞག་གློ་བོ་མཁན་ཆེན་རིན་པོ་ཆེ། ངོར་ཆེན་ལྷ་མཆོག་སེང་གེ། ཚོགས་མཁན་ཆེན་རིན་པོ་ཆེ་གསུམ་ལས་ཀྱང་ཐོང་། ཁྲིད་རེ་ལྔ་པ་རྣལ་འབྱོར་བཞི་རིམ་གློ་བོ་ལོ་ཙཱའི་ཁྲིད་ཡིག་སྟེང་ནས་རྗེ་བཙུན་སྦས་པའི་སངས་རྒྱས་ལ་ཞུས་ཤིང་། རྭ་རྩེ་སེམས་འཛིན་སྐོར་ཚ་བ་རོང་པ་།།།་རྒྱལ་མཚན་གྱི་ཟིན་བྲིས་སྟེང་ནས་བློ་བོ་མཁན་ཆེན་རིན་པོ་ཆེ་དང་། ཆོས་རྗེ་དགེ་བ་རྒྱལ་མཚན་གྱིས་ཁྲིད་ཡིག་སྟེང་ནས་མཁས་པའི་རྗེ་དཔལ་ལྡན་ཚུལ་ཁྲིམས་ལས་ཐོབ་ནའང་། ཁྲིད་རེ་དྲུག་པའི་གྲངས་སུ་སྔོན་མ་བགྲང་ངོ་། །ཁྲིད་རེ་བདུན་པ་བདེ་མཆོག་ཡབ་ལ་བརྟེན་པའི་རྩ་དབུ་མ་རྗེ་བཙུན་གྲག་པའི་ཡི་གེ་གདན་བཀོད། ཁྲིད་རེ་བརྒྱད་པ་ཡུམ་གྱི་རྩ་དབུ་མ་ལྟོས་བཞི་ཡབ་ལ་བཞག་ནས་ལྟོས་ཆོས་ཡུམ་དུ་ལེན་པའི་འཕྲུལ། ཁྲིད་རེ་དགུ་པ་དྲིལ་བུ་རིམ་ལྔ་རྗེ་བཙུན་གྲགས་པའི་ཡི་གེའི་སྟེང་ནས་གློ་བོ་མཁན་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་སྨིན་པར་ཐོབ་པ་དེ་འདྲེན་ཞིང་། འཕགས་པའི་ཁྲིད་ཡིག་སྟེང་ནས་ཕྱིས་མཁས་པའི་རྗེ་དཔལ་ལྡན་ཚུལ་ཁྲིམས་དང་ཚོགས་སྒོམ་
༦༢ པའི་ཁྲིད་ཡིག་སྟེང་ནས་རྗེ་ཟླ་བ་མགོན་པོ་ལས་ཀྱང་ཐོབ། ཁྲིད་བདུན་ཅུ་པ་ནག་པོ་རིམ་བཞི་ལམ་སློང་རྗེ་ཉིད་ཀྱི་ཟིན་ཐོའ་སྟེང་ནས་གློ་བོ་མཁན་ཆེན་རིན་པོ་ཆེའི་ཞབས་ལ་བཏུད་ནས་སྨིན་པར་ཐོབ་ཅིང་། ཀུན་མཁྱེན་རིན་པོ་ཆེའི་ཁྲིད་ཡིག་སྟེང་ནས། ངོར་ཆེན་ལྟ་མཆོག་སེང་གེ་ལ་ཡང་ཞུས། གླང་ཐང་པ་སྤྱན་སྔ་ཀུན་དགའ་རྡོ་རྗེའི་ཟིན་བྲིས་སྟེང་ནས་མང་མཁར་བ་ཟླ་བ་མགོན་པོ་ལ་ཡང་ཞུས་ཤིང་། ཁྲིད་དོན་གཅིག་པ་བདེ་མཆོག་དཀར་པོ་དཔྱལ་ཨ་མོ་གྷའི་ཁྲིད་ཡིག་སྟེང་ནས་རྗེ་སངས་རྒྱས་རིན་ཆེན་ལས་ལེགས་པར་ཐོབ་ཅིང་། ཕྱིས་ཡི་གེ་དེ་ཉིད་ཀྱི་སྟེང་ནས་མང་མཁར་བ་ཟླ་བ་མགོན་པོ་ལས་ཀྱང་ནོས། ཁྲིད་དོན་གཉིས་པ་གདན་བཞིའི་མཆན་ཁུངས་སོགས་རྗེ་མར་པའི་ཡིག་རྙིང་ནང་ལྟར་རྔོག་གདུང་བརྒྱུད་བློ་གྲོས་དཔལ་བཟང་པོ་ལ་ཞུས་ཤིང་། ཁྲིད་དོན་གསུམ་པ་མ་ཧཱ་མཱ་ཡའི་ཁྲིད་ཀྱང་རྗེ་མར་པའི་ཡིག་རྙིང་ཇི་ལྟ་བར་རྔོག་པ་གདུང་བརྒྱུད་དེ་ཉིད་ལ་ཞུས། ཁྲིད་དོན་བཞི་པ་བདེ་མཆོག་བོང་ཞལ་ཅན་གྱི་རྫོགས་རིམ་ཕྲ་ཐིག་བལ་པོའ་བླ་མ་མ་ཧཱ་བོ་དྷིའི་ཁྱད་ཆོས་ཞལ་ནས་སྙན་དུ་བརྒྱུད་པ། གློ་བོ་མཁན་ཆེན་རིན་པོ་ཆེའི་སྤྱན་སྔར་ལེགས་པར་ཐོས་ཤིང་། །བློ་ལ་འཇེན་པའི་གསུང་བགྲོས་ཇི་ལྟ་བའི་བརྗེད་བྱང་ཡང་རང་གིས་བགྱིས་ལ། ཁྲིད་དོན་ལྔ་པ་ཕག་མོ་སྒོམ་དྲུག་དཔྱལ་ཀུན་དགའ་རྡོ་རྗེའི་ཁྲིད་ཡིག་ནང་བཞིན། གློ་བོ་མཁན་ཆེན་རིན་པོ་ཆེའི་ཞལ་ལས་ཐོས། ནཱ་རོ་ཆོས་དྲུག་ལུགས་རྣམ་གྲངས་ཤིན་ཏུ་མང་བར་ཐོབ་ཀྱང་། ཁྲིད་དོན་དྲུག་པ་བགྲང་རྒྱུར། ཆོས་དྲུག་གསེར་ཞུན་མ་རྗེ་རང་བྱུང་རྡོ་རྗེས་མཛད་པའི་སྟེང་ནས། ཏྲེ་བོ་ཆོས་ཀྱི་རྒྱ་མཚོ་ལས་ཐོབ་པ་དེ་འདྲེན་རྒྱུ་ཡིན། ཁྲིད་དོན་བདུན་པ་ནི་གུའི་སྐོར་ལ། སྤྱིར་བརྒྱུད་ལུགས་ཉེར་ལྔའི་ལྕགས་ཟམ་ལུགས་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བྱང་སེམས་སྦྱིན་པ་བཟང་པོ་ལ་གསན་པའི་
༦༣ རིང་བརྒྱུད་ནི་མུས་ལུགས་ཁོ་ན་ཡིན་ལ། ནི་གུ་མས་གྲུབ་ཆེན་དངོས་ལ་ཡི་གེ་མེད་པའི་བརྡའ་ཐབས་སུ་གནང་བ་གུད་དུ་ཕྱུང་། གཞན་ཉེར་བཞི་འཇག་བསམ་ཆུ་བབས་གཉིས་སུ་འདུས་ཤིང་། རེ་རེ་ལས་གྱེས་པ་ཕན་ཚུན་བརྒྱུད་ཚུལ་སོ་སོ་བ་དེ་དག་ཏུ་མ་འདུས་པ། གནས་རྙིང་པ་ཨ་སེང་། རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པ་རྣམས་ལས། འདིར་ཁྲིད་ཀྱི་གྲངས་སུ་རྒྱ་སྒོམ་ལས་དངོས་སུ་ཐོབ་པ་དེ་འདྲེན་ཞིང་། ཁྲིད་དོན་བརྒྱད་པ་ཕྱག་རྒྱ་ཆེན་པོ་གའུ་མ་འཇགས་བསམ་གཉིས་ཀྱི་ཁྲིད་ཡིག་ཐད་བཞག །དེ་བཞིན་དུ་ཁྲིད་དོན་དགུ་པ་ལམ་ཁྱེར་རྣམ་གསུམ། ཁྲིད་བརྒྱད་ཅུ་པ་རང་སེམས་འཆི་མེད་ཀྱི་ཁྲིད། ཁྲིད་གྱ་གཅིག་པ་སུ་ཁའི་ཆོས་དྲུག་ཤངས་པའི་ཡིག་རྙིང་ཀུན་ཏུ་ཐ་དད་མེད་ལ་ཕྱིས་ཞ་ལུ་མཁྱེན་རབ་རྗེས་ཁྲིད་ཡིག་མཛད་པའི་ནང་ལྟར་ཀུན་སྤངས་རིན་པོ་ཆེ་ལས་ཐོབ་ཅིང་། ཁྲིད་གྱ་གཉིས་པ་ལྟེ་བ་སྤྲུལ་འཁོར་ཞེས་པ་དོན་དུ་བདག་མེད་མའི་ནང་ཁྲིད་ཁྱུང་པོའ་ཡིག་རྙིང་ལྟར་རྒྱ་སྒོམ་ཆེན་པོ་ལས་ནོས་ཤིང་། ཁྲིད་གྱ་གསུམ་པ་ལྷན་ཅིག་སྐྱེས་སྦྱོར་རྣམ་གྲངས་དཔག་མེད་ཐོབ་ཀྱང་། རྒྱལ་སྲས་ཆོས་རྫོངས་ནས་བརྒྱུད་པ་དེ་གྲངས་སུ་འདྲེན་ལ། ཁྲིད་གྱ་བཞི་པ་ཕྱག་ཆེན་ལྔ་ལྡན་ཆོས་རྗེ་བླ་མ་དམ་པའི་ཁྲིད་ཡིག་སྟེང་ནས་དང་། ཁྲིད་གྱ་ལྔ་པ་ཕྱག་ཆེན་ཡི་གེ་བཞི་པ་གཡག་སྡེ་པཎ་ཆེན་གྱི་ཁྲིད་ཡིག་སྟེང་ནས་སྤྱང་ལུང་པ་ལས་ཐོབ། ཁྲིད་གྱ་དྲུག་པ་སྐུ་གསུམ་ངོ་སྤྲོད་རྗེ་རང་བྱུང་རྡོ་རྗེའི་ཁྲིད་ཡིག་སྟེང་ནས། ཏྲེ་བོ་ཆོས་ཀྱི་རྒྱ་མཚོའ་ཞབས་ཕྱིར་དཀྲིས་ཏེ་ཀརྨ་ཕྲིན་ལས་པ་ལས་ཞུས་ཤིང་། ཁྲིད་གྱ་བདུན་པ་རླུང་སེམས་གཉིས་མེད་མཁའ་སྤྱོད་དབང་པོའ་གསུང་རྒྱུན་ལྷ་གཟིགས་ཀྱི་ཟིན་བྲིས་སྟེང་ནས་ཏྲེ་བོ་ཆོས་ཀྱི་རྒྱ་མཚོ་ལས་ཐོབ་ཅིང་། ཁྲིད་གྱ་བརྒྱད་པ་རྗེ་མར་པའི་སྲས་མཁར་མ་གཏེར་སྟོན་ཆོས་དབང་གིས་གཏེར་ནས་བཏོན་
༦༤ པ་ཇི་བཞིན་ལ་ཕྱིས་ཀྱི་བསྲེ་བསླད་མེད་པ་དང་། ཁྲིད་གྱ་དགུ་པ་རྔོག་པའི་དགེས་རྡོར་རྫོགས་རིམ་བསྲེ་འཕོའ་སྐོར་རྣམས་དང་། ཁྲིད་དགུ་བཅུ་པ་སྙན་གྱི་ཤོག་དྲིལ་རྣམ་བཞི་རྣམས་རྔོག་པ་གདུང་བརྒྱུད་ལས་ཐོས་ཤིང་། ཁྲིད་གོ་གཅིག་པ་མི་ལའི་ཞལ་གདམས་རས་ཆུང་སྙན་བརྒྱུད་རྙིང་མ་དང་། ཁྲིད་གོ་གཉིས་པ་རས་ཆུང་པས་རྒྱ་གར་ནས་སྤྱན་དྲངས་པའི་ལུས་མེད་མཁའ་འགྲོའི་ཆོས་སྐོར་རྣམས་ལོ་ཆེན་ལས་ཐོབ་ཅིང་། ཁྲིད་གོ་གསུམ་པ་ཞང་གི་ཟབ་རྒྱའི་སྐོར་སྟག་ལུང་རིན་པོ་ཆེ་ལས་ནོས་པ་དང་། ཁྲིད་གོ་བཞི་པ་དཔལ་་ལོའ་གཏུམ་མོ་ཞག་བདུན་མ་དང་། ཁྲིད་གོ་ལྔ་པ་ཕག་གྲུའི་ཕྱག་བཞེས་ཕྱག་ཆེན་ཚིགས་བཅད་མ། ཐབས་ལམ་ཚིགས་བཅད་མ་སོགས་གདན་ས་ཐེལ་ལུགས་རྣམས་སྤྱང་ལུང་རིན་པོ་ཆེ་ལས་ཐོབ་ཅིང་། ཁྲིད་གོ་དྲུག་པ་འབྲི་གུང་པའི་མོས་གུས་སྲོག་འཁོར་སོགས་དང་། ཁྲིད་གོ་བདུན་པ་སྟག་ལུང་པའི་ཆོས་དྲུག་ཡིད་བཞིན་ནོར་བུ། ཁྲིད་གོ་བརྒྱད་པ་བར་འབྲུགས་པའི་བླ་སྒྲུབ་རྟེན་འབྲེལ་རོ་སྙོམས་སྐོར། ཁྲིད་གོ་དགུ་པ་སྨད་འབྲུག་པའི་ཐུབ་པ་ལྔ་ལྡན་རྣམས་སྟག་ལུང་རིན་པོ་ཆེ་ལས་ནོད་ཅིང་། ཁྲིད་བརྒྱ་པ་ཡང་དགོན་པའི་རི་ཆོས་ཀྱི་སྐོར་རྗེ་ལོ་ཆེན་གྱི་གསན་ཡུལ་གྱི་བླ་མ། སློབ་དཔོན་ཆོས་འཁོར་སྒང་པ་ལ་མཐའ་ཆོད་པར་ཞུས་ལ། ཁྲིད་བརྒྱ་དང་གཅིག་པ་ཕྱག་བཞི་པའི་སྐུ་རགས་སྐོར་རྣམས་ཀྱང་སྟག་ལུང་རིན་པོ་ཆེ་ཉིད་ལ་ཞུས་ཤིང་། ཁྲིད་བརྒྱ་དང་གཉིས་པ་གུར་གྱི་ནང་ཁྲིད་འདིར་གྲངས་སུ་ངོར་ཆེན་ལྷ་མཆོག་སེང་གེ་ལས། རྗེ་སངས་རྒྱས་རིན་ཆེན་གྱི་ཡི་གེའི་སྟེང་ནས་ཐོབ་པ་དེ་འདྲེན་ཅིང་། འདིའི་ཞབས་ཅུང་ཟད་མ་རྫོགས་པ་ཞིག་ཀུན་སྤངས་རྗེ་ནས་ཀྱང་ཐོས་སོ། །ཁྲིད་བརྒྱ་དང་གསུམ་པ་དོ་ཧའི་ཁྲིད་སློབ་དཔོན་མཁས་པའི་དབང་པོའ་ཞལ་ནས་རྒྱས་པར་ཐོས་ཤིང་། ཁྲིད་བརྒྱ་
༦༥ དང་བཞི་པ་གྲུབ་ཐོབ་ཆོས་དྲུག་ཏྲེ་བོ་ཆོས་ཀྱི་རྒྱ་མཚོ་ལས་ཞུས་ཤིང་། ཁྲིད་བརྒྱ་དང་ལྔ་པ་པདྨ་ལམ་རིམ་སྐོར་རྗེ་བཙུན་སྦས་པའི་སངས་རྒྱས་ཀྱིས་སྩལ་ཞིང་། ཁྲིད་བརྒྱ་དང་དྲུག་པ་རྒྱལ་པོ་བཀའ་འབུམ་གྱི་དོན་ཁྲིད་ཡིག་དྲུག་ཤེས་རབ་དཔལ་འབྱོར་པས་གནང་ལ། ཁྲིད་བརྒྱ་དང་བདུན་པ་ནོར་བུ་མཐོང་གྲོལ་སྐོར་སྤྱང་ལུང་པ་ལ་ཆེད་ཀྱིས་ཞུས། ཁྲིད་བརྒྱ་དང་བརྒྱད་པ་སེམས་ཁྲིད་ཡིད་བཞིན་ནོར་བུ་རྟོགས་ལྡན་ཆོས་ཉིད་རང་གྲོལ་གྱི་ཁྲིད་ཡིག་ཆེན་མོའ་སྟེང་ནས་སྤྱང་ལུང་པ་ལ་ཁྲིད་ཀྱི་མཐའ་བརྟེན་དུ་ཞུས་ཤིང་། སྔ་གོང་རྗེ་ལོ་ཆེན་ལས་ཞ་ལུ་མཁྱེན་རབ་ཆོས་རྗེའི་ཁྲིད་ཐོ་ཆུང་དུའི་སྟེང་ནས་ཀྱང་ལུང་ཁྲིད་ཙམ་ཐོས་སོ། །དེ་ལྟར་རང་གི་འབད་པ་ཆེན་པོའ་སྒོ་ནས་མི་ལོ་སུམ་ཅུ་སོ་གཅིག་གི་བར་དུ་བཙལ་བའི་ཁྲིད་བརྒྱ་དང་བརྒྱད་དེ་དག་ལས་གྱེས་པའི་རྣམ་གྲངས་དུ་མ་དང་བཅས་པ་བླ་མ་གང་ལས་ཐོབ་པ་དང་། ཡི་གེ་འདིའི་སྟེང་ནས་ཐོབ་ཀྱི་སྤྱི་ཆིངས་ཙམ་གསལ་བར་བརྗོད་པའི་ལེགས་བྱས་སྤེལ་བ་ཡང་དེ་ཙམ་སྟེ་རེ་ཞིག་དབྲི་བསྣན་མེད་པར་ཕྱེ་བའི་ཡི་གེའོ། །བརྒྱུད་ལྡན་གང་རིའི་མགུལ་ནས་འོངས། །མདོ་རྒྱུད་ཚིག་འབྲུ་གཙང་མའི་ཆབས། །ཐོས་པ་ཆེད་གཉེར་བཏུང་བའི་མཆོག །སྲིད་པའི་སྐོམ་སེལ་འདི་འཐུངས་ཤིག །འདི་ན་ས་ཡི་རང་བབས་ཀྱིས། །འབབ་ཆུའི་རོ་ནུས་སྒྱུར་བྱེད་ལྟར། །མ་སྦྱངས་བླུན་པོའ་ཡིད་དཔྱོད་ཀྱིས། །གདམས་པའི་བཅུད་ཀྱང་ནུས་བྲལ་འགྱུར། །ནད་གང་གཉེན་པོའ་སྨན་བཞིན་དུ། །ཉོན་མོངས་དེ་དེའི་སྤོང་གཉེན་ལ། །རང་ཅག་སྐལ་པའི་ཆ་ཤས་ཀྱིས། །ཉམས་ལེན་ཚུལ་ཡང་དེ་དེའོ། །མཐའ་ཡས་གདུལ་བྱའི་ཁམས་ཇི་བཞིན། །ཆོས་ཀྱི་སྒོ་ཡང་དེ་ཉིད་དེ། །བཀྲེས་ལ་གོས་གཡོགས་སྲི་ཞུ་ལྟར། །ཕན་སེམས་ཙམ་གྱིས་ག་ལ་སྐྱོབས། །
༦༦ སྣ་ཚོགས་མ་འདྲེས་ཟ་འོག་ཚོན། །ཕན་ཚུན་གྱེས་ཚུལ་བར་སྣང་སྤྲིན། །བལྟས་པས་མ་ངོམས་ནམ་མཁའི་འཇའ། །གཅིག་ཏུ་སྣང་བ་ཆོས་ཀྱི་སྲོག །ཆོས་རྣམས་དུ་མ་རོ་གཅིག་པ། །རྒྱ་མཚོ་ཆེ་ནང་འབབ་ཆུ་ལྟར། །ཐ་དད་མེད་པར་འདི་རྟོགས་མོད། །འོན་ཀྱང་མ་རྟོགས་སྣང་ངོར་ཅི། །ཆུ་ཕྲན་ཀུ་ཅོའ་ངར་སྒྲ་སྒྲོགས། །འབབ་ཆུ་ཆེ་རྣམས་དལ་གྱིས་རྒྱུ། །སྙན་སྒྲོག་ངོ་སོ་བླུན་པོའ་ངག །རྒྱལ་བའི་བཀའ་ནང་དེ་ལྟར་མིན། །ཡོངས་ལ་དག་སྣང་རེས་མེད་པ། །དེ་ཚེ་མ་དག་གང་དུ་ཚོལ། །ཀུན་ཁྱབ་སྐྱབས་ཡུལ་མ་ལུས་པ། །དུས་གཅིག་བྱིན་གྱིས་རློབ་འདི་མཚར། །ཟབ་ཟབ་བསྡུས་པའི་བེའུ་བུམ་རྣམས། །ཡང་ཡང་བལྟས་ཚེ་བསྐྱར་ཟློས་ཉིད། །གང་གང་མ་འདྲེས་ཆོས་ཀྱི་མཛོད། །ལྟོས་ལྟོས་དཔྱད་པས་ཟད་པ་མིན། །འབད་འབད་འབྲས་བཅས་ཞིང་སའི་དཔེ། །སྨིན་སྨིན་ལོ་ལེགས་སྙེ་མའི་གཟུགས། །ཚིམ་ཚིམ་ཡིད་བདེ་གྲོགས་པོའ་གཤིས། །སྐྱིད་སྐྱིད་འདི་ཕྱི་ཀུན་ཏུ་ཡང་། །སྤྲོ་སྤྲོ་རང་སེམས་དྭངས་པའི་ཤེལ། །སྨོན་སྨོན་ཚེ་རབས་ཆོས་སྤྱོད་པ། །ལེགས་ལེགས་སྡིག་བྲལ་དགེ་བའི་སེམས། །བསྔོ་བསྔོ་དགེ་དེ་འགྲོ་ལའོ། །ཅེས་ཁྲིད་བརྒྱའི་སྤྱི་ཆིངས་རྣམ་པར་སྤེལ་བ་ངོ་མཚར་ཆོས་ཀྱི་སྒོ་མང་ཞེས་པ་འདིའང་། །འགོ་ཙམ་བྲིས་ནས་ལེ་ལོས་ཞབས་མ་ཚང་བར་ཡུན་རིང་དུ་ལུས་པ་ལ་བུ་དམ་ཚིག་ཅན་རྣམ་གྲོལ་སེང་གེ་དཔལ་བཟང་པོས་ཆེད་དུ་བསྐུལ་བའི་ངོར་སྙོམས་ལས་ཀྱི་བགྱི་བ་ཅུང་ཟད་སྤངས་ཏེ། གྲོལ་མཆོག་གི་བློ་གྲོས་ཀྱི་རྒྱ་མཚོ་ལས་ལེགས་པར་ཕྱུང་བའི་ཡི་གེ་པ་ནི་ཀུན་དགའ་ལེགས་རྒྱལ་ཞེས་བགྱི་བས་སོ། །འདིས་ཀྱང་རྒྱལ་བའི་བསྟན་པ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།མངྒ་ལཾ། །དགེའོ།

ལྟ་བ་འཁོར་འདས་དབྱེར་མེད་ཀྱི་གཞུང་རིན་ཆེན་སྣང་བའི་རྩ་བ་བཞུགས་སོ།

༡༥ ༈ ལྟ་བ་འཁོར་འདས་དབྱེར་མེད་ཀྱི་གཞུང་རིན་ཆེན་སྣང་བའི་རྩ་བ་བཞུགས་སོ། །ན་མོ་གུ་རུ་བྷ་དྲཱ་ཡ། །ཐོག་མར་བླ་མའི་ཞབས་ལ་ཕྱག་འཚལ་ནས། །རྡོ་རྗེ་འཆང་ལ་གཉིས་པའི་ཚིག་གིས་འདུད། མཐུ་སྟོབས་དབང་ཕྱུག་ཞབས་ལ་ཕྱག་འཚལ་ཏེ། །བདག་ལ་ཐུགས་རྗེ་ཆེན་པོས་བསྐྱང་དུ་གསོལ། །གང་ཞིག་ལེགས་པར་རྟོགས་ནས་སངས་རྒྱས་མཆོག །རྡོ་རྗེ་འཆང་གི་ཐུགས་དང་མཚུངས་གྱུར་པའི། །འཁོར་འདས་དབྱེར་མེད་ཚིག་དོན་བསྡུས་པ་འདི། །གཞན་ལ་བརྩེ་བའི་བསམ་པས་བྲི་བར་བྱ། །རང་བཞིན་གསལ་དང་སྟོང་པ་ཟུང་འཇུག་ལས། །ཉོན་མོངས་རླུང་དང་ཡི་གེ་རྩ་དང་ཁམས། །ནད་གདོན་རགས་པ་རེ་རེའང་གསུམ་གསུམ་སྟེ། ཉི་ཤུ་རྩ་བདུན་རྒྱུ་ཡི་ལྷན་སྐྱེས་ཡིན། །དེ་ལྟར་ལྷུན་གྲུབ་ལེགས་པར་རྟོགས་གྱུར་ནས། །འཁོར་འདས་རྒྱུ་འབྲས་མཚན་ཉིད་ཤེས་འགྱུར་ཞིང་། །ཕྱི་ནང་རྟེན་འབྲེལ་ཀུན་ཀྱང་ལེགས་རྟོགས་ནས། །ནད་གདོན་མ་ལུས་ཚར་གཅོད་བྱེད་པར་འགྱུར། །སྨིན་བྱེད་སྔོན་དུ་སོང་ནས་སྒྲུབ་པའི་ལམ། །བསྐྱེད་དང་རྫོགས་དང་ཡེ་ཤེས་རྣམ་གསུམ་ལ། །རང་བཞིན་གསུམ་སྟེ་དེ་དག་རེ་རེ་ལའང་། །གསུམ་དུ་དབྱེ་བ་ལམ་གྱི་ལྷན་སྐྱེས་ཡིན། །གསལ་བ་སྤྲུལ་སྐུ་སྟོང་པ་ཆོས་ཀྱི་སྐུ། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། །རེ་རེའང་རྣམ་གསུམ་ལྷུན་གྲུབ་གནས་འགྱུར་དུ། །བརྩེ་བ་འདི་ནི་འབྲས་བུའི་ལྷན་སྐྱེས་ཡིན། །ཉམས་སུ་བླང་བའི་གནད་གསུམ་ཞེས་བྱ་བ། །སེམས་དང་སྒྱུ་མ་རང་བཞིན་མེད་པ་སྟེ། །སུམ་ཅུ་རྩ་གཉིས་རྩ་བདུན་དཔེ་ཡིས་ཏེ། །ཀུན་ལ་སྦྱོར་བ་དངོས་གཞི་རྗེས་ཀྱིས་སོ། །སེམས་ལ་གཉིད་དང་ནད་གདོན་རྫས་ཀྱིས་བསླད། །མིག་ཡོལ་རབ་རིབ་མགལ་མེ་མྱུར་འཁོར་བ། །གཉིས་པ་སྒྱུ་མ་སྨིག་རྒྱུ་ཆུ་ཟླ་གློག །འཕྲོག་པ་དྲི་ཟའི་གྲོང་ཁྱེར་སྤྲིན་དང་གཞའ། །གསུམ་པ་གཉིས་ཀྱི་རྟེན་སོ་རྟེན་འབྲེལ་ཏེ། ཁ་ཏོན་མར་མེ་མེ་ལོང་རྒྱ་དང་ནི། །མེ་ཤེལ་ས་བོན་སྐྱུར་དང་བྲག་ཆ་སྟེ། །གསུམ་པའི་གཉིས་པ་བརྗོད་བྲལ་
༡༦བསྟན་པར་བྱ། །གཞོན་ནུའི་དགོད་དང་ལྐུགས་པའི་རྨི་ལམ་དང་། །གནད་ལ་འབྲུག་དང་དབང་པོའ་བདེ་བ་དང་། །གསུམ་པའི་ཡེ་ཤེས་གསང་བའི་སྙོམས་འཇུག་དང་། ལོངས་སྤྱོད་རླབས་དང་དཀྱིལ་འཁོར་འཁོར་ལོའོ། རྒྱས་བཤད་ཐོག་མར་ཀུན་གཞིའི་རང་བཞིན་དང་། །རྟེན་དང་བརྟེན་ཚུལ་རྒྱུ་དང་རྩ་བ་དང་། །འགྲེལ་ཚུལ་སྣང་བ་གསུམ་པོ་དྲན་པ་ཡིས། །ལུས་དང་སེམས་ལ་འཁོར་འདས་ཚང་ཚུལ་ལོ། །ཐབས་ལ་སྨིན་བྱེད་དབང་དང་ཉམས་མྱོང་སྟེ། །དང་པོ་དཀྱིལ་འཁོར་དབང་དང་དབང་རྫས་སོགས། །རེ་རེའང་གདན་གསུམ་འཁོར་འདས་དབྱེར་མེད་དུ། །དཔལ་ལྡན་བླ་མའི་ཞལ་ལས་བླང་བར་བྱ། །བསྐྱེད་པ་སྔོན་འགྲོ་རྟེན་དང་བསྐྱེད་ཆོག་དང་། ཁ་དོག་ཕྱག་མཚན་རྣམ་འགྱུར་ཡན་ལག་བཅས། །རེ་རེའང་འཁོར་འདས་དབྱེར་མེད་རང་བཞིན་དུ། །ལེགས་པར་བརྩེ་བའི་བསམ་པས་བཤད་པར་བྱ། །རྫོགས་པ་ལུས་དང་ངག་ཡིད་འཁོར་བ་ལས། །འབྲས་བུ་སངས་རྒྱས་ཡེ་ཤེས་རབ་རྫོགས་པར། །ཕན་ཚུན་རྒྱུ་དང་འབྲས་བུ་རྒྱས་གདབ་ཅིང་། །རྟོགས་པ་དཔེ་ཡི་ཡེ་ཤེས་ངོ་སྤྲོད་བྱ། །བསྐྱེད་རྫོགས་ཐུན་མོང་ཆོས་དྲུག་དྲན་བྱ་ཞིང་། །རྟོགས་པ་གོང་ནས་གོང་དུ་འཕེལ་འདོད་ན། །དམ་ཚིག་བརྡ་སོགས་ལ་ཡང་ལེགས་སྦྱར་ཏེ། །དྲི་མ་མེད་པའི་བློ་ཡིས་སྤྱད་པར་བྱ། །འཁོར་བའི་ཉམས་ལ་བརྟེན་ནས་ལོག་ལྟ་སྤང་། །ལམ་གྱི་ཉམས་ཀྱིས་ཐེག་པ་གཅིག་ཏུ་བསྒྲུབ། །འབྲས་བུའི་ཉམས་ཀྱི་སྤྲོ་བ་མཆོག་ཏུ་འགྱུར། །ཆོས་ཀུན་ཚད་མ་བཞི་ཡིས་གཏན་ལ་དབབས། །རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ། །མཐའ་ཡས་ཡོན་ཏན་ཚོགས་ནི་གནས་འགྱུར་ཡིན། །དེས་ན་ལྷུན་གྲུབ་གནས་འགྱུར་མི་འགལ་ཏེ། འདི་ནི་འབྲས་བུའི་འཁོར་འདས་དབྱེར་མེད་ཡིན། །ཐོག་མར་བླ་མ་དམ་པས་བསྟན་པ་ཡིན། །ལྟ་བ་འཁོར་འདས་དབྱེར་མེད་བསྡུས་པ་ལས། །བྱུང་བའི་དགེ་བ་དྲི་མེད་མཐའ་ཡས་དེས། །འགྲོ་ཀུན་ཧེ་རུ་ཀ་དཔལ་ཐོབ་པར་ཤོག །ཐོས་ན་ལྷ་ཡི་དབྱངས་ལྟར་
༡༧ཡིད་འཕྲོག་ཅིང་། །བསམ་པས་མྱོང་ན་བདུད་རྩི་ལྟར་ཚིམ་ལ། །བསྒོམ་ན་འཆི་མེད་བཅུད་ལེན་ཐོབ་འགྱུར་བའི། །དཔེ་གསུམ་ལྡན་པ་འདི་ནི་ཁྱོད་ལ་སྦྱིན། །ཡོན་ཏན་འབྱུང་གནས་དཔལ་ལྡན་ས་སྐྱ་རུ། །མེ་སྟག་སྨལ་པོའ་ཡར་ངོའ་བཅོ་ལྔ་ལ། །རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས། རྒྱུད་ཀུན་སྙིང་པོ་རིན་ཆེན་སྣང་བ་བགྱིས། །ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཚིག་ལེའུར་བྱས་པ་རིན་ཆེན་སྣང་བ་ཞེས་བྱ་བ། ཤཱཀྱའི་དགེ་བསྙེན་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ། །རྫོགས་སོ།།

༈ བསྟན་པ་ཐམས་ཅད་ཀྱི་རང་བབས་རང་བྱུང་བྱིན་རླབས་ཀྱི་ཡི་གེ་འདི༔ རྒྱལ་པོ་ཛ་རི་ཞེས་བྱ་བའི་ཁབ་ཀྱི་ལྷོ༔ བྱ་རྒོད་སྤུངས་པའི་རི་ལ་སྟོན་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ དགའ་རབ་རྡོ་རྗེས་གདུང་བའི་སྨྲེ་སྔགས་ཕྱུངས་པས༔ རིན་པོ་ཆེ་ལྔ་ཡི་ཡི་གེ་རང་བྱུང་བ་དགའ་རབ་རྡོ་རྗེའི་ཕྱག་གཡས་པའི་མཐིལ་དུ་བབས་པ༔ སངས་རྒྱས་ཀྱི་འདས་རྗེས་ཐ་མ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པར་བཀོད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལམ་བདེན་པ་ཐམས་ཅད་ཀྱི་མཐར་ཐུག་པ་འོད་གསལ་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཡང་རྩེ་མན་ངག་སྡེ་ལའང་། ཕྱི་ནང་གསང་བ་ཡང་གསང་གི་སྐོར་མཐའ་ཡས་པར་བཞུགས་པ་ལས། ཡང་གསང་མན་ངག་
སྙིང་ཏིག་གི་རྒྱུད་ཤ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞིར་གྲགས་པའི་སྙིང་པོ་ནི་འོད་ཀྱི་ཡང་ཞུན་བཅུ་བདུན་བཤད། ཅེས་གསུངས་པ་ལྟར་རྒྱུད་བཅུ་བདུན་ཡིན་ལ། དེ་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་བ་རིན་པོ་ཆེ་འབྱུང་བའི་ས་བོན་ལྟ་བུ་ནི། སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་ཉིད་དུ་རྣམ་པར་བཞག་ཅིང་དེ་རྣམས་མཐའ་དག་གི་གནད་ཀྱི་སྙིང་པོ་སངས་རྒྱས་ཀྱི་འདས་རྗེས་གསུམ་དུ་གྲགས་པའི་རྒྱུད་སྡེ་ཁྱད་པར་ཅན་དང་། རིག་འཛིན་བཞིའི་འདས་རྗེས་ཞར་བྱུང་དང་བཅས་པའི་རྡོ་རྗེའི་ཚིག་རྐང་རྣམས་སུ་འདུ་བ་ལས། དང་པོ་འདས་རྗེས་རྣམ་པ་གསུམ་གྱིས་དོན་གྱི་དགོངས་པ་ཇི་ལྟ་བུ་ཞིག་སྟོན་ན། འདས་རྗེས་དང་པོས་རྫོགས་པ་ཆེན་པོ་མན་ངག་སྡེའི་གསང་བ་ཐུན་མོང་མ་ཡིན་པ་འོད་གསལ་ཐིག་ལེ་ཆེན་པོ་ཐོད་རྒལ་གྱི་གདམས་པ་གཙོ་བོར་གྱུར་པའི་མན་ངག་གི་ལུས་ཡོངས་སུ་རྫོགས་པ་མདོར་བསྟན། གཉིས་པ་དེའི་སྔོན་འགྲོ་དང་། གསུམ་པས་དངོས་གཞི་སྣང་བ་བཞིའི་ས་མཚམས་དང་བཅས་རྒྱས་པར་བཤད་པ་སྟེ། འདི་རྣམས་ཀྱི་དོན་རྒྱས་པར་ཀུན་མཁྱེན་ཆེན་པོའ་གཞུང་ཐེག་མཆོག་རིན་པོ་ཆེའི་མཛོད་དང་། མན་ངག་གི་ཡི་གེ་ཡང་ཏིག་ཡིད་བཞིན་ནོར་བུ་སོགས་ཀྱིས་མཚོན་ཁྲིད་ཡིག་རྣམས་ལས་རྟོགས་པར་བྱའོ།

གྲུབ་ཆེན་ཏཻ་ལོ་པའི་ཕྱག་རྒྱ་ཆེན་པོ་གངྒཱ་མའི་གཞུང་ས་བཅད་འགྲེལ་པ་དང་བཅས་པ་བཞུགས་སོ།

༣༣ ༈ །གྲུབ་ཆེན་ཏཻ་ལོ་པའི་ཕྱག་རྒྱ་ཆེན་པོ་གངྒཱ་མའི་གཞུང་ས་བཅད་འགྲེལ་པ་དང་བཅས་པ་བཞུགས་སོ།། རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་ཨུ་པ་དེ་ཤ་།བོད་སྐད་དུ། །ཕྱག་རྒྱ་ཆེན་པོའ་མན་ངག ༈ །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། ༈ །དཀའ་བ་སྤྱད་ཅིང་བླ་མ་ལ་གུས་པ། །སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོ་པ། །སྐལ་ལྡན་ཁྱོད་ཀྱིས་བློ་ལ་འདི་ལྟར་བྱོས། ༈ །ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་། །དཔེར་ན་ནམ་མཁའ་གང་གིས་གང་ལ་བརྟེན། །རང་སེམས་ཕྱག་རྒྱ་ཆེ་ལ་བརྟེན་ཡུལ་མེད། །མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག ༈ །བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། །དཔེར་ན་ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། །དེ་བཞིན་སེམས་ཀྱིས་སེམས་ལ་བལྟས་བྱས་ན། །རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ། ༈ །དཔེར་ན་ས་རླངས་སྤྲིན་ནི་ནམ་མཁའི་དབྱིངས་སུ་དེངས། །གར་ཡང་སོང་བ་མེད་ཅིང་གར་ཡང་གནས་པ་མེད། །དེ་བཞིན་སེམས་ལས་བྱུང་བའི་རྟོག་ཚོགས་ཀྱང་། །རང་སེམས་མཐོང་བས་རྟོག་པའི་རྦ་རླབས་དྭངས། ༈ །དཔེར་ན་ནམ་མཁའི་རང་བཞིན་ཁ་དོག་དབྱིབས་ལས་འདས། །དཀར་ནག་དག་གིས་གོས་ཤིང་འགྱུར་བ་མེད། །དེ་བཞིན་རང་སེམས་སྙིང་པོ་ཁ་དོག་དབྱིབས་ལས་འདས། །དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། ༈ །དཔེར་ན་གསལ་དྭང་ཉི་མའི་སྙིང་པོ་དེ། །བསྐལ་པ་སྟོང་གི་མུན་པས་སྒྲིབ་མི་འགྱུར། །དེ་བཞིན་རང་སེམས་སྙིང་པོ་འོད་གསལ་དེ། །བསྐལ་པའི་འཁོར་བས་སྒྲིབ་པར་མི་ནུས་སོ། ༈ །དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བརྟགས་ཀྱང་། །ནམ་མཁའ་ལ་ནི་འདི་འདྲར་བརྗོད་དུ་མེད། དེ་བཞིན་རང་
༣༤སེམས་འོད་གསལ་བརྗོད་གྱུར་ཀྱང་། །བརྗོད་པས་འདིར་འདྲར་གྲུབ་ཅེས་ཐ་སྙད་གདགས་གཞི་མེད། ༈ །དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཆོས་རྣམས་ཐམས་ཅད་དེ་རུ་མ་འདུས་མེད། །ལུས་ཀྱི་བྱ་བ་ཡོངས་ཐོངས་རྣལ་འབྱོར་དལ་བར་སྡོད། །ངག་གི་སྨྲ་བརྗོད་མེད་དེ་གྲགས་སྟོང་བྲག་ཆ་འདྲ། །ཡིད་ལ་ཅི་ཡང་མི་བསམ་ལ་བཟླའི་ཆོས་ལ་ལྟོས། །ལུས་ལ་སྙིང་པོ་མེད་པ་སྨྱུགས་མའི་སྡོང་པོ་འདྲ། །སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་མེད་པར་གློད་ལ་ཞོག ༈ །སེམས་པ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་འཐོབ། ༈ །སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བ་མདོ་སྡེ་སྡེ་སྣོད་ལ་སོགས་པ། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ན། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། ༈ །རྟོག་པའི་སྲུང་སྡོམ་དམ་ཚིག་དོན་ལས་ཉམས། །ཡིད་ལ་མི་བྱེད་ཞི་འདོད་ཀུན་དང་བྲལ། །རང་བྱུང་རང་ཞི་ཆུ་ཡི་པ་ཏྲ་འདྲ། །མི་གནས་མི་དམིགས་དོན་ལས་མི་འདའ་ན། །དམ་ཚིག་མི་འདའ་མུན་པའི་སྒྲོན་མེ་ཡིན། ༈ །ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། །སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར། ༈ །དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར། །དོན་འདིར་མཉམ་བཞག་སྡིག་སྒྲིབ་ཐམས་ཅད་སྲེག །བསྟན་པའི་སྒྲོན་མེ་ཞེས་སུ་བཤད་པ་ཡིན། །དོན་འདིར་མི་མོས་སྐྱེ་བོ་བླུན་པོ་རྣམས། །འཁོར་བའི་ཆུ་བོས་རྟག་ཏུ་ཁྱེར་བར་ཟད། །ངན་སོང་སྡུག་བསྔལ་མི་བཟད་བླུན་པོ་སྙིང་རེ་རྗེ། །མི་བཟད་ཐར་འདོད་བླ་མ་མཁས་ལ་བསྟེན། །བྱིན་རླབས་སྙིང་ལ་ཞུགས་ན་རང་སེམས་གྲོལ་བར་འགྱུར། ༈ །ཀྱེ་ཧོ་འཁོར་བའི་ཆོས་འདི་དོན་མེད་སྡུག་བསྔལ་རྒྱུ། །བྱས་པའི་ཆོས་ལ་སྙིང་པོ་མེད་པས་དོན་ལྡན་སྙིང་པོ་ལྟོས། །གཟུང་འཛིན་ཀུན་ལས་
༣༥འདས་ན་ལྟ་བའི་རྒྱལ་པོ་ཡིན། །ཡེངས་པ་མེད་ན་བསྒོམ་པའི་རྒྱལ་པོ་ཡིན། །བྱ་བཙལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །རེ་དོགས་མེད་ན་འབྲས་བུ་མངོན་དུ་འགྱུར། ༈ །དམིགས་པའི་ཡུལ་འདས་སེམས་ཀྱི་རང་བཞིན་གསལ། །བགྲོད་པའི་ལམ་མེད་སངས་རྒྱས་ལམ་སྣ་ཟིན། །བསྒོམ་པའི་ཡུལ་མེད་གོམས་ན་བླ་མེད་བྱང་ཆུབ་འཐོབ། ༈ །ཀྱེ་མ་འཇིག་རྟེན་ཆོས་ལ་ལེགས་རྟོགས་དང་། །རྟག་མི་ཐུབ་སྟེ་རྨི་ལམ་སྒྱུ་མ་འདྲ། །རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། །དེས་ན་སྐྱོ་བ་སྐྱེད་ལ་འཇིག་རྟེན་བྱ་བ་ཐོངས། །འཁོར་ཡུལ་ཆགས་སྡང་འབྲེལ་པ་ཀུན་གཅོད་ནས། །གཅིག་པུར་ནགས་འདབས་རི་ཁྲོད་གནས་པར་བསྒོམ། །བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་འཐོབ། །དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་ལོ་འདབ་རྒྱས། །རྩ་བ་གཅིག་བཅད་ཡལ་ག་ཁྲི་འབུམ་སྐམ། །དེ་བཞིན་སེམས་ཀྱི་རྩ་བ་བཅད་ན་འཁོར་བའི་ལོ་འདབ་སྐམ། ༈ །དཔེར་ན་སྐལ་སྟོང་བསགས་པའི་མུན་པ་ཡང་། །སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །བསྐལ་པར་བསགས་པའི་མ་རིག་སྡིག་སྒྲིབ་སེལ། ༈ །ཀྱེ་ཧོ། །བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག །སྣང་བ་དགག་སྒྲུབ་མི་བྱ་རང་སར་ཞོག །སྤང་ལེན་མེད་པར་སྣང་སྲིད་ཕྱག་རྒྱར་གྲོལ། །ཀུན་གཞི་སྐྱེ་བ་མེད་པར་བག་ཆགས་སྡིག་སྒྲིབ་སྤོང་། །སྙེམ་བྱེད་རྩིས་གདབ་མི་བྱ་སྐྱེ་མེད་སྙིང་པོར་ཞོག །སྣང་བ་རབ་སྣང་བློ་ཡི་ཆོས་རྣམས་ཟད་དུ་ཆུག །མུ་མཐའ་ཡོངས་གྲོལ་ལྟ་བའི་རྒྱལ་པོ་མཆོག །མུ་མེད་གཏིང་ཡངས་སྒོམ་པའི་རྒྱལ་པོ་མཆོག །མཐའ་ཆོད་ཕྱོགས་བྲལ་སྤྱོད་པའི་རྒྱལ་པོ་མཆོག །
༣༦རེ་མེད་རང་གྲོལ་འབྲས་བུའི་མཆོག་ཡིན་ནོ། ༈ །ལས་ནི་དང་པོ་གཅོང་རོང་ཆུ་དང་འདྲ། །བར་དུ་ཆུ་བོ་གངྒཱ་དལ་ཞིང་གཡོ། །ཐ་མ་ཆུ་རྣམས་མ་བུ་འཕྲད་པ་འདྲ། །བློ་དམན་སྐྱེས་བུའི་ངང་ལ་མི་གནས་ན། །རླུང་གི་གནད་བཟུང་རིག་པ་བཅུད་ལ་བོར། །ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ཡིས། །རིག་པ་དང་ལ་མི་གནས་བར་དུ་གཅུན། ༈ །ལས་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར། །ཐབས་དང་ཤེས་རབ་བྱིན་རླབས་སྙོམས་པར་འཇུག །དལ་བར་དབབ་ཅིང་བསྐྱིལ་བཟློག་དྲངས་པ་དང་། །གནས་སུ་བསྐྱལ་དང་ལུས་ལ་ཁྱབ་པར་བྱ། །དེ་ལ་ཆགས་ཞེན་མེད་ན་བདེ་སྟོང་ཡེ་ཤེས་འཆར། ༈ །ཚེ་རིང་སྐྲ་དཀར་མེད་ཅིང་ཟླ་ལྟར་རྒྱས་པར་འགྱུར། །བཀྲག་མདངས་གསལ་ལ་སྟོབས་ཀྱང་སེང་གེ་འདྲ། །ཐུན་མོང་དངོས་གྲུབ་མྱུར་ཐོང་མཆོག་ལ་གཞོལ་བར་འགྱུར། ༈ །ཕྱག་རྒྱ་ཆེན་པོ་གནད་ཀྱི་མན་ངག་འདི། །འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །ཕྱག་རྒྱ་ཆེན་པོ་གྲུབ་པའི་དཔལ་ཏཻ་ལོ་པ་ཆེན་པོའ་ཞལ་སྔ་ནས་མཛད་པ་ཁ་ཆེའི་པཎྜི་ཏ་མཁས་ལ་གྲུབ་པའི་ནཱ་རོ་པས་དཀའ་བ་བཅུ་གཉིས་མཛད་པའི་རྟིང་ལ་ཆུ་བོ་གངྒཱའི་འགྲམ་དུ་ཏཻ་ལོ་པས་གསུངས་པ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་ཚིག་རྐང་ཉི་ཤུ་རྩ་དགུ་པ་རྫོགས་སོ།། །།ནཱ་རོ་པ་ཆེན་པོའ་ཞལ་སྔ་ནས་དང་། །བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྒྲ་བསྒྱུར་གྱི་རྒྱལ་པོ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས། །བྱང་ཕུལླ་ཧ་རིར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་རྫོགས་སོ། །།།།། དགེའོ། །འདི་ནི་དཔལ་ཏཻ་ལོ་པའི་ཕྱག་རྒྱ་ཆེན་པོ་གངྒཱ་མ་ཞེས་སྒྲུབ་བརྒྱུད་འཛིན་པ་མཐའ་དག་ལ་ཡོངས་སུ་གྲགས་ཤིང་། སྔ་རབས་པ་རྣམས་ཀྱིས་མཛད་པའི་ས་བཅད་འགྲེལ་པ་ཁྲིད་ཡིག་སོགས་མང་དུ་སྣང་ངོ་།

༄༅། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གདམས་པ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཀྱི་གནད་འགག་གལ་ཆེ་བའི་འབྲུ་འབྲེལ་གསལ་བྱེད་ཉིན་མོའི་མགོན་པོ་བཞུགས་སོ། །

༤༥ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའ་གདམས་པ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཀྱི་གནད་འགག་གལ་ཆེ་བའི་འབྲུ་འབྲེལ་གསལ་བྱེད་ཉིན་མོའ་མགོན་པོ་བཞུགས་སོ། །
༤༦ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི། སངས་རྒྱས་སྐུ་གསུམ་གྱི་བསྟན་པ་རབ་འབྱམས་མདོ་རྒྱུད་བསྟན་བཅོས། དྲང་དོན། ལྡེམ་དགོངས། ངེས་དོན་རྣམས་ཀྱི་སྙིང་པོར་གྱུར་པ། ཕྱག་རྒྱ་ཆེན་པོ་ལ་མིང་དང་བཀའ་སྲོལ་མི་འདྲ་བ་བསམ་གྱིས་མི་ཁྱབ་པའི་ནང་ནས། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་ལ། སྔར་དུ་རྩ་བའི་གཞུང་། དེ་དག་གི་ཁྲིད་ཀྱི་སྡོམ་ཚིག །དེ་ཡི་གསལ་བྱེད་དུ་ཟིན་བྲིས། དེའི་རྒྱབ་ཆོས་རྗེ་ཡང་དགོན་པས་མཛད་པའི་རྣལ་འབྱོར་བཞིའི་ཞལ་གདམས་ཤིན་ཏུ་ཞིབ་པ། རྗེ་རྒོད་ཚང་པས་ས་ལམ་བགྲོད་ཚུལ་གཙོ་ཆེ་བའི་རྣལ་འབྱོར་བཞིའི་ཞལ་གདམས་རྣམས་ཁུང་བཙུན་ཞིང་བྱིན་རླབས་ཆེ་བ་དང་། དེ་དག་ལ་མ་འཐུས་ཤིང་མ་ཚང་བ་མེད་པས། སོ་སོ་སྐྱེ་བོའ་ཡིག་འཇོག་མང་པོ་དགོས་པ་ཆུང་ཞིང་། རྩོད་པའི་དུས་འདིར་ཚད་མར་འཛིན་པའང་དཀའ་མོད། འོན་ཀྱང་སྐྱེས་བུ་དམ་པས་ནན་ཆེར་བསྐུལ་བ་ལ་ངོ་མི་བཟློག་ཕྱིར། རང་གི་སྤྱོད་ཡུལ་གྱི་གོ་ཚོད་ཅུང་ཟད་བརྗོད་པར་བྱའོ། །སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་ཀྱི་མཆོག །བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ། །ཀུན་འདུས་
༤༧ཡིད་བཞིན་ནོར་བུ་ལྟ་བུ་ཡི། །དགོས་འབྱུང་རིགས་བདག་རྩ་བའི་བླ་མར་འདུད། །དོན་བརྒྱུད་སྙན་བརྒྱུད་བརྡ་བརྒྱུད་ཚིག་གི་བརྒྱུད། །ཕྱག་ཁྲིད་ཇི་བཞིན་མ་ནོར་འདིར་འགོད་བྱ། །བརྩེ་བས་རྗེས་གནང་བྱིན་གྱིས་བརླབ་ཏུ་གསོལ། །ཕྱག་རྒྱ་ཆེན་པོའ་ཁྲིད་ཀྱི་སྟོན་ལུགས་རྣམ་པ་བརྒྱད་དེ། ཟོག་པོའ་འུར་ཁྲིད་ཅེས་པ་དོན་དང་མ་འབྲེལ་བ་དང་། འདོད་པོ་ཆེའི་དཔུང་ཁྲིད་ཅེས་པ་ཚིག་དོན་གང་ཡང་རྒྱུད་དང་མ་འདྲེས་པའི་ལུགས་དང་། ཤེས་ཆུང་གི་དཔེ་ཁྲིད་ཅེས་པ་རང་ལ་གོ་བ་ཉམས་མྱོང་རྟོགས་པ་གང་གི་ཡང་གདིང་མེད་པར་དཔེ་ཐོག་ནས་ཁྲིད་འདེབས་པ་མུ་ཐུག་དང་གསུམ་ནི་སྐྱོན་ཅན་སྤང་བྱ། པཎྜི་ཏའི་ཚིག་ཁྲིད་ཅེས་པ་ཚིག་མ་ལུས་པ་བློ་ལ་ཚུད་ཅིང་དོན་མ་ནོར་བར་གོ་ངེས་ཤེས་པ་དང་། སྒོམ་ཆེན་གྱི་དམར་ཁྲིད་ཅེས་པ་ལུས་གནད་སེམས་གནད་དམིགས་པའི་གནད་བསྟན་ཏེ། རང་སའི་མྱོང་བ་རྒྱུད་ལ་སྐྱེ་ངེས་སུ་སྒོམ་པ་དང་། རྣལ་འབྱོར་པའི་མྱོང་ཁྲིད་ཅེས་པ། གང་ཟག་དབང་པོ་མཐོ་དམན་འབྲིང་གསུམ་གྱི་རྒྱུད་ལ་སྐྱེ་ཚུལ་དང་། རང་གིས་གོ་མྱོང་རྟོགས་གསུམ་བསྟུན་ཏེ་མ་ངེས་པར་ཁྲིད་པ་དང་། རྟོགས་ལྡན་གྱི་
༤༨དགོངས་ཁྲིད་ཅེས་པ་སློབ་མའི་རྒྱུད་ཚོད་རིག་པས་ཐོད་རྒལ་གཅིག་ཅར་དུ་ཁྲིད་གདབ་པ་དང་། རྒན་མོའ་མཛུབ་ཁྲིད་ཅེས་པ་ཉམས་མྱོང་རྟོགས་པ་གསུམ་རང་གི་རྒྱུད་ལ་གང་སྐྱེས་པ་དེ་མཛུབ་ཚུགས་སུ་སྐུ་གསུམ་ཡེ་ཤེས་ལྔར་ངོ་སྤྲོད་པའོ། །དེ་ལྔ་ནི། སྐྱོན་མེད་དོན་ལྡན་གྱི་ཁྲིད་དོ། །དེ་དག་དང་མ་འབྲེལ་བའི་བཤད་ལོ་ཞུས་ལོ། །ཐོབ་ལོའ་རྣམ་གཡེང་འདུ་འཛིན་ལོངས་སྤྱོད་དང་བསྲེས་པའི། །སྦོམ་སྦོམ་སབ་སབ་དོན་ལ་མ་བསྙེགས་པ་ལ་སྐུ་ཆེན་གྱི་སྦོམ་ཁྲིད་ཅེས་བྱ་སྟེ། ལག་ལེན་འཁྲུལ་པའོ། །དེ་ལྟར་མ་ཡིན་པའི་ངེས་དོན་དམར་ཁྲིད་འདེབས་པ་སྟེ། དེ་ལ་སྔོན་འགྲོ། དངོས་གཞི་རྗེས་དང་གསུམ་ལས། ཐུན་མོང་གི་སྔོན་འགྲོ་བརྒྱད་ནི། གང་ཟག་སྔོན་སྦྱངས་ལས་འཕྲོ་སད་པ་ལ་ངེས་བཅས་མི་དགོས་ཏེ་གསལ་འདེབས་པ་ཙམ། རྗེ་བཙུན་ཆེན་པོ་མི་ལས་ཉ་མ་དཔལ་དར་འབུམ་ལ་ཁྲིད་བཏབ་པ་ལྟ་བུའོ། །དབང་པོ་ཡང་རབ་སྔོན་སྦྱོངས་དང་། ཚེ་འདིར་ཡང་སྦྱངས་པ་སོང་ཞིང་རྒྱུད་ལ། སྐྱེས་པ་ལ་དོན་ངོ་སྤྲད་པས་ཆོག་སྟེ། དཔལ་ལྡན་སྒོམ་པོ་པ་དང་། རྗེ་ཕག་མོ་གྲུབ་པའི་རྣམ་ཐར་ལྟ་བུའོ། །དེ་ལས་གཞན་པ་རྣམ་ལ་གོ་ངེས་ཤིང་རྒྱུད་ལ་རང་སའི་མྱོང་བ་མ་སྐྱེས་པར་ཁྲིད་འདེབས་པ་གལ་ཆེ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དྲུག་ནི། སྔར་བཤད་མ་ཐག་པ་ལྟར་སྐྱེས་སྦྱངས་ཀྱིས་རིགས་སད་པ་ལ་མ་ངེས། དེ་ལས་གཞན་པ་རྣམས་ལ་རང་སའི་མྱོང་རྟགས་མ་ཐོན་བར་བསྒོམ་དགོས་ཏེ། དེ་རྣམས་ཀྱིས་མྱོང་རྟགས་གསུང་རབས་སྤྱི་དང་མཐུན། རྡོ་རྗེ་སེམས་དཔའ་རང་ལ་ཐིམ་རྗེས། རང་གང་མོས་ཀྱིས་ལྷར་གསལ་བཏབ་སྟེ། ཐ་མལ་གྱི་ལུས་སུ་ནམ་ཡང་མི་གནས་པ་ཡིན། འདི་ཟུར་དུ་དྲངས་ན། སྔོན་འགྲོ་བདུན་དུ་འགྱུར་རོ། །དངོས་གཞིའི་བླ་ཞེས་པ་ནི། མཆོག་གི་དངོས་གྲུབ་འདོད་པའི་གང་ཟག་ལ་མེད་ཐབས་མེད་པའི་བླ་མའམ་སྲོག་ལྟར་འབྲལ་མེད་ཅེས་པ་དང་། དངོས་གྲུབ་དང་ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཡིན་པས་ནམ། མི་བསླུ་ངེས་
༤༩པས་དམ་པ། གཞི་ལམ་འབྲས་གསུམ་གནས་སྐབས་མཐར་ཐུག་ཀུན་ཏུ་སྒོ་གསུམ་གུས་པས་འདུད་ཕྱིར་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོའ་ཕྱག་ནི་སྟོང་ཉིད་བློ་བྲལ། རྒྱ་ནི་འཁོར་འདས་ཐམས་ཅད་དེ་ལས་མ་འདས་པ། ཆེན་པོ་ནི་དེ་ལས་མཆོག་གྱུར་གོང་ན་གཞན་མེད་པའོ། །ཡི་གེ་ནི་ཡིག་འབྲུའམ་ཚིག་འབྲུ་ཡིག་སྣ་བཞིའམ། ལྟ་སྒོམ་སྤྱོད་པ་འབྲས་བུའི་ཡིག་སྣ་བཞིའོ། །དོན་གཉིས་ནི་ཡིད་ཆེས་ཕྱིར་བརྒྱུད་པ་སྟེ། བརྒྱུད་ཚུལ་སྤྱི་དང་བྱེ་བྲག་སོ་སོའ་རྣམ་ཐར་རྒྱས་བསྡུས་སྐབས་དང་སྦྱར་བའི་རིགས་པས་དཔྱད་ཏེ་བཤད་ལ་ངེས་ཤེས་བསྐྱེད། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་བཞི་ལས། གཞི་ཡིན་ལུགས་གདོད་མའི་སངས་རྒྱས་ཀྱི་རྩ་བརྡར་བཅད་པ་ལ་གསུམ་ལས། དང་པོ་ཉམས་མྱོང་ལྟར་བཅད་པ་ནི། ལུས་གནད་སེམས་གནད་དམིགས་པའི་གནད་གསུམ་གྱིས་སློབ་མའི་རྒྱུད་ལ་གོ་མྱོང་རྟོགས་གསུམ་ཚད་དུ་མ་ཁེལ་གྱི་བར་དུ་བླ་མའི་ཉམ་མྱོང་གིས་སློབ་མའི་རིག་པ་དམར་ཐག་བཅད། ཁྲིད་ལོང་ཡོད་རྒྱས་པ་ལ་སེམས་ཀྱི་བཞག་ཐབས། ནམ་མཁའ་སྤྲིན་ཆུ་ལྷ་སྐུར་རོ། །ལྷུན་པོ་ཆུ་ཆད་རང་ཐག་ལྟར། །ཞེས་པ་དང་། ལོང་མེད་བསྡུས་པ་ལ་དེ་བཞག་ལ། །ཁྱུང་ཆེན་རྒྱ་མཚོའ་ཉི་ཟླ་དང་། །བུ་ཆུང་རྦ་རླབས་བྱ་རྗེས་སོ། །ཞེས་པ་གཞི་རྩ་བཅད་པ་དང་། །བཞག་ཐབས་བསྟན་པ་གཉིས་ཀའི་གོ་ཆོད། དེས་སོ་སོའ་སྐལ་པ་དང་མཐུན་པའི་ཡེ་ཤེས་རང་ཐོག་ཏུ་ཁེལ་ཚེ། རིག་པ་གཅེར་མཐོང་བཟོ་གྱད་གར་གྱི་བརྡ་ཐབས་ཀྱི་ཕྱག་ལེན་བཞིན་ཡིན་ལུགས་ཡིན་ཐོག་ཏུ་རྒན་མོའ་མཛུབ་བཙུགས་སུ་སྐུ་གསུམ་ཡེ་ཤེས་ལྔར་ངོ་སྤྲོད་དོ། །དེ་ནས་གཉིས་པ་འགྲེལ་པ་ལྟར་འཆད་པ་ལ་སྦྲུལ་གསེར་རང་བུ་ཆོམས་པོར་བྱུང་བའི་རྟོགས་བརྗོད་ཀྱི་དཔེ་དོན་ལུང་རིག་གིས། རིམ་གྱིས་ཐོད་རྒལ་ཅིག་ཅར་བ་རྣམས་ཀྱིས་ངོ་འཕྲོད་ཚུལ་གྱིས། གཞི་ལམ་འབྲས་བུ་སྤང་གཉེན་རྣམས་སྒྲོ་
༥༠འདོགས་ཆོད་ངེས་སུ་རྒྱས་པར་གཏན་ལ་དབབ་པའོ། །གསུམ་པ་གཞུང་ལུགས་ལྟར་འཆད་པ་ནི། སེམས་ཉིད་དང་པོ་གང་ནས་བྱུང་ཞེས་པ་ནས། འགྱུ་བ་རང་གྲོལ་དུ་འདུག་ཅེས་པའི་བར་གྱིས། སྣང་སྲིད་འཁོར་འདས་ཀྱི་ཆོས་སྐྱེ་འགག་གནས་གསུམ་གྱི་བྱེད་པ་ཐམས་ཅད་སེམས་ཀྱི་རྣམ་པ་དང་། དེའི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བར་བསྟན། དེས་ན་སེམས་ཉིད་འདི་ཞེས་པ་ནས། འཁོར་བའི་སྐྱོན་གྱིས་མ་གོས་ཏེ། །ཞེས་པའི་བར་གྱིས་སེམས་རྒྱུ་རྐྱེན་དུས་སྔ་ཕྱི་གང་སྟོངས་འཕེལ་འགྲིབ། ཕྱོགས་རིས་རྟགས་ཆད་ཡོད་མེད་སྐྱེ་འགག་འཁྲུལ་གྲོལ་འཁོར་འདས་སྤང་གཉེན་དགག་སྒྲུབ་སོགས་མདོར་ན། ཚིག་ཏུ་བརྗོད་པ་ཡིད་དང་བློ་ཡི་བསམ་རྟོག་ཐམས་ཅད་དེ་ཡིན་ལ། དེ་ཉིད་དེ་ཐམས་ཅད་ཀྱིས་མ་གོས་པས་སྣང་དུས་ན་སྣང་མེད། བརྗོད་དུས་ན་བརྗོད་མེད། བསམ་དུས་ན་བསམ་མེད། བློ་ཡི་དུས་ན་བློ་བྲལ་ཏེ། ཡེ་གདོད་མ་ནས་འཁྲུལ་པ་ཀ་ནས་དག་པས་འཁོར་བ་ཞེས་པ་སེམས་མ་རྟོགས་པའི་དྲི་མ་ལ་ཀུན་རྫོབ་ཐ་སྙད་དུ་བཏགས་པ་ཙམ་ལས། ངེས་པའི་དོན་ལ་འཁྲུལ་གྲོལ་ཡོད་མ་མྱོང་བས་སེམས་ཡེ་གཞི་དང་པོའ་སངས་རྒྱས་སུ་ངོ་སྤྲད་པའོ། །དེ་ཡང་སེམས་ཅིར་ཡང་འཆར་བས་ཀུན་གཞི། །དེ་སྟོང་ཉིད་ཆོས་སྐུར་མ་རིག་པས་འཁྲུལ་གཞི། རིག་པས་གྲོལ་གཞི། འཁྲུལ་གྲོལ་གདོད་ནས་འདུས་མ་བྱས་ཤིང་བློ་ལས་འདས་པས་ཡེ་གཞི། དེའི་ཕྱིར། དཔལ་བརྟག་པ་གཉིས་པ་ལས། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང་། དགོངས་པ་ཟང་ཐལ་གྱི་རྒྱུད་ལས། ཧོ། །སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །གཞི་གཅིག་ལམ་གཉིས་འབྲས་བུ་གཉིས། །རིག་དང་མ་རིག་ཆོ་འཕྲུལ་ཏེ། །ཀུན་གྱི་གཞི་ནི་འདུས་མ་བྱས། །རང་བྱུང་ཀློང་ཡངས་བརྗོད་དུ་མེད། །
༥༡ཅེས་དང་། འཇམ་དཔལ་མཚན་བརྗོད་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའ་སངས་རྒྱས་རྒྱུ་མེད་པ། །ཞེས་དང་། བདེ་མཆོག་ར་ལི་ལས། སེམས་ཅན་སེམས་ཉིད་འོད་གསལ་བ། །ཐོག་མ་མེད་པའི་སྔོན་རོལ་ནས། །དང་པོ་མཆོག་གི་སངས་རྒྱས་དེ། །རྒྱུ་མེད་རྐྱེན་གྱིས་མ་བསླད་པའོ། །ཞེས་དང་། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །འཕོ་འགྱུར་མེད་པ་ནམ་མཁའི་ཀློང་ཡངས་སུ། །སྐྱེ་འཆི་མེད་པ་ཆོས་སྐུའི་ལུས་ཐོབ་འགྱུར། །ཞེས་གསུངས་པ་སྟེ། ཡེ་གཞིའི་རྩ་བ་ཆོད་དེ། ངེས་པར་རྟོགས་ན། དང་པོའ་སངས་རྒྱས་ཡིན་གོ་ཆོད་ཅིང་། མངོན་དུ་གྱུར་བས་རིག་པ་སྐད་ཅིག་མའི་སངས་རྒྱས། དེ་མཉམ་རྗེས་མེད་པར་བརྟན་ན་རྟོགས་པ་མངོན་གྱུར་གྱིས་སངས་རྒྱས། དེ་ལུས་སྣང་སེམས་གསུམ་གཅིག་ཏུ་འདྲེས་ཏེ་ས་ལམ་ཚེ་འདིར་ཆོད་ནས། མངོན་ཤེས་དང་རྫུ་འཕྲུལ་སོགས་སྒྲུབ་པའི་རྟགས་མངོན་སུམ་དུ་སྟོན་པར་ནུས་ན། གྲུབ་པ་ཐོབ་པའམ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཞེས་བྱའོ། །གཉིས་པ་བཞག་ཐབས་བསྟན་པ་སྒོམ་པའི་ཡི་གེ་ནི། དེ་ལྟར་རྟོགས་ཤིང་ཐག་ཆོད་པའི་ལྟ་བ་དེ་ཉིད། མཉམ་བཞག་དུ་ལུས་གཡོ་མེད་རི་བོ་ལྟ་བུ། ངག་སྨྲ་མེད་པི་ཝཾ་གསང་ཐག་ཆད་པ་ལྟ་བུ། སེམས་རྟོག་མེད་དབུག་བྲལ་ལྟ་བུར་བཞག་ཐབས་དྲུག་གིས་ཆུ་བོའ་རྒྱུན་ལྟར་གོང་བཞིན་རྗེས་ཐོབ་གང་སྣང་ཅི་ཤར་ཐམས་ཅད་དེའི་དོན་ལས་མ་གཡོས་པར་བསྐྱངས་ཏེ། རབ་མཉམ་རྗེས་མེད་པ། འབྲིང་རྗེས་ཐོབ་མཚན་ཉིད་པ། ཐ་མ་རྗེས་ཐོབ་སྒྱུ་མར་རྩོལ་མེད་དུ་འཆར་བ་མ་བྱུང་བར་དུ་བསྒོམ་པར་བྱའོ། །བཞི་པ་ཐོབ་བྱའི་སྒོ་ནས་འབྲས་བུ་ཡིན་ཡང་། ལྟ་སྒོམ་གོལ་སར་ཤོར་ན་སྤྱོད་པ་རྣམ་དག་མི་འབྱུང་བས་འབྲས་བུ་ཡང་མི་ཐོབ་ཕྱིར། མན་ངག་གི་ཆོས་ཚན་
༥༢གསུམ་པ་འདིར་བླངས་པ་ཡིན་པས། དོན་ལ་བཞི་པ་འབྲས་བུའི་ཡི་གེ་སྟེ། རྟོགས་པའི་ཡེ་ཤེས་དེ་ཉིད་བསྒོམས་པས་ཡེངས་མེད་དུ་བསྐྱངས་པས། སྤྱོད་པ་ཆོས་ཉིད་ཀྱི་ལམ་དུ་སློང་བ་སྟེ། དེ་ལ་ཆོས་ཚན་ལྔ་སྟེ། ཞེས་པ་ནི་མ་རིག་པ་ཉིད་རང་རིག་ཏུ་རྟོགས་པས་མུན་པ་ལ་མར་མེ་བཏེགས་ཚེ། མུན་པ་མ་སྤང་ཞིང་སྣང་བར་འགྱུར་བ་ལྟར་ངན་པའི་འཁོར་བ་ལ་དོགས་པ་མེད། བཟང་པོའ་མྱང་འདས་ལ་རེག་པ་མེད། རྨི་ལམ་རྨི་ལམ་དུ་ཤེས་པ་ལྟར། ཕྱིའི་སྣང་བ་ལ་ཞེན་པ་མེད། ནམ་མཁའི་དབྱིངས་སུ་བལྟས་པ་ལྟར། མྱོང་བྱ་མྱོང་བྱེད་ཀྱི་མཁན་པོ་བློ་ལས་འདས་པས། ནང་གི་ཉམས་མྱོང་ལ་ཞེན་པ་མེད། ཆུ་ནང་ན་གཟའ་སྐར་ཡོད་མ་མྱོང་ཡང་། རྟེན་འབྲེལ་ཚོགས་པས་ཆུ་དྭངས་པའི་ངོས་ལ་མ་འདྲེས་གསལ་བར་འཆར་བ་ལྟར། སེམས་སྟོང་པ་ཇི་ལྟ་བ་རྟོགས་པའི་གསལ་མདངས། རྒྱུ་འབྲས་རྟེན་འབྲེལ་མ་འདྲེས་སོ་སོ་ཇི་སྙེད་པ་ཉིད་དུ་འཆར་བས། མིག་ཅན་གཡང་ལ་མི་མཆོང་བ་ལྟར། ལས་རྒྱུ་འབྲས་ཁྱད་དུ་མི་གསོད་པའོ། །ལྟ་སྒོམ་དང་འབྲས་བུ་ལ་ལྟོས་པའི་གསུམ་པ། ལྟ་སྒོམ་གོལ་གཅོད་ཀྱི་རིམ་པ་ལ་ལྟོས་པའི་བཞི་པ་ལ་ཆོས་ཚན་དྲུག་གིས། དང་པོས་ཡེངས་མེད་དུ་འཁྲུལ་ཕྱིར་མི་འབྲང་བར་ཆོས་ཉིད་ཡེ་ཤེས་ཀྱི་རྒྱས་བཏབ། གཉིས་པས་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་ཉམས་ལེན་གྱིས་འདོད་ཡོན་ལམ་དུ་འཁྱེར། གསུམ་པས་ཉིན་མོའ་འཁྲུལ་པ་མཉམ་བཞག་ཡེ་ཤེས་དང་བསྲེ། བཞི་པས་རྟོགས་པའི་འོད་གསལ་ཅི་ཟིན་བྱེད། ལྔ་པས་ཞག་རེ་ལ་རང་གིས་རང་ལ་ཁྲིད་ཚར་རེ་གསལ་འདེབས། དྲུག་པས་ཆ་གཅིག་ལུས་གཅིག་ལ་འབྲས་བུ་མ་ཐོབ་ན། འཆི་ཁར་བར་དོ་དང་པོར་ཆོས་སྐུར་སངས་རྒྱ་བའི་མཚམས་སྦྱོར་བ་སྟེ། ཡི་གེ་བཞི་པའི་དོན་མངོན་དུ་འགྱུར་བའོ། །གསུམ་པ་རྗེས་ནི་ཡི་གེ་བཞི་པའི་དོན་ཆུ་བོའ་གཞུང་བཞིན་རྒྱུན་ཆད་མེད་པར་བསྐྱངས་པས། གཅིག་ཅར་རྟོགས་གྲོལ་དུས་ཅིག་ཏུ་
༥༣འབྱུང་ཞིང་། ཐོད་རྒལ་བ་ནི། མཐོ་དམན་ཤིན་ཏུ་ཆེ་བས་གོ་རིམ་རང་ལ་ངེས་བསྟན་ཆེར་མི་ཡོང་ལ། དེའི་ཕྱིར་རྣལ་འབྱོར་བཞིའི་རིམ་པ་ངེས་བཅས་ནི་གཙོ་བོ་རིམ་སྐྱེས་པ་ཁོ་ན་ལ་དགོངས་བཞིན་བསྟན། ས་ལམ་བགྲོད་ཚུལ་སོགས་ནི་སྤྱི་མཐུན་དུ་དགོངས་པ་ཡིན་འདུག །གོལ་ས་གསུམ་ལས་རྟོགས་པས་བསྡུས་པའི་བདེ་གསལ་མི་རྟོག་པ་གསུམ་ནི། གོལ་ས་མེད་ཅིང་སྐུ་གསུམ་གྱི་རང་བཞིན་ཡིན་ལ། ཉམས་ཀྱིས་བསྡུས་པའི་བདེ་བ་ལ་ཞེན་འཛིན་བྱུང་ན་འདོད་ཁམས་སུ་གོལ། གསལ་བ་ལ་འཛིན་ཞེན་ཞུགས་ན་གཟུགས་ཁམས་སུ་གོལ། མི་རྟོག་པ་ལ་བློས་བྱས་སུ་སོང་ན་གཟུགས་མེད་ཁམས་སུ་གོལ་བའོ། །ཤོར་ས་བཞིའི་ཡེ་ཤོར་ནི། དང་པོར་ཡིན་ལུགས་ཇི་བཞིན་ངོ་མ་འཕྲོད་པ་ཡིན་ལ། འཕྲལ་ཤོར་ནི། དང་པོར་ཡིན་ལུགས་གཏན་ལ་ཕེབས་ཀྱང་ཕྱིས་སུ་ཉམས་ལེན་གྱི་གནད་འཁྲུལ་བའོ། །དེ་ལ་སྟོང་ཉིད་ཤེས་བྱའི་གཤིས་སུ་ཤོར་བ་ནི། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་སྐྱེ་མེད་དོན་དམ་འདུས་མ་བྱས་ཡིན་པ་དེ་གོ་།དེ་ག་འགག་མེད་དུ་ཤར་བའི་བྱེད་ལས་རྟེན་འབྲེལ་གྱི་མཚང་མ་རིག་པར་ཐམས་ཅད་སྟོང་པ་ཡིན་སྙམ་རྒྱུ་འབྲས་ཁྱད་དུ་གསོད་པའོ། །སྟོང་ཉིད་ལམ་དུ་ཤོར་བ་ནི། སེམས་ཡེ་སྟོང་ཆོས་སྐུ་རང་ངོ་ཤེས་པ་ལ་བརྟན་པ་ཐོབ་པ་ལས་འབྲས་བུ་ལོགས་ན་མེད་པའི་དོན་མ་རིག་པར། ད་ལྟ་སྟོང་ཉིད་བསྒོམས་པས། འབྲས་བུ་ཆོས་སྐུ་བཟང་བཟང་པོ་ཞིག་ལོགས་ནས་ཐོབ་པར་འདོད་པའོ། །སྟོང་ཉིད་གཉེན་པོར་ཤོར་བ་ནི། སྤང་བྱ་འཁྲུལ་པའི་ཉོན་མོངས་པ་རང་གི་ངོ་བོ་ངོ་ཤེས་མ་ཡེ་ཤེས་ཡིན་པའི་དོན་མ་རྟོགས་པར་སྤང་གཉེན་ཐ་དད་དུ་འཛིན་པའོ། །སྟོང་ཉིད་རྒྱས་འདེབས་སུ་ཤོར་བའི་བློ་ཆུང་རྒྱས་འདེབས་ནི། གང་སྣང་ཅི་ཤར་གྱི་སྣང་བ་འདི་ཁ་སྟོང་པ་ཁོ་རང་གིས་རྩལ་དང་མདངས་ཡིན་ཞིང་། འདི་གའི་ངོ་བོ་སྟོང་ཉིད་བློ་བྲལ་ཡིན་པ་བློར་མི་ཤོང་
༥༤བར་སྟོང་པ་ཡིན་སྙམ་ཡིད་ཀྱིས་རྒྱས་འདེབས་པའོ། །དྲེད་པོ་རྒྱས་འདེབས་ནི། དང་པོ་སྣང་སྟོང་དབྱེར་མེད་ངོ་འཕྲོད་པས། སྣང་བས་སྟོང་གོ་ཆོས་དུ་སྟོང་ཉིད་ལ་སྣང་བ་དགག་མི་དགོས་པའི་ཉམས་མྱོང་རྒྱུད་ལ་སྐྱེས་ཀྱང་། ཕྱིས་སྒོམ་པ་གཡེལ་བས་ཉམས་མྱོང་དྲོད་དེ་བློས་བཅོས་ཏེ་སྒོམ་དགོས་པའོ། །རྣལ་འབྱོར་བཞིའི་རྩེ་གཅིག་ནི། གནས་པ་གསུམ་གྱིས་རིམ་པས། ཡིན་ལུགས་ཀྱི་ངང་ལ་མཉམ་པར་ནམ་བཞག་གནས་པ་སྟེ། རེས་མ་བསྒོམས་ཀྱང་ཡོང་། རེས་བསྒོམས་ཀྱང་མི་ཡོང་བ་ནི། བཟོ་གཟོབ་ཏུ་མི་གཏུབས་པ་དང་འདྲ་སྟེ་རྩེ་གཅིག་ཆུང་ངུས་བདེ་གསལ་གྱི་ངོ་བོ་མཐོང་། ནམ་སྒོམ་སྒོམ་ཡོང་བ་ནི། རྩེ་གཅིག་འབྲིང་པོ་ཏིང་ངེ་འཛིན་ལ་རང་དབང་ཐོབ། ཉམས་མྱོང་དེ་འཁོར་ཡུག་ཏུ་རྒྱུན་བརྟན་ཞིང་རྩོལ་བ་ཆེར་མི་དགོས་པར་གཉིད་གྱང་ཕལ་ཆེར་ཉམས་དང་འདྲེས་པས་སྒོམ་མེད་ཆེན་པོ་ཡིན་སྙམ་པའི་རློམ་པ་བྱུང་བ་ནི། རྩེ་གཅིག་ཆེན་པོ་ཉམས་ཀྱི་འཁོར་ཡུག་མའོ། །འདིའི་མཉམ་རྗེས་གནས་པ་མཉམ་བཞག །མི་གནས་པ་རྗེས་ཐོབ་ཨ་འཐས་སུ་འཆར་བས་རྗེས་ཐོབ་བཏགས་པ་བ་ཡིན། ཉམས་མྱོང་དེ་ཡུལ་མེད་དུ་རང་ངོ་ཤེས་པའི་ངེས་ཤེས་སྐྱེས་ན་ངོ་བོ་མཐོང་ཞིང་ཞི་ལྷག་ཟུང་འཇུག་སྟེ་རྣལ་འབྱོར་གྱི་མིང་ཐོབ། ངེས་ཤེས་མ་སྐྱེས་ན་ཞི་གནས་རྐྱང་པ་དང་གནས་པ་རྐྱང་པ་དེས་ལྷག་མཐོང་དང་རྣལ་འབྱོར་གྱི་མིང་ཐོབ། ཞེན་མེད་ཀྱི་སྙིང་རྗེ་སྐྱེས་ན་གཟུགས་སྐུའི་ས་བོན་ཐེབས་པ་སྟེ་རང་སའི་འགྲོ་དོན་འབྱུང་། གང་ཤར་ཉམས་དེའི་ངང་དུ་འགྲོ་ན་རྣམ་རྟོག་སྒོམ་དུ་ཤར། ཏིང་ངེ་འཛིན་དེའི་དྭངས་ཆ་ལ་རྒྱུ་འབྲས་རྟེན་འབྲེལ་ལ་ངེས་ཤེས་འདྲོད་ན་ཀུན་རྫོབ་ལ་རང་བྱན་ཚུད། མངོན་ཤེས་དང་རྫུ་འཕྲུལ་ཕྲ་མོ་དང་། སངས་རྒྱས་བྱང་སེམས་ཀྱི་ཞལ་མཐོང་ལུང་སྟོན་པ་སོགས་ལམ་གྱི་རྟགས་ཤར་ན་ཡོན་ཏན་སྐྱེས། དེ་དག་མི་ལྡན་ན་རྩེ་གཅིག་རྒྱུད་ལ་སྐྱེས་ཀྱང་ཡོན་ཏན་རྒྱུད་ལ་མ་སྐྱེས་རྩལ་མ་རྫོགས། ཀུན་རྫོབ་ལ་རང་བྱན་མ་ཚུད། གཟུགས་
༥༥སྐུའི་ས་བོན་མ་ཐེབས། རྣམ་རྟོག་སྒོམ་དུ་མ་ཤར། ངོ་བོ་མ་མཐོང་བས་རྩེ་གཅིག་མུན་པའི་དཀྱིལ་ན་འབྱམས་ཞེས་པའི་གོལ་ས་དང་། གོལ་ས་དེ་ཆོད་ནས་སྔ་མའི་ཡོན་ཏན་དྲུག་པོ་བརྟན་ན། རྩེ་གཅིག་ཆུང་ངུས་དྲོད་ཆུང་ངུ་དང་། དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་ཚོགས་ལམ་བཞི་གསུམ་བཅུ་གཉིས་སོ། །རྩེ་གཅིག་འབྲིང་པོ་དྲོད་འབྲིང་པོ། སྦྱོར་ལམ་དྲོད་དང་རྩེ་མོ་སྟེ་དབང་པོ་ལྔ་དང་ལྡན་པའོ། །རྩེ་གཅིག་ཆེན་པོས་དྲོད་ཆེན་པོ་སྟེ། བཟོད་པ་ཆོས་མཆོག་སྟེ་སྟོབས་ལྔ་དང་ལྡན་པའོ། །སྤྲོས་བྲལ་ཆུང་ངུས་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས། ལམ་ལྔ་ལས་མཐོང་ལམ་སྟེ་སྡུག་བསྔལ་ཀུན་འབྱུང་ལམ་འགོག་སྟེ་བདེན་པ་བཞི་དང་དེ་ངོ་བོའམ་རྫས་གཅིག་ལ་བཟློག་པའམ་རྣམ་པ་བྱེད་ལས་ཐ་དད་དུ་དབྱེ་བས་ཤེས་བཟོད་ཡེ་ཤེས་སྐད་ཅིག་མ་བཞི་སྟེ་སྐད་ཅིག་བཅུ་དྲུག་དང་བྱང་ཆུབ་ཡན་ལག་བདུན་ཏེ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོ། །སྤྲོས་བྲལ་འབྲིང་པོས་སེམས་རྩ་བ་དང་བྲལ་བར་རྟོགས། ཆེན་པོས་ཕྱི་ནང་གིས་སྒྲོ་འདོགས་རྦད་ཀྱིས་ཆོད། དེ་ལ་སེམས་སྟོང་པར་རྟོགས་ཀྱང་སྟོང་པ་རྒྱུ་འབྲས་སུ་འཆར་བའི་གནད་མ་རིག་ན། སྤྲོས་བྲལ་མེད་པའི་སྐོར་རྫིས་ཁྱེར། ཞེས་པའི་གོལ་ས་དང་། ངོ་བོ་མ་མཐོང་རྩལ་མ་རྫོགས་པས་ཀུན་རྫོབ་ལ་རང་བྱན་མ་ཚུད། ཆོས་ལ་དམིགས་པའི་སྙིང་རྗེ་མ་སྐྱེས་ན་གཟུགས་སྐུའི་ས་བོན་མ་ཐེབས། ས་རབ་དགའ་དྲི་མེད་འོད་བྱེད་འོད་འཕྲོ་བ་སྦྱང་དཀའ་བ་མངོན་དུ་གྱུར་པ་སྟེ། དྲུག་པ་མན་གྱི་ཡོན་ཏན་མེད་ན་ཡོན་ཏན་མ་སྐྱེས་རྩལ་མ་རྫོགས་པའོ། །རོ་གཅིག་ཆུང་ངུས་འཁོར་འདས་གཅིག་ཏུ་འདྲེས། འབྲིང་པོས་གཟུང་འཛིན་གྱི་རྩ་བ་ཆོད། ཆེན་པོས་ཆོས་ཀུན་མཉམ་ཉིད་དུ་རྟོགས་པའོ། །རོ་གཅིག་ཤར་ཡང་ཆེན་པོར་མ་སླེབས་ན་རྩལ་མ་རྫོགས་དམིགས་མེད་སྙིང་རྗེ་མ་ཤར་ན་གཟུགས་
༥༦སྐུའི་ས་བོན་མ་ཐེབས། དུ་མ་རོ་གཅིག་ཇི་ལྟ་བ་རྟོགས་ཀྱང་། ཇི་སྙེད་མཁྱེན་པའི་རྟེན་འབྲེལ་མ་ཤར་ན། རོ་གཅིག་འདྲེས་པའི་རྦ་ལ་གཡེངས་ཤེས་པའི་གོལ་ས་དང་། ངོ་བོ་མ་མཐོང་ཀུན་རྫོབ་ལ་རང་བྱན་མ་ཚུད་པ་དང་། རིང་དུ་སོང་བ་མི་གཡོ་བ་ལེགས་པའི་བློ་གྲོས་རྣམས་ཀྱི་མཉམ་རྗེས་ཀྱི་རྟགས་མ་རྫོགས་ན་ཡོན་ཏན་མ་སྐྱེས་པའོ། །སྒོམ་མེད་ཆུང་ངུས་བསྒོམ་བྱ་སྒོམ་བྱེད་དང་བྲལ་བར་རྟོགས། འབྲིང་པོས་ལྷུན་གྲུབ་ཀྱི་རང་ས་ཟིན། ཆེན་པོས་འོད་གསལ་མ་བུ་གཅིག་ཏུ་འདྲེས་པའོ། །ས་དང་པོ་མཐོང་ལམ་རྒྱུད་ལ་སྐྱེས་པ་ནས། སྒོམ་མེད་འབྲིང་ནམ་སྒོམ་ལམ་ས་བཅུ་སྟེ་ཆོས་ཀྱི་སྤྲིན་དང་། མཉམ་བཞག་ཟག་མེད་ཀྱི་ཡེ་ཤེས་ཆེན་པོ་གཅིག་ལས་རྗེས་ཐོབ་ཟག་བཅས་འཕགས་ལམ་ཡན་ལག་བརྒྱད་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བཅུ་འགྱུར་དུ་རིམ་པས་འབྱུང་ལ་ཀུན་ཏུ་འོད་པདྨ་ཅན་རྡོ་རྗེ་འཛིན་པ་བདེ་བ་ཆེན་པོའ་ས་དང་ལམ་ལས་མི་སློབ་པའི་ལམ་སྟེ། དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་དྲི་མ་ཕྲ་མོ་མ་དག་ན་སྒོམ་མེད་ཉི་མ་སྤྲིན་གྱིས་བཀབ་ཅེས་པའི་གོལ་ས་དང་། ངོ་བོ་མ་མཐོང་རྩལ་མ་རྫོགས། ས་བཅུ་པ་ནས་བཅུ་བཞི་བདེ་བ་ཆེན་པོའ་བར་གྱི་སྤང་རྟོགས་ཀྱི་ཆེ་བ་མངོན་དུ་མ་གྱུར་ན་གཟུགས་སྐུའི་ས་བོན་མ་ཐེབས་ཡོན་ཏན་མ་སྐྱེས་ལ་སྐྱོན་དེ་དག་དང་བྲལ་ན་མི་སློབ་ལམ་སྟེ། ཡོན་ཏན་ཐམས་ཅད་རྫོགས་པས་འབྲས་བུ་མ་ནོར་བར་སངས་རྒྱས་ཀྱིས་མངོན་དུ་གྱུར་པའོ། །དེ་ལ་རྩེ་གཅིག་རྒྱུད་ལ་སྐྱེ་དུས་ཆོས་བརྒྱད་ཚེ་འདིའི་སྣང་བ་ཟིལ་གྱིས་གནོན་ནུས་པས་སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་དང་། གཉེན་པོའ་བཟུང་དྲན་གསང་སྤྱོད་ཀྱི་དུས་སྤྲོས་བྲལ་རྒྱུད་ལ་སྐྱེས་ནས་སྣང་བ་ཐམས་ཅད་བདེན་མེད་དུ་འཆར་བས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། ཡང་དག་ཤེས་དྲན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་དུས་རོ་གཅིག་རྒྱུད་ལ་སྐྱེས་ནས་སྟོང་ཉིད་སྙིང་རྗེ་ཟུང་དུ་ཚུད་པས་ཉན་རང་གི་ས་ལས་འདས་ཏེ།
༥༧ཐེག་པ་ཆེན་པོར་ཡང་དག་པར་ཆུད་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་འོང་དྲན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྤྱོད་པའི་དུས། སྒོམ་མེད་མངོན་དུ་གྱུར་ཚེ། ས་ལམ་མཐར་ཕྱིན་ཏེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ལྷུན་གྲུབ་མཁྱེན་དྲན་ཕྱོགས་ཀུན་ལས་རྣམ་པར་རྒྱལ་ཏེ་འབྲས་བུ་སྐུ་གསུམ་མངོན་དུ་གྱུར་པའི་དུས་སོ། །དེ་ལ་རྗེས་ཐོབ་མཚན་ཉིད་པ་མཉམ་བཞག་གི་ནུས་པས་རྗེས་སྣང་བ་སྒོམ་དེའི་ཤུགས་སུ་འཆར་བ་དང་། རྗེས་ཐོབ་རྒྱ་ཡན་པ་ཐ་མལ་དུ་འཆར་བའོ། །རྗེས་ཤེས་སོ་སོའ་མཉམ་བཞག་དེའི་བྱིན་རླབས་ཀྱིས་ཤེས་པ་སྔར་གྱི་ཐ་མལ་པ་དང་མི་འདྲ་བ་དང་། སྣང་བ་ཡང་སྔར་དང་ཅུང་མི་འདྲ་བས་རྗེས་སྣང་ཞེས་བྱ། རྗེས་ཐོབ་རྗེས་ཤེས། རྗེས་སྣང་རྣམས་སྔར་ལུགས་སུ་འཆར་ན་མཉམ་བཞག་རྩལ་ཆུང་བས། རྗེས་བྱིན་གྱིས་བརླབ་མ་ནུས་པ་སྟེ། ཐ་མལ་བླུན་སྐད་ལའང་། མཉམ་པར་ཨེ་བཞག་རྗེས་ལ་ལྟོས། ཤེས་པ་ལྟ་བུའོ། །དེ་ལ་རྩེ་གཅིག་ལ་རང་སའི་མཉམ་རྗེས་ལས་མཉམ་རྗེས་མཚན་ཉིད་པ་མེད། རྗེས་ཐོབ་ཨ་འཐས་སུ་འཆར། ས་མཚམས་གནས་མི་གནས་ཀྱིས་འབྱེད། དཔེ་མིས་ཕྱིན་ཤུལ་ཁྱི་རྗེས་བྱུང་དང་འདྲ། སྤྲོས་བྲལ་མཉམ་རྗེས་གཉིས་སུ་འབྱེད། རྗེས་ཐོབ་སྒྱུ་མར་འཆར། ས་མཚམས་དྲན་མ་དྲན་གྱིས་འབྱེད། རོ་གཅིག་མཉམ་རྗེས་གཅིག་ཏུ་འདྲེས། རྗེས་ཐོབ་སྟོད་པར་འཆར། ས་མཚམས་སྟོང་ཞེན་དག་མ་དག་གིས་འབྱེད། སྒོམ་མེད་རྟོག་པ་འབའ་ཞིག་ཡིན་པས་མཉམ་རྗེས་མེད། ཆེ་འབྲིང་ཆུང་གསུམ་རྟོགས་པ་བརྟན་མི་བརྟན་གྱི་གནས་འབྱེད། མཉམ་བཞག་ཕུང་པོ་ལྔ་བྲལ་དང་རྗེས་ཐོབ་ཚོགས་བརྒྱད་འདག་ཚུལ་ནི། རྩེ་གཅིག་གི་དུས་སུ་གཟུགས་ཀྱི་ཕུང་པོ་དང་བྲལ། སྒོ་ལྔའི་རྣམ་པར་ཤེས་པ་འདག །སྤྲོས་བྲལ་དུས་སུ་ཚོར་བ་འདུ་ཤེས་ཀྱིས་ཕུང་པོ་དང་བྲལ་ཡིད་ཀྱི་རྣམ་ཤེས་འདག །
༥༨རོ་གཅིག་གི་དུས་སུ་འདུ་བྱེད་ཀྱི་ཕུང་པོ་དང་བྲལ་ཉོན་མོངས་པ་ཅན་གྱི་ཡིད་འདག །སྒོམ་མེད་ཀྱི་དུས་སུ་རྣམ་ཤེས་ཀྱི་ཕུང་པོ་བྲལ་ཀུན་གཞིའི་རྣམ་པར་ཤེས་པ་འདག །དེ་ལ་འདག་ཅེས་པ་མེད་པར་སོང་བ་ནི་མིན། གཟུང་འཛིན་གྱི་དྲི་མ་འདག་པའོ། །རྩེ་གཅིག་གི་དུས་རྒྱུ་འབྲས་ཨ་འཐས་སུ་འཆར། སྤྲོས་བྲལ་དུས་སྒྱུ་མ། རོ་གཅིག་དུས་ནམ་མཁའ་ལྟ་བུ། སྒོམ་མེད་དུས་གཞི་མེད་རྟེན་ཅིང་འབྲེལ་འབྱུང་དུ་མཁྱེན་པའོ། །རྩེ་གཅིག་དུས་སེམས་ཀྱི་ངོ་བོ་རྟོགས། སྤྲོས་བྲལ་དུས་རང་བཞིན་རྟོགས། རོ་གཅིག་དུས་མཚན་ཉིད་རྟོགས། སྒོམ་མེད་རྟོགས་པ་འཁོར་ཡུག་མའོ། །དེ་དག་མདོ་རྒྱུད་བསྟན་བཅོས་མན་ངག་ཚད་མའི་དགོངས་པ་ཡིན་ཀྱང་། དྭགས་པོ་རིན་པོ་ཆེས་གསལ་བར་མཛད་པས་རྟོགས་པའི་ཆོས་སུ་བྱེད། རྗེ་དྭགས་པོ་སྒོམ་ཚུལ་གྱིས་ཞིབ་ཏུ་ཞུས་པའི་ལན་ཞལ་གདམས་མ་ཞེས་གྲགས། དཔལ་ཕག་མོ་གྲུབ་བཞི་གསུམ་བཅུ་གཉིས་སུ་དབྱེ་བ་མཛད། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱིས། ངོ་བོ་མཐོང་མ་མཐོང་། རྣམ་རྟོག་སྒོམ་དུ་ཤར་མ་ཤར། རྩལ་རྫོགས་མ་རྫོགས། གཟུགས་སྐུའི་ས་བོན་ཐེབ་མ་ཐེབ། ཀུན་རྫོབ་ལ་རང་བྱན་ཚུད་མ་ཚུད། ཡོན་ཏན་སྐྱེས་མ་སྐྱེས་དྲུག་གིས་ཕྲ་ཞིབ་འབྱེད་པ་དང་། ལྕགས་ཀྱུ་འཇའ་ཚོན་བདག་མེད་པ་སྟེ་རྩེ་གཅིག་དུས་ཀྱི་སྒོམ་གསུམ་དང་། ཕྱོགས་རེ་རེས་འཇོག་མ་དེ་སྤྲོས་བྲལ་དུས་ཀྱི་སྒོམ་གཉིས་དང་། འཁོར་ཡུག་མ་རོ་གཅིག་ཆེན་པོའ་དུས་ཤེས་བཞེད། རྒྱལ་བ་འབྲི་གུང་པ་སྤྲོས་བྲལ་ཆེན་པོས་དྲུག་སྟེ། ཉན་རང་དང་མངོན་རྟོགས་མཐུན་པར་བཞེད། རོ་གཅིག་ཆུང་ངུས་ས་བདུན། འབྲིང་པོས་ས་བརྒྱད། ཆེན་པོས་ས་དགུར་བཞེད། སྒོམ་མེད་ཆེ་འབྲིང་ཆུང་གསུམ་གྱི་ས་བཅུ་པ་དང་བཅུ་གཅིག་པ་སྟེ་གཙོ་བོར་མདོ་དང་དགོངས་པ་བསྟུན་ཏེ་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་བཞེད་པ་དང་། བཅུ་པ་སྒོམ་ལམ་དུ་བྱས། བཅུ་གཅིག་བཅུ་གཉིས་བཅུ་གསུམ་བཅུ་བཞི་རྣམས་
༥༩མི་སློབ་ལམ་སངས་རྒྱས་སྐུ་གསུམ་གྱི་སར་གསང་སྔགས་རྡོ་རྗེ་ཐེག་པ་དང་སྒོ་བསྟུན་ཏེ་སྐྱེས་མཆོག་འབའ་ར་བའི་བཞེད་པ་ཡིན། འབྲས་བུ་ནི་དམ་པ་སྐུ་གཉིས། མཆོག་གི་དང་པོ་སྐུ་གསུམ་དང་། དེ་ལས་དབྱེ་བས་སྐུ་བཞི། སྐུ་ལྔ་སྐུ་དྲུག་སོགས་རྣམ་དབྱེ་མང་དུ་གསུང་མོད། དེ་ལ་སྤྲུལ་སྐུའི་ཡེ་ཤེས་མཁྱེན་པ་གཉིས་ལྡན། ལོངས་སྐུའི་ཡེ་ཤེས་ལྔ་ལྡན། ཆོས་སྐུ་ཡེ་ཤེས་གསུམ་ལྡན་ཟེར་ཡང་། སངས་རྒྱས་ཕྱིན་སྐུ་གསུམ་དབྱེར་མེད་ངོ་བོ་གཅིག་པས་དྲང་དོན་དུ་དབྱེ་བ་བསྟན་པ་ཙམ་མོ། །དེ་ལ་ཡོན་ཏན་སྟོབས་བཅུ་མི་འཇིགས་པ་བཞི། མ་འདྲེས་བཅོ་བརྒྱད་སོགས་ཆོས་སྐུ་གཙོ་ཆེ་བའི་ཡོན་ཏན་དང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ། གསུང་དབྱངས་ཡན་ལག་དྲུག་ཅུ་སྟེ། གཟུགས་སྐུ་གཙོ་ཆེ་བའི་ཡོན་ཏན། ཐུན་མོང་དུ་ཁ་སྦྱོར་གྱི་ཡོན་ཏན་ཡན་ལག་བདུན། བྱང་ཆུབ་ཀྱི་ཡོན་ཏན་བརྒྱད། མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔ། མདོར་ན་སངས་རྒྱས་བྱང་ཆུབ་བཅོམ་ལྡན་འདས་ཏེ་བརྗོད་ཀྱིས་མི་ལོང་ཞིང་ཚད་བཟུང་མེད་པའི་ཡོན་ཏན་རྫོགས་པ་སྟེ། མཆོག་གི་དངོས་གྲུབ་འབྲས་བུ་ཕྱག་རྒྱ་ཆེན་པོ་དཔལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་གྱུར་པའོ། །སྤྱན་ལྔ་མི་ལྡན་མངོན་ཤེས་དྲུག་མ་ཐོབ། །གནས་ལྔ་མ་རིག་སྤང་རྟོགས་རྩལ་མ་རྫོགས། །སྒྲུབ་པའི་རྟགས་མེད་ཡིད་སྨོན་གོ་ཡུལ་མཁན། །རྒོད་ཚང་རས་སོགས་སྣ་ཚོགས་མིང་ལྡན་པ། །མལ་པའི་རྣལ་འབྱོར་ཁོ་བོ་བདག་འདྲ་ཡིས། །འཆད་རྩོད་རྩོམ་སོགས་མཁས་པའི་བྱ་བ་ལ། །འཇུག་པའི་འོས་མིན་ནུས་པ་མ་མཆིས་ཀྱང་། །སྔོན་སྦྱང་སྐྱེ་དྲན་སྐྱེས་སྦྱངས་བློ་གྲོས་ལྡན། །དམ་པའི་རིགས་ངེས་ཙཱ་རི་སྐུ་སྐྱེ་ཞེས། །སྐྱེས་བུ་མཆོག་གིས་ནན་ཆེར་བསྐུལ་བའི་ངོར། །རང་གིས་གོ་ཡུལ་མདོ་ཙམ་ཡི་གེར་བཀོད། །ནོར་འཁྲུལ་མཆིས་ན་མཁས་གྲུབ་རྣམས་ལ་
༦༠བཤགས། །དེ་ལས་བྱུང་བའི་དགེ་ཚོགས་དཔག་མེད་ཀྱིས། །མཁའ་མཉམ་འགྲོ་ཀུན་རྡོ་རྗེ་འཆང་ཐོབ་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །སླར་ཡང་། དཔལ་ཀུན་ཏུ་བཟང་པོའ་ནགས་ཁྲོད་དུ་ཞིབ་པར་བརྟགས་ཤིང་དཔྱད་དེ་སྡེབ་སྐྱོན་ཕྲ་མོའང་བསལ་ཡོད་པས་ཤིན་ཏུ་དག་པ་ཡོད། སུས་ཟེར་ན་ཁོ་བོ་དྲུང་ཡིག་རས་པས་དགེ་སྦྱོར་སྐྱོང་མ་ནུས་པའི་སྐབས་སུའོ། །

༄༅། །ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་བཞུགས་སོ། །

༦༧ ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་བཞུགས་སོ། །
༦༨ ༀ་སྭ་སྟི་སིདྡྷཾ། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ལྷར་བཅས་འགྲོ་བའི་སྐྱབས་གྱུར་དཀོན་མཆོག་གསུམ། །ཡོངས་འཛིན་བླ་མ་དེ་ཡི་བླ་མ་དང་། །མཐར་ཐུག་རྒྱལ་བ་གོང་ན་གཞན་མེད་པའི། །ཐུགས་རྗེ་ཆེ་མངས་བདག་སོགས་འགྲོ་འདི་སྐྱོབས། །བཀྲ་ཤིས་གྲངས་ཀྱིས་འཁྱུད་པའི་ཟབ་མོའ་ཁྲིད། །ཁྲིད་ཚུལ་བརྒྱ་དང་བརྒྱད་དུ་ཕྱེ་བའི་གསང་། །གསང་ཆེན་གདམས་པའི་གནད་རྣམས་ཚང་བའི་སྲོལ། །སྲོལ་འབྱེད་བརྒྱུད་པའི་གླེང་སློང་ཅུང་ཞིག་སྨྲེང་། །སྔོན་བྱོན་མཁས་དང་གྲུབ་པའི་ཚུལ་འཛིན་པའི། །སྐྱེས་ཆེན་རྣམས་ཀྱི་ལོ་རྒྱུས་ཆ་ཤས་ཙམ། །དད་མོས་གུས་པའི་སྲིད་ཞུས་ཡིད་བསྐུལ་ནས། །སྐལ་མཉམ་གཞན་ལ་ཕན་བྱེད་འདིར་འབྲིའོ། །འདིར་བརྒྱུད་པ་རྣམས་ཀྱི་རྣམ་པར་ཐར་པ་རྒྱས་པ་ནི་ཚེགས་ཆེ་བས་བྲི་བ་མ་སྤོབས་པར། །གདམས་པ་གང་དང་གང་གི་ཁུངས་ཡིད་ཆེས་སུ་གྱུར་པའི་སྣེ་ཙམ་བགྲང་ན། དེ་ཡང་ཞེན་པ་བཞི་བྲལ་གྱི་ལོ་རྒྱུས་ལ། བླ་མ་ས་སྐྱ་པ་ཆེན་པོ་དགུང་ལོ་བཅུ་གཉིས་བཞེས་སྐབས། ཡབ་གཤེགས་ནས་དེར་
༦༩ རྩིས་བྱས་པས། ཡབ་ཀྱི་གཤེགས་རྫོངས། གཙུག་ལག་ཁང་གི་འགྲམ་འདིངས་པ། གདན་སར་འཇུག་པ་རྣམས་ཉིན་གཅིག་ལ་བྱུང་ན་ཤུལ་མལ་ལེགས་ཚོགས་རྒྱ་ཆེན་པོ་ཡོང་ཟེར་བ་ལ་ཡུམ་གྱིས། འོ་ན་ཡབ་ཀྱང་བླ་མ་ལོ་ཙཱ་བ་དང་འབྲེལ་བའི་ཆོས་རྣམས་བརྫུན་ཆུང་གསུང་ཡིད་ཆེས་སུ་གནང་བས། བ་རི་བ་སྤྱན་དྲངས་ཟེར་ནས་དེ་ལྟར་བསྒྲུབས་རྗེས་བླ་མའི་གསུང་གིས་ཁྱེད་ཕ་ཇོ་སྲས་ཀྱི་བུ་བྱ་བ་སློབ་གཉེར་བྱེད་དགོས་པས། དེ་ལ་ཤེས་རབ་དགོས། དེའི་ལྷ་འདི་ཡིན་པས་འཇམ་དབྱངས་སྒྲུབས་གསུང་ནས། ཨ་ར་པ་ཙའི་ཆོས་སྐོར་གནང་ནས་སྒྲུབ་པ་མཛད་པས་བར་ཆད་ཀྱི་མཚན་མ་ཅུང་ཟད་བྱུང་བ་ལ། མི་གཡོ་བ་སྔོན་པོའ་རྗེས་གནང་ཆུ་སྲུང་བཅས་སྩལ་བས་བར་ཆད་ལས་གྲོལ་ཏེ། ཟླ་བ་དྲུག་སོང་བ་ན་འཕགས་པ་འཇམ་དཔལ་རིན་པོ་ཆེའི་ཁྲིའི་སྟེང་ན་བཟང་པོའ་འདུག་སྟངས་སུ་བཞུགས་པ་འཁོར་བྱང་ཆུབ་སེམས་དཔའ་གཉིས་དང་བཅས་པའི་ཞལ་གཟིགས་པའི་གཙོ་བོའ་ཞལ་ནས། རྩ་བའི་ཚིག་རྣམས་གསུང་ཞིང་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་དང་མི་བརྗེད་པའི་གཟུངས་བརྙེས་ཏེ། དེ་ལ་
༧༠ དགོངས་ནས། བསྟོད་པ་ལས་ཀྱང་། འཇམ་མགོན་ངག་གིས་དངོས་སུ་འདོམས་མཛད་དེ། །ཤེས་བྱ་མ་ལུས་གཟིགས་པའི་མཁྱེན་པ་རྒྱས། །ལུང་བསྟན་དབུགས་དབྱུང་གྱུར་པ་ཇི་བཞིན་དུ། །རིག་དང་གྲོལ་བ་མཐར་ཕྱིན་ཕྱག་འཚལ་ལོ། །ཞེས་དང་། རྗེ་བཙུན་རིན་པོ་ཆེས་ཀྱང་། འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་གཏམ་ནི་སྐྱེ་བོ་ཀུན་ལ་ཡོངས་སུ་གྲགས་ཞེས་དང་། ཡིད་ཆེས་པའི་གཏན་ཚིགས་ཆོས་མ་ལུས་པ་ཐུགས་ལ་གསུངས་པས་ཤེས་ལ། ཞེས་གསུངས་ཞིང་། འཇམ་དབྱངས་ཀྱི་འཁོར་གཉིས། བློ་གྲོས་མི་ཟད་པ་དང་། སྤོབས་པ་བརྩེགས་པ་ཞེས་སྔོན་གྱི་བྲིས་ཐང་ལས་འབྱུང་ལ། དེ་བཞིན་དུ་སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་མགོན་འཕགས་པ། ཆོས་རྗེ་བླ་མ་དམ་པ་སོགས་བརྒྱུད་པ་ཀུན་ཀྱང་འཇམ་དབྱངས་ཀྱི་རྣམ་འཕྲུལ། དེའི་ངོ་བོ། དེས་རྗེས་སུ་བཟུང་བ་ཤ་སྟག་ཉིད་ཡིན་ནོ། །ཞེས་ཡིད་ཆེས་པའི་གནས་སུ་གྱུར་པ་ལས་འོང་པའི་ཐོག་མའི་ཁྲིད་འདི་ཉིད་བདག་གིས་ཚེ་འདིར་ཆོས་རྙེད་པའི་དང་པོར་གྱུར་པའོ། །ཞེས་བྱ་ཞིང་། དེའི་རྗེས་ཐོགས་ཉིད་ལ་ཐེག་པ་ཆེན་པོ་བློ་སྦྱོང་གི་ཁྲིད་རྒྱལ་སྲས་ཆོས་རྫོངས་པའི་སྲས་ཀྱི་ཐུ་བོ་འགྲོ་མགོན་དཔལ་ལྡན་ཡེ་ཤེས་ཀྱི་ཟིན་བྲིས་ལ། དེ་ཉིད་ཀྱི་གསུང་ཧོར་བཀའ་བཞི་པས་ཟིན་ཐོར་མཛད་པའི་དཔེ་སྣ་ལྔའི་སྟེང་ནས། ལོ་གཅིག་ཟླ་བ་བཅུ་གཉིས་ལ་ཉིན་ཞག་གཅིག་ཀྱང་ཆོས་ཐུན་མ་ཆད་པར། མཆེད་པོ་གོང་མ་དྲུང་བཙུན་བཟང་པོ་བརྟན་པས་མཚམས་སྦྱོར་མཐེབ་མཛུབ་སྤྲོད་པ་མཛད་དེ། རྒྱལ་བ་བྱམས་པས་སེམས་བསྐྱེད་ནས། །བསྐལ་པ་དྲུག་ཅུ་འདས་པ་ན། །བདེ་གཤེགས་ཉིད་ཀྱིས་སེམས་བསྐྱེད་དེ། །བདག་པས་གཞན་གཅེས་སྤྱོད་པ་མཛད། །རྩོད་ལྡན་དུས་སུ་སངས་རྒྱས་ཏེ། །བྱམས་པའི་བསྟན་པ་ཕྱིར་ལ་
༧༡ བསྣུར། །མཛའ་བོའ་བུ་མོའ་སྐྱེས་རབས་སོགས། །མན་ངག་འདི་ཡི་གླིང་གཞི་ཡིན། ཅེས་པའི་ཚིག་གིས་སྣེ་དྲངས་ཏེ། ཇོ་བོ་རྗེས་བླ་མ་།།།་རྐྵི་ཏ་ཞེས་པ་དངོས་སུ་རང་ཤ་གཞན་ལ་སྦྱིན་པར་ནུས་པ་དང་། གཞན་བྱམས་པའི་རྣལ་འབྱོར་པའི་མཚན་འབོད་པ་རྒྱལ་སྲས་མ་ཕམ་པའི་ཞལ་དངོས་སུ་གཟིགས་པ་གཉིས་ལས་སྔ་མ་ལ་མཚོན་ཆ་འཁོར་ལོ་རྨ་བྱ་དུག་འཇོམས། ཕྱི་མ་ལ་གྱེར་སྒོམ་རྡོ་རྗེའི་གླུ་གསན་ཀྱང་སླར་ཕྱིའི་རྒྱ་མཚོའ་ཀློང་བརྒལ་ཏེ། གསེར་གྱི་གནས་མཆོག་དམ་པར་གཤེགས་ནས། བླ་མ་ཡུལ་དེ་ཉིད་ཀྱི་མཚན་གྱིས་འཁྱུད་པའི་ཞབས་པད་ལ་གཏུགས་ཏེ། སེམས་བསྐྱེད་སྔོན་དུ་འགྲོ་བ་ཅན་གྱི་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་ཉིང་ཁུ་ལེགས་པར་གསོལ་བས་ཐུགས་ཚིམས་པ་རབ་ཀྱི་མཐར་སོན་ལ། སེམས་དཔའི་རིམ་པ་དང་འབྲེལ་བར་ལམ་ཁྱེར་གྱི་ཆོས་བཅོ་བརྒྱད་དེ། །རྐྱེན་ངན་དགེ་བའི་བཤེས་གཉེན་ཏེ། །འདྲེ་གདོན་རྒྱལ་བའི་སྤྲུལ་པ་ཡིན། །ན་ཚ་སྡིག་སྒྲིབ་ཀྱི་ཕྱག་ཤིང་ཏེ། །སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལང་ཡིན། ཅེས་པའི་གསང་བ་ཆེན་པོའ་གཏམ། ཐེག་ཆུང་བློ་གཡའ་བའི་གནད་ཀྱི་གདམས་པ་རྟོགས་ནས། བླ་མ་གང་དང་ཡང་མི་མཉམ་པའི། དངུལ་གདུང་གི་རྟེན་ལ་འབྲེལ་སྤངས་ནམ་དྲན་ཚེ་སྤྱན་ཆབ་གཡོ་ཞིང་། མཚན་བརྗོད་པའམ་གསན་ཚེ་ཕྱག་ཐལ་མོ་སྤྱི་བོར་སྦྱོར་བ་ཡིན་སྐད་ལ། མོས་པའི་ཤུགས་དང་གདུང་བའི་རྒྱུན་མ་ཆད་པར་འབྲོམ་སྐུ་མཆེད་གསུམ། ཤ་ར་བ། འཆད་ཁ་བ་ནས་བརྩམས། མཐར་བྱང་སེམས་བསོད་ནམས་གྲགས་པའི་ཞལ་སྔ་ནས་ལ་ཡང་རྒྱལ་སྲས་རིན་པོ་ཆེ་དེ་ཁོ་ན་བཞིན་དུ་ཕྱག་བཞེས་ལ་ཐེབས་པར་མཛད་པས་མཚོན་པའོ། །དབུས་གཙང་གཞུང་ན་ནི་འདི་ལྟ་བུའི་བློ་སྦྱོང་གི་ཉམས་ཁྲིད་འབོགས་ལུགས་ཟུར་ཙམ་ཡང་མི་སྣང་
༧༢ ལ། བྱང་ཕྱོགས་ན་བླ་མ་ཆེ་འབྲིང་ཆུང་གསུམ་རྗེ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གི་ལེགས་བཤད་ཀུན་འདུས་ཉིད་ལ་ལུང་ཙམ་འབོགས་པའི་ཟོལ་གྱིས་ཡིད་བདེར་འཁོད་ལ། འདི་ཡི་ནང་ནས་རྒྱལ་སྲས་པའི་གསུང་། འགྲོ་མགོན་དཔལ་ཡེའི་ཟིན་བྲིས་ནང་གི། མ་སྐྱེས་རིག་པའི་གཤིས་ལ་དཔྱད། ཅེས་པ་ལ་དགག་པའི་གནས་གནང་ནས། རང་བཞེད་རྗེ་བཙུན་བཙོང་ཁ་ཆེན་པོའ་ལྟ་ཁྲིད་ཇི་བཞིན་འགོད་པ་རྣམས་ལ་མཁས་རློམས་ཡོངས་ཀྱིས་གཟིགས་ལམ་དུ་མ་འབྱོར་པའམ། ཐུགས་ཡིད་ཆེས་སུ་བགྱིས་པ་གང་ཡིན་ནི་ཧ་མ་གོ་ལ་འདི་ལྟར་བརྫུན་ཟོབ་ཡིན་མིན་དཔེ་གཉིས་ལ་ཞུ་དག་གནང་བས་དགོངས་པར་ཟད་དོ། །ཧོར་བཀའ་བཞི་པའི་ཐུགས་བཅུད་ཀྱི་ཁྲིད་ཚུལ་འདི་ལ་བདག་གི་མཁན་པོ་བཅོམ་ལྡན་འདས་འཇམ་པའི་དབྱངས་དེ་ཡང་བསྔགས་པ་རྒྱ་ཆེར་རྒྱུན་དུ་སྩོལ་བ་མཐོང་ཞིང་ཐོས་ལ། མཁན་རིན་པོ་ཆེ་ཉིད་ཀྱིས་ནི་ཁྲིད་ཚུལ་འདི་མ་གསན་ཅེས། ཐུགས་གདུང་བ་གནང་བར་མཛད་པ་ཡང་ངེས་སོ། །དེ་ལྟར་ན་ལམ་ཁྲིད་འདི་ཉིད་སངས་རྒྱས་བསྒྲུབ་པའི་རྒྱུའི་གཙོ་བོ་གོང་ན་གཞན་མ་མཆིས་པ་ཉིད་དུ་ཡིད་ཆེས་སྙིང་ཁོང་རུས་པའི་གཏིང་ནས་རྙེད་ལ། དེ་ལས་གཞན་བརྒྱུད་པ་དེ་ཉིད་ལས་འོངས་པའི་རྟེན་འབྲེལ་སྙིང་པོའ་ཁྲིད་རྣལ་འབྱོར་ཆོས་གཡུང་དང་། སྙེ་མོ་རྒྱ་སྒོམ་ལས་བརྒྱུད་པོ་དོང་རིན་རྩེའི་སྙུང་མཛེ་གདོང་བཟློག་ཏུ་བཏང་བའི་བཀའ་བབས་ཉན་ཆེན་བསོད་ནམས་བརྟན་པས་ཁྲིད་འདི་གསན་མ་ཐག །ཚེ་བློས་གཏང་གི་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་རྗེ་ཉིད་བདེ་བར་གཤེགས་ནས་མན་ངག་གི་རྩ་ཚིག །དང་པོ་བྱམས་པ་བསྒོམ་པར་བྱ། །སྐྱེས་སམ་མ་སྐྱེས་དྲི་བར་བྱ། །སྐྱེས་ན་སྙིང་རྗེ་བསྒོམ་པར་བྱ། །བདག་གཞན་བཟློག་ལ་བྱང་སེམས་བསྐྱེད། །ཤེས་རབ་རི་བོའ་ངང་ཉིད་ནས། །
༧༣ བསྒོམ་སོགས་སྤྲོ་བསྡུ་ཞི་བར་བཞག །ཅེས་པའི་བེའུ་བུམ་འདི་ཉིད་དོ་ཅེས་སྒྲོག་གོ །སྐྱིད་སྡུག་ལམ་ཁྱེར་ནི། ཁ་ཆེན་པཎ་ཆེན་པཎ་ཆུང་དགུའི་ཞབས་འབྲིང་དང་བཅས་པ་དང་། གཞན་ཡང་། རྒྱ་གར་གྱི་དགེ་སློང་མ་དང་། ནད་པ་སོགས་རྣམ་གྲངས་མང་པོ་ལ་ཡང་། དོ་ལིའི་ཁྱོག་བྱས་ཟླ་ཕྱེད་ཙམ་གྱེན་རང་ལ་བཻ་ཌཱུར་ཚོང་འདུས་ནས་ཕག་རིའི་སྣེ་ཟིན་པར་སྤྱན་དྲངས་དུས་ཁྲོ་ཕུ་ལོ་ཙཱ་བ་དཔོན་སློབ་རྣམས་ལྷག་པར་ཁུར་ཁྱེར་ཁྱེར་བས་སྦྱོང་བའི་སྐབས་དེར་པཎྜི་ཏ་།།།་ཤྲཱིའི་གསུང་གིས། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །སྡུག་ན་ཀུན་གྱི་སྡུག་བསྔལ་ཁུར། །སྡུག་བསྔལ་རྒྱ་མཚོ་སྐེམས་པར་ཤོག །ཅེས་བདེ་སྡུག་སྐུ་གསུམ་དུ་ངོ་སྤྲོད་པའི་ཁྲིད། ཆོས་འདི་གངས་ཅན་གྱི་མཁས་གྲུབ་སྤྱི་དང་ཁྱད་པར་ཚོགས་སྡེ་བཞིའི་མཁན་པོར་གྱུར་པ་ཀུན་གྱིས་འཛིན་འཆང་ཀུན་ཆུབ་པར་མཛད་དེ། ཆེན་པོར་གྱུར་པ་ལ་ཁྲིད་དུ་འདེབས་པ་དང་། ཚོགས་ཆོས་སུ་འདུས་པ་ལ་ཁྲོམ་ཆོས་སུ་སྩོལ་བ་སོགས་གཡེར་ཆོས་སུ་སྣང་བའི་རྒྱུན་མ་ཉམས་པ་འདི་ཉིད་དུ་སྣང་ལ། སུམ་པ་ལོ་ཙཱ་བ་།།།་ཡོན་ཏན་གྱི་ཁྱད་ཆོས་སུ་བཞག་པའི་གདམས་པ་ནི། སུམ་པ་ལོ་ཙཱ་བ་རྒྱར་གར་ནས་བོད་དུ་འབྱོན་ཁར་ཁམས་འདུ་བའི་སྦྱོར་བྱུང་སྟེ། ཤི་ན་ཅི་དྲག་གིས་ཅི་བྱ་ལས་ཟད་ལ་ཉིན་མཚན་འདའ་བ་བྱུང་སྟེ། རང་གི་བླ་མ་པཎྜི་ཏ་གསེར་གྱི་བུམ་པ་ལ་སོགས་པ་ལས་དབང་བྱིན་རླབས་ནད་སེལ་དམིགས་པ་སོགས་ཕན་བྱེད་གང་མཛད་ཀྱང་མ་ཕན་པའི་སྐབས། རྒྱགས་ལྷག་གིས་གསེར་ཨན་ཙམ་ཡོད་པས་མེ་ཏོག་སོགས་མཆོད་རྫས་འདྲ་བཙལ་ནས། རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་ལ་མཆོད་པ་འབུལ་བ་ལ་འབྱོན་པས་དེའི་གཙང་ཁང་གི་ནམ་མཁའ་
༧༤ ལ། བུད་མེད་སྡོ་དམར་གཉིས་འདུག་པའི་སྔོན་མོ་དེས་དམར་མོ་ལ་ཕྱག་གསུམ་བཙལ་ནས། དོ་ཞག་བློ་ཡང་མ་བདེ། སེམས་བཞག་སར་ཡང་མི་སྡོད། །ལར་འཆི་བ་མིན་ན་དྲག་སྟེ། འཆི་བ་འདི་ཀ་འཇིགས་ཟེར་དྲི་བ་བཞི་བྱེད་ཀྱིན་སྣང་བ་ལ། དམར་མོ་དེའི་ལོ་ཙཱ་བ་ལ་གཅེར་གཟིགས་ནས། མོ་དེ་གང་བྱུང་གིས་ཆོག་ན་ཅི་བྱས་བདེ་སྟེ། ཁྱོད་བློ་གང་བྱུང་གིས་མ་ཆོག་པས་ལན་འདུག་པ། མོ་དེ། སེམས་བཞག་སར་སྡོད་ན་ཕྱིན་ཀྱང་ཆོག་སྟེ། ཁྱོད་ཀྱི་སེམས་བཞག་སར་མ་བསྡད་པས་ལན་འདུག །མོ་དེ། བློ་ཆོས་སུ་སོང་ན་ཤི་ཡང་སླ་སྟེ། ཁྱོད་ཀྱི་བློ་ཆོས་སུ་མ་སོང་བས་ལན་འདུག་པ། མོ་དེ། རང་སེམས་འཆི་མེད་དུ་རྟོགས་ན་འཆི་རྒྱུ་ཡང་མེད་དེ། ཁྱོད་ཀྱིས་སེམས་འཆི་མེད་དུ་མ་རྟོགས་པས་ལན་འདུག་པ་ཟེར་བའི་ལན་རྣམ་བཞི་འདེབས་པ་གསན་པའི་སྐད་ཅིག་ལ་ལོ་ཙཱ་བའི་ཐུགས་ལ་རྟོགས་པ་ཁྱད་པར་ཅན་འཁྲུངས་ཤིང་། བུད་མེད་སྔོན་དམར་གཉིས་ཀྱང་རྡོ་རྗེ་ཕག་མོ་དང་རྗེ་བཙུན་མ་སྒྲོལ་མར་སྣང་གསུང་ཁྲིད་ཆོས་འདི་ལ་ཕྱིས་ཀྱི་དགེ་བའི་བཤེས་གཉེན་ཀུན་རྩིས་སུ་གནང་སྟེ། རྒྱལ་སྲས་ཆོས་རྫོངས་པས། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་ལ། དྲུང་གི་ཐུགས་དམ་ཀྱི་བཅུད་ཡིན་པའི་སེམས་ལ་ཕན་པའི་ཁྲིད་ཅིག་ཞུ་ཞུས་པས་འདི་སྩལ་ཞེས་གྲགས་ཤིང་། ཁྲིད་ཡིག་ཀྱང་དུས་དེར་མཛད་པ་ཡིན་ཟེར་ལ། ས་སྐྱ་པའི་གདུང་བརྒྱུད་བླ་ཆེན་བསོད་བློ་རྒྱ་ལ་འབྱོན་དུས་རྒྱལ་སྲས་རིན་པོ་ཆེ་ལྷ་ས་བར་སྐྱེལ་མ་ལ་ཕེབས་དུས་དེར་རྒྱལ་སྲས་པས་དབུ་མཛད་དབུས་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ལྷ་སའི་ཁྱམས་ར་གང་ལ་སྤྱི་ཆོས་སུ་ཡང་གདམས་པ་འདི་ཀ་གནང་། ཞེས་རྒྱལ་སྲས་པའི་རྣམ་ཐར་དུ་འབྱུང་བས་མཚོན་ནོ། །གཅོད་ཡུལ་ལ་རྒྱ་གར་ནས་བྱུང་བའི་ཚིག་ཟིན་བྲམ་ཟེ་།།།་
༧༥ དེ་ཝས་མཛད་པའི་ཚིགས་བཅད་ཆེ་ཆུང་ཙམ་དུ་འདུག་ལ། དབུས་གཙང་གི་བསྟན་འགྱུར་ནང་ན་ནི་མི་བཞུགས་འདུག །བོད་ཡུལ་དུ་རང་གྲོལ་ཨ་མ་ཇོ་མོ་ཉིད་ནས་རྒྱ་ཆེར་འཕེལ་ཏེ། རིན་ཆེན་སྒང་པ་།།།་བཤེས་གཉེན་ཀྱི་སྐུ་དྲུང་དུ་དགེ་བའི་བཤེས་གཉེན་ཞིག་གིས་མཇལ་དུ་བྱོན་པས། ཁོང་པ་གཟིམས་ཁང་ཀ་བཞི་མ་ཞིག་ན་བཞུགས་འདུག་པ་ལ། དེའི་མཐའ་སྐོར་ཐམས་ཅད་པོ་ཏི་གདོང་རས་ཅན་གྱིས་ཁྲིགས་ཁེངས་འདུག་འདི་རྣམས་གང་གི་དཔེ་ལགས་ཞུས་པས་མ་གཅིག་གི་གཅོད་སྐོར་ཁོ་ན་ཡིན་གསུངས་པས། ཁོ་ཧ་ལས་ནས་གཅོད་ཡུལ་ལ་དཔེ་འདི་ཙམ་རང་ཡོང་བ་ལགས་སམ་ཞུས་པས། གཅོད་ཡུལ་གྱི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡུས་ན་ལུང་པ་གཅིག་ཏུ་མི་ཤོངས་གསུངས་པས་མཚོན་ཞིང་། དེ་ལྟ་བུའི་རྣམ་གྲངས་མང་པོའ་ནང་ནས། བླ་མ་རྒྱལ་ཐང་པ་བསམ་གཏན་འོད་ཟེར་གྱིས་མཛད་པ་འདི་ཉིད་ལེའུ་ཡན་ལག་བརྒྱད་དུ་བཀྲལ་ནས། དབུ་ཞབས་འདོམས་ཤིང་། གཅོད་ཡུལ་སྔ་མ་རྣམས་ལ་མ་གྲགས་པའི་རང་ཉིད་ལ་ཡེ་ཤེས་གསང་བའི་མཁའ་འགྲོ་ཨ་མ་ལབ་སྒྲོན་དངོས་ཀྱིས་གནང་བའི་ཞལ་ཤེས་གསར་པས་ལེགས་པར་བརྒྱན་པའི་ཡིད་ཆེས་མཆོག་དང་བཅས་པ་འདི་ནང་གི་དོན་ཁྲིད། མཚན་དོན་ལྡན་ཡིད་བཞིན་ནོར་བུ་ཡང་བདུད་བཞིའི་དབྱིངས་གཅོད་ལས་གོང་ན་གཞན་མེད། ཆོས་ཉིད་གཅེར་སྟོན་གྱི་གནད་མངོན་སུམ་དུ་གཟིགས་མོར་སྟོན་པ་འདི་ནི་བདག་གི་ཕ་ཆོས་ཀྱི་ཐ་སྙད་ཀྱང་འདི་ཉིད་ཡིན་ནོ། །སྙིང་པོ་དོན་གསུམ་ནི། སྔོན་ཁྲོ་ཕུ་ན་གང་ཟག་དད་པ་ཅན་བྱ་བ་ཞིག་གི་རྨི་ལམ་དུ་ཁྱོད་ཀྱི་ཁང་པ་འདི་ལ་ཉིན་རེ་བཞིན་བྱི་དོར་གཙང་སྤྲས་ཐོན་པ་གྱིས་ཤིག །སང་ཕོད་དེ་རིང་གི་ཉི་མ་ལ་སྤྱན་རས་གཟིགས་གནས་ཚང་གཡར་དུ་
༧༦ འབྱོན་ནོ་ཟེར་བ་བྱུང་། ཁོས་ཉིན་རེ་བཞིན་ཕྱགས་དར་རྒྱག་པ་སོགས་གཙང་བར་བྱས་པ་ལ་གཞན་གྱིས་ཁྱོད་འདི་ལྟར་བྱེད་པ་ཅི་ཡིན་ཞེས་དྲིས་པས། ངའི་རྨི་ལམ་དུ་ལུང་བསྟན་འདི་ལྟར་བྱུང་ནས་བྱེད་པ་ཡིན་སྨྲས་པས་བདེན་པར་མི་འཛིན་པར་གད་མོ་རྒོད་པ་བྱུང་ལོ། །དེར་གྲུབ་ཆེན་མི་ཏྲ་ཛོ་ཀི་ཁྲོ་ལོས་སྤྱན་དྲངས་ནས་ཁྲོ་ཕུར་བྱོན་པ་ལ་སྙན་གྲགས་འུར་ལངས་ནས། སྟོད་སྨད་ཕྱོགས་འདུས་ཀྱི་དགེ་བའི་བཤེས་གཉེན་གདུགས་ཐོགས་པ་ཡང་སྟོང་ཕྲག་འདུས་པ་ལ་མི་མངས་པས་གནས་ཁང་གིས་མ་ཁྱབ་པར་འགའ་རེ་བསྲོང་བར། འགའ་རེ་ཐང་དཀྱིལ་དུ་བཞུགས་དགོས་བྱུང་བ་གྲུབ་ཆེན་གྱིས་གཟིགས་པས་རང་བཞུགས་པའི་གནས་མལ་རྣམས་ཁོང་དག་ལ་སྩལ་ནས། གྲུབ་ཆེན་རང་ཟང་ཐལ་ལེ་དད་པའི་ཁྱིམ་གྱི་སྒོ་བརྡུངས་ཏེ་ཨ་ཙར་ལ་གནས་ཚང་ཐོང་གསུང་པས་ཁོ་པའི་སྔར་གྱི་རྨི་ལམ་དུས་སྟེང་དང་འགྲིག་པས། སྤྱན་རས་གཟིགས་དངོས་སུ་ངེས་ཤེས་སྐྱེས་ཏེ། རང་དབང་གི་ཞིང་ཁང་དངོས་སྤྱད་ཡོད་ཚད་དུས་གཅིག་ལ་ཕུལ་ནས་ང་རྒས་པས་ཆོས་རྒྱ་ཆེ་བ་དང་མང་པོ་མི་གོ་བས་གནད་དྲིལ་བའི་གདམས་པ་ཞིག་ཞུ་ཞུས་པས། ལས་ཅན་དུ་དགོངས་ནས། ཁྲོ་ཕུ་ལོ་ཙཱ་བས་ཞལ་བསྒྱུར་མཛད་ནས། གྲུབ་ཆེན་ཉིད་ལ་ཇོ་བོ་ཁ་ས་ཎིས་གནང་བའི་ངལ་བསོའ་ཤ་ལོ་ཀ་བཅུ་བཞི་པ། སྙིང་རྗེ་ཆེན་པོ་མདུན་བཞག་ནས། །དེ་ལ་མ་ཡེངས་རྟག་ལྟ་ཞིང་། །ལྷ་དང་ལྷ་མོའ་སྦྱོར་བ་ཡིས། །སྒྲུབ་པ་པོ་ནི་ངལ་གསོ་བྱ། ཞེས་པའི་དོན་ཚེ་འདི་དང་འཆི་ཁ་བར་དོ་གསུམ་དུ་ལམ་དུ་ཁྱེར་བའི་གནད་འདེབས་ཀྱི་མན་ངག་གི་རྩ་བ་འདི་གསུངས་པ་ཡིན་ཅིང་། འདི་ལ་མཁས་པ་གཡག་རོང་ཆོས་ཀྱི་སྤྱན་ཅན་དག་གིས་ཀྱང་རང་གི་ཉམས་བཞེས་དང་གཞན་ལ་རྗེས་སྟོན་གྱི་ཕྲིན་ལས་ལྡེ་སྒྱུར་དུ་གནང་ཞེས་ཐོས་
༧༧ སེམས་ཉིད་ངལ་གསོ་ནི་བཤད་མ་ཐག་པ་ལྟར། གྲུབ་ཆེན་མི་ཏྲ་ཉིད་ལ་དངོས་སུ་མདུན་གྱི་མཎྜལ་སྟེང་དུ་ཇོ་བོ་ཁ་ས་ཎི་ཁྲུ་གང་པའི་སྐུའི་ཁྱོན་དུ་བསྟན་ནས་ངལ་གསོའ་ཚིགས་བཅད་ཉེར་ལྔ་འཕགས་པ་བརྒྱད་སྟོང་པའི་ཏིང་ངེ་འཛིན་ཉི་ཤུ་རྩ་ལྔ་དང་མཚུངས་ལྡན་དུ་སྟོན་པར་མཛད་པའི་ཉམས་བཞེས་གནད་ཀྱི་སྙིང་པོ་མ་ཡེངས་པར་རལ་སྐོར་མཁན་གཡུལ་དུ་ཞུགས་པ། མ་བཙལ་བ་མཁས་པས་བ་གླང་འཚོལ་བ། རྩིས་བཏབ་མེད་པ་གཟིངས་སྟེང་ན་བྱ་སྤུར་བའི་དཔེ་གསུམ་སྦྱར་ལ་ངོ་སྤྲོད་པའི་ཕྱག་བཞེས་མཐོང་བརྒྱུད་ཅན་བུ་སྟོན་ཐམས་ཅད་མཁྱེན་པས་ཀྱང་རྩིས་སུ་མཛད་དེ་སྲས་ཀྱི་ཐུ་བོར་གྱུར་པ་ཀུན་ལའང་སྙིང་གཏམ་གྲོས་འདེབས་སུ་སྟོན་པར་མཛད་ཅེས་གླིང་ངོ་། །བཀའ་གདམས་ཀྱི་ཟབ་ཁྲིད་འདི་དག་སྣར་ཐང་གི་ཆོས་གྲྭ་ཆེན་པོ་དེ་ཉིད་དུ་རྭ་ཡོན་ཏན་དཔལ་བཟང་པོས་ལོ་གསུམ་བཞུགས་ནས་སྣར་ཐང་མཁན་པོ་གྲུབ་ཐོབ་ཀྱི་འཁོར་ལོ་བསྒྱུར་བར་གྲགས་པ་དཔལ་ལྡན་དོན་གྲུབ་པའི་སྤྱན་སྔར་ནོད་པར་མཛད་པ་ཡིན་ལ། དེ་ལ་ཐོག་མར་སྐྱེས་བུ་གསུམ་གྱི་ཁྲིད་ནི། ཇོ་བོས་རྔོག་ལེགས་པའི་ཤེས་རབ་ལ། དེས་གྲོ་ལུང་པ་བློ་གྲོས་འབྱུང་གནས། དེ་ལས་དགེ་བའི་བཤེས་གཉེན་གཙང་ནག་པ་བརྩོན་འགྲུས་སེང་གེས་གསན་པའི་སྤྱན་སྔར་སྣར་ཐང་གི་ཆོས་གྲྭ་འདེབས་པ་པོ་གཏུམ་སྟོན་བློ་གྲོས་གྲགས་པས་ཞུས་པ་ཡིན་ལ། དགེ་བའི་གཤེས་གཉེན་ཤ་ར་བས་ཚོགས་པ་ལན་གསུམ་བཀྱེ་བའི་མཐའ་མའི་སྐབས། གཏུམ་སྟོན་ལ་ཁྱོད་རང་གཙང་གི་ཕྱོགས་སུ་དགོན་པ་ཞིག་ཐོབ་དང་། འགྲོ་ཕན་རྒྱ་ཆེར་ཡོང་བར་འདུག །ངའི་མཁོ་དགུ་སྒྲུབ་པའི་སྦྱིན་བདག་ཀླུའི་རྒྱལ་པོ་བཏང་བཟུང་འདི་ཡང་ཁྱོད་ཀྱི་ཕྱི་བཞིན་བརྫང་གསུངས། ཡར་ལམ་དུ་གཏུམ་སྟོན་པ་གང་ལ་འབྱོན་པའི་ལམ་གྱི་སྟེང་ཐད་ལ་སྦྲང་བུ་སྟག་ཁྲ་ལུས་རགས་ཤིང་
༧༨ རྒྱས་པ་སྐད་ཀྱི་ཟིར་སྒྲ་ཆེ་བ་རེ་ལྡིང་ཞིང་བྱུང་། མཚན་མོ་ལྷུང་བཟེད་ཀྱི་ནང་དུ་འཁོར་ནས་འདུག་གོ །དེ་ད་ལྟའི་སྣར་ཐང་གི་ཁྱམས་རའི་ཐད་དུ་སླེབས་ནས་དེང་སང་གནས་པའི་ཤིང་སྡོང་དེ་ལ་སྦྲང་བུ་དེ་ཐིམ་སོང་བས་བླ་མས་ལུང་བསྟན་པའི་གནས་སུ་དགོངས་ནས། དགོན་གནས་བཏབ། སྐྱེས་ཚོམ་དད་པའི་གཞུང་། ས་རྒྱན་སྤྱོད་པའི་གཞུང་། བསླབ་སྤྱོད་ལྟ་བའི་གཞུང་སྟེ་བཀའ་གདམས་གཞུང་དྲུག་དུ་གྲགས་པ་ལ། ཕྱིས་མཆིམས་ནམ་མཁའ་གྲགས་པས་སྔར་གྱི་ཞལ་རྒྱུན་མ་ཉམས་པར་གཞུང་མཆན་ས་བཅད་པ་དང་། བཅོམ་རལ་གྱི་སྐྱེས་རབས་ཁ་སྐོང་སྐྱེས་རབས་རྒྱན་གྱི་མེ་ཏོག་མཛད་པ་ཇི་ལྟ་བ་ཉིད་ཞལ་ལས་གདུལ་བྱའི་རྣ་བར་སྦྱིན་པར་མཛད། ཡང་དགེ་བའི་བཤེས་གཉེན་ཤ་ར་བ་ཉིད་ལས་གསན་པའི་བསྟན་རིམ་ཀྱང་རྒྱ་ཆེར་སྤེལ་ཏེ། དེའི་ཞལ་ལུང་ཡང་ཕྱིས་མཆིམས་བློ་བཟང་པས་མཛད་པ་འདི་རང་ལ་ཆོས་མིག་གསལ་བ་ཡོངས་ཀྱིས་བདག་གིར་མཛད། ཧོར་ཀ་བཞི་པའི་ཆོས་ཚོམས་ཆེ་ཆུང་གཉིས་ཀའི་རྩོམ་གདན་ཡང་འདི་ཁོ་ནའི་དཔེ་ལེན་ཡིན་གསུང་ཞིང་གཏུམ་སྟོན་པས་སྐུ་ཚེའི་མཇུག་རང་གི་འཁྲུངས་ཡུལ་བྱང་ཕྱོགས་སུ་བྱོན་པས་ཆོས་ལུང་ཀུན་རར་གྲགས་པ་འདིར་ཕྲིན་ལས་བསྐྱངས་ཏེ་ཞི་བར་གཤེགས་སྐད། སྲིད་ཞི་མཉམ་ཉིད་ཀྱི་ཁྲིད་གཏུམ་སྟོན་གདན་ས་སྤ་གྲོ་བདུད་རྩི་གྲགས་པས་དགེ་བཤེས་བྱ་ཡུལ་བའི་སློབ་མ་མུས་སྨན་པ་ལ་གསན་ཞིང་། དབུ་མ་ཆེན་པོའ་ཁྲིད་ནི་ཀླུ་སྒྲུབ་ཡབ་སྲས་ནས་བརྒྱུད་པ་ཞིག་བ་ལ་པོ་པེ་ཉ་བ་ལས་བྱང་སེམས་ཟླ་བ་རྒྱལ་མཚན་པས་གསན། དེས་རྫི་ལུང་པ་འོད་ཟེར་གྲགས་པ་ལ། དེ་ལ་གྲོ་སྟོན་གྱིས་ཞུས་ནས་འཕེལ་ཞིང་། སྟོད་མངའ་རིས་ནས་རྗེ་བཙུན་རེ་མདའ་བའི་དབུ་མ་ལྟ་ཁྲིད་ཀྱི་བརྒྱུད་པ་ཡང་འདི་བཞིན་འདོད་མཁན་བྱུང་འདུག་ཀྱང་མ་ངེས་པ་ཡིན། འདི་ནི་གཞུང་ཕྱི་མོའ་དབུ་མ་པ་བྱ་བ། ཐལ་རང་གང་དུ་ཡང་མ་ཕྱེ་བའི་
༧༩ སྲོལ་རྙིང་ཡིན་ལ། རེ་མདའ་པའི་ཁྱད་ཆོས་སུ་ཕྱེ་བ་ནི། དཔལ་ལྡན་ཟླ་བ་གྲགས་པའི་གཞུང་གི་རྗེས་འབྲང་ཐལ་འགྱུར་གྱི་བཞེད་པ་རྨ་མེད་དེའོ། །བཀའ་གདམས་ལྐོག་ཁྲིད་ཀྱང་། དགེ་བའི་བཤེས་གཉེན་ཤྭ་ཕོ་སྒང་པ་དངོས་ལས་མུས་སྨན་པས་གསན། དེ་ལ་གྲོ་སྟོན་པས་ནོད་པ་སྟེ། གོང་གི་སྐྱེས་བུ་གསུམ། སྲིད་ཞི་མཉམ་ཉིད། དབུ་མ་ཆེན་པོ། ལྐོག་ཁྲིད་འདི་དང་བཞི་ལ་བཀའ་གདམས་པའི་ཁྲིད་ཆེན་བཞིར་གྲགས་ཤིང་། བཀའ་གདམས་ལྷ་བཞིའི་ཁྲིད་ནི། སངས་རྒྱས་སྒོམ་པ་ཆེན་པོས་དབུས་སུ་ཇོ་སྐོར་ལ་ཕེབས་སྐབས། གླང་ཐང་དུ་ཞབས་གཏད་ཕེབས་ནས་དགེ་བའི་བཤེས་གཉེན་གླང་རི་ཐང་པའི་གདན་ས་དགེ་བཤེས་ཞང་པ་ལས་གསན་ནས་འཕེལ་གསུངས། ལྷ་བཞིའི་ཁྲིད་འདི་ལ་ཕྱིས་བཀའ་གདམས་བསྟན་པའི་བདག་པོར་མཚན་ཐོགས་པ་འགས་ཀྱང་། སྤྱན་རས་གཟིགས་ལ་ཟླ་རྒྱལ་ལུགས་ཀྱི་སྨར་ཁྲིད་ལས་ཟ་མ་ཏོག་བཀོད་པའི་གོ་བ་མ་ཆགས་པ་དང་། མི་གཡོ་བའི་ཁྲིད་ལའང་གཏུམ་མོ་སྒྱུ་ལུས་རྨི་ལམ་འོད་གསལ་སོགས་རྒྱུད་སྡེ་གོང་མའི་རྒྱས་བཀབ་འདྲེས་པར་སྣང་ལ། འདི་སྐབས་མི་གཡོ་བའི་སྤྱན་གཡས་གཡོན་གྱེན་གཟིགས་ཐུར་གཟིགས་ཁོ་ནའི་ལྟ་སྟངས་ཉིད་བསྒྲུབ་བྱའི་གཙོ་བོའ་ཁྲིད་དེ་དགེ་བའི་བཤེས་གཉེན་སྣེ་ཟུར་བས་འདི་བཞིན་བསྒོམས་ནས་གྱེན་དུ་གཟིགས་པས་བྲག་སྟེང་ནས་ལུག་རྫིས་ཅི་བྱེད་གཟིགས། འཐུར་དུ་གཟིགས་པས་འོག་གི་སངས་རྒྱས་ཀྱི་ཞིང་ཁམས་ཞིག་གཟིགས་ཞེས་སྔོན་གྱི་ལོ་རྒྱུས་ལས་འབྱུང་བས་ཤེས་ལ། དེ་བཞིན་དུ་ཐུབ་པ་དང་སྒྲོལ་མ་ལ་ཡང་ལྷ་ཁྲིད་ཙམ་ལས་ཞི་གནས་བསྒོམ་ཚུལ་དང་འཇིགས་པ་བརྒྱད་སྟོབ་ཀྱི་རྣམ་གཞག་གཏན་ནས་མ་ཆགས་འདུག་གོ །པོ་ཏོ་བའི་དཔེ་ཆོས་སྐྱེས་བུ་གསུམ་འཇིག་རྟེན་
༨༠ ཁ་གཏམ་སྒྲུང་རྒྱུད་ལ་བརྟེན་ནས་ལས་དང་པོ་པའི་ཡིད་བསྒྱུར་བའི་ཐབས་མཆོག་བླ་མེད་དུ་སྣང་ལ། བཀའ་གདམས་ཐིག་ལེའི་ཁྲིད་ནི། ཉམས་ལེན་བྱིན་རླབས་བརྒྱུད་པའི་ལག་རྗེས་མདོ་སྔགས་མ་ལུས་པ་སྟན་ཐོག་གཅིག་ཏུ་ཧྲིལ་གྱིས་དྲིལ་ནས་སྙིང་གི་ཐིག་ལེར་འཆང་བའི་ཟབ་ཆོས་ཟླ་མེད་པར་སྣང་ཡང་། དགེ་བཤེས་སུ་རློམ་པའི་ཆོས་སྤོང་ལྷུར་ལེན་འགས། རི་བོ་དགེ་ལྡན་པའི་ཕྱོགས་སུ་ནན་གྱིས་འཕུལ་བར་བྱེད་མོད་ཀྱང་། ཆོས་འདི་རྗེ་བཙོང་ཁ་པ་ཡབ་སྲས་ལས་བརྒྱུད་པ་ཡང་མིན་ལ། འདི་ཡི་ནང་ན། ང་མེད་ཀྱི་ལྟ་བ་དབྱིངས་སུ་དག་ཅེས་པ་དང་། འཛུག་གུ་གཏད་ས་མི་གདའ་བ་ཅེས་པའི་ཚིག་གིས་ཞུ་དག་མཛད་འཚལ། ཤེས་ཕྱིན་བཀའ་བབས་དྲུག །རྗེ་རོང་སྟོན་ཤེས་བྱ་ཀུན་རིག་གིས་ཕར་ཕྱིན་ཁྲིད་ཡིག་དུ་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱིས་སྐུ་དངོས་ཀྱི་གདན་ས་ལ་འཕགས་པ་འོད་སྲུངས་བཞག་པ་ནས་རིམ་བཞིན་ཀུན་དགའ་བོ། །ཤ་ནའི་གོས་ཅན། ཉེར་སྦས། དྷཱི་ཏི་ཀ་།དགྲ་བཅོམ་སེང་གེའི་བར། བསྟན་པའི་གཏད་རབས་ཉེར་བཞིའི་བར་རྡོ་རྗེ་གདན་དུ་རིམ་པར་བྱོན་རྗེས། དུ་རུ་ཀའི་དམག་གིས་བཅོམ་ནས་ཉན་བཤད་རྒྱུན་ཆད་ལ། དེ་དང་ཉེ་བར་ཕྱི་རོལ་པའི་སྤྲང་པོ་ཉི་མའི་དངོས་གྲུབ་ཀྱིས་གཟའ་ཉི་མ་བསྒྲུབས་ནས་གཙུག་ལག་ཁང་ཕལ་ཆེར་བསྲེགས། མིང་ཚིག་ཡི་གེར་སྣང་བའི་གླེགས་བམ་གྱི་ཚོགས་ཀྱང་ཐལ་བའི་ཕུང་པོར་གྱུར་པའི་སྐབས་དེར། བསྟན་པའི་ཆེད་དུ་བྲམ་ཟེའི་དགེ་སློང་མ་གསལ་བའི་ཚུལ་ཁྲིམས་ཀྱིས་རྒྱལ་རིགས་ཞིག་དང་འདུས་པ་ལས་འཕགས་པ་ཐོགས་མེད། བྲམ་ཟེའི་ཁྱེའུ་ཞིག་དང་འབྲེལ་པ་ལས་སློབ་དཔོན་དབྱིག་གཉེན་བལྟམས་ཏེ། ཐོགས་མེད་ཀྱིས་མི་ལོ་ལྔ་བཅུ་དགའ་ལྡན་གྱི་ཚེ་སྐད་ཅིག་ལ་བཞུགས་ནས། བྱམས་པ་དང་རྗེས་སུ་འབྲེལ་
༨༡ པའི་ཆོས་སྡེ་ཉི་ཤུ་གསན་ནས། དར་ཞིང་རྒྱས་པར་མཛད། གཅུང་དབྱིག་གཉེན་གཞུང་ལུགས་འབུམ་སྡེ་གོ་དགུ་ཐུགས་ལ་བཞུགས་ནས་ཏིལ་མར་གྱི་རྫིང་གི་ནང་དུ་སྐུའི་མགྲིན་པ་མན་ནུབ་པར་མཛད་དེ། ཞལ་འདོན་གནང་ཞིང་། སྐུ་ཚེ་སྟོད་སྨད་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་སྒོ་རྒྱས་པར་མཛད་ལ། དེ་ལྟ་བུའི་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་པ་ཉམས་ལེན་ཀྱི་གནད་ལ་རོང་སྟོན་ཆེན་པོས་གཅིག་དྲིལ་དུ་མཛད་དེ། འཕན་ཡུལ་རྒྱལ་གྱི་ཕུའི་ཡུམ་ལྟ་ཡུལ་མར་གྲགས་པ་སྡོན་དམ་པ་རིན་པོ་ཆེ་ལ་གང་ཟག་ཞིག་གིས་ཡུམ་རྒྱས་པ་ཞིག་གི་རབ་གནས་ཞུས་པའི་ཚེ། དམ་པས་པུ་སྟི་རྣམས་བརྩེགས་པའི་སྟེང་དུ་བཞུགས་པ་ལ་ཁོ་ལོག་ལྟ་སྐྱེས་པས་དེ་མ་ཐག་རང་རླུང་ཆེན་པོ་ཞིག་གིས་ཤོག་བུ་མ་ལུས་པ་ནམ་མཁའ་ལ་ཁྱེར་ནས། དབྱིངས་མཐོན་པོ་ན་ཁོ་རོ་རོ་འདུག་པ་ལ་དམ་པས་ཕྱག་ནས་གཏོར་ནས་རིག་པ་དྲུག་ཅུ་པའི་མཆོད་བརྗོད། གང་གིས་རྟེན་ཅིང་འབྲེལ་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཐུབ་དབང་དེ་ལ་ཕྱག་བགྱིའོ། །གསུངས་པས། ཤོག་བུ་གོ་རིམ་མ་འཁྲུགས་པ་གླེགས་བམ་གྱི་སྟེང་དུ་བབས་པའི་ཡུམ་དེ་གཟིགས་སྐབས། ཐོ་རངས་གཟུགས་མེད་པའི་བར་སྣང་ལས་སྒྲར་གྲགས་པ་ཡང་འདི་ལྟར། སྙིང་པོའ་དོན་ལ་སྙིང་པོ་མེད། །སྙིང་པོ་མེད་པ་སྙིང་པོ་ཡིན། །སྙིང་པོ་འདོད་ན་དིང་རི་ན། །སྡུག་བསྔལ་ཞི་བར་བྱེད་པ་ཡོད། ཅེས་ལུང་བསྟན་པ་བཞིན་དཔོན་སློབ་འཁོར་བཅས་ཀྱིས་ཆོས་བར་བཏེགས་ནས། ལ་སྟོད་དིང་རི་གླང་འཁོར་དུ་ཟང་ཐལ་བྱོན། དམ་པ་བློ་རྒྱམ་པ་ལས་བཀའ་བབས་དྲུག་གི་སྐོར་གསན་ཞིང་། སྙེལ་བྱང་ཡང་ཡི་གེར་བཀོད་པས་ད་ལྟའི་ཁྲིད་ཡིག་འདི་ཉིད་ཡིན་ལ། ཞི་བྱེད་ལམ་ལྔའི་དམར་ཁྲིད་ནི། གྲའི་སྨན་གཅིག་དུ་སྨན་
༨༢ གཅིག་པ། ཤེས་རབ་བཟང་པོ་ལ་གསན་ནས་ཐུགས་ཉམས་བཞེས་སྐད་དོ། །ཀ་མ་ལ་ཤཱི་ལའི་བསྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ཁྲིད་ནི། །རོང་སྟོན་གྱི་གསུང་གི་སྙིང་པོ། དབུ་མ་རང་རྒྱུད་པའི་མཚན་བཞིར་གྱུར་པའི་ལམ་སྲོལ་རྨད་བྱུང་ཉིད་དོ། །བྱམས་པའི་ཆོས་ལྔ་ལས་ཆོས་ཉིད་རྣམ་འབྱེད་དང་། རྒྱུད་བླ་མའི་དཔེ་གཉིས་ནི། སློབ་དཔོན་སེང་གེ་བཟང་པོ་བཞུགས་པའི་དུས་ཉིད་ན་ཡང་མེད་པར་མངོན་ཏེ། རྒྱུ་མཚན་བརྒྱད་སྟོང་འགྲེལ་ཆེན་དུ་མངོན་རྟོགས་རྒྱན། མདོ་སྡེ་རྒྱན། དབུས་མཐའ་རྣམས་འབྱེད་ཀྱི་ལུང་ཡང་ཡང་དྲངས་ནས། ཆོས་ཉིད་རྣམས་འབྱེད་དང་། རྒྱུད་བླ་མའི་མཚན་ཙམ་མ་སྨོས་པས་རྟོགས་ལ། མངའ་བདག་མཻ་ཏྲི་པ་ཆེན་པོས་མཆོད་རྟེན་གོག་པོ་དུས་བཟང་པོ་ལ་འོད་ཟེར་འཕྲོ་བ་ཞིག་འདུག་པ་ལ་ཞིག་གསོས་མཛད་པས་དེའི་སེར་ཁའི་གསེང་ནས་འཇའ་ཕྱིར་ཐོན་པ་གཟིགས་པས་བརྟགས་དཔྱད་གནང་བས། དེ་ལ་ཤིང་ཤུན་ལ་བྲིས་པའི་དཔེ་རྙིང་བྱུང་ཞིང་། དེར་ལུང་ཞུ་བའི་ཡུལ་གཞན་མ་དམིགས་པར་བྱམས་པ་ལ་གསོལ་བ་རྩེ་ཅིག་བཏབ་པས། ནམ་མཁའི་སྤྲིན་གྱི་བར་ནས་ཞལ་བསྟན་ཏེ། བཀའི་ལུང་དང་གདམས་པ་དང་རྗེས་གདམས་ཡང་སྩལ་ཞེས་རྒྱ་གར་གྱི་པཎྜི་ཏ་ཡོངས་ལ་གཏམ་དུ་གྲགས་པ་ལས་བརྒྱུད་དེ་བཙན་ཁ་བོ་ཆེས་བོད་ཡུལ་དུ་སྤེལ་བའི་རྒྱུན་མ་ཆད་པ་ཞིག་གོ །པ་ཚབ་ཀྱིས་དཔལ་ལྡན་ཟླ་བ་གྲགས་པའི་བཞེད་དགོངས་སེང་གེའི་ང་རོ་བསྒྲགས་པའི་ཚེ་དུས་མཚུངས་ཀྱི་མཁས་པ་ཀུན་གྱིས་ཐུགས་སུ་ཆུད་ལ་ལྷག་པར་དགེ་བའི་བཤེས་གཉེན་ཤ་ར་བས་པ་ཚབ་ལོ་ཙཱ་བའི་སྤྱན་སྔར་དྲི་བའི་ཡི་གེ་ཞིག་སྐྱེལ་པ་ལ་བརྫངས་པས་དེ་དག་པ་ཚབ་ཀྱི་རང་བཞེད་དབུ་མ་འཇུག་བ་རྩ་འགྲེལ་གྱི་གནད་རྣམས་ལྟ་སྒོམ་སྤྱོད་པ་གསུམ་དུ་བསྡུས་པའི་ལན་འདེབས་ཕུལ་བ། ཤ་ར་བ་བུར་སྟོན་ཆེན་པོ་ཞིག་གི་དབུ་ལ་བཞུགས་པའི་སྤྱན་སྔར་སོན་པའི་ཚེ། ཡི་གེ་
༨༣ གཟིགས་འཕྲལ་སྤྱན་ཆབ་རང་དབང་མེད་པར་ཤོར་ཞིང་མདུན་གྱི་བུ་རམ་རྣམས་ཕྱག་གིས་ཕྱོགས་བཅུར་གཏོར། ཀླུ་སྒྲུབ་ཡབ་སྲས་མཆོད། ཟླ་བ་གྲགས་པ་མཆོད། པ་ཚབ་ཉི་མ་གྲགས་པ་མཆོད། མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་དེ་ཁོང་གིས་ཐུགས་སུ་ཆུད་འདུག་གསུངས། གྲལ་དེ་རང་ནས་བཙུན་ཆུང་བློ་གསལ་བ་བརྒྱ། པ་ཚབ་ཀྱི་དྲུང་དུ་དབུ་མ་སློབ་པར་བརྫངས་ཞེས་སྒྲོག་ཅིང་། པ་ཚབ་ཀྱིས་རྒྱ་གར་དུ་པཎྜི་ཏ་དངུལ་གྱི་བུམ་པ་སོགས་ལ་བསླབ་སྦྱངས་གནང་རྗེས། ཉིན་གཅིག་སྐྱོ་སངས་ལ་བྱོན་པས་ནག་གསེབས་ཤིག་ན་པཎྜི་ཏ་ཆོས་གོས་ནག་པོ་གསོལ་བ་སྐུ་ཤ་སྔོ་སངས་ཙན་དན་ས་མཆོག་གི་དྲི་བསུང་མནམ་པ། ཕྱག་ན་ཤ་གཟུགས་གཉིས་རྡེབ་ཀྱིན་འབྱོན་པ་ཞིག་དང་མཇལ་བས་གུས་ཕྱག་བཏབ། བྱིན་རླབས་ཞུས་པས། ཕྱག་གཉིས་སྤྱི་བོར་བཞག་འཁོར་བར་ཡུན་རིང་སྡོད་མི་དགོས་པར་འདུག་གསུངས། དེའི་ཚུལ་པཎྜི་ཏ་རྣམས་ལ་བཤད་པས། ཁྱོད་སྐལ་པ་ཆེ་པཎྜི་ཏ་དེ་ནི་དཔལ་ལྡན་ཟླ་བ་གྲགས་པ་ཡིན། ཁོང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བཞུགས་པ་དང་མཇལ་བར་འདུག །ཅེས་ཞལ་གཅིག་ཏུ་དབུགས་དབྱུང་མཛད་ལ། དེ་ཕྱིན་ལྟ་བའི་གནད་ལ་ངེས་པའི་ཤེས་པ་ཁྱད་པར་ཅན་འདྲོངས་པ་ཡིན་གསུངས། ཇོ་བོ་རྗེ་ལྷ་གཅིག་གི་གསུངས་ལས་ཀྱང་སྐྱེ་བོ་ལམ་མ་ཞུགས་པ་བརྒྱ་ཕྲག་གི་ནང་ན་ལམ་ཞུགས་གཅིག་ནས། མཐའ་དབུ་མ་སྨྲ་བ་བརྒྱ་ཕྲག་གི་ནང་ནས་ཐལ་འགྱུར་དུ་སྨྲ་བ་གཅིག་ཙམ་ཞིག་གསུངས་བསྔགས་པ་ཆེར་གནང་ཞིང་། པ་ཚབ་ཉིད་ཀྱང་ཇོ་བོ་ཨ་ཏི་ཤའི་སྐུའི་སྐྱེ་བ་ཡིན་ཞེས་རྣམ་ཐར་ལས་འབྱུང་ངོ་། །གཞན་སྟོང་ལྟ་ཁྲིད་ཡང་བཙན་ཁ་བོ་ཆེའི་གསུང་ལས། ཁ་ཆེ་པཎྜི་ཏ་སཛྫ་ནའི་གསུང་གིས་རྒྱལ་བས་འཁོར་ལོ་དང་པོ་བདེན་བཞི། བར་པ་མཚན་ཉིད་མེད་པ། མཐར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བཟླས་པ་ལན་གསུམ་བསྐོར་བ་ལས་སྔ་མ་གཉིས་དངོས་བཏགས་མ་ཕྱེ་བ། ཕྱི་མ་དོན་དམ་པར་ངེས་པའི་ཚེ། དབུས་དང་མཐའ་ཕྱེ། ཆོས་དང་ཆོས་ཉིད་ཕྱེ་
༨༤ ནས་གསུངས་ཞིང་། ཆོས་ཉིད་རྣམ་འབྱེད་དང་རྒྱུད་བླ་མའི་དཔེའི་ཕྱི་མོ་ཙམ་གཡར་བ་ལ་ཡང་དཔེ་འདི་གཉིས་ནུབ་ན་བྱམས་པ་བདེ་བར་གཤེགས་པའི་ཚོད་ཙམ་ཡིན་ཟེར་བཀའ་གནད་ཆེན་པོ་བྱུང་ཟེར་ལ། པདྨ་ལྕགས་ཀྱུའི་མིང་བཞག་པའི་བཙན་ཁ་བོ་ཆེ་རང་གི་ཟིན་ཐོ་རྙིང་པ་ཞིག་སྣང་བ་འདིས། ཕྱིས་གཞན་སྟོང་བྱ་བའི་ཐ་སྙད་རྒྱ་གར་དུ་གཏན་མ་གྲགས་བོད་དུ་ཡང་ཀུན་མཁྱེན་དོལ་བུ་ཕྱིན་བྱུང་ཞེས་སྒྲོག་པ་ལ་བྱ་གཏོང་དུ་མཚོན་ཞིང་། ཐམས་ཅད་མཁྱེན་པ་བུ་སྟོན་གྱི་དྲིས་ལན་ཞིག་ནའང་། སྔོན་རྟ་ནག་པ་རིན་ཆེན་ཡེ་ཤེས་པའི་གྲུབ་མཐའ་ཞིག་ཡོད་པ་ཕྱིས་དོལ་བུ་བས་རྩལ་འདོན་དུ་སྐྱོང་བར་སྣང་གསུངས་པ་ལ་ཡང་ཞིབ་དཔྱོད་མཛད་འཚལ། སྦས་དོན་ཀུན་གསལ་ནི། ཁྱབ་བདག་རྡོ་རྗེ་སེམས་དཔས་བཀའི་གནང་བ་བྱིན། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོས་གསོལ་བ་བཏབ་སྟེ། དེ་ཉིད་འདུས་པའི་གླེགས་བམ་ཡི་གེའི་ཕྱི་མོའ་གྲངས་བཏབ་མཛད་པའི་སྙིང་པོ་ཁོལ་ཕྱུང་ཡིན་ལ། ཚེ་དཔག་མེད་གྲུབ་པའི་རྒྱལ་མོའ་ཁྲིད། རས་ཆུང་བས་མི་ལ་ལ་ཕུལ་བ་ནས་བརྩམས་ཏེ་སྐྱེས་མཆོག་འབའ་ར་བ་རྒྱལ་མཚན་དཔལ་བཟང་གི་བར་གཅིག་བརྒྱུད་བཀའ་རྒྱ་ཅན་ཞལ་ནས་སྙན་དུ་བརྒྱུད་པ་ཡིན་ངེས་ཏེ། བླ་མ་ཐ་དད་ལ་ཡང་གྲུབ་རྒྱལ་མའི་རྣམ་གྲངས་རྒྱ་ཆེར་འཕེལ་མོད། ལྷ་གཅིག་བུམ་གཅིག་གི་མིང་ཡང་མི་གྲགས་ལ། སྐྱེས་མཆོག་ཉིད་ཀྱི་འཁྲིད་ཀྱི་དབུར་སྔོན་ཆད་གངས་ཅན་གྱི་ལྗོངས་སུ་མ་གྲགས་པ་ཅེས་དང་། གསང་བའི་རྣམ་ཐར་དུ་སྤ་དྲོ་འབྲང་རྒྱས་ཀྱི་སྒྲུབ་གནས་སུ། འདི་ཉིད་ལ་ཆེད་དུ་གཏད་པའི་སྒྲུབ་པ་མཛད་དུས། དཔལ་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་ལུང་བསྟན་པ་ལ་བརྟེན་སྙན་བརྒྱུད་ཡི་གེར་བཀོད་ཅིང་། ཁྲོམ་ཚོགས་ཆེན་པོ་ལ་དབང་བསྐུར་བར་མཛད་ཅེས་གླེང་ཞིང་། ད་ལྟ་ནི་ས་ཀར་དགེ་གསུམ་གྲུབ་མཐའི་
༨༥ ཞལ་འཛིན་ཇི་ལྟར་གནང་ཡང་གཞན་དོན་ཕྲིན་ལས་འདི་ལ་མི་མཛད་མཁན་སུ་ཡང་མེད་ལ། ཚེ་དབང་ཡང་ཁྲིད་ཀྱི་གཞི་རྩ་དབང་ཆོག་ཏུ་བསྐུར་བ་ཡིན་ལ། ཁོ་བོས་ནི་དབང་ཆོག་གི་འདོན་ཆ་ཡང་ལྕེ་ཐོག་ནས་ཁྲི་ཕྲག་མང་པོའ་བསྙེན་པ་སོང་བ་ལྟར་འདུག་པས་བསྐུར་བྱའི་དབང་ཞིག་ལ་འདི་ལས་བྱིན་རླབས་ཆེ་བ་མི་འདུག་པའི་ཡིད་ཆེས་གདིང་ཐོབ་བཽ། །སྒྲོལ་དཀར་ཇོ་བོ་རྗེའི་ལུགས་ཉིད་སྔོན་ནས་དགེ་བའི་བཤེས་གཉེན་བཀའ་གདམས་པ་ཡོངས་ལ་གྲགས་པས་ཁུངས་དང་འབྲེལ་ལ་མི་ཏྲ་ཛོ་ཀིས་མཁའ་འགྲོ་མ་དེ་བ་ཌཱ་ཀི་ལས་ནོད་པའི་ཚེ་དཔག་མེད་དཀར་པོའ་གསང་ཁྲིད་འདི་ཉིད་ཕྱིས་དབང་དང་ལྷ་བསྒོམ། སོགས་དོར་ནས་ལག་ལེན་སྨར་འདོན་བྱས་ཏེ་མི་ཏྲ་གསང་ལམ་ཞེས་སྒྲོག་ཅིང་། སྨར་ཁྲིད་ཇོ་བོས་སྟོན་པ་ཡོལ་སྒོམ་ཆོས་དབང་ལ་གནང་བ། བྱང་སེམས་ཟླ་བ་རྒྱལ་མཚན་ལ་ཞང་སྐྱི་ཚ་འོད་ཆེན་གྱིས་ཞུས་པ། གྲུབ་ཐོབ་ཚེམ་བུ་པས་བདག་མེད་མ་ལས་དངོས་སུ་གསན་པ། བླ་མ་སྐྱེར་སྒང་པས་ལྷ་སའི་ཀླུ་ཕུག་དཀར་ཆུང་དུ་ལྕེ་སྒོམ་པ་ལས་ནོད་པ་བཞི་བརྒྱུད་པ་ཐ་དད་ཙམ་ལས་ལམ་གྱི་སྲོག་ནི་གཅིག་ལ། ཕྱིས་རྒྱལ་སྲས་ཆོས་རྫོངས་པས་དབུས་སུ་ལོ་གསུམ་ཙམ་བཞུགས་རིང་བྱང་རྭ་སྒྲེངས་སོགས་སུ། སྤྱིར་ཡི་དམ་ཐམས་ཅད་ཀྱི་སྨར་ཁྲིད་ཅེས་པའི་ངེས་པ་ལས་འདྲེན་པར་མཛད་ནས། སློབ་དཔོན་དྲིལ་བུ་པའི་བདེ་མཆོག་ལྷན་སྐྱེས་ཀྱི་གཞུང་ཆུང་དང་། དགའ་རབ་རྡོ་རྗེའི་བདེ་ཀྱེ་ལྷན་སྐྱེས་ཀྱི་རྒྱ་གཞུང་ཉིད་ལ་སྨར་ཁྲིད་སོ་སོར་བཀྲལ་ནས་གསུངས་པ་འདི་ནི། དེ་སྐབས་ཀུན་གྱི་ཡིད་མགུ་བླ་ན་མེད་པར་གྱུར་ཅིང་། དཔལ་ལྡན་བླ་མ་དམ་པས་ཀྱང་ལེགས་སའི་བཀའ་སྩལ་གནང་ཞེས་གྲགས་ལ། དོན་དུ་རྒྱལ་སྲས་པ་གསང་སྔགས་གཏན་མི་གསུང་བའི་ཐུགས་ཀྱི་ངལ་གསོར་སྣང་ངོ་། །འཁོར་ཆེན་
༨༦ གྱི་རྫོགས་རིམ་བླ་མ་དམར་ནས་རིམ་པར་བརྒྱུད། བུ་སྟོན་ཆེན་པོས་ཀྱང་ཆེད་ཀྱིས་སྤེལ་བ་གནང་འདུག་ལ། གཏུམ་པོའ་ཁྲིད་ལ་གྲུབ་ཆེན་གསང་བདག་རང་གི་ཉམས་བཞེས་མཐིལ་ཕྱིན་པ་འདི་ལྟར་ཡིན་ཀྱང་། ཕྱིས་བྱང་ཕྱོགས་འདི་ན་གསང་བདག་ཕྱག་རྡོར་བའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་གཏུམ་པོ་ལ་སྦྱོར་བའི་བབ་ཆོལ་སྣང་ལ། ཕག་སེར་ཀུརྨ་པཱ་དའི་ཁྲིད་ཆག་ལོ་བརྒྱུད་པའི་ཐུན་མོངས་མ་ཡིན་པའི་ཟབ་ཆོས་ཡིན་ལ། །ཀུ་རུ་ཀུ་ལླཻའི་གསང་ཁྲིད་ཕྱི་ནང་ངོ་མཚར་རྨད་བྱུང་འདི་ལྟར་ཡོད་པ་མ་ཐོས་པར་ཀྱེ་རྡོར་གཏུམ་མོ་འཁོར་ལོ་བཞི་སྦྱར་བའི་ཟོབ་སྟོང་ལ་ཁ་པོ་འདོན་མི་ཡང་འདུག །སྦྱོར་དྲུག་རྒྱ་བོད་ཀུན་ཏུ་རང་བློས་འགྲེལ་པ་མང་བར་འདུག་ཀྱང་། རྒྱུད་འགྲེལ་ནང་བཞིན་ཙནྡན་གྱི་དྲི་ལྟར་བརྗོད་བྱ་རྗོད་བྱེད་དབྱེར་མེད་རྒྱུད་འགྲེལ་རང་ལ་ཞིབ་དཔྱོད་བྱས་ན་ཡིད་ཆེས་འདྲོངས་པ་འདི་རང་ཡིན་ལ། མན་ལུང་གུ་རུའི་དུས་འཁོར་སྙན་བརྒྱུད་ལ་ཕྱིས་རྫོགས་ཆེན་དང་འདྲེས་པའི་དབྱེ་འབྱེད་དཀའ་ཞིང་ལུས་རྣམ་གཞག་ལ་གཞིག་ལམ་བཅུག་དུས་མ་ཚང་བའི་ཆ་དང་། ངང་དང་རང་ཡང་ཟེར་སྒྲ་ལས་འདི་ཞེས་མ་མཚོན་པ་ལོང་བའི་དབྱུག་སྐོར་ལྟ་བུར་བསྙེན་སྒྲུབ་ལ་སྐྱབས་ཚོལ་ལམ་སྣ་འདྲེན་པ་ལས་བྱ་ཐབས་མ་རྙེད་པའི་ངང་དུ་ཡུན་རིང་ལུས་ཀྱང་། ཕྱིས་དབུས་ཀྱི་བྲག་ཁར་སྔོན་རྩེ་ཐང་དུ་ཆོས་རྗེ་མཁས་པའི་དབང་པོ་རིན་ཆེན་ཆོས་དབང་ལས་ཕ་ལོ་ཆེན་དང་ལྷན་དུ་གསན་པའི་ཕའི་མཆེད་པོ་ཆོས་འདིའི་མངའ་བདག་ཆེན་པོ་ཞིག་ངེད་ལ་བཀའ་འབྲེལ་ནོད་པ་ལ་བྱོན་བྱུང་བ་དེ་ལ་དྲི་མོལ་བྱས་དུས་ཁོང་གི་གསུང་ནས། ཧཱུྃ་ཆེན་ནམ་མཁའི་རྣལ་འབྱོར་དང་། ཧཱུྃ་རྒྱལ་ལྷུན་གྲུབ་རིན་ཆེན་པས་ཧེ་རུ་ཀ་གལ་པོའ་རྒྱུད་ཚིག་འདིར་འབྲེལ་མེད་འགའ་རེ་བསྣན་པའི་དབྱེ་འབྱེད་མན་ལུང་པ་རང་གི་གསུང་གིས་ལྷག་ཆད་སྔར་ཐེ་ཚོམ་ཡོད་པའི་བསྣོན་འཁྲི་དང་། ངང་དང་ལ་ཡང་ངའི་ང་ལ་ངེས་
༨༧ ཤེས་ཉོན་ཡིད་བདུན་སྦྱོང་ཚུལ་དུ་གོ་བ་ལེན་ཚུལ་རྙེད་པས་ཡིད་ཚིམ་པ་ཐོབ་ཅིང་ཁོང་གི་མཚན་ཀྱང་རིན་ཆེན་བཟང་པོ་ཀ་ཡིན་གསུང་བས། ཕ་དང་མཚན་གཅིག་པར་འདུག་པས་ཐུགས་རྗེ་འཇུག་པར་འདུག་སྙམ་པའི་ཡིད་བདེ་ཡང་སྐྱེས་སོ། །འདིས་མཚོན་ནས་ཁྲིད་གང་ལ་ཡང་འོལ་ཚོད་དུ་གཏན་ནས་མ་བཞག་པར། ཁྲིད་འདི་ཉིད་གང་ལས་བརྒྱུད་པའི་ཁུངས་རང་ལ་ཞིབ་ཏིག་ནན་ཏན་བགྱིས་པའི་མཚོན་དཔེ་ཡང་ངོ་། །ལམ་འབྲས་ཐོག་མར་འབྲོག་མི་དང་། མཐར་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་པཎྜི་ཏ་ག་ཡ་དྷ་ར་ལས་ནོད་པའི་འབྲོག་ནས་གྱེས་པ་ལ་སྲོལ་ཆེན་བཅོ་ལྔ། ནང་གསེས་ཕྱེ་བ་ཉེར་གསུམ། ལུས་སུ་བསྒྲིགས་ན་བཅུ་གཉིས་ཙམ་སྣང་བའི་ནང་ནས། སེ་སྟོན་ཞང་སྟོན་ལས་ས་ཆེན་གྱིས་གསན་པའི་རིང་བརྒྱུད་དང་། འབྲོག་ལ་མ་ལྟོས་པར་བིར་ཝ་།།།པ་ལས་དངོས་སུ་གསན་པའི་ཉེ་བརྒྱུད་ཙམ་ཞིག་ད་ལྟ་བཀའ་མ་ཆད་ཙམ་སྣང་ལ། ཞ་ལུགས་ཀོ་བྲག་པས་མཛད་པའི་ཁྲིད་ཡིག་དང་། གེགས་སེལ་ཧ་དམིགས་རྒྱ་མཚོའ་ལུང་ཙམ་ཡོད་ལ། གྱི་ཇོ་ལས་མ་འཕེལ་ཅེས་དམར་གྱི་ཞིབ་མོ་རྣམ་དག་ཏུ་འབྱུང་ཡང་། གྱི་ཇོས་ཁོར་རེ་བ་འོད་ཀྱི་རྒྱལ་མཚན་ལ་གསུངས་པ་ནས་བར་སྡིངས་པ་ནམ་མཁའ་རྒྱལ་མཚན་གྱི་བར་དུ་བྱུང་བས་གོ་ལ། ལམ་སྐོར་ཕྱི་མ་བརྒྱད་ལ་བདེ་ཀྱེ་གསང་གསུམ་གྱི་རྫོགས་རིམ་དུ་འགྲོ་བ་དྲུག །རྒྱུད་སྡེ་སྤྱི་འགྲེལ་གཉིས་ལས། ཌོམྦི་པའི་ལྷན་ཅིག་སྐྱེས་གྲུབ་དང་། མཚོ་སྐྱེས་ཀྱི་ཟབ་པའི་ཚུལ་དགུ་ནི་ཀྱེ་རྡོར་འགྲེལ་པ་ལུགས་དང་། མཚོ་སྐྱེས་ལུགས་ཀྱི་རྫོགས་རིམ་དངོས་ཡིན་ལ། གཏུམ་མོ་ལམ་རྫོགས། ཡོན་པོ་སྲོང་བ་གཉིས་བདེ་མཆོག །མཆོད་རྟེན་དྲུང་ཐོབ་གསང་འདུས་མི་བསྐྱོད་པ། ཡི་གེ་མེད་པ་ཡེ་ཤེས་ཞབས་ལུགས་དང་འབྲེལ་ཞིང་། བསམ་མི་ཁྱབ་དང་། ཨིནྡྲ་བྷཱུ་ཏིའི་ལམ་སྐོར་བླ་མེད་མ་ལུས་པའི་རྫོགས་རིམ་དུ་བསྙོན་མེད་དུ་གྲུབ་ལ།
༨༨ འདིར་ཕྱག་བཞེས་ཕུལ་དུ་བྱུང་བ་མངའ་བའི་ཕྱག་རྒྱུན་ལ་ཡང་ལྷན་ཅིག་སྐྱེས་གྲུབ་དང་ཟབ་པའི་ཚུལ་དགུ་རང་རང་གི་སྨིན་བྱེད་ཌོམྦྷི་དཀྱིལ་ཆོག་དང་། ནས་གླིང་མའི་སྒོ་འབྱེད་མི་གནང་བར་ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་ཁོ་ནས་ལམ་སྐོར་བརྒྱད་སོ་སོའ་སྨིན་བྱེད་གོ་ཆོད་མཛད་པས། རྒྱུན་མཚན་འདི་ལ་བསྙེགས་ནས་ཁྲིད་བརྒྱའི་སྔགས་དང་འབྲེལ་བ་ཀུན་གྱི་སྨིན་བྱེད་ཀྱེ་རྡོར་མན་ངག་ལུགས་གཅིག་པུས་འགྲུབ་པ་བསྙོན་མེད་ཡིན་ལ། དེའི་གནད་ཀྱང་གོང་གི་ཌོམྦྷི་ལུགས་དང་། མཚོ་སྐྱེས་གཉིས་ལ་སྨིན་ལམ་བརྒྱུད་པ་ཟུང་འབྲེལ་ཉིད་ཡིན་ཀྱང་གཞན་གཏུམ་མོ་ལམ་རྫོགས་ཡོན་པོ་སྲོང་བ་ལ་བདེ་མཆོག་ནག་པོ་པའི་དབང་དང་། མཆོད་རྟེན་དྲུང་ཐོབ་ལ་གསང་འདུས་མི་བསྐྱོད་པ། ཡི་གེ་མེད་པ་ལ་འཇམ་རྡོར། བསམ་མི་ཁྱབ་དང་། ཨིནྟྲ་བྷཱུ་ཏིའི་ལམ་སྐོར་ལ་སཾ་བྷུ་ཊིའི་སྨིན་བྱེད་སྦྱར་ནའང་རྒྱུད་སྡེའི་སྟོན་ཚོད་དང་འབྲེལ་མོད། འོན་ཀྱང་སྨིན་བྱེད་དབང་དང་། གྲོལ་བྱེད་ལམ་གཉིས་བརྒྱུད་པ་ཐ་དད་དུ་སོང་ཕྱིན་མན་ངག་ལུགས་ཁོ་ནའི་དབང་སྒོ་འབྱེད་དུ་བྱས་པས་སྨིན་བྱེད་མཆོག་ཏུ་གྲུབ་ལ། དབང་ཁྲིད་བརྒྱུད་པ་ནི་གང་བྱས་སོ་སོ་བ་ཉིད་ལས་ཐབས་མི་རྙེད་པའོ། །སྒོ་དྲུག་ཆོས་འབྲེལ་ནི། ལམ་འབྲས་ལ་སོགས་ལམ་སྐོར་དགུ། དེ་ལས་འཕྲོས་པ་དུ་མ། ཞེས་པའི་མཚན་གཞི་ཡིན་ལ། དག་པ་གསུམ་གྱི་ཁྲིད་འདི་ལ་ལམ་འབྲས་རྩ་བ་མེད་པའི་ཐ་སྙད་ཐོབ་གསུངས་ཞིང་། སྔོན་མུས་ཚོར་རྗེ་དཔལ་རྒྱལ་བས་ཐོག་མར་ཞེན་པ་བཞི་བྲལ་ཅིག་གནང་རྗེས་ལྗོན་ཤིང་དུ་གསུངས་པའི་དུས་ནམ་སྐྱེ་ངེས་པ་མེད་པའི་སེམས་བསྐྱེད་དེ་གསུངས་ནས། ཌོམྦྷི་དཀྱིལ་ཆོག་ལྟར་འགྲེལ་པ་ལུགས་ཀྱི་དབང་མཛད་ནས་དག་པ་གསུམ་གྱི་ཁྲིད་སྔོན་ཞིང་། དེ་རྗེས་བསམ་མི་ཁྱབ་ཀྱི་བྱིན་རླབས་ཁྲིད་དང་འབྲེལ་པ། མཐར་རང་བྱིན་རླབས་ཀྱི་དམིགས་པ་ཉེར་དགུ་པ་སྩལ་ཏེ། ཀྱེ་རྡོར་འགྲེལ་པ་ལུགས་ཀྱི་ལམ་འབྲས་
༨༩ སོང་ཞེས་གདགས་པར་མཛད་པ་ཐོབ་པའི་དེ་དུས་ཀྱི་ཞལ་སློབ་མངའ་རིས་ཨུ་ལེགས་པ། དགེ་སློང་ཨ་བ་གྲགས་པ་སོགས་དང་དངོས་ཀྱི་ཞིབ་གླེང་བྱུང་ལ། ལམ་སྦས་བཤད་ལ། ཐུགས་རྡོ་རྗེ་མི་བསྐྱོད་པའི་ཕོ་བྲང་ཁོ་ན་ལ། རྗེ་བཙུན་གྱིས་དབང་གི་རབ་དབྱེའི་ནང་དུ་གསུངས་པའི་ཟབ་ལམ་སྒོ་འབྱེད་ཀྱི་འཕྲུལ་སྦྱར་བའི་དབང་གིས་ཆོས་སྒོ་ཕྱེ་སྟེ། སྦས་བཤད་ཕོ་བྲང་ལྔ་མའི་ཁྲིད་འཁྲུལ་འཁོར་ཕྱག་བཞེས་བརྡའ་སྦྱོར་དང་། འདི་སྐབས་ཀྱི་སྦས་བཤད་རྩ་ཚིག་ལ་སཾ་སྐྲྀ་ཏ་དང་། པྲ་ཀྲྀ་ཏའི་སྐད་བསྲེས་པའི། ཨཻ་ཀེ་ཛ་ར་ཧུ་མ་ར་ཧུ་མ་ར་ཧུ། ཨཾ་ཀེ་མུ་དྲ་ཏུ་ཏྲ་ཨཾ་བིནྟུ་དར་བ། ཨི་ཀེ་ཨ་པ་ར་ཤཱུནྱ་ཏཱ་ས་ག་ཏི། ཨཾ་གེ་པར་ཤུ་ཀྲ་དྷ་ནུ་ཨི་བ་། དེ་བོད་སྐད་དུ་བསྒྱུར་ན། ཨཾ་ཀེའི་སྒྲ་འབོད་པའི་བརྡ་སྤྲོད་པ་ལྟ་བུ་ལ་འཇུག་ཅིང་གཞན། འབར་དང་གཡོ་དང་བརྟན་པ་དང་། །ཕྱག་རྒྱ་སྒྲུབ་ཅིང་ཐིག་ལེ་བཟུང་། །བདག་ཉིད་སྟོང་པར་རྟོགས་པ་དང་། གཞན་ཡང་དབང་པོའ་གཞུ་ལྟར་སྣང་། ཞེས་གསུངས་པས་མཚོན་ནས་བིར་ཝ་།།།པས་ས་ཆེན་ལ་དངོས་ཀྱིས་གསུངས་པའི་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ལྕགས་རིའི་ཁོང་ནས་མི་འདའ་བའི་ཟབ་ཆོས་བཞི་ཡང་འདི་ལྟར་གསུངས་པ་གོ་འབྱེད་རྣམ་གསལ་དཔེར་བརྗོད་སྐད་གཉིས་ཟུང་སྦྱོར་དུ་བྲིས་པ་ཡིན་ལ། བརྡའ་དོན་གསལ་བ། ས་ཆེན་གྱིས་རྗེ་བཙུན་གྲགས་པ་ལ་དག་པའི་སྣང་བར་ཞལ་བསྟན་ཏེ། རྟེན་གཞི་རྡོ་དཀར་གྱི་བརྡ་ཐབས་ལས་ལམ་འབྲས་གནད་འདོམས། དམིགས་པ་རྒྱས་འབྲིང་བསྡུས་གསུམ་དྲིལ་བ་འདི་ལ་ཕྱིས་ཀྱི་མཁས་རློམ་འགས་ནི་འདིའི་རྩ་ཚིག །་ལོས་ས་ཆེན་ལ་གནང་བའི་མ་རྒྱུད་སྡེ་ཀྱེ་རྡོར་སྦྱོར་དྲུག་དུ་བཀྲལ་ནས་ནན་གྱིས་བཀྱོགས་ཏེ་སྨ་བར་བྱེད་དོ། །རིམ་ལྔ་ལ་གསེར་སྡིངས་པའི་ཡི་གེ་རྒྱས་པར་བཀྲོལ་བ་ལ་འདྲེས་པའི་སྐྱོན་བཟུང་
༩༠ ནས་རང་བཞེད་འགོས་ཀྱི་ཤོག་དྲིལ་གསུམ་པོ་དཔང་དུ་བཞག་པའི་གསང་བ་འདུས་པ་རང་ཐད་སོར་འཇོག་གི་ཁྲིད་ཚུལ་འདི་ལྟར་མཛད་ལ། གྲོལ་ཐིག་ནི་འདུས་པའི་རྒྱུད་ཕྱི་མར་གསུངས་པའི་གསང་འདུས་སྦྱོར་དྲུག་ཉིད་ཡིན་ཅིང་། སྤྲོས་མེད་གློ་བོ་ལོ་ཙཱ་བའི་ལུགས་ཡིད་ཆེས་སུ་འཛིན་ཅིང་། རྣལ་འབྱོར་བཞི་རིམ་ཡང་གློ་བོ་ལོ་ཙཱ་བའི་ཡི་གེ་གདན་བཀོད་ཡིན་ལ། ཕྱིས་མྱང་སྟོད་།།།་སོགས་ཀྱིས་ཛོ་ཀི་ཀརྞ་རི་ཟེར་བའི་བརྫུན་མ་ཁ་ས་ཎིར་རྐང་པ་ཡ་གཅིག་བཙུག་ནས་ལོ་བཅུ་གཉིས་བསྡད་ཟེར་བས་བིར་ཝ་།།།པ་དངོས་ལས་ཐོབ་པར་འཆོས་པའི་ཟོབ་ཅན་ཡང་འདུག་པས་གཞིག་འབྲེལ་ཆུད་དགོས་སོ། །འཇིགས་བྱེད་སྐྱོ་ལུགས་ཀྱི་རྭ་རྩེ་སེམས་འཛིན་མཚན་མོ་རྒྱུ་བ་མཚན་མ་གྱེན་སྒྲེང་རྣམས་ནི་ཡིད་ཆེས་ཁུངས་དང་འབྲེལ་ཞིང་རྒྱ་གར་གྱི་སློབ་དཔོན་ཨ་མོ་གྷ་བཛྲ་རྡོ་རྗེ་བཞད་པ་མཉྫུ་ཤྲཱི་རྣམས་ཀྱི་རྒྱ་གཞུང་གི་ཟིན་སོ་ཅན་ཡིན་ལ། རི་བོ་དགེ་ལྡན་པ་རྣམས་གྲུབ་ཆེན་དཔལ་འཛིན་གྱི་གཤེད་དམར་རྣལ་འབྱོར་བཞི་རིམ་དང་། པའི་ཚོགས་འཁོར་གྱི་ནང་གི་རྣལ་འབྱོར་གུང་བསྒྲིགས་ནས་གསང་བ་འདུས་པའི་རྒྱབ་ཤ་ཅན་ཞིག་མཛད། ཡབ་ཀྱི་རྩ་དབུ་མ་ནི་ནཱ་རོ་པའི་ཐུགས་ཀྱི་ཉིང་ཁུ་ཡིན་ཅེས་རྗེ་བཙུན་གྲགས་རྒྱལ་གསུང་ཞིང་། ལྟོས་གཞི་ཡབ་ལ་བཞག་ངོས་ལྟོས་ཆོས་ཡུམ་ལ་སྦྱོར་བའི་ཡུམ་གྱི་རྩ་དབུ་མའི་ཁྲིད་ལ་མུས་ཕྱོགས་ནས། བསྐྱེད་པའི་རིམ་པ་ཕག་མོ་མཁའ་སྤྱོད་རྫོགས་པའི་རིམ་པ་རྩ་དབུ་མ་ཟེར་བ་ནི་རྐང་གྲངས་སྟོན་པ་ཙམ་ཡིན་གྱི། འདི་གཉིས་ཟུང་འབྲེལ་སྟོན་པ་མིན་ལ། ནཱ་རོ་མཁའ་སྤྱོད་ལ་རྩ་དབུ་མ་སྦྱོར་བ་དཔལ་ལྡན་བླ་མས་ཆོས་རྗེ་གཟུངས་པ་ལ་གནང་བའི་རང་བཟོ་ཡིན་ཟེར་ཞིང་རང་ལུགས་མན་ངག་གཅེས་བསྡུས་ནང་གི་ཕུལླ་ཧ་རིའི་གདམས་པའོ། །ཅེས་པ་དང་། རྩ་གསུམ་ལུས་འགོད་གཉིས་བསྲེས་ནས་འཆད་མོད། རྗེ་བཙུན་གྱི་དཀར་ཆག་ཏུ་ཡང་མཁའ་སྤྱོད་དབུ་
༩༡ མ་ལ་སོགས། ཞེས་དང་། རྗེ་རྡོ་རྗེ་འཆང་གིས། བསྐྱེད་རིམ་ཟབ་མོ་མཁའ་སྤྱོད་རྣལ་འབྱོར་དང་། རྫོགས་རིམ་དབུ་མའི་རྣལ་འབྱོར། ཅེས་རྒྱུན་དུ་འདོན་པ་ཁུངས་བྲལ་དང་། དཔལ་ལྡན་བླ་མ་དམ་པས་བྲག་ཕུག་པ་ལས་རྩ་དབུ་མ་གསན་དུས་ཞག་བདུན་ལ་གཏུམ་མོའ་ནུས་པ་མཐར་ཕྱིན་ཚུལ་ལོ་ཆེན་བྱང་རྩེས་མཛད་པའི་རྣམ་ཐར་དུ་འབྱུང་བས་ལེགས་པར་སོམས་ཤིག །དྲིལ་བུ་རིམ་ལྔའི་ཁྲིད་ལ་སྔོན་འགྲོའི་བྱིན་རླབས་གཏན་ནས་མི་ཐོབ་པའི་རྒྱས་བཤད་བཙོང་ཁ་པས་མཛད་འདུག་ལ། སྒྲ་པ་ཤེས་རིན་པས་ཀྱང་དགོངས་དཔྱད་ཀྱི་བྱིན་རླབས་དབང་བསྐུར་སྦྱོར་བ་གནང་འདུག །རང་ལུགས་ནི། རྗེ་བཙུན་གྲགས་པའི་ཞབས་ཀྱི་གསུང་ཉིད་རྡོ་རྗེ་འཆང་གི་བཀའ་ཡིན་པར་ཡིད་ཆེས་པས་བླ་བ་ཅོལ་རྗེས་འདེད་ག་ལ་བགྱིད་ལ། འཕགས་པས་མཛད་པའི་ཁྲིད་ཡིག་ཡང་ཡོད་མོད། འདིར་ཚོགས་སྒོམ་པའི་ཡི་གེ་ཇི་ལྟ་བར་བྲིས་ཏེ་ས་སྐྱ་པཎྜི་ཏའི་སྤྱན་སྔར་ཚོགས་སྒོམ་པས་རིམ་ལྔའི་ཁྲིད་སྐྱོང་དུས། རྒྱུ་བ་ངེས་པ་དང་རྣམ་པ་གསལ་བའི་ཏིང་ངེ་འཛིན་བརྙེས་པའི་མྱང་ཁྲིད་ཡིན་པས་རྩིས་སུ་བྱེད་ལགས། འདི་ཇི་ལྟ་བའི་ཞང་མདོ་སྡེ་དཔལ་གྱི་ཟིན་ཐོ་ཡང་སྣང་ངོ་། །ནག་པོ་རིམ་བཞི་མལ་ལོ་པུ་ཧྲང་ལོ་ཆུང་མར་དོ་གསུམ་སྤྱི་བབས་འདྲ་བ་ལ་ཕྱིས་གཏུམ་མོ་ལམ་རྫོགས་ནང་བཞིན་བྲིས་པ་དང་། གུང་རུ་སོགས་ཀྱིས་རིམ་བཞི་སྤྱིར་བསྟན། དཔྱིད་ཐིག་བྱེ་བྲག་ཏུ་འཆད་ཅེས་པའི་ས་དཔྱད་མཛད་ནས། དཔྱིད་ཐིག་གི་མཚན་གཞི་འཁོར་ལོ་གཉིས་མ་ཞིག་སྟོན་པ་ནི་གསུང་བགྲོས་འཆུགས་པ་ཡིན་ཏེ། དཔྱིད་ཐིག་རྒྱ་གཞུང་ན་འཁོར་ལོ་བཞིའི་རྒྱས་བཤད་ཁོ་ན་བྱུང་བས་ཤེས་ལ། རིམ་བཞི་ལམ་སློང་ཡང་། དམར་ཆོས་ཀྱི་རྒྱལ་མཚན་གྱིས་པུ་རོང་ལོ་ཆུང་གི་གསུང་རྒྱུན་བྲིས་པ། ཅོག་རོ་ཆོས་རྒྱལ་བས་མར་པ་དོ་པའི་གསུང་བགྲོས་
༩༢ ཇི་ལྟ་བའི་ཟིན་ཐོ། རྗེ་ས་སྐྱ་པ་ཆེན་པོས་མཛད་པའི་རིམ་བཞི་ལམ་སློང་གསུམ་ཞུ་དག་ཐུབ་པ་ལྟ་བུ་ཡོད་པ་ནི་ནཱ་རོ་པའི་མན་ངག་ཏུ་ཁུངས་མཐུན་པའི་ཡིད་ཆེས་ཡིན་གསུང་ངོ་། །དེང་སང་ས་སྐྱ་པའི་དགེ་བཤེས་ཆོས་ཉམས་ཆེ་ཆེ་ཀུན་ནག་པོ་རིམ་བཞི་གཉན་ཆ་ཆེ་ཟེར་འཇིགས་འཇིགས་སྒྲོག་པ་ཅིག་ཡོད་ནའང་། ས་སྐྱ་པ་ལ་ནག་པོ་རིམ་བཞི་ལ་གཉན་ཆ་ཆེ་བ་བྱུང་བའི་མཚན་གཞི་འདི་ཡིན་ནི་མི་འདུག །ཡོངས་སུ་གཉན་ཆ་ཆེ་བར་གྲགས་པའི་རྒྱུ་མཚན་ནི། སྔོན་ཅོག་རོ་ཆོས་རྒྱལ་བས་ཁམས་ནས་བྱོན་དུས་ཕ་མ་ཕུ་ནུ་ཡུལ་མི་འབྲེལ་ཡོད་ཀུན་གྱིས་གསེར་མང་པོ་བསྐུར། ལྷག་པར་མ་དེས་གསེར་གྱི་ཐུར་མ་གཡུའི་ཕྲ་ཡོད་པ་ཞིག་ཆོས་རྒྱགས་ལ་ཆེད་ཀྱི་བསྐུར་ནས། དབུས་གཙང་ལ་བྱོན། ཡར་འབྲོག་ཏུ་ཡུན་རིང་བཞུགས། མར་དོ་ཆོས་ཀྱི་དབང་ཕྱུག་ལ་ལོ་བཅུ་གཉིས་སུ་དབུ་སྔས་སྦྲེལ་ཏེ། བདེ་མཆོག་དང་འབྲེལ་བའི་རྒྱུད་མན་ངག་མ་ལུས་པ་གསན། རྒྱུད་ལ་མར་དོའ་གསུང་བཞིན་བཤད་ཊཱིཀ་ཀྱང་མཛད། འདི་ལ་ཕྱིས་བུ་སྟོན་གྱིས་བོད་དུ་བྱུང་བའི་བདེ་མཆོག་གི་།།།་ཅིག་ལ་འདི་བཟང་གསུང་བསྔགས་པ་དཔག་མེད་གནང་ཞིང་། རྗེ་བཙོང་ཁ་པའི་།།།་ཡང་འདིའི་འཇེབ་བཤུས་ཡིན། དེ་ལྟར་ཆོས་ཀྱིས་ཐུགས་ཚིམ་པའི་སྐབས། མར་དོའ་སྲས་ཇོ་སྲས་ནམ་མཁའ་འོད་བྱ་བས་ཅོག་རོའ་ཕྱག་གི་གསེར་ཐུར་དེ་གཟིགས་པས་ཐུགས་སོང་ནས། ཅོག་རོ་ལ་ཁྱོད་དག་གདམས་ངག་གིས་སེམས་ཚིམས་འདུག་སྟེ། གདམས་པའི་སྙིང་པོ་རིམ་བཞི་ལག་ཏུ་ལེན་པའི་དམར་ཁྲིད་དེ་མ་ཐོབ་འདུག་པ། བླ་མ་ལ་གསེར་ཐུར་འདི་ཕུལ་ལ་ཞུས་གསུངས་པས། ཅོག་རོས་ཚོགས་འཁོར་བཟང་བ་ཅིག་བཤམས་པའི་སྟེང་དུ་གསེར་ཐུར་གཡུ་ཕྲ་མ་དེ་ཕུལ་ནས་རིམ་བཞི་ལམ་སློང་དགོས་ཞུས་པས། མར་པ་དོ་པ་བཞུགས་ཁྲིའི་སྟེང་ནས་སྐུ་འཕར་ཏེ། ཆོས་
༩༣ འདིའི་མིང་ཐོས་པ་སུ་ཡང་མེད་པ་ལ་ཁྱོད་ལ་སུས་བཤད་གསུང་། ཅོག་རོས་བདག་ལ་ཇོ་སྲས་ཀྱིས་གསུངས་ཞུས་པས། ཇོ་སྲས་ལ་སྤྱན་སྡང་མིག་ཏུ་གཟིགས་ནས། རྐམ་ཆགས་ཅན་ཁྱོད་སྲོག་པ་རྩ་རྡོ་རྗེ་ཕ་ལམ་ལས་བྱས་པ་ཡིན་ནམ། ད་ཚེ་ཞབས་བཅད་ཟིན་ཀྱང་ཕྱིས་གདམས་པའི་རྒྱུན་མི་འཆད་པའི་རྟེན་འབྲེལ་ཙམ་འདུག་གསུངས་ནས་གནང་། གསུངས་རྗེས་ཁོ་ན་ལ་མར་དོ་ལོ་ཙཱ་བ་གཤེགས། དེའི་གཤེགས་རྫོངས་སྒྲུབ་ཆེད། སྲས་ཀྱིས་ཀླུབས་སུ་བྱོན་པས་ཆོམ་པོས་མཚན་བརྡུངས་བྱས་སྐུ་ལ་མཚོན་ཕུལ་ནས་ཞག་བཅུ་གཅིག་ནས་གཤེགས་པས་རྒྱལ་ཁམས་ཀུན་དུ་གཉན་པའི་བརྡར་བཞག་པར་གདའ། ད་ལྟ་ནི་མར་དོ་ནས་ཅོག་རོ་ལ་བརྒྱུད་བའི་རིམ་བཞིའི་རྒྱུན་ནི་མེད་ལ་ཅོག་རོས་མཛད་པའི་དཔེ་ནི་མ་ནུབ་པར་བཞུགས་སོ། །བདེ་མཆོག་དཀར་པོ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པ། ཁ་ཆེའི་པཎྜི་ཏ་།།།་ཤྲཱིའི་ཁྱད་ཆོས་གདམས་པ་ཁྱད་པར་ཅན་བཞིའི་ནང་ནས་ཀྱང་མཆོག་ཏུ་གྱུར་པ་འདི། རྒྱ་གར་སློབ་དཔོན་ཨ་བྷ་ཡ་ཀ་ར། ཇོ་བོ་ཆེན་པོ་ཨ་ཏི་ཤ་།པཎྜི་ཏ་བི་བྷཱུ་ཏི་ཙནྡྲ་རྣམས་ཀྱི་བཤད་ཚུལ་དང་མི་མཐུན་ཡང་། རྡོ་རྗེ་ཕག་མོས་ཁ་ཆེ་པཎ་ཆེན་རང་ལ་དངོས་སུ་གནང་བ་ཡིན་ངེས་གསུངས་ཤིང་། །སྔོན་ཚོགས་སྡེ་བཞིའི་མཁན་པོ་ཐམས་ཅད་ཀྱི་ཐུགས་དམ་ཀྱི་མཐིལ་ཡིན། ཕྱིས་རོང་སྟོན་ཤེས་བྱ་ཀུན་རིག་ཐུགས་སོང་ནས་ངོར་དུ་རྡོ་རྗེ་འཆང་ལ་བདེ་མཆོག་དཀར་པོ་ཞུ་བ་ལ་འབྱོན་པའི་ཞུ་ཡིག་ད་ལྟ་ཡང་ངོར་གྱི་རྟེན་སྒམ་ན་ཡོད། གསན་ཐུབ་པ་ཞིག་ནི་མ་བྱུང་འདུག །རྡོ་རྗེ་གདན་བཞིའི་ཁྲིད་རིམ་ཟབ་མོ་མཐར་ཐུག་ལྷག་པར་དཀོན་ཞིང་། བུ་སྟོན་རིན་པོ་ཆེས་ཁྲིད་གསུང་དུས་དཔོན་སློབ་ཞལ་སྟོན་ཕྱོགས་ཉི་ཚོད་ཚུན་སོར་གང་ལ་སྔ་ཕྱི་མེད་པར་གནང་ཟེར། མ་ཧཱ་མཱ་ཡའི་ཁྲིད། འདིར་བྲིས་པའི་ཚིག་དང་བརྒྱུད་པ་རྡོག་
༩༤ ལུགས་ཁོ་ན་ཡིན་ལ། འདི་བུ་སྟོན་གྱིས་ཀྱང་ཞུས་གཏན་ནས་མ་རྙེད་པར་ཕྱིས་འཕྱི་མོ་ནས་འཇམ་སྐྱ་ནམ་མཁའ་དཔལ་ལྡན་ལས་གསན་སྐད། བུ་ལ་ཁྱུང་པོ་ལྷས་པས། དེ་ལ་བླ་མ་བཀྲ་ཤིས་རིན་ཆེན། དེ་ལ་རྡོ་རྗེ་འཆང་གིས་གསན། ཕྱིས་དོར་དགོན་གསར་ཐེབས་ནས་ལོ་འགའ་ཡར་སོང་སྐབས། རོང་ཆུང་ཤེས་རབ་དཔལ་ལྡན་པར་གྲགས་པའི་མཁས་པ་ཆེན་པོ་དེ་ཞབས་གཏད་བྱོན་ནས། ངེད་དང་ཆོས་རྗེ་རོང་པོ་གཉིས་སྐྱེ་ཡུལ་ཡང་གཅིག །བསླབ་སྦྱངས་ཀྱི་ཡོན་ཏན་ལ་ཡང་མཁས་ཁྱད་ཙམ་མེད་ནའང་། གཟུགས་ལ་དཔག་ཁོང་ལ་རོང་ཆེན་ང་ལ་རོང་ཆུང་དུ་གྲགས། དེད་སྔར་མཚན་ཉིད་རང་ལས། སྔགས་ཀྱི་ཆོས་སྣ་གཅིག་ཐོས་མ་མྱང་། ད་རྒས་ཁ་འཆི་བས་གཏུགས། བཤད་ཉན་ལ་ཡང་སྐྱོ་བ་སྐྱེས། ཚེ་ཞབས་འདིར་ཉམས་ལེན་ཅིག་བྱེད་སྙམ་པ་ཡིན་པས། བླ་མ་ཁྱེད་རྒྱུད་སྡེའི་བདག་པོར་འདུག་པས། གསང་སྔགས་ཀྱི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ལམ། རྒྱབ་བརྟེན་རྒྱུད་ཀྱི་བཤད་པ་ཡོད་པ་ཞིག་ལ་ངས་སྔར་སྔགས་ལ་མ་སྦྱངས་པས། ཉུང་ལ་འདུས་པ། གོ་སླ་ལ་ཁྱེར་བདེ་བ་གཅིག་ཁོ་ན་ཞུ་གསུངས་པ་ལ། རྡོ་རྗེ་འཆང་གི་གསུང་ནས་དེ་ལྟར་ན་སྔོན་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས་བཀའ་གདམས་པ་ནམ་མཁའ་འབུམ་མཁའ་སྤྱོད་ལ་བཏང་བའི་ཆོས་འདི་འབུལ་གསུངས། བདེ་མཆོག་མ་ཧཱ་མཱ་ཡའི་དབང་ཁྲིད་ལྷོ་མཁར་རྡོ་རྗེ་སྙིང་པོའ་།།།་སྟེང་ནས་བཤད་ཚོམ་གནང་ཟླ་བ་བཅུ་གཅིག་ཙམ་བཞུགས། རོང་ཆུང་པ་ཡང་ཐུགས་མཉེས་པ་མཆོག་ཏུ་འཁྲུངས་ནས་སླར་ལོག་ཅིང་དེ་ཕྱིན་ཁོང་གིས་ནུབ་ཆོས་ལུང་གི་བདེ་མཆོག་གཟིམས་ཁང་དུ་གྲགས་པའི་བླ་བྲང་དེའི་ཞབས་ཀྱི་སྤྱིལ་དུ་ཞིག་ཏུ་ས་སྡེ་བཙུག་ནས་གཞན་རྐྱེན་གང་ཡང་མེད་པའི་སྒྲུབ་པའི་རྒྱལ་མཚན་བཙུགས་པའི་རྣམ་
༩༥ ཐར་བསྐྱངས་ནས་ལོ་གསུམ་ཙམ་སོང་སྐབས། གཞིས་ཀ་རིན་སྤུངས་སུ་དྲུང་ཆེན་ནོར་བཟང་པ་བཞུགས་པའི་གཟིམས་ཆུང་གི་སྟེང་བྱ་རྒོད་བབས། མོ་རྩིས་པ་སོགས་ཡོས་ད་ལོ་ངན་དོག་ཆེ་སྐུ་རིམ་སོགས་གང་གིས་མི་བཟློག་དྲུང་ཆེན་གཤེགས་ངེས་ཡིན་ཟེར་བའི་ལུང་བསྟན་དང་། རོང་ཕྱོགས་དང་ཤོང་ཕྱོགས་ཀྱི་བླ་མ་ཆང་ཆུང་མང་པོར་ཀྱང་། རྨི་ལྟས་ལ་ཡང་དེ་ལྟར་བྱུང་ཟེར་ཆལ་མ་ཆོལ་མར་གྲགས་པས། དྲུང་ཆེན་ནོར་བཟང་པ་ཡང་ཐུགས་མུག །ད་སྟེ་འཆི་ངེས་ཕྱིན་སྔར་སྡེ་སྲིད་ལ་བརྟེན་པའི་སྡིག་པ་ཚབས་ཆེན་བསགས་འགྲོ་ས་དམྱལ་བ་མིན་པ་མེད་པས། དེ་ལ་གསང་སྔགས་ཤེས་པའི་བླ་མ་ཞིག་ལས་ཀུན་རིག་གི་དབང་ཁ་ཡར་དབུགས་ཀྱི་འགྱུ་བ་མ་ཆད་གོང་དུ་ཉན་པ་ལས་ཐབས་མི་འདུག་ཅིང་། གསང་སྔགས་ཕྱག་ལེན་གྱིས་མཐའ་བརྒྱན་པ། ད་ལྟ་གཙང་ཕྱོགས་ན་ངོར་པ་རྡོ་རྗེ་འཆང་ལས་མེད་པས། ཁོང་སྤྱན་འདྲེན་གསུང་། རྒྱུ་མཚན་ཞུ་ཡིག་ཏུ་བཀོད་པའི་སྤྱན་འདྲེན་པ་ཨེ་ཝཾ་ཆོས་ལྡན་དུ་སླེབས་བྱུང་། དེ་དུས་རྗེ་རྡོ་རྗེ་འཆང་ལམ་འབྲས་ཀྱི་སྣང་གསུམ་གྲོལ། སེམས་བསྐྱེད་གནང་བའི་ཉིན་ཡིན། དེར་ཁང་ཚན་སོ་སོའ་ཤེས་ལྡན་ཚོགས་ནས། ད་རེས་ཕེབས་པ་གཏན་ནས་མི་ལེགས་ཤིང་། ཆོས་སྒང་ཡིན་པས་མཛད་དཀའ་ཡང་མི་ཡོང་ཞུས་ཀྱང་། དྲུང་ཆེན་མི་གཤེགས་ངེས་པའི་ཁག་ལོངས་པས་སློབ་དཔོན་དཀོན་མཆོག་རྒྱལ་མཚན་པས་ངོས་མ་སླེབས་པར། ཆོས་པ་རྣམས་ལ་བདག་མེད་མའི་དབང་རྡུལ་ཚོན་མ་ཞིག་བསྐུར་རྗེས་ཁྲིའི་མདུན་དུ་འབོལ་གྲུམ་ཞིག་ལ་བཞུགས་ལ་འཁོར་འདས་དབྱེར་མེད་ལ་རྒྱས་བཤད་མཛོད་གསུངས་ཆིབས་ཁ་ཤར་ལ་བསྒྱུར་ནས་ཕེབས། རིན་སྤུངས་སུ་དྲུང་ཆེན་ལ་ཚེ་དབང་བརྒྱ་རྩ་དང་འབྲེལ་བར་ཛེ་ཏཱ་རིའི་རྒྱ་གཞུང་
༩༦ ནང་ལྟར་འཆི་བསླུ་རྒྱས་པ་ཞིག་གནང་བས། དེ་ལོའ་བར་ཆད་སེལ་ཞིང་། དེ་ནས་ཀྱང་ལོ་སྐོར་ཙམ་བཞུགས་ཟེར། དེར་ཡར་ལམ་ནུབ་ཆོས་ལུང་དུ་ཕེབས་པའི་གསོལ་གྲོ་བྱེ་ཐང་གི་གོང་ཙམ་དར་ཐབ་བཏགས་ནས་བྱུང་། དེར་ཆོས་རྗེ་རོང་ཆུང་བས་ཀྱང་དེའི་ཉིན་རང་སྐུ་མཚམས་གསེང་ནས་མཇལ་བ་ལ་བྱོན། གསོལ་གྲོ་ཐོན་རྗེས་རྗེའི་སྐུ་མདུན་དུ། རོང་ཆུང་སྐུ་རྐྱང་ཡུན་རིང་ཙམ་བཞུགས་ནས་ཕྱག་འབུལ་མང་པོ་དང་རྒྱུ་མཚན་འགའ་འབུལ་གྱིན་འདུག །དེར་དགོངས་ཕྱོགས་རྗེ་དཔོན་སློབ་རྣམས་བླ་བྲང་བདེ་མཆོག་ཏུ་སྤྱན་དྲངས། ཇ་བུར་བཟང་བ་བྱུང་། དེའི་ཐོ་རངས་རྒྱུན་དུ་ནམ་མཐའ་སྐྱ་ཙམ་ལ་རྗེའི་དྲུང་དུ་ཇ་ནག་སུན་རེ་ཞུ་དགོས་པ། གུ་གེ་པཎྜི་ཏ་དེ་དུས་གསོལ་དཔོན་ཡིན་པས་བྱོན་དུས་ནམ་མཁའ་ཐམས་ཅད་འོད་ཀྱིས་གང་འདུག །གང་ཡིན་ཞིབ་ཏུ་གཟིགས་པས། རོང་ཆུང་པའི་གཟིམས་སྤྱིལ་ལ་འཇའི་གདུགས་བདུན་བརྩེགས་པའི་སྲོག་ཤིང་འཇའ་སྣ་ལྔ་སྦུབས་ཅན་ཞིག་གིས་བྱས་འདུག་པ་གཟིགས་པས་ཐུགས་ཧ་ལས་ནང་དུ་རྒྱུ་མཚན་ཕུལ་བས་ཅི་ཡང་མི་གསུངས། དེར་ཉི་རྩེ་ལ་རོང་ཆུང་པའི་ཉེ་གནས་དེ་ཡོང་ནས་མདངས་བསྙུང་བ་སོགས་ཅི་ཡང་མེད་ནའང་། ད་ནང་ཞོགས་ཐུག་འདྲེན་དུ་ཕྱིན་དུས་གཤེགས་འདུག་ཞུ་ཡིན་འདུག་པ་ལ། ཁོང་ན་ནིང་ལོ་གསུམ་ཐུགས་དམ་འཕེལ་ཅིང་གནད་དུ་སོང་མཁའ་སྤྱོད་ཟང་ཐལ་ལེར་གཤེགས་པ་དེར་འདུག །ངེད་ལ་པུར་དེ་སྦྱོང་བའི་ཁུར་བབས་པས་ཞག་གསུམ་བསྡད་ནས་མེ་ཆོག་བྱེད་གསུངས། ཁོང་གི་གདུང་དེ་རྗེ་རྡོ་རྗེ་འཆང་ཆེན་རང་གིས་མ་ཧཱ་མཱ་ཡའི་ཆོ་གའི་སྒོ་ནས་འོད་བཞུ་གནང་བས། མེ་ཏོག་གི་ཆར་དང་རོལ་མོའ་སྒྲ་དབྱངས་དྲི་བཟང་གིས་ལུང་པ་ཆོད་པ་བྱུང་། དེར་པུར་ཁང་ལ་ཕྱག་རྟགས་གནང་ནས་ཞག་བདུན་ཞལ་མ་འབྱེད་གསུང་ནས་ཡར་ལ་བྱོན། ཁོང་
༩༧ རྣམ་པས་ཞག་བརྒྱད་པའི་ཉིན་མོ་པུར་ཁང་ཞལ་ཕྱེ་བས། གདུང་རུས་སེན་མོ་ཙམ་ཞིག་གམ། གདུང་ཐལ་ཐུར་མགོ་གང་མེད་པར་མཁའ་འགྲོ་མས་སྤྱན་དྲངས་འདུག །ས་ཕག་ལས་གཤེགས་སར་མཆོད་རྟེན་ཁང་བརྩེགས་ཆུང་ཆུང་ཞིག་བརྩིག་ཟེར་བ་ངེད་ཀྱིས་ཆེད་ཀྱིས་དྲིས་པས་ཤོད་མི་ཡང་མི་འདུག །ས་ཚོད་དེ་བཙལ་བས་རྗེས་ཙམ་ཡང་མ་རྙེད་དོ། །བདེ་མཆོག་བོང་ཞལ་ཅན་ནི་སྔོན་ཆད་བོད་དུ་གཏན་ནས་མ་འགྱུར་བའི་ཟབ་ཆོས་ཡ་མཚན་རྨད་བྱུང་ཡིན་ཞིང་། རྡོ་རྗེ་འཆང་གིས་མངའ་རིས་གློ་བོར་ལན་གསུམ་ཕེབས་པའི་རྗེས་མ་ལ་གློ་བོའ་བར་ཚིགས་ལུང་ཐུར་གྱི་སྣེ་ཚེ་གྲུམ་ཟེར་བ་ན། བླ་མ་བསམ་གཏན་འོད་ཟེར་ཟེར་བ་ཞིག་གིས། བལ་པོ་མ་ཧཱ་བོ་དྷི་ལ་བོང་ཞལ་ཅན་གྱི་དབང་གདམས་ངག་ཞུས་ནས་བསྐྱེད་རྫོགས་ཆག་མེད་དང་ཡི་གེ་བདུན་པ་དུང་ཕྱུར་བདུན། མཚན་བརྗོད་རྒྱ་སྐད་དུ་ཁྲི་ཚོ་བརྒྱད་སོང་བ་འཕྲལ་ཆང་ལ་འདེབས་པའི་ཕབས་འཚོང་གནང་བའི་སྦས་པའི་རྣལ་འབྱོར་པ་ཞིག་ཡོད་པ། རྗེ་རྡོ་རྗེ་འཆང་གིས་བྲག་དཀར་དུ་འབོད་པ་གནང་། དབང་གི་བསྐུར་ལུགས་ཀྱང་ངེས་དག་སློབ་པར་མཛད་རྗེས། ནངས་པར་དབང་འབུལ་རྒྱུའི་དེ་ནུབ་ཁོང་བྲོས་ནས་རོང་གཏིང་སྨད་ལྷ་ཁང་དུ་བཞུད། དེར་རྗེ་རྡོ་རྗེ་འཆང་གིས་བཀའ་ལུང་ལ་འདིའི་རྒྱུན་ཆད་དུ་རང་ཕོངས་པས་ངེད་ལ་བསྐུར་མི་ནུས་ནའང་། ངེད་ཀྱི་སློབ་མ་འདི་གསུམ་ལ་སྐུར་གསུང་ནས། བྱམས་གླིང་ཆོས་རྗེ་དཔལ་ལྡན་པ། གུ་གེ་པཎྜིཏ། བླ་མ་རྒྱལ་སྲས་གསུམ་ཞུ་བ་ལ་གནང་སྦྱིན་བཟང་པོ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་རྫོང་བ་མཛད་པ་ལ། ཁོང་གིས་ཀྱང་བཀའ་བཞིན་དབང་བསྐར་གཟབས་ནས། དེ་དུས་སྟ་གོན་ནང་དབང་བཤད་ལ་སྲོག་གཅོད་ནས་ལོག་ལྔའི་བར་མི་དགེ་བཅུའི་རྣམ་བཞག་ཞིབ་པ་ཞིག་གསུངས་ནས། དལ་འབྱོར་གྱི་ཆོས་བཅོ་བརྒྱད་
༩༨ སོང་གསུང་བ་ཞིག་བྱུང་། དེར་ཁོང་གསུམ་པོ་རྗེའི་ཞབས་དྲུང་དུ་འཁོར་དུས། དབང་སྐབས་འདིར་ཕྱག་ལེན་འདི་འདྲ་ཨི་བྱུང་སོགས་ཞིབ་དཔྱོད་གནང་བ་ལ། དྲུང་དཔལ་ལྡན་པས་ཇི་ལྟ་བ་བཞིན་རང་བྱུང་ཚུལ་སྙན་དུ་ཕུལ་བས་དགེས་ཤིང་། གུ་གེ་པཎྜི་ཏས། བདག་གིས་ནི་བསྟོད་པ་ཤ་ལོ་ཀ་གཅིག་ཕུལ་ཞུས་པས། དེ་ག་རེ་གསུང་བ་ལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །མི་དགེ་བཅུ་ཡི་རྣམ་གཞག་ལེགས་གསུངས་ནས། །དལ་འབྱོར་ཆོས་ནི་བཅོ་བརྒྱད་སོང་ཞེས་གསུངས། །མཁྱེན་རབ་མཐར་ཕྱིན་ཁྱེད་ལ་གསོལ་བ་འདེབས། ཞུས་པས། དཔོན་སློབ་ཡོས་བཞེད་མོ་ཤོར་ཟེར་ལ། བླ་མ་གཉིས་ནས་མ་འཕེལ། །གུ་གེ་པཎྜི་ཏས་གློ་བོ་མཁན་རིན་པོ་ཆེ་དང་། ཆོས་རྗེ་ནམ་མཁའ་བསྟན་པ་ལ་གནང་བའི་གཉིས་ཀས་རྒྱ་ཆེར་སྤེལ་བའི་རྒྱུན་ད་ལྟ་ཡང་མ་ཆད་པ་འདི་ཡིན་ལ། གུ་གེ་པཎྜི་ཏས་མངོན་དཀྱིལ་ཡང་ཡི་གེར་འགོད་པར་མཛད་པའི་ཞབས་སུ། རྡོ་རྗེ་ཕག་མོའ་བྱིན་རླབས་གྲུབ་རིགས་ཀྱི། །འཁོར་ལོས་སྒྱུར་རྒྱལ་མ་ཧཱ་བོ་དྷཱིའི་སྲས། །སྦས་པའི་གྲུབ་ཆེན་བསམ་གཏན་འོད་ཟེར་གྱི། །གསུང་གི་རྒྱུན་དང་ཞེས་འབྱུང་ལ་འདིའི་རྫོགས་རིམ་ཕྲ་ཐིག་གི་རྣལ་འབྱོར་ལ་ཡང་། ཨ་བྷི་དྷ་ནའི་རྒྱུད་ཀྱི་ཚིག་ཟིན་དང་། གདན་བཞིའི་བོད་གདོང་ཀླུ་དབང་འཁྱིལ་པ་མེ་འབར་གྱི་གཏུམ་མོའ་བཤད་ཚོད་འཁྲུལ་མེད་ཡིན་པས། ཆོས་དེ་རྒྱ་བལ་གྱི་པཎྜི་ཏ་རང་ལ་ཐུག་སྣང་ངོ་ཞེས་ཀྱང་གསུང་ཟེར། མངྒ་ལཾ། དགེའོ།

རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་དམ་པ་རྒྱ་གར་རམ་དམ་པ་སངས་རྒྱས་ཞེས་པའི་གསུང་མགུར་ཞལ་གདམས་དིང་རི་བརྒྱད་ཅུ་པ་བཞུགས་སོ༎

༣༡ རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་དམ་པ་རྒྱ་གར་རམ་དམ་པ་སངས་རྒྱས་ཞེས་པའི་གསུང་མགུར་ཞལ་གདམས་དིང་རི་བརྒྱད་ཅུ་པ་བཞུགས་སོ།། །།ན་མོ་གུ་རུ། སྐལ་ལྡན་དིང་རིར་ཚོགས་པའི་རྣལ་འབྱོར་ཀུན། །ཇི་ལྟར་དུག་པོ་གསར་པར་མི་འགྱུར་བཞིན། །ཚེ་ཟད་ནད་པ་སྨན་པས་ཕན་མི་འགྱུར། །ཅིས་ཀྱང་འགྲོ་དགོས་འཇིག་རྟེན་ས་སྟེང་མི། །ཆུ་བྲན་ཐམས་ཅད་རྒྱ་མཚོར་སྙོགས་པ་བཞིན། །སེམས་ཅན་ཐམས་ཅད་འགྲོ་བ་འདི་རང་ཡིན། །ལྗོན་ཤིང་ཁ་ནས་བྱེའུ་བྱིའུཆུང་འཕུར་བ་བཞིན། །ཡུན་རིང་མི་སྡོད་ཁོ་བོས་སྐྱས་ཤིག་འདེགའདེགས །ད་རེས་དོན་མེད་སྟོང་ལོག་བྱས་གྱུར་ན། །མི་ལུས་ཕྱི་ནས་དཀའོ་དིང་རི་བ། །ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་འབུངས། །ལས་ཀྱི་རབ་ཏུ་འགྱུར་རོ་དིང་རི་བ། །
༣༢ གློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་གཏོད། །བྱིན་རླབས་ཤུགས་ལས་འབྱུང་ངོ་དིང་རི་བ། །ཚེ་འདི་བློས་ཐོངས་ཕྱི་མ་དོན་དུ་གཉེར། །འདུན་མའི་རྩེ་མོར་འགྱུར་རོ་དིང་རི་བ། །བཟའ་ཚང་མི་རྟག་ཚོང་དུས་མགྲོན་པོ་འདྲ། །ངན་ཤག་འཐབ་མོ་མ་བྱེད་དིང་རི་བ། །ནོར་རྫས་སྒྱུ་མ་ལྟ་བུའི་བསླུ་བྲིད་ལ། །སེར་སྣའི་མདུད་པས་མ་བཅིངས་དིང་རི་བ། །ཕུང་པོ་བོམི་གཙང་རྫས་ཀྱི་རྐྱལ་པ་བལ། །བཟང་འདོད་ཕྱི་བདར་མ་ཆེ་དིང་རི་བ། །གཉེན་བཤེས་སྒྱུ་མ་ལྟ་བུའི་བདེན་མེད་ལ། །གདུང་སེམས་འཁྲི་བ་མ་ཆེ་དིང་རི་བ། །ཡུལ་ཞིང་འབྲོག་པའི་ཞིང་ས་ལྟ་བུ་ལ། །ཞེན་ཅིང་ཆགས་པར་མ་བྱེད་དིང་རི་བ། །ཕ་མ་རིགས་དྲུག་སེམས་ཅན་དྲིན་ཅན་ལ། །ང་དང་བདག་ཏུ་མ་བཟུང་དིང་རི་བ། །སྐྱེ་བའི་ནང་པར་འཆི་བའི་བྱ་བྱུང་བས། །ལོང་མེད་རྒྱུད་ལ་ཁོལ་ཅིག་དིང་རི་བ། །འཁྲུལ་པ་བགཞི་ལ་མེད་དེ་གློ་བུར་གྱུར། །བྱེད་མཁན་མཚན་ཉིད་ལྟོས་ཤིག་དིང་རི་བ། །ཡེངས་པ་མེད་པར་དམ་པའི་ཆོས་ལ་འབུངས། །ཤི་ནས་ལམ་སྣ་འདྲེན་ནོ་དིང་རི་བ། །ལས་ཀྱི་རྣམ་སྨིན་རྒྱུ་འབྲས་བདེན་པར་ངེས། །མི་དགེ་སྡིག་ལ་འཛེམས་ཤིག་དིང་རི་བ། །བྱས་པའི་ལས་རྣམས་རྨི་ལམ་ཡུལ་བཞིན་བཞག །བྱར་དབྱེརམེད་ཉམས་སུ་ལོང་ཞིག་དིང་རི་བ། །གང་ལ་ཞེན་པ་བྱུང་ན་དེ་ཡང་ཐོངས། །ཅིས་ཀྱང་དགོས་པ་མེད་དོ་དིང་རི་བ། །འཇིག་རྟེན་འདི་རུ་གཏན་དུ་མི་སྡོད་པས། །འགྲོ་ཆིས་ད་ལྟ་གྱིས་ཤིག་དིང་རི་བ། །བྲེལ་དོན་ཚར་ནས་ཆོས་ལ་ཕྱིན་པ་མེད། །དྲན་པའི་ཚེ་ན་རྒྱུགས་ཤིག་དིང་རི་བ། །ནགས་ཀྱི་ནང་དུ་སྤྲེའུའི་སྤྲེའུསྐྱིད་འདོད་ན། །ནགས་མཐའ་མེ་ཡིས་འཁོར་རོ་དིང་རི་བ། །སྐྱེ་རྒ་ན་འཆིའི་ཆུ་ལ་རབ་ཟམ་མེད། །གྲུ་གཟིངས་ཚགས་སུ་ཚུད་དམ་དིང་རི་བ། །སྐྱེ་འཆི་བར་དོའ་སྒུག་འཕྲང་དམ་པོ་ལ། །ཉོན་མོངས་དུག་ལྔའི་ཇག་
༣༣ པས་བསྒུག་པར་ངེས། །སྐྱེལ་མ་བླ་མ་ཚོལ་ཅིག་དིང་རི་བ། །སྐྱབས་གནས་བསླུ་བ་མེད་པ་བླ་མ་ཡིན། །འབྲལ་མེད་གཙུག་ཏུ་ཁུར་ཅིག་དིང་རི་བ། །བླ་མར་སྐྱབས་ན་གར་འདོད་ས་རུ་སླེབས། །རྐང་གླར་མོས་གུས་སྐྱེད་ཅིག་དིང་རི་བ། །གང་ལ་ནོར་ཡོད་དེ་ལ་སེར་སྣ་ཡོད། །སྦྱིན་པ་ཕྱོགས་མེད་ཐོངས་ཤིག་དིང་རི་བ། །སུ་ལ་དབང་ཡོད་དེ་ལ་སྡིག་པ་ཡོད། །སོར་བཅུ་བྲང་ལ་ཟུམ་ཅིག་དིང་རི་བ། །འཇིག་རྟེན་མི་ཡི་ཡུལ་ལ་གཉེན་བཤེས་མེད། །བློ་གཏད་ཆོས་ལ་གྱིས་ཤིག་དིང་རི་བ། །ཡེངས་མ་པལམ་ལ་དལ་འབྱོར་མི་ཚེ་ཟད། །གྲོས་ཐག་ད་ལྟ་ཆོད་ཅིག་དིང་རི་བ། །ཡེང་བའི་བར་ལ་འཆི་བདག་བདུད་ཀྱིས་ཟིན། །ད་ལྟ་ཉིད་ནས་སྒྲུབས་ཤིག་དིང་རི་བ། །འཆི་བདག་བདུད་ནི་ནམ་འོང་ཆ་མེད་པས། །མགོ་ཐོན་འཕྲལ་དུ་གྱིས་ཤིག་དིང་རི་བ། །ཤི་བའི་ནང་པར་སུས་ཀྱང་མི་སྐྱོབས་པས། །རང་མགོ་རང་གིས་འདོན་ཅིག་དིང་རི་བ། །ཉི་མ་ནུབ་པའི་གྲིབ་སོ་ཇི་བཞིན་དུ། །འཆི་བདག་བདུད་ནི་མི་སྔོད་ཚུར་ཚུར་འོངས། །དེ་ལ་མགྱོགས་པར་བྲོས་ཤིག་དིང་རི་བ། །མེ་ཏོག་སྔ་ལོ་ཡག་ཀྱང་ཕྱི་ལོ་སྐམ། །ལུས་ལ་བློ་གཏད་མེད་དོ་དིང་རི་བ། །གསོན་པའི་དུས་སུ་ལྷ་ཡི་བུ་འདྲ་ཡང་། །གཤིན་གྱི་དུས་སུ་བདུད་ཀྱི་དམག་ལས་འཇིགས། །སྒྱུ་མའི་ལུས་འདིས་བསླུའོ་དང་དིངརི་བ། །ཚོང་དུས་མགྲོན་པོ་ཚོང་ཟིན་ནང་པར་གྱེས། །གྲོགས་ཀྱིས་འབོར་བར་ངེས་སོ་དིང་རི་བ། །སྒྱུ་མའི་ཐོ་ཡོར་བརྩིགས་ཀྱང་འགྱེལ་བར་ངེས། །འབྲལ་མེད་ད་ལྟ་སྒྲིགས་ཤིག་དིང་རི་བ། །སེམས་ཀྱི་བྱ་རྒོད་ནམ་ཡང་འཕུར་བར་ངེས། །གནམ་འཕང་ད་ལྟ་ཆོད་ཅིག་དིང་རི་བ། །རིགས་དྲུག་ཕ་མ་སེམས་ཅན་དྲིན་ཅན་ལ། །བྱམས་དང་སྙིང་རྗེ་སྒོམས་ཤིག་དིང་རི་བ། །དགྲ་སྡང་འཁོར་བ་ལས་ཀྱི་འཁྲུལ་སྣང་ལ། །ཞེ་སྡང་གདུག་སེམས་སྐྱུར་ཅིག་དིང་རི་བ། །བཟླས་བརྗོད་སྐྱབས་འགྲོས་ངག་གི་སྒྲིབ་པ་འདག །ཐ་མལ་ལོང་གཏམ་སྤངས་ཤིག་
༣༤ དིང་རི་བ། །ཕྱག་དང་བསྐོར་བས་ལུས་ཀྱི་སྒྲིབ་པ་འདག །འཇིག་རྟེན་བྱ་བྱེད་སྤོངས་ཤིག་དིང་རི་བ། །མོས་གུས་གདུང་བས་ཡིད་ཀྱི་བག་ཆགས་འདག །བླ་མ་སྤྱི་བོར་སྒོམས་ཤིག་དིང་རི་བ། །ལྷན་ཅིག་སྐྱེས་པའི་ཤ་རུས་འབྲལ་བར་ངེས། །ཚེ་ལ་རྟག་པར་མ་འཛིན་དིང་རི་བ། །ཡུལ་གྱི་དམ་པ་གཉུག་མའི་གཏན་ཡུལ་ཟུངས། །དེ་ལ་འཕོ་འགྱུར་མེད་དོ་དིང་རི་བ། །ནོར་གྱི་དམ་པ་སེམས་ཉིད་གཏེར་ཆེན་སྤྱོད། །དེ་ལ་ཟད་པ་མེད་དོ་དིང་རི་བ། །ཟས་ཀྱི་དམ་པ་ཏིང་འཛིན་རོ་མཆོག་མྱོང་། །བཀྲེས་པའི་གདུང་བ་ཆོད་དོ་དིང་རི་བ། །སྐོམ་གྱི་དམ་པ་དྲན་པའི་བདུད་རྩི་འཐུང་། །དེ་ལ་རྒྱུན་ཆད་མེད་དོ་དིང་རི་བ། །གྲོགས་ཀྱི་དམ་པ་རིག་པའི་ཡེ་ཤེས་བརྟེན། །དེ་ལ་འབྲལ་བ་མེད་དོ་དིང་རི་བ། །སྲས་ཀྱི་དམ་པ་རིག་པའི་ཁྱེའུ་ཆུང་ཚོལ། །དེ་ལ་སྐྱེ་ཤི་མེད་དོ་དིང་རི་བ། །སྟོང་པའི་བའིངང་དུ་རིག་པའི་མདུང་སྐོར་གྱིས། །ལྟ་བ་ཐོགས་རྡུགས་མེད་དོ་དིང་རི་བ། །ཤུགས་འབྱུང་ངང་ནས་འགགས་མེད་རྩལ་སྦྱོང་གྱིས། །སྤྱོད་པ་སྤང་བླང་མེད་དོ་དིང་རི་བ། །དྲན་མེད་ངང་དུ་ཡེངས་མེད་བྱ་ར་ཐོངས། །སྒོམ་ལ་བྱིང་རྒོད་མེད་དོ་དིང་རི་བ། །སྐུ་བཞི་དབྱེར་མེད་རང་གི་སེམས་ལ་རྫོགས། །འབྲས་བུ་རེ་དོགས་མེད་དེ་དིང་རི་བ། །འཁོར་འདས་རྩ་བ་རང་གི་སེམས་ལ་ཐུག །སེམས་ལ་དངོས་པོ་མེད་དོ་དིང་རི་བ། །ཆགས་སྡང་སྣང་བ་བྱ་ལམ་རྗེས་མེད་འདྲ། །ཉམས་ལ་ཞེན་པ་མེད་དོ་དིང་རི་བ། །ཆོས་སྐུ་སྐྱེ་མེད་ཉི་མའི་སྙིང་པོ་བོའདྲ། །འོད་ཟེར་གསལ་འགྲིབ་མེད་དོ་དིང་རི་བ། །རྣམ་རྟོག་རྒྱུན་ལམ་ཁང་སྟོང་རྐུན་མ་འདྲ། །དོན་ལ་ཐོབ་ཤོར་མེད་དོ་དིང་རི་བ། །ཚོར་བ་རྗེས་མེད་ཆུ་ཡི་རི་མོ་འདྲ། །འཁྲུལ་སྣང་རྗེས་འཛིན་མེད་དོ་དིང་རི་བ། །ཆགས་སྡང་དྲན་པ་ནམ་མཁའི་འཇའ་ཚོན་འདྲ། །ཞེན་ཆགས་ངོས་བཟུང་མེད་དོ་དིང་རི་བ། །འགྱུ་བ་རང་སངས་བར་སྣང་སྤྲིན་དང་འདྲ། །སེམས་ལ་གཟའ་གཏད་མེད་དོ་དིང་རི་བ། །འཛིན་མེད་རང་གྲོལ་སྐྱི་
༣༥ སེར་ལྷག་པ་འདྲ། །ཡུལ་ལ་ཞེན་པ་མེད་དོ་དིང་རི་བ། །རིག་པ་འཛིན་མེད་ནམ་མཁའི་འཇའ་ཚོན་འདྲ། །ཉམས་ལ་ཐོགས་པ་མེད་དོ་དིང་རི་བ། །ཆོས་ཉིད་དོན་རྟོགས་ལྐུགས་པའི་རྨི་ལམ་འདྲ། །ཚིག་དང་ཐ་སྙད་མེད་དོ་དིང་རི་བ། །རྟོགས་པ་གཞོན་ནུ་མ་ཡི་བདེ་བ་བཞིན། །དགའ་བདེ་བརྗོད་དུ་མེད་དོ་དིང་རི་བ། །གསལ་སྟོང་ཟུང་འཇུག་ཆུ་ཟླ་ཤར་བ་འདྲ། །གང་ལ་ཆགས་ཐོགས་མེད་དོ་དིང་རི་བ། །སྣང་སྟོང་དབྱེར་མེད་ནམ་མཁའ་སྟོང་པ་བའདྲ། །སེམས་ལ་མཐའ་དབུས་མེད་དོ་དིང་རི་བ། །དྲན་མེད་ཡེངས་མེད་སྒག་མོའ་མེ་ལོང་འདྲ། །དེ་ལ་གྲུབ་མཐའ་མེད་དོ་དིང་རི་བ། །རིག་སྟོང་དབྱེར་མེད་མེ་ལོང་གཟུགས་བརྙན་འདྲ། །དེ་ལ་སྐྱེ་འགགས་མེད་དོ་དིང་རི་བ། །བདེ་སྟོང་དབྱེར་མེད་གངས་ལ་ཉི་ཤར་འདྲ། །དེ་ལ་ངོས་བཟུང་མེད་དོ་དིང་རི་བ། །འཁྲུལ་གཏམ་རྗེས་མེད་བྲག་ཆ་ལབ་པ་འདྲ། །སྒྲ་ལ་འཛིན་པ་མེད་དོ །བདེ་སྡུག་འཁྲུལ་འཁོར་པི་ཝཾ་ཁོག་བརྒྱུད་འདྲ། །མཐུན་རྐྱེན་ལས་ཀྱིས་སྦྱོར་རོ །འཁོར་འདས་རང་གྲོལ་བྱིས་པའི་རྩེད་མོ་འདྲ། །སེམས་ལ་གཏད་སོ་མེད་དོ །ཕྱི་ཡི་སྤྲོས་པ་ནང་གི་སེམས་ལ་འདུས། །འཁྱག་རམ་ཆུ་རུ་ཞུའོ །མ་རིག་འཁྲུལ་འཁོར་སྤང་གི་ཆུ་རྡོལ་འདྲ། །བཀག་པས་ཁེག་ཁེགསཔ་མེད་དོ །འཁོར་འདས་འཁྲུལ་པ་བདག་ཟིན་འཕྲད་པ་འདྲ། །ར་མདའ་དགེ་བ་སྒྲུབས་ཤིག །སྐུ་ལྔ་རང་གསལ་གསེར་གླིང་བརྡལ་བ་འདྲ། །རེ་དོགས་སྤང་བླང་མ་བྱེད །དལ་འབྱོར་མི་ལུས་རིན་ཆེན་གླིང་དང་འདྲ། །མདོ་མེད་སྟོང་ལོག་མ་བྱེད །ཐེག་ཆེན་ཆོས་སྤྱོད་ཡིད་བཞིན་ནོར་བུ་འདྲ། །བཙལ་ཡང་རྙེད་པར་དཀའོ །ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་ཕྱིད། །མདོ་དོན་ཆོས་ལ་དྲིལ་ཅིག །གཞོན་པའི་དུས་ན་དཀའ་ཐུབ་ཉམས་ལེན་གྱིས། །རྒས་ནས་འབྱུང་བས་མི་འཆུན་དིང་ །ཉོན་མོངས་སྐྱེས་ནས་གཉེན་པོས་སླེབས་པར་གྱིས། །མཚན་མ་རང་སར་གྲོལ་ལོ །སྐབས་སུ་འཁོར་བའི་ཉེས་དམིགས་དྲན་པར་གྱིས། །
༣༦ དད་པའི་གསལ་འདེབས་ཡིན་ནོ་དིང་རི་བ། །ད་རེས་བརྩོན་འགྲུས་བསྐྱེད་ལ་རང་ས་ཟུང་། །ཤི་ནས་ལམ་སྣ་འདྲེན་ནོ །ད་རེས་མི་ཁོམས་ཁོམས་དུས་ནམ་ཞིག་ཡོད། །དུས་བརྒྱ་ཟ་མ་གཅིག་ཡིན །ཆེ་ལ་ལྟོས་མེད་རྩྭ་ཁའི་ཟིལ་པ་བའདྲ། །ལེ་ལོ་སྙོམས་ལས་མ་བྱེད །ད་རེས་འདི་ནས་རྡོག་སྣ་འདྲེད་གྱུར་ན། །མི་ལུས་ཕྱི་ནས་དཀའོ །སངས་རྒྱས་བསྟན་པ་སྤྲིན་བར་ཉི་མ་འདྲ། །ད་རེས་གཅིག་པུ་ཡིན་ནོ ཁ་མཁས་མི་ལ་གཏོང་ཞིང་ལག་ལེན་རང་ལ་མེད། །སྐྱོན་མཚངས་རང་ལ་ཡོད་དོ །དད་པ་རྐྱེན་གྱིས་བསྒྱུར་བ་ལཾ་ཉེ་བས། །འཁོར་བའི་ཉེས་དམིགས་སོམས་ཤིག་དིང་། །གྲོགས་ངན་བརྟེན་ལ་སྤྱོད་ངན་ཤུགས་ལ་འགྲོ། །དཔང་པོ་སེམས་ལ་ཆོལ་ཅིག །མ་རིག་འཁྲུལ་པ་བཕུང་འདྲེའི་རྩ་བ་ཡིན། །ཤེས་བཞིན་དྲན་པ་ཟུང་ཞིག །དུག་ལྔ་དུག་གསུམ་ཞེན་མེད་ལམ་ཐག་ཉེ། །གཉེན་པོ་སྟོབས་ལྡན་བསྐྱེད་ཅིག །བརྩོན་འགྲུས་མཐུ་སྟོབས་ཆུང་བས་འཆོར་བར་སྐྱེན། །གོ་ཆས་སླེབས་པར་གྱིས་ཤིག །བག་ཆགས་འགྲོགས་ཡུན་རིང་བས་ཕྱིར་སྙེགས་འོངས། །འདས་པའི་རྗེས་འཇུག་མ་བྱེད །གོ་རྟོགས་ཆུང་ན་རྗེ་ལ་གསོལ་བ་ཐོབ། །ཏིང་འཛིན་རྒྱུད་ལ་སྐྱེའོ །ཕྱི་མ་བདེ་བ་འདོད་ན་ད་ལྟ་སྡུག་བསྲན་བྱེད། །སངས་རྒྱས་རྩ་ན་ཡོད་དོ །ཨ་ཙཱ་ར་ནི་དིང་རིར་མི་སྡོད་འགྲོ། །སྒྲོ་འདོགས་ད་ལྟ་ཆོད་ཅིག་དིང་རི་བ། །ང་ལ་ཡེངས་པ་མེད་དོ་དིང་རི་བ། །ཁྱེད་ཀྱང་རྗེས་སུ་ཞུགས་ཤིག་དིང་རི་བ། །ཞེས་དིང་རི་བ་རྣམས་ལ་ཞལ་ཆེམས་སུ་བཞག་གོ །རྒྱ་གར་གྱི་གྲུབ་ཐོབ་དམ་པ་རྒྱ་གར་རམ་དམ་པ་སངས་རྒྱས་ཀྱི་ཞལ་གདམས་དིང་རི་བརྒྱད་ཅུ་པ་རྫོགས་སོ།

གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བ་བཞུགས་སོ།

༡༧ ༈ གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་གཞུང་ཇི་ཇོ་ལྕགས་མའང་ཟེར། ལྟ་བ་བཞིན་དུ་དཀྲི་བ་བཞུགས་སོ། །རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སློབ་མ་དད་པ་དང་ལྡན་པ་བླ་མས་ཇི་སྐད་སྨྲས་པ་ཉན་པ་ཅིག་ལ་ལམ་འབྲས་བུ་དང་བཅས་པའི་གཞུང་ཤིང་རྒྱས་པའི་ཁྲིད་གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བར་འདོད་ན། ཐོག་མར་སྣང་བ་གསུམ་གྱིས་དཀྲི། དེ་ནས་གཞུང་ཐམས་ཅད་རྒྱུད་གསུམ་དུ་འདུ་བ་ཡིན་པས་རྒྱུད་གསུམ་གྱིས་དཀྲི་དེ་ལ་སྣང་བ་གསུམ་གྱིས་དཀྲི་བ་ནི། །མ་དག་པའི་སྣང་བ། ཉམས་ཀྱི་སྣང་བ། དག་པའི་སྣང་བ་གསུམ་གྱིས་དཀྲི། མ་དག་པའི་སྣང་བས་དཀྲི་བ་ལ་གསུམ། སེམས་ཅན་ལ་ཞེས་པས་སེམས་ཅན་གྱི་ཁམས་ལ་བརྟགས་པས་འཁོར་བའི་ཉེས་དམིགས་ཤེས་པས་དེ་བསྒོམ། ཉོན་མོངས་པའི་སྣང་བ་ཞེས་པས་ཉོན་མོངས་བ་དེས་ངན་སོང་བསྐྱེད་ལ། དེ་ལས་བྱུང་བ་དལ་འབྱོར་རྙེད་པར་དཀའ་བ་བསྒོམ། མ་དག་པའི་སྣང་བ་ཞེས་པས་འཁྲུལ་སྣང་དང་ལས་འབྱུང་བས་ན་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་བསྒོམ། དང་པོ་ལ་གསུམ། འཁོར་བ་ལ་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་བསྒོམ། དང་པོ་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པར་བྱ་སྟེ། སེམས་ཅན་དམྱལ་བ་ལ་གྲང་བའི་དམྱལ་བ་བརྒྱད་
༡༨ཚ་བའི་དམྱལ་བ་བརྒྱད། ཉི་ཚེ་བ་དང་ཉེ་འཁོར་བའི་སྡུག་བསྔལ་རྣམས་བསམས་ལ། དེར་སྐྱེ་བའི་ཐབས་མེད་ཅེས་ཞག་གྲངས་ཅི་རིགས་སུ་བསྒོམ་མོ། །དེ་ནས་འགྱུར་བའི་སྡུག་བསྔལ་བསམ་སྟེ། སྤྱིར་ཐུན་མོང་དུ་འགྱུར་བའི་སྡུག་བསྔལ་བསམ་པ་དང་། བྱེ་བྲག་ཏུ་མིའི་འགྱུར་བའི་སྡུག་བསྔལ་བསམ་པའོ། དང་པོ་ནི་ལྷ་ཡི་དབང་པོ་བརྒྱ་བྱིན་དུ་སྐྱེས་ཀྱང་མི་ཕན་ཏེ་སླར་སེམས་ཅན་དམྱལ་བར་སྐྱེ་བའི་སྐབས་ཀྱང་སྲིད། འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེས་ཀྱང་མི་ཕན་ཏེ་སླར་བྲན་དུ་ཡང་སྐྱེ། ཉི་མ་དང་ཟླ་བར་སྐྱེས་ཀྱང་མི་ཕན་ཏེ་མུན་པར་ཡང་འཇུག །དེ་ལ་སོགས་པ་གང་ཐོབ་ཀྱང་མི་ཕན་ཏེ་སླར་འགྱུར་བའི་སྡུག་བསྔལ་བསམ། སྒོས་མི་ལ་ལེགས་པར་བརྟགས་ཏེ། ཕྱུག་པོ་སྤྲང་པོར་འགྲོ་བའམ། ཁ་དྲག་པོ་ཁ་ཞན་པོར་སོང་བ་ལ་སོགས་པ་ཡུལ་མི་དང་ཉེ་འབྲེལ་ལ་སོགས་པ་དང་། རྒྱལ་ཁམས་ཀྱི་མི་ལ་བལྟས་ལ་སྔར་གྱི་ན་མི་འདུག་སྟེ་འགྱུར་བའི་སྡུག་བསྔལ་ངེས་ཤེས་སྐྱེས་སྐྱེས་བསྒོམ། དེ་ནས་འདུ་བྱེད་ཀྱི་སྡུག་བསྔལ་བསམ་ཏེ། བྱས་པའི་ལས་ལ་ཟིན་པ་མེད་པ་རྒས་རྒས་ཤི་ཤི་བྱས་ཀྱང་གྲབས་ལ་ཟིན་པ་མེད་པ། ཚེ་འཕོས་ཀྱང་དེ་བཞིན་དུ་བྱས་པའི་ལས་ལ་ཟིན་པ་མེད་པ་དང་། དེ་དག་ནི་སེམས་ཅན་ལ་གཅེས་པ་སྟེ། སེམས་ཅན་གྱི་འགྲོ་བ་གང་དུ་སྐྱེས་ཀྱང་སྐྱིད་མེད་པའི་བསམ་མནོ་ཐག་ཆོད་ན་ཅི་བྱས་པ་ཆོས་སུ་འགྲོ་བ་ཡིན། དེ་ནས་དལ་འབྱོར་རྙེད་པར་དཀའ་བ་བསྒོམ་པར་བྱ་སྟེ། དེ་ལ་ཡང་གསུམ། དལ་འབྱོར་རྙེད་དཀའ་བ་དང་། ཕན་འདོགས་པ་ཆེ་བ་དང་། ཐོབ་པའི་དལ་བ་ཡུན་རིང་དུ་མི་གནས་པའོ། དང་པོ་རྙེད་པ་དཀའ་བ་བསམ་པ་ནི། ལུས་མ་ཐོབ་པའི་སེམས་ཅན་བསམ་གྱིས་མི་ཁྱབ་པ་དང་། ལུས་ཐོབ་པའང་རིགས་དྲུག་གི་ལུས་བསམ་གྱིས་མི་ཁྱབ་པ་དང་། མིའི་ལུས་ལ་ཡང་དལ་འབྱོར་གྱི་མི་ལུས་ཐོབ་པ་དཀའ་བ་བསམ་མོ། །ཕན་འདོགས་པ་ཆེ་བ་ལ་ཡང་གསུམ། དལ་འབྱོར་གྱི་ལུས་འདིས་ཚེ་ཕྱི་མའི་
༡༩མཐོ་རིས་ཀྱང་སྒྲུབ་པར་ནུས་པ་དང་། ཐེག་པ་འོག་མའི་མྱ་ངན་ལས་འདས་པའང་སྒྲུབ་པར་ནུས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱང་འདིས་སྒྲུབ་པར་ནུས་པ་ཡིན་པས་ན། ཤིན་ཏུ་ཕན་འདོགས་པ་ཆེ་བར་བསམ་མོ། ཐོབ་པའི་དལ་འབྱོར་ཡུན་རིང་དུ་མི་གནས་པ་ནི། ངེས་པར་འཆི་བར་བསམ་པ་དང་། ནམ་འཆི་ཆ་མེད་པར་བསམ་པ་དང་། འཆི་བ་ལ་གཞན་ཅིས་ཀྱང་མི་ཕན་པ་བསམ་པའོ། །དང་པོ་ལ་གསུམ། ཕྱི་ནང་གི་འབྱུང་བ་འཁྲུགས་པས་འཆི། ལོག་འདྲེན་གྱི་བགེགས་འཁྲུགས་པས་འཆི། ཕོ་ལྷ་ལ་སོགས་པ་གདོན་གཞན་འཁྲུགས་པས་འཆིའོ། ནམ་འཆི་ཆ་མེད་པ་ལའང་གསུམ། ཚེ་ལ་ངེས་པ་མེད་པ་དང་། མི་མཐུན་པའི་ཕྱོགས་ཀྱི་རྐྱེན་མང་བ་དང་། མཐུན་པའི་རྐྱེན་དཀོན་པའོ། འཆི་བ་ལ་ཅིས་ཀྱང་མི་ཕན་པ་ལ་གསུམ། གློ་བུར་གྱི་རྐྱེན་མ་གཏོགས་པ་ངེས་པར་འཆི་བའི་དུས་ལ་བབ་པའི་ཚེ། རྫས་ཀྱིས་མི་བཟློག །སྔགས་ཀྱིས་མི་ཟློག །རྟེན་འབྲེལ་གྱི་མི་ཟློག་པའོ། །གསུམ་པ་ལས་ཀྱི་སྣང་བ་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྒོམ་པ་ལ་གསུམ། མི་དགེ་བའི་ལས་དང་། དགེ་བའི་ལས་དང་། ལུང་དུ་མ་བསྟན་པའོ། །དང་པོ་ལའང་གསུམ། མི་དགེ་བའི་ལས་བསམ། ལས་འབྲས་བསམ། དེ་སྤང་བར་བསམ་པའོ། །དང་པོ་ནི་མི་དགེ་བ་བཅུ་ལ་བསམ་མནོ་ཞིབ་ཏུ་བཏང་། །གཉིས་པ་མི་དགེ་བའི་ལས་འབྲས་བསམ་སྟེ། ངན་སོང་གསུམ་དང་། མཐོ་རིས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་མི་དགེ་བ་ལས་འབྱུང་ངེས་སྙམ་དུ་བསམ། གསུམ་པ་དེ་སྤང་བར་བསམ་སྟེ། དེས་ན་བདག་གིས་མི་དགེ་བ་མི་བྱ་སྙམ་དུ་བསམ་མོ། དགེ་བ་ལའང་གསུམ། དགེ་བའི་ལས་བསྒོམ། ལས་འབྲས་བསམ། དེ་བསྒྲུབ་པའོ། །དང་པོ་ནི་དགེ་བ་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་བསམ་མནོ་ལེགས་པར་གཏོང་། དགེ་བའི་ལས་འབྲས་བསམ་ཏེ། མཐོ་རིས་རྣམ་པ་གསུམ་དང་། མཐོ་རིས་གསུམ་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་དགེ་བ་ལས་བྱུང་སྟེ།
༢༠སྦྱིན་པས་ལོངས་སྤྱོད་འགྲུབ་ཅེས་བྱ་བ་ལ་སོགས་པ་བསམ་མོ། །གསུམ་པ་དེ་བསྒྲུབ་པར་བསམ་སྟེ། ཡོན་ཏན་དེ་ལྟ་བུ་ཡོད་པའི་ཕྱིར་བདག་གིས་དགེ་བ་ཅི་འགྲུབ་ཏུ་བྱའོ་སྙམ་དུ་བསམ་མོ། །ལུང་དུ་མ་བསྟན་པ་ལའང་གསུམ། ལུང་དུ་མ་བསྟན་པའི་ལས་བསམ། །ལས་འབྲས་བསམ། དེ་དགེ་བར་བསྒྲུབ་པའོ། །དང་པོ་ནི་དགེ་བ་དང་མི་དགེ་བའི་བསམ་པས་མ་ཟིན་པའི་ཟས་ཟ་བ་དང་། གོས་གོན་པ་དང་། གཉིད་ལོག་པ་ལ་སོགས་པ་རྣམས་ཡིན་ནོ། །གཉིས་པ་དེའི་ལས་འབྲས་བསམ་སྟེ། དེའི་ལས་ནི་འབྲས་བུ་གང་ཡང་སྐྱེ་བར་མི་འགྱུར་རོ། །གསུམ་པ་དེ་དགེ་བར་ཁ་ལོ་བསྒྱུར་བར་བྱ་སྟེ། བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བར་བྱས་ནས་ཟས་ཟོས་པ་དང་། གཉིད་ལ་སོགས་པ་ཐམས་ཅད་དགེ་བར་ཁ་ལོ་བསྒྱུར་ནས་འགྲོ་བ་ཡིན་ནོ། །དེ་ལྟར་དེ་དག་ལ་བསམ་མནོ་ལེགས་པར་ཐག་ཆོད་ནས། །སྤྱི་དོན་གཉིས་པ། ཉམས་ཀྱི་སྣང་བ་བསྒོམ་པར་བྱ་སྟེ། དེ་ལ་གཉིས། རྣལ་འབྱོར་ལ་ཞེས་པ་ཐུན་མོང་གི་རྣལ་འབྱོར་པས། ཐུན་མོང་གི་ཉམས་ཀྱི་སྣང་བ་རྒྱུད་ལ་སྐྱེས་སྐྱེས་བསྒོམ་པ་དང་། ཐུན་མོང་མ་ཡིན་པའི་རྣལ་འབྱོར་པས་སྐྱེ་བར་འགྱུར་བའི་ཉམས་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་པའོ། །དང་པོ་ལ་གསུམ། བྱམས་པ་བསྒོམ་པ། སྙིང་རྗེ་བསྒོམ་པ། བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དང་པོ་ལ་གསུམ། ཉེ་བ་ལ་བྱམས་པ་བསྒོམ་པ། དགྲ་ལ་བྱམས་པ་བསྒོམ་པ། དེ་ཐམས་ཅད་ལ་བསྲེ་བའོ། །དང་པོ་ནི་མ་ལ་བྱམས་པ་བསྒོམ། དེ་དང་གཉེན་བསྲེ། དེ་དང་ཐ་མལ་པ་བསྲེ་བའོ། །དེ་དག་གི་བསྒོམ་ཚུལ་ཡང་། མ་འདི་དྲིན་ཆེ་བས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསམ། གཉིས་པ་དེ་བཞིན་དུ་གཉེན་རྣམས་ཀྱིས་ཀྱང་མ་མ་བྱས་མེད་དོ། །གསུམ་པ་དགྲ་དང་ཐ་མལ་པ་རྣམས་ཀྱིས་ཀྱང་མ་མ་བྱས་པ་མེད་པས་ཐམས་ཅད་བདག་གི་མ་ཡིན་སྙམ་དུ་བསམ། སྙིང་རྗེ་བསྒོམ་པ་ལ་གསུམ། ཡུལ་སེམས་ཅན་སྡུག་བསྔལ་
༢༡གྱིས་ཉན་པ་རྣམས་ལ་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། སྡུག་བསྔལ་གྱི་རྒྱུའང་མ་རིག་པ་ལས་བྱུང་བ་ཡིན་པས་མ་རིག་པ་དང་བྲལ་བར་འདོད་པ་ཆོས་ལ་དམིགས་པའི་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་ངོ་བོ་ཉིད་ཀྱིས་ཡང་དག་པར་མ་གྲུབ་པ་ཡིན་ཡང་སེམས་ཅན་ཐམས་ཅད་འཛིན་པ་དང་བཅས་པ་ལ་དམིགས་པ་མེད་པའི་སྙིང་རྗེ་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་སྒོམ་པ་ལའང་གསུམ། སྨོན་པའི་བདག་ཉིད་ཅན་དང་། འཇུག་པའི་བདག་ཉིད་ཅན་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དང་པོ་ལའང་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ་དང་། སེམས་ཅན་ཐམས་ཅད་ཀྱང་ཐེག་པ་གསུམ་གྱི་སྒོ་ནས་མྱ་ངན་ལས་འདས་པའི་ས་ལ་བཞག་པ་དང་། རིགས་ཅན་གསུམ་ཀའང་རིམ་གྱིས་སྦྱངས་ལ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཞག་སྙམ་དུ་བསམ་མོ། །འཇུག་པ་བྱང་ཆུབ་ཀྱི་སེམས་ལའང་གསུམ། བདག་གཞན་མཉམ་པ་བསྒོམ་པ་དང་། བདག་གཞན་བརྗེ་བ་བསྒོམ་པ་དང་། དེ་དག་གི་སྤྱོད་པ་ལ་བསླབ་པའོ། །དང་པོ་ནི། བདག་སྡུག་བསྔལ་སྤོང་བར་འདོད་པ་བཞིན་སེམས་ཅན་གྱི་སྡུག་བསྔལ་ཡང་སྤང་། བདག་བདེ་བ་བསྒྲུབ་པ་བཞིན་སེམས་ཅན་ཡང་བདེ་བ་ལ་འགོད་སྙམ་པ་ལ་སོགས་པ་བསམ་པར་བྱའོ། །གཉིས་པ་བརྗེ་བ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་ལས་དང་མི་དགེ་བ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་ལུས་དང་ལོངས་སྤྱོད་དང་དགེ་བ་ཐམས་ཅད་སེམས་ལ་དབུལ་བས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་སྙམ་དུ་བསམ། །གསུམ་པ་ནི། དེས་ན་ལུས་དང་ལོངས་སྤྱོད་དང་དགེ་བ་ཐམས་ཅད་སེམས་ཅན་ལ་ཕུལ་བར་བསམ་ཞིང་ཅི་འགྲུབ་པའི་ཚུལ་གྱིས་
༢༢བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་སློབ་པར་བྱའོ། །ཐུན་མོང་མ་ཡིན་པའི་ཉམས་ཀྱི་སྣང་བ་སྐྱེ་བར་འགྱུར་བ་ལ་ངེས་ཤེས་བསྒོམ་པ་ནི། རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ལ་ཞུགས་ནས་ཉམས་ཀྱི་སྣང་བ་བསམ་གྱི་མི་ཁྱབ་པ་ཞིག་སྐྱེ་བར་འགྱུར་ཏེ། དེ་རྣམས་ཀྱི་མཐུན་པའི་ཕྱོགས་ལ་དགའ་བ་སྐྱེ་རྒྱུའང་མེད། མི་མཐུན་པའི་ཕྱོགས་དུ་མ་བྱུང་ཡང་མི་དགའ་བ་སྐྱེ་རྒྱུའང་མེད་དེ། རང་གི་རྩ་དང་། རྩ་ཡི་གེ་དང་། ཁམས་བདུད་རྩི་དང་། སྙིང་པོ་ཡེ་ཤེས་རླུང་གི་རྟེན་འབྲེལ་སེམས་ཀྱིས་དབང་བྱས་པ་ལ་བརྟེན་ནས་ཉམས་སྣ་ཚོགས་སུ་འབྱུང་བའི་ཕྱིར་རོ། དེ་ལྟར་ཉམས་བསམ་གྱིས་མི་ཁྱབ་པའང་། བསྡུ་ན་བཅོ་ལྔར་འདུ་སྟེ། ལམ་གསུམ་དང་། དྲོད་གསུམ་དང་། རྟེན་འབྲེལ་གསུམ་དང་། ཉམས་གསུམ་དང་། ཏིང་ངེ་འཛིན་གསུམ་དུ་འདུའོ། །བཅོ་ལྔ་པོ་ཡང་ཏིང་ངེ་འཛིན་འབའ་ཞིག་ཏུ་འདུ་བ་ཡིན་ནོ་ཞེས་ཉམས་མ་སྐྱེས་པའི་གོང་ནས་ཉམས་ལ་སྤྲོས་པ་ཆོད་པར་བྱས་ལ་ལན་ཅིག་ཉམས་ནམ་སྐྱེས་པའི་ཚེ། འདི་ནི་ཉམས་ལུས་ཉམས་སོ། །འདི་ནི་སེམས་ཉམས་སོ་ཞེས་བྱ་བ་ལ་སོགས་པ་ངོ་ཤེས་པར་བྱས་ལ་བྱུང་རྒྱལ་གྱིས་བསྐྱང་བར་བྱའོ། །དག་པའི་སྣང་བ་བསྒོམ་པ་ནི། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་སོགས་པ་དྲན་པར་བྱས་ལ་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བསྒོམ་སྟེ། ལན་ཅིག་ངས་འདི་ལྟ་བུ་ཐོབ་པར་འགྱུར་བ་ཡིན་སྙམ་དུ་སྤྲོ་བ་ཁྱད་པར་ཅན་བསྒོམ་པར་བྱའོ། །སྣང་བ་གསུམ་གྱི་དཀྲི་བའི་སྐབས་བསྟན་ཟིན་ཏོ། །དེའི་རྗེས་ཁོ་ན་ལ་རྒྱུད་གསུམ་གྱིས་དཀྲི་བར་བྱ་སྟེ། དེ་ལ་གསུམ། རྒྱུ་ཆོས་ཉིད་འཁོར་བའི་གནས་ལུགས། ལམ་བསྒོམ་པའི་ཚུལ། འབྲས་བུ་སངས་རྒྱས་ཀྱི་སའོ། །དང་པོ་ནི་འདིར་མི་བཤད་དེ་མ་དག་པའི་སྣང་བར་བསྟན་ཟིན་ཏོ། །ལམ་ལ་གསུམ་སྟེ། གཞི་དམ་ཚིག་ལ་གནས་པར་བྱ་བ་དང་། གང་ཟག་
༢༣དཀྲི་བའི་ཚུལ་གང་ཡིན་པ་དང་། ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ། ཏིང་ངེ་འཛིན་ངོ་ཤེས་པར་བྱ་ཞིང་། ལམ་གྱི་ས་མཚམས་རྣམ་པར་གཞག་པའོ། །དང་པོ་ནི། ལམ་ཐམས་ཅད་ཀྱི་རྩ་བ་ཡིན་ཞིང་གང་ཟག་འབྲིང་གི་ལམ་གྱི་གཙོ་བོ་ཡིན་པས་དམ་ཚིག་ཉི་ཤུ་བསྐྱང་བར་བྱ་སྟེ། དབང་དང་དམ་ཚིག་ལ་གནས་པ་ནི། ལམ་ཐམས་ཅད་ཀྱི་གཞི་ཡིན་ནོ། །དེ་ལ་གནས་པས་གང་ཟག་ཐམས་ཅད་དཀྲིར་རུང་ངོ་། །གཉིས་པ་དཀྲི་ཚུལ་ལ་གསུམ། ལྟ་བས་སྤྲོས་པ་བཅད་པའི་ཕྱིར་ཀུན་གཞི་རྒྱུ་རྒྱུད་འཁོར་འདས་དབྱེར་མེད་བསྒོམ། ལམ་གྱི་ཉམས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་བསྒོམ། འབྲས་བུ་སྐུ་ལྔ་མངོན་དུ་གྱུར་པའི་ཚུལ་ལོ། །དང་པོ་ལའང་གསུམ། ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྒོ་ནས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་མདོར་བསྟན། ཉམས་སུ་བླང་བའི་ཆོས་གསུམ་གྱི་སྒོ་ནས་རྒྱས་པར་བཤད། རྒྱུད་གསུམ་གྱི་སྒོ་ནས་ཤིན་ཏུ་རྒྱས་པར་བཤད་དོ། །དང་པོ་ནི། སློབ་མ་ཁྲིད་པའི་ཚེ་བླ་མ་ལ་གསོལ་བ་གདབ་ཅིང་མོས་གུས་དྲག་པོ་ཞག་འགའ་བྱེད་དུ་གཞུག །དེ་ནས་ངོ་འཕྲོད་པའི་ཚེ་ཆོས་ཐམས་ཅད་སེམས་སུ་འདུས་སྟེ་སེམས་ལས་མ་གཏོགས་པའི་ཆོས་གང་ཡང་མེད་དོ་ཞེས་ངེས་ཤེས་བསྐྱེད་ལ་ཐོག་མར་གསལ་བ་ངོས་གཟུང་། དེ་ནས་སྟོང་པ་ངོས་བཟུང་། དེ་ལྟ་བུའི་གསལ་བ་དང་སྟོང་པ་གཉིས་པོ་སོ་སོར་སངས་རྒྱས་ཀྱིས་ཀྱང་དབྱེར་མི་འདོད་དེ་ཟུང་འཇུག་ཡིན་ནོ་ཞེས་ངོ་སྤྲད་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་དུ་གཞུག །སྐྱེས་ནས་ལྷན་ཅིག་སྐྱེས་པའི་ཆོས་ཉི་ཤུ་རྩ་བཞི་བསྟན་པ་སྤྲོས་པ་བཅད་ལ་སྤྲོས་པ་ཆོད་ཆོད་བསྒོམ་དུ་གཞུག །གཉིས་པ་ནི། དེ་ནས་ཆོས་ཐམས་ཅད་སེམས་སུ་བསྒྲུབ་པའི་དཔེ་བརྒྱད་ཀྱིས་ཆོས་ཐམས་ཅད་སེམས་སུ་ངེས་ཤེས་སྐྱེས་སྐྱེས་བསྒོམ་དུ་གཞུག་སྟེ། དེ་ནི་སེམས་ལས་མ་གཏོགས་པའི་ཕྱྭའམ་དབང་ཕྱུག་རྡུལ་ཕྲན་ལ་སོགས་པ་བྱེད་མཁན་གཞན་མེད་པར་སྤྲོས་པ་
༢༤གཅོད་པ་ཡིན་ནོ། །དེ་ནས་སྒྱུ་མར་བསྒྲུབ་པའི་དཔེ་བརྒྱད་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ངེས་ཤེས་སྐྱེས་སྐྱེས་བསྒོམ་དུ་གཞུག་གོ །དེ་ནི་སེམས་རང་ལ་ཡང་བདག་མེད་དེ་སེམས་ཉིད་ཀྱི་འགྱུར་བ་སྣ་ཚོགས་ཀྱི་སྟོབས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་འབྲས་བུ་སྣ་ཚོགས་སྐྱེ་བས་ན་སེམས་སུ་ཞེན་པའི་སྤྲོས་པ་གཅོད་པ་ཡིན་ནོ། །དེ་ནས་སྒྱུ་མ་རང་བཞིན་མེད་པར་བསྒྲུབ་པ་ལ་གཉིས། རྟེན་འབྲེལ་དུ་བསྒྲུབ་པ་དང་། བརྗོད་བྲལ་དུ་བསྒྲུབ་པའོ། །དང་པོ་ནི། དཔེ་བརྒྱད་ཀྱི་སྒོ་ནས་ངེས་ཤེས་སྐྱེས་སྐྱེས་སུ་བསྒོམ་སྟེ། དེ་ནི་སྒྱུ་མ་ཞེས་བྱ་བའི་རྒྱུ་རྐྱེན་རང་བཞིན་གྱིས་གྲུབ་པ་གཅིག་ཀྱང་མེད་ལ། རྒྱུ་འབྲས་བུར་འོང་བའང་མེད་ཅིང་། རྒྱུ་ལ་མ་བརྟེན་པར་འབྲས་བུར་འབྱུང་བའང་མེད་པས་ན་འགྲོ་འོང་མེད་ཅིང་སྐྱེ་འགག་མེད་པར་སྒྲུབ་པའི་དགོས་པ་ཡིན་ནོ། །དེ་ནས་བརྗོད་བྲལ་དུ་བསྒྲུབ་པའི་དཔེ་བརྒྱད་ཀྱི་སྒོ་ནས་བརྗོད་བྲལ་དུ་ངེས་ཤེས་སྐྱེས་སྐྱེས་བསྒོམ་སྟེ། དེའང་བརྗོད་བྲལ་ཉམས་སུ་མྱོང་ཡང་འདི་ལྟ་བུ་གཅིག་ཡིན་ནོ་ཞེས་ཡོད་པ་དང་མེད་པའི་སྒོ་ནས་བརྗོད་དུ་ཡང་མི་གཏུབ་ལ། བརྗོད་བྲལ་ཉིད་ལ་ཞེན་པ་མེད་པའི་ཉམས་སྐྱེས་སྐྱེས་སུ་དཔེའི་གཙོ་བོ་བཞི་བཏུས་ལ་རེ་རེའི་སྟེང་དུའང་ཆོས་བཞི་བཞི་གཏན་ལ་དབབ་པ་དང་། གཙོ་བོ་གཅིག་བཏུས་ལ་དེའི་སྟེང་དུ་ཆོས་ཐམས་ཅད་གཏན་ལ་ཕབ་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་པར་བྱའོ། །གསུམ་པ་ནི། དེ་ནས་རྒྱུད་གསུམ་གྱི་སྒོ་ནས་རྒྱས་པར་བཤད་པ་ལ་གསུམ། ཀུན་གཞི་རྒྱུ་རྒྱུད་དང་། ལམ་ཐབས་རྒྱུད་དང་། འབྲས་བུའོ། །དང་པོ་ནི་ཆོས་བདུན་གྱི་སྒོ་ནས་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཚང་བའི་ངེས་ཤེས་བསྐྱེད་ལ་བསྒོམ་པར་བྱའོ། །དེ་ནས་ལམ་ཐབས་རྒྱུད་ལ་གསུམ་ལས། དབང་ལ་ངེས་ཤེས་བསྐྱེད་པ་དང་། ལམ་ལ་ངེས་ཤེས་བསྐྱེད་པ་དང་། ཉམས་ལ་ངེས་ཤེས་བསྐྱེད་པའོ། །དང་པོ་ལ་གསུམ། དཀྱིལ་འཁོར་ལ་འཁོར་འདས་བསྲེ་བ། དབང་ལ་འཁོར་འདས་བསྲེ་བ། དབང་གི་ཡེ་ཤེས་ལ་
༢༥འཁོར་འདས་བསྲེ་བ་བསྒོམ། དེ་ནས་ལམ་ལ་འཁོར་འདས་བསྲེ་བ། དབང་བཞིའི་ལམ་སོ་སོ་ལ་འཁོར་འདས་བསྲེས་ལ་ངེས་ཤེས་བསྐྱེད། དེ་ནས་ཉམས་ཀྱི་སྣང་བ་ལ་འཁོར་འདས་བསྲེ་སྟེ། མ་དག་པའི་ཉམས་ཀྱི་སྣང་བ་ལ་བརྟེན་ནས་ལས་རྒྱུ་འབྲས་ལ་ངེས་ཤེས་ཁྱད་པར་ཅན་བསྒོམ། ལམ་ཉམས་ཀྱི་སྣང་བ་ལ་བརྟེན་ནས་ལམ་ཐམས་ཅད་ཐེག་པ་གཅིག་ཏུ་བསྒྲུབ། འབྲས་བུའི་ཉམས་ཀྱི་སྣང་བ་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ལ་མོས་གུས་བསྐྱེད། དེ་ནས་གནས་འགྱུར་དང་ལྷུན་གྲུབ་མི་འགལ་བའི་སྒོ་ནས་འབྲས་བུ་འཁོར་འདས་དབྱེར་མེད་ལ་ངེས་ཤེས་བསྒོམ་པར་བྱའོ། དེ་ལྟར་དེ་དག་ལ་ངེས་ཤེས་སྐྱེས་ནས་ཐོས་བསམ་གྱི་ལྟ་བ་མཐར་ཕྱིན་ཅིང་སྒོམ་བྱུང་གི་ཡེ་ཤེས་ཅུང་ཟད་སྐྱེས་པ་ཞེས་བྱ་བ་ཡིན་ནོ། །ཀུན་གཞི་རྒྱུ་རྒྱུད་ཀྱི་ཁྲིད་བསྟན་ཟིན་ཏོ། །གཉིས་པ་ལམ་གྱི་ཡེ་ཤེས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་བསྒོམ་པ་ནི། དེ་ནས་སྒྲུབ་པ་ལ་འཇུག་པའི་སྔོན་དུ་བླ་མ་ལ་ལམ་དུས་ཀྱི་དབང་བླང་ཏེ་དམ་ཚིག་གསོ། བླ་མ་མི་བཞུགས་ན་བདག་ཉིད་ཀྱིས་སྒྲུབས་པའི་དཀྱིལ་འཁོར་བྲིས་ལ་བདག་འཇུག་རྒྱས་པར་བྱ། མི་མཐུན་པའི་རྐྱེན་སྤངས་ནས་མཐུན་པའི་ཆས་འགྲིགས་པའི་ཚེ་སྒྲུབ་པ་ལ་འཇུག་སྟེ། དེའང་བསྐྱེད་པའི་རིམ་པའི་ལམ་ལ་བརྟེན་ནས་བསྙེན་པ་བཞི་འབུམ་ལ་སོགས་པ་ཅི་འགྲུབ་པ་བཟླ། དེའི་བཅུ་ཆ་ཞི་བའི་སྦྱིན་སྲེག་བྱ། དེ་ནས་བསྐྱེད་པའི་རིམ་པ་ལ་བརྟེན་ནས་སེམས་གཟུང་བར་བྱ་སྟེ་ལྷའི་སྤྱན་སྒོམ། གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སེམས་གཟུང་ཞིང་ལམ་སྦྱང་། ནང་ནས་སྐྱེས་པའི་ལྟ་བ་ངོ་བོ་ཉིད་བསྐྱང་སྟེ་སྣང་བ་དཀྱིལ་འཁོར་དུ་གསལ་བར་འདོད་ན་གསལ་བར་འགྱུར་བའི་བར་དུ་བསྐྱང་ངོ་། །དེ་ནས་ཡང་གྲུབ་ན་བླ་མ་ལས་དབང་བླང་། མ་གྲུབ་ན་བདག་འཇུག་བྱ། དེའང་མ་གྲུབ་ན་མཎྜལ་དང་ཡི་གེ་བརྒྱ་པ་ལ་བརྟེན་ནས་མཐུན་པའི་རྐྱེན་ཚོགས་བསགས་པ་དང་། འགལ་རྐྱེན་སྒྲིབ་པ་སྦྱངས་ལ། ལུས་སྦྱང་རྒྱས་བསྡུས་ཅི་འགྲུབ་པས་ལུས་སྦྱང་འབྱོངས་འབྱོངས་སྦྱང་སྟེ། རེ་ཞིག་འབྱོངས་པའི་ཚད་ནི་དཀའ་ལས་མེད་ཅིང་ན་ཚ་མེད་ལ་ལུས་བདེ་ཞིང་ཡང་བ་ཡིན་ནོ། །ཁ་ཅིག་ལ་སྐབས་དེར་ཏིང་ངེ་འཛིན་
༢༦ཤུགས་ཀྱིས་སྐྱེ་བའང་སྲིད་དོ། །གང་ལྟར་ཡང་ལུས་སྦྱོང་ཡུན་རིང་དུ་སྦྱངས་ནས་ཏིང་ངེ་འཛིན་ཡུན་རིང་དུ་སྐྱེ་ཞིང་བར་ཆད་མི་འབྱུང་བ་ཡིན་ནོ། དེ་ནས་རླུང་གི་སྦྱོར་བ་བདུན་བསྒོམ། ཁ་སྦྱར་དུ་སླེབས་པ་དང་གཏུམ་མོའ་དམིགས་པ་བཅོ་རྒྱད། སྤེལ་ཞིང་བསྒོམ། འདི་རྣམས་ཀྱི་སྐབས་སུ་བོགས་འབྱིན་རྣམ་པ་བརྒྱད་ཀྱིས་བོགས་དབྱུང་བ་དང་། གདམས་ངག་དྲུག་གིས་ནད་ཀྱང་འདི་དག་གི་སྐབས་སུ་དགོས་པ་ཡིན་ནོ། །དེ་ལྟར་གཏུམ་མོའ་གདམས་ངག་གིས་ལམ་སྦྱང་ཞིང་ལྟ་བ་རང་བྱུང་གི་ཡེ་ཤེས་རྙེད་རྙེད་དུ་བསྒོམ་མོ། །འདིས་ཁམས་འདུས་པ་དང་པོར་འགྲོ་སྟེ། བསྲུང་བ་སུམ་ཅུ་དང་གེགས་སེལ་རྣམས་ཀྱང་ལྷུས་ཆེ་བར་འདི་དག་གི་སྐབས་སུ་དགོས་པ་ཡིན་ནོ། །དེ་ནས་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དབང་གསུམ་པའི་ལམ་བསྒོམ་སྟེ། འདིས་ཁམས་འདུས་པ་བར་པ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པ་ཡིན་ནོ། །དེ་ནས་དབང་བཞི་པ་རྡོ་རྗེའི་རྦ་རླབས་བསྒོམ་སྟེ། འདིས་ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པ་ཡིན་ནོ། དེས་ན་འདི་དག་ནི་གང་ཟག་བློ་ཐ་མ་རིམ་གྱིས་དཀྲི་བ་ལ་དགོངས་པ་ཡིན་གྱི། ཁ་ཅིག་ལ་སྣང་བ་གསུམ་གྱིས་ཁྲིད་བོར་ཏེ་ལྟ་བ་ནས་སྐྱོང་བ་ཡང་ཡོད་དོ། །འདི་མན་ཆད་གང་ལྟར་ཡང་ལྟ་བ་ལ་ངེས་ཤེས་སྐྱེས་ནས་ནས་ནི་སྒོམ་དུ་ཅིས་ཀྱང་འཇུག་ལ། དེ་མན་ཆད་གང་ཟག་གི་རིགས་ལ་ངེས་པ་མེད་དེ། ཁ་ཅིག་བསྐྱེད་རིམ་ཁོ་ན་ནས་བསྐྱང་བ་ཡང་ཡོད་མོད་ཀྱི། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་འདི་ཉིད་ཀྱི་བཞེད་པ་ནི་བསྐྱེད་པའི་རིམ་པའི་དམིགས་པ་ཅུང་ཟད་ཅིག་བརྟན་པར་བྱས་ནས་ལུས་སྦྱོང་དང་རླུང་ཁོ་ན་གཙོ་བོར་བྱེད་པ་ཡིན་ནོ། །རླུང་དང་གཏུམ་མོའ་དམིགས་པ་རྣམས་ལ་ཏིང་ངེ་འཛིན་གྱི་རྒྱུའམ་ལམ་ཞེས་བྱ་བ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ཏིང་ངེ་འཛིན་ཉིད་ཅེས་བྱ་བས་ན་དེ་ནམ་སྐྱེས་པ་དང་བསྐྱང་བ་ཡིན་ནོ། །སྔར་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྟ་བ་དེ་ནི་སྐྱོན་ཅན་ཡིན་ལ། འདི་ནི་ལྟ་བ་སྐྱོན་མེད་དམ་དཔེའི་ཡེ་ཤེས་ཞེས་བྱ་བའམ།
༢༧ལམ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །དེས་ན་རྒྱུ་མི་དབང་འབྲས་བུ་མི་འབྱུང་བས། རྩ་རླུང་གང་གཏུམ་མོའ་དམིགས་པ་ལ་བརྟེན་ནས་ལྟ་བ་རང་བྱུང་གི་ཡེ་ཤེས་ལམ་ཕྱག་རྒྱ་ཆེན་པོར་སྐྱེ་བར་འགྱུར་པས་ན་རྒྱུ་ལ་ནན་ཏན་བྱའོ། །ཡང་གང་ཟག་གི་རིགས་ཁ་ཅིག་སྔར་བསྟན་པའི་ཁྲིད་ཐམས་ཅད་ལོ་གཅིག་ཙམ་གྱིས་སྦྱངས་ནས་ངག་འདྲེན་པ་ཞི་པའང་ལོ་གཅིག་ཙམ་སྦྱང་། དེ་ནས་ངག་དྲག་པོ་རླུང་ཁ་སྦྱར་ལ་བརྟེན་ནས་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་འབའ་ཞིག་བསྒོམ་པའང་ཡོད་དེ། །འདི་ནི་བརྩོན་འགྲུས་མཆོག་གི་འཇུག་པ་ཞེས་བྱ་བ་ཡིན་ནོ། །གང་ཟག་དཀྲི་བའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ་ཏིང་ངེ་འཛིན་ངོ་ཤེས་པར་བྱ་ཞིང་ལམ་གྱི་ས་མཚམས་རྣམ་པར་བཞག་པ་ལ་གསུམ། ཚད་མ་བཞི་དང་སྙན་བརྒྱུད་བཞིས་ངེས་ཤེས་བསྐྱེད་པ་དང་། ཏིང་ངེ་འཛིན་ངོ་ཤེས་ཤིང་ས་མཚམས་བཞག་པ་དང་། འཁོར་ལོ་བསྐོར་བ་གྲུབ་པའི་རྟགས་དང་བཅས་པའོ། །གཉིས་པ་ནི། ཁམས་འདུས་པ་དང་པོ་དང་བར་པ་དང་ཐ་མའོ། །འཁོར་ལོ་བསྐོར་བ་ལ་བཞི། གྲུབ་མཐའ་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའོ། །དེ་དག་གིས་ནི་སྔར་གང་ཟག་དཀྲི་བའི་ཚུལ་བསྟན་པའི་གང་ཟག་གི་གནས་སྐབས་གང་དུ་སླེབ་ཅེས་བརྟགས་ཤིང་དཀྲི་དགོས་པ་ཡིན་ནོ། །ལམ་ཁྲིད་ཚུལ་བསྟན་ཟིན་ཏོ། །འབྲས་བུ་སྐུ་ལྔ་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ནི་འབྲས་བུ་འཆད་པའི་སྐབས་ཉིད་དུ་རྟོགས་པར་བྱ་བས་ན་འདིར་བཤད་མི་དགོས་སོ། །གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་གཞུང་ཤིང་སྔར་ཡི་གེར་བྲིས་པ་མེད་ཀྱང་རང་གི་སློབ་མ་དད་གུས་ལྡན་ཞིང་མོན་བོད་ཀྱི་མཚམས་ནས་དཀའ་བ་ཆེར་བྱས་ནས་འོངས་པ་རིགས་བརྒྱུད་དང་ལྡན་པའི་ལྷོ་བྲག་པ་དཀར་སྟོན་ཇོ་སྲས་ལྕགས་ཀྱི་རྡོ་རྗེས་ལན་མང་དུ་གསོལ་བ་བཏབ་ནས་བྲིས་པ་ཡིན་ནོ། འདི་བྲིས་པ་ལས་བྱུང་བའི་བསོད་ནམས་ཀྱིས་ནམ་མཁའི་
༢༨མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་མྱུར་ཏུ་ཐོབ་པར་གྱུར་ཅིག །བདག་ཅག་ལམ་སྒྲུབ་པའི་རྣལ་འབྱོར་པ་ཐམས་ཅད་ཀྱི་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །རྫོགས་སོ། །འདི་ཁྲིད་ཡིག་ཐམས་ཅད་ཀྱི་རྩ་བ་ཡིན། འདི་ལ་བརྟེན་ནས་བླ་མ་དམ་པ་ཚར་ངོར་སོགས་ཀྱི་འཁྲིད་ཡིག་ཤིན་དུ་མང་ངོ་།

༄༅།གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྫོགས་རིམ་རིན་ཆེན་ཕྲེང་བ་རྩ་འགྲེལ་བཞུགས་སོ། ༎

XXX གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྫོགས་རིམ་རིན་ཆེན་ཕྲེང་བ་རྩ་འགྲེལ་བཞུགས་སོ། །
XXX རྒྱ་གར་སྐད་དུ། རཏྣ་མཱ་ལ་ནཱ་མ། བོད་སྐད་དུ། རིན་ཆེན་ཕྲེང་བ་ཞེས་བྱ་བ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དབུ་སྐྲ་ཁམ་ནག་གྱེན་དུ་བརྗེས། །སྤྱན་ནི་མཐོན་མཐིང་ཨུད་པལ་མདོག །འཇིགས་པའི་ང་རོ་སྒྲགས་པའི་སྐུ། །མི་གཡོ་ཁྱེད་ལ་རབ་བཏུད་ནས། །མངོན་དགའི་ཞིང་དུ་ལྷག་པ་ཡི། །གྲུབ་ཐོབ་བརྒྱ་ཅུ་རྩ་བཞི་ལས། །དྷ་མ་དྷུ་མས་ལེགས་སྤྱད་པས། །མཐོང་ཐོས་ལ་སོགས་འདིར་མ་བཀོད། །གནོད་སྦྱིན་མོ་ལ་གདམས་པ་ཡི། །རིན་ཆེན་ཕྲེང་བ་བཤད་པར་བྱ། །དངོས་མེད་རྒྱུན་མི་ཆད་པ་རུ། །མཐའ་དབུས་མེད་པར་ཁྱབ་བྱས་པའི། །དངོས་པོ་དེ་ཉིད་རབ་ཏུ་ཟབ། །མ་ལ་ཡ་ཡི་མེ་བཞིན་དུ། །ཁྱོད་ནི་ཇི་ལྟར་དངོས་པོ་ཡི། །མཚོ་ལས་སྐྱེས་ཤིང་འདམ་ལ་ཞེན། །བུང་བ་སྦྲང་རྩི་མེ་ཏོག་དང༌། །མི་ལྡན་པ་ནི་ཅི་ཞིག་མྱོང༌། །ཕྱི་ནང་སྣོད་བཅུད་ཚངས་པ་དང༌། །བུས་ཀྱི་དྲོད་དང་ཞོ་རྩི་དང༌། །ཉུངས་དཀར་ལ་ནི་མར་བཞིན་དུ། །ངེས་པར་རྟོགས་ན་ངེས་པ་ཡིན། །མི་མངོན་མི་སྣང་གསལ་བ་རུ། །ནམ་མཁའ་
XXX དེ་ཉིད་སྟོན་པར་བྱེད། །གང་གིས་བཟུང་བ་མེད་པའི་སྐུ་ནི་རབ་ཏུ་མཛེས། །བུམ་པ་བཟང་དང་དཔག་བསམ་ནོར་བུ་རིན་ཆེན་ལྟར། །གྲོང་ཁྱེར་ཐམས་ཅད་སྟོང་པ་ལ། །ཁམས་གསུམ་སྲིད་གསུམ་ལུས་ངག་གི །བྱེད་པོ་གང་ཡིན་བདག་ལ་དྲིས། །བདག་གི་བདག་ཉིད་སྟོང་པ་སྟེ། །གང་གི་མཐའ་ལ་མི་གནས་སོ། །གྲོང་ཁྱེར་ཐམས་ཅད་སྟོང་པ་ལ། །དངོས་པོར་གྲུབ་པ་ག་ལ་ཡོད། །སྣང་གྲགས་རྟོགས་པའི་གྲོང་ཁྱེར་ལ། །གཟུང་བའམ་ནི་འཛིན་པ་ཡིས། །སྲིན་བུ་མི་བདེ་ཁ་ཆུས་བསྡམས། །མ་བཟུང་བཏང་ན་བདེ་བར་འགྱུར། །མི་སྤངས་པ་དང་མི་ལྡན་པར། །ཤེས་པར་གྱུར་ན་གྲོང་མི་འཇུག །དགའ་བོས་ནོར་བུའི་འོད་བཞིན་དུ། །གྲོང་ཁྱེར་བདེ་བ་ཆེན་པོར་འགྱུར། །གང་ཞིག་ཆོས་རྣམས་ཅི་སྨྲ་བ། །སྨྲ་བ་དེ་དག་དྲན་པ་སྟེ། །ཅི་ལྟར་མྱ་ངན་འདས་སྨྲ་བ། །དྲན་པའི་དབང་མོ་མ་ཡིན་ནམ། །ས་ཆུ་མེ་རླུང་གར་སྣང་བ། །སྟོང་པ་ཉིད་དང་དུས་མཉམ་འགྱུར། །ཡེ་ཤེས་སྣང་བ་ལམ་མེ་བ། །
XXX དྲན་པ་གཅིག་པ་ཉིད་དུ་གྱུར། །ཉི་ཟླ་གཉིས་སྦྱོར་མ་ཤེས་པ། །ཆུ་ཡི་རླབས་ལྟར་རྣམ་པ་མང༌། །དེ་ཉིད་གཅིག་ཏུ་གྱུར་བས་ན། །འདི་ལ་ཐ་དད་འབྱུང་བ་མེད། །འདི་ལ་ཉེས་པ་རྡུལ་ཙམ་མེད། །སྦྱོར་བས་བྱུང་བ་མ་ཡིན་ནོ། །མི་རྟོག་པ་ཡི་རྒྱ་མཚོ་ལ། །རྟོག་པའི་རི་བོ་རྣམ་པར་ནུབ། །འཛིན་པའི་སྣང་བ་ཆོས་ཉིད་ལ། །གཟུང་བའི་རྟོག་པ་ག་ལ་ཡོད། །བུམ་པའི་ལུས་ལ་འབྱུང་བའི་འོད། །སྟེང་དུ་ལྷ་ཡི་བདུད་རྩིར་ཞུ། །ཆོས་ཉིད་ཀྱི་ནི་གོང་བུ་ལ། །ཚོགས་དྲུག་རྟོག་པ་རྣམ་པར་ཟད། །རིགས་དྲུག་རྟོག་པ་སྣ་ཚོགས་པ། །ལོག་སྲིད་བརྟས་པའི་མཐུ་ལས་བྱུང༌། །དེ་བཟློག་རིག་པའི་མཐུ་ལས་ནི། །སངས་རྒྱས་ཡིན་ཕྱིར་གང་འདོད་འབྱུང༌། །ཡུལ་རྐྱེན་སྣང་བ་འགག་པ་མེད། །ཆུ་ལ་ཆུ་བུར་ཇི་ལྟ་བུར། །རྗེས་ཀྱི་གཉེན་པོས་ལྡོག་པ་སྟེ། །ཆུ་ཡི་དབྱུག་པ་དེ་ལྟ་བུ། །གཞོན་ནུ་མཛེས་པའི་ས་བོན་ཅན། །འགྲོ་བ་ཀུན་ལ་ཁྱབ་པར་གནས། །དབང་པོ་རབ་སྣང་འཛིན་པར་འགྱུར། །ཡེ་ཤེས་གཅིག་གི་སྣང་བ་ཡིན། །ནམ་མཁའ་སྤྲིན་གྱི་གཟུགས་བྱེད་འཛིན། །མེ་ལོང་ལ་ནི་གཟུགས་བརྙན་སྣང༌། །རང་གིས་བརྟགས་ན་དེ་ལྟ་བུར། །མུན་པས་སྣང་བའི་དོན་བྱེད་མིན། །དེ་ཡང་གསང་བའི་སྟོབས་ཀྱིས་སྤྱད། །ཡེ་ཤེས་གསལ་བའི་ཕྱག་རྒྱ་ནི། །ཕྱོགས་གཅིག་ལུས་ཀྱི་གནད་ལ་བཅས། །སྒྱུ་མའི་འཁྲུལ་འཁོར་དེ་ལས་ནི། །དབང་པོའི་ནུས་པ་བརྟས་པར་བྱེད། །ན་རི་ཀེ་ལའི་ཤིང་བཞིན་དུ། །ཤ་དང་རུས་པ་རྐང་མར་རྣམས། །སྐྱེད་པར་བྱེད་པ་གང་ཡིན་པ། །དེ་བཞིན་རྩ་དང་རླུང་རྣམས་སོ། །རྒྱུ་མེད་འབྲས་བུ་མེད་པ་རུ། །ཀུན་གྱི་གསལ་བ་སྟོན་པར་བྱེད། །དཔེ་ཡིས་མ་ཡིན་ཐ་སྙད་མེད། །མ་བྲལ་བ་ལ་གསལ་ཅི་དགོས། །ཤོར་དང་གོལ་བས་མ་བསྐྱེད། །
XXX འཁྱམས་མེད་ལྟེངས་པ་དེ་ལས་ལོག །སྐྱེས་ནས་མ་ཤིའི་བར་དོ་རུ། །རྣམ་སྨིན་ལུས་ཀྱི་རྟོག་པ་ལ། །འདོད་ཆགས་འོད་གསལ་དག་ཏུ་འགྱུར། །བླ་མའི་གདམས་ངག་ངོ་མཚར་ཆེ། །སྦྱོར་བ་དང་ནི་དངོས་གཞི་ལས། །གཟུང་བ་དག་ནི་སྦྱོང་བ་དང༌། །སྒྱུ་མར་བསླབ་ཅིང་ཡ་ང་སྤང༌། །དེ་ཉིད་མི་འདའ་བསྒོམ་པར་བྱ། །རྣམ་ཤེས་འགྱུར་བའི་བར་དོ་རུ། །བག་ཆགས་ལུས་ཀྱིས་ཀུན་ནས་བསླངས། །མཚམས་སྦྱོར་མངོན་དུ་རྨི་ལམ་བྱ། །གཏི་མུག་འོད་གསལ་ཉིད་དུ་གྱུར། །འདུན་པ་དྲག་པོས་རབ་ཏུ་སྦྱོར། །རྣམ་སྨིན་ལུས་ནི་ཞིག་པ་ན། །བག་ཆགས་དང་བཅས་ཡིད་ཀྱིས་ལུས། །འདོད་ཆགས་འོད་གསལ་མངོན་དུ་བྱ། །ཕ་མ་ལ་སོགས་ཆགས་པ་སྤངས། །དུས་དང་ལུས་ཀྱི་བཅའ་བ་དང༌། །ཡུལ་ནི་དག་པོའི་སྦྱོར་བ་སྟེ། །གཏུམ་མོའི་གནད་ནི་རླུང་བཞིར་བཤད། །འོད་གསལ་བཞི་རུ་འདོད་པ་སྟེ། །འཆི་བ་བསླུ་བར་མ་ནུས་ན། །འཕོ་བ་རྣམ་པ་གསུམ་ཡིན་ཏེ། །དང་པོ་སྙིང་ཁ་ལྟེ་བའོ། །དང་པོ་སྦྱོར་བ་སྒོ་དགུ་དགག །ཁ་དོག་སེར་པོ་འོད་འབར་བའི། །ཀ་ཥ་ནིས་འགྱུར་ཡི་གེ་ནི། །དང་པོར་ལྡན་པའི་ས་བོན་གྱིས། །ཚངས་པའི་སྒོ་རུ་དེས་བསྲུང་ངོ༌། །དྲིལ་བུ་ཡི་གེ་མིག་ལའོ། །སྟོང་པའི་ས་བོན་ལྡན་པ་ནི། །རྣ་བ་སྣ་ཡི་དབང་པོར་བཞག །བདུད་རྩི་ཆུ་ཡི་ས་བོན་གྱིས། །ལྕེ་ཡི་དབང་པོའི་རྩེ་མོར་བཟུང༌། །སེང་གེའི་ས་བོན་བརྩེགས་པ་ཡིས། །སྤྲོ་བ་བསྡུད་སྒོ་ཡང་དེས་བསྲུང༌། །སྟག་མོའི་ས་བོན་བརྩེགས་པ་ཡིས། །ཐོང་ཀ་ཀུན་ཏུ་བཞག་པར་བྱ། །ལྕེ་སྤྱངས་ས་བོན་བརྩིགས་པ་ཡིས། །སྙིང་གའི་གནས་སུ་བཞག་པར་བྱ། །གནད་ཀྱི་ཚིགས་པའི་ལྟེ་བ་རུ། །ཤུགས་
XXX ཀྱིས་ས་བོན་གྱིས་བསྲུང་ངོ༌། །དེ་ནས་འོག་གི་སྒོ་ཡང་བསྲུང༌། །ཆུ་ཡི་ས་བོན་དཀར་སེར་པོ། །ཆུ་དང་ཆུ་མིན་ས་ཡི་ནི། །དེ་ཡིས་ས་བོན་འབར་བར་བྱེད། །ལུས་ལ་རླུང་གི་ས་བོན་དང༌། །སེམས་ཀྱི་རླུང་ནི་དཀྱིལ་འཁོར་ལ། །རླུང་གི་ས་བོན་རླུང་མཐོ་རྩར་བ་ནི། །ཐིག་པ་ང་རོ་ལྡན་པ་ཡིས། །སེམས་ཀྱིས་དེ་ནི་དྲང་བར་བྱ། །མ་ལུས་ཀུན་གྱི་མངོན་རྟོགས་ནི། །གནོད་སྦྱིན་མོ་ཡི་དོན་ཆེད་དུ། །དྷ་མ་དྷཱུ་མས་ལེགས་སྤྱད་པས། །འགྲོ་རྣམས་རྫོགས་པའི་ས་ཐོབ་ཤོག །གདམས་པ་རིན་ཆེན་ཕྲེང་བའི་གཞུང་ཆུང་རྫོགས་སོ། ། ༄༅། །བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འགྲོ་བ་རྣམས་ལ་ཕན་པ་དང༌། །བདག་བློ་དད་པས་རྩེ་གཅིག་ཏུ། །བླ་མའི་གསུང་གི་རྗེས་འབྲངས་ནས། །རིན་ཆེན་ཕྲེང་བའི་བཤད་ཊཱིཀ་དགོད། །འདིར་མཁའ་འགྲོ་མ་དྷརྨ་ཝང་དང༌། ཀོ་ཀ་ལ་གཉིས་ཀྱིས་བསྡུ་བ་མཛད་པའི་གྲུབ་ཐོབ་བརྒྱ་ཅུ་རྩ་བཞིའི་རྫོགས་རིམ་ལ་ཚན་ལྔ་མཆིས་པ་ལས་འདིར་རིན་ཆེན་ཕྲེང་བ་སྟོན། །འདི་ལ་དོན་བསྡུས་བཤད་པར་བྱ་བ་ལ། དོན་གསུམ་གྱིས་བཤད་དེ། ཀླད་དང༌། གཞུང་དང༌། མཇུག་གི་དོན་གསུམ་མོ། །དེ་ལ་དང་པོ་ལ་གསུམ་གྱིས་བསྟན་ནོ། །མཚན་བསྟན་པ་དང༌། མཆོད་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བའོ། །མཚན་བསྟན་པ་ནི། རྒྱ་གར་སྐད་དུ། །རཏྣ་མཱ་ལ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་ཕྲེང་བ་ཞེས་བྱ་བས་མཚན་བསྟན་ཏེ། རྒྱ་གར་སྐད་དུ། ཞེས་པ་ནི། བོད་སྐད་དུ་ཞེས་པའི་དོད་པོ་ཡིན་ཏེ། འདི་དང་པོར་སྨོས་པའི་དགོས་པ་ཇི་ལྟར་ཡིན་ན། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་ལོ་ཙཱ་བ་ཆུང་བ་རྣམས་ལ་གསུངས་པ། གཞན་ཡང་ཁྱད་པར་བཤད་པའི་ཆོ་ག་འདི་
XXX སྐད་བཤད་དེ། །ཁུངས་བཙུན་ཡིད་ཆེས་བླ་མ་དྲན། །བཀྲ་ཤིས་རང་བཟོ་མི་འཇུག་དང༌། །འཇུག་འདོད་རྟོགས་སླ་བསྟན་པའི་དོན། །སྒྲ་ཡི་ཡན་ལག་བརྒྱད་པོ་འདི། །བསྟན་བཅོས་འདི་ལུགས་ཤེས་པ་ཡིས། །མཁས་པ་རྣམས་ཀྱིས་བཤད་བྱར་འོས། །ཞེས་པས་ན་དང་པོར་སྨོས་པའོ། །བོད་སྐད་དུ། ཞེས་པ་ནི། མི་གོ་བ་གོ་བར་བྱེད་པ་སཾ་སྐྲྀཏ་ལྷའི་སྐད་ལས། རང་ཡུལ་གྱི་སྐད་དུ་བསྒྱུར་བས་ན། ལོ་ཙཱ་བའི་དྲིན་བཞག་པའོ། །ཇི་ལྟར་བསྒྱུར་ན་བྱས་པ་ལས། རཏྣ་ཞེས་པ་ནི་རིན་པོ་ཆེ་ཡིན་ལ། མ་ལ་ནི་ཕྲེང་བ་ཡིན། ནཱ་མ་ནི་ཞེས་བྱའོ། །འདིར་རིན་པོ་ཆེ་ཞེས་པའི་དོན་ནི། དཔེ་དོན་གཉིས་ཏེ། དཔེ་ནི་བསམ་འཕེལ་གྱི་ནོར་བུ་རིན་པོ་ཆེ་ཡིན་ཏེ། ནོར་བུ་དེ་ལ་མཆོད་པ་དང༌། རིམ་གྲོ་ཕུན་སུམ་ཚོགས་པ་བྱས་ན། ཡོན་ཏན་གྱི་རྣམ་དུ་མ་ཡོད་ཀྱང༌། བསྡུས་ན་གཉིས་ཡིན་སྐད། མི་འདོད་པའི་ཕྱོགས་མི་མཐུན་པ་སྤང་བ་ཡང་འབྱུང་སྐད། འདོད་པའི་ཕྱོགས་དགོས་པ་ཐམས་ཅད་འབྱུང་སྐད། ཕྲེང་བ་ཞེས་པ་ནི་ནོར་བུ་དེ་ཕྲེང་བར་རྒྱུས་པ་ལྟར་གྲངས་དང་གྲངས་སུ་བཅད་པ་ཡོད་ན། སེམས་ཅན་ཐམས་ཅད་ཀྱི་དོན་གོ་བར་བྱེད་པས་ངོ་མཚར་ཆེ་སྐད། དཔེ་དེ་བཞིན་དུ་གྲུབ་ཐོབ་རྣམས་ཀྱི་གདམས་ངག་རིན་པོ་ཆེའི་ཕྲེང་བ་དེ་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་སྤོང་ལ། མཐུན་པའི་ཡོན་ཏན་ཐམས་ཅད་ལྡན་པའི་གདམས་ངག་དེ་ཡང༌། དཔེར་ན་ཕྲེང་བ་བརྒྱུས་པའི་རྣམ་པ་ལྟར་ཡོད་པས། རིན་པོ་ཕྲེང་བ་ཞེས་བྱའོ། །དེས་མཚན་བསྟན་ནས། ད་མཆོད་པར་བརྗོད་པ་ལ་གཉིས་ཏེ། སྡུད་པ་པོ་པཎྜི་ཏ་ཡིས་མཆོད་པར་བརྗོད་པ་དང༌། བསྒྱུར་བྱེད་ལོ་ཙཱ་བའི་མཆོད་པར་བརྗོད་པའོ། །བཅོམ་ལྡན་འདས་
XXX ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། བཅོམ་ལྡན་འདས་ཞེས་པ་བདུད་བཞི་བཅོམ་པས་ཡིན་ཏེ། ཉོན་མོངས་པའི་བདུད། །ཕུང་པོའི་བདུད། འཆི་བདག་གི་བདུད། ལྷའི་བུའི་བདུད་བཞིའོ། །གོང་མ་གསུམ་གྱིས་ཚེ་ལ་བར་དུ་གཅོད་པ་དང༌། ལྷའི་བུའི་བདུད་ཀྱིས་ཡོན་ཏན་ཁྱད་པར་ཅན་བར་དུ་གཅོད་པར་བྱེད་པས་ན། དེ་དག་བཅོམ་པ་དང་ལྡན་པའོ། །ཡང་དེ་ཉིད་འདུས་པའི་བཤད་རྒྱུད་ནས་གསུངས་པ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པས་ན། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །ཞེས་བཤད་པའོ། །ངག་གི་དབང་ཕྱུག་ཅེས་པ་ནི། སེར་སྣ་དང་ང་རྒྱལ་རྣམ་པར་དག་པའི་ཡེ་ཤེས་མཉམ་པ་ཉིད་ལ་མངའ་བརྙེས་ཤིང་དབང་བའམ། དེ་ལ་ལོངས་སྤྱོད་པས་ན། དབང་ཕྱུག་ཅེས་བྱའོ། །ཕྱག་འཚལ་བ་ནི་ཡུལ་ཁྱད་པར་ཅན་དེ་ལ་ཕྱག་འཚལ་བའོ། །གང་ཟག་གང་གིས་བཙལ་ན་སྡུད་པ་པ་སུརྻ་རསྨི་ཉིད་ཀྱིས་བཙལ་བའོ། །དགོས་པ་གང་གིས་ཕྱིར་བཙལ་ན། དབུ་ནས་ཞབས་སུ་བརྩམ་པ་ལ་བར་ཆད་མི་འབྱུང་ཞིང་གཞན་འཇུག་པའི་ཡན་ལག་ཏུ་འགྱུར་བའི་དགོས་པ་ཡོད་ཅེས་པའི་དོན་ཏོ། །གཉིས་པ་ནི། སྒྱུར་བྱེད་ལོ་ཙཱ་བས་ཡི་དམ་གྱི་ལྷ་ལ་ཕྱག་འཚལ་བའོ། །དེས་མཆོད་པར་བརྗོད་པ་བསྟན་ནས། ད་བཤད་པར་དམ་བཅའ་བ་བསྟན་པ་ནི། མངོན་དགའི་ཞིང་དུ་ལྷག་པའི་ཞེས་པ་ནས། རིན་ཆེན་ཕྲེང་བ་བཤད་པར་བྱ་ཞེས་པའི་བར་གྱིས་བསྟན་ཏེ། མངོན་དགའི་ཞིང་དུ་ལྷག་པ་ཡི། །ཞེས་པ་མངོན་དགའ་ནི་དུར་ཁྲོད་ཆེན་པོ་ས་མའི་འཚལ་ཏེ། མངོན་པར་ཅིས་དགའ་བྱས་པ་ལ། གྲུབ་ཐོབ་རྣམས་འདུ་བའི་གནས་ཚོགས་དཀྱིལ་འཁོར་བསྐོར་བའི་ཞིང་ཡིན་པས་
XXX ན། ལས་ཅན་རྣམས་ཀྱིས་ཐོས་པའམ་མཐོང་བ་ཙམ་གྱིས་དགའ་བས་ན། མངོན་དགའི་ཞིང་ཞེས་པའོ། །ལྷག་པ་ནི་ཚོགས་ལ་འདུས་པའོ། །གྲུབ་ཐོབ་བརྒྱ་ཅུ་རྩ་བཞི་ལ། །དྷ་མ་དྷུ་མས་ལེགས་སྤྱད་པ་ནི། །གསུངས་པའི་ཆོས་རྣམས་ལ་སྤྱད་པའོ། །ཅི་ལྟར་སྤྱད་ན། མཐོང་བའམ་ཐོས་པ་ལ་སོགས་པ་ཐམས་ཅད་འདིར་མ་བཀོད་སྐད། འོ་ན་ཅི་འདྲ་བ་ཅིག་བཀོད་བྱས་པ་ལ། གནོད་སྦྱིན་མོ་ལ་གདམས་པའི་རིན་ཆེན་ཕྲེང་བ་འདིར་བཀོད་ཅེས་པའི་དོན་ཏོ། །གནོད་སྦྱིན་མོ་ལ་གང་གདམས་བྱས་པ་ལ། དུར་ཁྲོད་དེ་ན་ཡི་དྭགས་ཀྱི་རང་བཞིན་ལོག་ནང་དུཿཁ་བྱ་བ་གཅིག་ཡོད་དེ། དེས་ཤ་དང་ཁྲག་གི་དྲི་ཚོར་ན། དཔག་ཚད་བརྒྱར་ཡང་སྐད་ཅིག་ལ་ཐོགས་པ་མེད་པར་རྒྱུ་གནས་འོངས་པས། དུས་ནམ་ཞིག་གི་ཚེ་ན། དུར་ཁྲོད་ཆེན་པོ་དེའི་བྱང་ཤར་ན་ཤིང་ཆེན་པོ་གཅིག་ཡོད་པ་ལ། དེའི་ཁོག་པ་སྟོང་པར་ཡོད་པས་དེའི་ནང་དུ་དྲེད་མོ་མ་སྨད་བདུན་ཉལ་ཞིང་རྟག་ཏུ་གནས་པ་ལ། དུས་ལན་ཅིག་བསེ་ཆེན་པོ་ཡང་དག་པ་གཅིག་གིས་ཤིང་དེ་ལ་བསྙེལ་ཏེ་ཉལ་ཙམ་ན། ཤིང་འགྱེལ་བས། དེའི་ནང་ན་གནས་པའི་དྲེད་རྣམས་ཀྱང་ཤི། བསེ་དེ་ཡང་འགྱེལ་ནས་ཡོད་པ་ལ། དེའི་དུས་སུ་གནོད་སྦྱིན་མོ་དེས་རྙེད་ནས། བསེ་ཡང་བསད། དྲེད་ཀྱི་ཤ་ཡང་ཡོད་པ་ལ། དེའི་ཚེའམ་དུས་ན་ནགས་དེའི་ལྷོ་ཕྱོགས་ནས། སྲིན་པོ་རཀྵ་ཀོ་ཊི་བྱ་བས། ཤ་དང་ཁྲག་གི་དྲི་ཚོར་ནས་ཕྱོགས་དང་ཕྱོགས་མཚམས་སུ་བཙལ་ཏེ། གནོད་སྦྱིན་མོ་ལ་ཤ་བསླངས་པས་མཁུགས་ནས། དེར་སྲིན་པོ་ཁྲོས་ཏེ། ལྷོ་ཕྱོགས་ཀྱི་བྲག་ཆེན་པོ་གཅིག་ལ་ཟངས་མ་མཇུ་བ་མང་པོ་ཡོད་པས་དེས་ཟངས་མའི་ཞུན་མ་བརྐུས་ནས་གནོད་སྦྱིན་
XXX མོ་ལ་བར་སྣང་ནས་མར་བླུགས་པས། གནོད་སྦྱིན་མོ་དེ་ལྟ་ཟུར་གཡས་པ་རུས་པ་ལ་ཐུག་པར་ཚིག་ནས། སྐྱེ་བ་སྔ་མའི་ལས་ཀྱི་དབང་གིས་སྲོག་མ་ཆད་པར་སྡུག་བསྔལ་གྱི་མེ་འབར་ནས་ཡོད་པ་ལས། དེ་རི་དུས་ན་མཁའ་འགྲོ་མ་དྷརྨ་དེ་ཝཱི་དང༌། ཀོ་ཀི་ལ་གཉིས་ཀྱིས་མཐོང་ནས་སྙིང་རྗེ་སྐྱེས་ནས་སྔགས་མང་པོ་བཏབ་ནས་ཤའི་རྨ་ནི་སོས། རུས་པ་སྐྱ་སེང་ངེ་ཡོད་པ་དེ་མ་སོས་པར། སྡུག་བསྔལ་ཞིང་ཡོད་པ་ལས། མཁའ་འགྲོ་མ་གཉིས་པོ་དེས་གྲུབ་ཐོབ་རྣམས་ལ་ཡུན་དུ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས་ཀྱི་ཚེ་དང་འཛོམ་པར་གྱུར་ནས། གནོད་སྦྱིན་མོ་དེའི་རྟོག་པ་ཟད་པར་བྱ་བའི་ཕྱིར་ན། བག་ལ་ཉལ་དང་མཐུན་པའི་ཞུ་བ་ཕུལ་བས། བླ་མ་རྣམས་ཀྱིས་ཀྱང་གོང་ལྟར་ཞུས་པ་ལྟར་གནང་ངོ༌། །དེ་དག་གི་དོན་ནི་རིན་ཆེན་ཕྲེང་བ་བརྒྱུས་པ་ལྟར་བྱུང་ངོ༌། །དེའི་གདམས་པ་ནི་རིན་ཆེན་ཕྲེང་བ་ཞེས་བྱའོ། །དེས་བཤད་པར་དམ་བཅའ་བའོ། །གང་ལ་བཤད་པར་དམ་བཅས་ན། ཕྱི་རབས་ཀྱི་གང་ཟག་སྐལ་པ་དང་ལྡན་པ་རྣམས་ལ་བཤད་པར་དམ་བཅས་སོ། །དགོས་པ་གང་གི་ཕྱིར་བཤད་ན། ཞི་བ་བདེ་བ་མྱ་ངན་ལས་འདས་པའི་ས་ཐོབ་པར་བྱ་བའི་ཕྱིར་བཤད་དོ། །དེས་ཀླད་ཀྱི་དོན་བསྟན་ནས། ད་གཞུང་གི་དོན་བསྟན་པ་ནི། དང་པོ་ལཱུ་ཨི་པས་སྣང་བ་ཐུག་ཕྲད་ཀྱི་གདམས་ངག་གཅིག་བསྟན་ཏེ། དེ་ཡང་འདི་ལ་ཕན་པའི་གདམས་ངག་གཅིག་ཞུ་བྱས་པས། བླ་མའི་ཞལ་ནས། རང་ངོ་མ་ཤེས་པས་ཉེས་པ་ཡིན། དེ་ཤེས་ན་སྣང་བ་མེད་པར་གཟུགས་ཀྱི་སྣང་བ་ཡང་གལ་ཅི་ཡོད་གསུངས་ནས། རང་ངོ་ཤེས་པ་གང་ལགས་ཞུས་པས། རྒྱུན་ཟད་འོད་གསལ་གྱི་ཡེ་ཤེས་གཅིག་ཡིན་གསུངས། མི་འཚལ་ཞུས་
XXX པས། དངོས་མེད་རྒྱུན་མི་འཆད་པ་རུ། །མཐའ་དབུས་མེད་པར་ཁྱབ་བྱས་པའི། །དངོས་པོ་དེ་ཉིད་རབ་ཏུ་ཟབ། །མ་ལ་ཡ་མི་ཡེ་བཞིན་དུ། །ཞེས་གསུངས་སོ། །དངོས་མེད་ཅེས་པ་ནི། དེ་གང་གིས་གང་ལ་དངོས་པོ་མེད་ཅེས་པ་ལ། གནས་ལུགས་དེ་ལ་དངོས་པོ་མེད་པ་ཡིན་ཏེ། དཔེར་ན་ནམ་མཁའི་མེ་ཏོག་དེ་ལ་བཏགས་པ་ཙམ་ཡོད་ཀྱང་དངོས་པོ་མེད་པས་དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས། ནམ་མཁའི་མེ་ཏོག་གི་རྟོག་པ་ཟད་པའོ། །དཔེ་དེ་བཞིན་དུ། གནས་ལུགས་སྐྱེ་བ་མེད་པ་དེ་ལ། དངོས་པོ་གང་དུ་ཡང་གྲུབ་པ་མེད་པས་དངོས་མེད་ཅེས་པའོ། །གྲུབ་པ་མེད་ཙམ་ན། དངོས་པོའམ། སྣང་བའམ། སྟོང་པའམ། བློའམ། སེམས་སམ། སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་རྒྱུན་ཟད་པས་ན་དེ་ཀ་ལ་རྒྱུན་ཟད་འོད་གསལ་གྱི་ཡེ་ཤེས་ཟེར་སྐད། འོ་ན་རྟོག་པ་ཟད་པས་ཡེ་ཤེས་ཀྱང་ཟད་དམ་བྱས་པ་ལ། རྟོག་པ་ཟད་པ་ལ་ཡེ་ཤེས་བྱ་བའི་རྟོག་པ་ག་ལ་ཡོད་དེ། རང་བཞིན་འོད་གསལ་དུ་ནི་རྒྱུན་མི་འཆད་པ་ཡིན་གསུངས། དེ་ཡང་རྒྱུན་མི་འཆད་པ་རུ། །ཞེས་པ་སྟེ། གང་གིས་རྒྱུན་མི་འཆད་བྱས་པ་ལ། འོད་གསལ་དུ་རྒྱུན་མི་འཆད། དཔེར་ན་ནོར་བུ་རིན་པོ་ཆེ་ལ་གནས་པའི་འོད་དེ་རྒྱུན་མི་འཆད་པ་ལྟ་བུའོ། །འོ་ན་དེ་རང་གི་མཚན་ཉིད་གང་ཡིན་བྱས་པ་ལ། མཐའ་དབུས་མེད་པས་ཁྱབ་བྱས་པའི། །ཞེས་པ། དཔེ་འདུས་བྱས་ཀྱི་ནམ་མཁའ་ལྟ་བུ་ཡིན་ཏེ། ཕྱོགས་དང་རིས་མེད་པས་མཐའ་དང་དབུས་མེད་པ་ཡིན་ལ། ཁྱབ་པའི་ཞེས་པ་ནི་འདྲ་བ་དེས། མཐོ་སྲིད་པའི་རྩེ་མོ་ནས། དམའ་འཇིགས་ཚོགས་ཀྱི་དམྱལ་བ་ཡན་ཆད་དུ་ཁྱབ་པར་ཞེས་
XXX པའི་དོན་ཏོ། །དངོས་པོ་དེ་ཉིད་རབ་ཏུ་ཟབ། །ཅེས་པ་ནི། དངོས་པོ་ནི་གནོད་སྦྱིན་མོའི་ལུས་ཀྱི་ན་ཚ་དང་སེམས་ཀྱི་རྟོག་ཚད་དང༌། སྣང་འཛིན་ལ་སོགས་པ་རྣམས་དངོས་པོ་ཡིན་ལ། ཟབ་པ་ནི་དེ་དག་ཐམས་ཅད་དངོས་མེད་འོད་གསལ་དུ་རྟོགས་ན་ཟབ་ཅེས་པའི་དོན་ཏོ། །མ་ལ་ཡ་ཡི་མེ་བཞིན་དུ། །ཞེས་པ་ནི་དཔེ་ཡིན་ཏེ། མ་ལ་ཡ་ཞེས་པ་ནི་རི་བོ་ཡིན་ཏེ། རི་བོ་ཆེན་པོ་ལ་ཕྱོགས་བཞི་ནས་མེ་འབར་བའི་དབུས་སུ་རྩ་དང་ཤིང་དང་གེལ་བ་དང༌། ས་དང་རྡོ་དང་ཆུ་ལ་སོགས་པའི་དངོས་པོ་ཐམས་ཅད་སྣང་བ་ཐུག་ཕྲད་དུ་མེའི་གྲོགས་སུ་འགྱུར་བ་ལྟར། །དངོས་པོ་ཐམས་ཅད་ཟབ་མོ་འོད་གསལ་དུ་རྟོགས་པའི་དུས་ན། སྣང་བ་ཐམས་ཅད་ཐུག་ཕྲད་དུ་བཅོམ་ནས་འོད་གསལ་དུ་རྟོགས་པས། རྣམ་པར་རྟོག་པ་ཆོས་ཉིད་དུ་སད་པའམ། བཅོམ་པ་ཡིན་ཞེས་སྟོན་ཏོ། །དེ་དག་རྒྱུད་ལ་ཤར་བ་མ་གྱུར་ནས། ལཱི་ལ་ས་ལ་ཞུས་པས། བླ་མས་བསྟན་པ་ཇི་ལྟ་བུ། །འདི་ལ་ཇི་ལྟར་མཚོན་པར་ཞུ། །ཞེས་ཞུས་པས། ཁྱོད་ནི་ཇི་ལྟར་དངོས་པོ་ཡི། །མཚོ་ལས་སྐྱེས་ཤིང་འདམ་ལ་ཞེན། །བུང་བ་མེ་ཏོག་སྦྲང་རྩི་དག །མི་ལྡན་པར་ནི་ཅི་ཞིག་མྱོང༌། །ཞེས་གསུངས་པའོ། །དེ་ལ་ཁྱོད་ནི་ཞེས་པ་ནི། གནོད་སྦྱིན་མོ་ཁྱོད་ཇི་ལྟར་དངོས་པོའི་མཚོའམ། སྲིད་པའི་འདམ་ལ་ཞེན་ནས་འདུག །མ་ལེགས། ཁྱོད་དང་པོའི་དུས་ན་ཡང་སྐྱེ་རྒ་ན་འཆིའི་མཚོ་ལ་སྐྱེས། ད་ལྟ་ཡང་ལུས་དང་ན་བ་དང་ཚ་བས་དངོས་པོར་འཛིན་པ་ནི་སྲིད་པའི་འདམ་ལས་ཞེན་པས་སྡུག་བསྔལ་ལས་ཐར་བ་མ་ཡིན། མེ་ཏོག་དང༌། གེ་སར་གྱི་སྦྲང་རྩི་དང༌། བུང་བ་དང་གསུམ་འཛོམ་ན་མངར་བའི་རོ་མྱོང་བར་འགྱུར་གྱིས། དེ་དག་མི་ལྡན་ན་
XXX ཡུལ་སོ་སོ་བ་དེས་མྱོང་བར་མི་འགྱུར། དེ་བཞིན་དུ་འོད་གསལ་ཡང་མ་རྟོགས། ལུས་ལ་ཡང་ཆེད་དུ་བཟུང༌། དངོས་པོའི་འཛིན་པ་དང་མ་བྲལ་བར་གཉུག་མ་ལྷན་སྐྱེས་ཀྱི་རོ་བདེ་བ་མི་མྱོང༌། དེ་མ་མྱོང་བར་སྡུག་བསྔལ་དང་བྲལ་བར་ག་ལ་འགྱུར་ཞེས་གདམས་སོ། །དེ་རྒྱུད་ལ་བརྟེན་པར་བྱེད་པའི་ཐབས་ཀོ་ཀ་ལས་གསུངས་པ། ཕྱི་ནང་སྣོད་བཅུད་ཚངས་པ་དང༌། །དུས་ཀྱི་དྲོད་དང་ཞོ་རྩི་དང༌། །ཉུངས་ཀར་ལ་ནི་མར་བཞིན་དུ། །ངེས་པར་རྟོགས་ན་ངེས་པ་ཡིན། །ཞེས་གསུངས་སོ། །དེ་ལ་ཕྱི་ནང་སྣོད་བཅུད་ཚངས་པ་དང་ཞེས་པ་སྟེ། ཕྱི་སྟེ་སྣོད་ཀྱི་འཇིག་རྟེན་འདི་ལ་ཇི་ལྟར་དང༌། ཇི་སྙེད་པར་གནས་པ་དང༌། ནང་སྟེ་བཅུད་ཀྱི་སེམས་ཅན་ཇི་ལྟར་སྲིད་པ་འདི། གཞན་གྱིས་ཤེས་པར་དཀའ་ཡང༌། ལྷ་ཚངས་པ་ཉིད་ཀྱིས་དེ་དག་མ་ལུས་པར་མཁྱེན་པར་དེ་བཞིན་དུ། བླ་མས་བསྟན་པའི་སེམས་ཉིད་འོད་གསལ་གྱི་ངོ་བོ་དེ། དངོས་པོར་རང་གིས་ངོ་ཤེས་དགོས་པ་ཡིན་གསུངས། ཤེས་ནས་ཅི་བྱེད་བྱས་པ་ལ། ཤེས་ནས་རྒྱུད་ལ་བརྟེན་དགོས་པ་ཡིན་གསུངས། དེ་ཇི་ལྟར་བརྟེན་བྱས་པ་ལ། དུས་ཀྱི་དྲོད་དང་ཞོ་རྩི་དང༌། །ཉུངས་ཀར་ལ་ནི་མར་བཞིན་དུ། །ཞེས་པ། དེ་བཞིན་དུ་བརྟེན་དགོས་སྐད། ཕྱི་བཟུང་བའི་ཡུལ་ལ་མི་འཇུག་པ་དུས་ཀྱི་དྲོད་ལྟ་བུར་ཉམས་རྒྱུད་ལ་བརྟེན་དགོས་སྐད། དེ་རང་གང་ཡིན་ན། དུས་ཀྱི་དྲོད་ཅེས་པ་ནི་ལོ་གསར་ཤར་ནས་ཟླ་བ་གསུམ་ཚད་དུ་ཞུགས་ཙམ་ན་རླུང་ནང་དུ་བསུམ་ནས་ཚོགས་དྲུག་གི་རྟོག་པའི་རྗེས་སུ་འབྲེངས་པའི་ཕྱི་བཟུང་ཡུལ་ལ་མི་འཇུག་པར་གནས་སོ། །དཔེ་དེ་བཞིན་དུ། འོད་གསལ་རྒྱུད་ལ་བརྟེན་པའི་གང་ཟག་ནི། ཡུལ་ཚོགས་དྲུག་གི་རྟོག་པ་ལས་ལོག་ནས་
XXX ཡུལ་དེ་ཉིད་རང་འོད་གསལ་དུ་རྒྱུད་ལ་བརྟེན་དགོས་སྐད། དཔེ་བྱས་པ་ལ་ཞོ་རྩི་དང་ཞེས་པ་སྟེ། མ་ཧེའི་འོ་མ་དེ་ལ་ཞོ་རྩི་སོང་བས་འོ་མ་ཞོར་གནས་གྱུར་ནས། འོ་མ་རང་སྤངས་ལ་འོ་མ་རང་དང་མི་ལྡན་པར་ཞོར་གནས་གྱུར་པ། དཔེ་དེ་བཞིན་དུ་འོད་གསལ་རྒྱུད་ལ་ཤར་བའི་གང་ཟག་གི། ཚོགས་དྲུག་གི་རྟོག་པ་མ་སྤངས་ལ་མི་ལྡན་པ། ཚོགས་དྲུག་གི་རྟོག་པ་ཡེ་ཤེས་སུ་གནས་གྱུར་པ་གཅིག་རྒྱུད་ལ་བརྟེན་དགོས་གསུངས། འོ་ན་ཚོགས་དྲུག་གི་རྟོག་པ་ཡེ་ཤེས་ཡིན་པར་ཅིས་ཤེས་བྱས་པ་ལ། ཉུངས་ཀར་ལ་ནི་མར་བཞིན་དུ། །ངེས་པར་རྟོགས་ན་ངེས་པ་ཡིན། །ཞེས་པ་སྟེ། ཉུངས་ཀར་ལ་ནི་ཞེས་པ་སྟེ། ཉུངས་ཀར་དུ་འདུག་ཀྱང༌། ཁྱབ་པ་མར་གྱིས་ཁྱབ་པ་དེ་བཞིན་དུ། སེམས་ཅན་གྱི་དོན་ཀུན་གཞི་ལ་འདུག་ཀྱང༌། ཁྱབ་པ་གཉུག་མ་འོད་གསལ་གྱི་རང་བཞིན་གྱིས་ཁྱབ་ཅེས་པའོ། །ངེས་པར་རྟོགས་ན་ཞེས་པ་ཐེ་ཚོམ་མམ། སོམ་ཉི་མེད་པར་རྟོགས་ན་མ་ནོར་བ་ཡིན་ཅེས་པའི་དོན་ཏོ། །དེ་ལྟར་རྟོགས་ན་འབྲས་བུ་གང་ཡིན་ན། དེའི་དོན་རྩ་མ་རི་པས་གསུངས་པ། མི་མངོན་མི་སྣང་གསལ་བ་རུ། །ནམ་མཁའ་དེ་ཉིད་སྟོན་པར་བྱེད། །ཅེས་གསུངས་སོ། །མི་མངོན་མི་སྣང་ཞེས་པ་ནི། ཆོས་སྐུ་དེ་ནམ་མཁའི་མཚན་ཉིད་ལྟར། མི་མངོན་མི་སྣང་བ་ཡིན་ཏེ། དངོས་པོའམ། དངོས་མེད་དམ། བློའམ། སེམས་སམ། སེམས་ལས་བྱུང་བ་གང་གིས་ཀྱང་བརྟག་ཏུ་མེད་པས་ན། མི་མངོན་མི་སྣང་ཞེས་པའི་དོན་ཏོ། །འོ་ན་ཆོས་སྐུ་དེ་དངོས་པོ་མེད་པས་ཐུགས་རྗེ་རྒྱུན་ཆད་དམ་བྱས་པ་ལ། གསལ་བ་རུ་ཞེས་པ་དང༌། ནམ་མཁའ་དེ་ཉིད་སྟོན་པར་བྱེད་གསུངས་པ་སྟེ། ནམ་མཁར་དེ་ཉིད་དམ། དབྱིབས་དང་ཁ་དོག་གམ་
XXX མཚན་མའི་དངོས་པོ་མེད་ཀྱང༌། ཉི་ཟླ་གཟའ་སྐར་རམ། སྤྲིན་དང་ན་བུན་འཇའ་ཚོན་ལ་སོགས་པ་གསལ་བར་སྟོན་པ་དེ་བཞིན་དུ། ཆོས་སྐུ་མི་མངོན་མི་འགག་ཀྱང་ཐུགས་རྗེའི་རྒྱུན་མི་འགག་སྟེ། ལོངས་སྐུ་དང་སྤྲུལ་སྐུ་གཉིས་འགག་པ་མེད་པར་སྨོན་ལམ་གྱིས་འགག་པ་མེད་པར་ཤུགས་ལས་བྱུང་ཞེས་པའོ། །ས་ར་ཧའི་ཞལ་ནས། གང་གིས་བཟུང་བ་མེད་པའི་སྐུ་ནི་རབ་ཏུ་མཛེས། །བུམ་པ་བཟང་དང་དཔག་བསམ་ནོར་བུ་རིན་ཆེན་ལྟར། །ཅེས་གསུངས་སོ། །གཟུང་འཛིན་གྱི་རྟོག་པ་སྤངས་པའི་སེམས་ཉིད་དེ་རབ་ཏུ་མཛེས། དཔེ་ཅིང་འདྲ་ན། བུམ་པའམ་དཔག་བསམ་ཤིང་ངམ་ནོར་བུ་རིན་པོ་ཆེ་ལྟར་མཛེས་ཞེས་སོ། །དེ་ནས་སློབ་དཔོན་བིརྦ་པས་གདམས་པ་ནི། གྲོང་ཁྱེར་སྟོང་པ་བྱ་བ་གཅིག་གསུངས་ཏེ། །ཁམས་གསུམ་སྲིད་གསུམ་ལུས་ངག་གི །བྱེད་པོ་གང་ཡིན་བདག་ལ་དྲིས། །བདག་གི་བདག་ནི་མེད་པ་སྟེ། །གང་གི་མཐའ་ལ་མི་གནས་སོ། །ཅེས་པའོ། །ཁམས་གསུམ་སྲིད་གསུམ་ལུས་ངག་གི །ཅེས་པ་ནི། ཕྱི་འཇིག་རྟེན་པའི་ཁམས་ལ་སོགས་པ་གསུམ་པོ་དེའམ། སྲིད་གསུམ་ལ་སོགས་པའམ། ནང་ལུས་ངག་ཡིད་གསུམ་མམ། དུས་གསུམ་ལ་སོགས་པའི་གྲོང་ཁྱེར་འདི་དག་སྟོང་པ་ཡིན་གསུངས། དེ་ཇི་ལྟར་དུ་སྟོང་བྱས་པ་ལ། ཕྱི་སྣོད་ནི་རྒྱུའི་གཟུགས་བཞི་ཡིས་བསྐྱེད་པ་ཡིན་ལ། དེ་བཞིན་བསྐྱེད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། འབྲས་བུའི་གཟུགས་ཡིན། ལུས་ངག་གི་ཅེས་པ་ནི་ལུས་ངག་གི་ཁོངས་སུ་ཡིད་འགྲོ་སྟེ། ཡིད་ལས་བྱུང་བའི་དུས་གསུམ་ལ་སོགས་པའི་རྟོག་པའི་གྲོང་ཁྱེར་དེ་ཐམས་ཅད་སྟོང་པ་ཡིན་ཅེས་པའོ། །དེ་ཅི་སྟེ་བྱས་པ་ལ། བྱེད་པོ་གང་ཡིན་བདག་
XXX ལ་དྲིས་ཅེས་པ་སྟེ། དེ་དག་གི་བྱེད་པ་པོ་རྒྱུའི་གཟུགས་བཞི་ཡིས་བྱས་སམ། འོན་ཏེ་ཡིད་ལས་བྱུང་བའི་དུས་གསུམ་གྱི་བདག་དེ་ཡིས་བྱས། རྒྱུ་ཡི་གཟུགས་བཞི་ཡིས་བྱས་ན་ནི་གཟུགས་བཞི་པོ་དེ་རང་ཡང་གཅིག་ལ་གཅིག་གནོད་པས་མི་རྟག་ལ་སྟོང་པས་ན། དེ་ཡིས་བསྐྱེད་པའི་ཕྱིར་ན་ཁམས་གསུམ་གྱི་གྲོང་ཁྱེར་དེ་ཡང་མི་རྟག་པས་ན་སྟོང་པ་ཡིན་ཅེས་པའོ། །ཡིད་ལས་བྱུང་བའི་དུས་གསུམ་གྱི་བདག་དེ་ཡིས་བྱས་ན། དུས་གསུམ་གྱི་བྱེད་པ་པོ་དེ་དངོས་པོར་ཡོད་པ་གཅིག་གིས་བྱས་སམ། མེད་པ་ཞིག་གིས་བྱས། དངོས་པོར་ཡོད་པ་གཅིག་གིས་བྱས་ན། དངོས་པོ་ནི་རྫས་ཡིན། རྫས་ཐམས་ཅད་འདུས་བྱས་ཡིན། འདུས་བྱས་ཐམས་ཅད་མི་རྟག་པས་ན། དེས་བསྐྱེད་པའི་གྲོང་ཁྱེར་དེ་སྟོང་ཅེས་པའོ། །དངོས་མེད་གཅིག་གིས་བྱས་ན་དངོས་མེད་ཀྱིས་དངོས་པོ་བྱས་པས་ན། ནམ་མཁའ་ཡིས་ཀྱང་མེ་ཏོག་བྱས་པར་རིག་པ་ལམ་བྱས་པར་འདུག་པས་ན། དེ་དག་ཐམས་ཅད་ཀྱི་གྲོང་ཁྱེར་སྟོང་པ་ཡིན་གསུངས། དེ་ཡང་བྱེད་པ་པོ་གང་ཡིན་པ་དག་ལ་དྲིས་ཅེས་པ་དེ་དག་གི་བྱེད་པ་པོ་གང་གིས་བྱས་པའི་བདག་དྲིས་པས་བདག་མེད་པ་ནི་བདག་ཉིད་སྟོང་པ་སྟེ། ཅེས་པ་ནི་བྱེད་པ་པོའི་བདག་ཉིད་མ་རྙེད་པ་དེ་སྟོང་པའོ། །སྟོང་པ་གཅིག་རང་ཁོ་ན་ཡིན་ནས་བྱས་པ་ལ་དེ་མ་ཡིན་ཏེ། གང་གི་མཐའ་ལ་མི་གནས་སོ་ཅེས་པ་ནི་སྟོང་པའམ་མི་སྟོང་པའམ་གཉིས་ཀའམ་གཉིས་ཀ་མ་ཡིན་པའམ། གང་གི་མཐའ་ལ་ཡང་མི་གནས་ཅེས་པའོ། །དེ་ཉིད་ཀྱི་དོན་དོམྦི་པས་གསུངས་པ། གྲོང་ཁྱེར་ཐམས་ཅད་སྟོང་པ་ལ། །དང་པོར་གྲུབ་པ་ག་ལ་ཡོད། །ཅེས་གསུངས། དེའི་དོན་ནི། གོ་བར་གདའ་བས་འདིར་མ་བཀོད། གོ་རཀྵ་པས་གསུངས་པ།
XXX སྣང་གྲགས་རྟོགས་པའི་གྲོང་ཁྱེར་ལ། །གཟུང་བའམ་ནི་འཛིན་པ་ཡིས། །སྲིན་བུ་མི་བདེ་ཁ་ཆུ་བསྡམས། །མ་བཟུང་བཏང་ན་བདེ་བར་འགྱུར། །ཅེས་གསུངས་སོ། །དེ་ཡང་སྣང་གྲགས་ཞེས་པ་སྣང་བ་ནི་ཕྱི་ནང་སྣོད་བཅུད་ལ་སོགས་པ་ནི་དངོས་པོའི་ཆོས་ཡིན་ལ། གྲགས་པ་ནི་རྟོག་ཐུན་མཁན་གྱིས་བཏགས་པ་ཡིན་པས་ན། དེ་དག་ཐམས་ཅད་ཀྱང་རྟོག་པ་ལས་མ་འདས་པས་ན། རྟོག་པའི་གྲོང་ཁྱེར་ལ་ཅེས་པའོ། །དེ་ལ་ཡང་དག་པར་གཟུང་བའམ་འཛིན་པའི་དབང་གིས་རང་གིས་རང་བཅིངས་པའི་དཔེ་ནི་སྲིན་བུའི་ཁ་ཆུས་རང་ཉིད་བསྡམས་ལ། མ་བཟུང་བཏང་ན་བདེ་བར་འགྱུར་ཅེས་པ། མ་བཟུང་ཅེས་པ་ནི་ཕྱིའི་ཡུལ་ལ་བདེན་པར་མ་བཟུང་བ་ཡིན་ལ། བཏང་བ་ནི་དངོས་པོར་འཛིན་པ་དེ་བཏང་ནས་ཆོས་ཉིད་གཉུག་མར་གནས་ན་བདེ་བར་འགྱུར་ཞེས་པའོ། །ཏན་ཏ་པས་གསུངས་པ། མི་སྤངས་པ་དང་མི་ལྡན་པར། །ཤེས་པར་གྱུར་ན་གྲོང་མ་འཇུག །དགའ་བོས་ནོར་བུའི་འོད་བཞིན་དུ། །གྲོང་ཁྱེར་བདེ་བ་ཆེན་པོར་འགྱུར། །ཞེས་གསུངས་སོ། །དེ་ལ་མི་སྤོང་བ་ནི་ཕྱི་ནང་སྣོད་བཅུད་ལ་སོགས་པ་ཐམས་ཅད་མི་སྤོང་བའོ། །དེ་ཅི་སྟེ་མི་སྤོང་ན། སྣོད་བཅུད་དེའི་བྱེད་པ་པོའམ་བདག་ཉིད་དམ། སྤང་བར་བྱ་བའི་རྫས་དེ་མ་གྲུབ་པས་མི་སྤོང་ཞེས་པའོ། །འོ་ན་གོང་དུ་འཁྲུལ་པ་མི་སྤང་ངོ་བྱས་ན། ཤེས་པར་གྱུར་ན་འཁྲུལ་པའི་གྲོང་ཁྱེར་ལ་མི་འཇུག་པ་དེ་མི་འཐད་དོ་བྱས་པས། དེའང་ཡིན་ཏེ་འཁྲུལ་པ་རང་ཁ་མའི་གྲོགས་ལ་མི་འཇུག་པ་སྟེ། འཁྲུལ་པ་དེ་རང་ཆོས་ཉིད་ཀྱི་རང་བཞིན་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་གྱུར་ཏེ། དགའ་བོས་ནོར་བུའི་འོད་བཞིན་དུ། །གྲོང་ཁྱེར་བདེ་བ་ཆེན་པོར་འགྱུར། །ཞེས་གསུངས་
XXX པ། དགའ་བོས་ནོར་བུའི་འོད་བཞིན་དུ་ཞེས་གསུངས་པ་དཔེ་ཡིན་ཏེ། དགའ་བོ་ཞེས་པ་ནི་ཀླུའི་རྒྱལ་པོ་ཡིན་ལ། ནོར་བུ་ནི་ནོར་བུ་རིན་པོ་ཆེ་ཡིན། དེའི་འོད་དེ་ཀླུའི་རྒྱལ་པོ་དེས་མཐོང་བ་ཡིན་ལ། གཞན་གྱིས་དེ་མཐོང་བ་མ་ཡིན་དཔེ་དེ་བཞིན་དུ་མི་སྤོང་མི་ལྡན་གཅིག་གི་དོན་ཤེས་པར་གྱུར་ན། རྟོག་པའི་གྲོང་ཁྱེར་རང་བདེ་བ་ཆེན་པོར་འགྱུར་ཞེས་པའོ། །དེ་ལྟར་སློབ་དཔོན་བི་ར་པས། གྲོང་ཁྱེར་བདེ་བའི་གདམས་ངག་བཤད་ནས། དེ་ནས་སློབ་དཔོན་ས་ར་ཧ་ཡིས་གནོད་སྦྱིན་མོ་ལ་གདམས་པ། གང་ཞིག་ཆོས་རྣམས་ཅི་སྨྲས་པ། །སྨྲ་བ་དེ་དག་དྲན་པ་སྟེ། །ཇི་ལྟར་མྱ་ངན་འདས་སྨྲ་བ། །དྲན་པའི་དབང་པོ་མ་ཡིན་ནམ། །ཞེས་གསུངས་པའོ། །འདིར་བྲམ་ཟེ་ཆེན་པོ་ས་ར་ཧ་ཉིད་ཀྱིས་དྲན་པ་གཅིག་པོའི་གདམས་ངག་གཅིག་བསྟན་པ་ཡིན་ཏེ། དེ་ལ་གང་ཞིག་ཆོས་རྣམས་ཅི་སྨྲས་པ་ཞེས་པ་ནི། གང་ཞིག་ནི་རྟེན་གྱི་གང་ཟག་གང་ཞིག །ཆོས་རྣམས་ཏེ་སྡེ་སྣོད་ཀྱི་ཆོས་ཐམས་ཅད༌། ཅི་སྨྲ་བ་ནི་དྲན་པ་གཅིག་པུ་ཡིན་སྐད། དེ་ཅི་སྟེ་སྨྲས་པ། འཁོར་བ་དང་མྱ་ངན་ལས་འདས་པ་དང༌། ཞི་གནས་དང་ལྷག་མཐོང་ངམ། མཉམ་བཞག་རྗེས་ཐོབ་བམ། སྣང་བ་དང་སྟོང་པའམ། དེ་ལ་སོགས་ཏེ་ཅི་སྨྲ་བ་དེ་དག་ཐམས་ཅད་དྲན་པ་ཡིན་ཏེ། ཇི་ལྟར་ན་མྱ་ངན་ལས་འདས་པ་ཞེས་སྨྲ་ཡང་དེ་ཚིག་ཡིན་ལ། ཚིག་དེ་ཐམས་ཅད་དྲན་པ་མིན་པ་མེད་པས་སྨྲས་པ་དེ་དག་དྲན་པ་སྟེ། ཇི་ལྟར་མྱ་ངན་འདས་སྨྲ་བ། །དྲན་པའི་དབང་པོ་མ་ཡིན་ནམ། །ཞེས་པའོ། །འོ་ན་ཇི་ལྟར་ཡིན་ན། ས་ཆུ་མེ་རླུང་གང་སྣང་བ། །སྟོང་པ་ཉིད་དུ་དུས་མཉམ་འགྱུར། །ཡེ་ཤེས་སྣང་བ་ལམ་མེ་བ། །དྲན་པ་གཅིག་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །དེ་ཇི་ལྟར་ཡིན་ན་
XXX ས་ཆུ་མེ་རླུང་གང་སྣང་བ་ཞེས་པ། འབྱུང་བ་དེ་དག་གིས་བསྐྱེད་པའི་ཕྱི་ནང་གི་དངོས་པོར་སྣང་བ་དེ་དྲན་པ་ཡིན་ཀྱང༌། སྣང་བའི་དུས་ཙམ་ན་སྟོང་པ་ལྷན་ཅིག་སྐྱེས་པ་དེ་དང་དུས་མཉམ་པར་ཡོད་པས་ན་དུས་མཉམ་པར་འགྱུར་ཞེས་པའོ། །དེ་ཡང་སྣང་བ་དེ་ཙམ་ན་སྟོང་པ་ཡང་བདེ་བས་དུས་མཉམ་ཞེས་པའོ། །དེས་ན་སྣང་བ་དེ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་ཡིན་པས་ན། ཡེ་ཤེས་སྣང་བ་ལམ་མེ་བ་ཞེས་པའོ། །དེ་ལྟར་དྲན་པའི་སྣང་བ་དེ་རང་རྒྱུད་ལ་མ་ཡིན་པར་ཡེ་ཤེས་ཀྱི་སྣང་བ་དང་གཉིས་སུ་མེད་པར་གཅིག་ཏུ་གྱུར་པས་ན། དྲན་པ་གཅིག་ཡིན་སྐད། ཤ་བ་རིས་གསུངས་པ། ཉི་ཟླ་གཉིས་སྦྱོར་མི་ཤེས་པ། །ཆུ་ཡི་རླབས་ལྟར་རྣམ་པ་མང༌། །དེ་ཉིད་གཅིག་ཏུ་གྱུར་པས་ན། །འདི་ལ་ཐ་དད་ནུས་པ་མེད། །ཅེས་གསུངས། ཉི་ཟླ་གཉིས་སྦྱོར་ཞེས་པ་ནི་ཉི་མ་སྣང་བ་ལ་བྱ་ལ། ཟླ་བ་སྟོང་པ་ལ་བྱ། ཡང་ན་ཉི་མ་ནི་ཐབས་ལ་བྱ་ལ། ཟླ་བ་ཤེས་རབ་ལ་བྱའོ། །གཉིས་སྦྱོར་ཞེས་པ་ནི་སྣང་སྟོང་ངམ། ཐབས་ཤེས་གཉིས་སུ་སྦྱོར་མ་ཤེས་ན་ཆུའི་རླབས་ལྟར་རྣམ་པ་མང་ཞེས་པ་ནི། ཆུ་རྒྱ་མཚོ་གཅིག་ལ་རླབས་དུ་མར་གྱུར་པ་བཞིན་དུ། དོན་གཉིས་མེད་གཅིག་ལ་རྟོག་ཚོགས་དྲན་པ་དུ་མར་འགྱུར་སྐད། འོ་ན་ཉི་ཟླའི་གཉིས་སྦྱོར་དེ་ཞེས་ན་བྱས་པ་ལ། དེ་ཉིད་གཅིག་ཏུ་གྱུར་པ་ན། །འདི་ལ་ཐ་དད་བཟུང་བ་མེད། །ཅེས་པ། དེ་ཉིད་ཅེས་པ་ནི་གཉིས་སྣང་གི་རྟོག་པ་གོང་དུ་བཤད་པ་དེ་ཉིད་དོ། །གཅིག་དུ་གྱུར་པ་ན་ཞེས་པ་ནི། གཉུག་མ་དེ་ཉིད་ལ་དྲན་པ་རང་རྒྱུད་པ་མེད་དེ། དྲན་པའི་ངོ་བོ་གཉུག་མ་དང་གཅིག་པར་གྱུར་པ་ན། འདི་ལ་ཐ་དད་འབྱུང་བ་མེད་ཅེས་གསུངས་ཏེ། འདི་
XXX ལ་ཞེས་པ་གང་ཡིན། ཆོས་ཉིད་གཉུག་མ་དེ་ཉིད་ལ་དྲན་པ་རང་རྒྱུད་པ་འབྱུང་བ་མེད་གཉུག་མ་ཆོས་ཉིད་ཀྱི་ངང་དུ་དྲན་པ་གཅིག་ཅེས་པའོ། །ཙོ་རང་གི་ཡིས་གསུངས་པ། འདི་ལ་ཉེས་པ་རྡུལ་ཙམ་མེད། །སྦྱོར་བས་བྱུང་བ་མ་ཡིན་ནོ། །ཞེས་གསུངས་སོ། །འདི་ལ་ཉེས་པ་རྡུལ་ཙམ་མེད་པ། གང་ལ་མེད་ན་ཆོས་ཉིད་གཉུག་མ་འདི་ལ་མེད་ཅེས་པའོ། །གང་གིས་ཉེས་པ་མེད་ན་གོང་དུ་བཤད་པའི་དྲན་པ་རང་རྒྱུད་པའི་ཉེས་པ་རྡུལ་ཙམ་ཡང་མེད་ཅེས་པའོ། །དེ་ཅིས་མེད་ན། སྦྱོར་བས་བྱུང་བ་མ་ཡིན་ནོ། །ཞེས་པ་སྦྱོར་བ་ནི། ཐབས་དང་ཐབས་བྱུང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ཆོས་ཉིད་རང་ལུགས་ཀྱི་ཡོན་ཏན་ནམ་སྣང་བ་ཙམ་ཡིན་ཞེས་པའི་དོན་ཏོ། །བི་ན་ས་ཡིས་གསུངས་པ། མི་རྟོག་པ་ཡི་རྒྱ་མཚོ་ལ། །རྟོག་པའི་རི་བོ་རྣམ་པར་ནུབ། །འཛིན་པའི་སྣང་བ་ཆོས་ཉིད་ལ། །བཟུང་བའི་རྟོག་པ་ག་ལ་ཡོད། །ཞེས་གསུངས་སོ། །མི་རྟོག་པ་ཞེས་པ་ནི། ཆོས་ཉིད་དྲན་པ་ཙམ་བྲལ་དཀའ་ལ་རྒྱ་མཚོ་ཆེན་པོ་ལྟ་བུ་དེ་རུ། རྟོག་པའི་ཞེས་པ་དྲན་པ་རང་རྒྱུད་པའི་རྟོག་པ་རི་བོ་དང་འདྲ་བ་དེ་སྒྲོན་མར་བྱས་ནས། རྣམ་རྟོག་ཆོས་ཉིད་དུ་ནུབ་པས་ནུབ་ཅེས་པའོ། །ནུབ་པའི་རྒྱུ་མཚན་ཅི་ཡིན་ན། འཛིན་པའི་སྣང་བ་ཆོས་ཉིད་ལ་ཞེས་པ་སྟེ། འཛིན་པའི་སྣང་བ་དེ་ཆོས་ཉིད་དུ་ཤེས་ཙམ་ན། དངོས་པོར་བཟུང་བའི་རྟོག་པ་མེད་པས་ན་གཟུང་བའི་རྟོག་པ་ག་ལ་ཡོད། ཅེས་དེ་ལྟར་ས་ར་ཧས། དྲན་པ་གཅིག་པའི་གདམས་ངག་བསྟན་ནས། དེ་ནས་སློབ་དཔོན་མཱི་ན་པས། འབྱུང་བ་ཟས་ཟ་གོས་གྱོན་གྱི་གདམས་ངག་ཅིག་བསྟན་ཏེ། བུམ་པའི་ལུས་ལ་འབྱུང་བའི་འོད། །སྟེང་དུ་ལྷ་ཡི་བདུད་རྩིར་ཞུ། །ཆོས་ཉིད་འོད་ཀྱི་གོང་
XXX བུ་ལ། །ཚོགས་དྲུག་རྟོག་པ་རྣམ་པར་ཟད། །ཅེས་གསུངས་སོ། །བུམ་པའི་ལུས་ལ་འབྱུང་བའི་འོད། །ཅེས་པ་ནི། དང་པོ་བསྐྱེད་རིམ་གྱི་དབང་དུ་བྱས་པ་ཡིན་ཏེ། དང་པོ་ལུས་ཀྱི་གཞལ་ཡས་ཁང་བུམ་པ་ལྟ་བུ་གཅིག་ཏུ་གྱུར་པར་བསྒོམ། དེའི་ནང་དུ་འབྱུང་བའི་འོད་ནི་ཡཾ་ལས་མེའི་རླུང་ཉི་མའི་དཀྱིལ་འཁོར་ལྟ་བུ་ཁ་དོག་དམར་པོ་རྒྱང་གྲགས་ཕྱེད་དང་གཅིག་བསྒོམ། དེ་རླུང་རྩུབ་པའི་དྲག་ཤུལ་ལས་རྃ་དམར་པོ་སྤྲོས་བསྡུས་པ་ལས་མེའི་ཁ་དོག་དམར་པོ་རླུང་དང་མཉམ་པར་བསྒོམ། དེའི་རླངས་པ་དང་ཟིལ་པ་ལས་མེའི་ཆུ་ཁ་དོག་དམར་པོ་འོད་ཀྱི་ཚུལ་དུ་བསྒོམ། དེའི་སྤྲིས་མ་ལས་སུ་སེར་པོ་སྤྲོས་བསྡུས་པ་ལས། མེའི་ས་གོང་དང་མཉམ་པར་བསྒོམ། དེའི་སྟེང་དུ་ལྷའི་བདུད་རྩི་ཞུ་ཅེས་པ་ནི། འབྱུང་བའི་འོད་ཀྱི་གཞལ་ཡས་ཁང་དེའི་སྟེང་དུ། སེམས་ཉིད་ཀྱི་དྭངས་མ་ནི་ལྷའི་ངོ་བོ་ཅན་ཧཱུྃ་དཀར་པོ་གཅིག་སྤྲོས་བསྡུས་པ་ལས་བདུད་རྩིར་ཞུ་ནས། རིམ་གྱིས་བྱུང་བ་དེ་དག་ལ་ཐིམ་པས། འབྱུང་བ་དེ་དག་ཕྱི་སྣོད་ཀྱི་ལུས་ཀྱི་བུམ་པ་གཅིག་ཏུ་གྱུར་ནས། སེམས་ཉིད་ལྷའི་ངོ་བོ་ས་མེ་རླུང་གི་རང་བཞིན་ཅན་དེ་ཆོས་ཉིད་ཀྱི་རང་བཞིན་ནམ། རྣམ་འཁྲུལ་ཧཱུྃ་དུ་སྤྲུལ་ནས། འོད་དུ་ཞུ་ནས། འོད་ཀྱི་བུམ་པའི་ནང་དུ་ཆོས་ཉིད་ཀྱི་གོང་བུར་ཡོད་པ་ལ། རང་གསལ་ཉི་མའི་སྙིང་པོ་ལྟ་བུ་སེམས་གཏད་པས། ཚོགས་དྲུག་གི་རྣམ་པར་རྟོག་པ་རྣམས་ཟད་པའམ་འགགས་ནས། ཚོགས་དྲུག་ཁ་ནང་དུ་བལྟས་པ་འོད་གསལ་བུམ་པའི་ནང་གི་མར་མེ་ལྟ་བུའི་རྟོགས་པ་སྐྱེས་ནས། ཏིང་ངེ་འཛིན་དེའི་དྲོད་རྟགས་ཀྱིས་ཕྱིའི་འབྱུང་བ་ནི་ལུས་ཀྱི་དྲོད་དུ་གྱུར་པས་གོས་སུ་གྱོན་ལ། ནང་རིག་པའི་འབྱུང་བ་ནི་ཏིང་ངེ་འཛིན་ཟས་
XXX སུ་ཟ་བ་ཡིན་སྐད། དེ་ལྟར་འབྱུང་བ་གོས་སུ་གྱོན་པ་དང༌། བྱང་སེམས་ཟས་སུ་ཟ་བའི་ཏིང་ངེ་འཛིན་གནོད་སྦྱིན་མོ་ལ་རྒྱུད་ལ་སྐྱེ་མ་ནུས་པས། དེ་རྒྱུད་ལ་བརྟེན་ནས་མངོན་དུ་འགྱུར་པ་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ། རིགས་དྲུག་རྟོག་པ་སྣ་ཚོགས་པ། །ལོག་སྲེད་བརྟས་པའི་མཐུ་ལས་བྱུང༌། །དེ་བཟློག་རིག་པའི་མཐུ་ལས་ནི། །སངས་རྒྱས་ཡིན་ཕྱིར་གང་འདོད་འབྱུང༌། །ཞེས་གསུངས་སོ། །རིགས་དྲུག་རྟོག་པ་སྣ་ཚོགས་པ་ཞེས་པ་ནི། རིགས་དྲུག་ནི་ཁམས་གསུམ་གྱི་སེམས་ཅན་ཡིན་པ་ལ། དེའི་རྟོག་པ་སྣ་ཚོགས་ནི་ལུས་ཀྱི་རྣམ་པ་མི་སྲིད་པ་མེད་པས། དེ་སྲིད་དུ་རྟོག་པ་ལ་སྣ་ཚོགས་སུ་སྲིད་པ་དེ་ཅི་ལས་བྱུང་ན། ལོག་སྲེད་བརྟས་པའི་མཐུ་ལས་བྱུང་ཞེས་པ། ལོག་སྲེད་ཅེས་པ་ནི་ཡང་དག་པའི་ལམ་ལས་ཕྱིན་ཅི་ལོག་གི་སྲེད་པ་དང་བཅས་པ། དེའི་མངོན་པར་ཞེན་པའི་མཐུ་བརྟས་པ་ལས་བྱུང་སྟེ། དེ་ཡང་རྟོག་པའི་རྒྱུ་སོ་སོ་བ་རེ་རེ་ཡོད་པ་མ་ཡིན། ལོག་སྲེད་ཀྱི་རྟོག་པ་ཞེས་པ་ཡང་བག་ཆགས་གཅིག་ལ་གཅིག་ཉིད་མཚམས་སྦྱར་བས། དེ་བཟློག་རིག་པའི་མཐུ་ལས་ནི། །སངས་རྒྱས་ཡིན་ཕྱིར་གང་འདོད་འབྱུང༌། །ཞེས་སོ། །དེ་བཟློག་ཅེས་པ་གང་བཟློག་ན། རིགས་དྲུག་གི་རྟོག་པ་ལོག་སྲེད་ལས་བྱུང་བ་དེ་བཟློག་པའོ། །གང་དུ་བཟློག་ན་ཡང་དག་པའི་དོན་གྱི་ཐོག་ཏུ་བཟློག་པས། དེའི་རིག་པའི་མཐའ་ལས་བདེ་བ་ཆེན་པོའི་ཡོན་ཏན་འབྱུང་སྐད། ཅིའི་ཕྱིར་འབྱུང་ན། སངས་རྒྱས་ཡིན་ཕྱིར་གང་འདོད་འབྱུང༌། །ཞེས་པ་སྟེ། གང་སངས་རྒྱས་ཡིན་ལ་སེམས་ཡིན་པའི་ཕྱིར་གང་འདོད་པའམ། གང་བསམ་པ་ལྟར་འབྱུང་ཞེས་པའོ། །དེ་ནས་
XXX གནོད་སྦྱིན་མོ་ཁྱོད་ཀྱང་ལོག་སྲེད་ཀྱི་རྟོག་པས་ལུས་དང༌། དེའི་ན་ཚ་ལ་སོགས་པ་མངོན་དུ་གྲུབ་ནས་འདུག་པ། དེས་ན་སེམས་ཉིད་འོད་ཀྱི་གོང་དུ་ཉི་མའི་སྙིང་པོ་ལྟ་བུར་མཐུ་བརྟས་ན། སྡུག་བསྔལ་བདེ་བར་འཆར་བ་ལ་ཐེ་ཚོམ་མེད་དོ་ཞེས་གདམས་སོ། །དེ་ནས་སློབ་དཔོན་ཤཱནྟི་པས་གདམས་པ་ནི། ཏོ་ལ་སྐྱེས་ཀྱི་ཤེས་པ་རྗེས་ཤེས་ཀྱིས་བཟློག་པར་བྱེད་པ། ཕྱི་ནང་གི་ལྟ་བ་དྲུག་ཅེས་པ་བསྟན་ཏེ། ཡུལ་གྱི་རྐྱེན་སྣང་འགག་པ་མེད། །ཆུ་ལ་ཆུ་བུར་ཇི་ལྟ་བུར། །རྗེས་ཀྱི་གཉེན་པོར་ལྡོག་པ་སྟེ། །ཆུ་ཡི་དབྱུག་པ་དེ་ལྟ་བུ། །ཞེས་པའོ། །ཡུལ་གྱི་རྐྱེན་སྣང་འགག་པ་མེད། །ཅེས་པ་ཡུལ་ནི་མིག་གི་ཡུལ་གཟུགས་ལ་སོགས་པ། རྣ་བ་དང་སྣ་དང་ལུས་དང་ཡིད་ལ་སོགས་པའི་རྐྱེན་གྱིས་སྣང་བའི་ཡུལ་འགག་པ་མེད་དེ། ཡུལ་ལ་བརྟེན་ནས་ཏོལ་སྐྱེ་བ་ཡིན་ཏེ། ཆུ་ལ་ཆུ་བུར་ཇི་ལྟ་བུར་ཞེས་པ། དཔེར་ན་ཆུ་ལས་ཆུ་བུར་ཏོལ་སྐྱེས་སུ་སྐྱེ་བ་མི་ཁེགས་པ་དང་འདྲ་བར། ཡུལ་གྱི་རྐྱེན་གྱིས་བྱས་པའི་སྣང་བ་མི་ཁེགས་པ་ནི། ཏོལ་སྐྱེས་ཀྱིས་ཤེས་པ་རྟ་པ་མདུང་ཐོགས་ཀྱིས་མེ་ཁེགས་པས་ན། དེ་ཕྱི་རོལ་གྱི་ཡུལ་དྲུག་གི་ལྟ་བ་ཡིན། ཡུལ་དྲུག་གི་ལྟ་བ་ཡིན་ན། དེ་ནི་ལོག་པའི་ཤེས་པ་ཡིན་པས་ལྟ་བ་ལོག་པར་མི་འགྲོའམ་བྱས་པ་ལ། དེ་མི་འགྲོ་སྟེ། ཡུལ་དྲུག་རང་རྒྱུད་པར་འཛིན་པ་ནི་ལོག་པར་ལྟ་བའི་ཕྱིར་དེ་ལས་བཟློག་ནས་རྗེས་ཀྱི་ཤེས་པས་ཏོལ་སྐྱེས་ཆོས་ཉིད་དུ་ཤེས་པ་ལ་ལྟ་བ་དུག་ཅེས་བྱའོ། །དེ་ཅིས་ཤེས་ན། རྗེས་ཀྱི་གཉེན་པོར་ལྡོག་པ་སྟེ། ཆུ་ཡི་དབྱུག་པ་དེ་ལྟ་བུ་ཞེས་པ་ནི། རྗེས་ཀྱི་གཉེན་པོ་རང་གང་ཡིན་ན། དེ་ནི་ཏོལ་སྐྱེས་ཀྱི་ཤེས་པ་རྟ་པ་
XXX མདུང་ཐོགས་ཀྱིས་མི་བཟློག་ཀྱང༌། ཚོར་བ་རྗེས་གཅོད་ཀྱི་ཤེས་པ་ཆུ་ལ་དབྱུག་པ་བརྒྱབ་པ་གཅིག་གིས་བཟློག་ནས། གཉེན་པོ་ཡེ་ཤེས་སུ་གནས་གྱུར་ཙམ་ན། ནང་གི་ལྟ་བ་དྲུག་ཅེས་བྱ་བ་ཡིན་ཏེ། དང་པོ་ཏོལ་སྐྱེས་དེ་རང་སྐད་ཅིག་མ་དང་པོ་སྤང་བྱ་ཉོན་མོངས་པ་རང་ཡིན། རྗེས་ཀྱི་ཤེས་པ་ལ་ཆུ་ལ་རལ་གྲི་བརྒྱབ་པ་ལྟ་བུ་དེ་སྤོང་བྱེད་གཉེན་པོ་སྟེ་ཡེ་ཤེས་ཡིན། དེས་སྤང་བྱ་སྤོང་བྱེད་གཉིས་མེད་དུ་རྟོགས་ཙམ་ན་ཡེ་ཤེས་འབའ་ཞིག་རང་ཡིན་པ་ལ། དེ་ལ་ནང་གི་ལྟ་བ་དྲུག་ཅེས་པ་ཡིན་པས། ཁྱོད་དེ་ལྟར་དུ་རྟོགས་པར་གྱིས་ཤིག་ཅེས་གདམས་པའོ། །དེ་ནས་མཁའ་འགྲོ་གཉིས་པོས་གྲུབ་ཐོབ་རྣམས་ལ་ཞུས་པའི་ལྷའི་དངོས་གྲུབ་རྣམ་པ་ལྔ་བསྒྲུབ་ཏུ་བཅུག་སྟེ། སློབ་དཔོན་ཁ་གརྦྷའི་འཕགས་པ་མི་གཡོ་བའི་སྒྲུབ་ཐབས་བསྡུས་པ་དང༌། ཀ་ན་རི་པས་ཕ་རོལ་ཕྱིན་མའི་སྒྲུབ་ཐབས་དང་གཉིས། ཌོམ་བྷི་པའི་བདེ་མཆོག་དགྱེས་རྡོར་གཉིས་མེད་ཀྱི་སྙིང་པོ་ཉ་སྙིང་གི་སྒྲུབ་ཐབས་དང་གསུམ། ཙ་ལོ་ཀའི་ཚེ་དཔག་མེད་དང་བཞི། ནཱ་རོ་པའི་ཡི་གེ་བརྒྱ་པའི་བཤགས་སྒྲུབ་དང་ལྔའི་གདམས་ངག་ཕོག་ནས་བསྒྲུབ་པ་བྱེད་དུ་བཅུག་པས། གནོད་སྦྱིན་མོས་དངོས་གྲུབ་མྱུར་བ་མོས་པའི་ཤུགས་ཀྱིས། ཡུལ་དང་ཡུལ་ཅན་རང་རྒྱུད་པར་བསྒྲུབ་པས་རྟགས་དང་མཚན་མ་ནི་རྨི་ལམ་གྱི་ཆ་ཙམ་གཅིག་ཀྱང་བྱུང་བར་མ་གྱུར་ནས། གནོད་སྦྱིན་མོས་ངག་ཏུ་བརྗོད་པ་ལྷ་དང་ལྷ་མོ་བྱ་བ་དེ་མེད་པར་གདའ། དངོས་གྲུབ་བྱ་བ་གཅིག་ཀྱང་མེད། །མེད་པའི་ལྷ་བསྒོམ་པ་དང༌། སྙིང་པོ་བགྲང་བ་དེ་ཤིན་ཏུ་ཚིག་པ་ཟ་བར་བྱུང་ཟེར་ནས། མཁའ་འགྲོ་མ་གཉིས་པོ་སྨྲས་པ། གོང་མ་ཀུན་ལ་དངོས་གྲུབ་བྱུང་
XXX ནས་ཁྱེད་ལ་མ་བྱུང་བ་དེ་རང་རྒྱུད་མ་འབྱོངས་པས་ཉེས་པ་ཡིན་ཞེས་སྨྲས་པ། རང་རྒྱུད་ཟེར་བ་དེའང་ད་རུང་མ་གོ་ཟེར། རང་རྒྱུད་ཀྱི་གོ་བ་བསྟན་པ། གཞོན་ནུ་མཛེས་པའི་ས་བོན་ཅན། །འགྲོ་བ་ཀུན་ལ་ཁྱབ་པར་གནས། །དབང་པོ་རབ་སྣང་འཛིན་པར་འགྱུར། །ཡེ་ཤེས་གཅིག་གིས་སྣང་བ་འཛིན། །ནམ་མཁའ་སྤྲིན་གྱི་གཟུགས་བྱེད་ཡིན། །མེ་ལོང་ལས་ནི་གཟུགས་བརྙན་སྣང༌། །རང་གིས་བརྟགས་ན་དེ་ལྟ་བུ། མུན་པས་སྣང་བའི་དོན་བྱེད་མིན། །དེ་ཡང་གསང་བའི་སྟབས་ཀྱིས་སྤྱད། །ཅེས་གདམས་སོ། །འདི་ལ་དོན་གཉིས་ཀྱིས་བསྟན་ཏེ། དང་པོ་བསྐྱེད་རིམ་ལྷའི་མན་ངག་གི་གཟེར་བུ་ཆུང་བསྟན་པ་དང་གཅིག །བརྡའ་དོན་ཐབས་ཀྱི་མན་ངག་དང་གཉིས་ཀྱིས་སྟོན་པ་ལ། དང་པོ་ནི་གཞོན་ནུ་མཛེས་པའི་ཆ་བྱད་ཅན། །འགྲོ་བ་ཀུན་ལ་ཁྱབ་པར་གནས། །དབང་པོ་རབ་སྣང་འཛིན་པར་འགྱུར། །ཡེ་ཤེས་གཅིག་གི་སྣང་བ་ཡིན། །ཞེས་པས་སྟོན་ཏེ། དེ་ལ་གཞོན་ནུ་མཛེས་པའི་ཞེས་པ་ནི། བསྐྱེད་རིམ་གྱི་ལྷ་དེ་ཡང་འདྲ་བ་གཅིག་ཡིན་བྱས་པས། གཞོན་ནུ་མཛེས་པའི་ཆ་བྱད་དམར་བཞིན་ཅན་ཡིན་ཏེ། དེ་ལ་འབྱུང་བའི་ལུས་མེད་པས་སྐྱེ་རྒས་དང་ལང་ཚོའི་དྲི་མ་མེད་དེ་གཞོན་ནུ་ཡིན། ཀུན་བརྟགས་ཀྱིས་མི་མཛེས་པ་མེད་པས་ན་མཛེས་པ་ཞེས་པའོ། །ས་བོན་ཅན་ཞེས་པ་ནི་གང་གི་གཞོན་ནུ་མཛེས་པ་དང་འདྲ་བ་གཅིག་སྐྱེད་པར་བྱེད་པའི་ས་བོན་དེ་གང་ཡིན་ན་བྱས་པས། འགྲོ་བ་ཀུན་ལ་ཁྱབ་པར་གནས། །ཞེས་པ། འགྲོ་བ་རིགས་དྲུག་ཀུན་ལ་སྟེ་མ་ལུས་པར་ཁྱབ་པར་གནས་པ་སྟེ། རིགས་ལ་བཟང་ངན་དང་
XXX གནས་ལ་མཐོ་དམན་མེད་པར་ལྷ་བསྐྱེད་པར་བྱེད་པའི་ས་བོན། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཁྱབ་པར་གནས། །ཞེས་པའི་དོན་ཏོ། །དེས་ན་ལྟ་བ་འཛིན་པར་བྱེད་པ་ལ་ས་བོན་སེམས་ཉིད་སྣང་བ་ལས། དེ་མ་ཡིན་པའི་ལོག་པ་གཅིག་མེད་དེ། །དབང་པོ་རབ་སྣང་འཛིན་པར་འགྱུར། །ཞེས་པ། སེམས་ཉིད་ཀྱི་དབང་པོ་ཡིས། །བག་ཆགས་ཀྱི་རབ་ལྷའི་སྣང་བ་འཛིན་པར་འགྱུར་ཞེས་པའོ། །འོ་ན་བག་ཆགས་ཀྱི་རབ་ལྷའི་སྣང་བ་དེ་ཡིན་ནམ། དབང་པོའི་རབ་ཡིན་ན། དབང་པོ་ཡང་རབ་དེ་མཚན་མ་བསྒོམ་པ་ལ་ཟེར་རམ་བྱས་པས། དེ་མ་ཡིན་ཏེ། ལྷའི་གཟུགས་སྣ་ཚོགས་པ་དེ་རང་རྒྱུད་པ་མ་ཡིན་པར་སེམས་ཉིད་ཀྱི་རྣལ་འཕྲུལ་ལམ། རི་མོར་ཤེས་པ་དེ་ལ་དབང་པོ་རབ་སྣང་འཛིན་ཅེས་པའོ། །དེ་ཅི་སྟེ་བྱས་པས་ཡེ་ཤེས་གཅིག་གི་སྣང་བ་ཡིན་ཞེས་པ་སྟེ། ལྷ་རང་རྒྱུད་པ་ནི་མེད། ལྷ་སེམས་ཀྱི་རི་མོ་ལོངས་སྐུའི་བདག་ཉིད་ཅན་ཡིན་ལ། སེམས་ཉིད་མ་བཅོས་པ་ཆོས་སྐུ་ཡིན་ལ། དེ་ཉིད་ཅིར་སྣང་བ་མ་གྲུབ་ལ་ཅིར་ཡང་མ་འགགས་པས། སྐུ་གཉིས་ལ་ཁྱབ་སྟེ། དེས་ན་ཡེ་ཤེས་གཅིག་གི་སྣང་བ་ཡིན་ཞེས་པའོ། །དེ་ལྟར་ཤེས་ན་བསྐྱེད་རིམ་ལྷའི་མན་ངག་ཁོང་དུ་ཆུད་པ་ཡིན། །འོ་ན་དེ་ལ་བརྡ་དོན་ཐབས་ཀྱི་མན་ངག་གིས། བརྡ་གང་འདྲ་བ་གཅིག་གིས་བསྟན་ལ་དོན་ཅི་འདྲ་བ་གཅིག་མཚོན་བྱས་པས། ནམ་མཁའ་སྤྲིན་གྱི་གཟུགས་བྱད་འཛིན། །མེ་ལོང་ལ་ནི་གཟུགས་བརྙན་སྣང༌། །རང་གིས་བརྟགས་ན་དེ་ལྟ་བུར། །མུན་པས་སྣང་བའི་དོན་བྱེད་མིན། །དེ་ཡང་གསང་བའི་སྟོབས་ཀྱིས་སྤྱད། །ཅེས་པས་སྟོན་ཏེ།
XXX ནམ་མཁའ་སྤྲིན་གྱིས་གཟུགས་བྱད་འཛིན། །ཞེས་པ་ནི་དང་པོ་ནམ་མཁའི་བརྡ་ཡིས་བསྟན། དེ་ནས་སྤྲིན་གྱི་བརྡ་ཡིས་བསྟན། དེ་བཞིན་གཟུགས་བྱད་སྣང་བ་མེ་ལོང་གི་དཔེ་ཡང༌། གཟུགས་ཐ་དད་དུ་རང་རེ་ཡིས་གར་བལྟས་སུ་བརྡའི་དོན་ཤེས་པར་བྱའོ། །མུན་པས་སྣང་བའི་དོན་བྱེད་མིན། །ཞེས་པ་ནི་ནམ་མཁའ་དང་མེ་ལོང་ལ་སོགས་པའི་དཔེ་ཡིས་ཆོས་སྐུ་ལ་གསལ་བའི་དཔེ་བསྟན་ལ། ཆོས་སྐུ་དེས་སྐུ་གཉིས་པའི་རྟེན་དུ་འགྱུར་བའོ། །མུན་པའི་སྣང་བ་ནི་གཏི་མུག་དེ་ལ་མུན་པ་ཟེར་ལ། གཏི་མུག་དེས་སྐུ་གཉིས་པོ་སྣང་བའི་དོན་མི་བྱེད་པས་ན་དོན་བྱེད་མིན་ཅེས་པའོ། །དེ་ཉམས་སུ་ལེན་པའི་གང་ཟག་དམ་ཚིག་ཇི་ལྟ་བུ་གཅིག་གིས་ཉམས་སུ་བླང་བྱས་པས། དེ་ཡང་གསང་བའི་སྟོབས་ཀྱི་སྤྱད། །ཅེས་པ་སྟེ། གསང་བ་གང་ཡིན་ན། གསང་བའི་དོན་ནི་བཅུ་ཐམ་པ་སྟེ། རྟོག་པ་དང་པོའི་རྒྱུད་ལས། ཐོག་མར་བླ་མའི་མཛད་སྤྱོད་གསང༌། །དངོས་གྲུབ་སྟེར་བའི་འདོད་ལྷ་གསང༌། །བྱིན་རླབས་ཞུགས་པའི་དུས་ཚོད་གསང། །བླ་མས་བཏགས་པའི་གསང་མཚན་གསང༌། །གྲོལ་བྱེད་ལྷན་སྐྱེས་ཀྱི་ལྟ་བ་གསང༌། །ཉམས་ལས་བྱུང་བའི་དྲོད་རྟགས་གསང༌། །མཁའ་འགྲོས་ལུང་བསྟན་གྱི་མཚན་མ་གསང༌། །རྟོག་མེད་སྤྱོད་པ་ཤུགས་འབྱུང་གསང༌། །བདུད་རྩི་ལྔ་ཡི་དམ་ཚིག་གསང༌། །སྒྲིབ་པ་ཟད་པའི་དངོས་གྲུབ་གསང༌། །ཅེས་པའོ། །གསང་བ་བཅུའི་སྟོབས་ཀྱིས་མཐར་ཕྱིན་པའི་ལམ་མ་རྙེད་ཀྱི་བར་དུ་སྤྱད་ན་དངོས་གྲུབ་རྙེད་ཅེས་པའི་དོན་ཏོ། །དེ་ལྟར་བསྐྱེད་རིམ་ལྷའི་གཟེར་བུ་ཆུང་བསྟན་ནས། ད་ནི་རྩ་རླུང་གནད་ཀྱི་གདམས་
XXX ངག་གཟེར་བུ་ཆུང་བསྟན་པ་ནི། གནོད་སྦྱིན་མོའི་རྒྱུད་ལ། མཁའ་འགྲོ་མ་གཉིས་པོས་གྲུབ་ཐོབ་རྣམས་ཀྱི་རྩ་རླུང་གདམས་ངག་མང་དུ་བཤད་པས། མོ་ཡིས་སྦྱོར་བ་བྱས་པ་ཙམ་གྱིས་ཟུག་རྔུ་ལངས་ནས། བདེ་བ་སྐྱེ་བར་མ་གྱུར་པར་མཐར་སྐྱོ་བར་གྱུར་ནས། དེ་ལ་བླ་མ་ཏེ་ལོ་པས་གདམས་པ་གསུངས་པ། ཡེ་ཤེས་གསལ་བའི་ཕྱག་རྒྱ་ནི། །ཕྱོགས་གཅིག་ལུས་ཀྱི་གནས་ལ་བཅས། །སྒྱུ་མའི་འཁྲུལ་འཁོར་དེ་ལས་ནི། །དབང་པོའི་ནུས་པ་བརྟས་པར་བྱེད། །ཅེས་གསུངས་སོ། །ཡེ་ཤེས་གསལ་བའི་ཕྱག་རྒྱ་ཅེས་པ་ནི། དོན་གཉུག་མ་འོད་གསལ་གྱི་ཡེ་ཤེས་དེ་གསལ་བྱེད་པ་ལ། གསང་སྔགས་པའི་ལུགས་གཞི་བསྒྱུར་ལམ་པ་རྣམས་རྟོག་ཚོགས་ལྷ་དང་ལྷ་མོའི་རང་བཞིན་དུ་གནས་བསྒྱུར་ནས། དོན་ཡེ་ཤེས་རྣམ་པ་ལྔར་གསལ་འདེབས་སྟེ། ཕྱོགས་གཅིག་དེ་ལྟར་དུ་མ་མཚོན་ནོ། །ཆགས་ལམ་པ་རྣམས་དེ་དང་མི་འདྲ་བར་ལུས་ཀྱི་ཕྱག་རྒྱའི་གནད་ལ་བརྟེན་ནས་རྩ་དང་རླུང་གི་མངོན་པར་རྟོག་པ་གཅིག་གིས་གཏན་ལ་འབེབས། གྲོལ་ལམ་པ་ཡེ་ཤེས་སྒྱུ་མ་ཙམ་དུ་གཏན་ལ་འབེབས། གྲོལ་ལམ་ཆེན་པོ་པ་ཡེ་ཤེས་རང་ཡང་མེད་ལ་ཡེ་ཤེས་ཀྱང་མེད་སྟེ། ཉོན་མོངས་པ་དང་རྣམ་པར་རྟོག་པ་རང་ཡང་མེད་ལ་ཡེ་ཤེས་ཀྱང་མེད། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་གཏན་ལ་འབེབས་པའོ། །དེས་ན་ཡེ་ཤེས་གསལ་བའི་ཕྱག་རྒྱ་ནི་གང་ལ་བརྟེན་ལ་འབེབས་ན། ཕྱོགས་གཅིག་ལུས་ཀྱི་གནད་ལ་བཅས་ཅེས་པ་ནི་དེ་ལ་བརྟེན་ནས་གཏན་ལ་འབེབས་པའོ། །འོ་ན་ལུས་ཀྱི་གནད་གང་ཡིན་བྱས་པ་ལ། ཐིག་ལེ་ནི་ཙཎྜ་ལཱི་དེ་ལུས་ཀྱི་གནད་ཡིན་ལ། གནད་དེ་ལ་བརྟེན་ནས་ཡེ་
XXX ཤེས་དེའི་དོན་གསལ་བར་བྱེད་པ་ཡིན། འོ་ན་དེའི་དཔེ་ཅི་འདྲ་བྱས་པས། སྒྱུ་མའི་འཁྲུལ་འཁོར་དེ་ལས་ནི། །དབང་པོའི་ནུས་པ་བརྟས་པར་བྱེད། །ཅེས་པ་ཡིན་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་འཁྲུལ་འཁོར་ལེགས་པར་བཅས་པས། དེ་ལ་དེ་ནས་སྤྲུལ་པའི་རྣམ་པ་དུ་མ་བྱུང་བ་དེ་ཡིན་ལ་སྒྱུ་མ་ཡིན་ཀྱང་མིག་གི་དབང་པོའི་ནུས་པ་བརྟས་པར་བྱེད་པ་དེ་བཞིན་དུ། ལུས་ཀྱི་གནད་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་ཡེ་ཤེས་དེ་གསལ་བར་བྱེད་པ་ཡིན། ཅེས་པའི་དོན་ཏོ། །རྩ་རླུང་གི་གནད་ཀྱི་གདམས་པ་དེ་ཡིན་ལ་པ། དེ་ལ་བརྡ་དོན་ཐབས་ཀྱི་གདམས་ངག་ཅི་འདྲ་བ་སྟོན་བྱས་པས། བླ་མས་གསུངས་པ། ན་རི་ཀེ་ལའི་ཤིང་བཞིན་དུ། །ཤ་དང་རུས་པ་རྐང་མར་རྣམས། །སྐྱེད་པར་བྱེད་པ་གང་ཡིན་པ། །དེ་བཞིན་རྩ་དང་རླུང་རྣམས་སོ། །ཅེས་པས་བསྟན་ཏེ། དང་པོ་བརྡ་ཇི་ལྟར་སྟོན་བྱས་པ་ལ། ཁྱོད་ཀྱིས་ན་རི་ཀེ་ལའི་ཕྱིའི་ཤ་དང་བར་གྱི་རུས་པ་དང་ནང་གི་རྐང་མར་གསུམ་པོ་དེ་ཇི་ལྟར་དུ་བསྐྱེད་ཆ་ཡོད་དམ་བྱས་པ་ལ། ཡོད་ན་ཡང་བརྡའམ་དཔེ་རུ་འདོད། མེད་ན་ཡང་བརྡའམ་དཔེ་རུ་འདོད་སྟེ། དེ་བཤད་ན་ཤ་བསྐྱེད་པར་བྱེད་པ་ནི་རྩའི་ཡན་ལག་རྒྱས་པ་དེ་ལས་བསྐྱེད། བར་གྱི་རུས་པ་བསྐྱེད་པ་ནི་སྡོང་པོ་ཡིན་ལ། ནང་གི་རྐང་མར་བསྐྱེད་པ་ནི་དེ་དག་གི་བཅུད་ལས་བྱུང་བའོ། །དེ་བཞིན་དུ་རྩ་དང་རླུང་རྣམས་སོ། །ཅེས་པ་ནི། བརྡའི་དཔེ་དོན་དེ་བཞིན་དུ། རྩ་བ་དང་སྡོང་པོ་ལ་བརྟེན་ནས་འབྲས་བུ་ན་རི་ཀེ་ལ་དེ་ཤ་དང་རུས་པ་དང་རྐང་མར་དུ་གྲུབ་པ་དེ་བཞིན་དུ། རྩ་དང་རླུང་གི་སྦྱོར་བའི་རྟེན་འབྲེལ་དེ་ལ་བརྟེན་ནས། འབྲས་
XXX བུ་ཡེ་ཤེས་ཀྱི་སྣང་བ་སྐུ་གསུམ་དུ་འཆར་ཞེས་པའི་དོན་ཏོ། །དེས་རྩ་རླུང་གནད་ཀྱི་གདམས་པ་བསྟན་ནས། དེ་ནས་དེ་ཐམས་ཅད་ཀྱི་དོན་ཆོས་ཉིད་ཐོབ་པར་བྱེད་པ་ཡིན་པས་ན། ལྟ་སྒོམ་གྱི་མན་ངག་བླ་མས་བསྟན་པ་ནི། རྒྱུ་མེད་འབྲས་བུ་མེད་པ་རུ། །ཀུན་གྱིས་གསལ་བར་སྟོན་པར་བྱེད། །དཔེ་ཡིས་མ་ཡིན་ཐ་སྙད་མེད། །མ་བྲལ་བ་ལ་གསལ་ཅི་དགོས། །ཤོར་དང་གོལ་བས་མ་བསྐྱེད་པའོ། །འཁྱམས་མེད་ལྟེངས་པ་དེ་ལས་ལོག །ཅེས་གསུངས་སོ། །འདིར་ལྟ་བའི་དོན་གང་ཡིན་བྱས་པས། ལྟ་བའི་དོན་གཉུག་མ་འོད་གསལ་གྱི་ཡེ་ཤེས་བྱ་བ་གཅིག་ཡིན་ཏེ་དེའི་དཔེ་གང་གིས་མཚོན་ན་རྒྱུ་མེད་འབྲས་བུ་མེད་པ་རུ་ཅེས་པ་དེས་བསྟན་ཏེ། རྒྱུ་མེད་པ་གང་ལྟ་བུ་བྱས་པས། ནམ་མཁའ་ལྟ་བུ་ཡིན་ཏེ། རྒྱུ་གང་གིས་བསྐྱེད་ན་བྱས་པས། གང་གིས་བསྐྱེད་པ་མེད། འོ་ན་དེ་ལ་འབྲས་བུ་ཡོད་དམ་མེད་བྱས་པས། རྒྱུ་མེད་པས་འབྲས་བུ་ཡང་མེད་སྐད། འོ་ན་ཅི་ཡང་མེད་པ་གཅིག་ཡིན་ནམ་བྱས་པས། དེ་མ་ཡིན་ཏེ། བསྐྱེད་བྱ་གཅིག་དང་སྐྱེད་བྱེད་གཅིག་གིས་བསྐྱེད་པའི་རྒྱུ་འབྲས་ལྟ་བུ་ཆོས་སྐུ་དེ་ལ་མེད་ཀྱང༌། འབྲས་བུ་གཟུགས་སྐུ་གཉིས་གསལ་བར་སྟོན་པ་ནི་འགག་པ་མེད་པ་སྟེ། དཔེར་ན་ནམ་མཁའ་ཆེན་པོ་དེ་ལ། བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་རྒྱུ་འབྲས་བུ་དམིགས་པ་མེད་པ་རུ། ཀུན་གྱིས་གསལ་བར་སྟོན་པར་བྱེད་དེ། ནམ་མཁའ་རང་གི་ངོ་བོ་འདི་བྱ་བ་མེད་ཀྱང་ཐམས་ཅད་ཀྱི་གོ་འབྱེད་པར་བྱེད་པས་ན་ཀུན་གྱི་གསལ་བར་སྟོན་ཅེས་པའོ། །དཔེ་དེ་བཞིན་དུ་གཉུག་མ་སེམས་ཉིད་འོད་གསལ་དེ་ལ་ནམ་མཁའ་ཆེན་པོ་ལྟར། ངོ་བོ་
XXX འདི་བྱ་བ་མེད་ཀྱང་སྐུ་རྣམ་པ་གཉིས་གསལ་བར་སྟོན་པ་འགག་པ་མེད་ལ། ཆོས་སྐུ་རང་གི་ངོ་བོ་ནི་གང་གིས་ཀྱང་མཚོན་དུ་མེད་པས་ན། དཔེ་ཡིས་མ་ཡིན་ཐ་སྙད་མེད་ཅེས་པའོ། །འོ་ན་ཉམས་སུ་མྱོང་བར་མི་བཏུབ་བམ་བྱས་པ་ལ། དེ་ཉམས་མྱོང་མེད་པའི་ཉམས་ལེན། བསྒོམ་རྒྱུ་མེད་པའི་བསྒོམ་པ། རྒྱུན་མི་འཆད་པའི་བསམ་གཏན། ཐོབ་རྒྱུ་མེད་པའི་འབྲས་བུ་བྱ་བ་གཅིག་ཡེ་ནས་མི་འབྲལ་བར་ཡོད་པས། དེ་ལ་ཉམས་མྱོང་གསལ་མི་དགོས་པས་ན། མ་བྲལ་བ་ལ་གསལ་ཅི་དགོས་པ་ཞེས་བྱའོ། །འོ་ན་མ་བྲལ་བ་དེ་རང་ཅི་འདྲ་བ་གཅིག་མ་བྲལ་བར་ཡོད་བྱས་པས། དེ་ཤོར་སར་མ་ཤོར་བར། གོལ་སར་མ་གོལ་བ། བཏང་སར་མ་འབྱོམས་པ། བཞག་སར་མ་ལྟེངས་པ། བཏང་སྙོམས་ཀྱི་རྟོག་པ་ལས་ལོག་པ་གཅིག་མ་བྲལ་བར་ཡོད་ཅེས་བྱའོ། །ཤོར་དང་ཅེས་པ་ཤོར་ས་གང་ཡིན་བྱས་པས། ཤོར་ས་བཞི་ཡོད་དེ། དང་པོ་འོད་གསལ་སྟོང་པ་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་བྱ་བ། མཚན་ཉིད་ཀྱི་ཐེག་པ་ཆེན་པོ་དབུ་མ་ལ་སོགས་པ་ཁ་ཅིག་གཅིག་དང་དུ་བྲལ་གྱི་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས། སྟོང་ཉིད་ནམ་མཁའི་དཀྱིལ་ལྟ་བུ་དེ། རྣམ་རྟོག་གིས་བྱས་པས་རྟོག་པ་བསྒོམ་པ་ཡིན། སྔགས་པས་ཕྱི་སྣོད་བཅུད་ལ་རིམ་གྱིས་བསྡུས་པའམ། སྭ་བྷཱ་ཝའི་སྔགས་གྱི་སྒོ་ནས་བློ་ཡིས་སྟོང་པ་ཉིད་ནམ་མཁའ་རྣམ་པར་དག་པ་ལྟ་བུར་བྱས་ནས། དེ་ལ་བློ་འཇོག་པའོ། །དེ་གཉིས་ཀ་བློས་བྱས་ཡིན་པས་ཤོར་ས་ཡིན་ནོ། །འོད་གསལ་སྟོང་པ་ཉིད་རྒྱས་འདེབས་སུ་སྦྱོར་བ་ནི། སྦྱིན་པ་ལ་སོགས་པ་བཏང་བའི་ཡུལ་དང༌། གཏོང་བའི་མཁན་པོ་དང༌། བཏང་བྱའི་དངོས་པོ་ཐམས་ཅད་མི་དམིགས་པར་སྟོང་པ་ཉིད་དུ་རྒྱས་བཏབ་ནས་བསྒོམ་པ་ཡིན་ཏེ། དེ་ཡང་བློས་བྱས་
XXX སོ། འོད་གསལ་སྟོང་པ་ཉིད་ཉོན་མོངས་པའི་གཉེན་པོར་ཤོར་བ་ནི། འདོད་ཆགས་ཞེ་སྡང་ལ་སོགས་པ་གང་སྐྱེས་ཀྱང༌། དེ་དང་པོ་གང་ནས་ཀྱང་མ་སྐྱེས། ད་ལྟ་ཅིའི་ངོ་བོར་ཡང་མ་གྲུབ། ཐ་མ་འདིར་འགག་བྱའམ། འགག་པ་མེད་པར་སྟོང་ཉིད་དུ་བློ་འཇོག་པའོ། །འོད་གསལ་སྟོང་པ་ཉིད་ལམ་དུ་ཤོར་བ་ནི། ཆགས་ལམ་པས་འབྲས་བུ་བཟང་བ་གཅིག་ལོག་ན་ཡོད་པར་བྱས་ནས། དེའི་ལམ་མམ་ཐབས་སུ་སྟོང་པ་ཉིད་བློའི་ཡུལ་དུ་བྱས་ནས་བསྒོམ་པས་ཆོས་སྐུ་ཐོབ་དུ་རེ་བ་དེ་བློས་བྱས་པ་ཡིན་པས། གང་ཚེ་སྟོང་པ་ཐབས་མ་ཡིན། །གང་ཚེ་སྟོང་པ་ཐབས་ཡིན་ན། །རྒྱུ་ལས་འབྲས་བུ་གཞན་ཡིན་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ཅེས་པའོ། །ཤོར་ས་དེ་བཞི་སྤངས་པ་གནས་ལུགས་ནི། རྟོག་པ་ཐམས་ཅད་དང་བྲལ་བ་བློའི་ཡུལ་ལས་འདས་པའོ། །བདེ་བ་སྐྱེས་ན་དགའ། མ་སྐྱེས་ན་མི་དགའ་བའི་ཉམས་ནི། རྟོག་པ་སྐྱེས་ནས་འདོད་ཁམས་སུ་གོལ་བ་ནི། མི་རྟོག་པར་ཡིད་ལ་བྱས་ན་ཡང་གཟུགས་མེད་པར་གོལ་བ་ཡིན། དབྱེར་མེད་ལ་ཆགས་ཤིང་ཞེན་ན་ཡང་ཉན་ཐོས་རང་རྒྱལ་དུ་གོལ་བ་ཡིན། བཞག་པར་ལྟེངས་པ་ནི། དེ་རྣམས་སྤངས་པའི་ཤེས་པ་མ་བཅོས་པ་ལ་བཞག་པས་མི་རྟོག་པ་སྐྱེ་མེད་དུ་ལྟེང་དེ་འདུག་པའོ། །བཏང་སར་འཁྱམས་པ་ནི་རྟོག་པ་གཅིག་རྟིང་ནས་གཅིག་བྱུང་བའི་བཏང་སྙོམས་གྱི་རྟོག་པ་ནི་བསྒོམ་མི་དགོས་འདི་ཉིད་ཆོས་སྐུ་ཡིན་ཟེར་བ་དེ་ཡིན། དེ་ལས་ལོག་པ་ནི་བཏང་སྙོམས་ཀྱི་རྟོག་པ་དེ་ལས་ལོག་པའོ། །དེས་ལྟ་བའི་འོད་གསལ་བསྟན་ནས། དེ་བསྒོམ་པའི་དོན་ནི། དེ་དང་མ་བྲལ་བ་གཅིག་ལ་བྱ་སྟེ། དེ་ལ་ལྟ་བ་སེམས་འོད་གསལ་དང༌། ལུས་སྒྱུ་ལུས། དེ་མཚམས་སྦྱོར་རྨི་ལམ་དང་བར་དོ། ཏིང་ངེ་འཛིན་འཕོ་
XXX བ་དང་གྲོང་འཇུག་ཅེས་པས་བསྟན་ཏེ། འདིའི་དོན་ནི། སློབ་དཔོན་ཏེ་ལོ་བ་ཉིད་ཀྱིས་གནོད་སྦྱིན་མོའི་རྒྱུད་ལ་ཇི་ལྟར་བསྟན་ཡང་གོ་བར་མ་གྱུར་ནས། དེ་ལ་གདམས་ངག་གི་ལམ་ཁྲིད་དུ་གསུངས་སོ། །དེ་ལ་ལྟ་བའི་འོད་གསལ་ནི་གོང་དུ་བསྟན་ན། དེ་ལུས་སྒྱུ་ལུས་མཚམས་སྦྱོར་རྨི་ལམ་བར་དོ་ལ་མཚམས་སྦྱོར་པ་གཉིས་ཇི་ལྟར་སྦྱོར་བྱས་པས། བར་དོ་གསུམ། སྒྱུ་ལུས་གསུམ། མངོན་དུ་བྱ་བ་གསུམ། བསྲི་བ་གསུམ། མཚམས་སྦྱོར་གསུམ། དེ་ལྟར་ཆོས་ལྔ་གསུམ་བཅོ་ལྔས་བསྟན་པ་ལ། དེ་ལ་དང་པོ་རྣམ་པ་ལྔ་ནི་འདི་སྐད་དུ་བཤད་དེ། སྐྱེས་ནས་མ་ཤིའི་བར་དོ་རུ། །རྣམ་སྨིན་ལུས་ཀྱི་རྟོག་པ་ལ། །འདོད་ཆགས་འོད་གསལ་དག་ཏུ་འགྱུར། །བླ་མའི་གདམས་ངག་ངོ་མཚར་ཆེ། །ཞེས་གསུངས་པའོ། །སྐྱེས་ནས་མ་ཤིའི་བར་དག་ཏུ། ཞེས་པ། སྐྱེ་ཤིའི་བར་དོའི་གོ་བ་ལ་བཞག་པ་ཡིན་ཏེ། སྐྱེ་ཤི་ནི་མ་ཤིའི་བར་དེ་ལ་སྐྱེ་ཤི་བར་དོ་ཟེར་བ་ཡིན་ཏེ། རྣམ་པ་རྟོག་པ་ཐམས་ཅད་མངོན་དུ་བྱེད་པའི་དུས་ཡིན། ལུས་གསུམ་གྱི་ནང་ན་འབྱུང་བ་ལས་བསྐྱེད་པ་རྣམ་པར་སྨིན་པའི་ལུས་ཡིན་པས་ན། རྣམ་སྨིན་ལུས་ཀྱི་རྟོག་པ་ལ། ཞེས་བྱའོ། །རྟོག་པ་དེ་ལ་མངོན་དུ་གང་བྱེད་བྱས་པ་ལ། མངོན་དུ་འོད་གསལ་བྱེད་པ་ཡིན། འོ་ན་བསྲེ་བ་གང་དང་བསྲེ་ན་ཉོན་མོངས་པ་འདོད་ཆགས་བསྲེ་བས་ན། འདོད་ཆགས་འོད་གསལ་དག་ཏུ་འགྱུར། ཞེས་པའོ། །འདོད་ཆགས་ཇི་ལྟར་བསྲེ་ན། བསྒྱུར་ལམ་པ་རྟོག་ཚོགས་ལྷ་དང་ལྷ་མོར་འདོད་པའམ། ཆགས་ལམ་པ་རྩ་དང་ཐིག་ལེ་ནཱ་ད་ལ་བརྟེན་པའི་བདེའམ། གྲོལ་ལམ་པ་གཏུམ་མོ་ལ་བརྟེན་པའི་བདེ་བ་སྟེ། གྲོལ་ལམ་ཆེན་པོ་པས་བདེ་བ་དེ་དག་ལ་མ་ཞེན་པར་འོད་གསལ་དུ་རྟོག་པ་ལ་འདོད་ཆགས་དང་བསྲེ་ཞེས་
XXX པའི་དོན་ནོ། །དེའི་མཚམས་གང་གིས་སྦྱོར་ན། བླ་མའི་གདམས་ངག་ངོ་མཚར་ཆེ་ཞེས་པ་སྟེ། དེའི་མཚམས་བླ་མའི་གདམས་ངག་གི་སྦྱོར་ཏེ། གོང་དུ་བཤད་པའི་དོན་ཐམས་ཅད་མཚམས་སྦྱོར་རོ། །འོ་ན་འདིར་རྨི་ལམ་དུ་སློང་བ་ཞེས་བྱ་བ་ཚེ་འདི་ལ་ལམ་དུ་སློང་བ་ཡིན་ཏེ། སྦྱོར་བ་དང་ནི་དངོས་གཞི་ལས། །གཟུང་བ་དང་ནི་སྦྱོང་བ་དང༌། །སྒྱུ་མར་བསླབ་ཅིང་ཡ་ང་སྤངས། །དེ་ཉིད་མི་འདའ་བསྒོམ་པར་བྱ། །ཞེས་བཤད་དེ། འདི་ལ་དང་པོ་སྦྱོར་བ་དང༌། དངོས་གཞི་གཉིས་ལས། དང་པོ་སྦྱོར་བ་བསྟན་པ་ནི། སྦྱོར་བ་དང་ནི་ཞེས་པས་བསྟན་ཏེ། དང་པོ་འདི་ལ་འཇུག་པའི་གང་ཟག་གིས། ལས་འཕྲོ་མེད་པ་དང༌། དམ་ཚིག་ཉམས་པ་དང༌། ཚོགས་མ་བསགས་པ་དང༌། བླ་མ་ལ་བརྙས་ཤིང་མ་མཉེས་པ་ཡོད་ན་རྨི་ལམ་མི་ཟིན་པས། དེས་བཤགས་པ་བྱ། ཡི་གེ་བརྒྱ་པ་གདོན། བླ་མ་དང་དཀོན་མཆོག་ལ་མོས་གུས་དྲག་པོ་བྱ་སྤོང་དག་དང་ཚོགས་སོགས་དྲག་པོ་བྱ་བ་ནི་དང་པོའི་སྦྱོར་བའོ། །དངོས་གཞི་བཞི་ཡོད་པ་ལས། དང་པོ་རྨི་ལམ་ངོས་བཟུང་བ། གཉིས་པ་སྦྱོང་བ། གསུམ་པ་སྒྱུ་མར་བྱིན་གྱིས་རླབས་ཅིང་ཡང་སྤང་བ། བཞི་པ་དེ་ཁོ་ན་ཉིད་བསྒོམ་པའོ། །དང་པོ་ནི་གཟུང་བ་དང་ཞེས་པས་བསྟན་ཏེ། གཟུང་བ་ནི་རྨི་ལམ་བཟུང་བར་བྱ་བ་ཡིན་ཏེ། ཇི་ལྟར་བཟུང་བར་བྱ་ན། སྔོན་དུ་རྨི་ལམ་ལ་མོས་པའི་དང་བ་དང་འདུན་པ་དྲག་པོ་ཡིད་ལ་བྱ། ཉིན་པར་གྱི་དུས་སུ་རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་སྙམ་པའི་དྲན་པ་ཡང་དང་ཡང་དུ་བྱ། དེ་ཡང་དེ་བཞིན་གཤེགས་པའི་ཞིང་ཁམས་ལྟ་བ་ལ་སོགས་པ་སེམས་ལ་ཅི་མནོ་བ་རྨི་བར་བྱའོ་སྙམ་དུ་སེམས་སོ། །དེ་ནས་སྔགས་དང་སྟན་འབོལ་བ་མཐོ་བར་བྱས་ལ། གཞོགས་གཡས་པ་ས་ལ་ཕབ་སྟེ། ལག་
XXX གཡོན་པ་བརླའི་སྟེང་དུ་བརྐྱང་ཞིང༌། ལག་པ་གཡས་པ་འགྲམ་པ་ལ་སྦྱར་ལ་ཉལ་ལོ། །མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པོ་གཅིག་བསམ། དེའི་ལྟེ་བ་ལ་ཨ་དཀར་པོ་གཅིག་བསམ་ལ་ཉལ་བས་ཐ་མལ་གྱི་གཉིད་དུ་མི་འགྲོ་བའོ། །དེ་ནས་གཉིད་དུ་འགྲོ་བའི་དུས་སུ་དྲན་པ་དུང་བ་བྱ། དེ་ནས་སྲོད་ལ་སྨིན་ཕྲག་ཏུ་ཐིག་ལེ་དཀར་པོ་གཅིག་ལ་སེམས་བཟུང་ཞིང་ཉལ་བས་གཉིད་ལོག་གོ །དེ་ནས་ཐོ་རངས་ཀྱི་དུས་སུ་མགྲིན་པའི་ཨ་ལ་སེམས་གཏད་ལ། རྨི་ལམ་ལ་རྨི་ལམ་དུ་མ་ཤེས་ན་སད་པ་དང༌། ད་ཅི་ཡང་རྨི་ལམ་དུ་ངོ་མ་ཤེས་པའི་འདུན་པ་དྲག་པོ་བྱའོ། །གཉིད་སད་པའི་དུས་སུ་སྣང་སྲིད་རྨི་ལམ་དང་འདྲ་བར་ཤེས་པར་བྱ་སྟེ། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་མིག་ཡོར་ལྟ་བུར་ཤེས་པར་བྱའོ། །དེ་བཞིན་དུ་ཉིན་མཚན་དུ་བྱས་པས་རྨི་ལམ་མ་ཟིན་ནོ། །ཟིན་པའི་རྟགས་ཇི་ལྟར་འོང་ན། ཆུ་དང་མེ་དང་གཡང་ས་དང༌། འདེད་པ་དང་གསོད་པ་ལ་སོགས་པ་བྱུང་ཡང་རྨི་ལམ་མ་ཡིན་སྙམ་པའི་ཤེས་པ་འགའ་འབྱུང༌། དེ་ལྟར་བྱུང་བ་དང༌། རྨི་ལམ་གྱི་དུས་སུ་ཆོས་ཐམས་ཅད་རྨི་ལམ་དང་འདྲ་ཞེས་བཤད་པ་དེ་རེ་བདེན་སྙམ་པའི་མོས་པ་དང་འདུན་པ་དྲག་པར་བྱའོ། །དེ་ནི་རྨི་ལམ་བཟུང་བའོ། །དེ་ནས་རྨི་ལམ་ཟིན་ནས་སྲོད་ཀྱི་དུས་རང་ནས་རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་བྱའོ། །དེ་ཡང་རྨི་ལམ་བཟུང་བ་བསྟན་ནས། སྦྱོང་བ་དང་ཞེས་པས་རྨི་ལམ་སྦྱོང་བ་བསྟན་ཏེ། རྨི་ལམ་ཇི་ལྟར་སྦྱང་བྱས་པ་ལ། རྨི་ལམ་ཡིན་པས་ཇི་ལྟར་ཡང་སྦྱང་དུ་བཏུབ་སྙམ་པའི་འདུན་པ་དྲག་པོ་བྱས་ལ། རྨི་ལམ་གྱི་དུས་སུ་ཆུར་མཆོང་བ་དང༌། མེར་བསྲེག་པ་དང༌། གཡང་ལ་འཛེགས་པ་དང༌། སུམ་ཅུ་རྩ་གསུམ་གྱི་གནས་ལྟ་བ་དང༌། རྒྱ་གར་གྱི་གནས་ཆེན་ཉི་ཤུ་རྩ་བཞི་ལྟ་བ་དང༌། ཉི་ཟླ་རྐང་པས་མནན་པ་དང༌།
XXX ཡི་དམ་ལྷའི་ཞལ་ལྟ་ཞིང་ཆོས་ཉན་པ་དང༌། དེ་བཞིན་གཤེགས་པའི་ཞིང་ཁམས་ལྟ་ཞིང་དེ་དག་ལ་ཆོས་ཉན་པ་དང༌། རང་གི་སེམས་ལ་ཅི་མནོ་བྱའོ། །དེ་བཞིན་དུ་གོམས་པར་བསླབ་པ་ནི། རྨི་ལམ་སྦྱོང་བའོ། །རྨི་ལམ་སྒྱུ་མར་ཤེས་པར་བྱ་ཞིང་ཡ་ང་བ་སྤང་བར་བྱ་བ་ནི། སྒྱུ་མར་བསླབ་ཅིང་ཡ་ང་སྤང༌། །ཞེས་པས་བསྟན་ཏེ། རྨི་ལམ་སྦྱང་བའི་དུས་སུ་ཆུར་མཆོང་པ་ལ་སོགས་པ་བྱས་པས། ད་རུང་བག་ཚ་བའམ་འཇིགས་པ་ཡོད་སྙམ་བྱེད་ན། དེ་ནི་རྨི་ལམ་ཡིན་ལ་རྨི་ལམ་ནི་མི་བདེན་པ་ཡིན་པས། དེ་ལ་འཇིགས་སུ་ག་ལ་ཡོད་སྙམ་པ་བསྒོམས་པས། དེ་ཡ་ང་སྤོང་བའམ། དེ་ཁོ་ན་ཉིད་བསྒོམ་པ་ནི། དེ་ཉིད་མི་འདའ་བསྒོམ་པར་བྱ་ཞེས་པ་སྟེ། རྨི་ལམ་ཡིན་པས་སྦྱང་དུ་ཡང་ཅི་ཡོད་དེ། དེ་རང་སེམས་ཀྱི་འཁྲུལ་པར་ཤེས་པར་བྱ་སྟེ་དེ་ཉིད་བསྒོམ་པའོ། །དེའི་སྒོམ་ཐབས་ནི་བླ་མ་རྣམས་ཀྱི་གདམས་ངག་ནང་གི་བློ་ལ་གང་ཤར་བ་དེ་དག་མི་འབྲལ་བར་བསྒོམ་པའོ། །དེ་དག་ནི་རྨི་ལམ་ལམ་དུ་འཁྱེར་བ་སྟེ། ཚེ་འདི་ལ་བསླབ་པར་བྱའོ། །དེ་ནས་བར་དོ་གཉིས་པ་ནི། རྣམ་ཤེས་འགྱུར་བའི་བར་དོ་རུ། །བག་ཆགས་ལུས་ཀྱིས་ཀུན་ནས་བསླང༌། །མཚམས་སྦྱོར་མངོན་དུ་རྨི་ལམ་བྱ། །གཏི་མུག་འོད་གསལ་ཉིད་དུ་འགྱུར། །འདུན་པ་དྲག་པོས་རབ་ཏུ་སྦྱོར། །དེ་ལ་འདིར་བར་དོ་ནི་རྨི་ལམ་བར་དོ། ལུས་བག་ཆགས་ཀྱི་ལུས། མངོན་དུ་རྨི་ལམ་བྱེད་ལ། བསྲེ་ན་གཏི་མུག་དང་བསྲེ། འཚམས་དྲན་པ་དང་འདུན་པས་སྦྱོར་བར་འདོད་པ་ལས། དེ་ལ་དང་པོ། རྣམ་ཤེས་འགྱུར་བའི་བར་དོ་རུ། ཞེས་པ་གང་ལ་བྱ་ན། དེ་ནི་རྨི་ལམ་བར་དོ་ལ་བྱ་སྟེ། རྣམ་ཤེས་ཇི་ལྟར་དུ་འགྱུར་བའི་བར་དོ་ཡིན་བྱས་པས། ཉིན་པར་གྱི་རྣམ་པར་ཤེས་པ་འགྱུར་ནས། བག་ཆགས་ཀྱི་རྗེས་སུ་འབྲངས་ནས། འཁྲུལ་
XXX པ་སྣ་ཚོགས་བྱུང་བས་ན། རྣམ་ཤེས་འགྱུར་བའི་བར་དོ་ཞེས་བྱའོ། །བག་ཆགས་ཀྱི་རྗེས་སུ་འབྲང་བའི་རྒྱུ་མཚན་གང་ཡིན་བྱས་པས། བག་ཆགས་ལུས་ཀྱིས་ཀུན་ནས་བསླངས་ཞེས་པའོ། །དེ་བག་ཆགས་དེ་འོད་གསལ་དུ་སློང་བ་མངོན་དུ་གང་བྱེད་ན། མཚམས་སྦྱོར་མངོན་དུ་རྨི་ལམ་བྱ་ཞེས་པ། དེའི་དུས་སུ་མངོན་དུ་རྨི་ལམ་བྱེད་པའོ། །བསྲེ་བ་གང་དང་བསྲེ་ན་གཏི་མུག་དང་བསྲེ་བས་ན། གཏི་མུག་འོད་གསལ་ཉིད་དུ་འགྱུར། །ཞེས་པའོ། །མཚམས་སྦྱོར་ནི་འདུན་པ་དྲག་པོས་བྱེད་པས་ན། འདུན་པ་དྲག་པོས་རབ་ཏུ་སྦྱོར་ཞེས་པའོ། །དེ་ལ་གང་གལ་ཆེ་ན་གཉིད་འོད་གསལ་དུ་གཞུག་པ་གལ་ཆེ། དུས་གཉིད་ཀྱི་དུས་སུ། ཡུལ་སྙིང་ཁ་ཡིན་པས། འཁོར་ལོ་པདྨ་བཞི་པ་གཅིག་ལ། ལྟེ་བ་ལ་ཧཱུྃ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་བཞི་བསྒོམས་ལ། ཐ་མལ་གྱི་དུས་སུ་ཨ་ལ་སེམས་གཏད། དེ་ནས་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ལ་སོགས་པ་རྟོག་པ་རང་སར་ནུས་པ་ན། གཉིད་ཧྲིབ་པ་འོད་དུས་ན་ནུ་ལ་སེམས་བཟུང་སྟེ། སེམས་སྣང་བ་ལ་རང་བཞིན་སྟོང་པ་ཞེས་བྱའོ། །དེ་ནས་ནམ་རྟོག་ཕྲ་བ་ནུབ་དུས་སུ་ཏ་ལ་སེམས་བཟུང་སྟེ། སེམས་སྣང་བ་མཆེད་པ་ཆེན་པོ་ཞེས་བྱའོ། །དེ་ནས་རྟོག་པ་ཤིན་ཏུ་པ་བ་ནུབ་དུས་སུ་གཉིད་ཧྲིབས་ཀྱི་དུས་ན་ར་ལ་དམིགས་ཏེ་སེམས་སྣང་བ་ཞེས་བྱ་བ་ཤིན་ཏུ་སྟོང་པའོ། །དེ་ནས་གཉིད་ཧྲུལ་གྱིས་འགྲོ་དུས་སུ་ཤེས་པ་ཧཱུྃ་ལ་བསྡུས་ཏེ། དེར་བདེ་སྟོང་གི་ངོ་བོ་ལྷན་གྱིས་ཉལ་བས་གཉིད་ཀྱི་རོ་བདེ་སྟོང་དུ་མྱོང་བའི་བདེ་སྟོང་འོད་གསལ་གྱི་ཉམས་མྱོང་འོང་ངོ༌། །བར་དོ་གསུམ་པ་ནི། རྣམ་སྨིན་ལུས་འདི་འཇིག་པ་ན། །བག་ཆགས་དང་བཅས་ཡིད་ཀྱི་ལུས། །འདོད་ཆགས་འོད་གསལ་མངོན་དུ་བྱ། །ཕ་མ་ལ་སོགས་
XXX ཆགས་པ་སྤང༌། །ཞེས་པས་བསྟན་ཏེ། འདིའི་དུས་སུ་བར་དོ་ནི་སྲིད་པའི་བར་དོ། ལུས་ནི་ཡིད་ཀྱི་ལུས། མངོན་དུ་འོད་གསལ་བྱ། བསྲེ་བ་ནི་ཞེ་སྡང་དང་བསྲེ། མཚམས་ཕ་མ་ཡབ་ཡུམ་གཉིས་ཀྱི་སྦྱོར་བར་ཤེས་པར་བྱ་སྟེ། རྣམ་སྨིན་ལུས་ནི་ཞིག་པ་ན་ཞེས་པ་ནི། དེའི་དུས་སུ་སྲིད་པའི་བར་དོ་ཡིན་ཏེ། རྣམ་པར་སྨིན་པའི་ལུས་འབྱུང་བས་བསྐྱེད་པས་ཕ་དང་མའི་ཁུ་ཁྲག་དང༌། སྲིད་པའི་རླུང་དང༌། ཀུན་གཞིའི་ཚོགས་པས་བསྐྱེད་པ་དེ། རྣམ་སྨིན་གྱི་ལུས་ཡིན་པས་དེ་ཞིག་གཞན་ཞིག་མ་བླངས་པའི་བར་དེ་ལ་སྲིད་པའི་བར་དོ་ཟེར་རོ། །དེ་ཙམ་ན། བག་ཆགས་དང་བཅས་ཡིད་ཀྱི་ལུས། །ཞེས་པ། ལུས་ནི་ཡིད་ཀྱི་ལུས་ཡིན་ཏེ། དེའི་མངོན་དུ་གང་བྱ་ན། འོད་གསལ་བྱ། གང་དང་བསྲེ་ན་འདོད་ཆགས་དང་བསྲེ་བས་ན། འདོད་ཆགས་དང་འོད་གསལ་མངོན་དུ་བྱ། ཞེས་པའོ། །དེ་དག་གི་དོན་གང་ཡིན་ན། བར་དོ་དེར་བག་ཆགས་དང་སྦྲགས་པའི་ཡིད་དེ་ཇི་ལྟར་གནས་ན་དབང་པོ་རབ་འབྲིང་གི་སྟོབས་ཀྱིས་ཤི་ནས་ཞག་གསུམ་མམ། ལྔའམ། བདུན་ཚུན་ཆོད་དུ་ཤེས་པ་བརྒྱལ་བ་བྱ་བ་རྟོག་པ་གང་ཡང་མ་སྐྱེས་པ་གཉིད་དུ་སོང་བ་ལྟ་བུར་གནས་སོ། །དེ་ནས་བརྒྱལ་སངས་ནས་རྨི་ལམ་གྱི་ཚད་ཙམ་དུ་རྟོག་པ་འགྱུ་སྟེ། ལུས་འཇིག་པའམ་ཤི་ནས་འདུག་སྙམ་པའི་རྟོག་པ་བཟང་རྟོག་ངན་རྟོག་གི་བག་ཆགས་ཐམས་ཅད་ལངས་ཀྱིས་ལྡང་སྟེ་དེའི་དུས་ན་སྐྱེ་བ་སྔ་མ་ནས་བག་ཆགས་ངན་པ་བསགས་པ་རྣམས། རྟོག་པ་གཅིག་རྟིང་ནས་གཅིག་ཉིད་མཚམས་སྦྱར་ནས་འགྲོ་ལ། བག་ཆགས་བཟང་པོ་བསགས་པ་རྣམས་ལ། ལྷ་རྗེས་སུ་དྲན་པ་དང༌། ལྟ་བ་རྗེས་སུ་དྲན་པ་བྱུང་ནས་དམྱལ་བ་ལ་སོགས་པ་ངན་སོང་གསུམ་མཐོང་བ་དང༌། དེའི་སྡུག་བསྔལ་ཉམས་སུ་མྱོང་བར་མི་འགྱུར་
XXX རོ། །དེ་ཙམ་ན་སྐྱེ་བ་སྔ་མའི་ཉོན་མོངས་པ་རང་ག་མར་མ་ཤོར་བས། རྨི་ལམ་གྱི་འཁྲུལ་སྣང་རང་ག་མར་མི་འཆར་རོ། །རྨི་ལམ་རང་ག་མར་མ་ཤོར་བས་བར་དོའི་རྟོག་པ་རང་རྒྱུད་པར་མི་འཆོར་ཏེ་འོད་གསལ་ཆོས་སྐུ་ཐོབ་པའོ། །དེ་ཙམ་ན་སྐྱེ་བ་མི་ལྟོས་པས་སྲིད་པ་གཅིག་ཡིན། ཆོས་སྐུ་རྒྱུན་མི་འཆད་པ་གཅིག་ཐོབ་པས་ན་ཟག་པ་མེད་པའི་བག་ཆགས་མཚམས་སྦྱོར་ཡིན། གཉིད་ཐུན་གཅིག་གིས་འོད་གསལ་རྟོགས་པས་ན་གདམས་ངག་ཉིང་ཁུ་ཡིན། ཕ་མ་ལ་སོགས་ཆགས་པ་སྤང་ཞེས་པ་ནི། བར་དོ་ཐ་མའི་ལུས་སུ་ཞེ་སྡང་དང་བསྲེ་བར་བྱ་སྟེ། ངོ་མཚར་མོ་ལ་འདོད་ཆགས་མི་བསྐྱོད་པར་འོད་གསལ་དུ་འཁྱེར་བའོ། །ཕོ་མཚར་པོ་ལ་ཞེ་སྡང་མི་བསྐྱེད་པར་འོད་གསལ་དུ་འཁྱེར་བའོ། །དེ་དག་ནི་ཚེ་འདི་ལ་ཤེས་དགོས་ཏེ། མ་ལ་པ་ནི་མིག་སེར་ཡིན་ཞེས་པའོ། །ནུ་ཟི་མ་ལ་ཡང་དག་ཏུ་འཛིན་པ་དེ་འཁྲུལ་པ་ཉིད་མཚམས་སྦྱོར་བ་ཡིན་མོད། དེ་ལ་འདོད་ཅིང་ཆགས་པ་དང༌། ཞེ་སྡང་མེད་ན་འོད་གསལ་ལམ་དུ་སློངས་པ་ཡིན་མོད། གདམས་ངག་ལོག་པ་གཅིག་གོང་ན་ཡོད་གསུངས། དེས་ན་དེའི་མཚམས་སྦྱར་ཕ་མ་ཡབ་ཡུམ་གྱིས་སྦྱར་རོ། །ལར་ནི་བར་དོ་གསུམ་དུ་ལམ་རིམ་ཆོས་ལྔ་ཡིས་བསྟན་པས་དེ་རིམ་གྱིས་ཉམས་སུ་མྱོང་བ་ཡིན་ནོ་གསུངས། ཐམས་ཅད་ཚེ་འདི་ལ་ཉམས་སུ་མྱོང་ནས་གཉིས་པ་ལ་མངོན་དུ་འགྱུར་གསུངས། དེས་རྨི་ལམ་དང་བར་དོ་དང་སྒྱུ་ལུས་དང་འོད་གསལ་བསྟན་ནས། ད་ཏིང་ངེ་འཛིན་འཕོ་བ་དང་གྲོང་འཇུག་བསྟན་པ་ནི། དོན་གཉིས་ཀྱིས་སྟོན་ཏེ། དང་པོ་བསྲེ་འཕོ་གཉིས་ཀྱི་དོན་རླུང་དང་འོད་གསལ་བསྒོམ་པ་བསྟན་པ་ནི། དུས་དང་ལུས་ཀྱི་བཅའ་བ་དང༌། །ཡུལ་ནི་དང་པོའི་སྦྱོར་བ་སྟེ། །གཏུམ་མོའི་གནད་
XXX ནི་རླུང་བཞིར་བཤད། །འོད་གསལ་བཞི་རུ་བཤད་པ་སྟེ། །ཞེས་བཤད་པའོ། །འདི་རུ་དུས་དང་ལུས་ཀྱི་བཅའ་བ་དང༌། ཞེས་པ་ནི། རླུང་སྦྱོར་བ་ལ་གནད་གསུམ་སྟོན་ཏེ། དང་པོ་ལུས་སྤྱོད། དེ་ནས་རླུང་བསྒོམ་པར་བྱ་སྟེ། དང་པོ་དུས་དང་ཞེས་པ་ནི་དུས་ཀྱིས་ནད་ཡིན་ཏེ། དེའི་དུས་ནི་རླུང་ཨ་བ་དྷཱུ་ཏིར་རྒྱུ་བའི་དུས་ཡིན་ཏེ། དེ་ཤེས་ན་རླུང་གང་ནས་རྒྱུ་བ་ལྟས་པས། རེས་གཡས་ནས་རྒྱུ། རེས་གཡོན་ནས་རྒྱུ་སྟེ། གཉིས་ཀ་ནས་རྒྱུ་དུས་སུ་བསྒོམ་ན་ཡེ་ཤེས་མི་སྐྱེ་མི་སྲིད་པས་དུས་ཀྱིས་གནད་དུ་ཞེས་པར་བྱའོ། །ད་ལུས་བཅོས་པའི་གནད་ནི་ལྔ་ཡོད། རེ་མིག་ལྟར་བསྣོལ་བ། མདའ་ལྟར་བསྲང་བ། ལྕགས་ཀྱུ་ལྟར་དགུག་པ། རྒྱ་མདུད་ལྟར་བསྡམ་པ། ལི་རི་ལྟར་བསྒྲིམ་པ་དང་ལྔའོ། །རེ་མིག་ལྟར་བསྣོལ་བ་ནི། རྐང་པ་གཡས་ཀྱིས་གཡོན་ལ་འཁྱུད། སྒོམ་ཐག་གམ་གོས་ཀྱིས་འཁྱུད། དེའི་དགོས་པ་ནི་འོག་རླུང་རང་ཤུགས་ཀྱིས་འགག །མདའ་ལྟར་བསྲང་བ་ནི། མདའ་འཁྱོག་པོ་འཕང་དུ་མི་བཏུབ་པ་དང་འདྲ་སྟེ། སྟེང་རླུང་རང་ཤུགས་ཀྱིས་འགགས་པའི་དགོས་པ་ཡོད། ལྕགས་ཀྱུ་ལྟར་དགུག་པ་ནི། མགྲིན་པར་ཅུང་ཟད་དགུག་པས་རྩ་གཡས་གཡོན་གཉིས་ནས་རླུང་དང་རྣམ་རྟོག་འཕྲོ་བ་དེ་བཀག་པས་མི་རྟོག་པ་སྐྱེ་བའི་དགོས་པ་ཡོད། རྒྱ་མདུད་ལྟར་བསྡམ་པ་ནི་ལྟེ་བ་ནས་སོར་བཞིའི་དཀྱིལ་དུ་ལག་པ་མཉམ་བཞག་གི་ཕྱག་རྒྱ་བཅས་པས་ཨ་བ་དྷཱུ་ཏི་ཁ་བྱེ་བའི་དགོས་པ་ཡོད། ལི་རི་ལྟར་བསྒྲིམ་པ་ནི། ཤེས་པ་དང་ལུས་ཆ་ནས་བསྒྲིམས་པས་རླུང་ཟིན་ཏེ་དྲོད་འབྱུང་བའི་དགོས་པ་ཡོད། ཡུལ་གྱི་གནད་ནི། སྤྱི་བོར་མགྲིན་པ་སྙིང་ཁ་ལྟ་བུ་དང་འཁོར་ལོ་བཞི་དབུས་སུ། ཨ་བ་དྷཱུ་ཏི་ཡོད་པ་ནི་ཡར་ཚངས་པའི་བུ་ག་ནས་རུས་པ་དང་ལྤགས་པའི་མཚམས་སུ་ཟུག །
XXX རླུང་རུས་པ་ཁྲུང་ཁྲུང་བར་དུ་རྒྱུ་ལ། མར་ལ་རྒྱུ་ཞབས་གཉེར་མ་ཆེན་པོ་ཚུར་ཡོད་པ་ནས་ཡར་ལ་འཁྱོགས་པས་ཨ་བ་དྷཱུ་ཏིའི་ནང་དུ་ཚུད། འོ་ན་དེ་བཞི་ལ་དམིགས་པ་གཏད་དམ་བྱས་པས་མི་གཏད་དེ། གར་ལ་གཏོད་ན་ལྟེ་བའི་འོག་སོར་བཞི་ནས་རྩ་གསུམ་འདུས་པ་དེ་རུ་གཏད། དེ་དམིགས་ལུགས་གསུམ་ཡོད་དེ། ཐིག་ལེ་ཉ་གང་བ་ལྟ་བུ་ལ་དམིགས་པ་ན། གང་ཡང་ཡིད་ལ་མི་བྱེད་དོ། །དེས་དང་པོ་སྦྱོར་བ་བསྟན་པ་ནི། ཡུལ་ནི་དང་པོའི་སྦྱོར་བ་ནི། །ཞེས་པའོ། །ད་གཏུམ་མོའི་གནད་ནི་རླུང་བཞིར་བཤད་ཅེས་པ་ནི། གཏུམ་མོའི་གནད་བཞི་ལ་བྱ་སྟེ། ཏེ་ལོ་པའི་གདམས་ངག་གིས། གོང་མ་གཉིས་པོ་ཤེས་བྱ་ཙམ་ཉམས་སུ་མི་བླང་གསུངས། ཁྱད་པར་གཏུམ་མོ་ཨ་ཐུང་གི་གདམས་ངག །ལྟེ་བའི་འོག་ན་མར་སོར་གཉིས། ཡར་སོར་གཉིས་ཀྱི་དཀྱིལ་དུ་མཉམ་བཞག་གི་ཕྱག་རྒྱ་བཅའ། ནུས་ཚད་དུ་ལྟེ་བ་སྒལ་པ་བཅར་ལ། དེས་སྒལ་པའི་ཕྱོགས་ཀྱི་རྩ་ཟུམ་པ་དེ་ཁ་བྱེ། དེས་ནང་རླུང་རྣམ་པ་བཞི་ནི་མར་ལ་བརྡེར། ལྟེ་བར་བསྐྱིལ་གམས་གཡོན་གཉིས་ཀྱི་རླུང་ལོག་པས་མེ་སྤར་ཏེ་ཕུས་བཏབ་པ་བཞིན་དུ་དམར་ནང་བྱུང་ནས། ཆིང་སྟེ་རིང་ན་སྙིང་ཁའམ་མགྲིན་པར་སླེབས། ཐུང་སྟེ་ཐུང་ན་མཐོ་གང་ཙམ འཕང་པ་ནི་སྣ་ནས་བསྲིང་ཞིང་རིམ་གྱིས་མ་ཚོར་བར་བཏང་ངོ༌། །བསམ་པ་སྤྱི་བོ་ནས་ཕྱིར་སོང་བར་བསམ་མོ། །ལྷག་མ་ཨན་རེ་ཡང་བཞག་ནས་ཡང་ཡང་བསྒོམ་པར་བྱའོ། །དེ་ལྟར་ཞག་བདུན་བསྒོམས་པས་དེས་སྔ་རྟགས་དྲོ་བ་འོང༌། བདུན་གཉིས་བསྒོམས་ན་དྲོད་ཆེར་སྐྱེས་ནས་གོང་རྐྱང་རེ་ཙམ་གྱིས་ཆོག་པའང༌། བདུན་གསུམ་བསྒོམས་ན་
XXX མི་རྟོག་པའི་མགོ་ཟུག་ནས། གཏུམ་མོའི་མེ་འདི་ཙམ་གཅིག་ལ་སེམས་ཟུང་ཟེར་བ་འོང༌། མེ་སྟག་ཙམ་ལ་ཡང་སེམས་བཟུང་དུ་བཏུབ། དེ་རེས་མངོན་སུམ་དུ་ཡོང་བས་མར་མེ་ཆེ་ཤོས་ཙམ་གཅིག་ལ་སེམས་བཟུང་ངོ༌། །དེ་རྣམས་ཀྱིས་མི་གོ་བ་གཅིག་ལ་གོ་བ་བསྐྱེད་པའི་ཡན་ལག་དུ་བཤད་པ་ཡིན་ནོ། །ཤེས་པ་གཅིག་ལ་དུས་ཀྱི་གནད་རླུང་ལྔ་དྷཱུ་ཏིར་རྒྱུ་བའི་དུས་སུ། ལུས་བཅོས་པའི་གནད་ལྔ་འདི་ལྟར་བཅོས་ལ། སེམས་འདི་ཡུལ་གྱི་གནད་འདིར་གཏུམ་མོའི་མེ་གཏོད་ལ་བསྒོམ་དང་ལར་ཡེ་ཤེས་མི་སྐྱེ་མི་སྲིད་བྱ་བ་ལས་མེད་གསུངས། དེ་ལྟར་གཏུམ་མོའི་ཉམས་སུ་མྱང་བ་དེ་ལ་བསྒོམས་པས། བརྩོན་འགྲུས་ཅན་ཚེ་འདི་ལ་འཚང་རྒྱ། ལེ་ལོ་ཅན་ཡང་བར་དོར་འཚང་རྒྱ་བས། འཆི་ཁར་མ་རིག་པ་ཡེ་ཤེས་དང་བསྲེ་བ་གལ་ཆེ། དེ་ལྟར་སྐྱེ་ཤིའི་བར་དོ་རུ། བསྐྱེད་རྫོགས་གཉིས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་བསྲེ་བ་བསྟན་ནས། འོད་གསལ་བཞི་རུ་འདོད་པ་སྟེ། ཞེས་པ་ནི། རྨི་ལམ་བར་དོ་རུ་རྨི་ལམ་སྒྱུ་ལུས་བསྲེ་བའི་དོན་ལ། འོད་གསལ་བཞི་རུ་འདོད་པ་སྟེ་ཞེས་པ། དེ་ཡང་རྟེན་གྱི་གང་ཟག་གཅིག་གིས་ཉིན་མོ་གཏུམ་མོ་བསྒོམ་ནས། དོ་ནུབ་གཉིད་ཀྱི་དུས་ན། དང་པོ་གཉིད་ཀྱི་འོད་གསལ་ཟིན་ནས་བལྟའོ། །འོད་གསལ་རྣམ་པ་བཞི་ཡོད་དེ། རང་བཞིན་གྱི་འོད་གསལ། བསྒོམ་པའི་འོད་གསལ། གཉིད་ཀྱི་འོད་གསལ། འཆི་ཀའི་འོད་གསལ་དང་བཞིའོ། །དེ་ལ་རང་བཞིན་གྱི་འོད་གསལ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ། སྟོང་ཉིད་སྤྲོས་པ་དང་བྲལ་བ། འོད་གསལ་བ་ཡེ་ནས་གནས་པའོ། །བསྒོམ་པའི་འོད་གསལ་ནི། ཆགས་ཅན་བུད་མེད་ལ་བརྟེན་ནས་ཆགས་བྲལ་གཏུམ་མོ་
XXX བསྒོམ་པས། ད་ལྟར་གྱི་རྣམ་པར་རྟོག་པ་ནི་འགགས། རྗེས་ཀྱི་ཤེས་པ་རྟོག་དཔྱོད་ཀྱི་བློ་དང་བཅས་པ་དགའ་བྲལ་གྱི་དགའ་བ་ནི་མ་སྐྱེས་ཀྱི་བར་དུ། དངོས་གཞི་བདེ་བ་སྟོང་པ་འོད་གསལ་བ། བདེ་སྟོང་གཉིས་སུ་མེད་པའི་ཉམས་མྱོང་གཅིག་ཕྲིལ་གྱིས་སྐྱེས་པའོ། །གཉིད་ཀྱི་འོད་གསལ་ནི། གཉིད་འཐུག་པོ་ཐུམ་གྱིས་ལོག་པའི་དུས་སུ། ད་ལྟར་གྱི་རྣམ་པར་རྟོག་པ་རགས་པ་ནི་འགགས་ཤིང་རྨི་ལམ་སིལ་གྱིས་མ་རྨིས་པའི་བར་དུ་གཉིད་འོད་གསལ་སྟོང་པ་ཉིད་སྤྲོས་བྲལ་ལོ། །འཆི་ཀའི་འོད་གསལ་ནི་ལུས་ཀྱི་འབྱུང་བ་རྣམས་རིམ་གྱིས་བསྡུས་ནས། བར་དོ་དང་པོའི་དུས་ན། ད་ལྟར་གྱི་རྣམ་པར་རྟོག་པ་ནི་འགགས། བར་དོ་ནི་ད་རུང་རླུང་མ་ལངས་པའི་དུས་ན། ཤི་བའི་འོད་གསལ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་སྐུ་ཇི་ལྟ་བ་གཅིག་སེམས་ཅན་ཐམས་ཅད་ཀྱི་རྒྱུ་ལ་འབྱུང་སྟེ། དེ་ཐ་མལ་པ་ལ་རྣམ་རྟོག་གིས་ངོ་མ་ཤེས་པས་ཡང་ཡང་འཁོར་བར་འཁོར་བའོ། །དེ་ལྟར་བཞི་ཡོད་པ་ལས། འདིར་གཉིད་ཀྱི་འོད་གསལ་ཟིན་ནམ་བལྟའོ། །དེ་ལ་དུས་ཀྱི་གནད་ནི་དུས་སུ་སྟན་བདེ་བ་ལ་སེང་གེའི་ཉལ་སྟབས་ཀྱིས་ཉལ་ལོ། །དང་པོ་བདག་གིས་གཉིད་ཀྱི་འོད་གསལ་སྤྲོས་བྲལ་སྟོང་པ་ཉིད་ཟིན་པར་བྱའོ། །ཟིན་ནས་ཀྱང་ངོ་ཤེས་པར་བྱའོ་སྙམ་པའི་འཕེན་པ་དུང་དུང་པ་ཡང་ཡང་བྱའོ། །དེ་ནས་གཉིད་ཐུམ་ཐུམ་བྲོ་བའི་དུས་དང༌། ཡུལ་གྱི་གནད་ནི་ཨ་ནུ་ཏ་ར་བཞི་ལ་སེམས་བཟུང་བས། གཉིད་ཀྱི་འོད་གསལ་བདེ་སྟོང་དབྱེར་མེད། འོད་གསལ་གྱི་ཉམས་མྱོང་ཕྲིལ་བ་སྐྱེས་པའོ། །དེ་ལྟར་གཉིད་ཀྱི་འོད་གསལ་དེ་ཟིན་ནས། བརྩོན་འགྲུས་བྱས་ནས་བསྒོམ་ན་ཚེ་འདི་ལ་འཚང་རྒྱའོ། །ལེ་ལོ་ཅན་བར་དོར་
XXX འཚང་རྒྱ། འདའ་ཀ་མ་རིག་པའི་འོད་གསལ་དང་གཉིད་དུ་བསྲེ་བ་འབྲེལ། གཉིད་དང་བསམ་གཏན་བསྲེ་བ་འོད་གསལ་གྱི་རྫོགས་རིམ་མོ། །གདམས་ངག་བསྲེ་འཕོ་གཉིས་ལས་དེས་བསྲེ་བ་བསྟན་ནས། ད་འཕོ་བ་བསྟན་པ་ནི། འཆི་བར་བསླུ་བར་མ་ནུས་ན། །འཕོ་བ་རྣམ་པ་གསུམ་ཡིན་ཏེ། །དང་པོ་སྙིང་ཁ་ལྟེ་བའོ། །དང་པོ་སྦྱོར་བ་སྒོ་དགུ་དགག །ཁ་དོག་སེར་པོ་འབར་བ་ཡི། །ཀ་ཥ་གཉིས་འགྱུར་ཡི་གེ་ནི། དྲང་པོར་ལྡན་པའི་ས་བོན་གྱིས། །ཚངས་པའི་སྒོ་རུ་དེས་བསྲུང་ངོ༌། །དྲིལ་བུའི་ཡི་གེ་མིག་ལའོ། །ཞེས་པ་ནས། ལུས་ལ་རླུང་གི་ས་བོན་དང༌། ཞེས་པའི་བར་གྱིས་སྒོ་དགག་པ་བསྟན་ནོ། །དེ་ལྟར་རབ་འབྲིང་དགུ་ཡི་སྒོ་དགག་པ་བསྟན་ནས། དེ་ནས་དངོས་གཞི་ལ། སྙིང་ཁ་ནས་འཕོ་བ་དང༌། ལྟེ་བ་ནས་འཕོ་བ་བསྟན། དེས་འཕོ་བ་དང་པོ་བསྟན་ནས། གཉིས་པ་ཉལ་ཐབས་ཀྱི་འཕོ་བ་དང་རྩོལ་བས་འཕོ་བའོ། །གྲོང་འཇུག་ནི་སྦྱར་བ་དང་གཅིག །ལས་ལ་སྦྱར་བ་དང་གཉིས། ལས་ལ་སྦྱར་བ་ལ་གསུམ། རྣམ་ཤེས་ཐོང་གཞན་དུ་འཇུག་པ་དང༌། དེ་ཉིད་གཞན་གྱི་སེམས་ཤེས་པའི་མངོན་ཤེས་བསྒྲུབ་པ་དང༌། རྒྱལ་པོ་ལ་སོགས་པ་དབང་བྱ་བའོ། །དེ་དག་གི་དོན་ཞལ་ནས་བླང༌། དེ་ཡན་ཆད་དུ་ལྟ་བའི་དོན་གདམས་ངག་རྣམ་པ་ལྔ། གནད་ཀྱི་གཟེར་བུ་ཆུང་བཞི་སྟེ་དགུ། བསྲེ་ཕོ་ཡན་ཆད་དུ་བདུན་ཏེ་བཅུ་དྲུག་དེ་གཞུང་ནན་ཡོད་པའི་ཆོས་ཚིག་ལགས་སོ། །གོ་ཆ་བཞི་མ་རིག་པ་རྩད་གཅད་པ་ལྔ་ནི་ཞལ་ལ་བླང་ངོ༌། །གནོད་སྦྱིན་མོ་ལ་བསྲེ་ཕོའི་གདམས་ངག་དེ་མངོན་དུ་གྱུར་ནས། ལུས་ངན་པ་སྤངས། རྣལ་འབྱོར་མ་སུ་མ་ཏི་བྱ་བའི་ལུས་ལ་འཕོ་བ་བྱས་ནས་གནས་ཆེན་
XXX ཐམས་ཅད་དུ་རྒྱུ་ཞིང༌། བླ་མ་རྣམས་ལ་བསྙེན་བཀུར་བྱེད་པའི་དུས་སུ། ནུབ་ཕྱོགས་ཁ་ཆེར་ནཱ་རོ་པ་ལ་ལུང་བསྟན་ཏེ། །གཏི་མུག་ཟད་ཅིང་ལྟ་བ་རྟོགས་པ་འདོད་པ་དང༌། །ལམ་མེད་ལམ་ལ་སྦྱོར་བར་འདོད་པ་རྣམས། །ཤར་ཕྱོགས་ཏེ་ལོ་ཞེས་པའི་གྲོང་ཁྱེར་དུ། །རྡོ་རྗེ་འཆང་ཆེན་སངས་རྒྱས་ཏེ་ལོ་པ། །ལམ་འབྲས་མངོན་དུ་གྱུར་བྱེད་དེ་ལ་བཏུག་ན་རུང༌། །ཞེས་ལུང་བསྟན་ནོ། །གནོད་སྦྱིན་མོའི་མིང་དུ་ཡང་རྣལ་འབྱོར་མ་སུ་མ་ཏི་བྱ་བར་གྱུར་ནས་དུར་ཁྲོད་ས་ལའི་ནུབ་ཕྱོགས། སར་རེ་བར་ཐ་བྱ་བའི་གྲོང་དུ། རྣལ་འབྱོར་ཕོ་བདུན་མོ་བདུན་ལ་ཉམས་ཐམས་ཅད་ནོར་བུ་ལུགས་སུ་གསུངས་པས་དེ་ཐམས་ཅད་ཀྱང་གྲོལ་ཞིང་སྨིན་པར་བྱས་སོ། །དེ་ལྟར་གཞུང་ཆུང་དུ་བཅུ་དྲུག་བསྟན་ནོ། །མཇུག་གི་དོན་དགེ་བའི་རྩ་བ་ཆ་ཕྲ་བ་མ་ཡིན་པར་བླ་ན་མེད་པའི་དོན་དུ་སྔོ་བ་བསྟན་ཏོ། །རིན་པོ་ཆེའི་ཕྲེང་བའི་བཤད་ཊཱི་ཀ་རྫོགས་སོ། །བླ་མ་ཨ་བྷ་ཡ་ཤྲཱིས་གསུངས་པ། མེ་ཉག་ལོ་ཙཱ་བས་བསྒྱུར་བའོ།། །།གནོད་སྦྱིན་མོའི་རྟོགས་པ་རིན་ཆེན་ཕྲེང་བའི་ཞལ་གདམས་བཞུགས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་ཕྱག་རྒྱ་ལ། བདག་བྱིན་གྱིས་བརླབས་པའི་ཆོས་བཞི་ལས། དང་པོ་རྨི་ལམ་ལམ་དུ་འཁྱེར་བའོ། །དེ་ལ་སྦྱོར་བ་དང་དངོས་གཞི་གཉིས་ལས། དང་པོ་སྦྱོར་བ་ནི། བླ་མ་དང་དཀོན་མཆོག་ལ་དད་གུས་བྱ་བ་དང༌། ཡི་གེ་བརྒྱ་པ་བཟླས་པ་ལ་སོགས་པ་དམ་ཚིག་ཉམས་པ་བཤགས་པར་བྱའོ། །དངོས་གཞི་ལ་བཞི་སྟེ། དང་པོ་རྨི་ལམ་བཟུང་བ་དང༌། གཉིས་པ་སྦྱང་བ་དང༌། གསུམ་པ་སྒྱུ་མར་བསླབ་ཅིང་ཡང་བསླང་པ་དང༌། བཞི་པ་དེ་ཁོ་ན་ཉིད་བསྒོམ་པའོ། །དེ་ལ་བཟུང་བའི་དུས་སུ་སྔོན་དུ་དད་པ་དང་འདུན་པ་དྲག་པོ་ཡིད་ལ་བྱའོ། །
XXX དེ་རྣམས་མལ་སྟན་འབོལ་བ་སྔས་འབོལ་བ་མཐོ་བར་བྱས་ལ། གཞོགས་གཡས་པ་ས་ལ་ཕབ་སྟེ། ལག་པ་གཡོན་པ་བརླའི་སྟེང་དུ་བརྐྱང་ལ། ལག་པ་གཡས་པ་འགྲམ་པ་ལ་སྦྱར་ལ་ཉལ་ལོ། །མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པ་བསྒོམ། དེའི་ལྟེ་བ་ལ་ཨ་དཀར་པོ་གཅིག་བསམ་སྟེ། དེ་ཡང་སྲོད་ལ་སྨིན་པར་དུ་ཐིག་ལེ་དཀར་པོ་གཅིག་ལ་ཤེས་པ་གཏད་ལ་གཉིད་ཉལ་ལོ། །དེ་ནས་ཐོ་རངས་ཀྱི་དུས་སུ་ཨ་ལ་སེམས་བཟུང་སྟེ། རྨི་ལམ་ལ་རྨི་ལམ་དུ་མ་ཤེས་ན་སད་པ་དང༌། ད་ཅི་རྨི་ལམ་ལ་རྨི་ལམ་དུ་མ་ཤེས་སྙམ་པའི་འདུན་པ་དྲག་པོ་བྱའོ། །ནང་པར་གྱི་དུས་སུ་ཡང༌། སྣང་སྲིད་ཐམས་ཅད་རྨི་ལམ་དང་འདྲ་བར་ཤེས་པར་བྱ་སྟེ། མདང་གི་རྨི་ལམ་དང་ཁྱད་མེད་སྙམ་དུ་བསམ་ཞིང་ཉིན་པར་གྱི་དུས་སུ། དོ་ནུབ་རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་སྙམ་པའི་འདུན་ཡང་དང་ཡང་དུ་བྱའོ། །དེ་ལྟར་ཉིན་མཚན་དུ་བྱས་པས་རྨི་ལམ་ཟིན་ཏེ་འོང༌། ཟིན་པའི་རྟགས་ནི་རྨི་ལམ་དུ་མི་འཚམ་པ་ལ་སོགས་པ་འབྱུང་སྟེ། དེ་ཡང་ཆུ་ཆེན་པོ་དང༌། གཡང་ལ་མི་ཐར་བ་དང༌། ཁྱིས་དེད་པ་དང༌། ལུས་ལ་འོད་འབྱུང་བ་དང༌། དེ་ལ་སོགས་པ་སྣ་ཚོགས་པ་རྨི་བ་འབྱུང་སྟེ། དེའི་རྐྱེན་གྱིས་རྨི་ལམ་ཡིན་སྙམ་པའི་ཤེས་པ་འགའ་འབྱུང་ངོ༌། །དེ་ལྟར་འབྱུང་བ་དང་རྨི་ལམ་གྱི་དུས་སུ་ཆོས་ཐམས་ཅད་རྨི་ལམ་དང་འདྲ་ཞེས་བཤད་པ་དེའི་བདེན་སྙམ་པའི་འདུན་པའམ་མོས་པ་དྲག་པོ་བྱའོ། །ནང་པར་མདང་གི་རྨི་ལམ་དྲན་པར་བྱ་སྟེ། མདང་གི་རྨི་ལམ་དེ་དག་ད་ལྟར་གྱི་ཤེས་པ་འདི་ལ་ཁྱད་ཅི་ཡོད་སྙམ་པའི་འདུན་པ་དྲག་ཏུ་བྱའོ། །རྨི་ལམ་ཟིན་ནོ། །དེ་ནས་ཟིན་ནས་སྲོད་ཀྱི་དུས་རང་ནས་རྨི་ལམ་རྨི་ལམ་དུ་ཤེས་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་བྱའོ། །དེ་ནས་
XXX རྨི་ལམ་སྦྱང་བ་ནི། རྨི་ལམ་ཡིན་པས་ཇི་ལྟར་ཡང་བྱར་བཏུབ་སྙམ་པའི་འདུན་པ་དྲག་པོ་བྱ་སྟེ། རྨི་ལམ་གྱི་དུས་སུ་ཆུར་མཆོང་བ་དང༌། མེར་མཆོང་བ་དང༌། གཡང་ལ་འཛེགས་པ་དང༌། སུམ་ཅུ་རྩ་གསུམ་གྱི་གནས་བལྟ་བ་དང༌། རྒྱ་གར་གྱི་ཡུལ་ཐམས་ཅད་བལྟ་བ་དང༌། ཉི་ཟླ་རྐང་པས་མནན་པ་དང༌། ཡི་དམ་ལྷའི་ཞལ་ལྟ་ཞིང་ཆོས་ཉན་པ་དང༌། དེ་བཞིན་གཤེགས་པའི་ཞིང་ཁམས་ལྟ་ཞིང་དེ་དག་ལ་ཆོས་ཉན་པ་དང༌། རང་གི་སེམས་ཅི་མནོ་བ་ཐམས་ཅད་བྱའོ། །དེ་བཞིན་དུ་གོམས་པས་བསླབ་པ་ནི་རྨི་ལམ་སྦྱོང་བའོ། །དེ་ནས་རྨི་ལམ་སྒྱུ་མར་ཤེས་པར་བྱ་ཞིང་ཡ་ང་བ་སྤང་བ་ནི། སྦྱོར་བའི་དུས་སུ་ཆུར་མཆོང་བ་བྱས་པས། ད་རུང་དུ་ཡ་ང་དང་བག་ཚ་བའི་འཇིགས་པ་ཡོད་པ་སྙམ་བྱེད་ན། རྨི་ལམ་ཡིན་སྒྱུ་མ་ཡིན་པས་དེ་འཇིགས་རྒྱུ་ག་ལ་ཡོད་སྙམ་དུ་བསྒོམ་པས་ཡ་ང་བ་མེད་པར་བྱའོ། །དེ་ནི་རྨི་ལམ་སྒྱུ་མར་ཤེས་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད་བསྒོམ་པ་ནི། རྨི་ལམ་ཡིན་པས་སྦྱང་དུ་ཡང་ཅི་ཡོད་དེ་རང་སེམས་ཀྱི་འཁྲུལ་པར་ཤེས་པར་བྱ་སྟེ། དེ་ཁོ་ན་ཉིད་བསྒོམ་པའོ། །དེ་བསྒོམ་ཐབས་ནི་རང་གིས་སྔར་གང་བསྒོམས་པ་དེ་བསྒོམ་ལ། དེ་མིན་ན་རང་གི་དཔྲལ་བའི་ཐིག་ལེའམ་གསང་བའི་ཐིག་ལེ་གང་ཡང་རུང་བར་ཤེས་པ་གཏད་དེ་བདེ་སྟོང་ལ་མོས་པ་བྱས་པ་ཙམ་གྱིས་ཤིན་ཏུ་བདེ་བ་ཆེར་འབྱུང་ངོ༌། །དེ་ནི་རྨི་ལམ་དུ་དེ་ཁོ་ན་ཉིད་བསྒོམ་པའོ། །དེ་ནི་རྨི་ལམ་དུ་འཁྱེར་བ་སྟེ་ཚེ་འདི་ལ་བསླབ་པའོ། ། ༈ གཉིད་འཐུག་པོར་འོད་གསལ་དུ་གཞུག་པའི་མན་ངག་ནི། དང་པོར་གཉིད་ཉལ་བ་སྟེ། དེ་ཡང་དང་པོ་ཞག་གསུམ་ཙམ་དུ་ལུས་ཐང་ཆད་དུ་བཅུག་ལ། དེའི་དུས་སུ་ནུབ་མོ་གཉིད་བསྲུང་སྟེ། དགེ་སྦྱོར་ཅི་ནུས་ཀྱང་བྱ། དེ་ནས་ལུས་ལ་བསྐུ་མཉེ་ཡང་
XXX བྱ། ཁམས་བརྟས་སུ་ཡང་བཅུག་ལ། ལུས་ཀྱི་གཞོག་གཡས་པ་ས་ལ་ཕབ་ལ་ཉལ་བར་བྱའོ། །དུས་ནི་གཉིད་ཀྱི་དུས་སོ། །ཡུལ་ནི་སྙིང་ཁ་སྟེ། སྙིང་གའི་འཁོར་ལོ་པདྨ་བཞི་ལ་ཨ་ནུ་ཏ་ར་བཞི་བསྒོམ། ཧཱུྃ་དབུས་སུ་བསམ་ཏེ་ཐ་མལ་གྱི་དུས་སུ་མདུན་གྱི་ཨ་ལ་སེམས་གཏད་དོ། །དེ་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྟོག་པ་རགས་པ་ནུབ་པར་གྱུར་ནས། གཉིད་ཧྲི་བ་ཡོང་དུས་སུ་ནུ་ལ་སེམས་བཟུང་སྟེ་སེམས་སྣང་བ་ཞེས་བྱའོ། །དེ་ནས་རྣམ་རྟོག་ཕྲ་བ་ནུབ་དུས་སུ་ཏ་ལ་དམིགས་ཏེ་སེམས་སྣང་བ་མཆེད་པ་སྟོང་པ་ཆེན་པོའོ། །དེ་ནས་རྟོག་པ་ཤིན་ཏུ་ཕྲ་བ་ནུབ་དུས་གཉིད་ཧྲི་བ་བྱུང་དུས་ན་ར་ལ་དམིགས་ཏེ་སྣང་བ་ཐེབ་པ་ཞེས་བྱ་སྟེ། ཤིན་ཏུ་སྟོང་པའོ། །དེ་ནས་གཉིད་ཧྲུལ་གྱིས་འགྲོ་དུས་སུ་ཤེས་པ་ཧཱུྃ་ལ་བསྡུ་སྟེ། དེར་བདེ་སྟོང་གི་ངོ་བོ། ལྷན་གྱིས་ཉལ་བས་གཉིད་ཀྱི་རོ་བདེ་སྟོང་དུ་སྐྱེད་པའི་བདེ་སྟོང་འོད་གསལ་གྱི་ཉམས་འོང་ངོ༌། །དེའི་དུས་སུ་རྨི་ལམ་ནི་བསྲུང་སྟེ་འདིའི་འགལ་རྐྱེན་དུ་བཞེད་དོ། །དེ་ནས་གཉིད་ཐུན་གཅིག་ལོག་ལ་སློང་དུ་བཅུགས་མ་རིག་པའི་གཉིད་དུ་སོང་ངམ་མ་སོང་བལྟ་བར་བྱས་ལ་སྔར་བཞིན་ཉལ་ལོ། །དེའི་ནུབ་མོ་ཐུན་བཞིའམ་ལྔ་ཅི་རིགས་པར་ཉལ་ལོ། །དེ་ནས་ཕྱིས་ཐུན་གཉིས་སམ་གསུམ་ལ་སོགས་པར་བསྒོམ་པར་བྱ་ཞིང་ཉལ་ཏེ། སྔར་བཞིན་དུ་ཕུང་པོ་ལ་སོགས་ནི་ཁམས་ཕྲ་བ་འཇུག་གོ །ཁམས་ཕྲ་བ་སེམས་ལ་གཞུག་གོ །སེམས་ནི་ཡང་སེམས་ལ་གཞུག་གོ །སེམས་པ་ཡང་མ་རིག་པ་ལ་གཞུག་སྟེ། དེ་ལྟར་གཉིད་ལོག་པས་མ་རིག་པ་ངང་གིས་འགགས་ཤིང་རྣམ་རྟོག་གི་དྲན་པ་བརྗེད་པ་འོང་ངོ༌། །དེའི་འབྲས་བུ་ནི་ཡེ་ཤེས་ཀྱི་རང་བཞིན་འོད་གསལ་བར་འཆར་བར་འོང་ངོ༌། །མ་རིག་པའི་
XXX གཉིད་ལྕགས་ཀྱུ་དང་འདྲ་བ་དེ་བཟུང་ནས་བདེ་སྟོང་གི་ངང་དུ་ཉལ་བས་རྣམ་པར་ཤེས་པ་གང་ལ་ཡང་འདྲེ་བར་མི་བྱེད། འོད་གསལ་གཉིད་མངོན་སུམ་དུ་ཉམས་སུ་མྱོང་བར་འགྱུར་ཞེས་སོ། །དེ་ནས་གཉིས་སད་པའི་རྗེས་ཐོབ་ནི་འདི་ལྟར་བསྒོམ་སྟེ། མདུན་དུ་ཡི་དམ་ལྷའི་ཐང་ཀ་བཀྲམ་ལ། དེ་ལ་སེམས་རྩེ་གཅིག་པས་བལྟས་ལ། དེ་རང་ཉིད་ལ་ཚུལ་གསལ་བར་བསྒོམ་མོ། །གསལ་བར་འདུག་ན་གསལ་བ་དེ་ཉིད་བདེ་སྟོང་དུ་ལྷན་གྱིས་མི་དམིགས་པར་བསྒོམ་ལ། ཡང་སླར་གསལ་བར་བྱ་བ་སྟེ་ཐད་ཀ་ལ་བལྟ། དེ་ནས་ཐད་ཀ་ཁོ་ན་བཞིན་གསལ་བར་བསྒོམ་ལ་དེ་ཉིད་བདེ་སྟོང་དུ་ལྷན་གྱིས་བསྒོམ་སྟེ། དེ་ཡང་སྟོང་ཉིད་ངང་ལས་རོ་བདེ་བར་ཕྲིལ་ཕྲིལ་ཤར་བར་བསྒོམ་མོ། ད་ལྟར་དེ་རང་བདེ་སྟོང་དུ་བསྒོམས་པས། གོམས་པའི་ཚད་ནི་རང་ཉིད་བདེ་སྟོང་སྐྱེ་མེད་དུ་གནས་ལ་རོ་བདེ་བར་ཤར་བའོ། །དེའི་དུས་སུ་ནུབ་མོ་ལ་སོགས་པ་གཉིད་ཉལ་དུས་སུ་གཉིད་ལ་བསྒོམ། རྗེས་ཐོབ་ལ་དེ་ལྟར་བསྒོམས་པས་ལུས་ཡངས་བདེ་བ་ལ་སོགས་པའི་རྟགས་ཡོང༌། སྣང་བ་ཐམས་ཅད་བདེ་སྟོང་དུ་ལྷང་ལྷང་ཤར་བ་འོང་ངོ༌། །ཚེ་འདི་ཉིད་ལ་འོད་གསལ་དུ་གནས་ཏེ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གལ་ཏེ་ཚེ་འདི་ལ་མ་ཐོབ་ཀྱང་བར་དོར་ཤེས་པ་འོད་གསལ་དུ་ཟིན་པ་འོང༌། དེ་ནས་བར་དོ་ནས་སངས་རྒྱས་ཏེ། རང་ལ་དབང་མེད་པར་མངལ་དུ་འཇུག་མི་སྲིད་དོ། །གལ་ཏེ་མངལ་དུ་ཞུགས་ཏེ་ལུས་ལན་དུས་ན་ཡང་གཞན་གྱི་དོན་དུ་རང་ལ་དབང་ཡོད་པས་རང་དགར་ཞུགས་ཏེ་ལུས་ལེན་པ་ནི་སྒྱུ་ལུས་བསྒོམ་པའི་གང་ཟག་དང་གཉིད་འོད་གསལ་དུ་བསྒོམ་པའི་གང་ཟག་དང་ལྡན་པ་གཉིས་སྲིད་ཀྱིས་དེ་མ་ཡིན་ན་ལུས་ལེན་མི་སྲིད་གསུངས། སློབ་
XXX དཔོན་ལྭ་བ་པས་ཀྱང་ལོ་བཅུ་གཉིས་ཀྱི་བར་དུ་གཉིད་ལོག་པས་མཆོག་ཐོབ་གསུངས། དེ་ནི་སྒྱུ་ལུས་དང་གཉིད་འོད་གསལ་དུ་གཞུག་པ་གཉིས་ཆར་གྱི་བསྒོམ་པའོ། ། ༈ ན་མོ་གུ་རུ། བར་དོ་གསུམ། སྒྱུ་ལུས་གསུམ། མངོན་དུ་བྱ་བ་གསུམ། བསྲེ་བ་གསུམ། མཚམས་སྦྱོར་གསུམ། དེ་ལ་སྐྱེ་ཤི་བར་དོ། ལུས་རྣམ་སྨིན་གྱི་ལུས། མངོན་དུ་འོད་གསལ་བྱ། བསྲེ་བ་ནི་འདོད་ཆགས་དང་བསྲེའོ། །དེ་ལས་འདོད་ཆགས་དང་བསྲེ་བ་ནི། གྲོལ་ལམ་པས་གཏུམ་མོ་ལ་བརྟེན་ནས་བསྒོམ་པས་ལུས་བདེ་བས་རྒྱས་ཏེ། དེ་ལ་མ་ཞེན་པར་འོད་གསལ་དུ་འཁྱེར་བའོ། །མཚམས་ནི་བླ་མའི་གདམས་ངག་གི་སྦྱར་བའོ། །བར་དོ་རྨི་ལམ་གྱི་བར་དོ། ལུས་བག་ཆགས་ཀྱི་ལུས། མངོན་དུ་རྨི་ལམ་བྱ། བསྲེ་བ་གཏི་མུག་དང་བསྲེ་བའོ། །གཏི་མུག་དང་བསྲེ་བ་ནི་གཉིད་ཐུག་པོའམ། ཟང་ཟིང་དུ་བཏང་བར་སྲ་བ་འཐུག་དྲན་པ་ལ་རྨི་ལམ་སྦྱང་ངོ༌། །མཚམས་ནི་དྲན་པ་དང་འདུན་པས་སྦྱར་རོ། །བར་དོ་ནི་སྲིད་པའི་བར་དོ། ལུས་ནི་ཡིད་ཀྱི་ལུས། མངོན་དུ་འོད་གསལ་བྱ༌། བསྲེ་ན་ཞེ་སྡང་དང་བསྲེ། ཞེ་སྡང་དང་བསྲེ་བ་ནི་བར་དོ་ཐ་མའི་དུས་སུ། ཕ་ལ་ཞེ་སྡང་མི་བསྐྱེད། མ་ལ་འདོད་ཆགས་མི་བསྐྱེད་པར་འོད་གསལ་དུ་འཁྱེར་བའོ། །བླ་མ་དང་ཡི་དམ་སྔར་བཞིན་ནོ། །མཚམས་ནི་ཕ་མ་ཡབ་ཡུམ་གཉིས་ཀྱིས་སྦྱར་རོ། ། ༈ ན་མོ་གུ་རུ། ཤོར་ས་བཞི་དང་གོལ་ས་གསུམ་སྤངས་ནས། བཞག་པར་མ་ལྟེངས། བཏང་བར་མ་འབྱམས། བཏང་སྙོམས་ཀྱི་ཤེས་པ་ལས་ལོག་པའི་ཤེས་པ་མ་བཅོས་པ་ལ་གཡར་བ་བག་ཐོན་པར་བྱས་ལ་བསྒོམ་པས་རྣལ་འབྱོར་རྣམ་པ་བཞི་བསྐྱེད་གསུངས་ཏེ། དེ་ལ་དང་པོ་ཤོར་ས་གཞི་ལ་
XXX སྟོང་པ་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་ན། མཚན་ཉིད་པའི་ལུགས་གཅིག་དང་དུ་བྲལ་གྱིས་སྟོང་ཉིད་དུ་གཏན་ལ་ཕབ་ནས། སྟོང་པ་ཉིད་ནམ་མཁའི་དཀྱིལ་ལྟ་བུ་དེ། རྣམ་རྟོག་གིས་བྱས་པས་རྟོག་པ་བསྒོམ་པ་ཡིན། སྔགས་པས་ཕྱི་སྣོད་ནང་བཅུད་ལ་རིམ་གྱིས་བསྡུས་པའམ། སྭ་བྷཱ་ཝ་ལ་སོགས་པ་སྔགས་ཀྱི་སྒོ་ནས་བློས་སྟོང་པ་ཉིད་ནམ་མཁའ་རྣམ་པར་དག་པ་ལྟ་བུར་བྱས་ནས་དེ་ལ་བློས་འཇོག་པའོ། །དེ་གཉིས་ཀ་བློས་བྱས་ཡིན་པས་ཤོར་ས་ཡིན་ནོ། །གཉིས་པ་སྟོང་པ་ཉིད་རྒྱས་འདེབས་སུ་ཤོར་བ་ནི། སྦྱིན་པ་ལ་སོགས་པ་གཏོང་བའི་ཡུལ་དང༌། གཏོང་མཁན་དང༌། དངོས་པོ་ཐམས་ཅད་མི་དམིགས་པར་སྟོང་པ་ཉིད་དུ་རྒྱས་བཏབ་ནས་བསྒོམ་པ་ཡིན་ཏེ། དེ་ཡང་བློས་བྱས་ཡིན་པས་སོ། །གསུམ་པ་སྟོང་པ་ཉིད་ཉོན་མོངས་པའི་གཉེན་པོར་ཤོར་བ་ནི། འདོད་ཆགས་ལ་སོགས་པ་གང་སྐྱེས་ཀྱང༌། དེ་དང་པོ་གང་ནས་མ་སྐྱེས། ད་ལྟ་ཅིའི་ངོ་བོར་ཡང་མ་གྲུབ། ཐ་མ་འདིར་འགགས་བྱ་བའི་འགགས་པ་མེད་པར་སྟོང་པ་ཉིད་དུ་བློ་ཡིས་འཇོག་པའོ། །བཞི་པ་སྟོང་པ་ཉིད་ལམ་དུ་ཤོར་བ་ནི། གང་ཚེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འབྱུང༌། །རྒྱུ་ལས་འབྲས་བུ་གཞན་ཡིན་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ཞེས་པ་སྟེ། འབྲས་བུ་ཆོས་སྐུ་བཟང་པོ་གཅིག་གུད་ན་ཡོད་པར་བྱས་ནས། དེའི་ལམ་དུ་སྟོང་པ་ཉིད་བློ་ཡིས་བྱས་ནས་བསྒོམ་པས་ཀྱང་ཆོས་སྐུ་དེ་མི་ཐོབ་པའོ། །ཤོར་ས་དེ་བཞི་སྤངས་བའི་གནས་ལུགས་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་བློའི་ཡུལ་ལས་འདས་པའོ། །གོལ་ས་བཞི་ནི། བླ་མ་དམ་པ་གཅིག་གིས་སྤྱན་སྔར་བསྒོམ་ཁྲིད་པས། བདེ་བ་ཉམས་སུ་མྱོང་བ་སྐྱེས་ནས། བླ་མ་འདི་བསྒོམ་ལགས་སམ་མ་ལགས་ཞུས་པས།
XXX དེ་ཡིན་པས་སྐྱོང་ཤིག་གསུངས་ནས་སྐྱོང་བའི་ཚེ། བདེ་བ་ཕྲིལ་ཕྲིལ་བྱུང་ན་དགའ་མི་དགའ་གཉིས་དང་བཅས་པའི་ཚུལ་གྱིས་ཉམས་སུ་བླངས་པས་འདོད་ཁམས་སུ་གོལ། དེ་བཞིན་དུ་མི་རྟོག་པ་གོང་མ་བཞིན་དུ་ཉམས་སུ་བླངས་པས་གཟུགས་མེད་དུ་གོལ། དེ་བཞིན་དུ་གསལ་བ་སྐྱེས་ནས་ཉམས་སུ་བླངས་པས་གཟུགས་ཁམས་སུ་གསོལ། དེ་གསུམ་དབྱེར་མེད་ལ་ཆགས་ཤིང་ཞེན་ན་ཉན་ཐོས་དང་རང་སངས་རྒྱས་སུ་གོལ་ཏེ་བློས་བྱས་པ་ཡིན་པས་སོ། །དེ་རྣམས་སྤངས་པའི་ཤེས་པ་མ་བཅོས་པ་ལ་བཞག་པས་བཞག་པར་ལྟེངས་པ་ནི་མི་རྟོག་པ་ལྟེང་ངེ་འདུག་གོ །བཏང་སར་འབྱམས་པ་ནི། རྟོག་པ་གཅིག་རྟིང་ནས་བརྒྱུད་མར་བྱུང་བའོ། །བཏང་སྙོམས་གནོད་སྦྱིན་རྟོག་པའི་ཞལ་གྱི་གདམས་ངག། དགེའོ། །

གཞི་ལམ་འབྲས་བུའི་རྣམ་བཞག་བཞུགས་སོ།

༡༠ ༈ གཞི་ལམ་འབྲས་བུའི་རྣམ་བཞག་བཞུགས་སོ། །གཞི་ལམ་འབྲས་བུ་གསུམ་ནི། གཞི་དབང་བཞི་རྫོགས་པ། ལམ་བསྐྱེད་རྫོགས་ཟུང་འཇུག །འབྲས་བུ་སྐུ་གསུམ་བདེ་ཆེན། ཕྲིན་ལས་ལྷུན་གྲུབ་ཕྱོགས་མེད་རང་ཤར་རོ། །གནད་དྲུག་ནི། ཐབས་ལམ་རྩོལ་བའི་གནད། སྒྱུ་ལུས་བདེ་ཆེན་གྱི་གནད། རྨི་ལམ་འདུན་པའི་གནད། འོད་གསལ་མོས་གུས་ཀྱི་གནད། འཕོ་བ་དམིགས་པ་རྩེ་གཅིག་གི་གནད། བར་དོ་སྐྱོ་ཤས་ཀྱི་གནད་དོ། །གེགས་དྲུག་ནི། ཐབས་ལམ་ལ་དྲེད། སྒྱུ་ལུས་ལ་འཐས། རྨི་ལམ་ལ་འབྱམས། འོད་གསལ་བརྡུག །འཕོ་བ་ལ་འཕྲོས། བར་དོ་ལ་འཁྲུལ་པའོ། །ལྟ་སྒོམ་སྤྱོད་འབྲས་ནི། །ལྟ་བ་ཕྱོགས་མེད་མཐའ་བྲལ། སྒོམ་པ་གསལ་སྟོང་འཛིན་མེད། ཆོས་དྲུག་གི། དམ་ཚིག་རྩོལ་བ་རང་སེམས་རྣམ་བདེན་ཞེན་དུ་དག །སྤྱོད་གཉིས་སུ་གོལ། མོས་གུས། པ་བླང་དོར་རང་རྟོག་པ་སྣ་ཚོགས། ཐ་མལ་དུ། གྲོལ། འབྲས་བུ་སྐུ་གསུམ་རང་ཤར།
༡༡ ཕྲིན་ལས་ཕྱོགས་མེད་ལྷུན་གྲུབ་བོ། །ཡང་གཞི་ལམ་འབྲས་གསུམ་ནི། བྱིན་རླབས་དབང་གི་གཞི། གཏུམ་མོ་ལམ་གྱི་བོགས་འདོན། རྨི་ལམ་ལམ་གྱི་ཚོད་འཛིན། །འོད་གསལ་འབྲས་བུ་འཆར་བའོ། །གཞི་ལམ་འབྲས་བུའི་སྐུ་གསུམ་ནི། གཞི་སྐུ་གསུམ་རང་གནས། ལམ་སྐུ་གསུམ་ལམ་ཁྱེར། འབྲས་བུ་སྐུ་གསུམ་མངོན་གྱུར། ཕྲིན་ལས་ལྷུན་གྲུབ་ཕྱོགས་མེད་དོ། །ཌཱ་ཀི་མས་སེང་ལྡེང་ནགས་ཀྱི་ནམ་མཁའ་ནས་གསུངས་པ་རྫོགས་སོ། །རྡོ་རྗེ་འཆང་གིས་ནི་གུ་མ་ལ་གསུངས། དེས་ཁྱུང་པོ་རྣལ་འབྱོར་ལ། དེས་རྨོག་ལྕོག་པ། དེ་སྐྱེད་སྒང་པ་ལ། དེས་སངས་རྒྱས་སྟོན་པ་ལ། དེས་ཤངས་སྟོན་ལ། དེས་ཡོན་ཏན་རྒྱ་མཚོ་ལ། དེས་བྱམས་པ་དཔལ་བ། དེས་བློ་གྲོས་གསལ་བ་ལ། དེས་ཀུན་དགའ་དཔའ་བཟང་ལ། དེས་རྩ་བའི་བླ་མ་མཁས་གྲུབ་དཀོན་མཆོག་ལེགས་པ་ལ། དེས་བདག་ལའོ།

༄༅། །ཆོས་རྗེ་འབྲུག་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་བཞུགས་སོ༎ ༎

༤༩ ཆོས་རྗེ་འབྲུག་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་བཞུགས་སོ།། །
༥༠ བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །འདིར་ཐ་མལ་གྱི་ཤེས་རྒྱུད་ཡང་དག་པའི་ཡེ་ཤེས་སུ་ངོ་སྤྲོད་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་འདི་འཆད་པར་བྱེད་པ་ལ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་གཞན་དུ་གསལ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་གྱི་བར་དུ་སྔོན་དུ་འགྲོ་བས། རྣམ་སྣང་མངོན་བྱང་ལས། །ལུས་བསྲང་རྡོ་རྗེ་སྐྱིལ་ཀྲུང་བྱ། །ཡིད་ནི་རྩེ་གཅིག་ཕྱག་རྒྱ་ཆེ། ཞེས་གསུངས་པ་ལྟར། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅའ། སྒལ་ཚིགས་བསྲང་། ཐལ་གོང་དགྱེད། མགྲིན་པ་ལྕག་ཀྱུ་ལྟར་གུག་པ་ཨོག་སྐོས་མདུན་ནོན་ཙམ། ལྕེ་ཡར་རྐན་ལ་གཏད། སྤྱིར་རིག་པ་དབང་པོས་བསྒྱུར། ཁྱད་པར་མིག་གིས་བསྒྱུར་བས། མིག་མི་འཛུམ་ཞིང་མི་འགུལ་བར་གཉའ་ཤིང་གང་ཙམ་གྱི་ཐད་དུ་བལྟ་བ་རྣམ་སྣང་གི་ཆོས་བདུན་ཞེས་བྱ་ལ། བྱེད་ལས་ཀྱི་སྒོ་ནས་བསམ་གཏན་
༥༡ གྱི་ཆོས་ལྔ་ཞེས་བཞག་པ་སྟེ། དེ་ཡང་སྐྱིལ་ཀྲུང་གིས་ཐུར་སེལ་དང་། མཉམ་གཞག་གིས་མེ་མཉམ་དང་། སྒལ་ཚིགས་བསྲངས་པ་དང་། དང་ཁ་དགྱེ་བས་ཁྱབ་བྱེད་དང་། མགྲིན་པ་གུག་པས་གྱེན་རྒྱུ་དང་། ལྕེ་ཡར་རྐན་ལ་སྦྱར་བ་དང་། ལྟ་སྟངས་ཀྱིས་སྲོག་འཛིན་གྱི་རླུང་དབུ་མར་ཚུད་པར་བྱེད་ཅིང་། དེ་ལྔ་དབུ་མར་ཚུད་པས་ལས་རླུང་མཐའ་དག་དབུ་མར་ཚུད་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་བར་འགྱུར་བ་ནི་ལུས་དབེན་ནམ། ལུས་མི་གཡོ་བ་དང་ལུས་རང་བབས་སུ་གནས་པ་ཞེས་བྱའོ། །ངག་རླུང་རོ་དོར་ནས་སྨྲ་བ་བཅད་དེ་གནས་པ་ངག་དབེན་པ་དང་། ངག་མི་གཡོ་བ་དང་། ངག་རང་བབས་སུ་གནས་པ་ཞེས་བྱའོ། །འདས་པ་མི་མནོ། །མ་ལོངས་པ་མི་བསམ། ཆེད་དུ་བློས་བཏགས་ནས་མི་བསྒོམ། སྟོང་པ་ཉིད་ཅེས་མེད་པ་ཡང་མི་བལྟ། ད་ལྟར་སྒོ་ལྔའི་ཡུལ་དུ་གང་སྣང་ཡང་འདི་ཡིན་འདི་མིན་ཞེས་རྟོག་དཔྱོད་མི་བྱེད་པར་ཁ་ནང་དུ་ལོག་ནས་བུ་ཆུང་ལྷུག་པར་གནས་པ་བཞིན་དུ་སེམས་རང་བབས་སུ་འཇོག་པ་སྟེ་སྐད་ཅིག་ཀྱང་མ་ཡེངས་པར་བྱའོ། །དེ་ལྟར་ཡང་། བསམ་དང་བསམ་བྱ་
༥༢ ཐམས་ཅད་ཡོངས་སུ་དོར་ནས་སུ། །ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། ཅེས་དང་། ཏི་ལླི་པས། མི་མནོ་མི་བསམ་མི་དཔྱད་ཅིང་། །མི་བསྒོམ་མི་སེམས་རང་བབས་གཞག །ཅེས་གསུངས་ཤིང་། ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུས། །མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ། ཞེས་གསུངས་སོ། །དེ་ནི་སེམས་དབེན་ནམ། སེམས་མི་གཡོ་བ་དང་། སེམས་རང་བབས་སུ་བཞག་པ་ཞེས་བྱའོ། །ཀླུ་སྒྲུབ་ཀྱིས། །དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱི། །བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ལ་བསྒྲིམས་ཏེ་མངོན་པར་བསྲུང་བགྱི་ཞིང་། །དྲན་པ་ཉམས་པས་ཆོས་ཀུན་འཇིགས་པར་འགྱུར། ཞེས་པའི་དྲན་པ་ནི་མ་ཡེངས་པ་སྟེ། ཆོས་མངོན་པ་ལས། དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་པའོ། །ཞེས་གསུངས་པས་སོ། ༡ །གཉིས་པ་དངོས་གཞི་ལ། ཐུན་མོང་གི་ཉམས་ལེན་དང་། ཐུན་མོང་མ་ཡིན་པའི་ཉམས་ལེན་གཉིས་ལས། དང་པོ་ཐུན་མོང་གི་ཉམས་ལེན་ལ། སྒོམ་གྱི་རྩ་བ་ཞི་གནས་ཀྱི་ཉམས་བཙལ་ནས་རྩེ་གཅིག་གི་རྣལ་འབྱོར་བསྒོམ་པ་དང་། གནས་འགྱུའི་རྩ་བ་བཅད་ནས་ལྷག་མཐོང་ངོས་བཟུང་སྟེ་སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་གཉིས་ལས། དང་པོ་སྒོམ་གྱི་རྩ་བ་ཞི་གནས་ཀྱི་ཉམས་བཙལ་ནས་རྩེ་གཅིག་གིས་རྣལ་འབྱོར་བསྒོམ་པ་ལ། རྟེན་ཅན་དང་རྟེན་མེད་གཉིས་ལས། དང་པོ་རྟེན་ཅན་ལ། རླུང་མེད་དང་རླུང་ཅན་ནོ། །རླུང་མེད་ལ་མ་དག་པ་རྡེའུ་ཤིང་བུ་ལ་རྟེན་བཅའ་བ། དག་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ལ་རྟེན་བཅའ་བ་གཉིས་ཀྱི་དང་པོ་མ་དག་པ་རྡེའུ་ཤིང་བུ་ལ་རྟེན་བཅའ་བ་ནི། མདུན་དུ་རྡེའུ་ཆུང་ངུ་ཞིག་དམིགས་པའི་རྟེན་དུ་བཞག་ལ། དེ་ལ་ཤེས་པ་ཕྱིར་ཡང་མི་སྤྲོ། ནང་དུ་ཡང་མི་སྡུད་པར་དེ་ཁོ་ན་ལ་རྩེ་གཅིག་ཏུ་
༥༣ བལྟ་བར་བྱ་ཞིང་། བླ་མ་སྤྱི་བོར་བསྒོམ། སངས་རྒྱས་དངོས་སུ་བསམ། མ་ནམ་མཁའ་མས་གསོལ་བ་གདབ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་དངོས་གྲུབ་ཞུས་ནས་བདག་ཉིད་ལ་བསྟིམ། ཐུགས་ཡིད་འདྲེས་པར་བསམས་ལ། ཅི་ཙམ་མཉམ་པར་འཇོག་ནུས་པ་དེ་ཙམ་དུ་གཞག་ལ། སེམས་ཀྱི་ངང་ཚུལ་འཕྲལ་ལ་བྱུང་བ་རྣམས་བླ་མ་ལ་ཞུ་ཞིང་བསྒོམ་པར་བྱའོ། །བྱིང་ན་ལྟ་སྟངས་གཏོད། ས་སྣང་གཡེར་ཆེ་བར་བསྒོམ། རྨུགས་པ་ལ་གཞན་སྔ་མ་བཞིན་དྲན་པས་བཞུར། རྒོད་ན་བགོལ་སར་འདུག །ལྟ་སྟངས་སྨད། ལྷོད་ཆ་གཙོ་བོར་བྱའོ། ༢ །གཉིས་པ་དག་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ལ་རྟེན་བཅའ་བ་ནི། སྐུ་གཟུགས་བརྙན། གསུམ་ཡིག་ཡིག་འབྲུ། ཐུགས་ཐིག་ལེ་ལ་རྟེན་བཅའ་བ་གསུམ་ལས། སྐུ་གཟུགས་བརྙན་ལ་རྟེན་བཅའ་བ་ནི། སྐུ་ལུགས་མའམ། རི་མོར་བྲིས་པའམ། ཡང་ན་སངས་རྒྱས་ཀྱི་སྐུ་གསེར་གཙོ་མ་དང་འདྲ་བར་སེར་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་ཟེར་དང་བཅས་པ། ཆོས་གོས་གསུམ་བགོས་པ་མདུན་དུ་དམིགས་ཏེ་རྒྱུན་དུ་ཡིད་ལ་བྱའོ། ༣ །གསུང་ཡིག་འབྲུ་ལ་རྟེན་བཅའ་བ་ནི། མདུན་དུ་ཟླ་བའི་དཀྱིལ་འཁོར་སེན་མོ་ཙམ་པའི་སྟེང་དུ་ཧཱུྃ་སྤུས་བྲིས་པ་ལྟ་བུ་བསྒོམ་པའོ། ༤ །ཐུགས་ཐིག་ལེ་ལ་རྟེན་བཅའ་བ་ནི། ཐིག་ལེ་བྱའི་སྒོ་ངའི་དབྱིབས་འདྲ་བ་སྲན་མ་ཙམ་འོད་ཟེར་དང་བཅས་པའི་མཚན་མ་ཁྱད་པར་ཅན་ལ་སྔར་བཞིན་དུ་སེམས་འཛིན་ནོ། ༥ །གཉིས་པ་རླུང་ཅན་ལ་རྡོ་རྗེའི་བཟླས་པ་ལ་བརྟེན་པ་དང་། བུམ་པ་ཅན་ལ་བརྟེན་པའོ། །དང་པོ་རྡོ་རྗེའི་བཟླས་པ་ལ་བརྟེན་བ་ནི། ལུས་དང་སེམས་རྣལ་དུ་བཞག་སྟེ། དབུགས་རྔུབ་པ་དང་དབྱུང་བ་ལ་སེམས་གཏད་ནས་མངོན་པར་འདུ་བྱ་བ་གཞན་མེད་པར། གཅིག་དང་གཉིས་ལ་སོགས་པ་ནས་ཉི་ཁྲི་
༥༤ ཆིག་སྟོང་དྲུག་བརྒྱའི་བར་དུ་བགྲང་བར་བྱའོ། །དེས་དབུགས་ཕྱི་ནང་དུ་རྒྱུ་བའི་གྲང་ལ་མཁས་པར་འགྱུར་ཞིང་། ༦ དེ་ནས་ཇི་སྲིད་དུ་འབྱུང་ཞིང་འཇུག་པ། ལུས་ཀྱི་ཐམས་ཅད་ནས་སམ། ཕྱོགས་གཅིག་ནས་རྒྱུ་བ་ཡིན་ཞེས་རྟོག་པས། དབུགས་འཇུག་པ་དང་དབྱུང་བའི་རྗེས་སུ་འགྲོ་བར་བྱའོ། །དེས་དབུགས་ཀྱི་མཚན་ཉིད་ལ་མཁས་པར་འགྱུར་རོ། ༧ དེ་ནས་དབུགས་དང་ཤེས་པ་བསྲེས་ནས་སྣ་རྩེ་མོ་ནས་ལྟེ་བའི་བར་དུ་འགྲོ་བ་དང་འོང་བ་དང་གནས་པའི་རང་བཞིན་ལ་བལྟ་བར་བྱའོ། །དེས་ནི་རླུང་སོ་སོའི་ཁ་དོག་དང་རིང་ཐུང་ཇི་ལྟ་བ་བཞིན་མཐོང་ངོ་། ༨ །དེ་ནས་འབྱུང་བ་ཆེན་པོ་ལྔ་སོ་སོར་མ་འདྲེས་པར་བརྟགས་པས། དབུགས་ཕྱི་ནང་དུ་རྒྱུ་བའི་འཕེལ་འགྲིབ་ཤེས་པར་བྱའོ། ༩་།དེ་ནས་རླུང་ཕྱིར་འགྲོ་བ་ༀ་ཡིག་དཀར་པོ་དང་། ནང་དུ་འོང་བ་ཧཱུྃ་ཡིག་སྔོན་པོ་དང་། གནས་པ་ཨཱཿཡིག་དམར་པོར་བསྒྱུར་བས་དབུགས་ཕྱི་ནང་དུ་རྒྱུ་བ་ཟད་པ་མངོན་དུ་འགྱུར་རོ། ༡༠ །གཉིས་པ་བུམ་པ་ཅན་ལ་བརྟེན་པ་ནི། རླུང་རོ་ལན་གསུམ་དོར་ནས། སྟེང་རླུང་སྣ་ནས་དལ་བུས་བརྡུབ། འོག་རླུང་ཡར་འཐེན་ནས་ཙམ་ཐུབ་ཏུ་གཟུང་བ་ལ་འབད་དོ། །དེ་ལྟར་རབ་ཏུ་གདུལ་བར་དཀའ་བའི་སེམས་ཞེས་བརྗོད་པ་དེ་ནི་རླུང་ལས་གུང་དུ་མ་དམིགས་པའི་ཕྱིར། རླུང་གི་འཕོ་བ་ཟད་པས་སེམས་ཡུལ་ལ་འཕྱན་པའི་རྣམས་པར་རྟོགས་པའང་ཟད་པར་འགྱུར་རོ། ༡༡ །གཉིས་པ་རྟེན་མེད་ལ། ཐོལ་སྐྱེས་རྦད་གཅོད། གང་ཤར་བཟོ་མེད། བཞག་ཐབས་ཀྱི་གནད་དང་གསུམ་ལས། དང་པོ་ཐོལ་སྐྱེས་རྦད་གཅོད་ནི། དེ་ལྟར་བསྒོམས་པས་སེམས་ཡུལ་གྱི་རྗེས་སུ་སོང་བའི་རྣམ་པར་རྟོག་པ་སྐྱེས་ན། འཕྲོ་མཐུད་དུ་མི་འཇུག་བར་རྟོག་པ་གཅིག་ཀྱང་མ་སྐྱེས་པར་བྱེད་དགོས་སྙམ་པའི་དྲན་པས་བཞུར་ནས། རྣམ་རྟོག་ཐོལ་གྱིས་སྐྱེས་པའི་འཕྲོ་རྦད་རྦད་བཅད་ལ་བསྒོམ་མོ། ༡༢ །དེ་ཡུན་བསྲིངས་
༥༥ ཀྱིན་བསྒོམས་པས་རྣམས་བར་རྟོག་པ་ཇེ་མང་དུ་སོང་ནས་མཐར་རྣམ་རྟོག་གཅིག་རྟིང་ལ་གཅིག་སྐྱེ་བས་རྒྱུན་མི་ཆོད་པ་ལྟ་བུ་འབྱུང་སྟེ། །དེ་ནི་རྣམ་རྟོག་ངོས་ཟིན་པ་དགྲ་བོ་ཤེས་པ་ལྟ་བུའམ། གནས་པ་དང་པོ་རི་གཟར་གྱི་ཆུ་འབབ་པ་ལྟ་བུ་ཞེས་བྱའོ། །དེ་ཡང་སྐད་ཅིག་མ་རེ་རེ་ཙམ་སེམས་གནས་པས་རྣམ་རྟོག་གི་སྐྱེ་འགག་ཤེས། དེའི་དབང་གིས་རྣམ་རྟོག་མང་དུ་སོང་བ་འདྲ་ཞིག་བྱུང་བ་མ་གཏོགས་རྣམ་རྟོག་རྒྱུན་ཚགས་སུ་སྐྱེ་བས་མང་ཉུང་ཡོད་པ་མ་ཡིན་ཏེ། རྣམ་རྟོག་སྐད་ཅིག་ལ་སྐྱེ། དེའི་ཕྱི་ལོགས་ཀྱི་སྐད་ཅིག་ལ་འགག་པ་ཆོས་ཉིད་ཡིན་པས་སོ། ༡༣ །གཉིས་པ་གང་ཤར་བཟོ་མེད་ནི། དེ་ནས་རྣམ་རྟོག་ཁོ་རང་གང་བྱེད་དུ་གཞག །དབང་དུ་ཡང་མ་སོང་། དགག་ཀྱང་མི་དགག །རང་གི་སེམས་བྱ་ར་བར་བཞག་ནས་བསྒོམས་པས། ༡༤ རྣམ་པར་རྟོག་པ་འཕྲོར་མི་ཉན་པར་ཞི་གནས་ལ་རྩེ་གཅིག་ཏུ་གནས་པ་འབྱུང་། དེ་ནས་ཡང་རྣམ་རྟོག་ལ་སོགས་པར་ཁྱུར་ཁྱུར་འགྱུར་འགྲོ། དེ་ལ་སྔ་མ་བཞིན་བསྒོམས་པས་གནས་རྒྱུན་ཇེ་རིང་དུ་འགྲོ་བ་ནི། གནས་པ་བར་བ་ཆུ་རླུང་དལ་གྱིས་འབབ་པ་ལྟ་བུ་ཞེས་བྱའོ། །དེ་ལྟར་ལྷུག་པར་འཇོག་པར་གནད་འདིས་སེམས་ཀྱི་དྭངས་སྙིགས་ཕྱེད་པ། ཆོས་རྗེས། སེམས་མ་བཅོས་ན་བདེ། ཆུ་མ་རྙོགས་ན་དྭངས། ཞེས་དང་། རྣལ་འབྱོར་དབང་ཕྱུག་ཆེན་པོས། མ་བཅོས་སོ་མར་གཞག་ན་རྟོགས་པ་འཆར། ཆུ་བོའི་རྒྱུན་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤོངས་ལ། རྟག་ཏུ་མཉམ་པར་ཞོག་དང་རྣལ་འབྱོར་པ། ཞེས་དང་། དེ་ལྟ་བུའི་སྒོམ་བའི་ཚུལ་གཉིས་ཀ་ས་ར་ཧའི་ཞབས་ཀྱིས་བཅིངས་པར་གྱུར་ན་ཕྱོགས་བཅུར་འགྲོ་པར་རྩོམ། ཐོང་པར་གྱུར་ན་མི་གཡོ་བརྟན་པར་གནས། གོ་བཟློག་རྔ་མོང་ལྟ་བུར་བདག་གིས་རྟོགས། ཞེས་གསུངས་པའི་དོན་ནོ། ༡༥ གསུམ་པ་གཞག་ཐ བས་ཀྱི་གནད་ལ་བཞི་ལས། བྲམ་ཟེ་སྐུད་པ་འཁལ་བ་ལྟར་བཞག་པ་ནི། སྐུད་པ་ལ་གྲིམས་ལྷོད་སྙོམས་པ་ཞིག་དགོས་པ་ལྟར། སྒོམ་
༥༦ པ་ལ་ཡང་གྲིམས་དྲགས་ན་རྟོག་པར་འཆོར། ལྷོད་དྲགས་ན་སྙོམས་ལས་སུ་ལུས་པས་གྲིམས་ལྷོད་སྙོམས་པར་བྱའོ། །དེ་ཡང་ལས་དང་པོ་ལ། དང་པོར་ཐོལ་སྐྱེས་རྦད་གཅོད་ཀྱིས་བསྒྲིམས། དེ་ལ་སུན་པ་དང་གང་ཤར་བཟོ་མེད་ཀྱིས་གློད། དེ་ལྟ་བུའི་རེས་འཇོག་གིས་ཅི་ཞིག་ནས་གྲིམས་ལྷོད་རང་ལུགས་སུ་སྙོམས་པར་འགྱུར་བ་ལ་དགོངས་ནས། སེམས་སྒྲིམ་བསྒྲིམས་ནས་ལྷོད་གློད་པ་བྲམ་ཟེ་སྐུད་པ་འཁལ་བ་ལྟ་བུར་གཞག་པ་ཞེས་གསུངས་སོ། ༡༦ །སོག་ཕོན་ཐག་པ་ཆད་པ་ལྟར་བཞག་པ་ནི། དེ་ལྟར་སྔར་གྱི་གཉེན་པོ་ཐམས་ཅད་རྣམ་རྟོག་སྐྱེས་འདུག་བསམ་སྤང་པ་བྱེད་དགོས་སྙམ་པ་ཁོ་ན་སྟེ། རྣམ་རྟོག་འགགས་ནས་གཉེན་པོ་སླེབ་པ་ལས་མ་བྱུང་བས། དྲན་པ་ཕྱིས་སྙེགས་པ་ཞེས་བྱ་བ་སྒོམ་གྱི་དྲི་མ་ཡིན་པས། དེ་ལྟ་བུའི་དྲན་ཤེས་སྤངས་ནས་ཞི་གནས་ཀྱི་རྒྱུན་དེ་ཀ་ལ་རང་བབ་སུ་གཞོག་པ་ནི་སེམས་བྱ་རྩོལ་དང་བྲལ་བར་འཇོག་པ་སོག་ཕོན་ཐག་པ་བཅད་པ་ལྟ་བུ་ཞེས་བྱའོ། ༡༧ །བུ་ཆུང་ལྷ་ཁང་ལྟ་བ་ལྟར་གཞག་པ་ནི། སེམས་ཀྱི་གླང་པོ་དྲན་ཤེས་ཀྱི་ཀ་བ་ལ་དམ་པོར་ཐོགས་པས་རླུང་རང་མལ་དུ་ཟིན། དེའི་དབང་གིས་དུ་བ་ལ་སོགས་པའི་སྟོང་གཟུགས་དང་། བདེ་བས་བརྒྱལ་བ་ཙམ་དང་། མི་རྟོག་པ་ལུས་སེམས་ཡོད་དུ་མི་ཚོར་བ་བར་སྣང་སྟོང་པ་ལ་འདུག་པ་ལྟ་བུ་ལ་སོགས་པའི་ཉམས་ཀྱི་སྣང་བ་ཅི་ཤར་ཡང་དགའ་བ་དང་སྐྱོན་དུ་བལྟས་ནས། ཆེད་དུ་འཛིན་པ་དང་སྣང་ཆ་འགོགས་པ་གང་ཡང་མི་བྱ་བས། སྣང་ཆ་མ་འགགས་ལ་འཛིན་པ་མེད་པ་བུ་ཆུང་ལྷ་ཁང་ལྟ་བ་ལྟ་བུར་གཞག་པ་ཞེས་བྱའོ། ༡༨ །གླང་པོ་ཆེ་ལ་ཚེར་མ་བཏང་བ་ལྟ་བུར་གཞག་པ་ནི། གནས་ཐོག་ཏུ་རྟོགས་པ་སྐྱེས་པ་དང་། ངོ་ཤེས་པའི་དྲན་པ་དུས་མཉམ་དུ་ལངས། སྤང་གཉེན་བྲང་འཕྲད་པས་རྣམ་རྟོག་གཅིག་ནས་གཉིས་སུ་བརྒྱུད་མ་ཐུབ། གཉེན་པོ་རྩོལ་བས་བསྒྲུབ་མ་དགོས་པར་
༥༧ རང་ཁྱུང་བས་དྲན་པས་ཚུར་བཅངས་པ་ཞེས་བྱ་བ་ནི། རྣམ་རྟོག་བྱུང་ཚོར་ལ་དགག་སྒྲུབ་མི་བྱེད་པར་འཇོག་པ་གླང་པོ་ཆེ་ལ་ཚེར་མ་བཏབ་པ་ལྟ་བུར་བཞག་པའི་དོན་ནོ། །དེ་ལ་གནས་པ་ཐ་མ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་ཞེས་གསུངས་ཤིང་། དེ་དུས་གནས་ཐོག་ཏུ་འགྱུ་བའི་རང་ངོ་ཤེས། འགྱུ་ཐོག་ཏུ་གནས་པའི་རང་ས་ཟིན་པས་གནས་འགྱུའི་བར་ལག་འགྱེལ་བ་ཞེས་བྱ་སྟེ། རྩེ་གཅིག་གི་རང་ངོ་འཕྲོད་པ་ཡིན་ནོ། དེ་དུས་ཀྱི་གནས་པ་དང་འགྱུ་བ་ངོ་ཤེས་མཁན་དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པའམ་སོ་སོར་རྟོག་པའི་ཤེས་རབ་དང་རང་རིག་པ་ཞེས་བྱའོ། །དེ་ཡང་མདོ་སྡེ་རྒྱན་ལས། །དེས་ན་དེ་ཡིས་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་དཔྱད་ཤེས་བྱ། ཞེས་གསུངས་པའོ། ༡༩ །གཉིས་པ་གནས་འགྱུའི་རྩ་བ་བཅད་དེ་ལྷག་མཐོང་ངོས་བཟུང་ནས་སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་ལ། །གནས་འགྱུའི་རྩ་བ་བཅད་པ། །ལྷག་མཐོང་ངོས་འཛིན་པ། སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་གསུམ་ལས། དང་པོ་གནས་འགྱུའི་རྩ་བ་བཅད་པ་ནི། རྣམ་པར་མི་རྟོག་པའི་ཞི་གནས་སོར་སོར་རྟོག་པའི་ཤེས་རབ་ལངས་པ་དེས། གནས་ན་གནས་པའི་ངོ་བོ་ཅི་ལྟ་བུ་ཞིག །ཚུལ་ཇི་ལྟར་གནས། དེ་ལས་ཇི་ལྟར་འགྱུ། འགྱུ་བའི་ཚེ་གནས་པ་ལས་གཡེལ་ཏེ་འགྱུའམ། གནས་བཞིན་པར་འགྱུ་འགྱུ་བ་དེ་གནས་པ་ལས་གཞན་ཡིན་ནམ་མ་ཡིན། དེ་ཀའི་ངོ་བོ་ཇི་ལྟ་བུ་ཞིག །མཐར་འགག་པའི་ཚུལ་གང་ཡིན་ཞེས་དཔྱད་ཅིང་། ༢༠ གནས་པ་ལས་གཞན་དུ་འགྱུ་བ་དང་། འགྱུ་བ་ལས་གཞན་དུ་གནས་པ་བཞག་ཏུ་མེད་པས། གནས་འགྱུའི་ངོ་བོ་མ་རྙེད་པ་དེའི་ཚེ། ལྟ་མཁན་གྱི་རིག་པ་དེ་ཉིད་བལྟ་བྱའི་གནས་འགྱུ་ལས་གཞན་དུའམ། གནས་འགྱུ་ཉིད་ཡིན་ནམ་ཞེས། རང་རིག་པའི་མིགས་གིས་དཔྱད་པས་ཅི་ཡང་མ་རྙེད་པས་བལྟ་བྱ་ལྟ་བྱེད་དབྱེར་མེད་དུ་རྟོག །དེའི་ངོ་བོ་གང་དུ་ཡང་བཞག་ཏུ་མེད་པས་བློ་
༥༨ འདས་ཀྱི་ལྟ་བའམ། ལྟ་བ་ཁས་ལེན་དང་བྲལ་བ་ཞེས་བྱ་སྟེ། རྒྱལ་བའི་དབང་པོས། །བློས་བྱས་ཀྱིས་ལྟ་བ་བཟང་ཡང་འཇིག །བློ་འདས་ལ་ལྟ་བའི་མིང་ཡང་མེད། །བལྟ་བྱ་དང་ལྟ་བྱེད་དབྱེར་མེད་པའི། །ངེས་པ་དེ་བླ་མའི་དྲིན་ལས་རྙེད། །ཅེས་གསུངས་སོ། །ཚུལ་དེ་ལྟ་བུའི་དཔྱད་པ་དེ་ཀ་སློབ་དཔོན་ཞི་བ་ལྷས། །ཅི་ནས་ཏིང་འཛིན་བརྩོན་པ་ནི། །སྐད་ཅིག་གཅིག་ཀྱང་མི་འཚོར་བར། །བདག་གི་ཡིད་ནི་གང་དཔྱད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག །ཅེས་གསུངས་སོ། །དེ་ཡང་བུད་ཤིང་དང་མེའི་དཔེས། འོད་སྲུངས་ཀྱིས་ཞུས་པའི་མདོར་གསུངས་པ། །ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་སྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་སྲེག་པར་བྱེད། ཅེས་སོ། །དེ་ལྟ་བུའི་དཔྱད་པ་ནི་ཁ་ནང་དུ་བལྟས་པའི་རང་རིག་གིས་དཔྱོད་པའི་ཕྱིར། ཀུ་པཱ་ལིའི་དཔྱད་བསྒོམ་ཞེས་བྱ་བ། པཎྜི་ཏའི་དཔྱད་སྒོམ་ནི་མ་ཡིན་ཏེ། དེ་དག་ཁ་ཕྱིར་ལྟའི་ཤེས་པས་དཔྱོད་པས་སོ། ༢༡ །གཉིས་པ་ལྷག་མཐོང་ངོས་བཟུང་བ་ནི། རྣམ་པར་རྟོག་པའམ། ཉོན་མོངས་པ་ཇི་ལྟ་བུ་སྐྱེས་ཀྱང་མི་སྤང་ཞིང་། དེའི་དབང་དུ་མི་བཏང་བར་གང་ཤར་དེ་ཉིད་བཟོ་མེད་དུ་གཞག །སྐྱེས་པའི་སྐད་ཅིག་དེ་ཀར་ངོ་ཤེས་པར་བྱས་པས། དེ་རང་མ་སྤངས་གནས་སུ་དག་པའི་སྟོང་པ་ཉིད་དུ་འཆར་ཞིང་། ཚུལ་དེས་འགལ་རྐྱེན་ཐམས་ཅད་ལམ་དུ་ཁྱེར་བར་ནུས་པས་རྐྱེན་ལམ་དུ་སློངས་བ་ཟེར་རྣམ་པར་རྟོག་པ་ཉིད་རང་གི་ངོ་ཤེས་པ་ཙམ་གྱིས་གྲོལ་བས་སྤང་གཉེན་དབྱེར་མེད་དུ་རྟོགས་པ་འདི་ནི། རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་སྙིང་པོ་བཟློག་པའི་བསྒོམ་པ་ཞེས་བྱའོ། །དེ་ནས་རང་གི་སེམས་ཉིད་ཀྱི་རང་བཞིན་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ལྷག་པར་སྐྱེ་ཞིང་ལུས་ངག་ཡིད་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྐྱེད་པའི་
༥༩ རིམ་པ་ལ་སོགས་པའི་ཐབས་ཀྱི་བྱ་བས་འདའ་ཡང་། ཤེས་རབ་ཀྱི་ཚུལ་དེས་བདེན་པར་ཞེན་པ་ཡོངས་སུ་སྦྱངས་པའི་དབང་གིས་སྔགས་ཀྱིས་ཟིན་པའི་དུས་སྤྱད་པས་ཉོན་མོངས་པར་མི་འགྱུར་བ་ལྟར་རོ། །ཚུལ་འདི་ལྟ་བུའི་ཉམས་ལེན་ལ་དགོངས་ནས་ལམ་གང་ཤར་ལ་སྤང་བླང་མེད་པ་ཞེས་གསུངས་སོ། ༢༢ གསུམ་པ་སྤྲོས་བྲལ་ཀྱི་རྣལ་འབྱོར་བསྒོམ་པ་ལ། དུས་གསུམ་གྱི་སྒོ་ནས་དཔྱད་པ། དངོས་པོ་དངོས་མེད་ཀྱི་སྒོ་ནས་དཔྱད་པ། གཅིག་དང་ཐ་དད་ཀྱི་སྒོ་ནས་དཔྱད་པ་དང་གསུམ་ལས། དུས་གསུམ་གྱི་སྒོ་ནས་སྤྱད་པ་ནི། འདས་པའི་སེམས་ནི་འགགས་ཤིང་ཞིག །མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟ་བའི་སེམས་ནི་ངོས་འཛིན་དུ་ཅི་ཡང་མེད་ལ། དེ་བཞིན་དུ་བརྟགས་པས་ཆོས་ཐམས་ཅད་ཀྱི་ཚུལ་ཡང་དེ་འདྲ་བ་ཞིག་སྟེ་ཐམས་ཅད་ཀྱང་བདེན་པ་མ་ཡིན་པ་རང་གི་བློས་བཏགས་པ་ཙམ་དུ་ཟད་པས། སྐྱེ་བ་དང་འགག་པ་དང་། གནས་པ་ཅི་ཡང་གྲུབ་པ་མ་ཡིན་ནོ་སྙམ་དུ་རིག་པ་ནི་ས་ར་ཧས། དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་ནས། །དངོས་པོ་རྣམས་སྤངས་ཕྱིས་ནས་ཅི་ཞིག་སྐྱེ། །གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་བླ་མ་མགོན་པོས་བསྟན་པས་རྟོག །ཞེས་གསུངས་པ་ལྟར་དུ་དཔྱད་པའོ། ༢༣ གཉིས་པ་དངོས་པོ་དངོས་མེད་ཀྱི་སྒོ་ནས་དཔྱད་པ་ནི། དེ་ཡང་། རང་གི་སེམས་ནི་་་་་་་་་་་ཡོད་པ་དངོས་པོ་གྲུབ་བམ། མེད་པ་དངོས་མེད་དུ་གྲུབ། དངོས་པོར་གྲུབ་ན་གཟུང་་་་་་་་་་་་་་་་་་་་་བ་འཛིན་པ་་་་་་་་་་་་་་་་་་་་་་་་་་་་་་་གང་དུ་གྲུབ། གཟུང་བ་གྲུབ་་་་་་་་་་་་་་་་་་་་་་་་་་་་ན་དབྱིབས་ཁ་་་་་་་་་་་་་་་་དོག་ཅི་ལྟ་བུ། འཛིན་པ་ཡང་དེར་སྣང་བ་ཉིད་དུ་ཟད་ལ།
༦༠ དངོས་པོ་མེད་པ་ཞིག་ན་སྣ་ཚོགས་སུ་སྣང་བའང་འདི་གང་གིས་བྱ་ཞེས་བརྟགས་པས། ངོ་བོར་གྲུབ་པ་ཞིག་ཡོད་ན་དངོས་པོར་བཞག་ཏུ་རུང་སྟེ། རིག་པས་བརྟགས་པའི་ངོ་བོ་ཅི་ཡང་གྲུབ་པ་མེད་པས་ཡོད་པ་དངོས་པོའི་ཆོས་སུ་བཞག་ཏུ་མ་རྙེད། རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་བས་མེད་པ་དངོས་མེད་ཀྱི་ཕྱོགས་སུ་མ་སོང་། དེས་ན་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀ་དང་བྲལ་བས་རྟག་པ་ཆད་པའི་ལམ་དུ་མ་ལྷུང་བ་དབུ་མའི་ལམ་ཞེས་བྱ་ལ། དེ་ཡང་རྟགས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པས་གཏན་ལ་ཕབ་པ་མ་ཡིན་པར་བླ་མའི་མན་ངག་གིས་ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་བ་དང་འདྲ་བས་ཆེན་པོ་ཞེས་བྱའོ། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། ཞེས་གསུངས་སོ། ༢༤ །གསུམ་པ་གཅིག་ཐ་དད་ཀྱི་སྒོ་ནས་དཔྱད་པ་ནི། སེམས་་་་་་་་འདི་གཅིག་པུ་ཞིག་གམ། དུ་མ་ཞིག །གཅིག་པུ་ཡིན་ན། སེམས་ཞེས་བྱ་བ་འདི་སྣ་ཚོགས་སུ་སྣང་བ་ལ་བཏགས་པ་ཉིད་དེ། ཇི་ལྟར་གཅིག་ཏུ་གཞག །དུ་མ་ཞིག་ན་དེ་ཐམས་ཅད་ཀྱང་རང་གི་ངོ་བོ་སྟོང་པ་ཉིད་དུ་མཉམ་པར་ཇི་ལྟར་འགྱུར་བརྟགས་པས། ཐ་དད་དུ་བཅས་པ་དང་། མཐའ་དང་བྲལ་བ་ལས་འདས་པས་ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་ཞེས་བྱའོ། དེ་ལྟར་རྟོགས་པའི་རྣལ་འབྱོར་པའི་མཉམ་བཞག་ཏུ་སོ་སོ་རང་རིག་པ་ལ་ཡེ་ཤེས་འབའ་ཞིག་ལས་གཞན་ཅི་ཡང་མི་སྣང་བས་སྣང་བ་མེད་པ་ཞེས་བྱ་ལ། རྗེས་ཐོབ་ཏུ་ལམ་འདིས་ཆོས་ཐམས་ཅད་ལ་བདེན་པར་ཞེན་པ་དག་པའི་ཕྱིར་སྒྱུ་མ་ལྟ་བུར་སྣང་བ་ཡིན་ནོ། །དེ་ལྟར་ཡང་། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། གང་གང་མཐོང་བ་དེ་དེ་ཉིད། དེ་རིང་མགོན་པོ་ང་ལྟར་འཁྲུལ་པ་ཆད། །ང་ནི་སུ་ལའང་འདྲི་བར་མི་བྱའོ། །ཞེས་གསུངས་སོ། ༢༥ གཉིས་པ་ཐུན་མོངས་མ་ཡིན་པའི་ཉམས་ལེན་ལ། ཆོས་ཐམས་ཅད་སྣང་སེམས་དབྱེར་མེད་དུ་རོ་སྙོམས་པ་རོ་གཅིག་གི་རྣལ་འབྱོར་དང་། ཆོས་ཐམས་ཅད་
༦༡ གཉུག་མ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུར་གཏན་ལ་ཕབ་པ་སྒོམ་མེད་ཀྱི་རྣལ་འབྱོར་གཉིས་ལས། དང་པོ་ཆོས་ཐམས་ཅད་སྣང་སེམས་དབྱེར་མེད་དུ་རོ་སྙོམས་པ་རོ་གཅིག་གི་རྣལ་འབྱོར་ལ། གཉིད་དང་རྨི་ལམ་གྱི་དཔེས་སྣང་བ་སེམས་སུ་ངོ་སྤྲོད། ཆུ་དང་འཁྱག་རོམ་གྱི་དཔེས་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲད། ཆུ་དང་རླབས་ཀྱི་དཔེས་ཆོས་ཐམས་ཅད་རོ་མཉམ་དུ་གཏན་ལ་དབབ་པ་དང་གསུམ་ལས། དང་པོ་གཉིད་དང་རྨི་ལམ་གྱི་དཔེས་སྣང་བ་སེམས་སུ་ངོ་སྤྲོད་པ་ནི། གཉིད་ཀྱི་དུས་སུ་ཇི་ལྟར་སྣང་ཡང་སེམས་ལས་ལོགས་སུ་མེད་པ་ལྟར། ད་ལྟར་གྱི་སྣང་བ་ཐམས་ཅད་ཀྱང་གཏི་མུག་གི་གཉིད་ལོག་པའི་རྨི་ལམ་ཡིན་ཅིང་། རང་སེམས་ལས་གཞན་དུ་མེད་པས། སྣང་བ་གང་སྣང་གི་ཡུལ་ཐོག་དེ་ཀར་གློད་ནས་གཞག་པ་ཉིད་ཀྱིས་ཕྱིའི་ཡུལ་སྣང་དང་། རང་གི་སེམས་ཞེས་གཉིས་སུ་བྱེ་རུ་མེད་པར་རོ་གཅིག་ཏུ་འདྲེས་པར་འགྱུར་ཏེ། རྣལ་འབྱོར་དབང་ཕྱུག་གིས། མདངས་རྨི་ལམ་ཉམས་སུ་མྱོང་བ་དེ། སྣང་བ་སེམས་སུ་ངོ་སྤྲོད་པའོ། སློབ་དཔོན་ཅིག་ལགས་ཏེ་གོ་ལགས་སམ། ཞེས་དང་། ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་སྒྱུར་ཞིག་དང་། ཞེས་གསུངས་སོ། ༢༦ གཉིས་པ་ཆུ་དང་འཁྱག་རོམ་གྱི་དཔེས་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲད་པ་ནི། ཇི་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་བའི་དུས་དེ་ཉིད་དུ་ངོ་བོ་ཅིར་ཡང་མ་གྲུབ་པས་སྟོང་པ་ཞེས་བྱ་ལ། ཅིར་ཡང་མ་གྲུབ་བཞིན་དུ་ཅིར་ཡང་སྣང་གི་འདུག་པས་སྣང་སྟོང་ཟུང་འཇུག་གམ་རོ་གཅིག་པ་ཞེས་བྱ་སྟེ། དཔེར་ན་འཁྱག་པ་དང་ཆུ་བཞིན་ནོ། ཚུལ་དེས་བདེ་སྟོང་གསལ་སྟོང་རིག་སྟོང་ཟུང་འཇུག་ཀྱང་ཤེས་པར་བྱ་བས་དུ་མ་རོ་གཅིག་ཏུ་རྟོགས་པ་ཞེས་བྱའོ། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། ཀློག་པ་དེ་ཡིན་འཛིན་དང་སྒོམ་པའང་དེ། ཞེས་གསུངས་སོ། ༢༧ གསུམ་པ་ཆུ་དང་རླབས་ཀྱི་དཔེས་ཆོས་ཐམས་ཅད་རོ་མཉམ་དུ་གཏན་ལ་དབབ་པ་ནི། ཆུ་རླབས་ཆུ་
༦༢ ཉིད་ལས་ཤར་བ་བཞིན་དུ། ཆོས་ཐམས་ཅད་རང་གི་སེམས་ཉིད་སྟོང་པ་ཉིད་རྣམ་པ་ཐམས་ཅད་པར་ཤར་བའི་ཚུལ་གྱིས་བྱས་པར་རྟོགས་པ་སྟེ། ས་ར་ཧས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། དེ་སྲིད་མགོན་པོའི་རང་བཞིན་ཏེ། ཞེས་གསུངས་པས། འདི་ལ་ཆོས་ཉིད་གཅིག་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རོ་གཅིག་དུ་མར་ཤར་བ་ཞེས་བྱའོ། །འདི་རྟོགས་པའི་རྣལ་འབྱོར་པ་ལ་རྗེས་ཤེས་སྟོང་པ་ཉིད་ཀུན་ཏུ་འགྲོ་བར་འཆར་རོ། ༢༨ གཉིས་པ་ཆོས་ཐམས་ཅད་གཉུག་མ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུར་གཏན་ལ་ཕབ་ནས་སྒོམ་མེད་ཀྱི་རྣལ་འབྱོར་ཉམས་སུ་བླང་བ་ནི། སྤང་བྱ་ཉོན་མོངས་པ་ཟད་པས་སྤོང་བྱེད་ཀྱི་གཉེན་པོ་ཟད་ནས་ལམ་ཆད་དེ། དེ་ལས་གཞན་དུ་ཕྱི་ནས་མེད་དེ། འཇུག་པ་ཆད་དེ། དེ་ལས་གོང་དུ་ཕུལ་ས་མེད་པ་མི་གནས་པའི་མྱ་ངན་ལས་འདས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཡང་བསྲེ་སྐོར་གྱི་གཞུང་ལས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། ཏིལ་ལི་ངས་ནི་ཅི་ཡང་བསྟན་དུ་མེད། རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། ཞེས་དང་མི་མནོ་མི་བསམ་མི་དཔྱད་ཅིང་། མི་བསྒོམ་མི་སེམས་རང་བབ་བཞག །ཅེས་གསུངས་པའི་དོན་ནོ། ༢༩ གསུམ་པ་རྗེས་ལ། ཕྱག་རྒྱ་ཆེན་པོ་ངོས་བཟུང་ཞིང་རང་ངོ་སྤྲད་པ། གེགས་དང་གོལ་ཤོལ་དཔྱད་པ། ཉམས་རྟོགས་གོ་བ་གསུམ་གྱི་ཤན་འབྱེད་པ་དང་གསུམ་ལས། དང་པོ་ཕྱག་རྒྱ་ཆེན་པོ་ངོས་བཟུང་ཞིང་རང་ངོ་སྤྲད་པ་ནི། གཞི་གཏན་ལ་དབབ་པ། ལམ་ཉམས་སུ་བླང་བ། ཉམས་མྱོང་གི་སྤུ་རིས་འབྱེད་པ་ས་ལམ་གྱི་དྲོད་རྟགས་འབྱེད་པ། འབྲས་བུ་མངོན་དུ་གྱུར་པའི་རྣལ་འབྱོར་བཞི་ཚན་རྣམས་སོ། ༣༠ །གཉིས་པ་གེགས་དང་གོལ་ཤོར་དཔྱད་པ་ནི། སྣང་བ་དགྲར་ལངས་ཀྱི་གེགས་སྣང་བ་སེམས་སུ་ཤེས་པས་སེལ། རྣམ་རྟོག་དགྲར་ལངས་རྣམ་རྟོག་ཆོས་སྐུར་ཤེས་པ་དང་། སྟོང་པ་དགྲར་ལངས་སྣང་སྟོང་ཟུང་འཇུག་ཏུ་ཤེས་པས་སེལ་ཞིང་། གོལ་ས་གསུམ་ནི་ཞི་གནས་ཀྱི་ཉམས་ལ་ཞེན་པ་སྟེ། ལྷག་མཐོང་དུ་ན་སྤར་བས་སེལ་ལོ། ཤོར་ས་བཞི་སྟོང་ཉིད་གཤིས་ལ་ཤོར་བ། སྟོང་ཉིད་སྙིང་རྗེར་ལངས་པས་
༦༣ གཅོད། རྒྱས་འདེབས་སུ་ཤོར་བ་ཡིན་ལུགས་ཡིན་བཞིན་པར་རྟོགས་པས་གཅོད། གཉེན་པོར་ཤོར་བ་སྤང་གཉེན་དབྱེར་མེད་དང་། ལམ་དུ་ཤོར་བ་ཤར་གྲོལ་དུས་མཉམ་དུ་རྟོགས་པས་ཁགས་པར་འགྱུར་རོ། ༣༡ །གསུམ་པ་ཉམས་རྟོགས་གོ་བ་གསུམ་གྱི་ཤན་དབྱེ་བ་ནི། སེམས་ཀྱི་གནས་ལུགས་ཐོས་བསམ་གྱིས་རྟོགས་པ་གོ་བ། དོན་སྤྱིའི་ཚུལ་དུ་རྟོགས་པ་རྩེ་གཅིག་སྟེ་ཉམས་མངོན་སུམ་རྟོགས་པ་སྤྲོས་བྲལ་མན་ཆད་ལ་རྟོགས་པ་ཞེས་བྱ་ལ། སྒྲ་འཇུག་པ་གཅིག་པའི་དབང་གིས་ཐམས་ཅད་ལ་རྟོགས་པ་སྦྱར་ཡང་འགལ་བ་མེད་དོ། ༣༢ །དེ་ཡང་ཁ་ཆེ་ཟངས་དཀར་གྱི་རྒྱལ་པོ་གཞན་ཕན་བཟང་པོས་གུར་གུམ་གྱི་གེ་སར་ཁལ་གཅིག་ལྷག་པའི་ཡོན་དང་བཅས་ཏེ། ཕྱག་ཆེན་དང་ཆོས་དྲུག་ལ་ཟིན་བྲིས་དགོས་ཞེས་བསྐུལ་བ་དང་། །གསུང་རྒྱུན་ལ་བསྙད་པའི་སུག་བྲིས་མང་པོ་ལ་ཡིད་བརྟན་དུ་རུང་བ་ཅི་ཡང་མ་མཐོང་ནས། ཕྱི་རབས་ལ་ཕན་པའི་ཆེད་ཁོ་ནར་པདྨ་དཀར་པོས་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་མཁར་ཆུ་བྱང་ཆུབ་གྱི་སྙིང་པོ་ལ་འདུག་པའི་ཚེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

༄༅། །དུས་འཁོར་ལྷ་དགུའི་སྒྲུབས་ཐབས་རྒྱས་པ་བཞུགས་སོ༎ ༎

༢༥ དུས་འཁོར་ལྷ་དགུའི་སྒྲུབས་ཐབས་རྒྱས་པ་བཞུགས་སོ།། །།
༢༦ ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ དཔལ་དུས་ཀྱི་འཁོར་ལོ་ལྷ་དགུའི་སྒྲུབ་ཐབས་རྒྱས་པ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱགགཉིས་པ། །གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ༀ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ། །མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་ཌྀ་ཌྷོ་མེབྷ་ཝ། སུ་ཏོཥྱོ་མེབྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་བོ་ཥྱོ་མེབྷ་ཝ། སརྦ་སིདྡྷམྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། །ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། །བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་
༢༧ སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །ༀ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ་ཧཾ། དཔྲལ་བར་ༀ་དཀར་པོ་ལས་སྣང་བ་མཐའ་ཡས་དཀར་པོ། །མགྲིན་པར་ཨཱཿདམར་པོ་ལས་རིན་ཆེན་འབྱུང་ལྡན་དམར་པོ། །སྙིང་གར་ཧཱུྃ་ནག་པོ་ལས་དོན་ཡོད་གྲུབ་པ་ནག་པོ། ལྟེ་བར་ཧོཿསེར་པོ་ལས་རྣམ་པར་སྣང་མཛད་སེར་པོ། །གཙུག་གཏོར་དུ་ཧཾ་ལྗང་གུ་ལས་མི་བསྐྱོད་པ་པ་ལྗང་གུ། གསང་བ་རྐྵ་སྔོན་པོ་ལས་རྡོ་རྗེ་སེམས་དཔའ་སྔོན་པོ་རྣམས་འཁོད་པར་གྱུར། །ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿཧྲཱཿཧྲཱཿཧྲཱཿཧྲཱཿར་ར་ར་ར་བཛྲ་ཨ་ན་ལ། སརྦ་ཨཱ་བ་ར་ཎ་དྷརྨ་པྲ་ལ་ཡ་སྭ་བྷཱ་ཝ་སརྦ་མཱ་ར་ཀཱ་ཡི་ཀ་བིགྷྣ་བི་ནཱ་ཡ་ཀ་ཨཱ་དཱི་ནཱཾ། ད་ཤ་དི་ཀ་ག་ཏཱ་ནི། ཀཱ་ཡ་ཝཱ་ཀིཏྟཱ་ནི། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་སྨི་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་སོགས་འདོན་ནོ། །བདག་ཉིད་སྐད་ཅིག་གིས་དུས་ཀྱི་འཁོར་ལོའ་སྐུར་གསལ་བའི་སྙིང་གར་པཾ་ལས་བྱུང་བའི་པདྨ་དམར་པོ་འབབའདབ་མ་བརྒྱད་པའི་ལྟེ་བར་ཨཾ་ཡིག་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་། དེ་ལས་རྡོ་རྗེ་ཉི་མ་བཞིན་ཏུདུ་འོད་ཟེར་ཁ་དོག་ལྔ་རྣམས་འཕྲོས་པས། བླ་མ་དང་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དུས་ཀྱི་འཁོར་ལོའ་དཀྱིལ་འཁོར་གྱི་རྣམ་པས་ནམ་མཁའི་མཐིལ་དུ་བཛྲ་ས་མཱ་ཛཿ འོད་ཟེར་གྱི་ཚོགས་རྣམས་
༢༨ རང་གི་སྙིང་གའི་རྡོ་རྗེ་ལ་ཞུགས་པར་གྱུར། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །ཕྲ་རབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ༀ་།།།བཛྲ་གནྡྷེ་གནྡྷ་ཨ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་མཱ་ལེ་མཱ་ལ་ཨ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་དྷཱུ་པེ་དྷཱུ་པ་ཨ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་པྲ་དཱི་པེ་པྲ་དཱི་བ་ཨ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་ཨཱམྲྀ་ཏེ་ནི་ཝི་དྱ་པཱུ་ཛཱི་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་ཨཱཀྵ་ཏེ་ཨཱཀྵ་ཏ་ཕལ་ཨཱརྩ་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་ལ་སྱེ་ཝསྟ་ཨཱ་བྷར་ཎ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་ཧཱ་སྱེ་གྷཱཎྜ་ཨཱ་དརྵ་པཱུ་ཛཱེ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་ཝཱ་དྱེ་བཱ་དྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་ནྲྀ་ཏྱེ་ནྲྀ་ཏྱ་པཱུ་ཛཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་གཱི་ཏེ་གཱི་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་ཀཱ་མེ་སརྦ་བུདྡྷ་བོདྷི་ས་ཏྭ་ནཱཾ་ཀྲོ་དྷ་ཨཱ་དཱི་ནཱཾ་བཛྲ་སཱུ་ར་ཏ་པཱུ་ཛཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། །སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམས་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང་། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིག་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་ལུས་འབུལ་ཆོས་ཀྱི་འཁོར་ལོ་
༢༩ བསྐོར་ཞིང་མྱ་ངན་མི་འདའ་ཡུན་རིང་བཞུགས་པར་གསོལ་བ་འདེབས། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ༀ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། །རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའ་དབུས་སུ་ཆོས་འབྱུང་ནམ་མཁའི་ཁམས་ལ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུའི་རྣམ་པ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱི་རྣམ་པ་བཀྲ་ཤིས་ཀྱིས་མཚན་པ། །དེའི་སྟེང་དུ་པཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོའ་རྣམ་པ་པདྨས་མཚན་པ། །དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་དབུས་སུ་གྲུ་བཞིའི་རྣམ་པ་རྡོ་རྗེས་མཚན་པ། དེ་ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གཉིས་གཉིས་དང་ལྡན་པར་གྱུར། སའི་སྟེང་དུ་མཾ་ལས་རི་རབ་ལྷུན་པོའོ། །དེའི་སྟེང་དུ་ཀྵཾ་ལས་སྣ་ཚོགས་ཆུ་སྐྱེས་ལྟེ་བ་པདྨའི་སུམ་ཆའི་ཚད་དང་ལྡན་པ། དེའི་སྟེང་དུ་ཧཾ་ལས་ཟླ་བའི་དཀྱིལ་འཁོར་པདྨའི་ལྟེ་བ་དང་མཉམ་པ། །དེའི་སྟེང་དུ་རྣམ་པར་བཅད་པ་ལས་ཉི་མའི་དཀྱིལ་འཁོར་ཟླ་བ་དང་མཉམ་པ། དེའི་སྟེང་དུ་ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་མཐོན་མཐིང་ཉི་མ་དང་མཉམ་པ། དེ་རྣམས་གཅིག་ཏུ་འདྲེས་པར་།།།གྱུར་པ་ལས་ཞེས་པའི་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་གྱི་ཁམས་སྔ་མ་བཞིན་ཏུདུ་གྲུབ་པར་གྱུར། ལྷུན་པོའ་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་གུར་རབ་ཏུ་ཡངས་པའི་དབུས་སུ་རྡོ་རྗེའི་ས་གཞི་ཕྱོགས་ཀྱི་མདོག་ཅན་གྱི་གཞི་ལ་བྷྲཱུཾ་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་གྲུ་བཞི་བསྒོ་བཞི་དང་ལྡན་པ་ཀུན་ནས་དྭངས་ཤིང་སྒྲིབ་པ་མེད་ལ་ཕྱི་ནང་ཀུན་ཏུ་འོད་གསལ་ཞིང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་གྱི་རྣམ་
༣༠ པ་མཆོག་ཏུ་བཀྲ་བ་དུ་མས་མཛེས་པར་གྱུར། །དབུས་སུ་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ། །ཨ་ཨི་རི་ཨཱུ་ལྀ། ཨ་ཨེ་ཨ་རུ་ཨོ་ཨ་ལ། ཧ་ཡ་ར་ཝ་ལ་ཨཾ་ཞེས་པ་རྣམས་གཡོན་བསྐོར་དང་། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཨཿ ཞེས་པ་རྣམས་གཡས་བསྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དབྱངས་དང་ལྡན་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་འོག་ཏུ་དཔེ་བྱད་བཟང་པོ་བརྒྱད་བཅུའི་ངོ་བོ། །ལླ་།།།་ཌྜ་ཌྷྲ། ལླ་།།། སྶ་།།།ཥྵ་ཤྴ་།།། ཏྟ་།།།་དྡ་དྷ།།།ནྣ། པྤ་ཕྥ་བྷ།།།མྨ། །།།་ཌྜ་།།།ཎྞ། ཙྩ་ཚྪ་ཛྫ་།།། ཀྐ་ཁྑ་གྒ་གྷྒྷངྔྷ་། ཞེས་པ་རྣམས་གཡས་བསྐོར་དང་། ང་གྷ་ག་ཁ་ཀ །ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཐ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ་ཤ་ཥ་།།།ས། ཧ་ཡ་ར་ཝ་ལ་ཧ། ཌྷ་ཌ་ཡ་ཝ་ལ། ཞེས་པ་རྣམས་གཡོན་བསྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་གསལ་བྱེད་དང་ལྡན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཟླ་བའི་དབུས་སུ་ཧཱུྃ་ཡིག་ཟླ་བའི་མཚན་མ་ལྟ་བུ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །དེ་རྣམས་གཅིག་ཏུ་གྲུབ་པ་ཀྵཾ་ཡིག་དང་བཅས་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལས་ལྷའི་སྐུ་ཡོངས་སུ་རྫོགས་པ་ཧཾ་ཡིག་དང་བཅས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་རྣམས་འགྱེད་ཅིང་། བདུད་དང་ཉོན་མོངས་པའི་སྙིང་གར་མནན་པའི་ཞབས་གཉིས་པ། མགྲིན་པ་གསུམ་པ། ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་པབ་བཅུ་གཉིས་པ། ཕྱག་གི་པདྨ་ཉི་ཤུ་རྩ་བཞི་པ། མཚོན་ཆ་རྣམས་དང་། རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན་པ། ཞབས་གཡས་པ་དམར་པོ་བརྐྱང་པས་འདོད་ལྷ་དམར་པོ་གདོང་གཅིག་པ། ལག་པ་བཞིའི་གཡས་གཉིས་ཀྱིས་མེ་ཏོག་གི་མདའ་ལྔ་དང་། ལྕགས་ཀྱུ། གཡོན་གཉིས་ཀྱིས་གཞུ་དང་ཞགས་པ་འཛིན་པའི་སྙིང་གར་མནན་པ། གཡོན་པ་དཀར་པོ་
༣༡ བསྐུམས་པས། དྲག་པོ་དཀར་པོ་གདོང་གཅིག་པ། མིག་གསུམ་པ། ལག་པ་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ་དང་ཌཱ་མ་རུ། གཡོན་གཉིས་ཀྱིས་ཁ་ཾ་ག་དང་ཐོད་པ་འཛིན་པའི་སྙིང་གར་མནན་པ། བདུད་ཀྱི་དགའ་མ་དང་དྲག་པོའ་ཨུ་མ་དག་ནི་དམན་པའི་གདོང་གིས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་ལ་འཛིན་པར་བྱེད་ཀྱང་གཡོ་བ་མེད་པར་གནས་པ། སྐུ་མདོག་སྔོན་པོ་གཡས་དང་གཡོན་དང་དབུས་ཀྱི་མགྲིན་པ་ཉི་མ་དང་ཟླ་བ་དང་བུང་པའིབའི་མདོག་ཅན། མདུན་ཞལ་ནག་པོ་མཆེ་བ་ཕྱེད་གཙིགས་པ། །གཡས་ཞལ་དམར་པོ་ཆགས་པ་དང་བཅས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པ་སྟེ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པའོ། །རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པ་དང་། རྡོ་རྗེ་སེམས་དཔའི་དབུ་བརྒྱན་ཅན། སྤྱི་གཙུག་ཏུ་རྡོ་རྗེ་ནོར་བུ་དང་། རྡོ་རྗེ་རྣ་རྒྱན་དང་། རྡོ་རྗེ་མགུལ་རྒྱན་དང་། རྡོ་རྗེ་གདུ་བུ་དང་། རྡོ་རྗེ་སྐེསྐེད་རགས་དང་། རྡོ་རྗེ་རྐང་གདུབ་དང་། རྡོ་རྗེ་དར་དབྱངས་དང་། རྡོ་རྗེ་ཕྲེང་བ་དང་། སྟག་གི་པགས་པའི་ན་བཟའ་དང་ལྡན་པ། གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་པོ། །གཉིས་པ་དམར་པོ། གསུམ་པ་དཀར་པོ། དེ་བཞིན་ཏུདུ་དཔུང་པ་གཉིས་ནག་པོ། གཉིས་དམར་པོ། གཉིས་དཀར་པོ། ཕྱག་ངར་བཞི་ནག་པོ། བཞི་དམར་པོ། བཞི་དཀར་པོ། དེ་དག་རེ་རེ་ལ་ཡང་སོར་གདུབ་རྣམས་ཀྱིས་སྤྲས་པའི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་གུ། དེ་རྣམས་རེ་རེ་ལའང་ཕྱག་གི་མཐིལ་ནས་བརྩམས་ཏེ་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོའོ། །དེ་ལྟ་བུའི་ཕྱག་གཡས་པ་རྣམས་ཀྱི་ནག་པོ་བཞིས། རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་གུང་། དམར་པོ་བཞིས་མདའ། རྡོ་རྗེའི་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། ཐོ་བ། དཀར་
༣༢ པོ་བཞིས། འཁོར་ལོ། །མདུང་། དབྱུག་པ། དགྲ་སྟྭ་རྣམས་འཛིན་ཅིང་། གཡོན་པ་རྣམས་ཀྱི་ནག་པོ་བཞིས། རྡོ་རྗེ། དྲིལ་བུ། ཕུབ། ཁ་ཾ་ག་ཁ་ཕྱེ་བ། ཁྲག་གིས་གང་བའི་ཐོད་པ། དམར་པོ་བཞིས་གཞུ། ཞགས་པ། རིན་པོ་ཆེ། པདྨ་དཀར་པོ། དཀར་པོ་བཞིས། དུང་། མེ་ལོང་། རྡོ་རྗེ། ལྕགས་སྒྲོག །ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་ཅིང་། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དོན་དམ་པའི་བདེ་བའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ་ཞལ་བཞི་ཕྱག་བརྒྱད་མ། བཅོམ་ལྡན་འདས་ཀྱི་ནུབ་ཞལ་གཙོ་བོར་བཞག་པ་ལྟ་བུར་མདུན་ཞལ་སེར་མོ། གཡས་ཞལ་དཀར་པོ། རྒྱབ་ཞལ་ནག་པོ། གཡོན་ཞལ་དམར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པའོ། །ཕྱག་གཡས་པ་རྣམས་ཀྱིས་གྲི་གུག །ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། བགྲང་ཕྲེང་རྣམས་འཛིན་ཅིང་། གཡོན་པ་རྣམས་ཀྱིས་ཐོད་པ། ཞགས་པ། འདབ་མ་བརྒྱད་པའི་པདྨ་དཀར་པོ། རིན་པོ་ཆེ་རྣམས་འཛིན་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། གཡོན་བརྐྱང་གིས་བཅོམ་ལྡན་འདས་ལ་འཁྲིལ་ཞིང་། དེས་ཀྱང་སྙོམས་པར་ཞུགས་པ་སྟེ། རང་བཞིན་གྱིས་འོད་གསལ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །འདབ་མ་བརྒྱད་ལ། ཤར་དུ་ནག་མོ་འབར་མ། ལྷོར་དམར་མོ་འབར་མ། བྱང་དུ་དཀར་མོ་འབར་མ། ནུབ་ཏུ་སེར་མ་འབར་མ། མེར་དུ་བ་མ། བདེན་བྲལ་དུ་སྨྲིག་རྒྱུ་མ། དབང་ལྡན་དུ་མེ་ཁྱེར་མ། རླུང་དུ་མར་མེ་མ། དེ་རྣམས་ཀྱི་ཞལ་གྱི་ཁ་དོག་ནི་གཡས་བསྐོར་གྱིས། །བུང་བའི་མདོག་ཅན་ཉིན་བྱེད་ལྟ་བུ་གསེར་དང་རྣམ་པར་དཀར་བའི་མདོག །པདྨ་རཱ་ག་གསེར་གྱི་མདོག་མཚུངས་རབ་དཀར་ཨིནྡྲ་ནཱི་ལའི་མདངས། །ཀུནྡའི་མདོག་ཅན་ཤིན་ཏུ་དཀར་མིན་དམར་པོ་མཆོག་གི་
༣༣ གསེར་དང་མཚུངས། ཀར་ཀེ་ཏ་འདྲ་ཟླ་བའི་དཔལ་འཛིན་གནག་དང་ཉི་མ་འཆར་ཀའི་འོད། །དེ་བཞིན་ཏུདུ་ཕྱག་མཚན་ནི། །ནག་མོ་འབར་མ་བདུག་སྤོས་ཙནྡན་གུར་གུམ་དང་ནི་ས་ཕུར་སྣོད། །དྲིལ་བུ་པདྨ་ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་ཕྲེང་ལྡན་མ། །དམར་མོའ་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་གདུ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །དཀར་མོའ་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ཆན་སྣོད། །སེར་མོ་འབར་མ་དུང་དང་གླིང་བུ་ནོར་བུ་དང་ནི་ཌཱ་མ་རུ། །པི་ཝཾ་རྔ་དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའ་ཞལ་ལྡན་མ། དེ་དག་དང་མཚུངས་དུ་བ་སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་མ། །རྡོ་རྗེ་སེམས་པའིདཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་བགགས་ལ་འདུད། །འདི་དག་གི་རྒྱབ་ཏུ་ཡང་གྲ་བཞིར། །ཆོས་ཀྱི་དུང་དཀར་པོ། །ཆོས་ཀྱི་གཎྜི་དམར་པོ། ཡིད་བཞིན་གྱི་ནོར་བུ་ནག་པོ། དཔག་བསམ་ཤིང་སེར་པོ་རྣམས་སུ་གྱུར། འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་སེམས་ཅན་རྣམས་དང་པོའ་སངས་རྒྱས་སུ་བསྟན་པའི་སྣོད་དུ་མངོན་པར་གཟིགས་ནས། ཡུམ་ལ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཤིན་ཏུ་དགའ་བའི་སྒྲས། ནམ་མཁའ་གང་བར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའ་རྣམ་པས་རང་གི་ལུས་ལ་ཞུགས་པར་གྱུར། སླར་ཡང་རང་ཉིད་ལས་འཕྲོས་ཏེ་སྣ་ཚོགས་ཡུམ་ལ་ཞུགས་པར་གྱུར། དེ་ལས་ཀྱང་ལོག་ནས་སླར་རང་ཉིད་ལ་ཞུགས་ཏེ། ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བ་རྣམས་རྡོ་རྗེའི་ལམ་ནས་ཡུལ་གྱི་པདྨར་སྤྲོས་ཏེ། ཨ་ཡིག་ལས་བྱུང་བའི་མི་བསྐྱོད་པ་ཞལ་གསུམ་
༣༤ ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་ལྗང་གུ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུག །དགྲ་སྟྭ། གཡོན་པ་གསུམ་གྱིས་རྡོ་རྗེ། དྲིལ་བུ། ཐོད་པ། ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། རང་དང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ་ནམ་མཁར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ། སླར་པང་རང་ཉིད་ལ་བདག་པོར་ཞུགས་པར་བྱུང་། དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཁོར་དང་བཅས་པར་གྱུར། ༀ་སུ་བི་ཤུདྡྷ་དྷརྨ་ཏུ་སཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཐུགས་ཀ་ནས་འཕྲོས་བའི་འོད་ཟེར་དཔག་ཏུ་མེད་པ་དག་གིས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་ཆེན་པོར་བཅུག་པར་གྱུར། དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་ཐམས་ཅད་བཀུག་ནས་རང་གི་སྙིང་གར་རབ་ཏུ་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྣམས། གསང་བའི་རྡོ་རྗེ་ལས་སྤྲོས་ནས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བར་གྱུར། དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་རྣམས་ཀྱིས་རེག་པའི་སེམས་ཅན་དེ་རྣམས་མཆོག་གི་དགའ་བ་དང་བདེ་བས་གང་བའི་ལྷའི་སྐུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད། ཞལ་དང་སྐུ་མདོག་ལ་སོགས་པ་སྣ་ཚོགས་དང་ལྡན་པ་དང་། དེ་དག་རེ་རེ་བཞིན་སྐད་ཅིག་གིས་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའ་རང་བཞིན་ཏུ་གྱུར། ཀྵ་ཀྵི་ྀཀྵུ་ཀྵཱྀ་ལས་ཕུང་པོ་ལྔ་རྣམས་རྣམ་པར་དག་པ་སངས་རྒྱས་ལྔ་དང་། ཀྵཱ་ཀྵཱི་ཀྵྀ་ཀྵཱུ་ཀྵླྀ་ལས་ཁམས་ལྔ་རྣམ་པར་དག་པ་ཡུམ་ལྔ་དང་། ཀྵ་ཀྵེ་ཀྵར་ཀྵོ་ཀྵལ་ཀྵཾ་ལས་དབང་པོ་དྲུག་རྣམ་པར་དག་པ་སེམས་དཔའ་དྲུག་དང་། ཀྵཱ་ཀྵཱཻ་ཀྵཱར་ཀྵཱཽ་ཀྵཱལ་ཀྵཾཿལས་ཡུལ་དྲུག་རྣམ་པར་དག་པ་སེམས་མ་དྲུག་དང་། །།།ཀྵྲཀྵྭ་ཀྵླ་ལས་ལས་ཀྱི་དབང་པོ་ལྔ་རྣམ་པར་དག་པ་ཁྲོ་བོ་ལྔ་དང་། །།།་ཀྵྭཱ་ཀྵླཱ་ལས། ལས་ཀྱི་དབང་པོའ་ཡུལ་ལྔ་རྣམ་པར་དག་པ་ཁྲོ་མོ་ལྔ་སྟེ་མཚན་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་
༣༥ འཁོར་གྱི་འཁོར་ལོའ་རྣམ་པར་གྱུར་ཏེ། སླར་ཡང་དེ་རྣམས་རང་རང་གི་ཞིང་དུ་གཤེགས་སུ་གསོལ། །ལྟེ་བ་དང་གཙུག་གཏོར་གྱི་ཨ་ཝ་དྷཱུ་ཏིའི་ལམ་དུ་ཧོཿཡིག་དག་དང་། དཔྲལ་བ་དང་མགྲིན་པ་དང་སྙིང་ག་རྣམས་སུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ༀ་ཨཱཿཧཱུྃ་རྣམས་ལས་བྱུང་བའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་འཁོད་པར་གྱུར། ཧོཿཡིག་དུས་ཀྱི་མེའི་འོད་ཟེར་གྱིས་སྟེང་དང་འོག་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་བཞུ་སྟེ། གཏུམ་མོ་ཤེས་རབ་ཀྱི་ཆགས་པས་ཡབ་ཡུམ་གཉིས་ནུས་མ་བརྒྱད་དང་བཅས་པ་ཟླ་བ་ཞུ་བ་ལྟར་གྱུར། །དེ་ནས་རང་བཞིན་གྱིས་གྲུབ་པའི་ལྷ་མོ་རྣམས་ཀྱིས་འདི་སྐད་དུ། སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ། །བཅོམ་ལྡན་ཁྱོད་ཀྱིས་བདག་ཅག་བསྲུང་དུ་གསོལ། །ལྷ་མིའི་བླ་མ་རྡོ་རྗེ་གདན་པ་སྟེ། །འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། །ཅེས་བསྐུལ་བས། བཅོམ་ལྡན་འདས་རབ་ཏུ་སད་སྟེ་འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར་གཟིགས་ནས་གཞན་གྱི་དོན་ཏུ་སླར་ཡང་བསྐྱེད་པར་མཛད་པ་ནི། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དང་། དེ་ལས་བྱུང་བའི་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་རྣམས་འཕྲོ་བ། རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན་ཅིང་མི་བསྐྱོད་པའི་ཅོད་པན་ཅན། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་སྣ་ཚོགས་ཡུམ་གྱིས་འཁྱུད་པའི་སྐུར་གྱུར་པ་དང་། འདབ་མ་བརྒྱད་ལ་ནུས་མ་བརྒྱད། ཕྱི་རོལ་གྱི་གྲ་བཞི་ལ་རྡོ་རྗེ་བཞི་དང་བཅས་པ་རྣམས་སྐད་ཅིག་གིས་བཞེངས་པར་གྱུར་པ་ནི། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་པ་དྲུག་དང་ཉི་མིའིམའི་དཔུང་པ་རྒྱལ་བའི་ཕྱག་གི་པདྨ་སྟོང་པ་དྲུག་དང་མེ་ཡི་ཚིགས། ཞབས་དག་གིས་ནི་ཟླ་བ་ཉི་མ་སྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ། །རོལ་བས་མནན་པའི་གྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌཱ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་
༣༦ གཡོན་པ་ཡང་། །དྲིལ་བུ་ཕུབ་དང་ཁྭ་ཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེའི་སྐུ་ཅན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌཱ་མ་རུ་དང་བགྲང་ཕྲེང་དང་། །ཐོད་པ་ཞགས་པ་པདྨ་དཀར་དང་རིན་ཆེན་འཛིན་མར་བཅས་ལ་འདུད། །ནག་མོ་འབར་མ་བདུག་སྤོས་ཙནྡན་གུར་གུམ་དང་ནི་ག་བུར་སྣོད། །དྲིལ་བུ་པདྨ་ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་ཕྲེང་ལྡན་མ། །དམར་མོའ་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་གདུ་བུ་སྟེ། གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །དཀར་མོའ་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ཆན་སྣོད། །སེར་མོ་འབར་མདུང་དང་གླིང་བུ་དང་ནི་ཌཱ་མ་རུ། །པི་ཝཾ་རྔ་དང་མཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའ་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་བ་སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་འགགས་ལ་འདུད། །ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་བསྒྲུབ་དགའ་བ་བཞིས། །ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་བཞི་རྣམ་དག་པ། །སྐད་ཅིག་མཁྱེན་པ་སྐུ་དང་རྡོ་རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་བཞི། །ཆོས་ཀྱི་དུང་དང་གཎྜཱི་ནོར་བུ་དཔག་བསམ་ཤིང་ལ་ཕྱག་འཚལ་ལོ། །ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། །ནམ་མཁའ་བཞུགས་པའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་རྣམས་རང་གི་ལུས་ལ་རབ་ཏུ་བཅུག་ནས།
༣༧ བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བར་གྱུར་པ་རྣམས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ། ༀ་ཡིག་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུག །དགྲ་སྟྭ། གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ་ལ། །རང་དང་འདྲ་བའི་ཤེར་ཕྱིན་མས་འཁྱུད་པ། ནམ་མཁར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ། སླར་རང་ཉིད་ལ་བདག་པོར་ཞུགས་པར་གྱུར། དེ་ནས། བདག་ཉིད་ཀྱི་ཐུགས་ཀར་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་། དེ་ལས་བྱུང་བའི་རྡོ་རྗེ་ཤུགས་རྐང་པ་བརྒྱད་པའི་ཤིང་རྟ་ལ་གནས་པ་ནམ་མཁའི་ཁམས་སུ་སྤྲོས་ཏེ། ཡེ་ཤེས་འཁོར་ལོ་སྤྱན་དྲངས་པར་གྱུར། ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་ར་ཛཿ ཁྲོ་བོའ་དབང་པོ་སླར་ཡང་རང་ཉིད་ལ་ཞུགས་པར་གྱུར། ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ། བཛྲ་དྷཱུ་པཾ། བཛྲ་དཱི་པཾ། བཛྲ་ནི་ཝི་དྱཾ། བཛྲ་ཨཱཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ། བཛྲ་ཝཱ་ཏྱཾ། བཛྲ་ནྲྀ་ཏྱཾ། བཛྲ་གཱི་ཏཾ། བཛྲ་ཀཱ་མི་པྲ་ཏཱིཙྪ་ན་མཿཧཱུྃ་བཾ་ཧོཿཧཱི། ལྷ་རྣམས་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། །དཔྲལ་བར་ཨཱཿལས་ཟླ་བའི་དཀྱིལ་འཁོར་ལ། ༀ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ། མགྲིན་པར་རཿལས་ཉི་མའི་དཀྱིལ་འཁོར་ལ། ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ། སྙིང་གར་ཨཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ལ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནག་པོ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ། དེ་རྣམས་རང་དང་འདྲ་བའི་ཡུམ་དང་བཅས་པ་རྣམས་འཁོད་པ་ལས་རབ་ཏུ་སྤྲོས་ཏེ་ནམ་མཁའི་ཁམས་ཐམས་ཅད་ཡོངས་
༣༨ སུ་གང་བར་གྱུར། །སྐུ་དང་གསུང་དང་ཐུགས་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་ནས་སླར་ཡང་མདུན་གྱི་ནམ་མཁར་བཞུགས་པ་ལ། སྐུའི་རྡོ་རྗེ་འཛིན་པ་དང་། གསུང་གི་རྡོ་རྗེ་འཛིན་པ་དང་། ཐུགས་ཀྱི་རྡོ་རྗེ་འཛིན་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། །ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་བདག་ཉིད་ལ་དབང་བསྐུར་བར་གྱུར། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་དང་། །མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་གསུང་རྡོ་རྗེ་དང་། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཐུགས་རྡོ་རྗེ་རྣམས་འཁོད་པར་གྱུར། །དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱི་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱི་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །དེ་ཉིད་གསུང་དང་། ཐུགས་ལའང་འདོན་པ་སྤོའོ། །ཞེས་གསོལ་བ་བཏབ་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབས་ཤིང་རྡོ་རྗེ་གསུམ་གཅིག་ཏུ་འདུས་པའི་ངོ་བོར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭབྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཤེས་རབ་ཀྱི་ལྟེ་བར་ཧོཿལས་སྐུ་རྡོ་རྗེ། །གསང་བར་སྭཱ་ལས་གསུང་རྡོ་རྗེ། །གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེ་རྣམས་འཁོད་པར་གྱུར། དེ་ལྟར་དབང་བསྐུར་བས་དྲི་མ་མཐའ་དག་སྦྱངས་ཏེ་རྒྱས་བཏབ་པར་གྱུར་པ་ནི། ལྷ་ཐམས་ཅད་ཀྱི་གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཨ་ཡིག་མི་བསྐྱོད་པ་དང་། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཨི་ཡིག་དོན་ཡོད་གྲུབ་པ་དང་། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་རྀ་ཡིགསཡིག་རིན་ཆེན་འབྱུང་ལྡན་དང་། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨུ་ཡིག་སྣང་བ་མཐའ་ཡས་དང་། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ལྀ་ཡིག་རྣམ་པར་སྣང་མཛད་དང་། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨཾ་
༣༩ ཡིག་རྡོ་རྗེ་སེམས་དཔལ་རྒྱས་བཏབ། ལྷ་རྣམས་ཀྱི་ལྟེ་བ་སྙིང་ག་མགྲིན་པ་དཔྲལ་བ་གཙུག་ཏོར་རྣམས་སུ་ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་རྣམས་ལ་ལྀ་ཨཱུ་རྀ་ཨི་ཨའོ། །ལྷ་རྣམས་ཀྱི་དཔྲལ་བ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ། ཟླ་བ་ཉི་མ་སྒྲ་གཅན་དུས་མེའི་དཀྱིལ་འཁོར་རྣམས་ལ་ༀ་ཨཱཿཧཱུྃ་ཧོཿའོ། །རྡོ་རྗེ་ནོར་བུར་གཞོམ་དུ་མེད་པའི་ཨ་ཡིག་གོ །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་དག །བསྲེགས་པ་ས་རི་བོང་ཅན་ཧཾ་འཛག །ཡས་བབས་ཀྱི་དགའ་བ་བཞི་མངོན་ཏུ་བྱས་སོ། །ༀ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟོ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སླར་ཡང་མས་བརྟན་པའི་དགའ་བ་བཞི་སྐུ་བཞི་དང་འབྲས་བུ་བཞི་མངོན་ཏུ་བྱས་པར་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་ས་ཏྭཱ་ཧཾ་དུ་ན་ད་མ་ཀ་ཧུཾ་ཧཱུྃ་ཕཊ་ཕཊ། དེ་ནས། ༀ་བཛྲ་གནྡྷཾ་པྲ་ཏིཙྪ་སོགས་ཀྱིས་མཆོད། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་བསྟོད། དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པའི་སྔགས། ༀ་།།།སྭཱ་ཧཱ། ཞེས་དབྱེ་བ་བཟླས་བས་བསྙེན་པ་ཡོངས་སུ་རྫོགས་པའོ། །ཡང་ན། ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ ཞེས་པའམ། ༀ་ཧྲཱི་ཧྲཱིཾ་ཧྲྀཾ་ཧྲཱི་ཧྲཱ་ཏྲཿསྭཱ་ཧཱ། ཞེས་པས་ཀྱང་བསྟེན་པའོ། །མཐར། ༀ་བཛྲ་གནྡྷ་པྲ་ཏཱིཙྪ་ན་མཿ ཞེས་པའི་གནྡྷཾ་གྱི་གནས་སུ། པུཥྤཾ་དྷཱུ་པཾ་ནི་བི་དྱཾ། ཨཀྵ་ཏཾ་ལཱ་སྱཾ་ཧཱ་སྱཾ་ཝཱ་ཏྱཾ་མྲྀ་དཾ་གཱི་ཏི་ཀཱ་མཾ་སོགས་བཅུ་གཉིས་ཀྱིས་མཆོད་པར་བྱའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐའ་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ །སངས་རྒྱས་བྱང་ཆུབ །སངས་རྒྱས་ཆགས་པ །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད །སངས་རྒྱས་རོལ་ལ
༤༠ ཕྱག་འཚལ །སངས་རྒྱས་འཛུམ་པ་ཁྱོད་ལ །སངས་རྒྱས་བཞད་ལ །སངས་རྒྱས་གསུང་ཉིད་ཁྱོད །སངས་རྒྱས་ཐུགས་ལ་ཕྱག །མེད་པ་ལས་བྱུང་ཁྱོད །སངས་རྒྱས་འབྱུང་བ །ནམ་མཁའ་ལས་བྱུང་ །ཡེ་ཤེས་ལས་བྱུང་ །སྒྱུ་འཕྲུལ་དྲྭ་བ །སངས་རྒྱས་རོལ་སྟོན །ཐམས་ཅད་ཐམས་ཅད །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད །ཅེས་འདུད་ཉི་ཤུས་བསྟོད། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ཐུགས་ཀར་ཐིམ། །དེ་ནས་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་ན་སྨོན་ལཾ་གདབ་ཅིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གང་ཡང་རུང་བ་བརྗོད་ནས་ཐུན་མཚམས་ལ་འཇུག་གོ །གཏོར་མ་འབུལ་བར་འདོད་ན་ཡང་གཏོར་མ་བཤམ། ༀ་ཨཱཿཧཱུྃ་ཧྲཿཕཊ་ཀྱིས་བསང་། སྭཱ་དྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། །དེའི་སྟེང་སྟེང་དུ་རཾ་ལས་མེ་ཡི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། །དེའི་སྟེང་དུ་ཨ་ལས་མི་མགོའ་སྐྱེད་བུ་གསུམ་ལ་གནས་པའི་ༀ་ཡོངས་སུ་གྱུར་པ་ལས་ཐོད་པ་དུམ་བུ་གཅིག་པ། དེའི་ནང་གི་དབུས་སུ་ཨ་ལས་བྱང་སེམས། ཤར་དུ་ཨི་ལས་རྐང་མར། ལྷོར་ར་ལས་། བྱང་དུ་ཨུ་ལས་དྲི་ཆུ། ནུབ་ཏུ་ལྀ་ལས་དྲི་ཆེན། རླུང་མཚམས་སུ་ལཱྀ་ལས་གླང་པོ་ཆེའི་ཤ །དབང་ལྡན་དུ་ཨཱུ་ལས་བ་གླང་གི་ཤ །བདེན་བྲལ་དུ་རཱྀ་ལས་རྟའི་ཤ །མེ་མཚམས་སུ་ཨཱ་ལས་ཁྱིའི་ཤ །དབུས་ཀྱི་སྟེང་དུ་ཨཱ་ལས་མིའི་ཤ །རླུང་གཡོས་མེ་སྦར་རྫས་རྣམས་ཞུ། ལག་པ་གཡོན་པའི་མཐིལ་དུ་ཟླ་བ་ལ་གནས་པའི་ཨོ་སྐུ་རྡོ་རྗེའི་ངོ་བོ། །དེའི་འོད་ཟེར་གྱིས་མ་དག་པའི་རྫས་རྣམས་སྦྱངས་པར་གྱུར། ༀ་ༀ་བཛྲ་ཙནྡྲ་སརྦ་དྷརྨ་སུ་པ་ཤུདྡྷ་སྭ་བྷཱ་ཝ་སརྦ་དྷརྨཱ་ན་སུ་བི་ཤུདྡྷ་སྭཱ་བྷཱ་ཝན་ཀུ་རུ་ཀུ་རུ་སྭཱ་ཧཱ། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་གནས་པའི་ཨཿགསུང་རྡོ་རྗེའི་ངོ་བོ། །དེའི་འོད་ཟེར་གྱིས་དག་པའི་རྫས་རྣམས་སྤེལ་བར་གྱུར། ༀ་ཨཱཿབཛྲ་སཱུ་སརྦ་དྷརྨ་པྲ་པོ་དྷ་ཀ་སརྦ་དྷརྨཱ་ན་ཕྲ་ཕོ་དྷ་ཡ་སྭཱ་ཧཱ། ལག་པ་གཉིས་ཀ་སྦྱར་བའི་དབུས་
༤༡ སུ་སྒྲ་གཅན་གྱི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ཐུགས་རྡོ་རྗེའི་ངོ་བོ། དེའི་འོད་ཀྱིས་རྫས་རྣམས་ཁ་དོག་དྲི་རོ་ནུས་མཐུའི་གཟི་བརྗིད་ཕུན་སུམ་ཚོགས་པར་འབར་བར་གྱུར། ༀ་ཧོཿསརྦ་དྷརྨ་བཛྲ་ཨཱམྲྀ་ཏ་ཀ་ར་སརྦ་དྷརྨཱ་ན་བཛྲ་ཨ་མྲྀ་ཏ་ཀུ་རུ་ཀུ་རུ་སྭཱ་ཧཱ། བརྗོད་པ་ནི་གཏོར་མ་བྱིན་གྱིས་བརླབ་པའོ། །དེ་ནས་མགྲོན་སྤྱན་དྲངས་པ་ནི། །སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང་། གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང་། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ༀ་ཧ་ཧཱ་ཧི་ཧཱུྃ་བཛྲ་བྷཻ་ར་ཝཱ། ཨཱ་ཀ་རྵཾ་ཡ། ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ཧྲྀ་ད་ཡཾ་ཧུཾ་ཧཱུྃ་པྲེ་ཕྲེཾ་སྭཱ་ཧཱ། ཅེས་པས་མཁའ་འགྲོ་མ་རྣམས་ཀྱང་སྤྱན་དྲངས། ༀ་བཛྲ་གནྡྷཾ་ནས། ཀཱ་མཾ་གྱི་བར་བརྗོད། ༀ་ཨཱཿཧུཾ་ཧོཿ ཤྲཱི་ཀཱ་ལ་ཙཀྲ་བྷཻ་ར་ཝ་བྷཱི་ཀ་ར་ཡ། ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཱཀྵ་ཏཾ། ད་དཱ་མ་ཧེ་ཏེ་ཙ་ཨཱ་ག་ཏྱ་ས་པ་ར་ཝཱ་ར་ཤྲཱི་གྷྲཾ། ཨི་དཾ་བ་ལིཾ་གྲྀ་ཧྞནྟ། ཁཱ་དནྟུ། པི་བནྟུ། ཛཿཧཱུྃ་བཾ་ཧོཿ ས་ཏྲཾཔྟཱཿ སརྦ་ས་ཏྭཱ་ནཱ། ཤཱནྟིཾ། པུཥྚིཾ། རཀྵཾ། ཨཱ་པ་ར་ཎ་གུཔྟི་ཀུརྦནྟུ་ཧུཾ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། རྡོ་རྗེའི་ཕྱག་རྒྱ་དང་། ༀ་ཨཱཿཧཱུྃ་ཧོཿ ཨུཥྟཱི་ཥ། སུམྦྷ་ནི་སུམྦྷ། བིགྷྣ་ཨཱནྟ་ཀ །ནཱི་ལ་དཎྜ། པྲཛྙ་ཨཱནྟ་ཀ །ཊཱཀྐི་རཱ་ཛ། པདྨ་ཨཱནྟ་ཀ །ཨ་ཙ་ལ། ཡ་མ་ཨནྟ་ཀ །མ་ཧཱ་བ་ལེ་བྷྱཿ གྲི་གུག་གི་ཕྱག་རྒྱ་དང་། ༀ་ཨཱཿཧུཾ་ཧོཿ ཨཱ་ཀ་ཤ །བཱ་ཡུ། ཏེ་ཛཿ ཨུ་ད་ཀ །པྲྀ་ཐཱི། སཱ་དྷི་ཏེ་བྷྱཿ རལ་གྲིའི་ཕྱག་རྒྱ་དང་། ༀ་ཨཱཿཧུཾ་ཧོཿ པྲ། བིཥྞུ། ནཻ།།།་ཏྱ། ཝཱ་ཡུ། ཡ་མ། ཨགྣི། ས་མུ་དྲ། ཨི་ཤྭ་ར། ཨིནྡྲ། ཡཀྵེ་བྷྱཿ རིན་པོ་ཆེའི་ཕྱག་རྒྱ་དང་། ༀ་ཨཱཿཧུཾ་ཧོཿ རཱ་ཧུ། ཀཱ་ལ་
༤༢ ཨཱགི །ཙནྡྲ། སཱུ། བུདྡྷ། མ་གལ། ཤུ་ཀྲ། བྲྀ་ཧསྦ་ཏེ། ཀེ་ཏུ། ཤ་ནི་བྷྱཿ པདྨའི་ཕྱག་རྒྱ་དང་། ༀ་ཨཱཿཧཱུྃ་ཧོཿ ཛ་ཡ། བི་ཛ་ཡ། པདྨ། ཀ་ཀོ་ཊ་ཀ །ཝཱ་སུ་ཀི །ཤཾ་ཁ་པཱ་ལ། ཀྲ་ལིག །ཨནནྟ། ཏཀྵ་ཀ །མ་ཧཱ་པདྨེ་བྷྱཿ འཁོར་ལོའ་ཕྱག་རྒྱ་དང་། ༀ་ཨཱཿཧུཾ་ཧོཿ བེ་ཏཱ་ཊ། བི་ཀྲྀ་ཏ་མུ་ཁ། ཤྭཱ། ཀཱཀ །སཱུ་ཀར། གྲྀདྷ། བྱཱ་གྷྲ། ཨཱུ་ལཱུ་ཀ །ཛམྦུ་ཀ །ག་རུ་ཌ་མུ་ཁེ་བྷྱཿ ཞེས་པ་རྣམས་ཀྱི་མཐར། ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། །།། དི་པཾ། ཨཀྵ། ཏཾ། ད་ད་མ་ཧེ། ཏེ་ཙ་ཨཱ་ག་རྒྱ་ས་པ་རི་ཝཱ་ར། ཤྲཱི་གྷྲཾ། ཨི་དཾ་བ་ལིཾ་གྲྀ་ཧྣནྟ། ཁཱ་དནྟུ། པི་ཝནྟུ། ཛཿཧཱུྃ་བཾ་ཧོཿ སཾ་ཏྲྀ་པྟཱཿ སརྦ་ས་ཏྭཱ་ནཱཾ། ཤཱནྟི། པུཥྚིཾ། རཀྵཾ། ཨཱ་ཝ་ར་ཎ་གུ་བྷིཾ་ཀུརྦནྟུ་ཧཱུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕྱི་མཆོད་ནི། བཛྲ་བཻ་ར་ཝ་བྷཱི་ཀ་ར་ཡ། ས་པ་རེ་ཝཱ་ར་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ བཛྲ་དྷཱུ་པཾ བཛྲ་དཱི་པཾ བཛྲ་ནཻ་པི་དྱཾ བཛྲ་ཨཱཀྵ་ཏཾ བཛྲ་ལཱ་སྱཾ བཛྲ་ཧཱ་སྱཾ བཛྲ་ཝཱ་བྱཾ བཛྲ་ནྲ་ཏྱཾ བཛྲ་གཱི་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ཀཱ་མཾ་པྲ་ཏིཙྪ་ན་མཿ ནང་མཆོད་ནི། ༀ་བཛྲ་བྷཻ་ར་ཝ། ཧ་ཡ་ར་ཝ་ལ། ད་ཉ་ཎ་མ་ན། གྷ་ཛྙ་ཌྷ་བྷ་དྷ། ག་ཛ་ཌ་བ་ང་། ཁ་ཆ་ཐ་ཕ་ཐ། ཀ་ཙ་ཊ་པ་ཏ། ༀ་ཨཱཿཧཱུྃ། བསྟོད་པ་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོར་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའ་རྒྱལ་པོ་རྣམས་ཀྱི་གཙོ། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ལོ། །འདོད་དོན་གསོལ་བ་ནི། །སྡེ་དྲུག་སྲུང་མ་དྲུག་ཅུ་འཁོར་བཅས་ལ། །མཆོད་གཏོར་འདི་དང་དྲི་དང་མེ་ཏོག་དང་། །བདུག་སྤོས་སྣང་གསལ་མ་ཉམས་བདག་འབུལ་གྱིས། །དེ་རྣམས་འཁོར་དང་བཅས་པ་ཚུར་བྱོན་ལ། །གཏོར་མ་འདི་དག་ལེན་ཅིང་གསོལ་བ་དང་། །བཏུད་བར་མཛད་དེ་ཤིན་ཏུ་མཉེས་པ་ཡིས། །འགྲོ་ལ་ཞི་རྒྱས་སྲུང་སྐྱོབ་སྦ་བ་
༤༣ རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། །བར་འདིར་ཆོས་སྐྱོང་ཡེ་ཤེས་པ་རྣམས་ལ་སོ་སོའ་གཏོར་ཆོག་ལྟར་གཏོར་མ་འབུལ། ༀ་ཨཱཿཧཱུྃ་ཧོཿ བཛྲ་ཌཱ་ཀི་ནཱི་བྷྱཿ ཨི་དཱཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ་སོགས་ཀྱིས་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གཏོར་མ་འབུལ། སྤྱི་གཏོར་དང་གཞི་བདག་གཏོར་མ་སོགས་ཀྱང་དགོས་ན་སྐབས་འདིར་བཏང་། ༀ་བཛྲ་གནྡྷཾ་པྲ་ཏཱི་ཙྪ་ན་མཿ སོགས་མཆོད་པ་བཅུ་གཉིས་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱི་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་བསྟོད། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་པ་བརྒྱད་པོ་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའ་ཚོགས་རྣམས་མ་ལུས་དང་། །འབྱུང་པོའ་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང་། །རྗེད་བྱེད་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །མ་མོའ་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་ཏེ་འབྱུང་པོའ་ཚོགས། །མ་ལུས་ཇི་སྙེད་མཆིས་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་སོགས་ཕྲིན་ལས་བཅོལ་
༤༤ སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང་། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའ་རྒྱལ་པོ་བཙུན་མོར་བཅས་རྣམས་དང་། །ས་འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་ཏུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའ་དུས་སུ་མི་ཤིས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །ཅེས་ཤིས་པ་བརྗོད། ཡིག་བརྒྱའི་མཐར་བཟོད་གསོལ་གཤེགས་གསོལ་རྣམས་སྤྱི་དང་འདྲ་བ་ལས། ཡེ་ཤེས་ཀྱི་འཁོར་ལོ་རང་ཉིད་ལ་ཐིམ། གསང་བར་ཧཾ་ཡིག་ལ་ཁྲོ་བོའ་འཁོར་ལོ་རྣམས་གཤེགས་སུ་གསོལ། །གཙུག་གཏོར་དུ་ཨཾ་ཡིག་ལ་ཟད་པར་གྱི་འཁོར་ལོ། །དཔྲལ་བར་ཨི་ཡིག་ལ་ཕྱོགས་སྐྱོང་གི་འཁོར་ལོ། །མགྲིན་པར་རྀ་ཡིག་ལ་གཟའི་འཁོར་ལོ། །སྙིང་གར་ཨུ་ཡིག་ལ་ཀླུའི་འཁོར །ལྟེ་བར་ལྀ་ཡིག་ལ་འབྱུང་པོའ་འཁོར་ལོ་རྣམས །བསོད་རྣམས་འདི་ཡིས་འགྲོ་རྣམས་དུ་བ་ལ་སོགས་ལམ་གྱི་ལྷན་སྐྱེས་བདེ་བ་མཆོག་བསྒོམས་ཏེ། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་ནི་ཆོས་ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨ་ལ་གཏུགས་ཤིང་། །དམ་པའི་ལམ་སྟོན་ཉིན་བྱེད་བཞིན་ཏུདུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག །ཉི་མ་དང་བཅས་ཐུབ་པའི་རིགས་རྣམས་ཀྱིས་ནི་ཤེས་རབ་ཡེ་ཤེས་ཐོབ་པར་གྱུར་འདི་ཇི་ལྟར་བར། །རྣམ་གསུམ་སྲིད་པ་གནས་པའི་སེམས་ཅན་རྣམས་ནི་དུས་ཀྱི་འཁོར་ལོའ་དྲིན་ལས་ཨེ་ཝཾ་ཉིད་གྱུར་ཅིག །སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། །དེ་རྣམས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་བ་མིན་པར་འོང་གྱུར་ཅིག །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོས་འགྲོའི་བདག་དང་ཆོམ་རྐུན་ཞགས་པས་འཆིང་། །ཆུ་གཏེར་འཁྲུགས་དང་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོས་ཉེ་བར་འཚོ་བ་དང་། །དབུལ་དང་བུད་མེད་དང་བྲལ་མི་བདག་འཁྲུགས་པའི་འཇིགས་དང་རྡོ་རྗེ་ལྟུང་དང་དོན་
༤༥ ཉམས་རྣམས། །བདག་གིས་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་དྲན་པའི་མཐུ་ལས་རབ་ཏུ་ཉམས་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག །སོགས་དང་། རིགས་སུ་སྐྱེ་དང་དམ་ཚིག་ཅན། སོགས་དང་། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། སོགས་དང་། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་སོགས་སྨོན་ལམ་ཇི་ལྟར་རིགས་པ་གདབ་པར་བྱའོ། །ཞེས་པ་དུས་ཀྱི་འཁོར་ལོ་ལྷ་དགུའི་སྒྲུབས་ཐབས་ཅུང་ཟད་རྒྱས་པ་སྟེ། ལམ་འདི་དང་ཆོས་འདི་ལ་མོས་པ་རྣམས་ཀྱི་ཉམས་ལེན་ལ་ཤིན་ཏུ་མཁོ་བར་མཐོང་ཞིང་། ཁྲིད་ཀྱི་སྔོན་འགྲོའི་དབང་བྱེད་པ་སོགས་ལའང་འདི་ཙམ་སྒོམ་པ་ཁྱེར་བདེ་ཞིང་ལེགས་པར་ཤེས་ནས་ཏཱ་ར་ནཱ་ཐས་ཉེ་བར་སྦྱར་བའོ། །

།བློ་སྦྱོང་སེམས་དཔའི་རིམ་ས་བ་ལས་བཟློག་ཕྱོག་གཉེན་པོའི་ཆོས་བཞུགས་སོ།

༈ །།བློ་སྦྱོང་སེམས་དཔའི་རིམས་པ་ལས་བཟློག་ཕྱོགས་གཉེན་པོའ་ཆོས་བཞུགས་སོ།

༨༠༈ །།བློ་སྦྱོང་སེམས་དཔའི་རིམས་པ་ལས་བཟློག་ཕྱོགས་གཉེན་པོའ་ཆོས་བཞུགས་སོ། །སྙིང་རྗེའི་གདུང་བ་སྨན་གཅིག་པོ། །བདག་ལྟ་ཐུལ་བའི་གཉེན་གཅིག་པོ། །ཆགས་སྡང་སྐྱོབ་པའི་ལྷ་གཅིག་པོ། །གཉེན་པོའ་རྩ་བ་ཆོད་ལ་འདུད། །ཉོན་མོངས་རྣམ་རྟོག་སྐྱེས་པའི་ཚེ། །རྒྱ་ཁྲས་བྱེའུ་དེད་པ་ལྟར། །དམིགས་སུ་བཀོར་ལ་
༨༡བཀར་དེད་གྱིས། །ལག་ཏུ་ཟིན་ཏེ་བརླག་པར་གྱིས། །དོན་རྟོག་སྙིང་ལ་ཞེན་པའི་ཚེ། །དགྲ་རྐུན་ངོས་འཛིན་བྱེད་པ་ལྟར། །དབྱིབས་དང་སྤུ་རིས་ཕྱེ་མཛོད་ལ། །ཕྱིན་ཆད་རྟོག་པ་མེད་པར་གྱིས། །བཟང་རྟོག་དགྲ་རུ་ལངས་པའི་ཚེ། །གཤེད་མ་བུར་བརྫུས་ཟིན་པ་ལྟར། །ཟིན་མ་ཐག་ཏུ་མགོ་གནོན་ལ། །སྲོག་གཅོད་རྟོག་པ་མེད་པར་གྱིས། །སྐྱིད་འདོད་ལེ་ལོ་བྱུང་བའི་ཚེ། །སྟོན་གཡོག་གཉིད་ལོག་བསླངས་པ་ལྟར། །བསྡད་པའི་སྐབས་མེད་དྲག་འཆུན་གྱིས། །རྣམ་གྲོལ་ལས་ལ་འདའ་བར་བྱ། །ཚེ་འདིའི་ཆེ་ཐབས་སྒྲུབ་པའི་ཚེ། །སྲིན་པོ་མི་ཟན་མཐོང་བ་ལྟར། །ལྡང་ཞིང་ལས་དེའི་འཕྲོ་བཞག་ལ། །མི་ཁོམ་ལས་ལ་རྒྱང་རིང་བྲོས། །ཟླ་དང་གཡེང་བས་ཁྱེར་བའི་ཚེ། །གཡུལ་ངོར་མི་རོ་མཐོང་བ་ལྟར། །གྲོགས་དང་བཅས་ལ་རབ་སྡང་ཞིང་། །དབེན་པའི་ནགས་ཁྲོད་བརྟེན་པར་བྱ། །ཆགས་སྡང་བདུད་ཀྱིས་གཡེངས་པའི་ཚེ། །ཁྱི་སྨྱོན་དུག་སྦྲུལ་མཐོང་བ་ལྟར། །འཁོར་བའི་བདེ་ལ་རྒྱབ་ཕྱོགས་ཀྱིས། །བཙན་པ་མྱང་འདས་དབྱིངས་སུ་བྲོས། །རྟག་འཛིན་བརྩོན་རར་བསྡམས་པའི་ཚེ། །རྒྱལ་པོས་དོང་དུ་མནར་བ་ལྟར། །ནམ་འཆི་ཆ་མེད་རབ་བསམ་ལ། །ཡིད་འབྱུང་སྐྱོ་ཤས་དྲག་པོ་བསྟེན། །ཐོས་བསམ་ལོ་འདོད་ཤོར་བའི་ཚེ། །ཟློས་གར་མཁན་གྱིས་བཤད་པ་ལྟར། །ལག་ལེན་མེད་པར་རབ་བསམས་ནས། །རང་ལ་ཁྲེལ་བདས་ཆེན་པོ་བྱ། །ཉིན་མཚན་ཆོས་ལ་འབད་གྱུར་ཀྱང་། །ད་དུང་སྐྱ་དྲི་མ་ཡལ་ན། །བདུད་ཀྱིས་ཁྱེར་བར་རབ་བསམས་ལ། །བཟློག་སྟེ་གཉེན་པོ་བསྟེན་པར་བྱ། །བྱས་པ་ཆོས་ལ་བསམ་གྱུར་ཀྱང་། །ཅི་བྱས་ལོག་པར་སོང་གྱུར་ན། །འགོང་པོས་ཁྱེར་བར་རབ་བསམས་ལ། །ངེས་པར་དཀོན་མཆོག་ར་མདར་སྦྲན། །བླ་མའི་གྲྭ་སར་བསྡད་གྱུར་ཀྱང་། །མཁན་སློབ་གྲོགས་པོ་ལྟར་
༨༢བཅོས་པའི། །ཆོས་ལ་ཆགས་སྡང་གསོག་གྱུར་ན། །བདུད་ལས་བསམས་ལ་ནགས་ཁྲོད་བསྟེན། །རྩེ་གཅིག་སྒོམ་སྒྲུབ་བྱས་གྱུར་ཀྱང་། །ད་དུང་གྲོལ་ཆ་མ་རྙེད་ན། །ཐོས་པས་གོལ་ས་མ་རྙེད་སྐྱོན། །བསམས་ལ་བཟློག་སྟེ་ཟབ་མོ་བལྟ། །བློ་སྦྱོང་སེམས་དཔའི་རིམ་པ་ལས། །བཟློག་ཕྱོགས་གཉེན་པོའ་ཆོས་རྣམས་ཡོངས་སུ་རྫོགས་སོ། ༈ །བློ་སྦྱོང་སེམས་དཔའི་རིམ་པ་ལས། །རང་རྒྱུད་ངན་པ་དམའ་དབབ་པའི་ཆོས་བཞུགས་སོ། །རང་འདོད་འཁྲི་བ་མ་ཞུགས་པས། །ཐེག་དམན་ལྟ་བར་མ་ལྟུང་ཞིང་། །སྲིད་པའི་བརྩོན་རར་མ་བསྡམས་པའི། །གྲོལ་བ་དེ་ལ་ཕྱག་འཚལ་ལོ། །ངའོ་ཞེས་པ་མགོ་བསྐོར་ཡིན། །དགོས་ཤེས་བྱ་བ་ངོ་དགའ་ཡིན། །གཞན་མ་ཞེས་པ་དགྲ་ཚིག་ཡིན། །མི་དགོས་ཞེས་པ་བར་ཆད་ཡིན། །བདག་གཞན་ཅེས་པ་འབྱེད་ཚིག་ཡིན། །ཆགས་སྡང་ཞེས་པ་འཁྲུགས་པ་ཡིན། །དེ་འདྲའི་རྣམ་དབྱེ་སུ་བྱེད་པ། །དེ་ནི་ཟབ་མོའ་ཆོས་ལས་ཉམས། །མཁས་པ་དགྲ་བོ་འཇོམས་འདོད་ན། །དང་བོད་བདག་ཁྱད་དུ་བསད། །གང་གིས་བསྐུར་བ་བཏབ་གྱུར་ཀྱང་། །དེ་ལ་དག་ཚང་རྣམས་མི་བྱེད། །གང་གིས་གནོད་པ་བསྐྱལ་གྱུར་ཀྱང་། །ཁ་འཛིན་ཤག་འདེབས་ཡང་མི་བྱེད། །ལུས་སྲོག་ལོངས་སྤྱོད་བྲལ་གྱུར་ཀྱང་། །རང་གིས་བསགས་པས་ལེན་ནོ་ཞེས། །ལྷག་པར་རང་ལ་སྙིང་ཚིམ་བསྒྲང་། །གང་གིས་འདྲེ་གདོན་རྦད་གྱུར་ཀྱང་། །དེ་ལ་འཁུ་འཁྲིག་མི་བྱ་སྟེ། །གཞན་གྱི་བསམ་པ་ཚིམ་པར་བྱ། །མི་ཕོད་བསམ་པ་བརྗི་བ་སྟེ། །སྲིད་དང་འདྲ་བའི་འཁོར་ལ་སོགས། །ཤ་ལ་བརྩེ་བ་འཕྲོག་གྱུར་ཀྱང་། །རང་ལ་འགལ་མེད་སྙིང་ཚིམ་བགྲང་། །ཡོན་བདག་དྲིན་ལེན་ལོག་འཇལ་ཚེ། །སྐད་ཅིག་ཙམ་ཡང་མི་འཁྲུགས་པར། །བཟོད་བསྐུལ་བཀའ་དྲིན་དྲན་པར་བྱ། །ད་ནི་
༨༣སྡིག་པ་སྤོང་བའི་ཐབས། །ཞེ་སྡང་མེད་པར་དགྱེ་བར་བྱ། །དེ་ལྟར་བཀར་གྱིན་བྱམས་པ་བསྒོམ། །རང་ལ་སྙིང་ཚིམ་ཐི་ལེས་བཏབ། །དེ་ལྟར་བཟོད་པ་མ་ཐོབ་བར། །གྲོགས་ནི་གཤིས་ངན་དག་དང་འགྲོགས། །དེ་ལ་དམིགས་རྐྱེན་རབ་བྱས་ནས། །འཁོར་བ་ལ་ཡི་སྐྱོན་བསམ་ཞིང་། །སྙིང་རྗེ་ཆེན་པོ་ལྷག་པར་བསྒོམ། །གནས་མ་ལས་ཕུག་གད་སྐྱིབས་དང་། །ཁང་རུལ་ཐིགས་པ་འཛག་པ་དང་། །ལྷ་ཁང་ཕྱུགས་ལྷས་འབྲོག་སྟོང་དང་། །གཅོང་རོང་ཡིད་མི་དགའ་བར་བསྡད། །དེ་ཚེ་ཤེས་པ་མི་དགའ་ཞིང་། །ཀླུང་དུ་བསྡད་ན་རི་ལ་འགྲོ། །དེར་ནི་སྡོད་སྙིང་མི་འདོད་དེ། །བསེ་དང་སྐྱིབས་དང་བཟུར་ལ་སྙེགས། །ཡང་ཡང་སྡོང་ས་རབ་སྤོ་ཞིང་། །ཤེས་པ་མི་དགའ་སྐྱེ་བ་ན། །རང་ལ་ཤག་འདེབས་འདི་ལྟར་བྱ། །ཁྱོད་ཀྱི་ཤེས་སྤྱོད་འདི་འདྲ་ན། །གནས་མལ་འདི་ཡང་ཡང་རབ་ཡིན། །བློ་སེམས་འདི་ཀུན་བདེ་མོ་ཡིན། །གཞན་དུ་ཁྱོད་ཀྱི་སྡུག་བསྲན་འདིས། །དམྱལ་བར་མ་སྐྱེས་ཁར་རྗེ་ཆེ། །བཙོ་བསྲེག་མ་མྱོང་ཁར་རྗེ་ཆེ། །ཡིད་བཏགས་བཀྲེས་སྐོམ་གྲོང་ཁྱེར་དུ། །བསྐལ་པར་མ་སྐྱེས་ཁར་རྗེ་ཆེ། །མི་གཙང་སྲིན་བུའི་གྲོང་ཁྱེར་དུ། །འདམ་རྫབ་ཆེན་པོར་རབ་འཕྱོ་ཞིང་། །བསྐལ་པར་མ་སྐྱེས་ཁར་རྗེ་ཆེ། །གཞན་ཡང་འཇིགས་པ་རབ་བསམ་ཞིང་། །བདག་ལ་ཁྲེལ་བདས་ཆེན་པོ་བྱས། །ལྟོ་ལ་གྱོང་བསྐུར་དཀའ་ཐུབ་བྱ། །གོས་ལ་གྱོང་བསྐུར་དམའ་ཆ་བཟུང་། །བདེ་སྐྱིད་ཁྱད་བསད་གཉེན་པོ་བསྒོམ། །བྱ་བྱེད་ལིང་བསྒྱུར་བྱར་མེད་བསྟེན། །ཅི་བྱེད་བྱང་ཆུབ་གྲོགས་སུ་བསྒྱུར། །བློ་སྦྱོང་སེམས་དཔའི་རིམས་པ་ལས། །རང་རྒྱུད་ངན་པ་དམའ་དབབ་པའི་ཆོས་ཡོངས་སུ་རྫོགས་སོ། ༈ །བློ་སྦྱོང་སེམས་དཔའི་རིམ་པ་ལས། །ཟག་བཅས་དགེ་བའི་སྟོབས་སྐྱེད་པའི་ཆོས་བཞུགས་སོ། །ལུས་དང་སྲོག་ལ་མི་ལྟ་ཞིང་། །རྒྱལ་སྲིད་བྱ་དགའ་མ་བརྟེན་པར། །དཀའ་སྤྱད་བཟོད་པ་བསྒོམ་པ་ཡི། །དཔའ་བོ་དེ་ལ་ཕྱག་འཚལ་ལོ། །གཏམ་འདི་ཉོན་དང་རྟག་འཛིན་ཅན། །ལས་
༨༤འདི་སེམས་དང་ཁུར་བོ་ཅན། །སྐྱེ་བ་གཏན་གྱི་ས་བོན་དེ། །ཚེ་ཐུང་འདི་ལ་སྒྲུབ་དགོས་ན། །ལོང་ཡོད་བརྟེན་པའི་སྙིང་མེད་པ། །གདོན་འདི་གང་གིས་བསླད་པ་ཡིན། །སྔར་ཡང་སྐྱིད་འདོད་ཆེས་བས་ཕུང་། །དེ་ལྟར་ཡིན་མོད་ཟུར་མགོ་རགས། །ད་དུང་གཤིས་ངན་མ་སྤངས་ན། །རྒྱུད་འདིས་ཤིན་ཏུ་ཕུང་བ་ཡིན། །ད་དུང་གཞན་དོན་མ་བསམ་པར། །ང་དགོས་འབའ་ཞིག་བརྟེན་བྱས་ནས། །རང་གཞན་ཐམས་ཅད་མགོ་བསྐོར་ནས། །མནར་མེད་གནས་སུ་ངེས་པར་འཇུག །ཚེ་འདིའི་ཁ་འཛིན་ཤག་འདེབས་ཀྱིས། །འདྲེ་རྟོག་ཟུར་མགོ་སུ་བས་རགས། །ན་ཚ་སྡུག་བསྔལ་སུ་བས་མང་། །གཟེར་ཟུག་སྡུག་བསྔལ་ནད་དུ་ཆེ། །ཚ་གྲོང་སྡུག་བསྔལ་དམྱལ་བ་འདྲ། །དབུལ་ཕོངས་སྡུག་བསྔལ་སུ་བས་ཆེ། །བཀྲེས་སྐོམ་འཇིགས་སྐྲག་ཡིད་བཏགས་འདྲ། །དུག་སྦྲུལ་ཁྱི་སྨྱོན་ཉིད་དང་མཚུངས། །ཡོད་ན་ཡོད་པས་སྐྱོང་ཕྱིར་སྡུག །མེད་ན་མེད་པས་འཚོལ་ཕྱིར་འཁྱམས། །གང་ལྟར་བྱས་ཀྱང་སྡུག་བསྔལ་གསོས། །ཅི་ལྟར་བྱས་ཀྱང་སྐབས་དོན་སྟོང་། །ཙ་བ་བདག་འཛིན་ཆེས་པས་ལན། །སྡུག་བསྲན་སྙིང་རུས་ཆུང་བས་ལན། །བྱམས་པའི་ཞིང་ས་རལ་བས་ལན། །སྙིང་རྗེའི་རྩ་བ་ཆད་པས་ལན། །སེམས་བསྐྱེད་དགེ་བ་སྟོར་བས་ལེན། །མ་རབས་གྲོགས་ལ་བརྟེན་པས་ལན། །དེ་རྣམས་ཐམས་ཅད་འདས་པའི་ཆོས། །འདུན་མ་བརླག་ཟིན་ཡར་ལ་མཆོད། །ད་ནི་སུ་ལའང་རེ་མ་ཆེ། །ཕྱི་ནང་གང་ལའང་དོགས་མ་འཆའ། །དོན་མེད་རྟོག་པའི་སྔོན་མ་བསུ། །སྔར་བྱས་ངན་པའི་རྗེས་མ་བཅད། །བདག་འཛིན་བྱེད་རི་ཞེ་མནའ་སྐྱོལ། །ངན་ཤག་བྱེད་རི་ཞེ་མནའ་སྐྱོལ། །མི་ལ་འཇུག་རི་ཞེ་མནའ་སྐྱོལ། །འདོད་ཡོན་སེམས་རི་ཞེ་མནའ་སྐྱོལ། །ཇོ་བོ་སེམས་ཅན་མར་བསམས་ལ། །སྡུག་བྱུང་ཐམས་ཅད་རང་གིས་ཁུར། །དུཿཁ་ཐམས་ཅད་རང་གིས་ལོངས། །
༨༥ཁྲེལ་བདས་ཆེན་པོ་རང་ལ་གྱིས། །སོམས་ཤིག་སོམས་ཤིག་འཇིགས་པ་སོམས། །བཟློག་ཅིག་སྔར་བས་ལས་ངན་ཟློག །དེ་ལྟར་ཉོན་མོངས་རབས་ཆོད་ལ། །ཕྱི་ནང་དུས་སྐབས་ཐམས་ཅད་དུ། །བདག་འཛིན་དུཿཁས་མ་བཟུང་ཞིག །ལས་ངན་གསོག་ན་ཁྲོམ་དུ་སྒྲོགས། །ངོ་ལྐོག་བྱས་ན་ཁ་དམན་ཕོབ། །ནང་དབྱེན་བྱས་ལ་ནངས་མཚང་ཤིག །སྤྱོད་ངན་དཀྲུག་ལ་ཐེ་ལེས་ཐོབ། །གཙང་རྟོག་སྐྱེས་ཚེ་མཛེ་རོས་འདུལ། །གདོན་རྟོག་སྐྱེས་ཚེ་གཉེན་དགུ་འགྲིམ། །སྐྱུགས་བྲོ་སྐྱེས་ཚེ་རྣག་ཁྲག་འཇིབ། །ཁ་རྒྱང་མ་ཆེ་བདག་འཛིན་བསྒྱུར། །བྱིན་རླབས་མ་ཞུ་འདྲེ་ལ་བྱིན། །མཐུ་བོ་ཆེ་ལ་བློ་མ་གཏད། །མོ་བོན་དག་ལ་བློ་མ་དབབ། །དྲག་སྔགས་དག་ལ་སེམས་མི་གཏད། །རྫས་རང་ལིངྒ་རང་ལ་བྱས། །འདྲེ་གདོན་ནད་ཀྱིས་བཏབ་པ་ན། །རྡོ་རྗེ་འཛིན་པ་ལ་སོགས་པའི། །ཁྲོ་བོ་ཐམས་ཅད་ཕྱིར་ལ་ཁྱེད། །མ་ཧཱ་ཀཱ་ལ་ལ་སོགས་པའི། །གཏུམ་པོ་ཐམས་ཅད་ཕ་ཚད་ཁྱེད། །ད་ནི་དེ་རིང་ལན་ཆགས་འཇལ། །སྲུང་སྐྱོབ་ར་མདའ་སྦྲན་རི་ཤི །དེ་རིང་འཁོར་འདས་ཤན་ཤུན་འབྱེད། །འདུས་ཤིག་འདུས་ཤིག་ཤ་ཟ་དང་། །དབུགས་ལེན་ཐམས་ཅད་རྩ་འདིར་འདུས། །ཤ་བཤུས་རོགས་ལ་སླེབས་པར་ཤོག །ཤ་བགོས་གྲོགས་ལ་སླེབས་པར་ཤོག །ཁྱེད་རྣམས་ང་ཡི་ཕ་མ་ཡིན། །བུ་ཡི་ཤ་ཁྲག་རོལ་དུ་ཐོག །ཁྱོད་ནི་དྲིན་ཅན་ཕ་མ་ཡིན། །དེ་རིང་བཟང་ལན་ལེན་དུ་ཤོག །སྔོན་ཆད་ལུས་སེམས་གཅེས་པར་བཟུང་། །རྒྱུ་དེས་ད་རུང་འཁོར་བར་འཁྱམས། །སྔོན་ཆད་བྱ་དགའ་རང་གིས་ཁྱེར། །རྒྱུ་དེས་ད་རུང་ན་ཚས་བཏབ། །སྔོན་ཆད་གནོད་པ་གཞན་ལ་བསྐྱལ། །རྒྱུ་དེས་ཁུར་བོ་རི་བས་ལྕེ། །སྔོན་ཆད་བྱས་པ་འགྱོད་ལུགས་ལ། །ད་ནི་ཁུ་འཕྲིག་བྱ་རི་ཤི །སྔོན་ནི་བདག་འཛིན་བསྲུངས་བསྲུངས་ནས། །ཁ་
༨༦ཙམ་ཚིག་གི་སྐྱབས་འགྲོ་དྲན། །ད་ནི་སྐྱབས་གསུམ་མཐུ་ཆེ་ཡང་། །ད་ནི་བདག་འདིའི་རྒྱབ་མི་བྱེད། །ཕུང་བྱེད་འདི་ཡི་གཏིང་མ་རྫི། །གལ་ཏེ་ཐུགས་རྗེས་སྐྱབས་བྱེད་ན། །འཛིན་པ་ནང་དུ་བརླག་པར་གྱིས། །གཟུང་བ་ཕྱི་རུ་བརླག་པར་གྱིས། །ཆགས་ལྡང་རང་སར་བརླག་པར་གྱིས། །ཕྱིས་ནི་ལྡང་བ་མེད་པར་གྱིས། །ད་ནི་ལན་ཆགས་སྟོན་མོ་འགྱེད། །མགྲོན་རིས་སྲིད་རྩེ་མན་ཆད་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ན། །ལུས་དང་ལོངས་སྤྱོད་བྱ་དགའ་དང་། །དབུགས་དང་མདངས་དང་གཟི་བརྗིད་རྣམས། །གང་ལ་དགོས་པ་ཐམས་ཅད་འདུས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཤོག །ཐོག་མེད་དུས་ནས་གཅེས་བཟུང་བའི། །ཤ་ཁྲག་འདི་ལ་དགའ་བར་རོལ། །ལན་ཆགས་ཟོ་ལ་ཕྱིས་མི་སྙེགས། །མགྲོན་རིགས་སྟོང་ཕྲག་བརྒྱད་ཅུ་ཤོག །བྱིས་པའི་གདོན་ཆེན་བཅོ་ལྔ་ཤོག །གནོད་སྦྱིན་ཤ་ཟ་འབྱུང་པོ་ཤོག །ཕོ་བདུད་བདུད་ཀྱི་ཕོ་ཉ་ཤོག །མོ་བདུད་ལས་ཀྱི་སྲིན་མོ་ཤོག །ཕོ་བདུད་རྒྱལ་འགོང་ས་བདག་ཤོག །ཐམས་ཅད་འདིར་ཤོག་ཤ་ཁྲག་རོལ། །སྤྱི་བོ་ཚངས་པའི་བུ་ག་ནས། །རྐང་མཐིལ་སོར་མོ་ཡན་ཆད་ལ། །ཁོ་བོ་ཞེན་ཆགས་མི་བྱེད་ཀྱིས། །ཐམས་ཅད་བག་ཕོབས་ཚིམ་པར་ཟོ། །ཤ་ཁྱེར་ཁྲག་འཐུང་རུས་པ་མུར། །མགོ་པོ་ཡན་ལག་དོན་སྙིང་ཁྱེར། །ལྷུ་ཚིགས་ནང་ཁྲོལ་ཆུ་སེར་ཁྱེར། །མདོར་ན་ཀླད་པགས་ལ་སོགས་པའི། །ལུས་འདི་ཕྱི་ནང་ཐམས་ཅད་ཀྱི། །བཟའ་ཉན་བཅའ་ཉན་ཐམས་ཅད་ལ། །ཁུ་འཁྲིག་མ་བྱེད་ཚིམས་པར་རོལ། །ཞི་བར་གྱིས་ལ་བརླག་པར་གྱིས། །ཕུང་བར་གྱིས་ལ་རྩ་བ་ཆོད། །ཆོམ་ཆོམ་མྱོག་མྱོག་བདག་ལ་ཡ། །ཤག་ཤག་ཚལ་པ་བདག་ལ་ཡ། །རྦད་རྦད་ཐུམ་ཐུམ་བདག་ལ་ཡ། །ཧཱུྃ་ཛཿཕྱིས་འདི་མེད་པར་གྱིས། །འཁོར་བའི་འཁོར་ལོ་རྒྱུན་ཆོད་ཅིག །ལས་
༨༧ངན་ཕུང་པོ་རབས་ཆོད་ཅིག །སྔོན་ཆད་ལུས་འདི་གཅེས་པར་བཟུང་། །ད་ནི་བདག་ཉིད་བརླག་པར་མཛོད། །མ་རུངས་བརླག་པའི་མཐུ་སྟོབས་ཅན། །ཤ་ཁྲག་རོལ་པའི་གདུག་པ་ཅན། །དབུགས་ལེན་གཤེད་པོ་ས་མ་ཡ། །ཁྱེད་ཀྱིས་བདག་འདི་ཆོམ་པར་གྱིས། །དུས་གསུམ་སངས་རྒྱས་རྣམས་ལ་ལྷག །ཁྱོད་ཀྱིས་བདག་འདི་མ་ཆོམ་ན། །རང་རང་ལས་ཀྱིས་བརླག་པར་འགྱུར། །ད་ནི་ཤེས་ནས་འཇིག་པ་ཡིས། །ཚོགས་རྫོགས་བཅིང་བ་གྲོལ་བར་འདོད། །དེ་ལས་གྲོལ་བར་མ་གྱུར་ན། །འདིར་ཚོགས་གཤེད་མ་ཐམས་ཅད་ཀྱིས། །རླུང་དང་མཁྲིས་དང་བད་ཀན་དང་། །འདུས་པ་ནད་ཀྱི་ཕུང་པོ་དང་། །མི་བཟོད་སྡུག་བསྔལ་དྲག་པོ་ཐོངས། །སྣང་ཡུལ་སྲིད་པའི་འཁོར་འདས་ན། །མི་འདོད་ཇི་སྙེད་ཡོད་པ་རྣམས། །ཐམས་ཅད་བདག་གི་སྟེང་དུ་ཐོངས། །འགྲོ་ཀུན་ཉོན་མོངས་ལས་དང་ནི། །སྡུག་བསྔལ་སྲིད་པ་ཁེག་པར་གྱིས། །ངེས་པར་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་རང་གི་སྙིང་ནང་དུ། །ད་ལྟ་ཉིད་དུ་སྨིན་པར་ཤོག །རྒྱུ་དེས་འགྲོ་བ་མ་ལུས་པ། །ལས་ངན་རྒྱུ་འབྲས་དྲུང་ཕྱུང་ནས། །སྤངས་རྟོགས་ཕུན་སུམ་ཚོགས་པར་ཤོག །བདག་ལ་ཡོད་པའི་དགེ་བ་རྣམས། །ཐམས་ཅད་འགྲོ་བ་ཡོངས་ལ་བསྔོ། །རྒྱུ་དེས་འགྲོ་བ་མ་ལུས་པ། །རྟོགས་པ་ཕུན་སུམ་ཚོགས་པར་ཤོག །དེ་ལྟར་འགྲོ་བ་ཐམས་ཅད་ཀྱི། །སྤངས་རྟོགས་ཕུན་ཚོགས་ཐོབ་གྱུར་ཏེ། །བྱམས་དང་སྙིང་རྗེ་ཆེན་པོའ་དཔལ། །ཆོས་སུ་ཉག་གཅིག་ཐོབ་པ་ན། །དེ་ལས་བྱུང་བའི་ཚོགས་གཉིས་ཀྱིས། །བདག་ཉིད་འཁོར་བར་ག་ལ་ལུས། །གང་ཡང་བྱང་ཆུབ་མ་ཐོབ་བར། །མྱོང་འགྱུར་ཉོན་མོངས་རྒྱུ་འབྲས་རྣམས། །ཚེ་འདིར་རྒྱུད་ལ་སྨིན་པར་ཤོག །ཚེ་འདིའི་ཉོན་མོངས་རྒྱུ་འབྲས་རྣམས། །ད་ལོ་ཉིད་ལ་སྨིན་པར་ཤོག །དེ་ཡང་
༨༨ཟླ་བ་འདི་ལ་ཤོག །དེ་ཡང་དེ་རིང་ཉིད་ལ་ཤོག །དེ་ཡང་སྐད་ཅིག་འདི་ལ་ཤོག །དེ་རིང་གཟེར་ཐུང་ལ་སོགས་པའི། །ཟུག་གཟེར་དྲག་པོ་མྱོང་བའི་ཚེ། །ནད་འདི་འགྲོ་བ་ཡོངས་ཀྱི་ནད། །སྒོས་ཁུར་ཉིད་དུ་བླངས་པ་ཡིན། །ད་ནི་ཐོག་ཏུ་ཕེབས་པ་ཡིན། །གཏོད་ལེན་གནད་དུ་སོང་བ་ཡིན། །ཨ་ལ་ལ་ཧོ་ང་རེ་དགའ། །ངེས་པར་སེམས་ཅན་བདེ་སྟེ་མཆི། །སྡུག་བསྔལ་བདག་གིས་ལོན་པ་ཡིན། །ད་ནི་གོ་རེ་བཅད་དོ་ཞེས། །ན་ཚ་སྐྱེས་པ་ཙམ་གྱིས་ཀྱང་། །འོས་མེད་ན་ཚ་འདུས་པ་ཡིན། །ན་གོ་བདག་གིས་ཆོད་པ་ཡིན། །ཚ་གོ་བདག་གིས་ཆོད་པ་ཡིན། །བཀྲེས་སྐོམ་འཁྱག་གི་ཆོད་པ་ཡིན། །ལུས་ལ་ན་ཚ་སྐྱེས་གྱུར་ཀྱང་། །སེམས་ཀྱི་དགའ་བ་འཕེལ་བར་བྱ། །བློ་སྦྱོང་སེམས་དཔའི་རིམ་པ་ལས། །ཟག་བཅས་དགེ་བའི་སྟོབས་སྐྱེད་པའི་ཆོས་ཡོངས་སུ་རྫོགས་སོ།།

༄༅། །ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད་བཞུགས་སོ༎ ༎

༡༨༡ ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད་བཞུགས་སོ།། །།
༡༨༢ ན་མོ་གུ་རུ། །བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་སོགས། །བླ་མ་རྣམས་ལ་ཕྱག་འཚལ་ནས། །ཕྱག་རྒྱ་ཆེན་པོ་འདིར་བཤད་བྱ། །དེ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་གདམས་པ་ཕྱག་རྒྱ་ཆེན་པོ་གའུ་མ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་སྔོན་འགྲོ་ཐུན་མོང་བ་ནི། རང་གི་མདུན་གྱི་ནམ་མཁའི་གནས་སུ་རིན་པོ་ཆེའི་ཁྲི་པདྨ་ཟླ་བའི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རུས་པ་དང་རིན་པོ་ཆེས་བརྒྱན་པ། སྣང་ལ་རང་བཞིན་མེད་པ་ཞིག་བསམ། དེའི་མདུན་དུ་སྐྱབས་འགྲོ་ཚད་མེད་པ་བཞི་བསྒོམ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་མནྜ་ལ་འབུལ། ཡིག་བརྒྱ་བཟླས། བླ་མ་བརྒྱུད་པ་ལ་གསོལ་བ་གདབ། འཆི་བ་མི་རྟག་པ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་རྒྱས་པར་བསྒོམ། སེམས་ཅན་ཐམས་ཅད་མར་
༡༨༣ ཤེས་པ་དང་། དྲིན་དྲན་པ་སོགས་ཀྱིས་བྱམས་པ་དང་སྙིང་རྗེ་དགྲ་ལྟ་བུ་ལ་ནམ་སྐྱེས་ཀྱི་བར་དུ་བསྒོམ་པ་ནི་སྤྱི་དང་མཐུན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། རང་བབས་གསུམ་གྱི་སྟེང་དུ་འཇོག་པ་སྟེ། དེ་ཡང་རང་ལུས་ཡི་དམ་ལྷར་གསལ་བའི་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་། ལག་པ་གཉིས་མཉམ་གཞག་གི་ཕྱག་རྒྱ་བཅའ། སྒལ་ཚིགས་དང་པོར་བསྲང་། མགྲིན་པ་ཅུང་ཟད་སྒུ་བར་བྱ། མིག་ཐད་ཀར་རང་སོར་བལྟ། ལྕེ་རྩེ་རྐན་ལ་སྦྱར། མཆུ་སོ་ཐད་ཀར་བཞག །ལག་པའི་གྲུ་མོ་ནང་དུ་རློག་བཅུག་པས་སྒོམ་ཤིང་གི་ཚབ་བྱས་པའི་ལུས་གནད་ལེགས་པར་བཅའ། དེ་ནས་རྩ་བཞི་ཉྭ་བཞི་ལྷོད་ཀྱིས་ལྷོད་པ་ནི་ལུས་རང་བབས་སོ། །མཆུ་འབྱེད་འཛུམ་གྱི་རྩོལ་བ་དང་བྲལ་ཞིང་ངག་སྨྲ་བརྗོད་མེད་པ་ནི་ངག་རང་བབས་སོ། །མིག་གི་ལྟ་སྟངས་དང་བཅས་པས་འདི་བསྒོམ་སྙམ་པའི་སྒོམ་འདོད་ཀྱི་རྟོག་པ་དང་བྲལ་ཏེ་མ་བཅོས་པར་འཇོག་པ་ནི་སེམས་རང་བབས་སོ། །དེའི་ངང་ལ་ཧད་དེ་ཆད་དེ་གནས་པ་ནི་སྔོན་འགྲོའི་ཚད་ཡིན། དེ་འདྲ་དེ་ལ་
༡༨༤ ཐ་མལ་གྱི་ཤེས་པ་ཞེས་བྱ། ཆད་ནས་ངལ་བསོགསོ་བ་ལ་སོགས་པའི་གནས་སྐབས་སུ་ཡུད་ཙམ་རེ་སེམས་ཅན་ཀུན་ལ་འཆར་ཏེ་དེ་ངོས་མ་ཟིན་པས་འཁོར་བར་འཁྱམས་པར་ཡིན་ནོ། །དེས་ན་སྤྱོད་ལམ་བཞི་པོ་ཐམས་ཅད་དུ་དབང་པོ་དྲུག་གི་ཡུལ་དུ་ཕྱིའི་ཡུལ་དྲུག་པོ་ཅི་སྣང་ཡང་དེ་དྲན་པས་བཟུང་སྟེ། དེའི་ངོ་བོ་ལ་ཅེ་རེ་བལྟས་པས་གསལ་སྟོང་འཛིན་མེད་དུ་ཆམ་སོང་བ་དང་། ངའི་སྔོན་འགྲོ་ཤར་འདུག་སྙམ་ངོས་བཟུང་ཏེ། དེ་ལ་ཧད་དེ་ཆད་དེ་བཞག་གོ །དེའི་སྐབས་སུ་སྔར་མ་བསྒོམས་པས་ཤེས་པ་འཕྲོ་ན་འདིས་བོགས་འདོན་ཏེ། ཕྱིའི་སྣང་བ་ཡུལ་ལ་ངོས་བཟུང་ཅི་འདུག །ནང་ལུས་ལ་ངོས་བཟུང་ཅི་འདུག །གསང་བ་སེམས་ལ་ངོས་བཟུང་ཅི་འདུག་རིག་པས་དཔྱད་ལ་བལྟ། བལྟས་པས་ངོས་བཟུང་མ་རྙེད་ན་དེའི་ངང་ལ་གཞག་གོ །ཡང་སྣང་བ་ལ་སེམས་འཕྲོ་ན་གང་ལ་འཕྲོ་བའི་ཡུལ་གྱི་སྣང་བ་དེ་དང་པོ་གང་ནས་བྱུང་། ད་ལྟ་གང་ན་གནས། མཐར་གང་དུ་འགགས། འོལ་སྤྱི་ལ་མ་བཞག་པར་ལེགས་པར་བཙལ། དེ་ནས་འཛིན་མེད་དུ་བུན་སོང་ན་དེ་དྲན་པས་བཟུང་ནས་དེའི་ངང་དུ་བཞག་གོ །དེ་ལྟར་རྩད་བཅད། ཡང་གཅོད་མཁན་གྱི་སེམས་དེ་ཡང་གང་ནས་བྱུང་། གང་དུ་འགྲོ། གང་ན་གནས་རྩད་བཅད་ལ་བལྟ། བལྟས་པས་སེམས་ཆོ་ལང་འགྲོ་ཡིན་འདུག་ན་དེའི་ངོ་བོ་ལ་བལྟ་ཞིང་ཡེ་མ་ཡེངས་པར་རིག་པ་གཅུན། གང་དུ་ཡང་མི་རྟོག་པར་རྩེ་གཅིག་ཏུ་ལྷན་ནེར་གནས་ན་དེ་ཀའི་ངང་དུ་མཉམ་པར་གཞག་གོ །ཡང་དེ་ལྟར་བྱས་ཀྱང་རྟོག་པ་འཕྲོ་ན་དྲན་པས་བཟུང་ལ། རྟོག་པ་གང་སྐྱེས་ཐམས་ཅད་དེ་མ་ཐག་རྒྱུན་རྦད་རྦད་བཅད་ལ་བཞག་གོ །དེ་རྣམས་ཀྱི་སྐབས་ཉམས་ཅི་སྐྱེས་པ་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་། དེ་ལྟར་བྱས་ཀྱང་ཡེ་མི་ཐུབ་པར་འཕྲོ་ན་དེ་དྲན་པས་བཟུང་ལ་རྟོག་པ་དེའི་རྗེས་བཅད་ལ་ཅི་ལ་འཕྲོ་བ་ལྟ་བར་བྱས་ནས་རྟོག་
༡༨༥ པའི་མཚང་རིག་རིག་གདར་ཤ་བཅད་པར་བྱའོ། །དེ་ལྟར་མ་ཡེངས་པར་བསྒོམས་ན་གསལ་སྟོང་འཛིན་མེད་ཀྱི་ཉམས་འཆར་བར་ཐེ་ཚོམ་མེད་དོ། །དེ་ལྟ་བུའི་སྒོ་ནས་སྔོན་འགྲོའི་ཁྲིད་ཐེམ་ནས་རྐུན་པོའ་ངོ་སྤྲོད་བྱའོ། །དེའི་རྟགས་ཚད་ནི་ལུས་ངག་གི་བྱ་བས་མི་འཕྲོག་པའོ། །དེའི་བོགས་འདོན་ལྷ་སྐུ་རླུང་དང་བསྲེ་བ་སོགས་ནི་ཕྱག་རྒྱ་ཆེན་པོ་རླུང་བསྲེས་ཀྱི་དམིགས་རིམ་བཞིན་ཤེས་པར་བྱའོ། །འདིར་ཉེ་བར་མཁོ་བའི་རླུང་འཛིན་ལུགས་ཅུང་ཟད་ཅིག་བསྟན་ན། ལུས་གནད་ལེགས་པར་བཅའ། རླུང་མཉམ་རྒྱུ་རུ་བཞག །དེ་ནས་དང་པོ་རླུང་གི་རླུང་སྔོན་པོར་བུས། དེ་ནས་མེ་རླུང་དམར་པོར་བུས། དེ་ནས་ཆུ་རླུང་དཀར་པོར་བུས། དེ་ནས་ས་རླུང་སེར་པོར་བུས། དེ་ནས་ནམ་མཁའི་རླུང་ཁ་དོག་མེད་པ་བ་སྤུའི་བུ་ག་ཐམས་ཅད་ནས་སོང་བར་བསམ་ཞིང་རླུང་ཕྱིར་བུས་ལ། དེ་ནས་དང་པོ་ས་རླུང་དལ་བུས་སྣ་བུག་ནས་དྲངས་ནས་འོག་རླུང་འཐེན་ལ་ལྟེ་བར་སེར་མེར་བ་ལ་སེམས་གཏད་ལ་བཟུང་། དེ་ནས་མི་ཐུབ་ན་དལ་བུས་ཕྱིར་གཏང་། དེའི་རྗེས་སུ་ཆུ་རླུང་སྙིང་གར་དྲངས་ནས་གོང་ལྟར་འཛིན། དེ་ནས་མེ་རླུང་མགྲིན་པར་དྲངས་ནས་གོང་ལྟར་འཛིན། དེ་ནས་རླུང་རླུང་སྤྱི་བོར་དྲངས་ནས་གོང་ལྟར་འཛིན། དེ་ནས་ནམ་མཁའི་རླུང་བ་སྤུའི་བུ་ག་ཐམས་ཅད་ནས་དྲངས་ནས་ལུས་ཀུན་ལ་ཁྱབ་པར་འཛིན་ནོ། །ཡང་ནས་རླུང་དང་མེ་རླུང་། ཆུ་རླུང་དང་རླུང་གི་རླུང་ཟུང་དུ་བསྡེབས་ནས་བཟུང་ཡང་རུང་ངོ་། །གཉིས་པ་དངོས་གཞི་ལ་གཉིས་ཀྱི། དང་པོ་སྐྱོན་བཞི་རང་གྲོལ་ནི། སེམས་རང་གི་གནས་ལུགས་སྟོང་ཉིད་དང་འདུ་འབྲལ་མེད་ཀྱང་ཉེ་དྲགས་བསམ་མཐོང་བའི་སྐྱོན་གྱིས་འཁོར་བར་འཁྱམས་སོ། །དཔེ་རང་གི་བྱད་བཞིན་དང་འདྲ། དེ་ཡང་མེ་ལོང་གསལ་བའི་རྐྱེན་དང་འཕྲད་ན་གཟུགས་བརྙན་
༡༨༦ རང་གིས་ཀྱང་མཐོང་བ་བཞིན་དུ་བླ་མ་དམ་པའི་མན་ངག་གི་མེ་ལོང་དང་འཕྲད་ནས་ཉམས་སུ་བླངས་ན་སེམས་ཀྱི་གནས་ལུགས་མཐོང་བར་ནུས་སོ། །ཕྱག་རྒྱ་ཆེན་པོ་རང་ལ་འཆར་ཀྱང་དཔེས་མཚོན་མ་ནུས་ཤིང་ཟབ་དྲགས་པས་ངོས་མ་ཟིན། རང་བབས་སུ་ནམརྣམ་བཞག་ཀྱང་འཆར་ཏེ་སླ་དྲགས་པས་ཡིད་མ་ཆས་པར་ཡེངས་མེད་དང་བྲལ། སྐུ་གསུམ་རང་ལ་ཤར་ཡང་བཟང་དྲགས་པས་བློར་མི་ཤོང་བས་ངེས་པ་མ་སྐྱེས་ཏེ་ཐག་ཆོད་དང་བྲལ་བའི་སྐྱོན་གྱིས་འཁོར་བར་འཁྱམས་པ་ཡིན་པས། ད་ནི་སྐྱོན་བཞི་པོ་སྤངས་ལ་བླ་མའི་མན་ངག་ལ་བརྟེན་ནས་རང་ཤར་ངོས་བཟུང་ངེས་ཤེས་བསྐྱེད་ལ་ཐག་བཅད་ཡེངས་མེད་དུ་བསྐྱང་ངོ་། །གཉིས་པ་མཐར་ཐུག་སྐུ་བཞི་རང་ཤར་ནི། མཉམ་རྗེས་བློས་བྱས་ཐམས་ཅད་དང་བྲལ་བའི་ཕྱག་རྒྱ་ཆེན་པོ་རང་ཤར་དུ་བཞག་པའི་དུས་སུ། སྣ་ཚོགས་སུ་ཤར་བ་དེ་སྤྲུལ་སྐུ་རང་ཤར། དེ་ལ་གསལ་འཛིན་དང་བྲལ་བའི་རྟོག་མེད་དེ་ཆོས་སྐུ་རང་ཤར། གསལ་ལ་རྟོག་མེད་བདེ་བར་ཤར་བས་ལོངས་སྐུ་རང་ཤར། དེ་གསུམ་གྱི་རང་བཞིན་དབྱེར་མི་ཕྱེད་པས་མཐར་ཐུག་བདེ་བ་ཆེན་པོའ་སྐུ་རང་ཤར་རོ། །དེ་ཉིད་ལ་མི་རྟོག་པའི་ཆ་དེ་ཇི་ལྟ་བ། འཛིན་པ་མེད་པར་ཤེས་བྱ་སྣ་ཚོགས་སུ་སྣང་བ་དེ་ཇི་སྙེད་པའི་ཡེ་ཤེས། དེ་གཉིས་དབྱེར་མེད་པ་དབྱིངས་ཡེ་ཤེས་དབྱེར་མེད་པ་ཡིན་ནོ། །དེ་དག་གི་བོགས་འདོན་ནི། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་མ་ཞིག་ཡིན་པ་ལ་ང་དང་བདག་ཏུ་བཟུང་བས་འཁོར་བར་འབྱམསའཁྱམས་པ་ཚོ་སྙིང་རེ་རྗེ་སྙམ་དུ་བསམ་པ་དང་། མོས་གུས་དུང་བ་བྱས་ལ་གསོལ་བ་འདེབས་པ་དང་། དེ་རྣམས་གང་ལ་ཡང་ཧད་དེ་ཆད་དེ་བཞག་པར་བྱའོ། །དངོས་གཞི་བརྟན་པའི་ཚད་ནི་བསྒོམ་རྒྱུ་རྡུལ་ཙམ་ཡང་མེད། ཡེངས་རྒྱུ་སྐད་ཅིག་ཙམ་ཡང་མེད་པར་ཉིན་མཚན་སྤྱོད་ལམ་ཐམས་ཅད་རྟོག་མེད་ཀྱི་ངང་དུ་ཁོར་མོར་གནས་པའོ། །མདོར་ན་རྗེས་ནི། སྟོང་ཉིད་
༡༨༧ སྙིང་རྗེ་དབྱེར་མེད་པའི་ངང་ནས། བསྔོ་བྱ་སྔོ་བྱེད་དམིགས་པའི་དུག་བཅོམ་སྟེ། །ཆོས་ཀྱི་དབྱིངས་ལ་མི་བསྔོ་ཤེས་གྱུར་ནས། །དགེ་ཀུན་རྣམ་མཁྱེན་སངས་རྒྱས་བསྔོ་བར་ཤོག །ཅེས་སོགས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་འདེབས་པ་ནི་མན་ངག་དམ་པ་ཡིན་ནོ། །ཉིང་ཁུའི་ཡན་ལག་གི་ཆོས་སྐོར་ལས་ལྟ་བའི་ཁྲིད་ཕྱག་རྒྱ་ཆེན་པོ་གའུ་མའི་ཉམས་ལེན་མདོར་བསྡུས་པ་འདི་ཡང་ལུང་སྟོང་སྨྱོན་པས་རང་གི་མྱོང་བ་དང་སྦྱར་ནས། གནས་མཆོག་དཔལ་རི་བོ་ཆེར་སྦྱར་བའི་ཡི་གེ་པ་ནི་བཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ཡིན་ནོ། །སརྦ་མངྒ་ལཾ།།

༄༅། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཟིན་བྲིས་སྙིང་པོ་གསལ་བའི་སྒྲོན་མེ་བདུད་རྩིའི་ཉིང་ཁུ་ཆོས་སྐུ་མཛུབ་ཚུགས་སུ་ངོ་སྤྲོད་པ་བཞུགས་སོ།

༧༡ ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཟིན་བྲིས་སྙིང་པོ་གསལ་བའི་སྒྲོན་མེ་བདུད་རྩིའི་ཉིང་ཁུ་ཆོས་སྐུ་མཛུབ་ཚུགས་སུ་ངོ་སྤྲོད་པ་བཞུགས།
༧༢ ༀ་སྭ་སྟི་སིདྡྷི་ཧཱུྃ། ཉམས་རྟོགས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མེད་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་བཅུད་རྡོ་རྗེ་འཆང་ཆེན་པོ་ནས་རྒྱལ་བ་དཀོན་མཆོག་ཡན་ལག་གི་བར་དུ་བརྒྱུད་པ་གཞན་གྱིས་བར་མ་ཆོད་པར་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ་བྱིན་རླབས་ཀྱི་དྲོད་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བ་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐུན་མོང་མ་ཡིན་པ་ཐོབ་པར་བྱེད་པའི་ཐབས་བཀའ་བརྒྱུད་རིན་པོ་ཆེའི་བཞེད་སྲོལ་མ་ཉམས་པའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞེས་གྲགས་པ་འདི་ཉིད་ཉམས་སུ་ལེན་པར་བྱེད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ། དང་པོ་ལ་ཐུན་མོང་གི་སྔོན་འགྲོ། ཐུན་མོང་མ་ཡིན་པའི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོ་དང་གསུམ། དང་པོ་དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། ལས་འབྲས་བསམ་
༧༣ པ། འཁོར་བའི་ཉེས་དམིགས་བསམ་པའོ། །དང་པོ་ནི། དེའང་དམ་པའི་ཆོས་ཡང་དག་པ་ཞིག་ཉམས་སུ་ལེན་པར་བྱེད་ན། དཔེར་ན་སེང་གེའི་འོ་མ་དེ་སྣོད་ཕལ་པར་བླུགས་ན་སྣོད་ཆག་ཅིང་འོ་མ་ཆུད་ཟོས་ལ་འགྲོ་བ་ལྟར་སྣོད་དམ་རྟེན་ཕུན་སུམ་ཚོགས་པ་ཞིག་དགོས། རྟེན་གྱི་ནང་ནས་མཆོག་ཏུ་གྱུར་བ་ནི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཡིན་ལ། ད་ལམ་འདི་ལྟ་བུའི་མི་ལུས་རིན་པོ་ཆེ་རྙེད་པ་ནི་ཤིན་ཏུ་སྐལ་བ་བཟང་། འདི་ཡང་སྔོན་ཚོགས་མང་པོ་བསགས། མི་དགེ་བ་བཅུ་སྲོག་དང་བསྡོས་ནས་བསྲུངས། དགེ་བ་བཅུ་དང་དུ་བླངས། བསོད་ནམས་དཔག་མེད་བསྐྲུན་པའི་མཐུ་ཁོ་ནས་རྙེད་པ་མ་གཏོགས་སྟབས་ལེགས་ཀྱིས་རྙེད་པའམ་རྒྱུ་མེད་པར་ཞར་བྱུང་གིས་རྙེད་པ་ལྟ་བུ་ནི་མ་ཡིན་པས་རྒྱུའི་སྒོ་ནས་རྙེད་པར་དཀའ། གྱང་ལོགས་ལ་སྲན་མ་གཏོར་བ་ཆགས་པའམ། རྒྱ་མཚོ་ཆེན་པོར་ཤིང་བུག་པ་གཅིག་པ་ཞིག་བསྐྱུར། དེ་ན་རུས་སྦལ་གནས་པ་ལོ་བརྒྱ་བརྒྱ་ན་མགོ་ཉང་ཙམ་བྱས་པ་ཤིང་གི་བུ་གར་སྐེ་ཆུད་པའམ། ཨུ་དུམྦ་རའི་
༧༤ མེ་ཏོག་རྙེད་པ་སྲིད་མཐའ་མ་བཀག་ཙམ་མ་གཏོགས་དཀོན་པ་དེ་བཞིན་དུ་དཔེའི་སྒོ་ནས་ཀྱང་རྙེད་པར་དཀའ། ངན་སོང་གསུམ་ས་ཆེན་པོའ་རྡུལ་ཙམ། མི་ལུས་ཙམ་པོ་བའང་སེན་མོའ་སྟེང་གི་རྡུལ་ཙམ། དལ་འབྱོར་གྱི་མི་ལུས་འདི་རྡུལ་ཕྲན་ཙམ་གྱི་ཚོད་ཡིན། དེའང་མི་དགེ་བ་སྤྱོད་པ་ཤས་ཆེ། དགེ་བ་སྤྱོད་པ་ཤས་ཆུང་བས་ངན་སོང་དུ་སྐྱེ་བ་མང་ཞིང་། སྤྱིར་མཐོ་རིས་དེའི་ནང་ནས་དགེ་བ་བསྒྲུབ་ཏུ་ཡོད་པའི་མི་ལུས་ཐོབ་པ་ཤིན་ཏུ་དཀོན་ཞིང་ཉུང་བས་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ། འདི་ལྟ་བུའི་ལུས་ད་ལམ་རྙེད་པ་འདིའང་རྙེད་དཀའ་ཞིང་འཇིག་སླ་བས་ད་རེས་མི་ལུས་སྟོང་ལོག་ཏུ་སོང་ན། ཚེ་ཕྱི་མ་ངན་སོང་སོགས་སུ་སྐྱེས་ན་ཐར་མེད་ཀྱི་དོང་དུ་ཚུད་པ་ཡིན་སྙམ་དུ་སྐད་ཅིག་ཀྱང་མ་ཡེངས་པར་བརྩོན་པ་དྲག་པོས་དགེ་སྦྱོར་ལ་གནད་དུ་བསྣུན་ནས་ལམ་སྣ་ཟིན་པ་ཞིག་མི་བྱེད་རེ་སྙམ་པའི་ཞེ་དམ་དང་རྒྱུད་ལ་ཅི་འདྲེར་བྱ་བ་དང་བློ་སྣ་ཆོས་ལ་བསྒྱུར་གང་ཐུབ་བྱའོ། །ཐུན་གཅིག །གཉིས་པ་མི་རྟག་པ་སྒོམ་པ་ནི། མི་རྟག་པ་མ་བསྒོམ་ན་ཚེ་འདི་ལ་བློ་མི་ལོག །དེ་མ་ལོག་ན་འཇིག་རྟེན་ཆོས་བརྒྱད་སྤོང་མི་ནུས་པས་འཁོར་བ་ལས་མི་གྲོལ་ཞིང་ཉམས་རྟོགས་ཁྱད་པར་ཅན་མི་སྐྱེའོ། །དེས་ན་དེའི་གཉེན་པོར་མི་རྟག་པ་སྒོམ་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་འདི་དང་པོར་ཆགས་ཚུལ། བར་དུ་གནས་ཚུལ། མཐའ་མར་ལྷག་མ་ཙམ་ཡང་མ་ལུས་པར་འཇིག་ལ། དུས་སྔ་ཕྱི་ཡང་སྔ་དྲོ་ཕྱི་དྲོ་ཉིན་གུང་མཚན་སོགས་སྐད་ཅིག་རེར་ཡང་མི་བརྟན་ཞིང་། ནམ་ཟླ་ཡང་དགུན་དཔྱིད་དབྱར་སྟོན་སོགས་འགྱུར་ཞིང་མི་རྟག་ལ། དེས་ན་འདུས་བྱས་ཐམས་ཅད་འཇིག་ཅིང་འགྱུར་བའི་རང་བཞིན་ལས་མ་འདས། ནང་བཅུད་ཀྱི་སེམས་ཅན་ཀྱང་། སྐྱེས་ཙམ་དང་། བྱིས་པ་ཆུང་ངུ་དང་། དར་ལ་བབས་པ་དང་། རྒས་འཁོག་ཐམས་ཅད་མཐར་འཆི་བ་ལས་མ་འདས། འཆི་བའང་ནམ་འཆི་ཆ་
༧༥ མེད། དེ་རིང་སང་ཙམ་མི་འཆི་བའི་གདིང་མེད། ད་ལྟ་གསོན་པོར་ཡོད་བདོ་ལ། གཟའ། དུག །མཚོན། མེ། ཆུ། གཡང་ལ་སོགས་པའི་རྐྱེན་ངེས་པ་མེད་པ་ཞིག་གིས་བློ་བུར་དུ་ཚེའི་དུས་བྱས་ནས་རོ་རུ་སོང་བའང་མང་ལ། ཡང་ཇི་ཙམ་ཚེ་རིང་ན་ལོ་བརྒྱ་ལས་མི་ཐུབ་ལ། དེའང་ཚེའི་སུམ་ཆ་གཅིག་སོང་ཚར་འདུག་པས་འཆི་བར་གཏུག་འདུག །རང་རེའི་སྔར་གྱི་བླ་མ་སློབ་དཔོན་གྲོགས་མཆེད་གཉེན་ཉེ་འབྲེལ་གྲོང་མི་ཁྱིམ་མཚེས་དེ་ཙམ་ཞིག་འཆི་ལུགས་ཀྱིས་གློ་བུར་དུ་ཤི་བའམ་ནད་ཀྱིས་ཡུན་རིང་མནར། ན་ཚ་ཟུག་རྔུ་སྡུག་བསྔལ་བསམ་ལས་འདས་པ་མྱོང་བཞིན་འཇིགས་ཤིང་སྐྲག་ན་ཡང་བྱ་ཐབས་དང་བསླུ་ཐབས་མེད་པར་འཆི་ལུགས་དེ་བཞིན་བྱས་སོང་། ཤི་ནས་འཕྲད་དབང་ཡང་མེད། གར་སོང་ཆ་མེད་ཆུ་ནང་རྡོ་འཕངས་པ་བཞིན་འབྲལ་མི་ཕོད་ཅིང་རྗེས་མེད་དུ་སོང་། རོ་དེ་ནི་དུར་ས་ཞིག་ཏུ་བསྐྱལ་ཏེ་ལངས་མེད་དུ་གཏོར། སེམས་ནི་གང་དུ་སོང་དང་ད་ལྟ་གང་དུ་སྐྱེ་མི་ཤེས་པར་འདུག །རང་ཡང་དེ་འདྲ་བ་ཞིག་ལས་མ་འདས་པས་ཅི་དྲག་ད་ལྟ་རང་ཤི་ན་ཅི་འདྲ་སྙམ་པས། ཚེ་འདིའི་འདུན་མ་སྒྲུབ་པ་ཐམས་ཅད་སྨྱོན་པ་ཟང་མ་ཡིན་འདུག །བཤས་རར་ཁྲིད་པའི་སེམས་ཅན་དང་འདྲ་འདུག་པ་ལ། ད་ལྟ་རྒྱུན་རིང་སྡོད་གྲབས་དང་། ཆོས་བརྒྱད་དང་། མི་དགེ་བ་དང་། ལུང་མ་བསྟན་གྱི་ངང་དུ་བཏང་ན་འདི་ལས་སྡུག་བསྔལ་བ་མེད་པས་ཚེ་འདིའི་འདུན་མ་ཐམས་ཅད་ཅི་རེད་ལ་བཏང་། ཚེ་ཕྱི་མ་འདོན་གཅིག་མི་སྒྲུབ་རེ་སྙམ་པའི་འདར་ཡེད་ཡེད་ཀྱི་ངང་ནས་རྣམ་གཡེང་ལ་བློ་མི་འཇུག་པར་ཚེ་བློས་བཏང་ནས་མི་ཚེ་སྒྲུབ་པ་ལ་འབད་པའི་ཞེ་དམ་དང་། རྒྱུད་ལ་ཅི་འདྲེར་བྱས་བློ་སྣ་ཐུང་སྦུད་སྦུད་བྱའོ། །དེས་ན་འཆི་བ་མི་རྟག་བསྒོམ་པ་དང་པོར་གལ་ཆེ་སྟེ། སྔོན་ཤི་བ་རྣམས་ལ་བསམ། རང་ཡང་འདི་ལས་མ་འདས་པས་འཆི་ཙ་ན་ལོངས་
༧༦ སྤྱོད་སྙན་གྲགས་སོགས་ཐམས་ཅད་དང་འགྲོགས་དབང་མེད་པར་ཤུལ་དུ་ལུས་པས་ཕན་པ་མི་འདུག །དེ་དུས་ཕན་པ་ནི་ཆོས་ཁོ་ན་རེད་སྙམ་དུ་དང་པོར་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་གལ་ཆེ་སྟེ་ནམ་འཆི་ཆ་མེད་ཙ་ན་དལ་བར་སྡོད་པའི་ལོང་མེད་པས་ཆོས་ལ་བསྐུལ་བའི་ལྕག་བྱེད། མཐའ་མར་གལ་ཆེ་སྟེ་འཆི་བ་འོད་གསལ་ཆོས་སྐུའམ། འཆི་བའི་རང་བཞིན་དོན་དམ་བདེན་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་རྟོགས་པར་འགྱུར་རོ། །དེ་བས་འདི་ཉིད་སྒོམ་པ་ལ་ནན་ཏན་བྱའོ། །ཐུན་གཉིས། གསུམ་པ་ལས་འབྲས་བསམ་པ་ནི། འོ་ན་ཤི་ནས་རྒྱང་འཕེན་པའི་ལུགས་བཞིན་དུ་མར་མེ་ཤི་བ་ལྟར་མེད་པར་འགྱུར་བའམ། འདིར་སྐྱེ་རང་དབང་འདུས་པ་ཞིག་ཡིན་ན་དེ་ཀས་ཆོག་ཀྱང་། དེ་ལྟར་མ་ཡིན་པར་ལས་གང་བྱས་ཀྱི་རྗེས་སུ་འབྲངས་ཏེ་སྐྱེ་བ་ལེན་དགོས། དེའང་ཞེ་སྡང་གིས་གཙོ་བོར་ཀུན་ནས་བསླངས་ཏེ་ལས་བསགས་པ་དང་། ཡུལ་གཉེན་པོ་ལ་སྡིག་བསགས་པ་དང་། མི་དགེ་བ་བཅུ་དྲག་པོ་དང་གྲངས་མང་པོར་སྤྱད་ན་དམྱལ་བར་སྐྱེ། འདོད་ཆགས་ཀྱིས་གཙོ་བོར་ཀུན་ནས་བསླངས་ཏེ་ལས་བསགས་པ་དང་། ཡུལ་འབྲིང་ལ་བརྟེན་ནས་སྡིག་བསགས་པ་དང་། མི་དགེ་བཅུ་འབྲིང་དུ་སྤྱད་པ་དང་། གྲངས་ཀྱང་བར་མ་ཙམ་སྤྱད་པས་ཡི་དྭགས་སུ་སྐྱེ། གཏི་མུག་གིས་ཀུན་ནས་བསླངས་ཏེ་ལས་བསགས་པ་དང་། ཡུལ་ཕལ་པ་དང་དམན་པ་ལ་བརྟེན་ནས་སྡིག་བསགས་པ་དང་། མི་དགེ་བ་ཆུང་ངུ་སྤྱད་པ་དང་། གྲངས་ཀྱང་ཉུང་ངུར་སྤྱད་ན་དུད་འགྲོར་སྐྱེ། ཟག་བཅས་ཀྱི་དགེ་བ་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པས་ལྷ་དང་ལྷ་མིན་མི་རྣམས་སུ་སྐྱེའོ། །དེས་ན་རང་གིས་ལས་གང་བསགས་པ་དེ་བར་མདོར་ཆུད་མི་འཛའ་བར་རང་ཐོག་ཏུ་གནས། ཐིག་དྲང་པོར་བཏབ་པ་བཞིན་འཆུག་པ་མེད་པར་མྱོང་བས་དུས་རྟག་ཏུ་རང་གི་སྒོ་གསུམ་ལ་བརྟག་དཔྱད་བྱས་ཏེ་དགེ་བར་གྱུར་པ་
༧༧ རྣམས་ལ་དགའ་བ་སྒོམ། དེ་ཆུད་མི་འཛའ་བའི་ཕྱིར། སེམས་ཅན་གྱི་དོན་དུ་བསྔོ་བ་རྣམ་པར་དག་པས་རྒྱས་གདབ། མི་དགེ་བ་རྣམས་ལ་གནོད་འགྱོད་ཀྱི་བཤགས་སྡོམ་ཚུལ་བཞིན་བྱེད། སྡིག་ལྟུང་དང་ཞག་ཏུ་མི་འགྲོགས་པར་ཕྱིར་བཅོས་ལ་འབད་པ་གལ་ཆེ། ཉོན་མོངས་པ་དང་མི་དགེ་བའི་བསམ་པ་ནམ་སྐྱེས་འབུར་འཇོམས་བྱས་ནས་འདིའི་དབང་དུ་གཏོང་རེ་སྙམ་པའི་ཞེ་དམ་བྱེད་ཅིང་དགེ་སྡིག་སྤང་བླང་གོ་མ་ལོག་པར་ལག་ལེན་ལ་ཐེབས་པར་བྱའོ། །ཐུན་གསུམ། བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ནི། གོང་དུ་བཤད་པ་བཞིན་ལས་མི་དགེ་བ་དང་དགེ་བ་ཅི་རིགས་སྤྱད་པའི་འབྲས་བུས་རིམ་གྱིས་ངན་སོང་དུ་སྐྱེས་ན་དམྱལ་བ་ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཉི་ཚེ་ཉི་འཁོར་བ་གཉིས་ཏེ་བཅོ་བརྒྱད་ཡོད་པ་དེ་དག་སོ་སོ་ན་སྡུག་བསྔལ་མི་བཟད་པ་དཔག་དཀའ་བ་སྡུག་བསྔལ་ཁོ་ན་མ་གཏོགས་བདེ་བའི་གོ་སྐབས་མེད་ལ། ཚ་དམྱལ་བརྒྱད་དུ་སྐྱེས་ན་ད་ལྟ་ཐུག་པ་ཙམ་ཞིག་གིས་ཚིག་ན་ཚ་ན་ཇི་ཙམ་འདུག །ཁྲོ་ཆུ་ཁོལ་མས་ནང་ཁྲོལ་ཐམས་ཅད་བསྲེག་ཅིང་ཟངས་ཀྱི་ནང་དུ་འཚོད་པ་སོགས་བསམ་གྱིས་མི་ཁྱབ་པ་མྱོང་ན་ཇི་ལྟར་བྱ། ཚེར་མ་ཙམ་ཟུག་ཀྱང་ཟུར་གཟེར་འདི་ཙམ་འདུག་པ་ལ། སྟྭ་གྲི་དང་སོག་ལེ་མེ་འབར་བས་ལུས་ཚལ་བར་གཏུབ་ཅིང་གཤག་པར་བྱེད་པ་ལྟ་ཅི་སྨོས། གོས་ཅུང་ཟད་སྲབ་ཀྱང་གྲང་རེག་ཅི་ཙམ་ཡོད། གྲང་དམྱལ་དུ་སྐྱེས་ན་གོས་མེད་གཅེར་བུར་འཁྱག་སྦུབས་རླུང་མི་འཐད་པས་ཉེན་པའི་ནང་དུ་ཚུད་ནས་ལུས་དུམ་བུར་གས་པ་སོགས་སྡུག་བསྔལ་ཚད་བཟུང་མེད་པར་མྱོང་བས་དེ་ལྟར་སྡུག་བསྔལ། ཡི་དྭགས་སུ་སྐྱེས་ན་ད་ལྟ་ལྟོ་ཉིན་གཅིག་མ་མྱོང་ཡང་རྐྱེན་མི་ཐེག་ན། དེར་སྐྱེས་ན་མིའི་ཟླ་བ་ལ་ཞག་ཏུ་བརྩིས་པའི་ལོ་ལྔ་བརྒྱའི་བར་དུ་ཆུ་ཐིག་པ་གཅིག་དང་ཟན་རྡོག་གཅིག་ཀྱང་ཟ་རྒྱུ་མི་རྙེད། གལ་ཏེ་ཟོས་ཀྱང་མགྲིན་པར་མི་ཐར་ལྟོ་བས་མི་ཐེག །ནང་ཁྲོལ་མེ་འབར་བས་
༧༨ བསྲག་པས་སྡུག་བསྔལ། དུད་འགྲོ་བྱིང་ན་གནས་པ་ཕྱིའི་རྒྱ་མཚོ་ན་ཡོད་པ་དང་། ཁ་འཐོར་བ་ལྷ་མིའི་ཡུལ་ན་ཡོད་པ་རྣམས་ཀྱང་གཅིག་གིས་གཅིག་ཟ་བ་མི་ཁྱག་བཞིན་ཁལ་འགེལ། མི་ནུས་བཞིན་རྨོས་རྨོ་ཤ་གཅོད། སྣ་འབིགས། བཤའ་བ་སོགས་དང་། ནམ་མཁར་འཕུར་བའི་བྱ་བྱེའུ། ས་ལ་རྒྱུ་བའི་རི་དྭགས་སོགས་དུད་འགྲོའི་རིགས་ཐམས་ཅད་མི་སོགས་མཐོང་ཚད་གཤེད་མ་ཁོར་ལག་ཅན་དུ་མཐོང་ནས་བསད་དོགས་པ་སོགས་ད་ལྟ་མིའི་ལུས་ལ་མདུང་ཐུང་ལྔ་བརྒྱས་བསྣུན་པ་ཙམ་གྱི་སྡུག་བསྔལ་ཡོད་པས་དེར་སྐྱེས་ཀྱང་སྡུག་བསྔལ། ལྷ་ལ་འཆི་འཕོའ་སྡུག་བསྔལ་ནི། སེམས་ཀྱི་སྡུག་བསྔལ་དམྱལ་བ་འབུམ་འགྱུར་ལས་ཆེ། ཉ་བྱེ་ཚན་ལ་བསྒྲེས་པ་དང་མཚུངས། ལྷ་མ་ཡིན་ལ་འཐབ་རྩོད་ཀྱིས་རྒྱུད་ཚིག་པའི་རང་བཞིན་ཅན་ལུས་རྨས་པ་སོགས་སྡུག་བསྔལ་གོང་དང་འདྲ། མི་ལ་སྐྱེ་བའི་སྡུག་བསྔལ་ནི། མིའི་མངལ་ན་གནས་དུས་མ་བགྲང་ན་རིས་ནོན་པ་ཙམ། ལྟོག་ན་དབྱང་ལ་བཏགས་པ་ཙམ། ཁ་ཟས་ཚ་པོ་ཟོས་ན་ཆུ་ཚན་ལ་བཙོས་པ་ཙམ་དང་། གྲང་མོ་ལ་འཁྱག་སྦུབས་སུ་བཅུག་པ་ཙམ་གྱི་སྡུག་བསྔལ། སྐྱེ་དུས་རི་ཆེན་པོའ་བར་དུ་བཅར་བ་ཙམ། ཐང་ལ་ལྷུང་ཚེ་ཚེར་དོང་དུ་བསྐྱུར་བ་ཙམ། ཕྲུ་མ་བཤུས་ཚེ་པགས་པ་བཤུས་པ་ཙམ་གྱི་སྡུག་བསྔལ། དེ་ནས་རིམ་གྱིས་རྒས་པ་ན་ཁའི་སོ་ནི་བུད། མགོ་ནི་སྐྱ་བོར་སོང་། མིག་ནི་འགྲིབ། རྣ་བ་ནི་འོན། སྐེད་པ་ནི་སྒུར། ལངས་ན་འཐེན་པ་འདྲ། བསྡད་ན་ལྷུང་བ་འདྲ། རྐང་པས་ལུས་པོ་མི་ཐེག །ཀུན་གྱིས་བརྙས་བཅོས་བྱེད་པ་སོགས་སྡུག་བསྔལ། ན་བ་སོ་ན་བ་ཙམ་ལའང་བཟོད་བླག་མེད་ན་གཞན་ལྟ་ཅི་སྨོས། འཆི་བའི་སྡུག་བསྔལ་ཡང་མལ་གྱི་ཐ་མར་ཉལ། ཟས་ཀྱི་ཐ་མ་ཟ། ཉེ་དུ་འགྲེལ་པས་མཐའ་བསྐོར། གཏམ་གྱི་ཐ་མ་འོར་སྐྱེད་བྱེད། ཐིམ་རིམ་དང་བསྟུན་ནས་ལུས་ས་འོག་ཏུ་
༧༩ ལྷུང་བ་སྙམ་བྱེད། ཅི་བྱ་གཏོལ་དང་བྲལ་ཏེ་དབུགས་སྣ་དང་ཁ་ནས་ཡང་ཡང་བཤོ་བའི་ངང་ཕྱིར་ལྡོག་མེད་པར་ཁྲོག་གིས་ཆད་འཇིགས་སྐྲག་དཔག་ཏུ་མེད་པ་མྱོང་ཡང་བསླུ་ཐབས་མེད་པས་སྡུག་བསྔལ། གཞན་ཡང་ཡོད་པ་བསྲུང་མི་ཐུབ། མེད་པ་བཙལ་བས་མི་རྙེད། དགྲ་དང་ཕྲད་དོགས། གཉེན་དང་བྲལ་དོགས། བུ་མ་ཕོག་དོགས། བུ་མོ་མ་བརྫངས་དོགས། མངའ་རིས་ཕྱོགས་རིས་སྙན་གྲགས་ཉམས་དོགས་པ་སོགས་སྡུག་བསྔལ། དེས་ན་འཁོར་བའི་བདེ་འབྱོར་ནི་ཚངས་པ་བརྒྱ་བྱིན། འཁོར་ལོས་སྒྱུར་བའི་རྒྱལ་པོའ་གོ་འཕང་ཐོབ་ཀྱང་ཕན་པ་མེད། དཔེར་ན་མི་བཙོན་དོང་དུ་ཚུད་པ་དེ་འབྲོས་པའི་བསམ་པ་མ་གཏོགས་སྐད་ཅིག་ཀྱང་སྡོད་མི་འདོད་ཞེན་ཆགས་མེད་པར་འདི་ནས་ནམ་ཐར་རམ་སྙམ་པ་བཞིན་དུ་བདག་གིས་འཁོར་བ་སྡུག་བསྔལ་མ་གཏོགས་པ་བདེ་བ་སྐད་ཅིག་ཀྱང་མེད་པ་འདི་ལས་མེ་འོབས་སམ་བཙོན་དོང་ངམ། ངན་སྐྱུགས་ཀྱི་འདམ་ནས་འབྲོས་པ་བཞིན་དུ་ཅི་ཐར་བྱས་ཏེ་འཇིག་རྟེན་ཆོས་བརྒྱད་དང་། འཁོར་བའི་བདེ་འབྱོར་སྒྲུབ་རེ་ཤི་སྙམ་པའི་ཞེ་དམ་དང་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་བྱའོ། །ཐུན་བཞི། འདི་དག་ནི་ཐུན་མོང་གི་སྔོན་འགྲོ་ཡིན་ལ། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། རྒྱུད་སྣོད་དུ་རུང་ཞིང་ཅི་བྱས་ཐར་པའི་ལམ་དུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་དང་བཞིའོ། །དང་པོ་ནི། འོ་ན་འཁོར་བའི་སྡུག་བསྔལ་དེ་ལས་ཐར་བའི་ཐབས་དང་སྐྱབས་ཐུབ་པ་གང་ཡིན་ན་ཡུལ་དཀོན་མཆོག་གསུམ་ལ་བརྟེན་ནས་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་གྱི་གྲོགས་སུ་བཟུང་ནས་ལམ་བགྲོད་དགོས་ལ། མཐར་ཐུག་
༨༠ སྐྱབས་ཐུབ་པ་ནི་སངས་རྒྱས་ཁོ་ན་ཡིན་ལ། དེ་ཐམས་ཅད་རྩ་བའི་བླ་མ་ལ་འདུས་པ་ཡིན་པས་དེ་ལ་སྐྱབས་ཞུ། སྐྱབས་ཞུས་ནས་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་དགོས་ལ། དེའང་སེམས་ཅན་ཐམས་ཅད་ཕ་མར་ཤེས། དེའི་དྲིན་དྲན་པ་དྲིན་ལན་གཞལ་བའི་བསམ་པས་དེ་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་སྦྱོར་ཕྱིར་བདག་གིས་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་སྨོན་ལམ་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་དེ་ལྟར་བསླབ་པར་བྱ་སྙམ་པས་སེམས་བསྐྱེད། མདོར་ན་བསྒོམ་བྱ་ནི་དཀོན་མཆོག་ངོ་བོ་གཅིག་ལ་རྣམ་པ་ལྔར་མཚོན་བྱེད་དུ་མདུན་དུ་རྒྱ་མཚོ་ཆེན་པོ་མཐའ་ནེའུ་གསེང་གིས་བསྐོར་བའི་དབུས་སུ་དཔག་བསམ་གྱི་ཤིང་གི་རྣམ་པའམ་ཤིང་སྡོང་གང་གསལ་བ་རྩ་བ་གཅིག་ལ་ཡལ་ག་ལྔར་གྱེས་པའི་དབུས་ཀྱི་ལྟེ་བར་པདྨ་ཉི་མ་ཟླ་བའི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། དར་གྱི་ན་བཟའ་གསོལ་བ་མཚན་དཔེས་སྤྲས་པ་ཞིག་ལ་བརྒྱུད་པའི་བླ་མ་ཐམས་ཅད་ཐོ་བརྩེགས་སམ་ཁྲོམ་ཚོགས་སུ་བསྐོར་ནས་བཞུགས་པ། མདུན་གྱི་ཡལ་གའི་སྟེང་ན་གདན་པད་ཉི་དང་རོ་གདན་ནམ། འཇིགས་བྱེད་དུས་མཚན་གྱི་སྟེང་ན་དཔལ་འཁོར་ལོ་སྡོམ་པའམ་ཡི་དམ་གང་འོས་ལ་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཡལ་ག་ལ་སེང་གེའི་ཁྲི་དང་པདྨ་ཉི་ཟླའི་གདན་གྱི་སྟེང་ན་སྟོན་པ་བཅོམ་ལྡན་འདས་་ཐུབ་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། རྒྱབ་ཏུ་ཆོས་དཀོན་མཆོག་པུ་སྟི་བརྩིགས་པ་ལྟར་གསེར་གདོང་ཁྲ་ཆེམ་གྱིས་རང་ལ་བསྟན་པ། གཡོན་དུ་ཉེ་བའི་སྲས་བརྒྱད་སོགས་ཐེག་པ་ཆེན་པོའ་དགེ་
༨༡ འདུན་དང་། རབ་འབྱོར་ཀུན་དགའ་བོ་མཆོག་ཟུང་སོགས་ཉན་ཐོས་ཀྱི་དགེ་འདུན་རྣམས་ཁྲོམ་ཚོགས་པ་བཞིན་བཞུགས་པ། གཙོ་བོའ་གདན་མཚམས་སུ་ཆོས་སྐྱོང་སྲུང་མ། བར་མཚམས་སུ་དཔའ་བོ་མཁའ་འགྲོ་བུ་ཡུག་འཚུབས་པ་བཞིན་གསལ་གདབ། མཚོ་འགྲམ་གྱི་ནེའུ་གསེང་གི་སྟེང་དུ་བདག་ཉིད་ཀྱིས་གཙོས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོད་པའི་འདྲེན་དཔོན་རང་རེས་བྱས་ཏེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པར་བྱ་སྙམ་དུ་བསམ་ནས་སྐྱབས་འགྲོའི་ཚིག་ཅི་རིགས་དང་། སེམས་བསྐྱེད་ཚུལ་ཡང་གོང་དུ་བཤད་པ་བཞིན་གསལ་བཏབ་ནས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཞེས་སོགས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་དར་དྲགས་ལ་གསལ་ཐེབས་པ་འདོན་སྒོམ་ཡིད་ལ་ཅི་འདྲེར་བྱ། མཐར་སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་། སྐྱབས་ཡུལ་གྱི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་སྙམ་དུ་སྒོམ། ཐུན་ལྔ། གཉིས་པ་སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བསྟེན་པ་མཚན་དཔེས་སྤྲས་པ་བསྒོམ་ནས། བླ་མ་རྡོ་རྗེ་སེམས་དཔའ་བདག་གི་སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། །ཞེས་དང་། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་
༨༢ སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའི་ཞབས་ཀྱི་མཐེ་བོང་ལས་བདུད་རྩི་དཀར་པོའ་རྒྱུན་བབས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཐལ་ཕུང་ལ་ཆུ་བཏང་བ་བཞིན་ནག་ལྡུར་ལྡུར་དུད་ཁུའི་རྣམ་པར་བཤང་གཅིའི་ལམ་དང་བ་སྤུའི་བུ་ག་དང་མཐེ་བོང་སོགས་ནས་ཕྱིར་ཐོན། ལུས་ཤེལ་གོང་གཡའ་དག་པ་ལྟ་བུར་གྱུར་པར་བསམ་ཞིང་ངག་ཏུ་ཡིག་བརྒྱ་ཅི་ནུས་འདོན། མཐར་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ཡོད་དོ་གསུངས་ནས་བཀའི་གནང་བ་བྱིན། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་ཆུ་ལ་ཆུ་བཞག་པ་ལྟ་བུར་བསམས་ནས་དར་ཅིག་སེམས་མ་བཅོས་པར་རང་ལུགས་སུ་གློད་ལ་བཞག་གོ། །ཐུན་དྲུག །གསུམ་པ་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ལ། སྒྲུབ་པའི་མཎྜལ་དང་མཆོད་པའི་མཎྜལ་གཉིས་ལས། དང་པོ་ནི། མཎྜལ་གཅིག་ལག་ཏུ་ཐོགས་པ་ལ་འབྲུ་འཛིན་བཞིན་པས་རྡུལ་ཕྱི་བསྐོར་དུ་ལན་གསུམ་ཕྱི། གཟུང་འཛིན་འཁྲུལ་པས་བསྡུས་པའི་མ་དག་པ་ཐམས་ཅད་སྟོང་པར་སྦྱངས་པར་བསམ། ནང་བསྐོར་དུ་ལན་གསུམ་སྐོར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བསམ། དབུས་དང་ཕྱོགས་བཞིར་ཚོམ་བུ་བཀོད། མཎྜལ་གཞལ་ཡས་ཁང་དུ་ཚོམ་བུ་སྐྱབས་ཡུལ་གྱི་སྐབས་བཞིན་དཀོན་མཆོག་ལྔ་ཚོམས་སུ་བསྐྱེད། མཆོད་པ་སླ་བའི་ཆེད་ཞལ་ཐམས་ཅད་རང་ལ་བསྟན་པར་བསམས་
༨༣ ལ་མཆོད་ཤོམས་ཀྱི་དབུས་སུ་བཞག །གཉིས་པ་ནི། སྒྲུབ་པའི་མཎྜལ་བཞིན་འབྲུ་འཛིན་པས་ཕྱི་སྐོར་དུ་ལན་གསུམ་ཕྱིས། བདག་གཞན་གྱི་རྒྱུད་ཀྱིས་བསྡུས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་བསམ། ཚོམ་བུ་ཕྱོགས་བཞི་མཚམས་བརྒྱད་དུ་བཀོད་ལ། ས་གཞི་སྤོས་བྱུགས་མ་དང་། གཞན་ཡང་མཎྜལ་གྱི་ཆོ་གས་རིགས་པ་དང་། ཆུ་གཉིས་ཉེར་སྤྱོད་ལྔ་འདོད་ཡོན་ལྔ་སོགས་ཕྱིའི་མཆོད་པ་དང་། ཤ་ལྔ་བདུད་རྩི་ལྔ་སོགས་ནང་གི་མཆོད་པ་དང་། རིག་མ་བཅུ་དྲུག་ལ་སོགས་བདེ་བའི་མཆོད་པ་གསང་བའི་མཆོད་པ་དང་། དེ་ཐམས་ཅད་ཀྱང་མཆོད་བྱ་མཆོད་བྱེད་གཉིས་སུ་མེད་པའི་ངང་ལས་འབུལ་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ་མཆོད་རྫས་ཇི་སྙེད་ཅིག་གིས་མཆོད་པར་བསམ། དེ་ལྟར་ཕུལ་བའི་མཐུས་ཚོགས་གཉིས་རྫོགས་ཤིང་ཉམས་རྟོགས་ཕུལ་དུ་བྱུང་བ་སྐྱེ་བར་བྱིན་གྱིས་རློབས། ཞེས་གསོལ་བ་བཏབ་པས་སྒྲུབ་པའི་མཎྜལ་གྱི་ལྷ་ཚོགས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་མོ། །དེའི་ངང་ནས་དར་གཅིག་མ་བཅོས་པའི་དང་དུ་མཉམ་པར་བཞག་གོ། །ཐུན་བདུན། བཞི་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ནི། རང་ཡི་དམ་གྱི་ལྷ་བདེ་མཆོག་ལྟ་བུར་གསལ་བའི་སྤྱི་བོར་རང་གི་རྩ་བའི་བླ་མ་དེ་དགེ་སློང་གི་ཆ་ལུགས་ཞྭ་ནག་གསེར་མདངས་ཅན་ཐབས་ཤེས་དབྱེར་མེད་མཚོན་ཕྱིར་རྡོ་རྗེ་དང་དྲིལ་བུ་བསྣོལ་ནས་འཛིན་པ་སོགས་ཐུན་བཞིའི་གསོལ་འདེབས་ནས་འབྱུང་བ་ལྟར་བསྐྱེད་ནས་གསོལ་བ་འདེབས་ཀྱང་དེ་ཉིད་ཀྱི་སྒོ་ནས་བྱེད། ཡང་ན་རང་གི་སྤྱི་བོར་རྩ་བའི་བླ་མ་དེ་སྐུ་མདོག་དེ་ཀའམ་ཡི་དམ་གྱི་རྣམ་པ་གང་མོས་ཞིག་ཏུ་བསྒོམས་ནས་དེའི་སྤྱི་བོ་ནས་རྡོ་རྗེ་འཆང་ལ་ཐུག་གི་བར་བླ་མ་རྣམས་ཐོ་བརྩེགས་སུ་སྒོམ་པའམ། ཡང་ན་ཁྲོམ་ཚོགས་སུ་བསྒོམས་ནམ་དེ་ལ་ཚད་བཟུང་མེད་པའི་མོས་གུས་ཐུན་མོང་
༨༤ མིན་པ་དེངས་པ་བྱས་ནས། དཔལ་ལྡན་བླ་མ་རིན་པོ་ཆེ། །བདག་ལ་དབང་བཞི་བསྐུར་བ་དང་། །རྒྱུད་བཞི་སྨིན་དང་ཕྲིན་ལས་བཞིའི། །དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། ཁྱད་པར་ཉམས་རྟོགས་སྩོལ་མེད་དུ། །རྒྱུད་ལ་ད་ལྟ་སྐྱེ་བ་དང་། །ཁྱེད་ཀྱི་གོ་འཕང་རབ་འགྲུབ་ནས། །འགྲོ་བ་དེ་ལ་འགོད་པར་ཤོག །ཅེས་སོགས་གསོལ་འདེབས་དར་དྲགས་ལ་ཡུན་རིང་བ་སྣང་བ་འགྱུར་ངེས་སུ་བྱ། བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྩ་བའི་བླ་མ་ལ་ཐིམ་པས་རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་ཀྱི་སྐུར་བསྒོམས་ཏེ་ཕྱི་ནང་གསང་གསུམ་གྱི་མཆོད་པ་དང་། ཡན་ལག་བདུན་པ་འབུལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ ཐུགས་རྗེ་སྤྲུལ་པའི་སྐུ་ལ༴ ཞེས་སོགས་ཇི་ལྟར་འོས་པའི་གསོལ་འདེབས་བྱས་ཏེ། བླ་མ་ལས་དབང་བཞི་ལེན་པར་སྤྲོ་ན་དཀོན་མཆོག་གསུམ་འདུས་ཀྱི་སྐུར་བསམ་པ་ལ་མོས་གུས་དུང་བྱས་བླ་མའི་དཔྲལ་བ་མགྲིན་པ་ཐུགས་ཀ་ནས་འོད་ཟེར་དཀར་པོ་དམར་པོ་སྔོན་པོ་རྣམས་རིམ་གྱིས་འཕྲོས། རང་གི་གནས་གསུམ་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་དང་། རྩ་རླུང་ཐིག་ལེ་རྫོགས་རིམ་སྒོམ་པ་དང་། དགའ་བཞིའི་ཐབས་ཤེས་སྙོམས་འཇུག་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་འགྲུབ་པའི་རྟེན་འབྲེལ་མངོན་དུ་བྱས། ཡང་བླ་མའི་སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་རྣམ་པ་ལྔ་པ་ཞིག་འཕྲོས། རང་གི་ལུས་ཐམས་ཅད་ལ་ཕོག་པས་སྒོ་གསུམ་ཆ་མཉམ་དང་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །
༨༥ དབང་བཞི་པ་ཐོབ། ལམ་རིག་སྟོང་དབྱེར་མེད་སྒོམ་པར་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུའམ་བདེ་བ་ཆེན་པོའ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས། དེ་ནས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་སྐུ་གསུང་། ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་སྙམ་པའི་དང་དུ་དར་ཅིག་མ་བཅོས་པར་བཞག་གོ། །འདི་ཤིན་ཏུ་གལ་ཆེ་བས་ནན་ཏན་དུ་བསྒོམ། སྔོན་འགྲོ་བཞི་པོ་གང་དང་གང་ཉམས་སུ་ལེན་པའི་ཚེའང་ཐུན་བཞི་འབད་རྩོལ་གྱིས་འདོན་བཞིན་དུས་རྒྱུན་དུ་མ་བྲལ་བར་ཉམས་སུ་བླངས་པས་རྨི་ལམ་དུའང་ཉམས་སུ་བླངས་པའི་སྣང་བ་བྱུང་ན་ཐུན་འདྲིལ་བའི་ཚད་ཡིན་ལ། ཚོགས་འཕེལ་བ་དང་སྒྲིབ་པ་དག་པའི་རྟགས་རྣམས་དངོས་དང་རྨི་ལམ་དུའང་འབྱུང་བས་འབད་པས་ཉམས་སུ་བླང་ངོ་། །ཐུན་བརྒྱད། གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ལ་སྒྲུབ་རྐྱེན་བཞི་ལས། མི་རྟག་པས་རྒྱུད་བསྐུལ་ཞིང་འཁོར་བའི་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་མཐོང་བས་ཡིད་འབྱུང་ཞིང་ཞེན་ལོག་བྱ་བཏང་ལ་ནན་ཏན་བྱེད་པས་རྒྱུའི་རྐྱེན་དང་། གང་ཟག་བརྒྱུད་པའི་བླ་མ། བདེ་གཤེགས་བཀའི་བླ་མ། དོན་དམ་ཆོས་ཉིད་ཀྱི་བླ་མ། སྣང་བ་བརྡའི་བླ་མ་སོགས་ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་པ་བདག་པོའ་རྐྱེན་ཡིན་པས་དེ་ལྟར་བསྟེན་པ་དང་། འདིར་ཐ་སྙད་རྟོག་བཏགས་ཀྱི་གྲུབ་མཐའ་ལ་ཕྱོགས་ཞེན་གྱི་ཆ་ཐམས་ཅད་རྦད་བཅད་དེ་ཐམས་ཅད་དང་མི་འགལ་ཞིང་། ཐམས་ཅད་ལས་ཁྱད་དུ་འཕགས་པ་གདོད་མའི་གནས་ལུགས་ཆོས་ཉིད་ཀྱི་རང་བབས་སོ་ཞེས་ངེས་པ་བསྐྱེད་དེ་བསྒོམ་བྱ་མ་འཁྲུལ་བ་དམིགས་རྐྱེན་ཡིན་པས་དེ་ལྟར་ངེས་པར་བྱ་བ་དང་། སྒོམ་ལ་ཞེན་པ་བྲལ་བའི་སྒོ་ནས་ནན་ཏན་སྙིང་རུས་བསྐྱེད་པ་མ་གཏོགས་བདག་གིས་སྒོམ་པར་བྱེད་དོ། །བྱས་སོ། །བྱའོ། །སྐྱེས་ན་ལེགས་མ་སྐྱེས་ན་མ་ལེགས་སྙམ་པ་སོགས་རེ་
༨༦ དོགས་ཀྱི་མཚན་མ་དང་བྲལ་བས་གང་ཤར་སྐྱོང་བ་དེ་མ་ཐག་པའི་རྐྱེན་ཡིན་པས་དེ་ལྟར་ངེས་པར་བྱ་བ་སྟེ་སྒྲུབ་རྐྱེན་བཞི་པོ་དེ་ཉིད་ཀྱི་མཇུག་ཐོག་ཏུ་ཉམས་རྟོགས་ཐམས་ཅད་རྩོལ་མེད་དུ་སྐྱེ་བར་འགྱུར་རོ། །དེ་དག་ནི་ཁྱད་པར་གྱི་སྔོན་འགྲོ་སྟེ་སྔོན་འགྲོའི་རིམ་པའོ། །སྒྲུབ་རྐྱེན་གྱི་ཐུན་འདི་རྣམས་ཐུན་གཅིག་ཏུ་བསྒྲིལ་ཏེ་ཐུན་དགུའོ། །བཞི་པ་དངོས་གཞི་ལ། ཞི་གནས་དང་ལྷག་མཐོང་གཉིས། དང་པོ་ལ་ལུས་གནད་དང་སེམས་གནད་གཉིས། དང་པོ་ལུས་གནད་ནི། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་། ལག་པ་མཉམ་བཞག་ལྟེ་འོག་སོར་བཞིའི་ཐད་དུ་བཅའ། སྒལ་ཚིགས་བསྲང་། དཔུང་པ་རྒོད་གཤོག་ལྟར་བརྒྱང་། མགྲིན་པ་ཡིད་ཙམ་དགུག །ལྕེ་ཡ་རྐན་ལ་སྦྱར་བའམ་རང་བབས། མིག་གདངས་ཟུམ་མཉམ་པར་སྣ་རྩེའི་ཐད་སོར་བཞིའི་བར་སྣང་ལ་བལྟ། དེ་ལྟར་བཅས་པའང་དོགས་པ་གཅུམ་པ་མི་བདེ་བ་མ་ཡིན་པ། བདེ་འབོལ་ལེར་འགྲོ་བ་ཞིག་བཅས་པས་རིམ་བཞིན་ཐུར་སལ་གྱི་རླུང་དབང་དུ་འདུ་བ་དང་། ཆུ་རླུང་དབུ་མར་ཆུད་པ་དང་། མེ་མཉམ་དང་ས་རླུང་དབུ་མར་ཚུད་པ་དང་། ཁྱབ་བྱེད་དང་མེ་རླུང་དབུ་མར་ཆུད་པ་དང་། སྲོག་འཛིན་དང་རླུང་གི་རླུང་དབུ་མར་ཚུད་པའི་དགོས་པ་ཡོད་ལ། དེར་མ་ཟད་ལུས་གནད་དེ་ལྟར་བཅས་པས་རྩ་རླུང་ལས་སུ་རུང་བ་སོགས་ཡོན་ཏན་དཔག་མེད་འཆར་ཞིང་ལུས་གནད་བཅས་པ་ཁོ་ནས་ཀྱང་ཉམས་རྟོགས་རང་འབར་ལ་ཡོང་བས་ལུས་གནད་དེ་བཞིན་བྱས་ཏེ། དང་པོར་རླུང་རོ་ཅུང་ཟད་བུས། དེ་ནས་རང་བབ་ལ་རྩོལ་བ་དང་བྲལ་བར་སྔོན་འགྲོ་རྣམས་རགས་རིམ་གསལ་བཏབ་སྟེ་རང་གི་ཅི་བདེར་བཞག་གོ། །དེའི་ནང་ནས་སེམས་གནད་ལ་སྤྱི་དང་སོ་སོ་བ་གཉིས་ལས། དང་པོ་ནི། འདས་པའི་རྗེས་མི་གཅོད་མི་བསམ། མ་འོངས་པའི་སྔུན་བསུས་ཏེ་འདི་བྱའོ་བྱེད་དོ་ཞེས་མི་མནོ། །ད་ལྟ་བ་ལ་རྩིས་གདབ་བསལ་བཞག་མེད་པར་ཐོལ་སྐྱེས་ཀྱི་ཐ་མལ་ཤེས་པ་དེ་
༨༧ ཉིད་ཀྱི་ངང་ལ་སྤང་བླང་རེ་དོགས་བཟོ་བཅོས་གང་ཡང་མི་བྱེད་པར་སོ་མ་ལྷུག་པ་རང་ག་བ་དེ་ཉིད་ཀྱི་ངང་ལ་ཅི་གནས་སུ་བཞག་གོ། །ཐུན་བཅུ། གཉིས་པ་སོ་སོ་བ་ནི། དེ་ལ་སེམས་གནས་མ་ནུས་ན་ཤིང་དུམ་བུའམ་རྡེའུ་ཕྲ་མོ་ཞིག་མདུན་དུ་བཞག་ནས་དེ་ལ་སེམས་འཛིན་པ་དང་གཅིག །དེ་བཞིན་གཤེགས་པའི་སྐུ་མཚན་དཔེས་སྤྲས་པ་བཤམས་པའམ་ཡིད་ཀྱིས་སྤྲུལ་ཏེ་བྱིངས་རྨུགས་འཐིབས་གསུམ་བྱུང་ན་དབུའི་གཙུག་ཏོར་རམ་མཛོད་སྤུ། རྒོད་འཐོར་བྱུང་ན་ལྟེ་བའམ་ཞབས་ཀྱི་འཁོར་ལོ་དང་གདན་མཚམས། བྱིང་རྒོད་མེད་ཚེ་སྐུ་རིལ་པོའམ་ཐུགས་ཀའི་དཔལ་བེའུ་ལ་རྩེ་གཅིག་གཏད་དེ་བཞག །མཚན་བཟང་རྣམས་ཡིད་ཀྱིས་རེ་རེ་ནས་ཡས་ནས་མར་དང་། མས་ནས་ཡར་བསྔོ་བགྲང་བྱེད་བཞིན་གསལ་བཏབ་པ་དང་གཉིས། མར་མེ་སོར་བཞི་པ་ལྟ་བུ་ལ་གཏད་པ་དང་གསུམ། བུ་ག་ནམ་མཁའ་སྟོང་པའི་ཆ་ལག་མཐིལ་ཙམ་མམ་རྒྱ་ཆེ་ཆུང་ཅི་རིགས་པ་ལ་གཏད་པ་དང་བཞི། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡི་གེ་ༀ་དཀར་པོ་ཨཱཿདམར་པོ་ཧཱུྃ་སྔོན་པོ་གསུམ་མདུན་དུ་བྲིས་ཏེ་དེ་ལ་འཛིན་པ་དང་ལྔ། མདུན་དུ་ཐིག་ལེ་དཀར་དམར་སྔོན་པོ་སོགས་ཅི་རིགས་བྲིས་པའམ། མདུན་དུ་དམིགས་པ་ལ་སེམས་འཛིན་པ་སོགས་མདོར་ན་གཟུགས་ཇི་ལྟར་འོས་པ་ལ་འཛིན་པ་དང་དྲུག་སྟེ། འདི་འདྲའི་རིགས་མང་ཡང་འདི་ཙམ་གྱིས་འདུས་ཤིང་འདི་རྣམས་འཛིན་གང་བདེ་བ་ཞིག་ལ་བཟུང་ལ་ཟིན་ན་དེ་ཀས་ཆོག །ཐམས་ཅད་མཐར་ཆགས་སུ་འཛིན་དགོས་པའི་ངེས་པ་མེད། འཇོག་ཚུལ་གཤིས་ཅིར་ཡང་མ་གྲུབ་པར་བློ་གང་དུའང་མི་འཛིན་པར་སེམས་དེ་གནས་ན་ཞོག །འགྲོ་ན་ཐོང་། གཉེར་ཁ་མ་བྱེད་པར་ཡན་དུ་ཆུག །སྒོམ་སྙམ་པ་དང་། མི་སྒོམ་སྙམ་པ་དང་། སེམས་གནས་སུ་རི་བ་དང་། མ་གནས་དོགས་པ་སོགས་རྣམ་རྟོག་གི་མཚན་མ་ཐམས་ཅད་རྦད་བཅད། དམིགས་
༨༨ རྟེན་འགུལ་བའམ་གྲུམ་པའམ་མིག་སྦྲིད་པ་ལྟ་བུ་བྱུང་ན་འཕྲོ་བཞག་ནས་སྨིན་མཚམས་ཀྱི་ཐད་ཀའི་བར་སྣང་ལ་བལྟ་ཞིང་སེམས་རང་ལུགས་སུ་གློད་ལ་བཞག་གོ། །འདི་སྒོམ་གྱི་གཏད་སོ་གང་ཡང་མི་བྱ་མ་ཡེངས་པ་ཙམ་བྱ་ཞིང་བྱིངས་རྨུགས་ཀྱིས་མ་གོས་པར་རིག་པ་དང་སིང་ངེ་བ་ལ་ཙན་ནེ་བཞག་གོ། །སྒོམ་དང་བཟང་གྱེས་ཐུན་ཐུང་ལ་གྲངས་མང་བ་ལ་གསལ་དྭངས་བྲོད་པ་དང་བཅས་པས་ཡང་ཡང་མཉམ་པར་བཞག་ཅིང་ཡང་ཡང་འཕྲོ་བཅད་མ་སུན་པར་བྱ་བ་ལ་བསླབ་པར་གལ་ཆེ། ཐུན་བཅུ་གཅིག །དེ་ལ་སེམས་ཟིན་པ་དང་། རྣ་བའི་ཡུལ་གྱི་སྒྲ། སྣའི་ཡུལ་གྱི་དྲི། ལྕེའི་ཡུལ་གྱི་རོ། །ལུས་ཀྱི་ཡུལ་གྱི་རེག་བྱ་སོགས་ཐོས་ཚད་ལའང་རིམ་གྱིས་བཟུང་སྟེ་དེ་ལ་སྒྲ་དྲི་སོགས་ལ་སྒྲ་ལྷང་ངེ་བ་དྲི་ཆིལ་ལེ་བ་དེ་ཙམ་ལ་སེམས་གཏད་དེ་མ་ཡེངས་པར་དྲན་པའི་ལྕགས་ཀྱུས་བཟུང་སྟེ་རང་བབས་སུ་བཞག་པ་མ་གཏོགས་བཟང་ངན་ཆེ་ཆུང་སོགས་ཀྱི་དཔྱད་པ་གང་ཡང་མི་བྱེད་གང་རུང་ལ་སེམས་འཛིན་ཏེ། གསལ་བདོ་བར་མཚམས་བཅད་དེ་ངལ་གསོ། ཉོག་མི་འཇུག །ཐུན་བར་ཐམས་ཅད་དུ་དྲན་ཐག་མ་ཆད་ཙམ་དང་། མིག་ལྟ་སྟངས་སྣ་རྩེར་དབབ། ལུས་འགྲོ་འདུག །ངག་སྨྲ་བརྗོད་རྣམས་དྲག་ཤུལ་དང་མང་པོ་མི་བྱ། ཡིད་ཀྱིས་མཚན་བཅས་ཀྱི་བསམ་མནོ་རྣམས་ཀྱང་རྒྱུན་བཅད་དེ་རིམ་གྱིས་མཉམ་བཞག་ལ་གོམས་འཇུག །ཐུན་བཅུ་གཉིས། ཡང་ནང་དུ་སེམས་འཛིན་པའི་བྱིང་རྒོད་བྱུང་ན་དེ་སེལ་ཐབས་ལ་སྙིང་གར་ཡི་དམ་མམ། བླ་མ་གང་མོས་སོམ། ཡང་ན་བླ་མའི་ངོ་བོ་འོད་ཀྱི་གོང་བུལ་སེམས་འཛིན་ལ། བྱིང་རྨུགས་བྱུང་ན་སྙིང་གར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་སྙིང་གནས་སྤྱི་བོར་རྒྱང་ཐོན་བར་སྣང་ལ་ཡེ་རེ་གནས་པར་བསམ། གོས་འཐུག་པ་དང་ཉི་མ་མེ་སོགས་དྲོད་ཀྱི་རིགས་སྤང་། ཟས་བཅུད་ཅན་མི་བསྟེན། ཆུ་ལྕག་བཏབ།
༨༩ རླུང་དང་བསེར་བུ་ཕོག་པ་དང་། རི་འགོར་བལྟ་བ་དང་སྡོད། རྒོད་པ་དང་འཐོར་བ་སོགས་ལ་སྙིང་གར་པདྨ་ནག་པོ་ཁ་མཐུར་དུ་ལྟ་བ་ནས་ཐིག་ལེ་ནག་པོ་ཞིག་བ་ཐག་ཆད་པ་བཞིན་དུ་ཆུ་ལམ་ནས་ཐོན། གདན་མཚམས་གསེར་གྱི་ས་གཞིར་ཐིམ་པར་བསམ་ལ་གོས་དང་སྤྱོད་ལམ་སོགས་གོང་ལས་གོ་བཟློག་སྟེ་དྲོད་ལ་བསོར། བྱིང་རྒོད་མེད་པའི་ཤེས་པ་སོ་ན་གནས་དུས་ཐད་ཀའི་གང་འོས་སམ། ཉི་གྲིབ་མཚམས་སུ་ཐིག་ལེའམ། རྫས་སྔོན་པོ་ཆུང་ངུ་ཞིག་ལ་ལྟ་སྟངས་དང་དམིགས་པ་གཏད། དེ་རྣམས་ལའང་དང་པོར་ཐིག་ལེ་སོགས་འདི་ལྟ་བུ་སྒོམ་སྙམ་དུ་གསལ་ཐེབས་ངེས་དང་འཕེན་པ་དྲག་པོ་བཏང་། དེ་རྗེས་གསལ་ན་རབ། མ་གསལ་ཀྱང་འདི་ལྟ་བུ་ཡོད་སྙམ་པ་ཙམ་ཡིད་ཡུལ་ལ་བྱས་ཏེ་བརྟག་གཞིག་སོགས་མི་བྱེད་པར་དེ་ཉིད་ཀྱི་སྟེང་དུ་རང་བབས་སུ་མ་ཡེངས་ཙམ་དུ་རང་ལུགས་སུ་བཞག །གསལ་བདོ་བར་མཚམས་བཅད་ལ་ཐུན་ཐུང་ལ་གྲངས་མང་བར་བྱའོ། །ཐུན་བཅུ་གསུམ། ཡང་རྟེན་མེད་ལ་སེམས་འཛིན་པ་ནི། རིམ་གྱིས་ས་ཆུ་མེ་རླུང་ནམ་མཁའི་བར་གཅིག་ལ་གཅིག་ཐིམ་སྟེ་སྟོང་ཆེན་ཞིག་ཏུ་གྱུར་སྙམ་པས་མདུན་གྱི་ནམ་མཁའི་མཐོངས་ཀྱི་སྟོང་སང་ངེ་བ་དེ་ལ་མིག་ཧ་རེ་བལྟས་ནས་དམིགས་པ་གཏད། ཡོད་མེད་ཡིན་མིན་སོགས་གང་ཡང་ཡིད་ལ་མི་བྱེད་པར་འབོལ་ལེ་ལྷོད་དེ་གློད་ལ་མ་ཡེངས་པའི་རྒྱང་སོ་ཙམ་བཀོད་ནས་བཞག །སྐད་ཅིག་ཀྱང་ཡེངས་སུ་མི་འཇུག་པ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུ། གཡོ་འགུལ་མེད་པ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་དང་། རྩོལ་སྒྲུབ་མེད་པ་ཁྱུང་ནམ་འཕར་གཅོད་པ་ལྟ་བུ་དང་། རེ་དོགས་དང་བྲལ་བ་སེང་གེ་གངས་ལ་གནས་པ་བཞིན་བཞག་པས་མ་ཡེངས་པར་རྣམ་རྟོག་མི་ཡོང་། ནམ་ཡེངས་ཙ་ན་རྣམ་རྟོག་ཅིག་ཡེར་གྱིས་ཡོང་། དེ་བྱུང་མ་ཐག་ངོས་ཟིན་པར་བྱས་ཏེ། ཆགས་སྡང་རྨོངས་གསུམ་
༩༠ སོགས་མི་དགེ་བ་དང་སྦྱིན་སོགས་དགེ་བ་ལུང་མ་བསྟན་སོགས་རྣམ་རྟོག་ཅི་འདྲ་བྱུང་ཡང་དགག་སྒྲུབ་སྤང་བླང་དགའ་མི་དགའ་གང་ཡང་མི་བྱེད་པར་ངོས་བཟུང་ལ་དེ་ཉིད་ཀྱི་སྟེང་དུ་མ་ཡེངས་པར་བཞག་ལ་ཤེས་རབ་ཀྱི་མིག་གིས་བལྟ། རྟོག་པ་དེ་སེམས་འཛིན་གྱི་རྟེན་ཏུ་བྱས་ཏེ། གྲིམས་དྲག་པ་དང་ལྷོད་དྲག་པའི་སྐྱོན་དང་བྲལ་བར་བྱས་ཏེ་གང་དུའང་མ་ལྷུང་བར་ཙན་ནེ་བཞག་གོ། །ཐུན་བཅུ་བཞི། དེས་ཀྱང་མ་ཟིན་ན། རླུང་ལ་བརྟེན་ནས་འཛིན་པ་ལ་བུམ་པ་ཅན་དང་། གྲངས་ལ་བརྟེན་ནས་འཛིན་པ་གཉིས་ཀྱི་དང་པོ་ནི། རླུང་རོ་དགུ་བུས་རྗེས་མར་ལ་ཆིལ་གྱིས་བཟུང་། མཆིལ་མ་མིད་པ་དང་མཉམ་དུ་ལྟེ་འོག་ཏུ་མནན་ཅིང་ཅི་ཟིན་བཟུང་། གཏོང་དུས་རླུང་འབུད་པ་དང་བསྟུན་རེ་ཞིག་འོག་རླུང་རང་སར་བཞག།། །འདི་ལ་ལེགས་པར་བྱང་ནས་འོག་རླུང་ཡར་ཅུང་ཟད་འཐན། བུམ་པ་ཅན་ལ་བསླབ། དེ་ནས་རྡུབ་ཆུང་ཡང་བྱ་ཞིང་། ལྟེ་འོག་སོར་བཞིའི་ཐད་ཀྱི་ནང་སྟོང་སང་ངེ་བ་ལ་སེམས་གཏད། བར་བར་དུ་སྨིན་མཚམས་ལ་བལྟ་ཞིང་གློད། ཧ་ཅང་འགྲངས་ཆེས་པ་དང་ལྟོགས་པའི་དུས་མི་འཛིན། ཐོ་རངས་ལྟ་བུར་ཅི་ནུས་བཟུང་། དེ་བཞིན་མི་ཆུན་ན་གྲངས་ལ་འཛིན་པ་ནི། རླུང་ནང་དུ་རྒྱུ་བ་དང་གནས་པ་ཕྱིར་དབྱུང་བ་གསུམ་གཅིག་ཏུ་བརྩིས་པའི་ཐོག་མར་ཉེར་གཅིག་ཙམ་མམ་མཐར་བརྒྱ་སྟོང་ལ་སོགས་པར་ཡིད་ཀྱིས་བསྡོང་གྲང་དང་། སྣ་སྒོའི་ལམ་མ་གཏོགས་གཞན་གང་དུའང་མ་ཡེངས་པར་བྱ། དམིགས་པའི་རྣམ་གྲངས་དེ་རྣམས་ལ་གནས་པའི་སྣ་གཅིག་ངེས་པར་ཟིན་ཡོང་ཞིང་། གང་ཟག་གི་རིགས་གཅིག་ཅར་བ་དང་། ཐོད་རྒལ་བ་དང་། རིམ་གྱིས་ཕ་གང་ཡང་སྲིད་པས་དེ་དག་ལ་འཆར་དཀའ་སླ་ཡང་ཅི་རིགས་པ་ཡོང་ཡང་སྒྱིད་ལུག་པར་མི་བྱ་བར་བསྐྱངས་པས་མི་སྐྱེ་བ་མི་སྲིད་པས། བླ་མ་ཉམས་མྱོང་ཅན་དང་བསྟུན་ནས་
༩༡ ཁྲིད་པས་གནས་པ་དང་པོ་རི་གཟར་གྱི་འབབས་ཆུ་ལྟ་བུ། གཉིས་པ་ཆུ་བོ་དལ་འབབས་ལྟ་བུ། ཐ་མ་མི་གཡོ་བ་རྒྱ་མཚོ་ཆེན་པོ་ལྟ་བུ་གསུམ་རིམ་གྱིས་འཆར། སྔ་མ་རྣམས་ལས་རྣམ་རྟོག་རགས་སུ་སོང་བ་འདྲ་ཞིག་ཡོད་ཡང་དེ་སྔར་མ་ཚོར། དེ་མཉམ་པར་བཞག་པས་ཚོར་བ་ཡིན་པས་མ་སུན་པར་བསྐྱངས་པས་མཐར་རྣམ་རྟོག་གང་གིས་ཀྱང་གཡོ་བ་མེད་པར་རང་ཤུགས་ཀྱིས་འཆར། དེ་ལྟར་གནས་པ་གསུམ་པོ་ལ་མ་སྐྱེས་ཀྱང་བརྩོན་འགྲུས་བསྐྱེད། གྲིམས་ལྷོད་བཟློག་སྒོམ་སྤེལ་ནས་བྱས་པས་སྐྱེ་ལ། གྲིམས་པས་ལུས་སེམས་ཤེས་པ་ལྟ་སྟངས་ཐམས་ཅད་བཅུན་ནས་ཟམ་པ་མདའ་གཅིག་མའི་སྟེང་དུ་འགྲོ་བ་ལྟར་འདི་སྒོམ་གྱི་གཏད་སོ་མེད་པར་ཕྲི་ལི་ལི་བསྐུར་ཞིང་འཇུར་འདེབས་ཐུན་ཐུང་བར་བྱ། གློད་པ་ནི་འཁྲུལ་འཁོར་ལྟ་སྟངས་སོགས་གློད། སེམས་ཁོ་རང་རང་ལུགས་སུ་ལྷོད་གློད། བཟོ་མེད་བདག་མེད་གར་ཐོད་ཐོད་དུ་འབོལ་ལེར་བཞག །རྩོལ་སྒྲུབ་བྲལ་བ་བུ་ཆུང་ལྟོས་བགྲངས་པ་ལྟར་འབོལ་ལེ་བཞག་ནས་མ་ཡེངས་ཙམ་གྱིས་དྲན་པ་ཡུད་དེ་བ་བྱ། དེ་མིན་གང་ཡང་མི་བསམ། ཐུན་ཅུང་རིང་བ་བྱ། བཟློག་བསྒོམ་ནི་རྣམ་རྟོག་གང་སྐྱེས་པ་དེ་ཀ་ངོས་བཟུང་ནས་སྐུ་དྲིན་ཅན་དུ་བལྟས། སྤང་བླང་རེ་དོགས་ཐམས་ཅད་དོར་ལ་ངོས་ཟིན་པར་བྱས། ཇི་ཙམ་འགྱུར་ཀྱང་འོར་ཆེ། ད་དུང་ཡང་ཇི་ཙམ་འགྱུ་ཡོད་པ་འགྱུས་ཤིག་བྱས། རྗེས་སུ་མི་འབྲང་ངོས་ཀྱང་ཟིན་པར་བྱས་དགག་སྒྲུབ་གང་ཡང་མི་བྱེད། ན་ཚ་སྡུག་བསྔལ་ཉོན་མོངས་དྲག་པོ་སྐྱེས་ཀྱང་དེ་བཞིན་བལྟ་བར་བྱས་པས་རང་ཞི་ལ་འགྲོའོ། །ཐུན་བཅོ་ལྔ། དེ་ནས་ཞི་གནས་བསྐྱེད་ཚུལ་དང་ངོ་སྤྲོད་ནི། དེའང་སེམས་འཛིན་གྱི་མཐུས་སེམས་ཅུང་ཟད་གནས་པ་དང་རབ་ཏུ་གནས་པ་ལ་ཞི་གནས་ཞེས་བྱ་ཡི་འཕྲོ་རྐྱེན་དང་མ་འཕྲད་པར་གྱི་ན་བར་ལུས་ལ་ལ་ཞི་གནས་ཞེས་མི་བྱ། ཞི་གནས་ནི་སེམས་ཉོན་
༩༢ མོངས་པ་དང་རྣམ་རྟོག་མཚན་འཛིན་རྣམ་གཡེང་གི་སྤྲོས་པ་ཉེ་བར་ཞི་ཞིང་དགེ་བའི་ངོ་བོར་བྱིང་རྒོད་དང་བྲལ་བར་སིང་ངེ་བར་རྩེ་གཅིག་ཏུ་གནས་པ་སྔར་གྱི་རྩོལ་པ་དང་བཅས་པ་དེ་རྩོལ་བ་ལམ་ལྟོས་པ་སླ་ལ་གུ་ཡངས་བ་སྐྱོད་བདེ་བ་སྒོམ་པ་ལས་ལངས་དུས་ཀྱང་སེམས་གང་དུའང་མི་འགྱུ་བར་སྐོར་རེ་སྡོད་པ་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་ཤེས་པ་དལ་ལ་ལྷུན་ཆགས་པ་སྣང་བ་བཀྲག་མེད་དུ་ལོང་ངེ་བ་ཡུལ་ལ་ཆེད་དུ་བློས་མ་བཅུག་ན་ཡུལ་གྱི་སྤུ་རིས་མི་ཟིན། བརྗེད་ངས་ཆེ་རུ་སོང་བ་འདྲ་བ་བདེ་གསལ་མི་རྟོག་པའི་ཉམས་ཅི་རིགས་པ་མཐོང་། ཉམས་མངོན་ཤེས་རྫུ་འཕྲུལ་ཡང་མང་པོ་དང་། རྟགས་བཅུ་སོགས་ཀྱང་ཇི་ལྟར་རིགས་པ་འཆར་བས་འདི་བཞིན་རྒྱུད་ལ་སྐྱེས་ན་ལྷག་མཐོང་སོགས་ཡོན་ཏན་ཐམས་ཅད་སྐྱེ་བའི་གཞི་ཡིན། འདི་སྐབས་སུ་ན་ཚ་ཟུག་གཟེར་སྡུག་བསྔལ་མ་ཉེས་པའི་ཁ་ཡོག་ཀྱང་ཇི་ལྟར་རིགས་པ་འཆར་བ་རྨི་ལམ་བཟང་ངན་མངོན་ཤེས་རྫུ་འཕྲུལ་བདེ་གསལ་མི་རྟོག་པའི་ཉམས་སོགས་ཇི་ལྟར་སྐྱེས་ཀྱང་ཆགས་སྡང་སྤངས་ཏེ་ཞེན་འཁྲིས་མེད་པའི་ངང་ནས། བརྩོན་འགྲུས་ཀྱི་སྐྱ་བར་ནས་བཏོན་བསྒོམས་ན་ཡོན་ཏན་བསམ་ལས་འདས་པས་དེ་ལྟར་སྒོམ་པ་ལ་ཞི་གནས་ལྟེང་པོ་དང་འཁྱམས་པོ་སྐྱོན་ཅན་སོགས་དང་བྲལ་བའི་ཞི་གནས་མཚན་ཉིད་པ་འདི་བཞིན་རྒྱུད་ལ་བསྒྲུན་པ་དང་ནན་ཏན་སྙིང་པོར་བྱའོ། །འདི་ཞི་གནས་རྐྱང་པའི་ངོས་འཛིན་ནོ། །ཐུན་བཅུ་དྲུག །གཉིས་པ་ལྷག་མཐོང་ལ་བལྟ་བ་དང་ངོ་སྤྲོད་པ་གཉིས། དང་པོ་ལ་གནས་ཐོག་ནས་བལྟ་བ་དང་། འགྱུ་ཐོག་ནས་བལྟ་བ་དང་། སྣང་ཐོག་ནས་བལྟ་བ་དང་ལུས་སེམས་གཅིག་ཐ་དད་པ་ལྟ་བ། གནས་འགྱུ་ལ་བལྟ་བ་དང་ལྔ། དང་པོ་ནི། ལུས་གནད་སྔར་ལྟར་བཅའ། ལྟ་སྟངས་སྐབས་འདིར་གལ་ཆེ་བས་སྔར་ལས་མཐོ་ཙམ་པར་སྣང་གི་དཀྱིལ་ལམ་ཐད་ཀར་ཚམ་ཚུམ་
༩༣ ཁྱར་ཁྱུར་ཡ་ཡོ་མེད་པར་ཧ་རེ་བལྟ། སྔོན་འགྲོ་རགས་རིམ་ལམ་ཙམ་གསལ་བཏབ། དེ་ནས་སེམས་རང་ལུགས་སུ་གློད། དེ་རྗེས་སེམས་གནས་པ་སྐྱོན་མེད་གསལ་ལེ་ཧྲིག་གེ་བར་གནས་པ་དེའི་ངང་ནས་དྲན་པ་ཡུད་དེ་བ་བྱས་ལ་ཞི་གནས་བཟང་བདོའ་དུས་སུ་སེམས་དེའི་ངོ་བོ་ཁ་དོག་གཟུགས་དབྱིབས་སྐྱེ་འགགས་གནས་གསུམ་ཡོད་མེད་ཇི་ལྟར་སྙམ་དུ་བལྟ་ཞིང་གནས་པའི་སེམས་དེ་ལུས་ཀྱི་ཕྱི་ནང་གང་འདྲ་ཞིག །ཁ་དོག་དབྱིབས་ཇི་ལྟ་བུའི་ཚུལ་དུ་གནས་བལྟ། ༡ གནས་པ་དེ་ཁ་མ་གཏོགས་པ་གཞན་ལོགས་སུ་ཤེས་རྒྱུ་ཨེ་འདུག །༢ ཅི་ཡང་ངོས་གཟུང་མེད་པའི་སྟོང་པ་ཅང་མེད་རི་རྭ་འདྲ་ཞིག་འདུག་གར། ༣ གནས་པའི་ངང་ནས་ངོས་བཟུང་མེད་པའི་ཤེས་པ་གསལ་ལེ་སིང་ངེ་བདེ་འབོལ་ལེ་བ་ངག་ཏུ་སྨྲ་མི་ཤེས་པ་ལ་ངོ་ཤེས་པ་ཞིག་ཨེ་འདུག ༤ གནས་པའི་ངོ་བོ་དེའང་ལུང་མ་བསྟན་གྱི་ཤེས་པ་ནག་ཐོམ་མེ་བ་གང་ཡང་དྲན་རྒྱུ་མེད་པ། གསལ་ཆ་མེད་པ་ཞིག་འདུག་གམ། ༥ གསལ་ཧྲིག་གེ་རྗེན་ནེ་ལྷན་ནེ་གནས་པ་ཞིག་འདུག ༦ འདིར་གནས་ལུགས་ཀྱི་མཚང་ཡོད་པས་གོ་བསྐམ་པོ་དང་། ཆོས་སྐད་མཐོ་མཐོ་དང་། མ་སྐྱེས་ཀྱང་ཆོས་བརྒྱད་ཀྱིས་སྐྱེས་ཁབ་བྱས་ན་རང་གིས་རང་བསླུས་ཤིང་དྲིན་ཆུང་བས་རྡོ་རུས་གཏུགས་ཏེ་ནང་ནས་བཅོས་མིན་དུ་ཤར་བའི་སྒོམ་སྟོབས་ཀྱིས་ཉམས་སུ་མྱོང་བ་རྣམ་རྟོག་གི་ལྷན་པ་བཏབ་པ་མ་ཡིན་པའི་མྱོང་རྟོགས། ༧ ཡང་ངལ་གསོ་བལྟ་བར་བྱས་ཏེ་རྒྱུད་ཐོག་ཏུ་ཁེལ་ངེས་ཤིག་བྱས་ཏེ་བལྟ་བར་བྱའོ། །ཐུན་བཅུ་བདུན། གཉིས་པ་འགྱུ་ཐོག་ནས་བལྟ་བ་ནི། ལུས་གནད་སྔོན་འགྲོ་ནས་གནས་པ་བལྟ་བ་ཡན་རགས་རིམ་ཙམ་གསལ་བཏབ་ནས་སེམས་གནས་པ་སྟོན་མེད་དེའི་ངང་ལ་ལྷོད་གློད་ལ་བཞག །དེ་ནས་རྣམ་རྟོག་གློ་བུར་བ་ཞིག་སྐྱེས་སམ་སྐྱེར་བཅུག་སྟེ་འཕྲོས་པའི་རྣམ་རྟོག་དེའི་ངོ་བོ་ཇི་ལྟ་བུ། ཁ་དོག་དབྱིབས་ཇི་ལྟ་བུའི་ཚུལ་གྱིས་
༩༤ འཕྲོ། འདིའི་སྐྱེ་བ། འགགས་པ། གནས་པ་གང་འགྱུས་པའི་རྟོག་པ་དེའི་ངོ་བོ་ལ་གལ་མེད་དུ་བལྟ། ༡ རྣམ་རྟོག་ཅི་མང་དང་ཉོན་མོངས་པ་དུག་གསུམ་སོགས་ཀྱི་རྟོག་པ་སྐྱེས་སམ་སྐྱེར་བཅུག་ནས་དེ་ལའང་སྔར་བཞིན་བལྟ། ༢ རྟོག་པ་རང་རང་དང་རྟོག་པ་འཕྲོ་བའི་ཡུལ་དང་། སྔར་ཕན་གྱི་རྟོག་པའི་སེམས་ལ་ཁྱད་ཅི་འདུག་བལྟ། ༣ རྟོག་པ་དེ་ལ་བལྟ་དུས་སུ་རྟོག་པ་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་སྐྱེ་འགགས་དང་བྲལ་བ་ཞིག་གམ། ༤ དེ་ལ་བལྟ་དུས་རྟོག་པ་སྐྱེས་ཚད་རྗེས་མེད་དུ་ཤིག་ཤིག་འགྲོ་ཡིན་གདའ་འམ། ༥ རྟོག་པ་སྐྱེས་ཚད་ངོས་བཟུང་མེད་པར་རང་གྲོལ་གསལ་རིག་རྗེན་པར་ཨེ་འདུག་བལྟ། ༦ ཕྱི་མ་ལྟར་ན་སྔར་གྱི་གནས་པའི་སྟེང་གི་གསལ་རིག་རྗེན་པ་དང་། ད་རེས་རྟོག་པའི་སྟེང་དུ་མཐོང་བའི་གསལ་རིག་རྗེན་པ་གཉིས་ལ་ཁྱད་པར་ཨེ་འདུག །རྟོག་པ་སྐྱེས་ཚད་ངོས་བཟུང་མེད་པར་ཤར་འདུག་ན་ངོས་བཟུང་མི་འདུག་སྙམ་རྒྱུ་ཞིག་འདུག་གམ་མི་འདུག་བལྟ། ༧ རྟོག་པ་ཚུར་བཀུག་ནས་གསལ་སྟོང་དུ་བཞག་པས་གསལ་རིག་ཏུ་སོང་བ་ཡིན་ནམ། ༨ ཐོལ་སྐྱེས་ཀྱི་ཐོག་མའི་ཤེས་པ་གང་གིས་ཀྱང་མ་བསླད་པ་དེ་ཀའི་ངོ་བོ་ལ་བལྟས་པས་ཤར་གྲོལ་དུས་མཉམ་དུ་སོང་བ་ཡིན་བལྟ། ༩ འཆར་ཚུལ་ཐུན་མོང་མ་ཡིན་པ་རྒྱུད་ལ་ཁེལ་ངེས་སུ་བལྟའོ། །ཐུན་བཅོ་བརྒྱད། གསུམ་པ་སྣང་ཐོག་ནས་བལྟ་བ་ནི། ལུས་གནད་སྔོན་སོང་རྣམས་གསལ་ཙམ་བཏབ། ཡུལ་ཀ་བ། བུམ་པ། རྩིག་པ། རི། ཁང་པ་ལྟ་བུ་ཇི་ལྟར་འོས་པ་ཞིག་ལ་མིག་ལྟ་སྟངས་གཏང་དེ་དེ་ཉིད་ལ་གཅེར་གྱིས་བལྟ། དེ་ཐོག་ཅུང་ཟད་གློད་ལ་བཞག །ཡང་བལྟའོ། །དེ་བཞིན་དུ་དབང་པོ་ལྔའི་ཡུལ་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ལའང་ངོ་བོ་ཁ་དོག་དབྱིབས། སྐྱེ་འགགས་གནས་གསུམ་སོགས་ཇི་ལྟ་བུ་སྙམ་དུ་བལྟ། ན་ཚ། སྡུག་བསྔལ། ཚ་གྲང་སོགས། ཐམས་ཅད་ཀྱི་གཞི་རྩ་བཅད་ལ་བལྟའོ། །དེ་ལྟར་བལྟས་
༩༥ བས་སྣང་བ་དེ་འགགས་འགྲོ་འདུག་གམ། རང་དང་སྣང་བ་ཐ་དད་དུ་སྣང་ངམ། སེམས་ལ་སྣང་བ་ཚུར་འཆར་རམ། སེམས་ཀྱིས་སྣང་བ་ལ་སྣང་བའོ་སྙམ་དུ་ཕར་བཟུང་བ་ཡིན་ནམ། སེམས་སྣང་བ་དང་དབྱེར་མེད། ཡུལ་མེད་སྣང་སྟོང་དུ་ལྷང་ངེ་ཡོད་པ་ཡིན་པ་ལྟའོ། །ཡུལ་ལ་བལྟས་པས་ཡུལ་དེ་ཕ་གིར་ལམ་མེར་འདུག་ན་དེ་སྐད་འདིའོ་སྙམ་པའི་སྐད་དེ་བ་ཞིག་འདུག་གམ། དེ་སྐད་སྙམ་རྒྱུ་ཡང་མེད་པར་ཡུལ་ཡང་མ་འགགས་པར་ཐལ་ལེ་བ་དེ་ལ་ལྟ་བྱེད་ཀྱི་སེམས་དེའང་འཛིན་མེད་ཤིགས་སེ་བུ་ཆུང་ལྷ་ཁང་མཐོང་བ་ལྟ་བུ་དེ་གཉིས་གཅིག་ཐ་དད་ཀྱང་མེད་པ་འདྲའོ་སྙམ་རྒྱུ་ཡང་མེད་པ་འདྲ་ཞིག་འདུག །དང་པོ་ལྟར་ན་དེ་སྐད་སྙམ་པ་དེ་ག་ལ་བལྟའོ། །ཐུན་བཅུ་དགུ། བཞི་པ་ལུས་སེམས་ཐ་དད་ལ་བལྟ་བ་ནི། འོ་ན་ལུས་སེམས་གཉིས་གཅིག་གམ་ཐ་དད། གཅིག་ན་ལུས་སྐྱེ་འཇིག་ཅན་དང་སེམས་སྐྱེ་འཇིག་མེད་པ་གཉིས་ག་མི་གཅིག །དེར་མ་ཟད། ལུས་བེམ་པོ་དང་། སེམས་ཤེས་པ་གཉིས་ཀྱང་མི་གཅིག །གཅིག་ན་ལུས་ཤི་དུས་སེམས་ཀྱང་ཤི་བར་འགྱུར། ལུས་ལ་ཚེར་མ་ཟུག་ན་སེམས་ལའང་ཟུག་པར་འགྱུར་ལ། ཐ་དད་ན་ལུས་ལ་ཚེར་མ་ཟུག་པ་ལུས་སེམས་གང་གིས་ཚོར། ལུས་གཅིག་པུས་ཚོར་ན་རོས་ཀྱང་ཚོར་བར་འགྱུར་ལ། སེམས་ཀྱིས་ཚོར་ན་ལུས་སེམས་ཐ་དད་ཅིང་ལུས་ལ་ཟུག་རྔུ་བྱུང་ན་སེམས་ཀྱིས་ཚོར་ཚེ་ས་རྡོ་ལ་གནོད་པ་བྱས་ནའང་སེམས་ལ་ན་ཚ་འབྱུང་རིགས་པ་ལས་དེ་ལྟར་མི་འབྱུང་ལ། དེས་ན་ལེགས་པར་བལྟའོ། །དེའང་བྱུང་ཚོར་ཐམས་ཅད་ཆུ་དང་རླབས་ལྟར་ཤེས་པར་བྱས་ལ་བལྟའོ། །ཆོས་ཐུན་ཉི་ཤུ་པ། ལྔ་པ་གནས་འགྱུ་གཉིས་གཅིག་གམ་ཐ་དད་ལ་བལྟ་བ་ནི། ཡང་སེམས་གསལ་སྟོང་གི་ངང་དུ་སིང་ངེ་ཡེ་རེ་གནས་དུས་ཀྱི་ངོ་བོ་ལ་བལྟའོ། །ཡང་རྣམ་རྟོག་གཅིག་འགྱུ་རུ་བཅུག་ལ་དེའི་ངོ་བོ་ལ་བལྟའོ། །དེ་གཉིས་ངོ་བོ་གཅིག་གམ་ཐ་དད་བརྟག །
༩༦ ཐ་དད་ན་ཁ་དོག་དབྱིབས་ངོ་བོ་གང་འདྲའི་སྒོ་ནས་ཐ་དད། དེ་གཉིས་ཐང་ལ་སྐུད་པ་གཤིབ་པ་ལྟར་ཤེད་མཉམ་མམ། ༡ གནས་པས་ལྟ་བ་ལ་འགྱུ་བ་ཤིང་རྟ་ལྟ་བུའམ། ༢ ཐག་པ་འཁྱོག་པ་ལྟར་རེ་མོས་སུ་གནས་དུས་མི་འགྱུ། འགྱུ་དུས་མི་གནས་པའམ་བལྟའོ། ༣ །གཅིག་ན་འགྱུ་བ་ནི་མི་འགྱུ་དགུ་འགྱུ་འདི་ཡིན་གནས་པ་ནི་ལྷན་ནེ་གནས་པ་གཉིས་ཇི་ལྟར་གཅིག །གཅིག་ན་གཅིག་ལུགས་ལྕགས་ལ་གསེར་འགྱུར་ལྟར་གནས་གྱུར་ནས་གཅིག་གམ། ༤ ཆུ་དང་འོ་མ་ལྟར་འདྲེས་ཏེ་གཅིག་གམ། ༥ ཆུ་དང་རླབས་བཞིན་ངོ་བོ་ལ་ཁྱད་མེད་ཀྱང་རེ་མོས་སུ་འཆར་བཞིན་གནས་དུས་སུ་མི་འགྱུ། འགྱུ་དུས་མི་གནས་གཉིས་ཀའི་ངོ་བོ་གསལ་སྟོང་གཅིག་པར་འདུག ༦ །ཕྱི་མ་ལྟར་རོ་སྙམ་ན་རྟོག་པ་ཚུར་བཀུག་ནས་སྒོམ་ལ་བཞག་པས་གསལ་སྟོང་དུ་འདུག་གམ། ༧ ཡལ་རྗེས་སུའམ། ༨ ཐོལ་སྐྱེས་གང་ཤར་ཐམས་ཅད་རྗེས་མེད་ཤིགས་སེ་འགྲོ་འདུག་བལྟའོ། ༩ །དེ་ལྟར་བལྟས་པས་གནས་འགྱུ་གཏན་ལ་ཕབས་སོ། །བལྟ་བའང་བུ་ཆུང་ལྷ་ཁང་བལྟ་བ་ལྟར་བལྟའོ། །བལྟ་ཚུལ་འདི་ཙམ་ལ་སྙིང་ནས་བརྩོན་པ་བསྐྱེད། ཟབ་ཟོབ་དང་གོ་བ་སྐམ་པོ་ལ་མ་ཞེན་པར་བསྐྱངས་ན་ངེས་པར་སེམས་ངོ་མི་མཐོང་ཀ་མེད་དོ། །ཐུན་ཉེར་གཅིག །གཉིས་པ་ངོ་སྤྲོད་པ་ནི། བལྟ་ཚུལ་དང་པོ་དེ་བཞིན་བྱས་པས་གནས་འགྱུ་སེམས་ཀྱི་ངོ་བོ་དེ་སྟོང་རྐྱང་ཡང་མ་ཡིན། གནས་པའི་ངང་ནས་ཁ་དོག་དབྱིབས་སོགས་འདི་འདྲ་སྙམ་པའི་ངོས་བཟུང་མེད་པའི་ཤེས་པ་གསལ་ལེ་སིང་ངེ་བདེ་འབོལ་ལེ་བ་ངག་ཏུ་སྨྲ་མི་ཤེས་པ་ངོ་ཤེས་ཤིང་ཐག་ཆོད་པ་ཞིག་གི་གསལ་སྟོང་ངོས་བཟུང་མེད་པ་གཅིག་འདུག་ཟེར་ན། གོ་བ་ཡིན་ན་གྲུ་ལ་མི་ཐུབ་པས་ཅང་མི་ཡོང་། ནང་ནས་ཤར་བ་ཡིན་ན། འོ་དེ་ནི་གནས་པ་ལ་ལྷག་མཐོང་ཤར་བ་ཡིན་པས་གནས་ཐོག་ནས་ངོ་བོ་མཐོང་བ་ཡིན་ལ། དེ་ཉིད་
༩༧ ཉམས་བཟང་དུས་དང་ངན་དུས་ཐམས་ཅད་ཀྱི་ཆ་ཡང་ཡང་བལྟ་ཞིང་གསལ་འདེབས། གནས་པ་ནག་ཐོམ་མེ་པའི་སྐྱོན་ཅན་དེ་མ་ཡིན་པར་གསལ་ཧྲིག་གེ་རྗེན་པ་རྣམ་རྟོག་གི་མཚན་མ་ཐམས་ཅད་རང་སར་ཞི་ནས་དགེ་བའི་ངོ་བོར་རྩེ་གཅིག་ཏུ་གནས་པའི་ཞི་གནས་སྐྱོན་མེད་ལྷན་ནེ་བདེ་འབོལ་ལེ་སྨྲ་བརྗོད་དང་བྲལ་ཞིང་ཉམས་སུ་མྱོང་རྒྱུ་ཡོད་པ་དེ་ཉིད་ཀྱི་ངང་དུ་བཞག་ཅིང་བལྟས་པས་སྐྱེ་འགགས་ཁ་དོགས་དབྱིབས་དང་བྲལ་བ་རྟོགས་ཤིང་དེ་སྐད་སྙམ་པའི་སྐད་དེ་བ་དེ་ཡང་མེད་ལ་སྐྱེ་འགགས་དང་བྲལ་བར་ཤེས་རྒྱུ་ཡོད་པ་ཞིག་འདུག་པར་རྟོགས་པ་ནི་རྟོགས་མེད་ལས་ལྷག་མཐོང་ཤར་བ་ཡིན་པར་ཤེས་པར་བྱའོ། །ཐུན་ཉེར་གཉིས། བལྟ་ཚུལ་གཉིས་པ་ལྟར་བྱས་པས་རྣམ་རྟོག་འགྱུས་པ་ཐམས་ཅད་སྟོང་པ་སྐྱེ་འགགས་དང་བྲལ་བར་འདུག་ན་སྟོང་སྐད་ཡིན། རྗེས་མེད་དུ་ཤིག་གེ་འགྲོ་འདུག་ན་ཅུང་ཟད་ཤར་བ་ཡིན། ངོས་བཟུང་མི་འདུག་སྙམ་པའི་སྐད་དེ་ཕ་ཡང་མེད་ལ་གསལ་མེད་འཛིན་མེད་དུ་ངོས་བཟུང་མེད་པར་ཤར་གྲོལ་དུས་མཉམ་ན་ངོ་འཕྲོད་པ་ཡིན་ཞིང་། གཞན་ཡང་རྟོག་པ་རྟོགས་པའི་ཡུལ་གནས་དུས་དང་། འགྱུ་དུས་ཀྱི་སེམས་སྔར་གྱི་རྟོག་པ་སོགས་ལའང་བཟང་ངན་དང་། ཁྱད་པར་ཅུང་ཟད་མེད་པར་གསལ་རིག་རྗེན་པར་རྟོགས་པ་དང་། རྟོག་པ་ཚུར་བཀུག་པའི་རྗེས་སམ། རྟོག་པ་ཡལ་བའི་རྗེས་སུ་གསལ་སྟོང་དུ་སོང་བ་མ་ཡིན་པར་ཐོལ་སྐྱེས་ཀྱི་རྟོག་པ་གསལ་སྟོང་དུ་རྟོགས་ན་ངོ་འཕྲོད་པ་ཡིན་པས། ད་རྟོག་པ་འགྱུས་པ་དང་། གནས་པ་དང་། རྟོག་པ་རང་གི་ངོ་བོ་གསུམ་ཀ་གསལ་སྟོང་དུ་རྗེན་ནེ་འདུག་པས། རྟོག་པ་དང་མི་རྟོག་པ་གཉིས་ངོ་མ་ཤེས་པར་ཡིད་ཀྱི་སྒྲོ་བཏགས་ནས་བཟུང་བ་ལས་ཁྱད་པར་དུ་བྱ་བ་ཅུང་ཟད་ཀྱང་མེད། དེ་སྔོན་རྟོག་པ་ངོ་མ་ཤེས་པས་སྒོམ་དུས་སོང་ཞིང་མ་རིག་པ་ཡིན། དེ་ངོ་ཤེས་ན་རྟོག་པ་ཁོ་རང་སྒོམ་དང་ཡེ་ཤེས་སུ་
༩༨ འདུ་བ། །ད་སྒོམ་གྱི་རྩ་བ་རྟོག་པ་ལ་གྱིས། །དེ་སྔ་རྟོག་པ་ཁོ་རང་གིས་ཁོ་རང་བསྒྲིབས་ནས་མ་མཐོང་བ་ཡིན། དེ་མི་རྟོག་པའི་སྟེང་དུ་སྒོམ་པ་ལས་ཁྱད་པར་འཕགས་པ་རྟོག་པའི་སྟེང་དུ་སྒོམ་ཤེས་པ་ཡིན་པས་གང་ཤར་བའི་རྟོག་པ་དེ་ངོས་ཟིན་པར་གྱིས་ལ་རྟོག་པ་མ་སྐྱེས་ན་མ་སྐྱེས་པའི་ངང་དུ་ཞོག་སྤྲོ་མི་དགོས། སྐྱེས་ན་སྐྱེས་པའི་ངང་དེར་ཞོག་ལ་བསྡུ་མི་དགོས་རེ་དོགས་ཀྱི་བསམ་པ་གང་ཡང་མི་བྱེད་པར། སྒོམ་གྱི་ངོ་བོ་རྟོག་པ་རང་ལ་གྱིས་དང་། རྟོག་པ་དེ་སེམས་ལས་མ་འདས། སེམས་དེ་ནི་རང་གྲོལ་ངོ་བོ་གསལ་སྟོང་རྗེན་པ་ཆོས་ཀྱི་སྐུ་གྲོལ་བྱ་གྲོལ་བྱེད་དང་བྲལ་བ་ཡིན་པས། དེ་ལྟར་རྟོགས་པ་ནི་རྟོག་པ་ལ་ལྷག་མཐོང་ཤར་བ་ཡིན་པས་གསལ་སྟོང་ཟུང་འཇུག་ཆོས་སྐུར་ངོ་འཕྲོད་པ་ཡིན་ནོ། །མདོར་ན་གང་ཤར་ངོ་ཤེས་པར་བྱས་ནས་དེ་ཉིད་ཀྱི་སྟེང་དུ་མ་བཅོས་ཤིང་མ་ཡེངས་པར་བཞག་གོ། །ཐུན་ཉེར་གསུམ། སྣང་ཐོག་ནས་བལྟས་པས་ཡུལ་དེའང་སལ་ལེ་མ་འགགས་པ་དེ་ལ་ལྟ་བྱེད་ཀྱི་སེམས་དེའང་འཛིན་མེད་དུ་ཐལ་ལེ་བ། ཡུལ་དེ་ཡང་ཕ་གིར་འདུག་སྙམ་པའི་སྐད་དེ་བ་དེ་ཡང་མེད་པ་བུ་ཆུང་ལྷ་ཁང་ལ་བལྟ་བ་ལྟ་བུ་དང་། སྣང་བ་ཡུལ་མེད་ལྷང་ངེ་བ། སྣང་སེམས་གཉིས་ཐ་དད་མེད་པར་སེམས་ཀྱི་རང་མདངས་མ་འགགས་པར་སྣང་བ། སེམས་ལས་སྣང་བ་གུད་དུ་སོང་བའམ། ཡུལ་གཞན་ཞིག་ཏུ་གྲུབ་པ་མེད་པར་གསལ་སྟོང་དུ་ཤར་བ་ན། དེ་ནི་སྣང་བ་ལ་ལྷག་མཐོང་ཤར་བ་ཡིན་པས་དེ་སྣང་སྟོང་ཟུང་འཇུག་ཆོས་སྐུར་ཤེས་པར་བྱའོ། །ཐུན་ཉེར་བཞི། ལུས་སེམས་གཉིས་ལ་དེ་ལྟར་བལྟས་པས་དེ་གཉིས་གཅིག་དང་ཐ་དད་གང་ཡང་མ་ཡིན་པར་གསལ་སྟོང་ཟུང་འཇུག་ཆུ་ནང་གི་ཟླ་བ་ལྟ་བུ་ཚ་གྲང་སོགས་ཆོར་བར་སྣང་བ་སྣང་སྟོང་དུ་མ་རྟོགས་པའི་དབང་གིས་བག་ཆགས་མཐུ་བརྟས་པས་སེམས་ཀྱིས་བཏགས་ནས་འཛིན་པ་འཐས་པ་མ་གཏོགས་དོན་དུ་གྲུབ་པར་ལུས་སེམས་གང་གིས་ཚོར་
༩༩ སོགས་ཀྱི་གདགས་གཞི་དང་བྲལ་བར་སྣང་བ་ཞིག་ལ་ལེགས་པར་གཏད། གཟིར་ནས་བལྟས་པས་རང་ལོག་ཏུ་སོང་། སྣང་བ་འཛིན་མེད་དུ་ལྷང་ངེ་བ་ཞིག་ཡོང་བས་དེའི་དུས་ན་རང་དང་སྣང་བ་སྣང་སྟོང་ཡུལ་མེད་དུ་ལྷང་ངེ་འདུག་ན། དེ་གནས་ལུགས་ཀྱི་རང་བབས་སམ། སེམས་ཀྱི་མཚན་ཉིད་ཡིན་ཞིང་། རང་དང་སྣང་བ་སེམས་རྣམས་ཐམས་ཅད་སེམས། སེམས་ཀྱང་རང་མདངས་མ་གཏོགས་གཞན་དུ་གྲུབ་པ་ཅུང་ཟད་ཀྱང་མེད་པས་ལུས་སེམས་ཀྱང་དབྱེར་མེད་སེམས་ཁོ་ནས་བཏགས་ནས་བཞག་པ་ཙམ་དུ་ཟད་པའོ། །ཐུན་ཉེར་ལྔ། གནས་འགྱུ་གཉིས་ལ་དེ་ལྟར་བལྟས་པས་དེ་གཉིས་ལས་རྣམ་རྟོག་སྒོམ་དུ་ཤེས་ནས། གནས་འགྱུ་གཉིས་ལ་གཅིག་ལས་མེད་པར་ཤེས། འཆར་ལུགས་རེ་མོས་སུ་འཆར་ཞིང་གནས་དུས་སུ་མི་འགྱུ། འགྱུ་དུས་མི་གནས། བྱེད་མཁན་སེམས་གཅིག་པུས་བྱེད་པར་འདུག་ཅིང་གཉིས་པོ་འདིའི་ངོ་བོ་གསལ་སྟོང་རྗེན་པ་དེ་ལས་མ་འདས། དེའང་རྟོག་པ་ཚུར་བཀུག་ནས་གསལ་སྟོང་རྗེན་པར་མཐོང་བ་མིན་པར་ཐོག་མའི་ཐོལ་སྐྱེས་ཀྱི་རྟོག་པ་དེ་ཀ་གསལ་སྟོང་རྗེན་པར་རྟོགས་ན། སེམས་ཀྱི་གནས་ལུགས་ཤེས་ཤིང་གནས་འགྱུའི་བར་ལག་འགྱེལ་ཟེར་བ་ཡིན་པས་སེམས་མི་རྟོག་པ་ལ་གསལ་ལྷན་ནེ་གནས་སམ་རྟོག་པ་འགྱུས་སམ། རྟོག་པ་ཁོ་རང་གི་ངོ་བོ་རྣམས་གསལ་སྟོང་རྗེན་པ་དེ་ལས་མ་འདས་སོ། །ད་ཡུལ་སྣང་བ་ཐམས་ཅད་ཆུ་དང་རླབས་ལྟར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས་དོན་དུ་གང་ཡང་མ་གྲུབ་པར་རྟོགས་པ་ན་སྣང་བ་ཐམས་ཅད་སེམས་སུ་ངོ་འཕྲོད་པ་ཡིན། སེམས་དེའི་ངོ་བོ་འགྲོ་གནས་འབྱུང་གསུམ་ལ་དཔྱད་པས་གང་དུའང་མ་གྲུབ་པར་རྨི་ལམ་གྱི་རྟ་གླང་ལྟར་དོན་ལ་མ་གྲུབ་པར་རྟོགས་པ་སེམས་སྟོང་པར་ངོ་འཕྲོད། སྟོང་ཞིང་གསལ་དྭངས་ཀྱི་ངང་ནས་འགགས་མེད་བདེ་ཆེན་སྣ་ཚོགས་ལྷུན་གྲུབ་ཏུ་འཆར་བ་ཆུ་ནང་
༡༠༠ གི་ཟླ་བ་ལྟར་རྟོགས་པས་སྟོང་པ་ལྷུན་གྲུབ་ཏུ་ངོ་འཕྲོད་པ་ཡིན། དེ་ལྟར་ལྷུན་གྱིས་གྲུབ་ཙམ་ནས་གསལ་རིག་སྟོང་པ་ལྷུན་གྲུབ་སྤྲོས་བྲལ་འགྱུར་མེད་བདེ་བ་ཆེན་པོ་ལས་མ་གཡོས་པར་སྦྲུལ་ལ་མདུད་པ་བོར་བ་ལྟར་ཤར་གྲོལ་དུས་མཉམ་པར་ངེས་པས་ལྷུན་གྲུབ་རང་གྲོལ་དུ་ངོ་འཕྲོད་པ་ཡིན། ངོ་སྤྲོད་རྒྱུའི་སེམས་དེ་ནི་ཐ་མལ་ཤེས་པ་མི་འགྱུ་དགུ་འགྱུ་རིག་རིག་ཏུར་ཏུར་པོ་འདི་ཀ་གསལ་སྟོང་ཟུང་འཇུག་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་སམ། ཕྱག་རྒྱ་ཆེན་པོ་ཞེས་བྱ་བས་དེ་ངོ་ཤེས་ན་ཕྱག་རྒྱ་ཆེན་པོ་རྟོགས་པ་ཟེར་བ་ཡིན་པས་དེ་ལ་སྒོམ་རྒྱུ་ཅི་ཡང་མེད་པར་སྐད་ཅིག་ཀྱང་མ་ཡེངས་པར་རིག་པ་ཧྲིག་གེར་རང་སར་བཞག །ལེགས་སུ་རེ་བ་དང་ཉེས་དོགས་པའི་རེ་དོགས་གང་ཡང་མི་བྱ་བར་ལྷོད་གློད་ལ་ཐ་མལ་ཤེས་པའི་རང་ངོ་བསྐྱངས་པས་སྐད་ཅིག་དེ་ལ་ཕྱག་རྒྱ་ཆེན་པོ་བདེ་སྟོང་ཟུང་འཇུག་དེ་སྤྲིན་མེད་ཀྱི་ནམ་མཁའ་དག་པའི་དཀྱིལ་ལྟར་མཐོང་བ་ཡིན་ནོ། །ད་ཞི་ལྷག་ཟུང་དུ་འབྲེལ་ཞིང་ཉམས་རྟོགས་ཕུལ་དུ་བྱུང་སྟེ་ཐར་པའི་ལམ་དུ་ཚུད་པ་ཡིན་གོ་བཅད། མདོར་ན་གཉིས་འཛིན་གྱི་འཁྲུལ་པ་ཐམས་ཅད་དང་བྲལ་བའི་གཉིས་མེད་ཡེ་ཤེས་སྤྲོས་བྲལ་བདེ་བ་ཆེན་པོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེ་ངོ་འཕྲོད་པ་ཡིན། དེའང་མོས་གུས་ཅན་ལ་ལྡིང་། གདུང་ཤུགས་ཅན་གསོལ་བ་འདེབས་པ་ལ་འཁོར། བྱིན་རླབས་ཞུགས་པ་ལ་འབབས་པ་ཡིན་ལ། མ་སྦས་པར་རང་ཆས་སུ་རང་ལ་ཡོད་པར་དེ་སྔར་ངོ་མ་ཤེས། ད་ངོ་འཕྲོད་པ་ཡིན་པས་གཞི་ཕྱག་རྒྱ་ཆེན་པོའ་ཐོག་ཏུ་སླེབས། ལམ་ཕྱག་རྒྱ་ཆེན་པོའ་ངོ་བོ་མཐོང་། འབྲས་བུ་ཕྱག་རྒྱ་ཆེན་པོ་གཏན་ལ་ཕེབས་པ་ཡིན་པས་དགའ་བ་སྒོམ་ལ་དུས་རྒྱུན་དུ་ནན་ཏན་སྙིང་པོར་བྱས་ཏེ་སྐྱོང་བ་གལ་ཆེའོ། །འདི་ངོ་སྤྲོད་རྣམས་དང་བལྟ་ཚུལ་ཕྱོགས་གཅིག་ཏུ་བྱས། དེའི་སྐྱེ་ཚུལ་དང་བསྟུན་ངོ་སྤྲོད་ཕྱོགས་གཅིག་ཏུ་བྱས་ལ། དེ་
༡༠༡ ལྟར་མ་བྱས་པར་ཐོག་མ་ནས་ངོ་སྤྲོད་ཕྱོགས་གཅིག་ཏུ་བྱས་ན་དྲེད་པོ་ཆོས་རྒྱུས་ཅན་རྟིང་སོར་གཞན་གྱིས་ཁྲིད་འདེབས་པ་སོགས་ལའང་ན་འཕར་རྒྱུ་མེད་པར་གོ་བ་སྐམ་པོར་ལུས་ཏེ་གནོད་ཉིན་ཡོད་པས་འདི་བཞིན་མཐོང་ཚུལ་རེ་དང་བསྟུན་ངོ་སྤྲོད་རེ་གདབ་པར་བྱའོ། །འདི་ནི་དངོས་གཞིའི་རིམ་པའོ། །ཐུན་ཉེར་དྲུག །གསུམ་པ་རྗེས་ནི་བོགས་འདོན་ཞིང་གེགས་བསལ་བ། ཡོན་ཏན་སྐྱེ་ཚུལ་དང་། ལམ་བགྲོད་ཚུལ། འབྲས་བུ་མངོན་དུ་བྱེད་ཚུལ་ལོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་ནས་བྱང་ཆུབ་ཀྱི་སེམས་སྒོམ་པ་རྣམས་ལའང་ཕྱག་རྒྱ་ཆེན་པོའ་རྩིས་ཟིན་པར་བྱ་ཞིང་། བསྐྱེད་རྫོགས་ཀྱི་ཉམས་ལེན་ཀུན་ལའང་དེ་བཞིན་ཁྱེར་སོ་གསུམ་དང་ལྡན་པ་དང་། སྤྱོད་ལམ་རྣམ་བཞི་ཀུན་ཏུའང་རང་རོ་ངོས་བཟུང་ནས་ཕྱག་རྒྱ་ཆེན་པོ་དང་བསྲེ། མ་བཅོས་སྤྲོས་པ་དང་བྲལ་བའི་ཞི་ལྷག་དབྱེར་མེད་དེ་ཉིད་དང་མ་བྲལ་བར་ཉམས་སུ་ལེན། དེ་ལ་བརྟེན་ནས་སྤྱོད་པ་བཞིའི་སྒོ་ནས་བོགས་འདོན། གཞན་ཡང་དགེ་མི་དགེའི་སྤང་བླང་ལ་ཞེན་པ་དང་། དུས་གསུམ་མ་གྲུབ་པ་ལ་དུས་འདི་ཙམ་ལ་འཚང་རྒྱའོ་སྙམ་པ་དང་། རང་སེམས་གདོད་ནས་ཡེ་ཤེས་ལྔ་དང་ལྡན་པ་ཡིན་པ་ལ་ཐ་མལ་དུ་བཟུང་བ་དང་། སྒོམ་བྱུང་གི་ཤེས་རབ་གཙོ་བོར་མི་འདོན་པར་ཐོས་བསམ་གྱི་ཤེས་རབ་ཀྱིས་གྲོལ་བར་འདོད་པ་སྟེ། ཡུལ་དུས་ངོ་བོ་རང་བཞིན་ཤེས་རབ་ལ་ལོག་པར་རྟོག་པ་སྤངས་ཏེ། ལུས་གནད་ལེགས་པར་བཅའ། གནས་ན་གནས་ཐོག་དང་། འཕྲོ་ན་འཕྲོ་ཐོག་ཏུ་དེའི་ངོ་བོ་ལ་བལྟས་ཏེ་བཞག་པ་དང་ཏིང་ངེ་འཛིན་དང་ལུས་གནད་གཅིག་ཏུ་འབྱམས་པ་བསྒྱུར་ཅིང་དུབ་པ་སྤང་བ་དང་། ཉམས་རྟོགས་བཟང་ངན་གང་ལའང་ཆགས་སྡང་ཞེན་པ་སྤངས་ཏེ། དང་པོར་མགོ་རྩོམ་པ་དང་། བར་དུ་འཕྲོ་གཅོད་པ། ཐ་མར་ཉམས་སྐྱོང་བར་མཁས་པ་སྟེ་མཁས་པ་གསུམ་ལ་བསླབ་བོ། །ཡང་
༡༠༢ བདེ་གསལ་མི་རྟོག་པ་སོགས་མདོར་ན་ཉམས་རྟོགས་གང་ལའང་ཞེན་ན་གོལ་ཞིང་ཕུང་བས་དེ་བཞིན་ཆགས་སྡང་སྤང་ངོ་། །ཐུན་ཉེར་གསུམ། གཅིག་དུ་བྲལ་གྱི་རིགས་པ་སོགས་ཀྱིས་གཏན་ལ་ཕབ་སྟེ་ཆོས་ཐམས་ཅད་རང་ངོས་སྟོང་པར་སོང་བ་བློས་བྱས་ཀྱི་སྟོང་ཉིད་གཤིས་ཤོར་དང་། སྟོང་པ་ཉིད་གཉེན་པོ་དང་། ཉོན་མོངས་པ་སྤང་བྱར་བཟུང་སྟེ། ཐམས་ཅད་སྟོང་པ་ཉིད་ཡིན་པ་མ་རྟོགས་པ་སྟེ་སྟོང་ཉིད་གཉེན་པོར་ཤོར་བ། གཞི་ལམ་འབྲས་གསུམ་གྱི་ལམ་ཐམས་ཅད་སངས་རྒྱས་ཀྱི་ལམ་ཡིན་པར་མ་རྟོགས་ཏེ་སྟོང་ཉིད་ཁོ་ན་མ་གཏོགས་གཞན་གྱི་ལམ་གྱིས་གོ་མི་ཆོད་པར་བལྟ་བ་ཐབས་ཀྱི་ཆ་ལ་མི་སེམས་པ་སྟོང་ཉིད་ལམ་ཤོར་དང་། ཉམས་སུ་མ་མྱོང་བར་སྭ་བྷཱ་བ་སོགས་ཀྱིས་སྟོང་ཉིད་དུ་སྦྱངས་ཏེ་ཐམས་ཅད་ལ་སྟོང་ཉིད་ཀྱིས་རྒྱས་འདེབས་པས་ལས་འབྲས་ཁྱད་དུ་གསོད་པ་སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་སྟེ་ཤོར་ས་བཞི་སྤང་བར་བྱའོ། །བློས་བྱས་ཀྱི་སྟོང་ཉིད་འདི་རྣམས་ལས་དང་པོ་པའི་སྐབས་སུ་མི་རུང་བ་མ་ཡིན་ལམ་ཐར་སྤང་བར་བྱའོ། །དེ་ནས་སྤང་བླང་བསལ་བཞག་དང་བྲལ་བར་གང་ཤར་གྱི་ངོ་བོ་འཛིན་མེད་ལྷུག་པར་སྐྱོང་བ་ལ་བརྩོན་པར་བྱའོ། །ཐུན་ཉེར་བརྒྱད། ཡང་རྣམ་རྟོག་དང་ཉོན་མོངས་པ་སོགས་སྒོམ་དུ་དགའ་རབ་རེ་ཤར་ཡང་རྟོག་པ་སྤུན་པོར་སོང་མི་ཆུན་པར་དྲག་པོར་གཡོ་བ་ལ་བརྟེན་ནས་སྒྱིད་ལུག །རྟོག་པ་དགྲར་ལངས་ཀྱི་རྣམ་རྟོག་དེ་ཉིད་སྐུ་དྲིན་ཅན་དུ་བལྟས་ལ་དེ་ཉིད་ཀྱི་ངང་དུ་འཛིན་མེད་དུ་བཞག་པས་སེལ་ལོ། །ཉོན་མོངས་པ་དགྲར་ལངས་དང་། ཆོས་ཐམས་ཅད་མ་གྲུབ་པར་མཐོང་ནས་ལས་རྒྱུ་འབྲས་ཁྱད་དུ་གསོད་པ་སྟོང་ཉིད་དགྲར་ལངས་དང་། སྣང་བ་སྣ་ཚོགས་ཀྱི་མཐོང་སྣང་བཀྲ་ལམ་མེ་བ་ལ་ཞེན་ཏེ་དེ་ལ་མ་བདེ་ཏིང་ངེ་བ་སྣང་བ་དགྲར་ལངས་དང་། ཡང་ཡོན་ཏན་དེ་དག་ཅུང་ཟད་དང་ལྡན་པས་གཞན་དད་པ་དང་སྙིང་རྗེ་
༡༠༣ སྟོང་ཉིད་ཀྱི་ཡོན་ཏན་དེ་དག་དང་མི་ལྡན་པར་མཐོང་ནས་དེ་ལ་སྙིང་རྗེ་སྐྱེས་ཏེ་འདི་རྣམས་ཀྱི་འགྲོ་དོན་བྱའོ་སྙམ་སྟེ་མི་འགྲུབ་བཞིན་རང་གི་དགེ་སྦྱོར་བསྐྱུར་ནས་དེ་ལ་འཇུག་པ་སྙིང་རྗེ་དགྲར་ལངས་དང་། ལྟ་བ་གཏན་ལ་མ་ཕེབས་ནས་ཐམས་ཅད་མཁྱེན་པ་བྱེད་དོ་སྙམ་དུ་སྒྲ་ཚད་བཟོ་སོགས་བྱ་བ་ཕྲན་ཚེགས་ལ་འཇུག་ཅིང་ཏིང་ངེ་འཛིན་འདོར་བར་བྱེད་པ་རྒྱུ་འབྲས་ཀྱི་རྟོག་པ་དགྲར་ལངས་ཏེ་ལྔ་པོ་འདིའང་དེ་དག་གི་རྟོག་པ་ནམ་སྐྱེས་དེ་ཀའི་ངོ་བོ་ལ་བལྟས་ཏེ་སྤང་བླང་དགག་སྒྲུབ་མེད་པར་བསྐྱངས་པས་སེལ་ལོ། །དེ་བཞིན་སྒོམ་སྐྱོན་བྱིང་རྒོད་རྨུགས་གསུམ་སོགས་སྐྱོན་དང་། ནད་དང་གདོན་དང་། ཏིང་ངེ་འཛིན་གྱི་གེགས་དང་སློང་ཚད་ན་ཚ་སྡུག་བསྔལ་ཉམས་རྟོགས་ཁྱད་པར་ཅན་སོགས་ཇི་ལྟར་བྱུང་ཡང་ཆགས་སྡང་སྤངས་ཏེ་དེ་ཀའི་ངོ་བོ་ལ་བལྟས་ཏེ་རང་བབས་སུ་བཞག་པས་རང་ཞིར་འགྲོའོ། །ཡང་ན་རྣམ་རྟོག་ནད་གདོན་གེགས་སོགས་ཀྱི་སྐྱེ་གནས་འགྲོ་གསུམ་ཁ་དོག་དབྱིབས་སོགས་ལ་བལྟ། ཡང་ན་ནད་སོགས་ལ་གཏོང་ལེན་བྱ། ཡང་ན་ནད་སོགས་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ། རིག་ལ་ལོངས་སྐུ། སྟོང་པ་ཉིད་ངོ་བོ་ཉིད་སྐུ། དེ་གསུམ་དབྱེར་མེད་པ་ཆོས་ཀྱི་སྐུར་བལྟའོ། །འདི་ནི་གེགས་སེལ་བོགས་འདོན་སྦྲགས་པའོ། །གཞན་གེགས་སེལ་བོགས་འདོན་མང་ཡང་འདི་ཙམ་དུ་འདུས་སོ། །ཐུན་ཉེར་དགུ། གཉིས་པ་ཡོན་ཏན་སྐྱེ་ཚུལ་དང་ལམ་བགྲོད་ཚུལ་ནི། སྔོན་འགྲོ་ལ་གནད་དུ་བསྣུན་ནས་དལ་འབྱོར་རྙེད་དཀའ་དང་མི་རྟག་པ་བསྒོམས་པས་ཚེ་འདི་ལ་བློ་ལོག །ལས་འབྲས་ཀྱིས་དེ་ལ་ཡིད་ཆེས་ཏེ་སྲོག་དང་བསྔོས་ནས་བསྲུང་། འཁོར་བའི་ཉེས་དམིགས་ཀྱིས་འཁོར་བ་ལ་སྐྱོ་བ་སྐྱེས་ཏེ་ངེས་པར་འབྱུང་ཞིང་བྱང་ཆུབ་ཐོབ་འདོད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་རང་བདེ་འདོད་དང་བྲལ་ནས་
༡༠༤ གཞན་དོན་ཁོ་ན་སྒྲུབ། ཡིག་བརྒྱས་སྡིག་སྒྲིབ་དག་པའི་རྟགས་དངོས་ཉམས་དང་རྨི་ལམ་སོགས་སུ་འབྱུང་ཞིང་ཉམས་རྟོགས་སྐྱེ། མཎྜལ་གྱིས་ལུས་སེམས་བདེ། འདོད་པ་ཆུང་། ཆོག་ཤེས། བསོད་ནམས་དཔག་མེད་ཐོབ། བླ་མའི་རྣལ་འབྱོར་གྱིས་མོས་གུས་འབར། ཏིང་ངེ་འཛིན་དང་བྱིན་རླབས་ཉམས་རྟོགས་རྩོལ་མེད་དུ་སྐྱེའོ། །ཞི་གནས་ཀྱིས་ལུས་ཤིན་སྦྱངས་ཐོབ། མངོན་ཤེས་རྫུ་འཕྲུལ་དང་ལྡན་ཞིང་ཟས་གོས་ལ་སྲེད་པ་ཆུང་བཀྲག་མདངས་དང་ལྡན་པ་སོགས་མཐའ་ཡས་སོ། །ལྷག་མཐོང་གིས་ས་བཅུ་ལམ་ལྔ་བགྲོད་ནས་སྒོམ་མེད་ཀྱི་རྟོགས་པ་མཐར་ཕྱིན་པར་འགྱུར་རོ། །ཐུན་སུམ་ཅུ་པའོ། །ལམ་བགྲོད་ཚུལ་ཡང་འདིར་རྩེ་གཅིག །སྤྲོས་བྲལ། རོ་གཅིག །སྒོམ་མེད་ཆེ་འབྲིང་ཆུང་གསུམ་རྣམས་བགྲོད་པར་འགྱུར་བ་ལས། དང་པོ་ནི། སེམས་ཞི་གནས་ལ་ཅུང་ཟད་བརྟན་པ། རབ་ཏུ་བརྟན་པ། ཤིན་ཏུ་བརྟན་པའི་རིམ་པས་རྩེ་གཅིག་ཆེ་འབྲིང་ཆུང་གསུམ་གྱི་ལམ་བགྲོད། གཉིས་པ་ནི། དེ་གོམས་པ་བརྟན་པས་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་རྟོགས། སྒོམ་དྲན་འཛིན་ལ་ཆེར་མ་ལྟོས་པར། སྤྲོས་བྲལ་ཅུང་ཟད་ཤར་བ། རབ་ཏུ་ཤར་བ། ཤིན་ཏུ་ཤར་བ། མི་བརྟན་པ་དང་། ཅུང་ཟད་བརྟན་པ། རབ་ཏུ་བརྟན་པའི་དབང་གིས་སྤྲོས་བྲལ་ཆུང་འབྲིང་ཆེ་གསུམ་གྱི་ལམ་བགྲོད། གསུམ་པ་ནི། ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་ཅུང་ཟད་རྟོགས་པ་དང་། རབ་ཏུ་རྟོགས་པ་དང་། ཤིན་ཏུ་རྟོགས་པས་སྔར་གྱི་སྟོང་ཞེན་དེ་དག་པ་ལས་མི་བརྟན་པ་དང་། ཅུང་ཟད་བརྟན་པ་དང་། ཤིན་ཏུ་བརྟན་པའི་དབང་ལས་རོ་གཅིག་ཆུང་འབྲིང་ཆེ་གསུམ་བགྲོད། བཞི་པ་ནི། བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་ཅུང་ཟད་རྟོགས་པ། རབ་ཏུ་རྟོགས་པ། ཤིན་ཏུ་རྟོགས་པས་སྔར་སྣང་ཐོག་ཏུ་བདེ། རྗེས་ཤེས་ཀྱི་དྲན་འཛིན་སྒྱུ་མ་ལྟ་བུ་དེ་དང་ཡང་བྲལ་བམ་མི་བརྟན་པ་དང་། ཅུང་ཟད་བརྟན་པ་དང་། ཤིན་ཏུ་བརྟན་པའི་དབང་ལས་སྒོམ་མེད་ཆུང་འབྲིང་ཆེ་གསུམ་བགྲོད་དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་
༡༠༥ ཏེ་སངས་རྒྱས་ཀྱི་སར་བགྲོད་པར་འགྱུར་རོ། །གསུམ་པ་འབྲས་བུ་མངོན་དུ་བྱེད་ཚུལ་ཡང་། དེ་ལྟར་བསྒོམས་པས་རྩེ་གཅིག་ནས་སྒོམ་མེད་ཆེན་པོའ་བར་བགྲོད་དེ་མངོན་པར་སངས་རྒྱས་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་ཕྲིན་ལས་བཞིས་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་མཛད་ཅིང་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་པའི་ཕྲིན་ལས་ཁྱབ་པ་དང་རྟག་པའི་བདག་ཉིད་ཅན་ལྷུན་གྱིས་འགྲུབ་པར་འགྱུར་རོ། །དེས་ན་འདི་ཙམ་ལ་གནད་དུ་བསྣུན་ནས་སྒོམ་སྐྱེས་བདག་པོ་མེད་པར་མ་སོང་ན་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་ངེས་སོ། །དེས་ན་ཀཾ་ཚང་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞེས་གྲགས་པའི་དམིགས་རིམ་མདོར་བསྡུས་དམིགས་ཐུན་དང་སྦྲགས་ཟིན་བྲིས་སུ་བགྱིས་པ་ཡིན་ཅིང་། འདི་ལ་འགལ་འཁྲུལ་བྱུང་ན་བླ་མ་དང་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ་ལོ། །དགེ་བ་གང་ཡོད་མཁའ་མཉམ་འགྲོ་བ་ཐམས་ཅད་ཚེ་གཅིག་ལ་ཕྱག་རྒྱ་ཆེན་པོ་རྟོགས་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱུར་བསྔོའོ། །ཞེས་པ་འདི་ལུགས་གཉིས་ཀྱིས་མངོན་པར་མཐོ་བ། དཔལ་ལྡན་བླ་མའི་ཐུགས་སྲས་སུ་གྱུར་པའི་གུའི་གུང་པ་ནང་སོ་མཆོད་སྤྲིན་པས་དགོས་ཞེས་བསྐུལ་བར་བརྟེན་ཟིན་ཐུན་དུ་སྐུ་རབ་བཀྲ་ཤིས་སྒང་ནས་བཛྲེ་ཤྭ་རས་བྲིས་ཤིང་སྤེལ་བའོ། །བཀྲ་ཤིས་དཔལ་འབར་ཉམས་རྟོགས་འབར་ཞིང་བསྟན་པ་རྒྱས་པའི་རྒྱན་དུ་བྱོན། ཐུན་སུམ་ཅུ་སོ་གཅིག་ཡོད། ཤུ་བྷ་མསྟུ་སརྦ་ཛ་ག་ཏ་མི་དཾ། །

རིག་འཛིན་བཞིའི་ཞལ་ཆེམས་འདས་རྗེས་ཀྱི་ཡི་གེ་ལས༔ དགའ་རབ་རྡོ་རྗེའི་ཞལ་ཆེམས་ཚིག་གསུམ་གནད་དུ་བརྡེག་པ་བཞུགས་སོ༔

༈ རིག་འཛིན་བཞིའི་ཞལ་ཆེམས་འདས་རྗེས་ཀྱི་ཡི་གེ་ལས༔ དགའ་རབ་རྡོ་རྗེའི་ཞལ་ཆེམས་ཚིག་གསུམ་གནད་དུ་བརྡེག་པ་བཞུགས་སོ༔ ན་མཿཤྲཱི་གུ་རུ་ཡེ༔ རང་རིག་རྟོགས་པའི་གདིང་ལ་ཕྱག་འཚལ་ལོ༔ ཡིན་པར་གྲུབ་པ་མེད་པའི་རིག་པ་འདི༔ རང་སྣང་འཆར་ཚུལ་གསེར་ཡིག་ཅན། ཅིར་ཡང་མ་འགགས་པས༔ སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར༔ ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ༔ དེ་དོན་བདེ་གཤེགས་ཀུན་གྱི་དགོངས་འདུས་པ༔ བརྒྱལ་བ་བསླང་ཕྱིར་ཚིག་གསུམ་མན་ངག་འདི༔ འཁོར་འདས་གཉིས་ཀྱི་གདོས་ཐག་བཅད་པའི་ཕྱིར༔ འཆི་ཁའི་ཞལ་ཆེམས་སྙིང་གི་དཀྱིལ་དུ་སྦོས༔ ཨ་ཨཱི༔ རིག་པ་སྤྱི་བརྟོལ་དུ་བསྟན་པའི་མན་ངག་ནི༔ ངོ་རང་ཐོག་ཏུ་སྤྲད་པ་དང་༔ ཐག་གཅིག་ཐོག་ཏུ་བཅད་པ་དང་༔ གདིང་གྲོལ་ཐོག་ཏུ་བཅའ་བའོ༔ རང་ངོ་

ཡིན་པ༔ གཞན་ངོ་སྣང་བ༔ ཚུལ་གཉིས་འདྲེས་པ་འཕྲད་པའོ༔ ༔ ཅིར་སྣང་རང་ཡིན༔ སྟོབས་རང་གིས་རང་ཆེ༔ རང་དང་འཕྲད་པའོ༔ མ་ཐོག་ཏུ་མ་དང་འཕྲད༔ བུ་ཐོག་ཏུ་བུ་རང་འཕྲད༔ གཅིག་ཐོག་ཏུ་གཅིག་རང་འཕྲད་པའོ༔ རིག་པ་གཅིག་པུ་རང་དང་འབྲེལ་བ༔ རང་གཅིག་པུ་རང་དང་འབྲེལ་བ༔ གྲོལ་བ་གཅིག་པུ་རང་དང་འབྲེལ་བའོ༔ རང་ཐོག་ཏུ་མཐར་སྣང་གི་ཐག་ཆོད༔ གཅིག་ཐོག་ཏུ་རང་སྣང་གི་ཐག་ཆོད༔ གྲོལ་ཐོག་ཏུ་ཐེ་ཚོམ་གྱི་ཐག་ཆོད་པའོ༔ ༔ རང་ལ་བྱན་ཚུད་པ་ཕྱུག་པོའ་བང་མཛོད་ལྟ་བུའི་གདིང་༔ གཞན་ལ་བྱན་ཚུད་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུའི་གདིང་༔ གྲོལ་ས་ལ་བྱན་ཚུད་པ་མཁའ་ལ་མཁའ་ཐིམ་པ་ལྟ་བུའི་གདིང་ངོ་༔ ༔ རང་ཐོག་ཏུ་རང་གྲོལ༔ གཅིག་ཐོག་ཏུ་གཅིག་གྲོལ༔ མ་བུ་གཉིས་སྦྱོར་བའོ། ༔ རང་ངོ་ཤེས་པས་གཞི་དང་ངོ་འཕྲད་པའོ༔ དེའི་ཕྱིར་ན་མ་དང་བུ་འཕྲད་པ་ལྟ་བུ་སྟེ་གྲོལ་ས་གཅིག་པུ་ཡིན་པར་ངོ་ཤེས་པའོ༔ རང་གིས་རང་གྲོལ་བར་ཤེས་པས་ཐོག་མ་རིག་པ་ཉིད་ལ་ཐག་བཅད་པའོ༔ དེའི་ཕྱིར་དྲི་མས་དྲི་མ་འཁྲུ་བ་དང་༔ རྣམ་རྟོག་ཉིད་ལ་རྣམ་རྟོག་སྟེ་གཉེན་པོ་གཞན་ལ་རག་མ་ལུས་པར་ཐག་བཅད་དོ༔ གཞི་ཉིད་ལས་གྲོལ་བས་གདིང་གང་ཡིན་ཏུ་བཅའ་བའོ༔ དེའི་ཕྱིར་སྦྲུལ་གྱི་མདུད་པ་ཉིད་སྦྲུལ་རང་གིས་གྲོལ་བ་ལྟ་བུ་སྟེ༔ གཞན་ལྟོས་ཀྱི་རིག་པ་ཚི་ཆད་པས༔ དངོས་གཞི་རང་ཐོག་ཏུ་གཞི་བཅའ་བའོ༔ ༔ དགའ་རབ་རྡོ་རྗེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ འཇམ་དཔལ་བཤེས་གཉེན་བརྒྱལ་ཞིང་ས་ལ་འགྱེལ་ནས་ཀྱེ་མ་ཀྱི་ཧུད་ཅེས་སྒྲ་ཆེན་པོ་ཕྱུངས་པས༔ རོ་ལངས་བདེ་བ་འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ༔ བརྒྱལ་བ་སློང་བའི་དོན་དུ་གསང་བའི་ཞལ་ཆེམས་ཚིག་གསུམ་གནད་དུ་བརྡེག་པ༔ ཕྱག་གཡས་པའི་མཐིལ་དུ་བཻ་ཌཱུ་མཐིང་ཁ་ཞུན་མས་རང་ནན་དུ་བྲིས་པ་བབས་ཏེ། རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་པ་གཅིག་སྣོད་དུ་བབས་

པས། འཇམ་དཔལ་བཤེས་གཉེན་བརྒྱལ་བ་ལས་གྲོལ་བར་གྱུར་ཅིང་༔ རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ༔ དེའི་ཕྱིར་ན་ཐུགས་ཀྱི་དཀྱིལ་འཁོར་དུ་སྦ་བར་བྱའོ༔ འཆི་ཁ་མའི་ཞལ་གདམས་ཚིག་གསུམ་རྒྱུད་ཐམས་ཅད་ཀྱི་བཅུད་ཕྱུངས་པ༔ ལྟ་བའི་དོན་གསེར་ལྟ་བུར་བསྟན་པ༔ དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་བབས་པ༔ ཆུ་བོ་དན་ཏིག་གི་མགོར་སྣང་བར་བྱས་པའི་གདམས་ངག་དམ་པ༔ སེམས་ཅན་ཐམས་ཅད་དབུགས་འབྱིན་པར་བྱེད་པའི་ལམ༔ སངས་རྒྱས་ཀྱི་ཞིང་དུ་སྐད་ཅིག་ལ་གྲོལ་བར་བྱེད་པའི་མན་ངག་རྫོགས་སོ༔

༄༅། །གཅོད་བཀའ་ཚོམས་ཆེན་མོའི་ས་བཅད་བཞུགས་སོ༎   རྗེ་རང་བྱུང་རྡོ་རྗེས་མཛད་པ༎

༥༣

༄༅། །གཅོད་བཀའ་ཚོམས་ཆེན་མོའ་ས་བཅད་བཞུགས་སོ།། རྗེ་རང་བྱུང་རྡོ་རྗེས་མཛད་པ།།

༥༤

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །བདུད་ཀྱི་གཅོད་ཡུལ་བཀའ་ཚོམས་ཆེན་མོ་འདི་ལ་གསུམ་ལས། ཀླད་ཀྱི་དོན་དང་། །གཞུང་དང་། མཇུག་གོ །གོང་མ་ལ་གསུམ། ཕྱག་འཚལ་བ།(མི་སྨྲ་) ན་ཚན་བསྟན་པ།(གཅོད་ཀྱི་) མདོར་བསྟན་པ་(དགའ་ལ་)དང་གསུམ་མོ། །གཉིས་པ་གཞུང་གི་དོན་ལ་གཉིས། མདོར་བསྟན་པ།(བདུད་ལ་) རྒྱས་པར་བཤད་པའོ། །འདི་ལ་གསུམ། །བདུད་བཞི་བྱེ་བྲག་ཏུ་བསྟན་པ་དང་། དཔེས་བསྟན་པ་དང་། དཔེ་དང་བྲལ་བར་བསྟན་པའོ། །ཐོག་མ་ལ་བཞི། ཐོགས་བཅས་ཀྱི་བདུད། ཐོགས་མེད་ཀྱི་བདུད། དགའ་བྲོད་ཀྱི་བདུད། སྙེམས་བྱེད་ཀྱི་བདུད་དོ། །དང་པོ་ལ་གཉིས། བདུད་(ཐོག་བཅས་)རང་ལས་བྱུང་བ་ངོས་བཟུང་བ་དང་། དེའི་ངོ་བོ་སྟོང་པར་(གཟུགས་ནི།)གཏན་ལ་དབབ་པའོ། །ཐོག་མེད་ལ་གཉིས། བྱུང་ཚོར་ངོས་བཟུང་བ་དང་། རྟོགས་པ་(ཆོས་དབྱིངས་)ཤར་བས་རང་གྲོལ་དུ་བསྟན་པའོ། །དགའ་བྲོད་ལ་གཉིས། མདོར་(དགའ་བྲོད་) བསྟན་པ་དརདང། རྒྱས་པར་བཤད་པའོ། ཐོགས་མེད་

༥༥

འདི་ལ་གཉིས། ཐུན་མོང་དང་། མཆོག་གོ །དང་པོ་ལ་གཉིས། ཡོན་ཏན་(གཉན་སར་འདྲེ་ཡིས་)ལ་ཆགས་ན་ལམ་བདུད་ཡིན་པ་དང་། རྨི་ལམ་ལྟ་བུར་བསྟན་པའོ། །མཆོག་ལ་གཉིས། །མགོན་ལམ་བདུད་དུ་བསྟན་པ་དང་། བློས་བྱས་བདུད་དུ་བསྟན་པའོ། །དང་པོ་ལ་གཉིས། བདུད་ངོས་བཟུང་བ་དང་། བརྡ་ཡོན་ཏན་རུ་ཤེས་ན་གྲོལ་བའོ། །ངོས་བཟུང་བ་ལ་གཉིས་ལས། མདོར་(མཆོག་གི་)བསྟན་པ་དང་། རྒྱས་པར་(སྤྲོས་བྲལ་)བཤད་པའོ། །གཉིས་པ་ལ་བཞི། རང་ཤར་(ལྟ་བསྒོམ་)ལ་བལྟ་བྱ་ལྟ་བྱེད་མེད་པ་དང་། བསྒོམ་པ་བསྒོམ་(ཀུན་ཀྱང་)མཁན་མེད་པ། ཤུག་བྱུང་རང་གི་བལྟ་བ་ཟིན་ན། སྤྱོད་པ་ཟིན་ན་སྤྱོད་པ་རང་གི་རོལ་པ་ཡིན་པ་ཉམས་(ཉམས་སུ་)མྱོང་བློ་ལས་འདས་པའོ། བློས་བྱས་བདུད་དུ་བསྟན་པ་ལ་གཉིས། འདོད་པ་དང་སྤྱོད་བཅས་(མཆོག་གི་བདུད་)འབྲས་བུའི་བདུད་དང་། རང་ཡིན་པར་(ལུས་ངག་ཡིད་གསུམ་)རྟོགས་ན་བསྒྲུབ་ཏུ་མེད་པའོ། །སྙེམས་བྱེད་ཀྱི་བདུད་ལ་གཉིས། མདོར་བསྟན་པ། (བདུད་ལ་)རྒྱས་པར་བཤད་པའོ། །དེ་ལ་གསུམ།

༥༦

ཐོགས་བཅས་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་། ཐོགས་མེད་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་། དགའ་བྲོད་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་གསུམ་མོ། །ཐོག་མ་ལ་གཉིས། །ལྟ་བས་མ་ཟིན་(དངོས་པོའ་ཡུལ་)ན་དངོས་པོ་བདུད་དུ་བསྟན་པ་དང་། རྩ་བྲལ་དུ་(དངོས་སུ་)ཤེས་ན་ཀུན་གྲོལ་དུ་བསྟན་པའོ། །གཉིས་པ་ལ་ལྔ། རྩ་བ་སྙེམས་བྱེད་ལས་བྱུང་བའི་བདུད་(ཐོགས་མེད་)ལྔ་ངོས་བཟུང་བ་དང་། སྙེམས་བྱེད་(ཞེ་སྡང་རང་)གྲོལ་ན་རིགས་དྲུག་ལས་ཐར་ཞིང་ཡེ་ཤེས་ལྔ་རྟོགས་པ་དང་། དཔེའི་སྒོ་(དེ་ཡང་)ནས་ཡ་ང་མེད་པ་དང་། རྟོགས་ཀྱང་མ་བཅད་ན་འཆིང་བ་དང་། སྙེམས་བྱེད་ཆོད་ན་སངས་རྒྱས་པའོ། །གསུམ་པ་ལ་གཉིས། ཐུན་མོང་དང་། མཆོག་གོ །ཐུན་མོང་ལ་གཉིས། དངོས་གྲུབ་ལ་ཆགས་(དགའ་བྲོད།)ན་བདུད་ཡིན་པ་དང་། མ་རྟོགས་ཀྱང་། ཆགས་ན་རྒྱན་ཡིན་པའོ། ཨེ་མ་ཧོ། །མཆོག་ལ་གཉིས་ཏེ། བྲོད་པ་(སྐུ་གསུམ་)བདུད་དུ་བསྟན་པ་དང་། དེ་ཤེས་(འཁོར་བ་རང་)ན་སྙོམས་བྱེད་མེད་པའོ། །སྤྱི་དོན་གཉིས་པ་དཔེའི་སྒོ་ནས་བསྟན་པ་ལ་ལྔ་ལས། དཔེས་བཤད་པ་དང་། །ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །དང་པོ་ལ་གཉིས། རྒྱུད་(དཔེ་ཡིས་)ལ་མ་ཁེལ་ན་འཆིང་བ། རང་གིས་(འབྲི་བཟང་)རྟོགས་ན་གཞན་ལ་ཕན་པའོ། །ལྟ་བ་ལ་གཉིས། བདུད་(ཁྱུང་ཆེན།)རྩ་བྲལ་དུ་རྟོགས་པར་བྱེད་པ་དང་། དེ་ལྟར་ཤེས་པས་(རྩ་བྲལ་)ཆོད་པའོ། །བསྒོམ་པ་ལ་གསུམ། དཔེའི་(བཞག་ཐབས་)སྒོ་ནས་བསམ་དུ་མེད་པ། མ་བཅོས་(བཅོས་བསླད་)ལྷུག་པར་བཞག་པ་དང་། དྲན་རྟོགས་(རིག་པ་རང་ལུགས)བདེན་མེད་དུ་ཤེས་པས་མྱ་ངན་ལས་འདས་པའོ། །སྤྱོད་པ་ལ་གཉིས། །ཉོན་མོངས་(སྤྱོད་པ།) དང་བྲལ་བའི་བརྟུལ། ཤུགས། སྤྱོད་པ་ཀློང་དུ་གྱུར་པས་ཐམས་ཅད་གྲོགས་སུ་བསྟན་པའོ། །འབྲས་བུ་ལ་གཉིས། དོན་རྟོགས།(འབྲས་བུ་) པས་བསྒྲུབ་ཏུ་

༥༧

མེད་པ་དང་། བདག་(སྙེམས་པ་)སངས་རྒྱས་སུ་ངེས་པའོ། །སྤྱི་དོན་གསུམ་པ་དཔེ་དང་བྲལ་བར་བསྟན་པ་ལ་ལྔ། རིག་པ་འཁྲུལ་པ། མ་རིག་པ་ཡེ་ཤེས། མ་བྱས་པ་གཞི། །མི་བྱེད་པ་ལམ། མ་གྲུབ་པ་འབྲས་བུའོ། །དང་པོ་ལ་གཉིས། རང་བཞིན་(རིག་མེད་)འཁྲུལ་པ་དང་། གྲུབ་མཐའ་(དབྱེར་མེད་)ལ་ལྟོས་ཏེ་འཁྲུལ་པའོ། །གཉིས་པ་ལ་གཉིས། གཏི་མུག་(དེ་བས་)ཡེ་ཤེས་སུ་བསྒྱུར་བ། ཅི་ཤར་(རིག་པ་)རང་བྱུང་དུ་བསྟན་པའོ། །གསུམ་པ་ལ་གཉིས། སངས་རྒྱས་(ཡང་དག)ཀྱིས་མ་བྱས་པ། འཇིག་རྟེན་ལས་མི་རྟོགས་པའོ། །བཞི་པ་ལ་གཉིས། མུ་བཞི་(མ་བྱས་)བདེན་མེད་དུ་རྟོགས་པ། དོན་རྟོགས་པས་(གཟུགས་གིསཀྱིས་ངང་ཚོར་)འཁོར་བ་ལས་གྲོལ་བའོ། །ལྔ་པ་ལ་བཞི། བློ་ཆུང་བ་(མ་གྲུབ་)ལ་ དྲང་ཐབས་མ་བྱས་འདུས་མ་བྱས་སུ་བསྟན་པ། གྲུབ་རྒྱུ་(ཟུར་ན་)དོན་མེད་པ་དང་། བློ་མ་(ཆོས་ཀྱི་)གྲོལ་ན་དོན་མེད་པ་དང་། འཛིན་མེད་(ལུས་ལ་)རྟོགས་ན་སྐུ་གསུང་ཐུགས་སུ་བསྟན་པའོ། །མཇུག་གི་དོན་ལ་ཡང་གཉིས། མཚན་(ཨེ་མ་ཧོ།)དོན་གྱི་སྒོ་ནས་བསྟན་པ་རང་། ཉམས་སོ། །དེ་ལ་བཞི། བློ་(ནན་ཏན།)དང་བྲལ་བའི་ཉམས་དང་། གདམས་(གཉན་ས་ལ་སོགས།)པ་ཁྱད་པར་ཅན་དང་། ཁལ་(རྐྱེན་སྣང་)དུ་ཁེལ་ན་ལྟ་བ་ཡིན་པ་དང་། གཉན་ས་(གཉན་སར་)འགྲིམ་པ་གལ་ཆེ་བའོ། །བཀའ་ཚོམས་ཆེན་མོའ་བསྡུས་དོན་རྫོགས་སོ།། ༈ །།གཅོད་ཀྱི་ཌཱི་ཀ། བཞུགས་སོ། །ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །སྤྲོས་པ་ཉེར་ཞི་ཞི་བ་འདུས་མ་བྱས། །འགག་མེད་ཐུགས་རྗེའི་ཐུགས་ལ་ཕ་རོལ་ཕྱིན། །རྒྱས་པའི་བད་ལྟར་རྣམ་རྒྱས་སྐྱོན་མི་མངའ། །འགྲོ་ལ་ཐུགས་བརྩེ་ཐུབ་དབང་སྲས་བཅས་འདུད། །བརྗོད་མེད་དབྱིངས་ལས་མིང་དང་ཡི་གེའི་ཚོགས། །རྣམ་འཕྲོས་བརྒྱད་ཁྲི་བཞི་སྟོང་གསུང་གི་མཛོད། །ཀུན་གྱི་

༥༨

སྙིང་པོ་ཕ་རོལ་ཕྱིན་པ་ཡི། །ཉམས་ལེན་རྣམ་རྟོག་གཅོད་པའི་ཡི་གེ་བརྩམས། རྒྱལ་བ་སྲས་དང་བཅས་པའི་བཀའ་དང་། དེའི་རྣམ་འཕྲུལ་འཇིག་རྟེན་དུ་དཔག་ཏུ་མེད་པ་བྱོན་པ་རྣམས་ཀྱིས་བསྟན་བཅོས་དང་གདམས་པའི་ཚོགས་ཅི་སྙེད་ཅིག་བཤད་ཀྱང་། ཐེག་པ་ཆེ་ཆུང་རྣམས་སུ་འདུས་ཤིང་། །དེ་ལས་ཀྱང་ཐེག་པ་ཆེན་པོའོ། །མདོ་སྡེ་དང་རྒྱུད་སྡེའི་དགོངས་པ་གཉིས་ལས། ཀུན་གྱི་མཐར་ཐུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཉམས་སུ་བླངས་པའི་ཚུལ་གཉིས་ལས་ལེགས་པར་སྦྱངས་ཤིང་ལུང་དང་རིགས་པའི་སྒོ་ནས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་གཏན་ལ་དབབ་པ་དང་། ནང་དུ་འཇོག་པ་ལ་བརྟན་ནས་གཟུགས་སོགས་ཀྱི་སྣང་བདེན་སྒྱུ་མར་བཤིག་པའི་ཚུལ་དང་། གཉིས་ཀ་ལ་བོགས་འདོན་ཡུལ་ཡུལ་ཅན་གཉིས་མེད་དུ་བསྲེ་བར་བྱེད་པ་ནི་ཕ་རོལ་ཏུ་ཕྱི་ནས་གཅོད་ཀྱི་གདམས་ངག་ཡིན་ནོ། །དེ་ལ་གཉིས། །ཅི་ལྟར་བྱུང་བའི་ལོ་རྒྱུས་དང་། གདམས་པ་དངོས་སོ། །དང་པོ་ནི་བརྒྱུད་པའི་ཚུལ་གསུམ་དང་། མ་ཅིག་ལ་སོགས་པ་རྣམས་ཀྱི་ལོ་རྒྱུས་གཞན་དུ་ཤེས་པར་བྱའོ། །གཉིས་པ་གདམས་པ་ནི། གསུམ་ལས། བདེ་གཤེགས་བཀའ་མ་བརྒྱུད་པའི་གདམས་ངག་དང་། བྱིན་རླབས་དབང་བསྐུར་གྱི་བརྒྱུད་པའི་གདམ་ངག་དང་། ལུང་བསྟན་གྱི་བརྒྱུད་པའི་གདམས་ངག་གསུམ་ལས། དང་པོ་ནི་མ་ཅིག་ཉིད་ཀྱི་ཐུགས་ཉམས་སུ་བྱོན་པའི་ཡི་གེར་བཀོད་པ་རྣམས་ཡིན་ཏེ། དེ་ལ་བཞི་ལས། ཕྱི་བཀའ་ཚོམས་ཞི་བ་རྒྱས་སུ་བཤད་པ་དང་། ནང་ངོ་སྤྲོད་ལེ་ལག་ཏུ་གདབ་པ་དང་། དོན་གནད་ཐེམ་ཁོང་ཁོལ་དུ་བསྟན་པ་དང་། གསང་བ་བརྡ་ཆོས་ལ་བརྡར་བསྒྱུར་བའོ། །དེ་རྣམས་ལ་མཆོག་ཏུ་གྱུར་པ་བཀའ་ཚོམས་ཆེན་མོ་འདི་ལ་གསུམ་ལས། ཀླད་དང་། གཞུང་དང་། མཇུག་གོ །དང་པོ་ནི་གསུམ་ལས། ཚིག་རྐང་པ་གཉིས་ཀྱིས་ཕྱག་འཚལ་བ་བསྟན་ཏེ། དེ་ཡང་མི་སྨྲ་ཞེས་བྱ་བ་ལ་སོགས་

༥༩

པ་སྨོས་ནས། དོན་སྤྲོས་བའི་མཐའ་དང་བྲལ་བར་སྟོན་པ་ཡིན་ཏེ། གང་འཕགས་པ་རྣམས་ཀྱིས་མངོན་སུམ་དུ་གྱུར་པ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་བདག་ཉིད་ཅན་ནི། །བརྗོད་པར་མི་འགྱུར་ལ། སོ་སོའ་སྐྱེ་བོ་རྣམས་ཀྱིས་བསམས་པས་རྗེས་སུ་དཔག་པར་མི་ནུས་བའི་ཕྱིར། ཡུལ་ཡུལ་ཅན་ལས་འདས་པ་སྟེ། དམིགས་པའི་སྒྲིབ་གཡོགས་ཅན་ཐམས་ཅད་ཀྱིས་དབེན་པའི་བདག་ཉིད་ཅན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དེ་ཉིད་ལ་ཕྱག་འཚལ་བ་ཡིན་ཏེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་དབྱེར་མེད་པའི་ཕྱིར་རོ། །གཉིས་པ་ནི། གཅོད་ཀྱི་བཀའ་ཚོམས་ཞེས་པས། མཚན་ཐོག་མར་སྨོས་པའོ། །གསུམ་པ་ནི། འགའ་ལ་ཕན་ཕྱིར་ཞེས་པ་ལ་སོགས་ཚིག་རྐང་པ་ལྔས། བཤད་པར་དམ་བཅའ་ཞིང་། མདོར་བསྟན་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རྩ་བ་བདེན་མེད་ཡིན་ལ། དེ་རྟོགས་པར་བྱེད་པ་ལ་སྒྲིབ་པ་གཉིས་སྤངས་དགོས་ཤིང་། སྒྲིབ་བྱེད་ཀྱི་རྩ་བ་ཀུན་གཞི་ལས། རྣམ་པར་རྟོག་པས་ཉིང་འཁྲུལ་དང་སུམ་འཁྲུལ་དུ་རྟོག་སྟེ། གཟུགས་ལ་སོགས་པའི་ཡུལ་བདེན་པར་རིག་པ་ལས་ཞེན་ཅིང་ཆགས་པས། དོན་བདེན་མེད་ལ་སྒྲིབ་པའི་བདུད་དུ་གྱུར་པ་ཡིན་ཏེ། དེ་ཡང་སེམས་ཡེ་ནས་སྟོང་ཞིང་། རང་བཞིན་གྱིས་འོད་གསལ་བ་དེ་ལ་གནས་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་པར་མེད་དེ། མདོ་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་བའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། ཐོག་མ་ནི་སེམས་རང་རིག་རང་

༦༠

གསལ་ཆོས་ཀྱི་སྐུ་དེ་ལ། སྒྲིབ་བྱེད་ཀྱི་བདུད་དེ་གང་ཡིན་ཞེ་ན། ཐོགས་བཅས་དང་། ཐོགས་མེད་དང་། དགའ་བྲོད་དང་། སྙེམས་བྱེད་དེ། བཞི་པོ་ཡང་རྩ་བ་སྙེམས་བྱེད་ལས་བྱུང་ཞེས་པའོ། །རྒྱས་པར་བཤད་པ་ལ་རྣམ་པ་གསུམ་ལས། སྐྱེས་བུ་ལས་དང་པོ་རྣམས་ལ་བདུད་བཞི་བྱེ་བྲག་ཏུ་བསྟན་ནས་ཉམས་སུ་བླང་པ་དང་། གཉིས་པ་དཔེའི་སྒོ་ནས་བདེན་མེད་དུ་སྤྱད་པ་དང་། གསུམ་པ་དཔེ་དང་བྲལ་བའི་ཉམས་ལེན་བསྟན་པ་ཡིན་ཏེ། འདི་དག་ཀྱང་ལམ་རྣམ་པ་ལྔ་དང་སྦྱར་བར་བྱའོ། །ཐོག་མ་ལ་བཞི་ལས། ཐོག་བཅས་ཀྱི་བདུད་འདི་ལ་གཉིས་ལས། བདུད་རང་ལས་བྱུང་བ་ངོས་བཟུང་བ་ནི། ཐོགས་བཅས་ཞེས་པ་ལ་སོགས་ཚིག་རྐང་བ་བཞི་སྟེ། གཟུགས་སོགས་དབང་ཤེས་ཀྱི་ངོས་སུ་སྣང་བ་རྣམས་དང་། དགག་བསྒྲུབ་དང་བཅས་པས་འཁོར་བར་བཅིངས་ཞེས་སོ། དེའི་ངོ་བོ་སྟོང་པར་གཏན་ལ་འབེབ་པ་ནི། གཟུགས་ནི་ཞེས་པ་ལ་སོགས་པ་ཚིག་རྐང་པ་བཅུ་དྲུག་གིས་བསྟན་ཏེ། གཟུགས་སོགས་ཀྱི་སྣང་བ་གྲུབ་པའི་ཚེ་ན། དེའི་ངོ་བོ་རང་བཞིན་སྟོང་པར་རིག་པས་བརྟག་ན་ཡང་གྲུབ་ལ། ལུང་ལས་ཀྱང་། གཟུགས་སྟོང་བའོ་ཞེས་པ་དང་། བཅོམ་ལྡན་འདས་ཀྱིས་གཟུགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྟོང་པ་ཉིད་དུ་གཏན་ལ་ཕབ་པས། དེ་ལྟར་གཟུགས་སོགས་བདེན་མེད་དུ་བསྒོམས་པས། དངོས་པོར་རྟག་འཛིན་སྤངས་ཏེ། སྟོང་ཡང་ཡིད་ལམ་བྱས་པས། ཆད་པའི་ཐ་སྙད་དང་བྲལ་བའོ། །དེ་ལྟ་བུའི་བདེན་མེད་ལ་གཟུགས་སོགས་ཀྱི་སྣང་བ་ཙམ་དགག་ཏུ་མ་བཏུབ་ཀྱང་། སྣང་བ་རང་བཞིན་མེད་པར་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་བསྒོམས་པ་ནི་ལམ་གྱི་མཆོག་ཡིན་ཏེ། འཕགས་པ་ལས། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བའོ། །དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི།

༦༡

རྣམ་པར་ཤེས་པའི་ངོ་བོ་ཉིད་དང་བྲལ་བའོ། །ཞེས་གསུངས་པས། །རྣམ་རྟོག་རང་འགག་སུ་བཏང་ཞིང་བསྒོམ་པ་ཡིན་ནོ། །རྣམ་པར་རྟོག་པ་ནི་ཐོགས་མེད་ཀྱི་བདུད་ཡིན་ཡང་། འཁྲུལ་པའི་བློས་ཞེན་པས་ཨ་འཐས་སུ་གྱུར་པ་ནི་ཐོགས་བཅས་ཡིན་པར་འདི་དག་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསྒྱུར་ཅིག་ཅེས་པའོ། །གཉིས་པ་ཐོག་མེད་ཀྱི་བདུད་ལ་གཉིས་ལས། བྱུང་ཚོར་ངོས་བཟུང་བ་ནི། ཐོགས་མེད་ཞེས་པ་ལ་སོགས་ཚིག་རྐང་པ་དགུ་སྟེ། །ཡིད་ཀྱི་རྣམ་ཤེས་ལས་བྱུང་བའི། །བྱུང་ཚོར་བཟང་ངན་རྣམས་ཡིན་ནོ། །ཞེས་སོ། །དེ་དག་ཀྱང་རྟོགས་ན་རང་གྲོལ་དུ་འགྱུར་བ་ནི། ཆོས་དབྱིངས་ཀློང་ཆེན་ལ་སོགས་ཚིག་རྐང་བཅུ་སྟེ། སེམས་ཉིད་ཀྱི་དབྱིངས་ལས་རྣམ་པར་རྟོག་པ་ཆུ་རླབས་ལྟ་བུ་རྣམས་ཀྱང་། གོང་དུ་བཤད་པ་ལྟར་དགག་བསྒྲུབ་མེད་པར་རང་རིག་རང་གསལ་གྱི་ངང་ལ་མཉམ་པར་བཞག་པས་གྲོལ་བར་འགྱུར་ཞེས་པའོ། །དགའ་བྲོད་ཀྱི་བདུད་ལ་གཉིས་ལས། མདོར་བསྟན་པ་ནི། དགའ་བྲོད་ཅེས་པ་ལ་སོགས་པའི་ཚིག་རྐང་པ་གསུམ་སྟེ། ཐུན་མོང་དང་མཆོག་གི་བདུད་གཉིས། རང་རིག་འཁྲུལ་པ་ལས་བྱུང་བ་ཡིན་ནོ། །རྒྱས་པར་བཤད་པ་ལ་གཉིས་ལས། ཐུན་མོང་དང་། མཆོག་གོ །དང་པོ་ལ་གཉིས་ལས། ཡོན་ཏན་ལ་ཆགས་ན་ལམ་བདུད་ཡིན་པ་ནི། གཉན་སར་ཞེས་པ་ལ་སོགས་ཚིག་རྐང་པ་བརྒྱད་དེ། དེ་ཡང་བླ་མའི་གདམས་ངག་ཉམས་སུ་བླངས་ནས། རྐྱེན་ཕྲའུ་ལམ་དུ་སློང་བ་ལས། རློམ་སེམས་སྐྱེ་བ་དང་། གཞན་ཡང་གཡེང་བ་ལ་སོགས་པའི་བྱང་ཆུབ་ཀྱི་གེགས་སུ་འགྱུར་བ་ཐམས་ཅད་བདུད་དུ་བསྟན་པའོ། །རྨི་ལམ་ལྟ་བུར་བསྟན་པ་ནི། ཡོན་ཏན་ཅེས་པ་ལ་སོགས་པའི་ཚིག་རྐང་པ་བཅུ་གཅིག་གིས། གོང་གི་བདུད་དེའི་སྐྱོན་སེལ་ཞིང་། གཉེན་པོ་ཡང་བདེན་མེད་དུ་སྟོན་པར་བྱེད་པ་ཡིན་ཏེ། ཐུན་མོང་གི་

༦༢

ཡོན་ཏན་ཕྲའུ་གང་ལ་ཡང་། ཡུལ་སེམས་གཉིས་མེད་དུ་བཤིག་པའི་ཤེས་རབ་ཀྱི་བློས་ཞེན་པ་མེད་པར་བྱ་སྟེ། རྨི་ལམ་དང་། བཞིན་བཟང་གི་སྙིམ་པ་ཆུས་བཀང་བ་ལྟར། ཡོན་ཏན་གྱི་རྣམ་པ་ལ་སོགས་པ་རྣམས་ཀྱང་། རང་གི་རྣམ་པར་རྟོག་པ་བསྡུས་པ་ཡིན་ཏེ། རློམས་སེམས་བསྐྱེད་པར་མི་བྱའོ། །དེ་བཞིན་དུ་སྡུག་བསྔལ་གྱི་རྣམ་པ་ཅི་སྙེད་པའང་ཤེས་པར་བྱས་ལ། ཤེས་ནས་ཀྱང་ཐད་ཀར་བཅད་པར་བྱའོ། །འདི་ཡན་ཆོད་ནི། ཚོགས་ལམ་ཉམས་སུ་ལེན་པར་བྱེད་པ་རྣམས་ཀྱི་བོགས་འདོན་གྱི་གདམས་པ་ཡང་དག་པར་བསྟན་ཏོ། །མཆོག་ལ་གཉིས། མགོན་ལམ་བདུད་དུ་བསྟན་པ་དང་། བློས་བྱས་བདུད་དུ་བསྟན་པའོ། །ཐོག་མ་ལ་གཉིས་ལས། བདུད་ངོས་བཟུང་བ་ལ་ཡང་གཉིས་ལས། མདོར་བསྟན་པ་ནི། ཚིག་རྐང་པ་གཉིས་དང་། རྒྱས་པར་བཤད་པ་ནི། ཚིག་དང་ང་དྲུག་སྟེ། དེ་ཡང་མཆོག་ཅེས་པས། སྤྲོས་བྲལ་དུ་བལྟ་བ་དང་། མཉམ་ཉིད་དུ་བསྒོམ་པ་དང་། རྟོག་མེད་དུ་སྤྱོད་པ་དང་། ཉམས་ལེན་མྱོང་ཆ་དང་བཅས་པར་འཛིན་པ་ནི། ཡུལ་སེམས་གཉིས་མེད་དུ་མ་ཤེས་པར། བདག་མེད་རྟོགས་པར་བྱེད་པའི་ལམ་ཁྱད་པར་ཅན་དུ་མི་འགྱུར་ཏེ། འཛིན་པ་དང་བཅས་པའི་ཕྱིར་རོ། །གཉིས་པ་བརྡ་རུ་ཤེས་ན་གྲོལ་བ་ལ་བཞི་ལས། རང་ཤར་ལ་བལྟ་བྱ་ལྟ་བྱེད་མེད་པ་ནི། ལྟ་བསྒོམ་ཞེས་པ་ལ་སོགས་པའི་ཚིག་རྐང་པ་དྲུག་སྟེ། དེ་ཡང་དབང་པོ་རྣོན་པོའ་རྟེན་གྱི་གང་ཟག་འགའ་ཞིག་ལ། ལྟ་བསྒོམ་པའི་བྱེ་བྲག་དཔག་ཏུ་མེད་པ་བཤད་པ་རྣམས་ཀྱང་དོན་དམ་པར་ཡིད་ལ་བྱར་མེད་པ་ཡིན་པས། །ཨ་འཐས་ཀྱི་བློ་ཡང་སྤང་ཞིང་། མ་འགགས་པའི་རྩལ་སྣང་བ་བདེན་མེད་དུ་རྒྱས་བཏབ་པ་ནི་གཅོད་ཀྱི་མཆོག་ཡིན་ནོ། །དེ་ལྟར་དུ་ཡང་། རྒྱས་པ་ལས། གཟུགས་ཡིད་ལ་མི་བྱེད་ཅེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱེད་པར་

༦༣

གསུངས་པའི་ཕྱིར་རོ། །གཉིས་པ་བསྒོམ་པ་སྒོམ་མཁན་མེད་པ་ནི། ཀུན་ཀྱང་རང་བྱུང་ཞེས་པ་ལ་སོགས་པ་ཚིག་རྐང་པ་བཅུ་སྟེ། གོང་དུ་སྨོས་པ་ལ་སོགས་པ་ཀུན་ཀྱང་རང་སེམས་ཡིན་པས། གཉེན་པོ་རྩལ་བཅས་ཀྱིས་བསྒོམ་དུ་མེད་ལ། །ལྷང་ངེ་ལྷན་ནེ་ལ་སོགས་པ་བསམ་གཏན་གྱི་བྱེ་བྲག་ཀྱང་། ཆུ་དང་མར་ལ་སོགས་པའི་དཔེས། བསྒོམ་བྱ་སྒོམ་བྱེད་གཉིས་མེད་དུ་བསྟན་པའོ། །གསུམ་པ་ཤུགས་འབྱུང་གི་ལྟ་བས་ཟིན་ན། སྤྱོད་པ་རང་གི་རོལ་པ་ནི། རང་སྤྱོད་ཞེས་པ་ལ་སོགས་པ་ཚིག་རྐང་པ་དྲུག་གིས། བདེན་མེད་ཀྱི་དོན་ལ་ཆེད་དུ་གཉེར་བའི་སྤྱོད་པས་སྤྱད་དུ་མེད་ཅིང་། ཉམས་ཀྱི་སྣང་བ་ཨ་འཐས་ཀྱི་གཉེན་པོས་བཟུང་དུ་མེད་དེ། རང་གྲོལ་དུ་མགོན་འཆིང་བའི་ཕྱིར་རོ། །གཉེན་པོ་བཅུག་ཀྱང་རང་གྲོལ་དུ་གྱུར་ན་ནི། གང་ཡང་བཀག་པ་མེད་མོད་ཀྱིས། འོན་ཀྱང་མ་རྟོགས་པའི་སྤྱོད་པ་མི་བྱ་སྟེ། འདིའི་བཞེད་པས་ཉོན་མོངས་པ་ལ་སོགས་པའི་རྣམ་རྟོག་ལ། གཉེན་པོ་སྟོབས་ཅན་གྱིས་ཐད་ཀར་བཅད་ཅིང་། གཅོད་བྱེད་ཀྱི་ཤེས་པ་བདེན་མེད་དུ་རྒྱས་འདེབས་པ་ནི། སྤྱོད་པའི་མཆོག་གྱུར་གསུངས་པའོ། །བཞི་པ་ཉམས་མྱོང་བློ་ལས་འདས་པ་ན། ཉམས་སུ་ཞེས་པ་ལ་སོགས་པའི་ཚིག་རྐང་པ་བཅུ་ཡིས། ལམ་གྱི་གོལ་ས་གཅོད་པའི་གདམས་ངག་ཡིན་ཏེ། བདུད་ཀྱི་རྩ་བ་དམིགས་བཅས་ཡིན་པས། དམིགས་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ཡིན་ནོ། །འོ་ན་གང་ཡིན་ཞེ་ན། བསྒོམ་བྱ་སྒོམ་བྱེད་དང་བྲལ་བ། འཛིན་པ་མཐའ་དག་གིས་དབེན་པའི་བདག་ཉིད་ཅན། སྣང་སེམས་འཛིན་མེད་དུ་བཞག་པ་ལས། ཉམས་ཀྱི་བྱེ་བྲག་མཐའ་དག་ཀྱང་བདེན་མེད་དུ་བཤིག་ཅིང་། བསྐལ་པ་བྱེ་བ་ལ་སོགས་པར་ཡང་། ཡུལ། ཡུལ་ཅན་དུ་བསྒོམས་ན་དེ་ཉིད་ཀྱི་ལམ་མ་ཡིན་ལ། བདེན་མེད་རྟོགས་པའི་སྐད་ཅིག་ལ། བདུད་ཐམས་ཅད་རང་སར་གྲོལ་བར་འགྱུར་བས། འདིའི་ཕྱིར་ན་བླ་མ་མཆོག་ལ་རག་ལུས་པའོ། །ཅེས་སོ། །བློས་

༦༤

བྱས་བདུད་དུ་བསྟན་པ་ལ་གཉིས་ལས། འདོད་པ་དང་བཅས་པས་འབྲས་བུའི་བདུད་ནི། མཆོག་གི་ཞེས་པ་ལ་སོགས་པའི་ཚིག་རྐང་པ་ལྔ་སྟེ། དེ་ཡང་ཐེག་པ་གསུམ་གྱི་ལམ་གྱི་དྲོད་རྟགས་དང་། འབྲས་བུ་ལ་འདོད་པ་དང་། འཛིན་པ་རྣམས་ནི་བདུད་ཡིན་ནོ་ཞེས་སོ། །དེ་ཡང་རང་ཡིན་ན་བསྒྲུབ་ཏུ་མེད་པ་ནི། ལུས་ངག་ཡིད་གསུམ་ཞེས་པ་ལ་སོགས་པའི་ཚིག་རྐང་པ་བཅུ་གཅིག་སྟེ། གོང་གི་རྒྱུ་འབྲས་ལ་སོགས་རེ་དོགས་དང་བཅས་པ་ལས་གྲོལ་བར་བྱེད་པ་ནི། རང་གི་ལུས་ངག་ཡིད་གསུམ་རྟོགས་ན་སྐུ་གསུམ་ཡིན་པས། སངས་རྒྱས་གཞན་ནས་བསྒྲུབ་ཏུ་མེད་དེ། སློབ་དཔོན་ནཱ་རོ་པས། ཆོས་ཀུན་སེམས་ལ་གནས་ཞེས་གསུངས། །ཆོས་ཀྱི་རྩ་བ་སེམས་ཉིད་དེས། །ཞེས་བཤད་པའི་ཕྱིར། སེམས་ཉིད་དེ་བཞིན་རྟོགས་པར་མ་གྱུར་ན། བསྐལ་པ་ལ་སོགས་པར་བསྒྲུབས་ཀྱང་ཐོབ་པར་མི་འགྱུར་ཞིང་། ལམ་དང་འབྲས་བུ་ལ་རེ་བ་མེད་པར། ཆོས་དང་གང་ཟག་གི་བདག་འཛིན་མཐའ་དག་བཅད་པ་ལས། སངས་རྒྱས་གཞན་ནས་བསྒྲུབ་ཏུ་མེད་ཅེས་སོ། །སྙེམས་བྱེད་ཀྱི་བདུད་ལ་གཉིས་ལས། མདོར་བསྟན་པ་ནི། བདུད་ལ་བཞི་རུ་ཕྱེ་བ་ལ་སོགས་པའི་ཚིག་རྐང་གཉིས་ནི་གོ་སླའོ། །རྒྱས་བཤད་ལ་གསུམ་ལས། ཐོགས་བཅས་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་། ཐོགས་མེད་སྙེམས་བྱེད་དུ་འདུས་པ་དང་། དགའ་བྲོད་སྙེམས་བྱེད་དུ་འདུས་པའོ། །དང་པོ་ལ་གཉིས་ལས། ལྟ་བས་མ་ཟིན་པའི་དངོས་པོ་བདུད་དུ་བསྟན་པ་ནི། དངོས་འཛིན་ལ་སོགས་པའི་ཚིག་རྐང་གཉིས་ནི། དབང་ཤེས་འཁྲུལ་པས་བཟུང་བ་དཀར་དམར། ཡུལ། ཡུལ་ཅན་དུ་ཞེན་པས། ཐོགས་བཅས་ཀྱི་བདུད་དུ་གྱུར་ཞེས་པའོ། །རྩ་བྲལ་དུ་ཤེས་པ་ནི། དངོས་པོ་ཡུལ་གྱི་ཞེས་པ་ལ་སོགས་ཚིག་རྐང་པ་བཅོ་ལྔ་སྟེ། གོང་དུ་བརྗོད་པའི་གཟུང་འཛིན་གྱིས་བསྡུས་པའི་རྣམ་རྟོག་ཅི་སྙེད་པ་སྙེམས་བྱེད་དུ་རྟོགས་པའི་ཚེ་གཟུང་ཡུལ་རག་པ་འཛིན་མེད་དུ་རྟོགས་ལ། སྙེམས་བྱེད་དེ་

༦༥

བཅད་པས་བདུད་བཞི་ཆོད་པ་ཡིན་ཏེ། དཔེར་ན་ནང་གི་མེ་བསད་པས་རྩིག་གསེབ་ཀྱི་དུ་བ་རང་ཞི་བ་བཞིན་ནོ། །དེ་ཡང་འགོག་པའམ་ཉན་ཐོས་ཀྱི་ཞི་བ་ལྟར། ཡུལ་སྣང་ཙམ་བཀག་པ་མ་ཡིན་གྱིས། གཟུགས་སོགས་ཀྱི་ཡུལ་སྣང་ལ། དེའི་ངོ་བོ་ཆོས་ཉིད་སྟོང་པ་ཉིད་དུ་གནས་པ་དང་། ནམ་མཁའི་འཇའ་ལྟར། སྣང་བ་ལ་རང་བཞིན་མེད་པ་བཞིན་དུ། འཕགས་པ་རྣམས་ཀྱིས་གཟིགས་པ་ཨ་ཅང་ཆེས་ཀྱིས། སོ་སོ་སྐྱེ་བོ་རྣམས་ཀྱིས་ཀྱང་ལུང་རིག་གི་སྒོ་ནས་བརྟགས་ཤིང་དཔྱད་ན། དེ་ལྟར་ཡིན་ཏེ། ཤེར་སྙིང་ལས། གཟུགས་སྟོང་བའོ། །སྟོང་པ་ཉིད་གཟུགས་སོ་ཞེས་བཤད་ཅིང་། དཔེར་ན་སྒྱུ་མའི་མཁན་པོ་སྒྱུ་མ་ལ་ཆགས་སེམས་མི་འབྱུང་བ་བཞིན་ནོ། །དེའི་ཕྱིར་ནང་དུ་སྙེམས་བྱེད་ལས་བྱུང་བའི་བདུད་བཞི་བདེན་མེད་དུ་རྟོགས་པ་ལས། གཉིས་འཛིན་གྱི་བློས་བཅད་དུ་ཡོད་པ་མ་ཡིན་གྱི། དངོས་པོ་དང་འཛིན་པ་རྩ་བྲལ་དུ་རྟོགས་པས། གཟུགས་སོགས་རང་སར་གྲོལ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱིས། དེས་ན་གཉིས་འཛིན་མེད་པའི་ངང་དུ་ཞོག་ཅིག་ཅེས་པའོ། །ཐོག་མེད་སྙེམས་བྱེད་དུ་འདུས་པ་ལས། རྩ་བ་སྙེམས་བྱེད་ལས་བྱུང་བའི་བདུད་ལྔ་ངོས་བཟུང་བ་ནི། ཐོགས་མེད་ཞེས་པ་སོགས་ཚིག་རྐང་དྲུག་སྟེ། དེ་ཡང་དུག་ལྔ་ལ་སོགས་རེ་དོགས་སུ་གྱུར་པ་རྣམས་ནི་སྙེམས་བྱེད་ཀྱི་བདུད་དོ། །ཞེས་སོ། །གཉིས་པོ་སྙེམས་བྱེད་ལས་གྲོལ་ན་རིགས་དྲུག་ལས་ཐར་ཞིང་ཡེ་ཤེས་ལྔ་རྟོགས་པ་ནི། ཞེ་སྡང་རང་སར་གྲོལ་ཞེས་པ་ལ་སོགས་པ་ཚིག་རྐང་པ་ཉི་ཤུ་རྩ་གཉིས་ཏེ། དེ་ཡང་ཐོག་བཅས་སྙེམས་བྱེད་དུ་འདུས་པའི་སྐབས་སུ་བཤད་པ་ལྟར། རྣམ་རྟོག་གཞི་མེད་དུ་ཤེས་པས། ཉོན་མོངས་པ་ལྔ་རང་སར་གྲོལ་ཞིང་། རིགས་དྲུག་གི་སྡུག་བསྔལ་རང་སར་དག་ནས། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་འགྱུར་བ་ཡིན་ཏེ། དེ་ཡང་རྒྱས་

༦༦

པར་ཕྱེ་ན། ཉོན་མོངས་པ་ཞེ་སྡང་གི་རྒྱུ་བྱས་ནས་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བ་དང་། སྙེམས་བྱེད་ཡིན་པས། དེ་གཞི་མེད་དུ་རྟོགས་པ་ལ་བརྟེན་ནས། མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ་བོ། །དེ་བཞིན་དུ། འདོད་ཆགས་དང་། ཡི་དྭགས། སོ་སོར་རྟོགས་པའི་ཡེ་ཤེས་གསུམ་དང་། གཏི་མུག་དང་། དུད་འགྲོ། ཆོས་དབྱིངས་ཀྱི་ཡེ་ཤེས་གསུམ་དང་། ཕྲག་དོག་དང་། ལྷ་མི། བྱ་བ་གྲུབ་པའི་ཡེ་ཤེས་གསུམ་དང་། ང་རྒྱལ་དང་། ལྷ་མ་ཡིན། །མཉམ་པ་ཉིད་ཀྱི་ཡེ་ཤེས་གསུམ་སྟེ། གོང་མ་ལྟར་སྦྱར་རོ། །དེའི་ཕྱིར་སྙེམས་བྱེད་རང་སར་གྲོལ་བས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོ། །གསུམ་པ་དཔེའི་སྒོ་ནས་ཉམས་ང་མེད་པ་ནི། །དེ་ཡང་ཞེས་པ་ལ་སོགས་ཚིག་རྐང་པ་བཅུ་གསུམ་གྱིས། གདམས་པ་ཁྱད་པར་ཅན་ཡིན་ཏེ། རྣམ་རྟོག་ཐམས་ཅད་བདུད་ཡིན་པས། དེ་གཅོད་པར་བྱེད་པ། དཔེར་ན་གངས་ཁྲོད་ན་གནས་པའི་སེང་གེ་བཞིན་དུ། ཞུམ་པ་དང་བག་ཚ་བ་མེད་པར། སྙེམས་བྱེད་བཤིག་ཅིང་བདེན་མེད་ཀྱི་ངང་དུ་མཉམ་པར་བཞག་པས། ཕྱི་ནང་གི་བར་ཆད་གང་ཡང་མི་འབྱུང་ལ། གལ་ཏེ་བྱུང་ཡང་ངེས་པར་རྩལ་སྦྱོངས་སུ་འགྱུར་ཏེ། རང་གི་ཆོ་འཕྲུལ་ཡིན་པའི་ཕྱིར་རོ། །འོ་ན་དྲན་རྟོག་དེ་བཅད་ནས་བསྒོམ་མམ་ཞེ་ན། དེ་ལྟར་མ་ཡིན་གྱི། གང་ཤར་བདེན་མེད་དུ་བཅད་པས། ཐེག་དམན་ལ་སོགས་པ་ཟིལ་གྱིས་མནན་པར་འགྱུར་ན། ནད་གདོན་ལ་སོགས་པ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་རྩ་བྲལ་དུ་གཅོད་པ་འདི་ཁྱད་པར་དུ་འཕགས་སོ། །ཞེས་སོ། །བཞི་པ་རྟོགས་ཀྱང་མ་བཅད་ན་འཆིང་བ་ནི། རྟོགས་ཀྱང་ཞེས་པ་ལ་སོགས་ཚིག་རྐང་པ་བདུན་ཏེ། དེ་ཡང་གང་ཟག་རྣམས་ཀྱིས། གོང་དུ་བཤད་པ་ལྟར་དོན་བདེན་མེད་དུ་རྟོགས་ཀྱང་། ལྟ་སྤྱོད་ཟུང་འཇུག་ཏུ་ཉམས་སུ་མ་བླངས་ན། དངོས་པོར་

༦༧

འཛིན་པ་དང་ཁྱད་པར་མེད་དེ། དཔེར་ན་མཚོན་དར་མེད་པ་དང་འདྲའོ། །ལྟ་སྤྱོད་ཟུང་འཇུག་ཏུ་ཉམས་སུ་བླངས་པས། བདུད་རྣམས་འཇོམས་པ་ནི། དཔེར་ན་སྐྱེས་བུ་དཔའ་བོ་སྒྱུ་རྩལ་ཤེས་པས་དགྲ་དཔུང་འཇོམས་པ་བཞིན་ནོ། །དེ་ཡང་སྡུད་པ་ལས། དཔེར་ན་སྐྱེས་བུ་མཁས་པ་ཡོན་ཏན་ཀུན་ལྡན་ཞིང་། ཞེས་པ་ནས། བདེ་བར་སོང་ཞིང་ཕྱིར་ཡང་ཁྱིམ་དུ་འོང་བ་ལྟར། ཞེས་པའི་བར་གྱིས་དཔེ་དང་། དེ་བཞིན་དེ་ཚེ་བྱང་ཆུབ་སེམས་དཔའ་མཁས་པ་ཡང་། །སེམས་ཅན་ཁམས་རྣམས་ཀུན་ཏུ་སྙིང་རྗེ་ཆེར་བསྐྱེད་ཅིང་། །བདུད་བཞི་དག་དང་ས་གཉིས་ལས་ཀྱང་རབ་འདས་འགྱུར། །ཞེས་བཤད་པ་བཞིན་ནོ། །ལྔ་པ་སྙེམས་བྱེད་བཅད་ནས་སངས་རྒྱས་སུ་འགྱུར་བ་ནི། ཨེ་མ་ཧོ། །ཞེས་པ་ལ་སོགས་ཚིག་རྐང་གསུམ་སྟེ། དེ་ཡང་འཛིན་པ་མཐའ་དག་དང་བྲལ་བ་དེ་རྟོགས་ན་སངས་རྒྱས་སུ་འགྱུར་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། གང་དག་འདས་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་མགོན། རིགས་སྔགས་འདི་སླབ་སྨན་པའི་རྒྱལ་པོ་བླ་མེད་འགྱུར། ཞེས་བཤད་པ་ལྟར། ཐམས་ཅད་ཀྱང་བདེན་མེད་དུ་བཞག་པར་བྱའོ། །དགའ་བྲོད་སྙེམས་བྱེད་དུ་འདུས་པ་ལ་གཉིས་ལས། ཐུན་མོང་དང་། མཆོག་གོ །དང་པོ་ལ་གཉིས་ལས། དངོས་གྲུབ་ལ་ཆགས་ན་བདུད་ཡིན་པ་ནི་དགའ་བྲོད་ལ་སོགས་ཚིག་རྐང་ལྔ་སྟེ། དེ་ཡང་དྲོད་རྟགས་དང་། གནས་སྐབས་ཀྱི་འབྲས་བུ་རྣམས་ལ་ཆགས་པ་དེ་ཀ་བདུད་ཡིན་ནོ་ཞེས་སོ། །མ་ཆགས་ན་རྒྱན་ཡིན་པ་ནི། ཆགས་མེད་ལ་སོགས་ཚིག་རྐང་གཉིས་ཏེ། དེ་ཡང་གཟུང་འཛིན་གཉིས་ཀྱིས་དབེན་པའི་བདག་ཉིད་ལ། འགག་མེད་ཀྱི་རྩལ་འཆའ་བ་ནི་རྒྱན་ཡིན་ནོ། །དེ་ཡང་སྡུད་པ་ལས། རྫུ་འཕྲུལ་གྱི་དཔེ་དང་། དེ་བཞིན་བྱང་ཆུབ་སེམས་དཔའ་མཁས་པ་སྟོང་གནས་ཤིང་། །ཡེ་ཤེས་རྫུ་འཕྲུལ་ཕ་རོལ་སོན་ལ་

༦༨

གནས་པ་མེད། །འགྲོ་བ་དག་ལ་བྱ་བ་རྣམ་པ་མཐའ་ཡས་སྟོན། །བསྐལ་པ་བྱེ་བར་སྐྱོ་བ་མེད་ཅིང་དུབ་པ་མེད། །ཅེས་པ་བཞིན་ནོ། །གཉིས་པ་མཆོག་ལ་གཉིས་ཏེ། བྲོད་པ་བདུད་དུ་བསྟན་པ་ནི། སྐུ་གསུམ་ལ་སོགས་ཚིག་རྐང་གཉིས་ཏེ། །དེ་ཡང་སྐུ་གསུམ་རང་ཆས་སུ་གནས་པ་ལ། གཞན་དུ་རེ་དོགས་དང་བཅས་པ་ནི། བདུད་ཡིན་ནོ། །ཞེས་སོ། །དེ་ཤེས་ན་སྙེམས་བྱེད་མེད་པ་ནི། འཁོར་བ་རང་གྲོལ་ཞེས་པ་ལ་སོགས་པའི་ཚིག་རྐང་པ་བརྒྱད་དེ། དེ་ཡང་འཁོར་འདས་རང་སར་གྲོལ་བར་ཤེས་ཤིང་། དྲན་རྟོག་བདེན་མེད་དུ་གྲོལ་བ་ལས། གཉེན་པོ་གཞན་གྱིས་བསྒོམ་རྒྱུ་མེད་པས་སྙེམས་བྱེད་ཆོད་ཅིག་ཅེས་བསྟན་ཏོ། །གཞན་ཡང་བདུད་ཀྱི་རྣམ་པ་དེ་དག་ཞིབ་པར་ཕ་རོལ་ཏུ་ཕྱིན་པའི་བདུད་ཀྱི་ལེའུ་ལས་ཤེས་པར་བྱ་ཞིང་། དེ་དག་གི་རྩ་བ་ཡང་རྣམ་རྟོག་ཡིན་པས་དེ་ཉིད་བཅད་ཅིང་བསྒོམ་པར་བྱའོ། །དེ་ཡན་ཆོད་ཀྱིས་སྦྱོང་ལམ་པ་མན་ཆོད་ཀྱི་ཉམས་ལེན་སྤྱོད་པའི་བོགས་འདོན་བསྟན་ཏོ། །སྤྱི་དོན་གཉིས་པ་དཔེའི་སྒོ་ནས་གཏན་ལ་དབབ་པ་ལ་ལྔ་ལས། དཔེས་བཤད་པ་དང་། ལྟ་བ། བསྒོམ་པ། སྤྱོད་པ། འབྲས་བུའོ། །ཐོག་མ་ལ་གཉིས་ལས། རྒྱུད་ལ་མ་ཁྲེལ་ན་འཆིང་བ་ནི། དཔེ་ཡིས་ཞེས་པ་ལ་སོགས་ཚིག་རྐང་དྲུག་སྟེ། གདམས་ངག་འདི་ཐོབ་པའི་གང་ཟག་རྣམས་ཀྱིས་བདག་མ་གྲོལ་བར་གཞན་དོན་མི་བྱ་སྟེ། བྱེའུ་དང་། སྟོན་སྐྱེལ་གྱི་དཔེ་བཞིན། བདག་གཞན་གྲོལ་བར་དཀའ་ཞེས་བསྟན་ཏོ། །རང་གིས་རྟོགས་ན་གཞན་ལ་ཕན་པ་ནི། འབྲི་བཟང་ཞེས་པ་ལ་སོགས་ཚིག་རྐང་དྲུག་སྟེ། སྐྱེས་བུ་བདག་གིས་བདེན་མེད་རྟོགས་ན། སེམས་ཅན་གྱི་དོན་ཤུགས་ལས་འབྱུང་སྟེ། འབྲིའི་དཔེ་ལྟར། རང་ཉིད་ཀྱིས་བདག་མེད་རྟོགས་པར་བྱའོ། །ཅེས་བཤད་པ་ཡིན་ཏེ། སྡུད་པ་ལས། །གལ་ཏེ་སེམས་ཅན་འདུ་

༦༩

ཤེས་སྡུག་བསྔལ་འདུ་ཤེས་བསྐྱེད། །འགྲོ་བ་རྣམས་ཀྱི་དོན་བྱ་སྡུག་བསྔལ་སྤང་སྙམ་སྟེ། བདག་དང་སེམས་ཅན་ཡོངས་རྟོག་བྱང་ཆུབ་སེམས་དཔའ་དེ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། ཞེས་བཤད་པ་དང་། འགྲོ་དོན་མཚན་ཉིད་པ་བྱེད་པ་ལ། བདག་བདེན་མེད་དུ་ཤེས་ཤིང་། དེ་ལྟར་སེམས་ཅན་ཡང་ཤེས་ལ། སེམས་ཅན་ལྟར་ཉོན་མོངས་པའི་གཉེན་པོར་ཆོས་ཀྱང་དེ་ལྟར་ཤེས་པ་ཞིག་དགོས་ཏེ། དེ་ལྟར་ཡང་སྡུད་པ་ལས། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོགས་པ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྟ་བ་ལ་གཉིས་ལས། བདུད་རྩ་བྲལ་དུ་རྟོགས་པར་བྱ་བ་ནི། ཁྱུང་ཆེན་ཞེས་པ་ལ་སོགས་པ་ཚིག་རྐང་པ་བཅུ་གཅིག་སྟེ། དེ་ཡང་བདག་མེད་ཀྱི་དོན་དུ་འགྱུར་བར་བྱེད་པ་ལ། བདག་མེད་རྣམ་པ་གཉིས་རྟོགས་ཤིང་། སྙེམས་བྱེད་རང་སར་གྲོལ་བ་ལས། །བདུད་བཞི་རྩ་བྲལ་དུ་རྟོགས་ཤིང་ཕྱིར་མི་ལྡོག་པའི་རྟགས་ཐོབ་ནས། བདུད་ལས་རྣམ་པར་རྒྱལ་བར་འགྱུར་ཏེ། ཁྱུང་ཆེན་གྱི་དཔེ་ལྟར་རོ། །དེ་ལྟར་མ་རྟོགས་ན། སྤྱོད་པ་རྣམས་དོན་ཆུང་བར་འགྱུར་བ་ནི། སྡོང་པོའ་དཔེ་བཞིན་ནོ། །དེ་ལྟར་ཤེས་པས་ཆོད་པ་ནི། རྩ་བྲལ་ཞེས་པ་ལ་སོགས་ཚིག་རྐང་དྲུག་སྟེ། དེ་ཡང་དྲན་བྱུང་གི་རྣམ་པར་རྟོག་པ་བློ་བུར་བདེན་མེད་དུ་ཤེས་ན། སྤང་བྱ་དང་གཉེན་པོ་གཉིས་མེད་དུ་གྲོལ་བས། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་གྲོལ་ལོ་ཞེས་སོ། །གསུམ་པ་བསྒོམ་པ་ལ་གསུམ་ལས། དཔེའི་སྒོ་ནས་བསམ་དུ་མེད་པ་ནི། བཞག་ཐབས་ཅེས་པ་ལ་སོགས་ཚིག་རྐང་པ་བཅོ་ལྔ་སྟེ། དེ་ཡང་བདག་མེད་ཀྱི་དོན་ལ་མཉམ་པར་འཇོག་པ་ལ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་། བསམ་དུ་མེད་པ་ལྷ་ཁང་གི་སྡེར་

༧༠

སོ་ལྟ་བུ་དང་། བྱུང་ཚོར་གྱི་རྣམ་རྟོག་ཆོས་ཉིད་ཀྱི་དབྱིངས་སུ་ཡལ་བ་གློག་ལྟ་བུ་དང་། རྣམ་རྟོག་བྱུང་ཡང་ཆོས་ཉིད་ལས་མ་གཡོས་པ་ཆུ་རླབས་ལྟ་བུ་དང་། ཐམས་ཅད་ཡེ་ཤེས་ཀྱི་རོལ་པའི་དབྱིངས་སུ་མ་བཅོས་ལྷུག་པར་འཇོག་པའི་ཐབས་རྣམས་ཀྱིས། མཉམ་པར་བཞག་ཐབས་སུ་བསྟན་པའོ། །མ་བཅོས་ལྷུག་པར་བཞག་པ་ནི། བཅོས་བསླད་མི་བྱ་ཞེས་པ་ལ་སོགས་ཚིག་རྐང་དགུ་སྟེ། དེ་ཡང་ཡིད་ལ་མི་བྱེད་པའི་ངང་དུ་མཉམ་པར་འཇོག་པ་ལས། གཞན་རྣམ་རྟོག་གིས་བཅོས་འཆོས་པར་བྱེད་པ་བདུད་ཡིན་པས་ན། མ་བཅོས་ལྷུག་པར་བཞག་པར་བྱའོ། །དེ་ཡང་ཚོགས་དྲུག་ལྷུག་པའི་དཔེ། སྐྱེས་བུ་ནད་ཀྱིས་ཟིན་པ་ལྟ་བུ། བློ་བདེ་བ་ཟིན་པ་ལྟ་བུ། སྣང་ཡང་ནུས་པ་མེད་པ་བུ་ཆུང་གིས་མ་མ་མཐོང་བ་ལྟ་བུར་བཞག་པར་བྱའོ། །ཅེས་པའོ། །དྲན་རྟོག་བདེན་མེད་དུ་ཤེས་པས་མྱ་ངན་ལས་འདའ་བ་ནི། རིག་པ་ཞེས་པ་ལ་སོགས་ཚིག་རྐང་བཅུ་གཅིག་སྟེ། དེ་ཡང་རང་རིག་གཟུང་འཛིན་གྱི་རྣམ་རྟོག་དང་བཅས་པ་འདི་ཉིད་གཉན་ས་ཡིན་ཏེ། འདི་ཉིད་ཆོང་ནས་ཕྱི་རོལ་གྱི་གཉན་ས་རྣམས་ཀྱང་ཆོད་པར་འགྱུར་ཞིང་། གལ་ཏེ་ལས་དང་པོ་པ་ཅུང་ཟད་བག་ཚ་བ་རྣམས་ཀྱིས་ཀྱང་། གཟན་སྐྱུར་ལ་སོགས་པས་མ་ཆགས་པར་བྱ་ཞིང་། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངང་དུ་གནས་པར་བྱའོ། །དེ་ཡང་བཟང་ངན་གྱི་རྣམ་རྟོག་མི་འཇུག་པ། །གླེན་པ་ལྟོས་འགྲངས་པའི་དཔེ་བཞིན་བཞག་པས། དྲན་པ་མ་འཇིགས་ཤིང་འཁོར་བ་ལས་གྲོལ་ནས། མྱ་ངན་ལས་འདས་པ་འཐོབ་པར་འགྱུར་སྟེ། དེའི་དོན་བྱ་བརྩལ་མེད་པར་ཤེས་པར་གྱིས་ཅིག་པའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལས། །བསམ་དུ་མེད་ཅིང་ཡིད་ལ་བྱར་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅེས་པ་དང་། གཟུགས་ནི་ཤེས་རབ་མ་ཡིན་གཟུགས་ལ་ཤེས་རབ་མེད། རྣམ་ཤེས་ལ་སོགས་ཚོར་དང་སེམས་དཔའ་འདི་དག་ནི། ཤེས་རབ་མ་ཡིན་འདི་དག་ལ་ཡང་ཤེས་རབ་མེད། །

༧༡

འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་ཐ་དད་མེད། །ཅེས་གསུངས་སོ། །བཞི་པ་སྤྱོད་པ་ལ་གཉིས་ལས། ཉོན་མོངས་པ་དང་བྲལ་བའི་བརྟུལ་ཤུགས་ནི། སྤྱོད་པ་ཞེས་པ་ལ་སོགས་ཚིག་རྐང་བཅུ་གཉིས་ཏེ། དེ་ཡང་བདག་མེད་རྟོགས་པའི་སྐྱེས་བུ་རྣམས་ཀྱིས། སེམས་ཅན་གྱི་དོན་དུ་སྤྱོད་པ་རླབས་ཅན་སྟོན་པ་དང་། ལམ་རྣམ་རྟོག་གཅོད་པའི་སྤྱོད་པ་གཉིས་ལས། གང་ལྟར་ཡང་སྤྱོད་པའི་ཁྱད་པར་རྣམས་ནི། བརྟུལ་ཤུགས་ཆེ་ཡང་རྒྱུད་ལ་ཉོན་མོངས་པ་མེད་པ། ཁྲོ་བོའ་འབག་ལྟ་བུ། སྤྱོད་པ་ལ་འཛིན་ཆགས་མེད་པ་ཆུ་ལ་ཉ་འཕྱོ་བ་ལྟ་བུ་དང་། ཉོན་མོངས་རྗེས་མེད་པ་རླུང་རི་རྩིབས་འགྲིམ་པ་ལྟ་བུར་སྤྱད་པས། བརྟུལ་ཤུགས་ཀྱི་བར་ཆད་འདུལ་ཞིང་། ཞེ་འདོད་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་སྐད་དུ་ཡང་། སྡུད་པ་ལས། དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམ་ཐག་སྡུག་བསྔལ་ཡིད་མི་བདེ་ཉམས་ཆུད། །ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ནུར་གྱུར་ཞེས། །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་བསྲེག་ཅིང་སྐར་མདའ་གཏོང་། །གང་ཚེ་མཁས་པ་དེ་དག་བསམ་པ་དྲན་ལྡན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་བལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོའི་བྱ་ལྟར་རྒྱུ། །ནག་པོའ་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་བཤད་དོ། །སྤྱོད་པ་ཀློང་དུ་གྱུར་པསབས་ཐམས་ཅད་གྲོགས་སུ་བསྟན་པ་ནི། རང་གིས་ཞེས་པ་ལ་སོགས་པ་ཚིག་རྐང་བཅུ་གཅིག་སྟེ། གོང་དུ་བཤད་པ་ལྟར་བདག་མེད་ཀྱི་དོན་དུ་གྱུར་པའི་སྤྱོད་པ་དེ་དག་ཀྱང་། སྙེམས་བྱེད་བར་ཆད་མེད་པར་རང་བྱུང་དུ་སྤྱོད་དགོས་པ་ཅིག་ཡིན་ཏེ། གཟུང་འཛིན་དང་བཅས་པས་མ་ཡིན་ནོ། །དེ་ཡང་འཛིན་བཅས་ཀྱིས་བརྟགས་པས་འཁྲུལ་པབ་དང་ཁྱད་པར་མེད་དེ། རྨི་ལམ་དུ་སྡུག་བསྔལ་ཉམས་སུ་མྱོང་ཡང་། རང་གི་འཁྲུལ་རྟོག་ཡིན་ཞིང་། ལྷ་ལ་སོགས་པ་ཡང་རང་གིས་མངོན་ཞེན་དུ་བལྟས་པའོ། །

༧༢

དེ་ན་བཟང་ངན་ཐམས་ཅད་རང་གིས་འཛིན་པ་ཡིན་པས། རང་སྣང་རང་ལ་གནོད་པ་ཡིན་ཏེ། གཟུང་འཛིན་གྱིས་ཨ་འབྲས་སུ་བརྟགས་པའི་ཕྱིར་རོ། །རང་གིས་བདེན་མེད་དུ་རྟོགས་ན། ཡུལ་སྣང་འབྲེལ་མེད་ཀྱིས་གནོད་པར་མི་ནུས་ཏེ། རྒྱ་གར་གྱི་དུག་སྦྲུལ་བོད་ལ་མི་གནོད་པ་བཞིན་ནོ། །ལྔ་པ་འབྲས་བུ་ལ་གཉིས་ལས། དོན་རྟོགས་པས་འབྲས་བུ་བསྒྲུབ་ཏུ་མེད་པ་ནི། འབྲས་བུ་ཞེས་པ་ལ་སོགས་ཚིག་རྐང་དགུ་སྟེ། དེ་ཡང་བདག་མེད་མངོན་གྱུར་དུ་མཐོང་ཞིང་། སྙེམས་བྱེད་རང་སར་གྲོལ་བ་ལས། དོན་དེ་ལས་གཞན་པའི་སངས་རྒྱས་བསྒྲུབ་ཏུ་མེད་དེ། ཆོས་ཅན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་རྟོགས་པའི་ཕྱིར་རོ། །དེ་ལྟར་ཡང་། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཅེས་པ་དང་། སེམས་མེད་པ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པའོ། །ཅེས་འཕགས་པ་ལས་བཤད་པས། སེམས་བདེན་མེད་རང་བཞིན་འོད་གསལ་བ། དེ་རྟོགས་པས་སངས་རྒྱས་སུ་གྲུབ་སྟེ། གཟུང་འཛིན་གྱིས་དབེན་པའི་བདག་ཉིད་ཅན་དེ་ལས་གཞན་པའི་སངས་རྒྱས་བསྒྲུབ་ཏུ་མེད་དེ། དཔེར་ན་རྩི་མར་བཟང་པོ་མཐོང་ཟིན་གྱི་སྐྱེས་བུ་ལ། མར་ཞེས་བརྗོད་པས་དཀར་པོ་ལ་སོགས་པའི་རྣམ་པ་རྣམས་ཕྱིས་བསྒྲུབ་མི་དགོས་པར་བློའི་སྟེང་དུ་གྲུབ་པ་བཞིན། བདག་མེད་རྣམ་པ་གཉིས་མངོན་དུ་རྟོགས་པའི་གང་ཟག་ལ། སྐུ་དང་ཡེ་ཤེས་མཛད་པ་དང་ཕྲིན་ལས་གཞན་ནས་བཙལ་དུ་མེད་པའོ། །བདག་སངས་རྒྱས་སུ་ངེས་པ་ནི། སྙེམས་གྲོལ་ལ་སོགས་ཚིག་རྐང་བཞི་སྟེ། དེ་ཡང་གོང་དུ་བཤད་པ་ལྟར་རྟོགས་པས་བདུད་བཞི་དང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལས་རྒྱལ་ཞིང་རང་ཞི་བར་འགྱུར་རོ། །ཞེས་བསྟན་ཏེ། དེ་ཡན་ཆོད་ཀྱིས་མཐོང་བའི་ལམ་གྱི་སྤྱོད་པའི་བོགས་འདོན་དང་བཅས་པ་བཤད་ཟིན་ཏོ། །སྤྱི་དོན་གསུམ་པ་དཔེ་དང་བྲལ་བ་ལ་ལྔ་ལས། རིག་པ་འཁྲུལ་པ་ནི། མ་རིག་པ་ཡེ་ཤེས། །མ་

༧༣

བྱས་པ་གཞི། མི་བྱེད་པ་ལ་མ། མ་གྲུབ་ཕ་འབྲས་བུའོ། །དང་པོ་ལ་གཉིས་ལས། རང་བཞིན་འཁྲུལ་པ་ནི། རིག་མེད་ཞེས་པ་ལ་སོགས་པ་ཚིག་རྐང་པ་གཉིས་ཏེ། དེ་ཡང་ཆོས་ཉིད་གཟུང་ཡུལ་དུ་མ་གྲུབ་པ་དེ། སྣང་བ་ཙམ་ལ་ངེས་པར་ཞེན་པའི་བློས། རིག་བྱ་རིག་བྱེད་ལ་སོགས་པ་སྣ་ཚོགས་སུ་བརྟགས་པས། གཟུང་འཛིན་དུ་གྱུར་པ་ནི་འཁྲུལ་པའོ་ཞེས་པའོ། །གྲུབ་མཐའ་ལ་ལྟོས་ཏེ་འཁྲུལ་པ་ནི། དབྱེར་མེད་ཅིག་ལ་ཞེས་པ་ལ་སོགས་ཚིག་རྐང་ཉི་ཤུ་རྩ་གཉིས་ཏེ། དེ་ཡང་བདག་མེད་ཀྱི་དོན་ལ་ཐ་དད་དུ་མེད་ཀྱང་། རིག་མ་རིག་ལ་བརྟེན་ནས། སངས་རྒྱས་དང་སེམས་ཅན་བྱུང་བ་ཡིན་ཏེ། དེ་ཡང་གཟུང་འཛིན་མ་རིག་པ་འཁྲུལ་བ་ནི། ཆུ་དང་གསེར་དང་ནམ་མཁའ་ལྟར་ཅེས་པས། །ལྷན་ཅིག་སྐྱེས་པའི་མ་རིག་པས་རྐྱེན་བྱས་ཤིང་། སེམས་ཅན་དུ་འཁྲུལ་པ་ཡིན་ཏེ། དེ་ཡང་རང་གིས་དེ་ཉིད་མ་རྟོགས་པ་ལས་བྱུང་ཞེས་པ་དང་། ལོག་པར་རྟོག་པའི་ཕྱི་རོལ་པ། ལྟ་བ་ལོག་པ་དཔག་མེད་ལས་ཀྱང་། མདོར་བསྡུས་པས་ཆད་པ་བ། སྔ་ཕྱིའི་རྒྱུ་འབྲས་ཀྱང་མེད་ཅིང་། ཕྱི་མའང་མེད་པར་འཛིན་པ་རྣམས་ཀྱང་འཁྲུལ་ལ། བདག་རྟག་པ་དང་། གཅིག་པུ་རང་དབང་ཅན། འགྱུར་མེད་ལ་སོགས་པའི་ལྟ་བ་རྣམས་དང་། ཉན་ཐོས་པས་གཟུང་བ་རྡུལ་ཕྲན་དང་། འཛིན་པ་སྐད་ཅིག་ཆ་མེད་དོན་དམ་དུ་འདོད་པ་དང་། རང་རྒྱལ་གཟུང་བ་མེད་ཅིང་འཛིན་པ་དོན་དམ་དུ་སྨྲ་བ་དང་། སེམས་ཙམ་པ་གཟུང་འཛིན་གཉིས་མེད་ཀྱི་རང་རིག་དོན་དམ་དུ་རྟོག་པ་དང་། སེམས་ཙམ་རྣམ་བདེན་པས་དཀར་དམར་ལ་སོགས་པའི་རྣམ་པར་སྣང་བ་རྣམས་ཤེས་པ་ཉིད་དུ་བདེན་པར་འདོད་ཅིང་། རྣམ་བརྫུན་པས་རྣམ་པ་དེ་རྣམས་རྫུན་ཡང་། རྣམས་མེད་ཀྱི་ཤེས་པ་བདེན་པར་འདོད་པ་རྣམས་ཀྱང་འཁྲུལ་པ་སྲབ་མཐུག་ལས་རྣམ་རྟོག་གི་དྲ་བ་ལས་མ་འདས་ཞེས་པའོ། །གཞན་ཡང་དབུ་མ་པ་སྤྲོས་པའི་མཐའ་བརྒྱད་དང་བྲལ་

༧༤

བ་ཡིན་ནོ། །ཞེས་ཚིག་གི་རྗེས་སུ་འབྲང་བ་དང་། གསང་སྔགས་ཀྱི་ཕ་རྒྱུད་རྩ་རླུང་ལ་བརྟེན་ནས་ཉམས་མྱོང་བདེ་གསལ་སྐྱེས་པ་བདེ་ཆེན་དུ་འདོད་པ་དང་། མ་རྒྱུད་པ་བདེ་སྟོང་གི་ཡེ་ཤེས་ཐབས་དང་ཤེས་རབ་ཏུ་འདོད་པ་དང་། གཉིས་ཀའི་མཐར་ཐུག་ཕྱག་རྒྱ་ཆེན་པོ་ཞེས་ཁ་ཅིག་བློ་འདས་སུ་འདོད་པ་དང་། རྫོགས་ཆེན་པ་ཁ་ཅིག་ཀུན་རྫོབ་ཀྱི་བདེན་པའང་ཆོས་ཉིད་དུ་འདོད་པ་དང་། གཞན་ཡང་དེ་ལ་སོགས་པ་གྲུབ་མཐའི་འདོད་པ་ཡོད་པ་ཐམས་ཅད་ཀྱིས་བདག་མེད་ཀྱི་དོན་མཐོང་བར་མི་འགྱུར་ཏེ། གྲུབ་མཐའི་འཛིན་པ་དང་བཅས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཏེ་ལོ་པས། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བ་མདོ་སྡེ་མངོན་པ་ལ་སོགས་པ། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །ཞེས་བཤད་པ་ལྟར། ཡུལ། ཡུལ་ཅན་དུ་རིག་པའི་དོན་དེ་མ་ཡིན་ལ། ཡུལ། ཡུལ་ཅན་བདེན་མེད་དུ་གྱུར་པས། རིག་བྱ་རིག་བྱེད་གཉིས་མེད་དུ་གྱུར་པ་ནི། ཆོས་ཉིད་དེ་བཞིན་ཉིད་ཡིན་ནོ་ཞེས་པའོ། །གཉིས་པ་མ་རིག་པ་ཡེ་ཤེས་ལ་གཉིས་ལས། གཏི་མུག་ཡེ་ཤེས་སུ་བསྒྱུར་བ་ནི། དེ་བས་རིག་མེད་ལ་སོགས་ཚིག་རྐང་དྲུག་སྟེ། དེ་ཡང་གཉིད་དང་སྣང་བ་བར་མཚམས་མེད་པར་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྱུར་ན། སྙེམས་བྱེད་རང་སར་གྲོལ་ཞིང་ཡུལ་སྣང་གི་འཁྲུལ་པ་ཡེ་ཤེས་སུ་ཤར་བ་ནི། སངས་རྒྱས་དངོས་པོ་ཞེས་པའོ། །ཅི་ཤར་རང་བྱུང་དུ་བསྟན་པ་ནི། རིག་པ་ཞེས་པ་ལ་སོགས་ཚིག་རྐང་ལྔ་སྟེ། དེ་ཡང་རིག་བྱ་རིག་བྱེད་བདེན་མེད་དུ་ཤེས་པས། ཡུལ། ཡུལ་ཅན་གྱི་འཛིན་པ་རང་དག་ལ། མཛད་པ་དང་ཕྲིན་ལས་ཆེད་དུ་བྱས་པ་མ་ཡིན་ལ་རང་བྱུང་དུ་བྱུང་བ་ཡིན་པས། དེ་ལྟ་བུའི་དོན་མངོན་དུ་གྱུར་ཚེ། ནམ་དུ་ཡང་ཨ་འཐས་སུ་སྤྱོད་པ་མ་ཡིན་ནོ། །ཞེས་སོ། །གསུམ་པ་མ་བྱས་པ་གཞི་ལ་གཉིས་

༧༥

ལས། སངས་རྒྱས་ཀྱིས་མ་བྱས་པ་ནི། ཡང་དག་དོན་གྱི་ལ་སོགས་ཚིག་རྐང་བཞི་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དདེ་ཉིད། འཁོར་འདས་ཀུན་གྱི་གཞི་ཡང་ཡིན་ལ། ཡེ་ནས་སྟོང་ཞིང་བདག་མེད་པས་འགྱུར་བ་མེད་པར་གནས་སོ། །དེ་སྐད་དུ་ཡང་། སྡུད་པ་ལས། གང་དག་འདས་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་མགོན། །རིགས་སྔགས་འདི་བསླབ་སྨན་པའི་རྒྱལ་པོ་བླ་མེད་འགྱུར། །གང་དག་ཕན་དང་སྙིང་རྗེར་བཅས་པ་སྤྱད་སྤྱོད་པ། །རིགས་སྔགས་འདི་ལ་བསླབ་ནས་མཁས་པ་བྱང་ཆུབ་རེག །འདུས་བྱས་བདེ་དང་འདུས་མ་བྱས་བདེ་གང་ཡིན་པ། །བདེ་བ་དེ་ཀུན་འདི་ལས་བྱུང་བ་རིག་པར་བྱ། །ཅེས་སོ། །འཛིན་པས་མི་རྟོགས་པ་ནི། མ་བྱས་ཞེས་པ་ལ་སོགས་ཚིག་རྐང་བཞི་སྟེ། གོང་དུ་བརྗོད་པ་ལྟ་བུའི་འདུས་མ་བྱས་དེ། སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བས་གཞི་ཞེས་བརྗོད་པ་ཡིན་པས། གཞན་གོལ་ས་ཐམས་ཅད་ཆོད་ཅིག་ཅེས་པའོ། །བཞི་པ་མི་བྱེད་པ་ལམ་ལ་གཉིས་ལས། །མུ་བཞི་བདེན་མེད་དུ་རྟོགས་པ་ནི། མ་བྱས་ཞེས་པ་ལ་སོགས་པ་ཚིག་རྐང་བདུན་ཏེ། གང་ལྟར་འདུས་མ་བྱས་དེ་ལ་བདེན་པ་མཐོང་བའི་སྐྱེས་བུ་རྣམས་ཀྱིས་མི་བྱེད་པ་ལམ་དུ་འགྲོ་བ་ཡིན་ཏེ། སྣང་བ་མཐའ་དག་བདེན་མེད་དུ་བཤིག་པས། །སྟོང་འཛིན་གྱི་བློ་རང་སར་དག་པ་ནི། རྟག་ཆད་བདེན་མེད་དུ་གྲོལ་བས། སྟོང་པ་དང་སྙིང་རྗེ་ཟུང་འཇུག་གི་ལམ་དུ་འགྱུར་རོ། །སྣང་བ་དང་སྣང་མེད་ཡིད་ལ་མ་བྱས་པས། ཁམས་གོང་མ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒྲིབ་པ་རང་སར་དག་ནས། བསྒོམ་ལམ་དུ་ཤེས་བྱའི་སྒྲིབ་པ་དག་པར་འགྱུར་རོ། །དོན་རྟོགས་པས་འཁོར་བ་ལས་གྲོལ་བ་ནི། གཟུགས་དང་ཞེས་པ་ལ་སོགས་ཚིག་རྐང་བཅུ་གསུམ་སྟེ། དེ་ཡང་གཟུགས་སོགས་ཕུང་པོ་དང་། ཁམས་

༧༦

དང་སྐྱེ་མཆེད་ལ་སོགས་པ། བདེན་མེད་དུ་གྲོལ་བས་ཁམས་གསུམ་ལས་གྲོལ་ཞིང་། གང་ཡང་ཡིད་ལ་མ་བྱས་པས། སྒྲིབ་གཉིས་རང་དག་པ་ནི་སངས་རྒྱས་ཉིད་ཡིན་ལ། ས་ལམ་རྫོགས་པར་འགྱུར་ཞིང་། ཡིད་ལ་མི་བྱེད་པ་ལམ་དུ་འགྱུར་ཏེ། །ཤེས་རབ་ཉམས་སུ་བླངས་པའི་ཕྱིར་རོ། །འཕགས་པ་ལས་ཀྱང་། ཆོས་ཐམས་ཅད་ཡིད་ལ་མི་བྱེད་པ་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པ་ཉིད་དོ། །ཞེས་བཤད་པ་དང་། གཞན་ཡང་ཡིད་ཀྱི་འགྱུ་བྱེད་བདེན་མེད་དུ་གྲོལ་ན་དགག་མི་དགོས་ཏེ། རྩོལ་བ་དང་བྲལ་བའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་བསྒོམ་པའི་ལམ་ཅུང་ཟད་ཙམ་བཤད་དོ། །ལྔ་པ་འབྲས་བུ་ལ་བཞི་ལས། བློ་ཆུང་བ་ལ་དྲང་ཐབས་སུ་བསྟན་པ་ནི། མ་གྲུབ་ཅེས་པ་ལ་སོགས་ཚིག་རྐང་ལྔ་སྟེ། དེ་ཡང་ཡོད་མེད་དང་། སྐྱེ་འགག །འགྲོ་འོང་། རྟག་ཆད་ལ་སོགས་པ་གང་དུ་ཡང་མ་གྲུབ་པའི། བདེན་མེད་ངོ་བོ་ཉིད་ཀྱི་སྐུ་ལ་འབྲས་བུར་གསུངས་པ་དང་། གཞན་ཡང་སྐུ་གསུམ་དུ་བསྟན་པ་ལ་སོགས་པ། སྨོན་ལམ་གྱི་སྟོབས་ཀྱིས་གདུལ་བྱ་ལ་སྣང་བར་ཟད་མོད་ཀྱིས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པ་ཡང་། དོན་གནས་ལུགས་ཀྱི་སྟེང་དུ་ངེས་པར་སྣང་བདེན་དུ་གྲུབ་པ་རྡུལ་ཙམ་ཡང་མེད་དོ། །དེ་ཡང་རྒྱུད་བླ་མ་ལས། ཅི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་ལྟར་སྣང་། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང་། །ཞེས་བཤད་པའི་ཕྱིར་རོ། །གྲུབ་རྒྱུ་དོན་མེད་ནི། གྲུབ་ན་ཞེས་པ་ལ་སོགས་ཚིག་རྐང་པ་བརྒྱད་དེ། །དེ་ཡང་དོན་དམ་ལ། སྐུ་དང་ཡེ་ཤེས་ཐ་དད་དུ་གྲུབ་ན། འཁོར་བའི་ཕ་རོལ་འདའ་བར་མི་ནུས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བློ་ཡུལ་དུ་བྱར་མེད་པའི་ཕྱིར་རོ། །ཡང་གལ་ཏེ་བློའམ་ཡུལ་དུ་གྲུབ་ན། བློ་འཁྲུལ་པ་ཡིན་པས། གྲུབ་འདོད་ཀྱི་རྩོལ་བ་རྣམས་ཀྱིས་མྱ་

༧༧

ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ། །དེ་ལྟར་ཡང་སྡུད་པ་ལས། འཇིག་རྟེན་མཁྱེན་པའི་ཤེས་རབ་དེ་ཡང་ཕ་མཐའ་མེད། །སེམས་ཅན་རང་བཞིན་གང་ཡིན་དེ་ཡང་ཕ་མཐའ་མེད། །ཅེས་པ་དང་། འདུ་ཤེས་ཚུ་རོལ་ཡིན་ཞེས་འདྲེན་པས་ཡོངས་སུ་བསྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་པ་ཕ་རོལ་འགྲོ། །ཅེས་གསུངས་སོ། །བློ་མ་གྲོལ་ན་དོན་མེད་པ་ནི། ཆོས་ཀྱི་ཞེ་ན་བློ་ཞེས་པ་ལ་སོགས་པ་ཚིག་རྐང་བརྒྱད་དེ། གོང་དུ་བཤད་པའི་འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱེད་པ་ལ། ཞེན་བློ་དང་བྲལ་བ་ཅིག་དགོས་ཏེ། ཞེན་པའི་དབང་གིས་ཆོས་སྤྱོད་པ་ནི། འཆིང་བར་བྱེད་མཁན་ཉིད་ཡིན་ལ། སངས་རྒྱས་ནི་འདུས་མ་བྱས་པ་ཡིན་པས། རྩོལ་བཅས་ཀྱི་འཛིན་པ་རྣམས་ཤིག་ཅིག་ཅེས་པའོ། །འཛིན་མེད་རྟོགས་ན་སྐུ་གསུམ་དུ་བསྟན་པ་ནི། ལུས་ལ་འཛིན་ཅེས་པ་ལ་སོགས་པ་ཚིག་རྐང་ལྔ་སྟེ། དེ་ཡང་རྣལ་འབྱོར་པ་བདག་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས། བདག་འཛིན་རང་སར་དག་ཅིང་། གཟུང་ཡུལ་སྐུ་དང་ཡེ་ཤེས་སུ་རྒྱས་པའི་ཚེ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དང་ཐ་དད་མེད་པར་འགྱུར་བས། ལམ་རྣམས་ཀྱང་འཛིན་མེད་འོད་གསལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མ་གཏོགས་པ། རྒྱལ་བའི་དགོངས་པ་གཞན་ནས་བརྩལ་དུ་མེད་དེ། སྐུ་གསུམ་དབྱེར་མེད་དུ་རྟོགས་པའི་ཕྱིར་རོ། །དེ་ཡན་ཆོད་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་བོགས་འདོན་ལམ་རྣམ་པ་ལྔ་དང་སྦྱར་ནས་བཤད་ཟིན་ཏོ། །མཇུག་གི་དོན་ལ་གཉིས་ལས། མཚན་དོན་གྱི་སྒོ་ནས་བསྟན་པ་ནི། ཨེ་མ་ཧོ། །ཞེས་པ་ལ་སོགས་ཚིག་རྐང་གསུམ་སྟེ། དེ་ཡང་རྣམ་རྟོག་གཅོད་ཅིང་འགྱུར་བ་མེད་པ་བཤད་པའི་ཚོམ་སུ་བསྟན་པས་གོ་སླའོ། །ནན་ཏན་དུ་ཉམས་སུ་བླང་ཐབས་བསྟན་པ་ལ་བཞི་ལས། བློ་དང་བྲལ་བ་ནི། ནན་ཏན་ཞེས་པ་ལ་སོགས་ཚིག་རྐང་གསུམ་སྟེ། དེ་ཡང་དུས་ཐམས་ཅད་

༧༨

དུ་དམིགས་པའི་ཡུལ་མཐའ་དག་དང་བྲལ་བའི་དོན་དེ་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག་ཅེས་པའོ། །གདམས་པ་ཁྱད་པར་ཅན་ནི། གཉན་ས་ལ་སོགས་ཚིག་རྐང་ལྔ་སྟེ། དེ་ཡང་ལས་དང་པོ་པ་རྣམས་གཉན་ས་ལ་སོགས་གཅོད་པའི་དུས་སུ་འཇིགས་པ་དང་བག་ཚ་བ་ལ་སོགས་པ་རྣམས་ལ། རབ་ཀྱིས་སྟོང་ཉིད། འབྲིང་གིས་ལུས་སེམས་དང་བྲལ་བ། ཐ་མས་ཟན་བསྐྱུར་ལ་སོགས་པས། འཛིན་མེད་དུ་སྤྱད་པས། སླར་བར་ལ་གཅོད་པར་འགྱུར་རོ། །ཞེས་སོ། །ཁལ་དུ་ཁེལ་ན་ལྟ་བ་ཡིན་པ་ནི། རྐྱེན་སྣང་ལ་སོགས་ཚིག་བཞི་སྟེ། དེ་ཡང་ཆོས་རྒྱུད་ཐོག་ཏུ་མ་ཁེལ་ན། ཞི་བདེ་ཙམ་གྱིས་གྲོལ་བར་མི་ནུས་པས། གདམས་པ་འདི་ནི་རྐྱེན་སྣང་ཁལ་དུ་འགྲེལ་བའི་གནད་ཡིན་པས་ཤེས་པར་གྱིས་ཤིག་པའོ། །རི་ཁྲོད་འགྲིམ་པ་གལ་ཆེ་བ་ནི། གཉན་སར་ཞེས་པ་ལ་སོགས་པ་ཚིག་རྐང་བཞི་སྟེ། དེ་ཡང་གདམས་ངག་ཐོབ་པའི་སྐྱེས་བུ་རྣམས། འདོད་ཡོན་གྱི་རོ་ལ་མ་ཆགས་པར། གཉན་ས་དང་རི་ཁྲོད་ལ་སོགས་པ་རྣམས་འགྲིམ་ཤིག་དེ་དག་ཏུ་ཕྱིན་ནས་ཀྱང་། གདམས་པ་རྣམས་དཔེ་དང་ཚིག་ཏུ་བཞག་ཅིང་དོན་མ་བསྒོམས་ན། བྱིན་རླབས་མི་འཇུག་ཅིང་ཚིག་དྲེད་ཅན་དུ་འགྱུར་བ་ཡིན་པས། དེ་བས་དབེན་པར་ཉམས་སུ་ལོངས་ཤིག །ཅེས་པའོ། །འདི་ལྟར་བཤད་པའི་གདམས་པ་རྣམས། ལྟ་བ་དང་། སྤྱོད་པ་ཟུང་འཇུག་གི་བོགས་འདོན་ཡིན་ཏེ། སྐྱེས་བུ་ལས་དང་པོ་བ་ནས། བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ལྟ་སྤྱོད་ཟུང་འཇུག་ཏུ་འཁྱེར་བ་འདི་ནི་གདམས་པ་ཟབ་པ་སྟེ། དེ་ཡང་མ་ཅིག་གི་བཞེད་པས། བླ་མའི་མན་ངག་གདེངས་ལྡན་གྱིས། རྣམ་རྟོག་དག་ལ་ཐོག་རྫིས་བྱ། ཞེས་གསུངས་པས། བདག་མེད་རྟོགས་པའི་སྤྱོད་པ་སྣ་ཚོགས་སུ་

༧༩

སྟོན་ཡང་འཛིན་པ་མེད་པ་ནི་དེ་ཉིད་ཀྱི་ལམ་དུ་འགྱུར་བས། སྟོང་པ་དང་སྙིང་རྗེ་ཟུང་འཇུག་ཏུ་ཉམས་སུ་ལེན་པ་གཅེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་ངག །བདུད་ཀྱི་གཅོད་ཡུལ་བཀའ་ཚོམས་ཆེན་མོའ་རྣམ་པར་བཤད་པ། སྙིགས་དུས་ཀྱི་བསམ་གཏན་པ་རྣམས་ཀྱི་གཙོ་བོ་ཐེག་པ་ཆེན་པོའ་མདོ་སྡེ་ལ། རྣམ་དཔྱོད་ཀྱི་བློ་དང་ལྡན་པའི་རང་བྱུང་རྡོ་རྗེ་ཞེས་བྱ་བས་སྦྱར་བ་རྫོགས་སོ། །

༄། །བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་བསྡུས་དོན་གྱི་ཚིགས་སུ་བཅད་པ་བཞུགས་སོ༎ ༎

༦༣བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་བསྡུས་དོན་གྱི་ཚིགས་སུ་བཅད་པ་བཞུགས་སོ།།
༦༤ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་བསྐོང་བའི་གསུང་། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། ། ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ། །ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག །རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བསྣམས་ནས། །གྲངས་མེད་ཞིང་དུ་སྤྲུལ་བས་རྣམ་རོལ་བ། །མི་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། །ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོའ་ལྟ་བ་རྒྱ་ཆེན་སྤྱོད་བའི་ལམ། །མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི། །གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སྐལ་བཟང་ཐར་བར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་སྤྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། ༈ །འཛམ་གླིང་མཁས་པ་ཡོངས་ཀྱི་བཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ལ་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་རྒུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་བོ་སྟེ།
༦༥གཞུང་བཟང་སྟོང་གི་ཆུ་བོ་འདུས་པའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོ་འང་ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའ་གཡངས་ལས་ཀྱང་བསྲུང་། །དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི། །སྐལ་ལྡན་དུ་མས་བསྟེན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཡིད་རབ་མི་འཕྲོག་དཔྱད་ལྡན་སུ་ཞིག་ཡོད། ༈ །གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང་། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་ཚོགས། །རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། ༈ །དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིགས་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པར། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱོད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། ༈ །དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་
༦༦ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པ་དགོས། །རྣལ་འབྱོར་ངས་ཀྱང་། ཐར་འདོད་ཁྱེད་ཀྱང་ཚིག་རྐང་འདི་གཉིས་ཕྱིན་ཆད་ཀུན་ལའང་འགྲེ། ༈ །ཤི་ནས་ངན་འགྲོར་མི་སྐྱེའི་གདིང་མེད་ཅིང་། །དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། །དེ་ཕྱིར་སྐྱབས་འགྲོ་ཤིན་ཏུ་བརྟན་པ་དང་། །དེ་ཡི་བསླབ་བྱ་ཉམས་པ་མེད་པར་བྱ། །དེ་ཡང་དཀར་ནག་ལས་འབྲས་ལེགས་བསམ་ནས། །བླང་དོར་ཚུལ་བཞིན་སྒྲུབ་ལ་རག་ལས་སོ། །རྣལ་འབྱོར །ཐར་འདོད །ལམ་མཆོག །སྒྲུབ་ལ་མཚན་ཉིད་ཚང་བའི་རྟེན། །མ་རྙེད་བར་དུས་ཚོད་མི་འོང་བས། །དེ་ཡི་མ་ཚང་མེད་པའི་རྒྱུད་ལ་བསླབ། །སྒོ་གསུམ་སྡིག་ལྟུང་དྲི་མ་མས་སྦགས་པ་འདི། །ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །རྒྱུན་དུ་སྟོབས་བཞི་ཚང་བ་བརྟེན་པ་གཅེས། །རྣལ་འབྱོར །ཐར་འདོད ༈ །སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། །ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང་། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམ་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །སྲིད་ལས་ངེས་འབྱུང་སྐྱོ་ཤས་བརྟེན་པ་དང་། །འཁོར་བར་གང་གིས་བཅིངས་པ་ཤེས་པ་གཅེས། །རྣལ་འབྱོར། །ཐར་འདོད། ༈ སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། །ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར། །དེ་ལྟར་ཤེས་ནས་རྒྱལ་སྲས་དབང་བོ་རྣམས། །རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན། །རྣལ་འབྱོར། །ཐར་འདོད། །སྦྱིན་པ་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར། །སེར་སྣའི་མདུད་པ་གཅོད་པའི་མཚོན་ཆ་མཆོག །མ་ཞུམ་སྙིང་སྟོབས་བསྐྱེད་པའི་རྒྱལ་སྲས་
༦༧སྤྱོད། །སྙན་པའི་གྲགས་པ་ཕྱོགས་བཅུར་སྒྲོགས་པའི་གཞི། །དེ་ལྟར་ཤེས་ནས་ལུས་དང་ལོངས་སྤྱོད་དགེ། །ཡོངས་སུ་གཏོང་བའི་ལམ་བཟང་མཁས་པས་བསྟེན། །རྣལ་འབྱོར །ཐར་འདོད །ཚུལ་ཁྲིམས་ཉེས་སྤྱོད་དྲི་མ་འཁྱུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བའི་ཟླ་བའི་འོད། །སྐྱེས་དགུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །དེ་ལྟར་ཤེས་ནས་ཡང་དག་བླངས་པའི་ཁྲིམས། །དམ་པ་རྣམས་ཀྱིས་མིག་བཞིན་བསྲུང་བར་མཛོད། །རྣལ་འབྱོར །ཐར་འདོད །བཟོད་པ་སྟོབས་ལྡན་རྣམས་ལ་རྒྱན་གྱི་མཆོག །ཉོན་མོངས་གསང་བའི་དཀའ་ཐུབ་ཀུན་གྱི་ཕུལ། །ཞེ་སྡང་ལག་འགྲོའི་དགྲ་ལ་ནམ་མཁའ་ལྡིང་། །ཚིག་རྩུབ་མཚོན་ལ་སྲ་བའི་གོ་ཆ་ཡིན། །དེ་ལྟར་ཤེས་ནས་བཟོད་མཆོག་གོ་ཆ་ལ། །རྣམ་པ་སྣ་ཚོགས་ཚུལ་གྱིས་བསྒོམས་པར་མཛད། །རྣལ་འབྱོར། །ཐར་འདོད་་མི་ལྡོག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །ལུང་རྟོགས་ཡོན་ཏན་ཡར་ངོའ་ཟླ་བཞིན་འཕེལ། །སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར། །གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ། །དེ་ལྟར་ཤེས་ནས་ལེ་ལོ་ཀུན་སེལ་བའི། །རླབས་ཆེན་བརྩོན་འགྲུས་རྒྱལ་སྲས་རྣམས་ཀྱིས་བརྩམས། །རྣལ་འབྱོར །ཐར་འདོད །བསམ་གཏན་སེམས་ལ་དབང་སྒྱུར་རྒྱལ་བོ་སྟེ། །བཞག་ན་གཡོ་མེད་རི་ཡི་དབང་བོ་བཞིན། །བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག །ལུས་སེམས་ལས་སུ་རུང་བའི་བདེ་ཆེན་འདྲེན། །དེ་ལྟར་ཤེས་ནས་རྣལ་འབྱོར་དབང་བོ་རྣམས། །རྣམ་གཡེང་དགྲ་འཇོམས་ཏིང་འཛིན་རྒྱུན་ཏུ་དུབསྟེན། །རྣལ་འབྱོར །ཐར་འདོད །ཤེས་རབ་ཟབ་མོའ་དེ་ཉིད་བལྟ་བའི་མིག །སྲིད་པའི་རྩ་བ་དྲུང་ནས་འབྱིན་པའི་ལམ། །གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར། །གཏི་མུག་མུན་སེལ་སྒྲོན་མེའི་མཆོག་ཏུ་
༦༨གྲགས། །དེ་ལྟར་ཤེས་ནས་ཐར་འདོད་མཁས་པ་ཡིས། །ལམ་དེ་འབད་པ་དུ་མས་བསྐྱེད་པར་མཛད། །རྣལ་འབྱོར །ཐར་འདོད །རྩེ་གཅིག་བསམ་གཏན་ཙམ་ལས་འཁོར་བ་ཡི། །རྩ་བ་གཅོད་པའི་ནུས་པ་མ་མཐོང་ཞིང་། །ཞི་གནས་ལམ་དང་བྲལ་བའི་ཤེས་རབ་ཀྱིས། །ཇི་ཙམ་དཔྱད་ཀྱང་ཉོན་མོངས་མི་ལྡོག་པས། །ཡིན་ལུགས་ཕུག་ཐག་ཆོད་པའི་ཤེས་རབ་དེ། །གཡོ་མེད་ཞི་གནས་རྟ་ལ་བསྐྱོན་ནས་ནི། །མཐའ་བྲལ་དབུ་མའི་རིག་པའི་མཚོན་རྣོན་གྱིས། །མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པའི། །ཚུལ་བཞིན་དཔྱོད་པའི་ཡངས་པའི་ཤེས་རབ་ཀྱིས། །དེ་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད། །རྣལ་འབྱོར །ཐར་འདོད །རྩེ་གཅིག་བསྒོམས་པས་ཏིང་འཛིན་འགྲུབ་པ་ནི། །སྨོས་པར་ཅི་འཚལ་ཚུལ་བཞིན་དཔྱོད་པ་ཡི། །སོ་སོར་རྟོག་པ་ཡིས་ཀྱང་ཡིན་ལུགས་ལ། །གཡོ་མེད་ཤིན་ཏུ་བརྟན་པར་གནས་པ་ཡི། །ཏིང་འཛིན་བསྐྱེད་པར་མཐོང་ནས་ཞི་ལྷག་གཉིས། །ཟུང་འབྲེལ་སྒྲུབ་ལ་བརྩོན་རྣམས་ཡ་མཚན་ནོ། །རྣལ་འབྱོར། །ཐར་འདོད། །མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་བ་གཉིས། །བསྒོམས་ནས་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིས། །རྒྱལ་སྲས་སྤྱོད་པའི་ཕ་རོལ་འགྲོ་བ་བསྔགས། །དེ་ལྟར་རྟོགས་ནས་ཕྱོགས་རེའི་ལམ་གྱིས་ནི། །ཚིམ་པ་མེད་པ་སྐལ་བཟང་རྣམས་ཀྱི་ལུགས། །རྣལ་འབྱོར །ཐར་འདོད ༈ །དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི། །ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ། །ཇི་བཞིན་དཔྱད་ནས་མཁས་པའི་དེད་དཔོན་གྱི། །མགོན་ལ་བརྟེན་ནས་རྒྱུད་སྡེ་རྒྱ་མཚོ་ཆེར། །ཞུགས་ནས་ཡོངས་རྫོགས་མན་ངག་བརྟེན་པ་དེས། །དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱས། །རྣལ་འབྱོར །ཐར་འདོད ༈ །རང་གི་ཡིད་ལ་གོམས་པར་བྱ་ཕྱིར་དང་། །སྐལ་བཟང་གཞན་ལའང་
༦༩ཕན་པར་བྱ་བའི་ཕྱིར། །རྒྱལ་བ་དགྱེས་པའི་ཡོངས་སུ་རྫོགས་པའི་ལམ། །གོ་སླའི་ངག་གིས་བཤད་པའི་དགེ་བ་དེས། །འགྲོ་བ་ཀུན་ཀྱང་རྣམ་དག་ལམ་བཟང་དང་། །འབྲལ་མེད་གྱུར་ཅིག་ཅེས་ནི་སྨོན་ལམ་འདེབས། །རྣལ་འབྱོར་ངས་ཀྱང་སྨོན་ལམ་དེ་ལྟར་བཏབ། །ཐར་འདོད་ཁྱེད་ཀྱང་དེ་བཞིན་འདེབས་འཚལ་ལོ། །ཞེས་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་གྱི་རྣམ་བཞག་མདོར་བསྡུས་ཏེ་བརྗོད་པ་རང་བྱས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་བློ་བཟང་གྲགས་པའི་དཔལ་གྱིས། །འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ།། །། ༈ །འདི་ཉིད་བཤེར་སྒོམ་གྱི་ཚུལ་དུ་ངག་འདོན་བགྱིད་པའི་ཚེ། །རྣལ་འབྱོར་ངས་ཀྱང་སོགས་ཚིག་རྐང་གཉིས་ལ། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་བསྒྱུར་ནས་བརྗོད་པ་གསུང་རྒྱུན་ལས་འབྱུང་ངོ་། །མངྒ་ལཾ།། །། །།

༈ ཐུགས་རྗེ་ཆེན་པོའི་དམར་ཁྲིད་དཔལ་མོ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་མྱུར་ལམ་བཞུགས་སོ། །

༢༢ ༈ །།ཐུགས་རྗེ་ཆེན་པོའ་དམར་ཁྲིད་དཔལ་མོ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་མྱུར་ལམ་བཞུགས་སོ། །ༀ་སྭ་སྟི་སིདྡྷི། འཕགས་མཆོག་སྙིང་རྗེའི་ཟླ་བ་ནི། །དད་བརྒྱའི་གཙུག་གིས་རྟག་མཆོད་
༢༣ ནས། །གང་དེའི་རྣལ་འབྱོར་གྲུབ་པའི་ཕུལ། །དཔལ་མོའ་བཞེད་གཞུང་སྙིང་པོ་འབྲི། །འདི་ལ་གཉིས། ཐུན་དངོས་ལ་ཇི་ལྟར་བྱ་བའི་ཚུལ་དང་། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་བཏབ་སྟེ། སངས་རྒྱས་ཆོས་ཚོགས་སོགས་སྐྱབས་སེམས་དང་། སྤྲོ་ན། འཕགས་པ་སྤྱན་རས་གཟིགས་དབང་དང་། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། སོགས་ཡན་ལག་བདུན་པ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། དངོས་གཞི་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་མོ། །དང་པོ་ནི། རང་ཐ་མལ་དུ་གནས་པའི་སྙིང་གར་ཨ་དཀར་པོ་འོད་ཟེར་འབར་བ། དེ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་གཟུང་བྱའི་ཡུལ་དང་བྲལ་བའི་རང་རིག་པའི་ངོ་བོ་པད་ཟླའི་གདན་ལ་ས་བོན་ཧྲཱིཿདཀར་པོ་ལས་པདྨ་ཧྲཱིཿས་མཚན་པ། །དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་དཀར་
༢༤ པོའ་ཕྲེང་བ་དང་། གཡོན་འོག་མས་གསེར་གྱི་པདྨ་ཡུ་བ་དང་བཅས་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་། རི་དྭགས་།།།་སཱ་རིའི་པགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཧྲཱིཿདཀར་པོས་མཚན་པ་ལས་འོད་ཟེར་འཕྲོས་པས། རང་འདྲ་བའི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སྤྱི་བོར་རིགས་ཀྱི་བདག་པོ་བླ་མ་འོད་དཔག་མེད་པས་དབུ་བརྒྱན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་ལྟར་སྣང་སྒྱུ་མ་ལྟ་བུ་ལ་སེམས་བཟུང་། དེས་སྐྱོན་བཟླས་པ་བྱ་བ་ནི། ཐུགས་ཀའི་ཧྲཱིཿཡིག་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ་ལས། ཐུགས་རྗེ་ཆེན་པོའ་སྐུ་དང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའ་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། ཅེས་དམིགས་ལ། ༀ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླ། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོ་དྲག་ཏུ་བསྐྱེད་ཅིང་། སྐབས་སུ་ངའི་མ་ཞེས་ངག་ཏུའང་བརྗོད་ལ་སྙིང་རྗེའི་རྩལ་སྦྱང་ངོ་། །གཉིས་པ་རྫོགས་རིམ་ནི། དེའི་ངང་དུ་བློ་ལྷོད་ཀྱིས་གློད་ལ། སྐྱེ་འགགས་གནས་གསུམ་གྱི་སྤྲོས་པ་དང་བྲལ་བའི་གནས་ལུགས་མ་བཅོས་པའི་དབྱིངས་སུ་མཉམ་པར་བཞག །གསུམ་པ་རྗེས་ནི། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ནི། ཟས་ཟ་བ། གོས་གོན་བ། སྟན་ལ་འདུག་པ། ཉལ་བ་ལྡང་བ་སོགས་ཀྱི་གནས་སྐབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་མ་བྲལ་བ་ལ་བསླབ། ཚེ་འདིར་འབྲས་བུ་མངོན་དུ་མ་གྱུར་ན། འཆི་ཁར་འཚང་རྒྱ་བ་འཕོ་བའི་རྣལ་འབྱོར་ནི། སྣོད་བཅུད་ཐམས་ཅད་འོད་
༢༥ དུ་ཞུ་ནས་རང་ལ་ཐིམ། རང་རིག་པའི་ངོ་བོ་ཨ་དཀར་པོ་ལ་ཐིམ། ངག་ཏུ་ཨ་ཨ་ཞེས་བརྗོད་པའི་མཐར་ཨ་དེའང་ནམ་མཁའི་འཇའ་ཡལ་བ་ལྟར་བསམས་ལ་དབྱིངས་རིག་བསྲེ་འཕོ་བ་མ་ཐེབ་བར་དོ་འཆར་ན། སྣང་གྲགས་རྟོག་གསུམ་འཕགས་པ་ཐུགས་རྗེ་ཆེན་པོའ་གསང་བ་གསུམ་གྱི་ངོ་བོར་ཤེས་པར་བྱས་ལ་མཉམ་པར་བཞག་པས་ལམ་གྱི་འཕྲོ་མཐུད་དེ་གྲོལ་བ་ཐོབ་བར་འགྱུར་བ་ནི་ངེས་པའོ། །འཇམ་དབྱངས་ལ་སོགས་ཕྱོགས་བཅུ་ཡི། །སྲས་བཅས་རྒྱལ་བའི་མཁྱེན་བརྩེའི་དངོས། །འཕགས་མཆོག་སྙིང་རྗེའི་གཏེར་ཆེན་གྱི། །རྣལ་འབྱོར་ཟབ་མོ་འཇུག་བདེའི་ཕུལ། །ཐུགས་རྗེ་ཆེན་པོའ་དམར་ཁྲིད་དཔལ་མོ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ།། །།

༄། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་གྲོལ་བྱེད་ལམ་གྱི་སྙིང་པོའི་དོན་ཁྲིད་བཞུགས་སོ༎

༩༥དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་གྲོལ་བྱེད་ལམ་གྱི་སྙིང་པོའི་དོན་ཁྲིད་བཞུགས་སོ། །
༩༦ༀ་སྭ་སྟི་སིདྡྷཾ། ཚོགས་གཉིས་མཐར་ཕྱིན་རྣམ་གྲོལ་དཔག་བསམ་ཤིང་། །མཐའ་ཡས་ཡོན་ཏན་མེ་ཏོག་འབྲས་བཀྲ་ཞིང་། །ཕན་བདེའི་གྲིབ་བསིལ་སྲིད་ཞིའི་དབྱིངས་ཀུན་ཁྱབ། །རྒྱལ་བའི་བྱང་ཆུབ་ལྗོན་ཤིང་ལ་ཕྱག་འཚལ། །དེ་ལ་འདིར་གསང་སྔགས་རྙིང་མ་ངེས་པ་དོན་གྱི་སྙིང་པོ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ལ་བརྟེན་ནས། ཐུན་མོང་གི་སྔོན་འགྲོས་རྒྱུད་ལས་སུ་རུང་བའི་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་བདེ་མྱུར་གྱི་སྒོ་ནས་འཁྲིད་པ་ལ། བླ་མ་བརྒྱུད་པའི་རིམ་པ་དང་། གདམས་ཁྲིད་དངོས་གཉིས་ལས། །དང་པོ་ནི། རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་རིག་པས་བརྒྱུད་པ། གང་ཟག་སྙན་ཁུང་དུ་བརྒྱུད་པ་དང་གསུམ་ལས། དང་པོ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་རིགས་གསུམ་མགོན་པོས་གནས་རིགས་སོ་སོར་མི་མ་ཡིན་གྱི་རིག་འཛིན་ཐ་དད་ལ་བརྒྱུད་པའོ། །གཉིས་པ་ནི། ཕྱག་ན་རྡོ་རྗེ་ལ་རྒྱལ་པོ་ཛས་ཞུས། དེ་ནས་རིམ་པ་བཞིན། ཨིནྡྲ་བྷཱུ་ཏི། སྲས་
༩༧ཤཱཀྱ་བྷཱུ་ཏི། ཀུ་ཀུ་རཱ་ཛ། ནཱ་གཱ་རྫུ་ན། པདྨ་སཾ་བྷ་ཝ། བི་མ་ལ་མི་ཏྲའོ། །གསུམ་པ་ནི། གཉགས་ཀུ་མཱ་ར། རྨ་རིན་ཆེན་མཆོག །གྱེ་རེ་མཆོག་སྐྱོང་། དར་རྗེ་དཔལ་གྱི་གྲགས་པ། གནུབ་་་་སངས་རྒྱས་ཡེ་ཤེས། སྦ་གོར་བློན་ཆེན་འཕགས། དན་ཡོན་ཏན་མཆོག །བེགས་གསལ་བའི་བྱང་ཆུབ། རྒྱ་བློ་གྲོས་གཞོན་ནུ། འགར་ཚུལ་ཁྲིམས་བཟང་པོ། མཚུར་ཡེ་ཤེས་དབང་པོ། དན་ཆོས་ཀྱི་དབང་ཕྱུག །ཞང་མཆོག་གི་བླ་མ། ཀྱི་ཡོན་ཏན་འབྱུང་གནས། སློབ་དཔོན་གཞོན་ནུ་དོན་གྲུབ། དེས་བསམ་ཡས་ངག་གི་དབང་པོ་ལའོ། །རྒྱལ་བ་ཀུན་གྱི་རྣམ་འཕྲུལ་མཆོག །ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །རླབས་ཆེན་ཕྲིན་ལས་དཔག་ཏུ་མེད། །བླ་མ་ཀུན་ལ་ཕྱག་འཚལ་ལོ། །གཉིས་པ་ནི། གཉིས་སུ་མེད་པ་བླ་ན་མེད་པའི་རྒྱུད་ཀྱི་དོན་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་བསྒོམ་པ་ལ། བསྐྱེད་རྫོགས་སྤྱིར་བསྒོམ་པ་དང་། ཟབ་ལམ་བྱེ་བྲག་ཏུ་བསྒོམ་པ་གཉིས་ལས། །དང་པོ་ལས། སྐྱེ་བ་བཞིའི་བག་ཆགས་
༩༨སྤྱོད་ཚུལ་ལ་ལྟོས་ནས་སྒོམ་ཚུལ་བཞི་ལས། སྒོང་སྐྱེས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་ནི། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། མདུན་གྱི་ནམ་མཁར་ཞི་ཁྲོའི་དཀྱིལ་འཁོར་སྤྱན་དྲངས་ཏེ། མཆོད་པ་དང་བསྟོད་པ་དང་གསོལ་བ་གདབ་པ་དང་སྡོམ་པ་བཟུང་བ་རྣམས་ཡེ་ཤེས་སྐུ་མཆོག་གི་ཚིག་གི་ཕྱིར་སེམས་གཞོལ་བར་བྱས་ཏེ། སླར་ཡང་བཛྲ་མུཿས་སྟོང་པའི་ངང་དུ་མཉམ་པར་གཞག་ནས། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་དང་། རྒྱུའི་ཏིང་ངེ་འཛིན་བསྒོམ་པའི་ཨ་དཀར་ལས་ལྷའི་ས་བོན་དཀྱིལ་འཁོར་སོ་སོའི་གདན་ལ་བབས་ནས། ལྷར་གྱུར་བའི་ཚུལ་གྱིས་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་ལ། ཡེ་ཤེས་པ་བསྟིམས་ནས། མཆོད་པ་དང་། བསྟོད་པ་དང་། འཕྲོ་འདུ་འཛབ་ཀྱི་བཟླས་པའི་བར། རྒྱས་པར་བྱས་ནས་ཚོགས་ལ་རོལ་པའམ་མེད་ཀྱང་རུང་སྟེ། རྫོགས་རིམ་གཉིས་པོ་བསྒོམས་ལ་བསྔོ་བ་བྱའོ། །འདི་དག་རྒྱས་པར་ཞི་བ་རིན་པོ་ཆེའི་དྲྭ་བ་དང་། ཁྲོ་བོ་སྣང་བ་རྒྱན་དུ་བལྟ་བར་བྱའོ། །དེ་ནས་མངལ་སྐྱེས་སྦྱོང་བ་རྒྱས་པ་འབྲིང་གི་སྒོམ་ཚུལ་ནི་སྔར་ལས། བསོད་ནམས་ཞིང་བསམ་སྟེ་མི་དམིགས་པ་བོར་ལ། གཞན་དེ་དང་འདྲ་བར་བསྒོམ་པའོ། །དེ་ནས་དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱང་བའི་བྱིར་བསྡུས་པ་བསྒོམ་པ་ནི་སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། སྟོང་པའི་ངང་ལས་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་དཀྱིལ་འཁོར་རྣམས་སོ་སོའི་མཚན་བརྗོད་པ་ཙམ་གྱིས་ཞི་ཁྲོའི་ལྷར་གསལ་བཏབ་པས། འདི་ནི་དབང་རྫོགས་ཞེས་པ་ནས། ཐམས་ཅད་ལྷ་དང་ལྷ་མོའི་ངང་། །ཞེས་པའི་བར་ལན་གཅིག་བརྗོད་ནས་རང་ཉིད་ཡེ་ནས་ལྷའི་རང་བཞིན་དུ་སངས་རྒྱས་པའི་ངོ་བོར་རྟོགས་པ་ལས། ཐུགས་ཀའི་པདྨ་ཉི་ཟླའི་སྟེང་གི་ཀུན་བཟང་ཡབ་ཡུམ་གྱི་ཧཱུྃ་
༩༩ལས་འོད་འཕྲོས། མ་རྟོགས་པའི་སེམས་ཅན་གྱི་སྒྲིབ་པ་སྦྱངས། ལྷར་གྱུར། འཕགས་པ་མཆོད། སྔགས་ཀྱི་རང་སྒྲས་འཇིག་རྟེན་ཁྱབ་པར་བསམས་ལ། ༀ་ཨཿཧཱུྃ། ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཞེས་ཅི་འགྲུབ་བཟླས་ལ། རྫོགས་རིམ་གཉིས་གང་རུང་བསྒོམས་ནས་བསྔོ་བ་བྱའོ། །དེ་ནས་རྫུས་སྐྱེས་ཀྱི་བག་ཆགས་སྦྱང་བ་ཤིན་ཏུ་བསྡུས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། སྟོང་པའི་ངང་ལས་སྐད་ཅིག་གིས་གསལ་བཏབ་ནས་སྔགས་བཟླས་ཏེ་རྫོགས་རིམ་བསྒོམ་པ་ལས། སྐབས་འདིར་སེམས་བསྐྱེད་ནས་ནམ་མཁའི་དཀྱིལ་དུ་ཉི་ཟླའི་སྟེང་ན་ཀུན་བཟང་ཡབ་ཡུམ་ཞལ་སྦྱར་རྡོ་རྗེ་སྐྱིལ་ཀྲུང་མཉམ་གཞག་མཛད་པ་ལས། འོད་འཕྲོས་སྣང་སྲིད་ཐམས་ཅད་ཡེ་ཤེས་ལྔའི་ཞིང་ཁམས་སུ་དག་པར་བྱས། འཁོར་འདས་ཐམས་ཅད་རོ་གཅིག་ཡེ་ནས་དག་པའི་སངས་རྒྱས་སུ་གསལ་བཏབ་ལ། ༀ་ཨཿཧཱུྃ་ཞེས་ཅི་འགྲུབ་བཟླས་ནས་དེའི་ངང་ལ་གློང་པས་བསམ་མི་ཁྱབ་པའི་འོད་གསལ་འཆར་རོ། །རྗེས་ལ་བསྔོ་བ་བྱའོ། །འདི་ནི་རྒྱལ་བ་གཅིག་བསྒོམས་ཀུན་གྱི་ངང་། །ཞེས་བྱ་སྟེ། རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཐམས་ཅད་ཀྱི་དབང་ཕྱུག །རང་བྱུང་གདོད་མའི་མགོན་པོ། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་དམ་པ་བསྒོམ་པའི་ཕྱིར་རོ། །གསང་སྙིང་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟོང་གསལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །ཐམས་ཅད་འདི་ཡིས་སྒོམ་པར་འགྱུར། །ཞེས་གསུངས་སོ། །དེ་ནས་ཟབ་ལམ་བྱེ་བྲག་ཏུ་བསྒོམ་པ་ལ། བྱིན་རླབས་དངོས་གྲུབ་ཀྱི་གནད། སྔོན་འགྲོ་ལམ་སེལ་གྱི་གནད། དངོས་གཞི་ཁྱད་པར་གྱི་གནད་དང་གསུམ་ལས། དང་པོ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། སྟོང་པའི་ངང་ལས་རང་
༡༠༠ཉིད་ལྷར་བསྐྱེད་པའི་སྤྱི་བོར་བླ་མའི་རྣལ་འབྱོར། ཡབ་ཡུམ་འཁྲིལ་སྦྱོར་ཅན་དཔའ་བོ་མཁའ་འགྲོ་ཟུང་འཇུག་མཛད་པར་བསྒོམས་ལ། མཆོད་པ་དང་། བསྟོད་པ་དང་། གསོལ་བ་བཏབ་ནས། སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པས་ལུས་ངག་ཡིད་གསུམ་ལ་ཐིམ། དབང་དང་པོ་གསུམ་ཐོབ། དེ་ཐམས་ཅད་བདེ་བའི་ངོ་བོར་ཞུ་བ་རང་གི་སྙིང་གར་བབས་པས་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་རང་བཞིན་ཚིག་དབང་རིན་པོ་ཆེ་རང་འཁྲུངས་སུ་ཐོབ་པར་ལ་དར་ཅིག་གློང་ལ་བཞག །རྗེས་ལ་བསྔོ་བ་བྱའོ། །འདིས་ནི་བྱིན་རླབས་དངོས་སུ་འབབ། རྟོགས་པ་ཤུགས་ལས་འཆར། ལམ་གྱི་བར་ཆད་སེལ། གེགས་དང་གོ་ལས་ཆོད། དངོས་གྲུབ་རྣམ་གཉིས་ཐོབ་པའི་རབ་ཏུ་གསང་བའི་གནད་དོ། །དེ་ནས་སྔོན་འགྲོ་ལམ་སེལ་གྱི་གནད་ལ་གསུམ་ལས། རྩལ་སྦྱོང་བ་སྟོང་རའི་གནད་ནི། སྔོན་འགྲོ་བཤད་མ་ཐག་པ་ལྟར་བསྒོམས་ལ། འཁོར་ལོ་བཞིའི་དབུས་ན་རོ་རྐྱང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་ཡོད་པའི་ནང་སྦུག་མ་སྟོང་སང་ངེ་བ་ལ་དམིགས་པ་འཛིན་པ་ཡིན་ཏེ། གཙོ་མོ་དབུ་མའི་ནང་ཕྲུ་མ་ཕུས་བཏབ་པ་ལྟ་བུ། དང་པོ་མདའ་སྨྱུག་གི་ནང་ཙམ། དེ་ནས་སྤོས་དོང་ཙམ། དེ་ནས་བཞོ་ཟོའི་ནང་ཙམ། དེ་ནས་ལུས་ཐམས་ཅད་དབུ་མའི་ནང་ཙམ་དུ་བསྒོམ་མོ། །འདིས་ནི་རླུང་སེམས་ཐམས་ཅད་རང་གིས་དབུ་མར་ཚུད་པའི་གནད་དོ། །དེ་ནས་རླུང་སྦྱོང་བ་སྲོག་གི་གནད་ནི། དེ་ལྟར་དབུ་མ་དང་འཁོར་ལོ་བཞི་སྟོང་པར་གསལ་བའི་གཡས་གཡོན་གྱི་རོ་རྐྱང་ཡར་སྣ་གཉིས་སྨིན་མཚམས་ནས་སྣ་བུག་གི་ནང་གཉིས་ལ་ཟུག་ཅིང་། མར་སྣ་གཉིས་ལྟེ་བའི་འོག་སོར་བཞིའི་ཆ་སྤུ་ན་གུའི་ཐད་ནས་དབུ་མར་གུག་པའི་སྣ་ཚུད་པར་བསམ་ལ། རླུང་རོ་བུས་ནས་ཕྱིར་འཕངས་དུས་ནད་དང་སྡིག་སྒྲིབ་ཐམས་
༡༠༡ཅད་ཕྱིར་སོང་། ནང་དུ་འདྲེན་དུས་སྣོད་བཅུད་བརྟན་གཡོའི་འཇིག་རྟེན་སངས་རྒྱས་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་བཅས་པ་རླུང་གི་རྣམ་པས་སྣ་བུག་ནས་རོ་རྐྱང་གི་ནང་ལ་བྱུང་བ་དབུ་མའི་ནང་དུ་ཚུད་པ་ལ་དམིགས་པ་བཟུང་ནས། འཇམ་རླུང་དལ་བུས་འཛིན་ཅིང་། རང་བབ་ཀྱི་འབྱུང་རྔུབ་ལས་ཆ་བབས་སུ་འཛིན་པ་ནི་གནད་ཡང་དག་པའོ། །དེ་ལྟར་བྱས་པས་རླུང་སྐྱོན་མེད་པར་ངང་གིས་རླུང་ཟིན་ཅིང་འབྱོངས་པའི་གནད་དོ། །དེ་ནས་ཐིག་ལེ་སྦྱངས་བ་རྩོལ་བའི་གནད་ནི། གཏུམ་མོའི་རྣལ་འབྱོར་བསྒོམ་པ་སྟེ། རླུང་བསྒོམས་པ་ཡན་ཆད་སྔར་བཞིན་བྱས་པའི་ལྟེ་བའི་ཐད་སྤྲུལ་པའི་འཁོར་ལོའི་དབུས་དབུ་མའི་ནང་ན། མེ་ཡི་དྭངས་མ་རྒྱ་ཁབ་ཀྱི་རྩེའམ་ཉུང་ཀར་གྱི་ཡང་ཞུན་ཙམ་ལ། ཨ་ཤད་ཀྱི་རྣམ་པ་ཅན་རེག་བྱ་ཤིན་ཏུ་ཚ་བ་ཞིག་བསྒོམས་ལ། རོ་རྐྱང་གི་རླུང་དབུ་མའི་མར་སྣར་ཞུགས་དྭངས་མ་དེས་སྦར་བས་མེ་རྟ་རྔའི་ཉག་ཙམ་འབར་བ། དབུ་མའི་ནང་བདེ་ཆེན་འཁོར་ལོའི་ཐད་ཀའི་དཀྱིལ་ཧཾ་མགོ་ཐུར་དུ་ལྟ་བ་སྲན་མའི་གའུ་ཙམ་ལ་རེག་པས། ཐིག་ལེ་དཀར་དམར་གྱི་ཐིགས་པ་ཕྲ་མོ་མར་བབ། ལྟེ་བའི་མེའི་གསོས་བྱས། དེ་བས་ཀྱང་མེ་ཆེར་འབར་བ་བཞིན། ཧཾ་ལས་ཐིགས་པ་ཆེར་བབས་པས་དབུ་མའི་ནང་ཁེངས། དྭངས་མ་འཁོར་ལོ་བཞིའི་རྩ་འདབ་སྟོང་པ་རྣམས་གང་བ་ལ་མ་ཡེངས་པར་བསྒོམ་པས། ལུས་སེམས་བདེ་བ་ཆེན་པོ་ངང་གིས་འཆར་རོ། །དེ་ནས་དངོས་གཞི་ཁྱད་པར་གྱི་གནད་ལ། ཡས་བརྟན་གྱི་ཡེ་ཤེས། མས་བརྟན་གྱི་ཡེ་ཤེས། ཀུན་ཏུ་བཟང་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་གསུམ་ལས། དང་པོ་ལ་བཞི་ལས། བདེ་ཆེན་འཁོར་ལོའི་མན་ངག་ནི། འཁོར་ལོ་བཞིའི་དབུས་ན་དབུ་མ་ཡེ་ཤེས་ཀྱི་རྩལ། དྭངས་མའི་
༡༠༢དྭངས་མ། དཀར་དམར་འདྲེས་པ་ཉུངས་འབྲུ་ཙམ་གྱི་རྟེན་ལ་འོད་ལྔའི་གོང་བུ་སྲན་མ་རྡོག་པོ་ཙམ་རེ་བསམ་པའི་སྤྱི་གཙུག་གི་དྭངས་མ་ཉུངས་འབྲུ་ཙམ་ལ། མགྲིན་པའི་དྭངས་མ་འོད་དང་བཅས་པའི་དྲོད་ཀྱིས་བཞུ་བས། བྱང་ཆུབ་སེམས་ཀྱི་ཐིགས་པ་སྐྲའི་ཉག་ཙམ་བབས་པས་སྤྱི་བོའི་རྩ་འདབ་དང་། མགྲིན་པའི་རྟེན་གྱི་དྭངས་ལ་ཞུགས། ཚད་མེད་བདེ་བས་ཁྱབ་པར་བསམ་ལ་འཇམ་རླུང་རང་ཞིར་བཟུང་ངོ་། །དེ་ནས་སྙིང་ཁའི་འོད་དང་དྭངས་མའི་དྲོད་ཀྱིས་མགྲིན་པའི་རྟེན་གྱི་དྭངས་མ་ཞུ་བས། ལོངས་སྤྱོད་འཁོར་ལོའི་རྩ་འདབ་དང་སྙིང་གའི་རྟེན་ལ་ཞུགས། ཟག་པ་མེད་པའི་བདེ་བར་སྐྱེས་པར་བསམ་མོ། །དེ་ནས་ལྟེ་བའི་འོད་དང་ཐིག་ལེའི་དྲོད་ཀྱིས་སྙིང་གའི་རྟེན་གྱི་དྭངས་མ་ཞུ་བས། ཆོས་ཀྱི་འཁོར་ལོའི་རྩ་འདབ་དང་། ལྟེ་བའི་རྟེན་གྱི་ཐིག་ལེ་ལ་ཞུགས། མཆོག་ཏུ་བདེ་བའི་ཡེ་ཤེས་སྐྱེས་པར་བསམ་མོ། །དེ་ནས་སྙིང་གའི་འོད་དང་རྟེན་གྱི་དྭངས་མའི་དྲོད་མར་སོང་། ལྟེ་བའི་རྟེན་གྱི་དྭངས་མ་ཞུ་བའི་དྭངས་མ་རླངས་ཀྱི་ཚུལ་དུ་རགས་པ་མ་ཡིན་ཕྲལ་དྭངས་པར་སྤྲུལ་པའི་འཁོར་ལོའ་རྩ་འདབ་དང་། རོ་རྐྱང་དབུ་མའི་ནང་ཀུན་ཁྱབ་པར་ཞུགས་པས་ཉེ་བར་ཞི་བའི་བདེ་བས་ཁྱབ་སྟེ། དགའ་བཞིའི་ཡེ་ཤེས་སྐྱེས་པར་བསམ་མོ། །དེ་ནས་མས་བརྟན་གྱི་ཡེ་ཤེས་ལའང་བཞི་ལས། དང་པོ་སྙིང་གའི་འོད་ལས་ཟེར་འཕྲོས་ཏེ་ལྟེ་བར་སོང་བས་ཐིག་ལེ་རྟེན་དང་བཅས་པ་ཇེ་ཕྲ་ཇེ་ཆུང་ལ་ཡར་འདུས་སྙིང་གའི་འོད་དང་ཐིག་ལེ་ལ་ཐིམ་པའི་ངང་ལ་བཞག་གོ། །དེ་ནས་འོད་ཟེར་མགྲིན་པར་འཕྲོས་ཇེ་ཕྲ་ལས་སྙིང་གར་འདུས་པའི་ངང་ལ་བཞག་གོ །དེ་ནས་ཡང་འོད་ཟེར་སྤྱི་བོའ་ཐིག་ལེ་རྟེན་དང་བཅས་པ་ལ་ཕོག་པས། ཇེ་ཕྲ་ཇེ་ཆུང་ལས་སྙིང་གར་འདུས་པའི་ངང་ལ་བཞག་གོ །དེ་ནས་སྙིང་གའི་རྩ་འདབ་ཀྱི་དྭངས་མ་ལ་འདུས། དེ་ཡང་བརྟེན་པ་ཐིག་
༡༠༣ལེ་སྲན་མ་ཙམ་ལ་འདུས། འོད་ལྔ་པོའང་དབུས་ཀྱི་མཐིང་ག་ནམ་མཁའ་ལྟ་བུའི་ངང་དུ་འདུས། དེ་ཡང་གདངས་ཇེ་ཕྲ་ལས་མཐར་ཡིད་ལ་མི་བྱེད་པ་ཀུན་ཏུ་བཟང་མོ་ཆོས་ཉིད་སྟོང་པ་ཆེན་པོའི་དབྱིངས་སུ་དག་པའི་ངང་ལ་མཉམ་པར་གཞག་གོ །དེ་ནས་ཀུན་ཏུ་བཟང་མོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ནི། དེའི་ཚེ་ལུས་རི་རྒྱལ་ལྟར་མི་གཡོ། ངག་ལྐུགས་པ་ལྟར་མི་བརྗོད། སེམས་ནམ་མཁའ་ལྟར་མི་རྟོག་པའི་ངང་ལ་བཞག་པས། གང་ཡང་ཡིད་ལ་མི་བྱེད་པའི་སྟོང་པ་ནི་ཀུན་ཏུ་བཟང་མོ་ཆོས་ཉིད་དོན་གྱི་ཡེ་ཤེས་ལ། རང་གསལ་དྭངས་དང་བཅས་པའི་རིག་པ་གསལ་དྭངས་ཕྱེད་པའི་སྣང་ཆ་ནི་ཀུན་ཏུ་བཟང་པོ་ཆོས་སྐུ་བཞིའི་ཡེ་ཤེས་འདི་གཉིས་དབྱེར་མེད་རིག་པ་ཕྱི་ནང་བར་མེད་དུ་ཕྱམ་གདལ་བ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀུན་བཟང་ཡབ་ཡུམ་ཟུང་འཇུག་གཉུག་མའི་ཡེ་ཤེས་རྫོགས་པ་ཆེན་པོ་ཞེས་བྱའོ། །ཚུལ་འདི་ནི་སྒྱུ་འཕྲུལ་དོན་གྱི་རྫོགས་རིམ་བླ་ན་མེད་པའི་མཐར་ཐུག་ངེས་པ་དོན་གྱི་བཅུད་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་གནད་བསྟན་པའོ། །ཚུལ་འདི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ། །ཟབ་ཅིང་རྒྱ་ཆེ་གསང་བ་མཆོག་གི་གནས། །མྱུར་ཏུ་རྫོགས་པའི་སངས་རྒྱས་སྒྲུབ་བྱེད་ཡིན། །སྐལ་བཟང་སྐྱེ་བོས་དང་དུ་བླང་བར་མཛོད། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །གསང་སྔགས་རྡོ་རྗེ་ཐེག་ལ་རབ་ཞུགས་ཏེ། །ཉིན་མཚན་རིམ་གཉིས་འཁོར་ལོའི་གཞོན་པ་ཡིས། །དངོས་གྲུབ་ཡིད་བཞིན་གླིང་དུ་ཕྱིན་པར་ཤོག །སྣ་ཚོགས་ཁམས་ཅན་འཁོར་བའི་རང་བཞིན་དང་། །གཉིས་མེད་མྱ་ངན་འདས་པ་རོ་གཅིག་ཏུ། །ནམ་ཞིག་ནུས་ལྡན་ཐབས་ཀྱིས་འདྲེས་པའི་ཚེ། །གཞན་དོན་ལྷུན་གྲུབ་ཆོས་ཀྱི་ཆར་འབེབས་ཤོག །ཀུན་མཁྱེན་ངག་གི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་མཛད་པའི་རྫོགས་པ་ཆེན་པོ་སེམས་ཉིད་དལ་གསོའི་དགེ་བ་གསུམ་
༡༠༤གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང་ལས་ཁོལ་དུ་ཕྱུང་བའོ། །ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་ཀྱི་དཔལ་རབ་ཏུ་འབར་བས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།

༄༅། །སློབ་དཔོན་ནག་པོ་སྤྱོད་པས་མཛད་པའི་གཏུམ་མོ་ལམ་རྫོགས་བཞུགས་སོ༎ ༎

༤༣སློབ་དཔོན་ནག་པོ་སྤྱོད་པས་མཛད་པའི་གཏུམ་མོ་ལམ་རྫོགས་བཞུགས་སོ།། །།
༤༤བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །འདིར་ཤྲཱི་ཛ་ལན་དྷ་ར་པ་ཆེན་པོའི་མན་ངག་ལ་བརྟེན་ནས། སློབ་དཔོན་བརྟུལ་ཞུགས་ཀྱི་སྤྱོད་པ། ནག་པོ་པའི་དགོངས་པས། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་རྡོ་རྗེ་ཐེག་པར་འདུ། རྡོ་རྗེ་ཐེག་པའི་རྒྱུད་སྡེ་གསུམ་པོ་ཡང་རྣལ་འབྱོར་ཆེན་པོར་འདུ། རྣལ་འབྱོར་ཆེན་པོ་ཐབས་དང་ཤེས་རབ་ཀྱི་རྒྱུད་ཐམས་ཅད་ཀྱང་གཉིས་སུ་མེད་པ་ཀྱཻ་རྡོ་རྗེ་དང་འཁོར་ལོ་བདེ་མཆོག་ཏུ་འདུ། དེ་གཉིས་ཀྱི་དགོངས་པ་ཐམས་ཅད་ཀྱང་། བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་དང་། སམྦུ་ཊིར་འདུ། དེ་གཉིས་ཀྱི་དགོངས་པ་དྲིལ་ནས་རྫོགས་པའི་རིམ་པ་ལ། ནག་པོས་སྡོམ་དྲུག་ཏུ་མཛད་དེ། དཔྱིད་ཀྱི་ཐིག་ལེ་རྩའི་སྡོམ། གསང་བའི་དེ་ཉིད་ཚིག་གི་སྡོམ། ཨོ་ལ་པ་ཏི་མངོན་པར་རྟོག་པའི་སྡོམ། སྙིང་པོ་བསྡུ་བ་དོན་གྱི་སྡོམ། སྡོམ་པ་བཤད་པ་རྣལ་འབྱོར་གྱི་སྡོམ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ཕྱག་རྒྱ་བསྟན་པའི་སྡོམ་སྟེ་དྲུག་མཛད། དེ་རྣམས་ཀྱིའནག་སྙིང་པོ་ལྟ་བུར་ཨོ་ལ་པ་ཏིར་འདུ། དེའི་གདམས་ངག་དྲིལ་བ་ནི་གཏུམ་མོས་ལམ་ཡོངས་སུ་རྫོགས་པ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལ་སློབ་དཔོན་འདིའི་ལྟ་བ་ནི། ཐོག་མ་དང་ཐ་མེད་བའི་བྱང་ཆུབ་ཀྱི་སེམས་མཐའ་བཞི་ལས་རྣམ་པར་གྲོལ་བའི་དེ་བཞིན་ཉིད་ཅེས་བྱ་བ་ཡིན་ལ། དེ་རྟོགས་པར་བྱེད་པའི་ཐབས་ས་ལམ་རིམ་པ་བཞིའམ་ལྔར་བཞེད་དེ། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ།
༤༥གསང་བའི་རིམ་པ་ཞེས་བྱ་བ་དང་བཞིའི་སྟེང་དུ། གཉིས་སུ་མེད་པའི་རིམ་པ་ཞེས་བྱ་བ་དང་ལྔར་བཞེད་དོ། །དེ་ལ་སྡོམ་དྲུག་ལས་ནི། གསང་བའི་རིམ་པ་སངས་རྒྱས་ཀྱི་སར་བཤད་ཀྱང་། འདིར་བླ་མའི་མན་ངག་གིས་དེ་ནི་ཆོས་མཐུན་བརྩིས་པ་ཡིན་ལ། དོན་གྱིས་ན་རིམ་པ་ལྔ་ཀས་ཀྱང་འཇིག་རྟེན་པའི་ཆོས་མཆོག་མན་ཆད་ཆོད་པར་བཞེད་ལ། དེ་ནས་ཕྱག་རྒྱའི་ལམ་ལ་བརྟེན་ནས་ས་རྣམས་མངོན་ཏུ་བྱས་ཏེ་སངས་རྒྱས་ཀྱི་སར་འགྲོ་བར་བཞེད་དོ། །དེ་ནས་རིམ་པ་ལྔ་ཀ་ལའང་། རྒྱུད་ལ་སོགས་པ་དང་། རིམ་པ་དང་། མཐར་ཕྱིན་པའི་ཚད་དེ་གསུམ་གསུམ་དུ་འདུ་བར་བཞེད་པ་ཡིན་ནོ། །དེ་ལ་རྒྱུད་ནི་འཁོར་ལོ་བཞི་ལ་སོགས་པ་རྟེན་དཀྱིལ་འཁོར་གསུམ་ཡེ་ནས་གནས་པ། རིམ་པ་ནི་རིམ་གྱིས་གསལ་འདེབས་པ། མཐར་ཕྱིན་པའི་ཚད་ནི་འཁོར་ལོ་བཞི་ལ་སོགས་པ་རྟེན་དཀྱིལ་འཁོར་གསུམ་ཇི་ལྟ་བ་བཞིན་གསལ་བར་མཐོང་བའོ། །སྔགས་ནི་ལྟེ་བའི་ཨྃ། རིམ་པ་ནི་རིམ་གྱིས་སྤར་ཏེ་འཁོར་ལོ་རྣམས་བསྲེགས་པའི་བར། མཐར་ཕྱིན་པའི་ཚད་ནི་འཕར་གཡོ་ལ་སོགས་པའོ། ཡེ་ཤེས་ནི་མས་བརྟན་གྱི་ལྷན་སྐྱེས། རིམ་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩི་བྱིན་པ་གཡོན་ནས་ཞུགས་ཏེ། རྡོ་རྗེ་ནོར་བུ་ནས་སྨིན་ཕྲག་གི་བར་དུ་ཉམས་སུ་མྱོང་བའོ། །མཐར་ཕྱིན་པའི་ཚད་ནི་དངོས་པོ་ཐམས་ཅད་བདེ་བ་འཆར་བ་ལ་སོགས་པའོ། །གསང་བ་ནི་སྲོག་འཛིན་པའི་རླུང་། རིམ་པ་ནི་སྣའི་རྡོག་མའི་ནང་དུ་རླུང་བཟུང་ནས་བསྒོམ་པས་རླུང་སྐྱོན་རྣམས་རིམ་གྱིས་སེལ་བ། མཐར་ཕྱིན་པའི་ཚད་ནི་ལུས་རས་བལ་
༤༦གྱི་ཟེགས་མ་བཞིན་ཡང་ཞིང་རྟགས་ལྔ་མཐོང་བས་མཁའ་འགྲོ་མའི་བར་ཆད་བཟློག་པ་ལ་སོགས་པའོ། །གཉིས་སུ་མེད་པ་ནི། ཡུལ་དང་ཡུལ་ཅན་ནམ། སྣང་སྟོང་གཉིས་མེད་ཀྱི་སེམས་ཉིད་གཉུག་མའོ། །རིམ་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ངོ་བོ་དབྱེར་མེད་དུ་རིམ་གྱིས་རྟོགས་པའོ། །མཐར་ཕྱིན་པའི་ཚད་ནི་མངོན་ཤེས་ཐོབ་པ་སྟེ། དེ་དག་གིས་འཇིག་རྟེན་པའི་ལམ་ཆོད་དོ། །དེ་ནས་ལུང་བསྟན་པའི་ཕྱག་རྒྱ་ལ་བརྟེན་ནས། གནས་དང་། ཉེ་བའི་གནས་ལ་སོགས་པ་ས་བཅུ་གཉིས་རིམ་གྱིས་བགྲོད་ནས་སངས་རྒྱས་ཀྱི་ས་མངོན་ཏུ་འགྱུར་བ་ཡིན་ནོ། །རེ་ཞིག་མདོར་བསྡུས་པ་བསྟན་ཟིན་ཏོ། །རིམ་པ་བཞི་རྒྱས་པར་བསྒོམ་པ་ལ། དང་པོ་རྒྱུད་ཀྱི་རིམ་པ་ཐོས་བསམ་གྱིས་གཏན་ལ་ཕབས་ནས་བསྒོམ་པའི་དུས་སུ་གསལ་གདབ་པ་ནི། སྟན་བདེ་བ་ལ་བསྡད་ནས། བསམ་གཏན་གྱི་ཡན་ལག་སྔོན་ཏུ་སོང་བས། བསྐྱེད་པའི་རིམ་པ་ལྷ་སུམ་ཅུ་སོ་བདུན་ལ་སོགས་པའི་དཀྱིལ་འཁོར་གང་ཡང་རུང་བ་བསྒོམ། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཕྱོགས་གཡོན་སྐོར། མཚམས་གཡས་སྐོར་གྱིས་སྣ་བུག་གཡས། ཕྱེད་སྣ་བུག་གཡོན་ནས་རླུང་དང་བསྟུན་ཏེ་སྙིང་གའི་ཧཱུྃ་ལ་བསྡུ། མཐར་ཡུམ་རྡོ་རྗེ་ཕག་མོ་ཡང་ལྟེ་བའི་ཨྃ་ལ་ཐིམ་པས། ཨྃ་ལས་འོད་བྱུང་ནས་ལས་བྱེད་པའི་འཁོར་ལོ་གཉིས་དང་། འཁོར་ལོ་གོང་མ་བཞི་མས་རིམ་དུ་གསལ་གདབ། རྩ་གསུམ་རོ་རྐྱང་ཡཾ་གེས་བཀག་པ་དང་བཅས་པ་གསལ་གདབ་བོ། །དེ་ཡང་གཤད་སྒོར་ཡཾ་ལས་རླུང་གི་དཀྱིལ་འཁོར་ཁ་དོག་སྔོན་པོ་བ་དན་གྱིས་མཚན་པ། སུམ་མདོར་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་རྩེ་མོ་གཅིག་ཐུར་ལ་བསྟན་ཅིང་གྱེན་དུ་འབར་བ་གསུམ་གྱིས་མཚན་པ་བསྒོམ། ལྟེ་བ་སྤྲུལ་པའི་འཁོར་ལོ་ཁ་དོག་དམར་པོ་ནང་སྐོར་འདབ་མ་བརྒྱད་ལ་སྡེ་ཚན་བརྒྱད། ཕྱི་སྐོར་ལྔ་བཅུ་རྩ་དྲུག་ལ་ཀཱ་ལི་སུམ་ཅུ་རྩ་བཞི་གཡས་སྐོར། ཨཱ་ལི་བཅུ་དྲུག་གཡོན་སྐོར། དེའི་རྗེས་སུ་དབྱངས་བཅུ་གཉིས་ཀྱི་ཐུང་ངུ་དྲུག་སྟེ། ཨ་ཨི་ཨུ་ཨེ་ཨོ་ཨཾ་ངོ་། དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་ཁ་དོག་ནག་པོ་འདབ་བརྒྱད། ཕྱོགས་
༤༧བཞིར་་བྷྲཱུྃ་ཨཱྃ་ཛིྃ་ཁྃ་དབུས་སུ་ཧཱུྃ། མཚམས་བཞིར་ཡ་ར་ལ་ཝ། མགྲིན་པར་ཁ་དོག་དམར་པོ་ནང་སྐོར། འདབ་མ་བཞི་ལ་དབྱངས་རིང་པོ་བཞི་སྟེ། ཨཱ་ཨི་ཨཱུ་ཨེ། དབུས་སུ་ཨཻ། ཕྱི་སྐོར་འདབ་བཅུ་གཉིས་ལ་དབྱངས་མ་ནིང་དང་བྲལ་བའོ། །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ཁ་དོག་དཀར་པོ་འདབ་མ་སུམ་ཅུ་རྩ་གཉིས་ལ་ཡི་གེ་དགོད་པ་དང་བྲལ་བ། དབུས་སུ་ཡི་གེ་ཧྃ་དཀར་པོ་མགོ་ཐུར་ལ་བལྟ་བའོ། །དེ་ནས་གཡས་རོ་མ་ཉི་མ་མེའི་རང་བཞིན། ཁ་དོག་དམར་པོ་ཁ་གྱེན་ལ་ལྟ་བ་ཨཱ་ལི་མགོ་ཐུར་ལྟ་རེའི་བར་དུ་ཀཱ་ལི་མགོ་གྱེན་ལྟ་གཉིས་གཉིས་ཀྱིས་སྒོ་བཀག་པ་དང་བཅས་པ་གསལ་གདབ། གཡོན་རྐྱང་མ་ཟླ་བ་ཆུའི་རང་བཞིན་ཁ་དོག་དཀར་པོ་ཐུར་ལ་ལྟ་བ་ཨཱ་ལི་མགོ་གྱེན་ལ་ལྟ་བ་རེའི་བར་དུ་ཀཱ་ལི་མགོ་ཐུར་ལྟ་གཉིས་གཉིས་ཀྱིས་སྒོ་བཀག་བ་དང་བཅས་པ་གསལ་གདབ། དབུ་མ་ཤིན་ཏུ་ཆ་ཕྲ་བ་རྟ་རྔ་བརྒྱར་གཤག་པའི་ཚད་ཙམ་གྱི་ཁ་དོག་དམར་པོ་དྲང་ལ་ཕྲབ་གསལ་གདབ་བོ། །དེ་ནས་རླུང་ཕྱིར་འགྲོ་བ་དང་བསྟུན་ལ་རྩ་རོ་མ་ལ་བརྟེན་ཏེ་འཁོར་ལོ་རྣམས་མས་རིམ་གྱིས་གསལ་གདབ། རླུང་ནང་དུ་འཇུག་པ་དང་བསྟུན་ཏེ་གཡོན་རྐྱང་མ་ལ་བརྟེན་ནས། སྤྱི་བོ་ནས་ལྟེ་བའི་བར་དུ་ཡས་རིམ་གྱིས་གསལ་གདབ། རླུང་གནས་པ་དང་བསྟུན་ལ་དབུ་མ་དང་ལྟེ་བའི་ཨྃ་འབའ་ཞིག་གསལ་གདག་རླུང་དང་མི་བསྟུན་པར་གསལ་གདབ་ཀྱང་བཏུབ་སྟེ། གསལ་ལ་ཡུན་ཐུང་བར་བྱ་ཞིང་ཐུན་གྲངས་དང་ཐུན་ཚོད་ནི་མི་བཞེད་དོ། །དེ་ཡང་ཞག་གསུམ་མམ། ལྔ་འམ། བདུན་ནམ། དགུའམ། བཅུ་གཅིག་གིས་གསལ་བར་འགྱུར་རོ། །གང་ཟག་ཁ་ཅིག་ལ་ལོ་ཟླའི་བར་དུ་ཡང་རིམ་གྱིས་གསལ་གདབ་དགོས་པ་ཡང་ཡོད་དེ། མདོར་ན་ཞག་གྲངས་ལ་སོགས་པ་དུས་ཀྱི་ངེས་པ་མི་བཞེད་པས་འཁོར་ལོ་དྲུག་དང་རྩ་གསུམ་ལག་མཐིལ་གྱི་རི་མོ་ལྟར་ཤིན་ཏུ་གསལ་བར་མ་གྱུར་གྱི་བར་དུ་བསྒོམ་པར་བྱ་སྟེ། རྒྱུད་ཀྱི་རིམ་པའོ། །དེ་ནས་སྔགས་ཀྱི་རིམ་པ་ལ་གཉིས། སྔོན་དུ་འགྲོ་བ་དང་། དངོས་གཞིའོ། །དང་པོ་ནི། སྔགས་རིམ་ལ་འཇུག་པའི་དུས་སུ་ཁ་ཟས་བཅུད་ཆེ་བར་ཟ། སྔ་མ་
༤༨བས་སུམ་ཆས་དབྲི། ལུས་ཀྱི་གནད་ལག་པ་སྒོམ་ཐག་གི་ཚུལ་དུ་པུས་མོ་ལ་འཁྱུད། བརླ་དང་ལྟོ་བ་དྲག་ཏུ་གཅེར། རྐང་གཉིས་ཕོངས་དང་གསུམ་ལྕིང་མཉམ་པར་བྱ། དེ་ནས་གཤང་སྒོའི་རླུང་གིས་སུམ་མདོའི་མེ་འབར་བའི་དོན་ཏུ་འོག་རླུང་ལན་བདུན་ཙམ་བསྐུམ། དེས་སུམ་མདོའི་མེས་ལྟེ་བའི་ཨྃ་སྦར་བར་བསམས་ལ། སྟེང་མཆིལ་མ་དང་བཅས་པ་མིད་དེ། སྟེང་རླུང་ལྟེ་བའི་ཨྃ་ལ་བསྟིམ་ཞིང་། ཤེས་པ་ལྟེ་བའི་ཨྃ་ལ་གཏད་ནས་སྟེང་རླུང་ཐུབ་ཚད་མནན། དེ་ལྟར་དྲག་ལ་ཡུན་ཐུང་བར་བྱས་ཏེ། ཡང་ནས་ཡང་དུ་བསྒོམས་པས་ལྟེ་བའི་གནས་སུ་དུ་བ་ལ་སོགས་པའི་རྟགས་ལྔ་སྐྱེ་སྟེ། ཨྃ་གི་མེ་དེ་སོར་གཅིག་སོར་གཉིས་ནས་མགྲིན་པའི་བར་དུ་རང་དབང་མེད་པར་འབར་བ་སྙམ་བྱེད། ལྕེ་དང་དཔུང་པ་འཕེལ། སྐོམ་དད་དང་ཆགས་པ་ཆེ། གཏུམ་མོའི་མེ་སྟོབས་སུ་གྱུར། མེ་རང་དབང་མེད་པར་འབར་སྙམ་བྱེད་པ་མ་བྱུང་གི་བར་དུ་མེ་གྱེན་ཏུ་མི་སྦར་བ་དང་འོག་རླུང་མི་བསྐུམ་བར་བཞེད་དེ། སྔགས་རིམ་གྱི་སྔོན་ཏུ་འགྲོ་བའོ། དེ་ནས་སྔགས་རིམ་དངོས་ནི། མེ་རང་དབང་མེད་པར་འབར་བ་སྙམ་བྱེད་པའི་དམིགས་པ་བྱུང་བ་དང་། གཡས་རོ་མས་དྲོད་སྐྱེད་པར་བྱེད་པས་མེ་མ་ཞེས་བྱ་བ་དང་། གཡོན་རྐྱང་མས་མི་རྟོག་པ་སྐྱེད་པས་གཉིད་མ་ཞེས་བྱ་བ་གཉིས། མ་རྩེ་སྤྲད་པ་ཞེས་བྱ་བ་ཨ་ལོང་འབྱེད་འཛུམ་ཡང་ནས་ཡང་དུ་བྱས་ལ་དྲག་ཏུ་བསྐུམ། ཨྃ་གི་མེ་འབར་བས་ལྟེ་བའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་བསྲེགས། དེ་ནས་མེ་དེ་གཡས་རོ་མ་དང་འགྲོགས་ཏེ་སོང་ནས་སྙིང་གར་དེ་བཞིན་གཤེགས་པ་རིགས་ལྔ་ཡུམ་བཞི་འཁོར་ལོ་དང་བཅས་པ་བསྲེག །དེ་ནས་མགྲིན་པའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་བསྲེག །དེ་བཞིན་ཏུ་སྤྱི་བོའི་འཁོར་ལོ་ཡང་བསྲེག་པར་བྱའོ། །དེ་ནས་སྨིན་མཚམས་གནད་ཀྱི་སྒོ་ཕྱེ་ནས་སྣ་བུག་གཡས་པའམ་རྣ་བའི་བུ་ག་གང་བདེ་བ་ནས་མེ་དེ་འཕྲོས། མདུན་གྱི་ནམ་མཁར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་བསྒོམ། དང་པོ་གཅིག་ལ་བྱ། དེ་ནས་བཅུ་ནས། བརྒྱ་ནས། བསམ་གྱིས་མི་ཁྱབ་པའི་བར་ལ་རིམ་
༤༩གྱིས་བློ་སྦྱང་སྟེ། དེ་བཞིན་གཤེགས་པའི་ཤངས་ཀྱི་བུག་གཡས་པའམ། ཞབས་ཀྱི་བྱིན་བ་གཡས་པ་ན་ཡར་ཞུགས། དེ་བཞིན་གཤེགས་པའི་རོ་མའི་མེ་དང་རྒྱུད་གཅིག་ཏུ་གྱུར་ནས། མེ་ཡར་ལྡོག་མར་ལྡོག་འགའ་བྱས་པས། དེ་བཞིན་གཤེགས་པའི་འཁོར་ལོ་བཞི་དང་ཁམས་བདུད་རྩི་རྣམས་གཅིག་ཏུ་ཞུ་ནས། སྲིན་བུ་སད་པས་ཁྲག་འཇིབས་པ་བཞིན་ཏུ། དེ་བཞིན་གཤེགས་པའི་རྐྱང་མ་ནས་རྒྱུད་གཅིག་ཏུ་གྱུར་ནས་ཤངས་ཀྱི་བུ་ག་གཡོན་པའམ། སྙན་གྱི་བུ་ག་གཡོན་པ་ནས་ཁྱེར་ཏེ་འོངས། བདག་གི་བྱིན་པ་གཡོན་པའམ་སྣ་བུག་གཡོན་པ་ནས་ཞུགས། སྟེང་འོག་ནས་ཞུགས་པའི་རིམ་པ་བཞིན་ཏུ། རང་གི་རྐྱང་མས་དབང་བྱས་ཏེ། སྤྱི་བོ་ནས་ལྟེ་བའི་བར་དུ་གསོས་བཏབ་ཅིང་རྒྱས་པར་བྱས་པའམ། ལྟེ་བ་ནས་སྤྱི་བོའི་བར་དུ་མས་རིམ་གྱིས་རྒྱས་པར་བྱེད་པ་གཉིས་གང་རུང་སྟེ། སྤྱི་བོ་ཤིན་ཏུ་རྒྱས་པར་བྱས་ལ། བྱང་ཆུབ་ཀྱི་སེམས་ཀྱིས་ལྟེ་བའི་ཨྃ་ལ་ཕོག་ནས་དྲག་ཏུ་བསྐུལ་བས་དབུ་མ་ཁ་ཕྱེ་ནས་སྙིང་གའི་ཧཱུྃ་དང་མགྲིན་པའི་ༀ་ཡང་ཞེན་ཐོག་མེད་པར་བཅོམ་ནས་སྤྱི་གཙུག་གི་ཧྃ་ལ་ཕོག །ཧྃ་ཞུ་བའི་བྱང་ཆུབ་ཀྱི་སེམས་ཐིག་ལེ་འབར་བས་འཛག་པ་སྟོབས་ཇེ་ཆེ་ཇེ་ཆེ་བྱུང་ནས་ཨྃ་དང་གཉིས་ཀྱི་བར་ན་ནས་གང་ཙམ་མམ་ཨྃ་ཉིད་ལ་ཐིམ་པའི་ཚུལ་གྱིས་འབར་འཛག་ཏུ་བསྒོམས་ན། ལུས་སེམས་ལ་བདེ་གསལ་གྱི་ཏིང་ངེ་འཛིན་སྐྱེ། འཕར་གཡོ་དང་འདར་སྦྲུག་དང་། ཀུ་ཅོ་འདོན་པ་ལ་སོགས་པ་འབྱུང་། དེ་ཞི་བར་འདོད་ན། ཡི་གེ་མགོ་བཅད་པ་ཞེས་བྱ་བ་ཡིན་ཏེ། དབུགས་ནང་དུ་རྔུབས་ཤིང་ཕྱིར་དྲག་ཏུ་འབུད་པ་ལན་གསུམ་ཙམ་བྱ། དེས་མ་ཞི་ན་ཧྃ་མི་དམིགས་པར་བསྒོམ། དེས་ཀྱང་མ་ཞི་ན་སྙིང་ག་ཡན་ཆད་ཀྱི་སྟོད་ཁ་ཡེད་དུ་བསྒོམ། དེས་ཀྱང་མ་ཞི་ན་ཆོས་ཐམས་ཅད་རང་གི་སེམས་སུ་དྲན་པར་བྱས་པས་ཞི་བར་འགྱུར་རོ། །སྔགས་ཀྱི་རིམ་པའོ། །ཡེ་ཤེས་ཀྱི་རིམ་པ་ནི། བདེ་བ་རིམ་གྱིས་བསྒོམ་པ་ཡིན་ཏེ། དེའང་སྔགས་ཀྱི་རིམ་པའི་ཉམས་རྒྱུད་ལ་སྐྱེས་པའི་གང་ཟག་དེས། ཧྃ་ལས་ཕབ་པའི་བྱང་ཆུབ་ཀྱི་སེམས་དབུ་མའི་ལམ་ནས་བྱུང་བ་རྡོ་རྗེ་ནོར་བུའི་གནས་སུ་ཕབས་ལ་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་ཚུལ་གྱིས་ཉམས་སུ་མྱོང་བ་སྐྱེད་པ་ཡིན་ཏེ། དེའང་སྟན་ཐོག་གཅིག་ཏུ་ཐུན་གཅིག་རང་ལ་ཡང་སྐྱེ་བ་ཡང་སྲིད། ཞག་གྲངས་སམ་
༥༠ཟླ་བ་ཅི་རིགས་པ་ལས་སྐྱེ་བ་ཡང་སྲིད་དོ། །དེའི་རིམ་པ་ནི་སྔགས་ཀྱི་རིམ་པའི་དམིགས་པ་འཕྲོ་བཅད་ལ། སྤྱི་བོ་ནས་ཕབས་པའི་བྱང་ཆུབ་ཀྱི་སེམས་དེ་རྡོ་རྗེ་ནོར་བུའི་རྩེར་ཕབ་ལ། བདེ་གསལ་མི་རྟོག་པའི་ཉམས་སྐྱེས་སྐྱེས་སུ་བསྒོམ་སྟེ། དེ་སྐྱེས་ནས་དགའ་བའི་དགའ་བའོ། །དེར་སྐྱེས་ན་རྡོ་རྗེའི་སྐེད་པར་སྔ་མ་བཞིན་ཏུ་བསྒོམ་སྟེ། དགའ་བའི་མཆོག་དགའོ། །དེ་ཡང་བདེ་བ་མི་བཟོད་ན་རྡོ་རྗེའི་རྩ་བར་བསྒོམས་ཏེ། དགའ་བའི་དགའ་བྲལ་ལོ། །དེར་ཡང་མི་བཟོད་ན་ལྟེ་བར་བདེ་བ་ལ་སེམས་བཟུང་སྟེ། དགའ་བའི་ལྷན་སྐྱེས་ཏེ། དགའ་བས་བསྡུས་པའི་དགའ་བ་བཞིའོ། །དེ་ཡང་མི་བཟོད་ན་གྱེན་ཏུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་བཟུང་སྟེ། མཆོག་དགའི་དགའ་བའོ། །དེར་ཡང་མི་བཟོད་ན་གྱེན་དུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་གཏད་དེ། མཆོག་དགའི་མཆོག་དགའོ། །དེར་ཡང་མི་བཟོད་ན་གྱེན་ཏུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་གཏད་དེ། མཆོག་དགའི་དགའ་བྲལ་ལོ། །དེར་ཡང་མི་བཟོད་ན་སྙིང་གར་བདེ་བ་ལ་སེམས་གཏད་དེ། མཆོག་དགའི་ལྷན་སྐྱེས་སོ། །དེར་ཡང་བདེ་བས་མི་བཟོད་ཅིང་སྙིང་འདར་ཞིང་སྤྲུགས་པ་སྙམ་བྱེད་ན་མཆོག་དགས་བསྡུས་པའི་དགའ་བཞི་མཐར་ཕྱིན་པ་ཡིན་པས། ཡང་གྱེན་ཏུ་བཞི་ཆ་གཅིག་གི་བར་གནས་སུ་སེམས་བཟུང་སྟེ། དགའ་བྲལ་གྱི་དགའ་བའོ། །དེར་ཡང་བདེ་བས་མི་བཟོད་ན་གྱེན་ཏུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་བཟུང་སྟེ་དགའ་བྲལ་གྱི་མཆོག་དགའོ། །དེར་ཡང་མི་བཟོད་གྱེན་ཏུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་བཟུང་སྟེ། དགའ་བྲལ་གྱི་དགའ་བྲལ་ལོ། །དེ་ཡང་བདེ་བས་མི་བཟོད་ན། གྱེན་ཏུ་བཞི་ཆ་གཅིག་གི་གནས་སུ་མགྲིན་པར་སེམས་བཟུང་སྟེ། དགའ་བྲལ་གྱི་ལྷན་སྐྱེས་སོ། །དེར་ཡང་གཏད་པས་བདེ་བས་མི་བཟོད་པ་དང་སྐད་འགགས་པ་སྙམ་བྱེད་པ་དང་། སྨྲ་མི་ཤེས་པ་སྙམ་བྱེད་ན་དགའ་བྲལ་གྱིས་བསྡུས་པའི་དགའ་བ་བཞི་མཐར་ཕྱིན་པ་ཡིན་པས།
༥༡ཡང་གྱེན་ཏུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་བཟུང་སྟེ། ལྷན་སྐྱེས་ཀྱི་དགའ་བའོ། །དེ་ཡང་བདེ་བས་མི་བཟོད་ན་གྱེན་ཏུ་བཞི་ཆ་གཅིག་གི་གནས་སུ་བདེ་བ་ལ་སེམས་བཟུང་སྟེ། ལྷན་སྐྱེས་ཀྱི་མཆོག་དགའོ། །དེར་ཡང་མི་བཟོད་ན་གྱེན་ཏུ་བཞི་ཆ་གཅིག་ཏུ་སྨིན་ཕྲག་ཏུ་སེམས་གཏད་ལ་བསྒོམ་སྟེ་ལྷན་སྐྱེས་ཀྱི་དགའ་བྲལ་ལོ། །དེར་ཡང་བདེ་བས་མི་བཟོད་ན་སྤྱི་གཙུག་ཏུ་བདེ་བའི་ཐིག་ལེ་ལ་སེམས་གཏད་ལ་བསྒོམ་སྟེ་ལྷན་སྐྱེས་ཀྱི་ལྷན་སྐྱེས་སོ། །དེ་ལྟར་དེ་དག་ཐམས་ཅད་ཀྱང་གནས་རེ་རེར་ཉམས་སྐྱེས་སྐྱེས་སུ་བསྒོམ་པ་ཡིན་གྱི། ཉམས་མ་སྐྱེས་ན་སྔར་གྱི་གནས་སུ་ལོག་ཅིང་བསྐྱར་ལ་ཡང་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པས་དངོས་པོ་ཐམས་ཅད་བདེ་བར་འཆར། བདེ་བས་སྙོམས་པའམ་མྱོས་པ་ལྟ་བུ་འོང་། འགྱེལ་བའམ། དངོས་པོ་གང་ལ་དམིགས་ཤིང་བལྟས་ཀྱང་བདེ་བས་མྱོས་པ་སྙམ་བྱེད་ན། ཡེ་ཤེས་ཀྱི་རིམ་པ་དགའ་བ་བཅུ་དྲུག་མཐར་ཕྱིན་པ་ཡིན་པས་ན། དེ་འཕྲོ་བཅད་ལ་གསང་བའི་རིམ་པ་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་རིམ་པའོ། །དེ་ནས་གསང་བའི་རིམ་པ་བསྒོམ་པ་ནི། སྒོམ་པ་དངོས་དང་། རླུང་གི་སྐྱོན་ཞི་བ་གཉིས་སོ། །དེ་ལ་སྒོམ་པ་ནི། གསང་བ་ནི་རླུང་ཡིན་ལ་རིམ་པ་ནི་དེ་རིམ་གྱིས་བསྒོམ་པའོ། །དེའང་སྣ་གཉིས་ཀྱི་བར་ཀ་བ་མེད་པ་སྒོ་ང་སྟོང་བ་ལྟ་བུར་བསྒོམ། དེ་ནས་སྲོག་རླུང་ཆ་མཉམ་སྟེ་སྤོས་ཀྱི་དུད་པ་བཞིན་ལུས་ཀྱི་ནང་ནས་བྱུང་ནས་སྣའི་རྡོག་མའི་རྩར་ཁྱུ་ལུ་ལུ་ཁྱུལ་ནས་ཕར་མི་འགྲོ་བར་བསྒོམ། དེ་ལྟར་བསྒོམ་པས་སྲོག་འཛིན་བརྟན་ཅིང་། ནད་རྙིང་པ་ཞི་ཞིང་གསར་པ་མི་སྐྱེ་བ་ལ་སོགས་པའི་ཡོན་ཏན་དུ་མ་འབྱུང་། སྐབས་འདིར་རླུང་སྐྱོན་ཡང་ཅི་རིགས་པ་འབྱུང་བ་སྲིད་པས། རླུང་སྐྱོན་ཐམས་ཅད་གོ་ལྡོག་གི་སྦྱོར་བས་གསལ་བར་བྱས་ཏེ། དེ་ཡང་རོ་སྨད་བཤལ་ཞིང་མི་ཐེག་པ་སྙམ་བྱེད་ཅིང་། འགྲོ་འོང་གི་བར་དུ་ཟུག་ཅིང་ན་ན་ཐུར་དུ་སེལ་བའི་རླུང་ཟིན་པས་ཤིན་ཏུ་བདེ་བ་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར། སྨིན་ཕྲག་ཏུ་བདེ་བ་ལ་སེམས་གཏད། དེ་ལྟར་གཏད་པས་སྣ་རུས་ན་བ་དང་། སྤྱི་གཙུག་ན་བ་དང་། རྣ་བ་ན་ཞིང་
༥༢འུར་འུར་ཟེར་ན་གྱེན་ཏུ་རྒྱུ་བའི་རླུང་ཟིན་པས་བདེ་བ་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར་ལྟེ་བར་བདེ་བ་ལ་སེམས་གཏད་དོ། །ཡང་ལྟེ་བར་ཟུག་ཅིང་སྦ་བ་སྙམ་བྱེད་ན། མེ་དང་མཉམ་གནས་ཀྱི་རླུང་ཟིན་པས་བདེ་བ་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར། མགྲིན་པར་བདེ་བ་ལ་སེམས་གཏད་དོ། །ཡང་མ་མཆུ་སྤྲིད་ཅིང་འགགས་པ་སྙམ་བྱེད་ན། ལྕེའི་དབང་པོ་ལ་གནས་པའི་རླུང་ཟིན་པས་བདེ་བ་རྒྱས་པ་ཡིན་ཏེ། དེ་ཞི་བར་བྱ་བའི་ཕྱིར་སྙིང་གར་བདེ་བ་ལ་སེམས་གཏད་དོ། །ཡང་སྙིང་འཆུ་ཞིང་སྤྲུགས་པ་སྙམ་བྱེད་ན། སྙིང་ལ་གནས་པའི་རླུང་ཟིན་པས་བདེ་བ་རྒྱས་པ་ཡིན་པས། དེ་ཞི་བར་བྱ་བའི་ཕྱིར། ནོར་བུའི་དཀྱིལ་དུ་སེམས་གཏད་ལ། དེ་ལྟར་གཏད་པ་དང་། ལུས་ཀྱི་ཚིགས་ཐམས་ཅད་ན་ཞིང་སྤྲིད་པ་སྙམ་བྱེད་ཅིང་། ལུས་ཐམས་ཅད་བེར་བ་ལངས་ན། ཁྱབ་བྱེད་ཀྱི་རླུང་ཟིན་པས། བདེ་བས་ལུས་རྒྱས་པ་ཡིན་ཏེ། དེ་ཞི་བའི་ཕྱིར་བདེ་བ་ལ་རང་བཞིན་མེད་པར་བསྒོམ་མོ། །དེ་ལྟར་བསྒོམས་པས་རྒོད་འདོད་པ་དང་། ཀུ་ཅོའི་སྒྲ་འདོན་སྙིང་འདོད་ན་ཤིན་ཏུ་བདེ་བ་རྒྱས་པ་ཡིན་ཏེ། ཤིན་ཏུ་བདེ་བ་ལ་མི་དམིགས་པར་བསྒོམ་མོ། །དེ་ལྟར་བསྒོམས་པས་ཤིན་ཏུ་མྱོས་ཤིང་དྲན་པ་མེད་པར་གྱུར་ན། ཞི་གནས་ཤས་ཆེས་པ་ཡིན་པས་དེ་ཞི་བར་བྱ་བའི་ཕྱིར། ཕྱི་ནང་གི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ་མོ། །དེ་ལྟར་ཆ་མཉམ་སྟེ་ཡང་ནས་ཡང་དུ་བསྒོམས་པས། ལུས་རས་པ་ལ་གྱི་འདབ་མ་ལྟར་ཡང་བ་དང་། དུ་བ་ལ་སོགས་པའི་རྟགས་ལྔ་མཐོང་བར་འགྱུར་ཞིང་། མཁའ་འགྲོ་མ་ཐམས་ཅད་ཉམས་སད་པའི་ཕྱིར་དྲུང་དུ་འོང་སྟེ། གཟུགས་དུ་མ་སྟོན་པའི་ཚེ། གང་ཞིག་སོར་མོ་གཅིག་སྟོན་དང་། ལ་སོགས་པའི་བརྡས་བར་ཆད་བསྲུང་། བརྡ་མི་ཤེས་ན་རྟོག་མེད་དུ་བསྲུང་། དེ་ལྟར་བསྒོམ་པ་དང་མཁའ་འགྲོ་མས་བྱིན་གྱིས་རློབས་པར་འགྱུར་རོ། །གསང་བའི་རིམ་པའོ། གཉིས་སུ་མེད་པའི་རིམ་པ་ནི། ཡུལ་དང་ཤེས་པ་རང་བཞིན་མེད་པ་དེ། ཡུལ་དང་ཤེས་པ་བསྲེས་ནས་བསྒོམ་པ་ཡིན་ཏེ། དེའང་རང་གི་སེམས་དང་སེམས་ལས་བྱུང་བར་ཆོས་ཐམས་ཅད་འདུས་པས་ན། ཕྱི་རོལ་གྱི་ཡུལ་ལ་མི་རྟོག་པར། ནང་གི་སེམས་ཀྱི་རྟོག་པ་བྱུང་ཚོར་ཅི་བྱུང་བ་ཐམས་ཅད་མི་དམིགས་པར་
༥༣བསྒོམ། ཡང་ཆུ་ལ་ཆུ་བཞག་པ་བཞིན་ཏུ་བདེ་སྟོང་དབྱེར་མེད། རིག་སྟོང་དབྱེར་མེད། གསལ་སྟོང་དབྱེར་མེད་དེ་གཉིས་སུ་མེད་པར་མི་དམིགས་པར་བསྒོམ་མོ། །དེ་ལྟར་བསྒོམས་པས་མངོན་ཤེས་ལྔ་ཡང་རིམ་གྱིས་ཐོབ་ནས་བདེ་བ་ཆེན་པོ་རིམ་གྱིས་འཐོབ་པར་འགྱུར་ཏེ། དེ་དག་གིས་ནི་འཇིག་རྟེན་པའི་ལམ་ཚོགས་སྦྱོར་གཉིས་མཐར་ཕྱིན་པ་ཡིན་ནོ། །དེ་ལྟར་གཉིས་སུ་མེད་པའི་རིམ་པ་མཐར་ཕྱིན་པའི་ཚེ། ལུང་བསྟན་པའི་ཕྱག་རྒྱ་འབྱུང་ལ། དེ་ལ་བརྟེན་ནས། ཕྱག་རྒྱའི་ལམ་དང་སྤྱོད་པ་ལ་བརྟེན་ནས། འཇིག་རྟེན་ལས་འདས་པའི་མངོན་པར་ཤེས་པ་འབྱུང་ལ། དེ་ནས་གནས་དང་ཉེ་བའི་གནས་ལ་སོགས་པའི་ས་བཅུ་གཉིས་རིམ་གྱིས་བགྲོད། སངས་རྒྱས་ཀྱིས་མངོན་ཏུ་བྱེད་པར་འགྱུར་རོ། །དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི་སྐུ་གསུམ་བདེ་བ་ཆེན་པོ་ཞེས་བྱ་བ་ཉི་མ་དང་འོད་ཟེར་བཞིན་འབད་རྩོལ་མི་དགོས་པར་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པ་ཡིན་ནོ། །དེའང་ཡན་ལག་བདུན་ལས། ཆོས་སྐུའི་ཡན་ལག་ནི། རང་བཞིན་མེད་པ་དང་། རྒྱུན་མི་འཆད་པ་དང་། འགོག་པ་མེད་པ་གསུམ་ཡིན་ལ། ལོངས་སྤྱོད་རྫོགས་པའི་སྐུའི་ཡན་ལག་གསུམ་ནི། ཁ་སྦྱོར་དང་། བདེ་ཆེན་དང་། ལོངས་སྤྱོད་རྫོགས་པ་གསུམ་ཡིན་ཞིང་། སྤྲུལ་པའི་སྐུའི་ཡན་ལག་ནི། སྙིང་རྗེ་ཆེན་པོས་ཡོངས་སུ་གང་བ་ཞེས་བྱ་བ་གཅིག་པུ་ཡིན་ནོ། །ཤྲཱི་ཛཱ་ལནྡྷ་ར་ཆེན་པོའི་གདམས་ངག་ལ་བརྟེན་ཏེ། སློབ་དཔོན་བརྟུལ་ཞུགས་ཀྱི་སྤྱོད་པ་ནག་པོ་པའི་གཏུམ་མོས་ལམ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གདམས་ངག །བླ་མ་གོང་མ་རྣམས་ཀྱིས་མཛད་པའི་ཡི་གེ་རྣམས་གབ་ཡིག་ལྟ་བུར་ཅུང་ཟད་མི་གསལ་བ་རྣམས་གསལ་བར་བྱ་བའི་ཕྱིར་ལན་མང་དུ་གསོལ་བ་འདེབས་པའི་ངོར་་བྱས་ནས་ཤཱཀྱ་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དབེན་གནས་སུ་བྲིས་པ་ཡིན་ནོ། །འདིའི་བརྒྱུད་པ་ནི། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་དྲིལ་བུ་པ། རུ་སྦལ་གྱི་ཞབས་ཅན། ཤྲཱི་ཛཱ་ལནྡྷ་ར་བ་ཆེན་པོ། །ནག་པོ་སྤྱོད་པ་བ། ཤྲཱི་ག་ཡ་དྷཱ་ར་ནས་རྗེ་བཙུན་ས་སྐྱ་པའི་བར་དུ་རིམ་པར་བརྒྱུད་དེ་འོངས་པ་ཡིན་ནོ། །ས་མཱ་སྟ་མི་ཏི།

༄༅། །བྱིན་རླབས་ཉེ་བརྒྱུད་ཀྱི་གསོལ་འདེབས་དངོས་གྲུབ་སྙེ་མ་ཞེས་བྱ་བ་བཞུགས་སོ།

༧༡

བྱིན་རླབས་ཉེ་བརྒྱུད་ཀྱི་གསོལ་འདེབས་དངོས་གྲུབ་སྙེ་མ་ཞེས་བྱ་བ་བཞུགས་སོ། །མཁྱེན་པས་སྲིད་པའི་འཆིང་བ་མཐར་མཛད་ཅིང༌། །ཐུགས་རྗེས་ཞི་ལ་དགའ་བ་རིང་དུ་དོར། །སྲིད་ཞིའི་མཐའ་ལ་མི་གནས་སྲིད་ཞིའི་མགོན། །རྒྱལ་བ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །རབ་འབྱམས་ཞིང་གི་རྡུལ་སྙེད་ལས་འདས་པའི། །གྲངས་མེད་རྒྱལ་བ་རྣམས་ཀྱི་མཁྱེན་པའི་གཏེར། །མཐའ་ཡས་གཅིག་ཏུ་བསྡུས་པའི་ཡེ་ཤེས་སྐུ། །མགོན་པོ་འཇམ་པའི་དབྱངས་ལ༴ རླབས་ཆེན་སྨོན་ལམ་རིང་ནས་བཏབ་པའི་མཐུས། །རྗེ་བཙུན་འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ། །ཐེ་ཚོམ་དྲྭ་བ་མཐའ་དག་བསལ་གྱུར་པ། །དཔའ་བོ་རྡོ་རྗེའི་ཞབས་ལ༴ བདེན་གཉིས་གནས་ཚུལ་རིག་པས་ལེགས་རྟོགས་ཤིང༌། །ཐབས་ཤེས་ཟུང་འབྲེལ་ཉམས་སུ་བླངས་པའི་མཐུས། །སྐུ་གསུམ་མངོན་དུ་གྱུར་བའི་ཙོང་ཁ་པ། །དཔལ་ལྡན་བླ་མའི་ཞབས་ལ༴ རྒྱལ་ཚབ་རྗེ་དང་མཁས་གྲུབ་དགེ་ལེགས་དཔལ། །ཤེས་རབ་སེང་གེ་དགེ་འདུན་གྲུབ་པ་སོགས། །སྨྲ་བའི་དབང་བོ་རིམ་པར་བྱོན་པ་ཡི། །བརྒྱུད་པའི་བླ་མ་རྣམས་ལ༴ རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སྐལ་བཟང་ཐར་བར་བསྒྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱངས་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ༴ འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །ཡོན་ཏན་ཀུན་གྱི་རྩ་བ་དྲིན་ཅན་རྗེ། །ཡིད་ལ་དྲན་པ་ཙམ་གྱིས་དུས་ཀུན་ཏུ། །མོས་གུས་རྩོལ་མེད་སྐྱེ་བར་བྱིན་གྱིས་རློབས། །འདོད་ཆུང་ཆོག་ཤེས་ཞི་ཞིང་དུལ་བར་གནས། །སྙིང་ནས་ཐར་པ་དོན་གཉེར་གསོང་པོར་སྨྲ། །བག་ཡོད་ལ་སྦྱོར་གྲོགས་མཆོག་བསྟེན་བྱེད་ཅིང༌། །དག་སྣང་ཕྱོགས་མེད་སྐྱེ་བར། །འཆི་བ་ངེས་ཤིང་ནམ་འཆི་ཆ་མེད་པ། །ཚིག་ཙམ་མིན་པ་དྲན་ནས་ལོང་མེད་དང༌། །རྙེད་བཀུར་ཆོས་ལ་གཏིང་ནས་ཞེན་

༧༢

ལོག་སྟེ། །དགོས་མེད་རྒྱུད་ལ་སྐྱེ། །ལུས་ཅན་མཐའ་དག་དྲིན་ཅན་མར་ཤེས་པས། །ཉམ་ཐག་རྣམས་ཀྱི་སྡུག་བསྔལ་དྲན་གྱུར་ནས། །རང་བདེ་འབའ་ཞིག་སྒྲུབ་ལས་ཡིད་ལོག་སྟེ། །སྙིང་རྗེ་རྩོལ་མེད་སྐྱེ་བར། །མཐར་འཛིན་ནད་ཀུན་སེལ་བའི་སྨན་གཅིག་པུ། །ཟབ་མོ་རྟེན་འབྲེལ་མཐའ་དང་བྲལ་བའི་དོན། །འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་དགོངས་པ་དག །ཇི་བཞིན་ཁོང་དུ་ཆུད་པར༴ དགེ་འདིས་མཚོན་ནས་དུས་གསུམ་དང་འབྲེལ་བའི། །བདག་གཞན་དགེ་བའི་རྩ་བ་ཇི་སྙེད་པ། །དེ་དག་ཐམས་ཅད་སྐྱེ་ཞིང་སྐྱེ་བ་རུ། །བྱང་ཆུབ་མཆོག་གི་རྗེས་སུ་མི་མཐུན་པའི། །ཤེས་ཀྱི་ཁེ་འདོད་པ་དང་གྲགས་པ་དང༌། །འཁོར་དང་ལོངས་སྤྱོད་རྙེད་དང་བཀུར་སྟིའི་རྒྱུར། །སྐད་ཅིག་ཙམ་ཡང་ནམ་ཡང་མི་སྨིན་པར། །བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང༌། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག །ཅེས་བྱིན་རླབས་ཉེ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་གདངས་ཅན་ཁྲོད་ཀྱི་གངས་རིའི་དབང་བོའི་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བའོ། །དགེའོ།། །།

༄༅། ། ནི་གུའི་ཡན་ལག་ལམ་ཁྱེར་རྣམ་གསུམ་གྱི་ཁྲིད་བཞུགས་སོ༎ ༎

༡༨༧ ༄༅༅། ནི་གུའི་ཡན་ལག་ལམ་ཁྱེར་གསུམ་གྱི་ཁྲིད་བཞུགས་སོ། །ན་མོ་གུ་རུ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་སྙན་བརྒྱུད་ཀྱི་ཡན་ལག་སྐོར་ལས། འཕྱུགསའཕྱུག་མེད་ལམ་ཁྱེར་གསུམ་གྱི་ཉམས་ལེན་ལ་གསུམ་སྟེ། སྣང་བ་ལ་བརྟེན་ནས་བླ་མ་ལམ་དུ་ཁྱེར་བ། ཡི་དམ་ལམ་དུ་ཁྱེར་བ། སྒྱུ་མ་ལམ་དུ་ཁྱེར་བའོ། །དང་པོ་ནི། རང་གི་མདུན་གྱི་ནམ་མཁའི་གནས་སུ། པཾ་ལས་པདྨ་འདབ་མ་བཞི་པ། དེའི་ལྟེ་བ་དང་འདབ་མ་རྣམས་སུ། ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་དབུས་སུ་རྩ་བའི་བླ་མ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། ཤར་དུ་དགྱེས་རྡོར་དཀར་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་དཀར་བསྣོལ་བ། ལྷོར་གསང་བ་འདུས་པ་སེར་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། ནུབ་ཏུ་མ་ཧཱ་མཱ་ཡཱ་དམར་པོ་གོང་དང་འདྲ་བ། བྱང་དུ་རྡོ་རྗེ་འཇིགས་བྱེད་ལྗང་གུ་གྲི་གུག་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཐམས་ཅད་ཀྱང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བསྐྱེད། དེ་དག་གི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་
༡༨༨ ཧཱུྃ་སྣ་ཚོགས་པ་དེ་ལས་འོད་འཕྲོས་པས་རང་འདྲ་བའི་ཡེ་ཤེས་སེམས་དཔའི་རྣམ་པར་བླ་མ་ཡི་དམ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ་བསྟིམ། རིགས་ལྔ་སྤྱན་དྲངས་ཏེ་དབང་བསྐུར་བས། ཐམས་ཅད་ལ་རྒྱལ་པ་རིགས་ལྔས་དབུ་བརྒྱན་པར་བསྒོམས་ལ། བླ་མ་རིན་པོ་ཆེས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བ་ནས་ༀ་དཀར་པོ་བྱུང་། རང་གི་དཔྲལ་བར་ཐིམ། བུམ་དབང་ཐོབ་པ་སོགས་གོང་གཏུམ་མོ་དང་འདྲ། མགྲིན་པ་ནས་ཨཱཿདམར་པོ་བྱུང་། རང་གི་མགྲིན་པར་ཐིམ། ཐུགས་ཀ་ནས་ཧཱུྃ་སྔོན་པོ་བྱུང་། རང་གི་ཐུགས་ཀར་ཐིམ། དེ་ནས་ཕྱོགས་བཞིའི་ལྷ་བཞི་པོ་དེ་གཙོ་བོ་ལ་ཐིམ། དེ་གདན་དང་བཅས་པ་འོད་དུ་ཁྲ་སྤུང་སོང་བ་དང་རང་ལ་ཐིམ་པའི་ངང་དུ་མཉམ་པར་བཞག་གོ །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་འཆི་བ་མི་རྟག་པ་བསམ་པ་སོགས་ཀྱི་སྔོན་འགྲོ་རྣམས་བསྒོམ། དེ་ནས་རང་ཡི་དམ་དུ་གསལ་བའི་སྤྱི་བོར་པད་ཟླའི་གདན་ལ་རྩ་བའི་བླ་མ་འཛུམ་ཡལ་ལེ་བ་སྐུ་མདངས་དང་ལྡན་པ་ཞིག་བསྒོམས་ནས་བདག་གིས་བྱང་དྲངས་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་གསོལ་བ་འདེབས་པར་བསམ་ཞིང་། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྒྱུ་ལུས་རྨི་ལམ་འབྱོངས་པར་བྱིན་གྱིས་རློབས། འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། ཞེས་གསོལ་བ་དྲག་ཏུ་བཏབ། དེ་ནས་གཟུགས་གང་སྣང་བ་ཐམས་ཅད་ལ་འདི་ངའི་བླ་མ་དམ་པ་ཡིན་སྙམ་དུ་བསམ། ཁྱད་པར་ཆགས་ཡུལ་གྱི་གཟུགས་སྡུག་པ། ཞེ་སྡང་གི་ཡུལ་གྱི་མི་སྡུག་པ་སོགས་བླ་མར་མོས་པའི་དྲན་པ་ཡེ་
༡༨༩ མ་ཉམས་པ་བྱའོ། །དེ་ནས་ངའི་བླ་མ་འདིས། ང་འདི་ལྟར་འཁོར་བ་ལས་བསྒྲལ་ནས་ཐར་པ་བླ་ན་མེད་པ་ལ་བཀོད་པ་དྲིན་ཆེ་སྙམ་དུ་བསམས་ལ། ཕྱག་མཆོད་སོགས་ཡན་ལག་བདུན་པ་བྱའོ། །དེ་ནས་ཅིར་སྣང་ཐམས་ཅད་བླ་མར་ཐག་བཅད། བླ་མ་རང་སེམས་སུ་ཐག་བཅད། རང་སེམས་སྤྲོས་བྲལ་དུ་ཐག་བཅད་ལ། སྣང་སྟོང་ཟུང་འཇུག་ཏུ་ཉམས་སུ་བླང་ཞིང་། དེའི་ངང་ནས་བསྡོ་བ་སྨོན་ལམ་རྣམ་དག་གདབ་པར་བྱའོ། །གཉིས་པ་སྣང་བ་ལ་བརྟེན་ནས་ཡི་དམ་ལམ་དུ་ཁྱེར་བ་ནི། རང་གི་མདུན་དུ་པདྨ་འདབ་མ་བཞི་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པ་དང་རིན་པོ་ཆེས་བརྒྱན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་དཀར་མོ། བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧེ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་གཡས་གྲི་གུག་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྲཱཾ་ག །ཞབས་གཡས་བརྐྱངས་པས་རོའ་གདན་མནན་ཅིང་། གཡོན་པ་བསྐུམ་པས་སྐྱིལ་གྲུངཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། ཐམས་ཅད་ཀྱང་རུས་པ་དང་རིན་པོ་ཆེས་བརྒྱན་པ། མེ་རི་འབར་བའི་དབུས་ན་བཞུགས་པའོ། །དེ་ནས་གོང་བཞིན་ཡེ་ཤེས་པ་གཞུག །དབང་བསྐུར་བས་རིགས་ལྔས་དབུ་བརྒྱན་པར་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས།
༡༩༠ གོང་ལྟར་གཙོ་བའི་གནས་གསུམ་ལས་ཡི་གེ་འབྲུ་གསུམ་བྱུང་། རང་གི་གནས་གསུམ་དུ་ཐིམ། དབང་གསུམ་ཐོབ། ལུས་ངག་ཡིད་གསུམ་སོ་སོའ་སྒྲིབ་པ་དག །ལམ་བསྐྱེད་རིམ་རྫོགས་རིམ་བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་མངོན་དུ་བྱས་པར་བསམ་མོ། །དེ་ནས་འཁོར་གྱི་ལྷ་མོ་བཞི་གཙོ་བོ་ཡབ་ཡུམ་ལ་ཐིམ། དེ་འོད་དུ་ཁྲ་སྤུང་སོང་སྟེ་རང་ལ་ཐིམ་པས་དབང་བཞི་པ་ཐོབ། སྒྲིབ་པ་ཐམས་ཅད་དག་པར་བསམ་མོ། །དེ་ནས་རང་ཡང་འཁོར་ལོ་སྡོམ་པ་ཡབ་ཡུམ། གཟུགས་སུ་སྣང་བ་ཐམས་ཅད་ཀྱང་འཁོར་ལོ་སྡོམ་པ་ཡབ་ཡུམ་སྣང་ལ་རང་བཞིན་མེད་པ་ཤིན་ཏུ་གསལ་བར་བསྒོམས་ལ། དེ་ལ་མཆོད་པ་འབུལ། དེ་ནས་རང་གིས་ཡི་དམ་གྱི་སྙིང་པོ་ཡི་གེ་བདུན་པ་བཟླས་པས། གཟུགས་སུ་སྣང་བ་ཡི་དམ་གྱི་ལྷར་གསལ་བས་ཀྱང་སྔགས་དེ་རི་རི་བགྲང་བར་བསྒོམས་ནས། སྒྲ་གྲགས་ཚད་སྔགས་སུ་ཤེས་པར་བྱའོ། །དེ་ལྟར་ལྷ་དང་སྔགས་སུ་སྣང་བ་ཐམས་ཅད་ཀྱང་རང་གི་སེམས་སུ་ཐག་བཅད། རང་སེམས་སྤྲོས་བྲལ་དུ་ཐག་བཅད་ལ་བསྒོམ། རྗེས་བསྔོ་བ་བྱའོ། །ཐུན་གཅིག་ལ་ཉམས་སུ་ལེན་ན། སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ། རང་གི་ལུས་དང་སྣང་བ་ཐམས་ཅད་ཡི་དམ། སྒྲ་གྲགས་པ་ཐམས་ཅད་སྔགས་གྲགས་སྟོང་། རྟོག་པ་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ཐག་བཅད་ལ་བསྒོམ། མདོར་ན་སྤྱི་གཙུག་བླ་མ་དང་མི་འབྲལ། རང་ལུས་ཡི་དམ་དང་མི་འབྲལ། ངག་གསོལ་འདེབས་སམ་སྔགས་བཟླས་པ་དང་མི་འབྲལ། བཟའ་བཏུང་བདུད་རྩི་དང་མི་འབྲལ། དྲན་རྟོག་ཐམས་ཅད་སྒྱུ་མ་རྨི་ལམ་དང་མི་འབྲལ། མདུན་དུ་བཀའ་སྲུང་ཆོས་སྐྱོང་དང་མི་འབྲལ་བར་ཉམས་སུ་བླང་བར་བྱའོ། །འདི་ནི་མདོ་རྒྱུད་རྣམས་ཀྱི་སྙིང་པོ། མཁའ་འགྲོའི་སྲོག་སྙིང་ལྟ་
༡༩༡ བུ་ཡིན་པས། ཐེ་ཚོམ་མ་བྱེད་པར་ཉམས་སུ་ལོངས་ཤིག །ལོ་ཟླ་ཙམ་གྱིས་འཚང་རྒྱ་བར་ངེས་པའི་མན་ངག་གོ །གསུམ་པ་སྣང་བ་ལ་བརྟེན་ནས་སྒྱུ་མ་ལམ་དུ་ཁྱེར་བ་ནི། སྣང་བ་ཐམས་ཅད་སེམས་སུ་ཐག་བཅད། སེམས་སྒྱུ་མ་རྨི་ལམ་དུ་ཐག་བཅད་ནས་ཉིན་པར་སྒྱུ་ལུས་དང་། མཚན་མོ་རྨི་ལམ་གྱི་སྦྱོང་སྤེལ་སྤྲུལ་བསྒྱུར་སོགས་ཆོས་དྲུག་ཏུ་བསྟན་པ་བཞིན་ཉམས་སུ་བླང་བར་བྱའོ། །མདོར་ན་སྣང་བ་ལམ་ཁྱེར་ནི། མིག་གི་ཡུལ་དུ་གཟུགས་མཛེས་མི་མཛེས། རྣ་བའི་ཡུལ་དུ་སྒྲ་སྙན་མི་སྙན། སྣའི་ཡུལ་དུ་དྲི་ཞིམ་མི་ཞིམ། ལྕེའི་ཡུལ་དུ་རོ་མངར་མི་མངར། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་མི་འཇམ། ཡིད་ཀྱི་ཡུལ་དུ་ཆོས་ཡིད་འོང་མི་འོང་ཅི་བྱུང་ཡང་། དེའི་ངོ་བོ་ལ་ཅེ་རེ་བལྟས་ལ། སྣང་བ་མ་འགགས། འཛིན་པ་མ་ཞུགས་པར་གསལ་སྟོང་འཛིན་མེད་ཀྱི་ངང་ལ་མ་ཡེངས་པར་བཞག་གོ །དེ་ལྟ་བུའི་ཆོས་གསུམ་པོ་དེ་ཉམས་སུ་བླངས་པས། བླ་མ་ལ་མོས་གུས་ཐུན་མོང་མ་ཡིན་པ་སྐྱེ་བ་དང་། སྒྱུ་མ་རང་ཤར་གྱིས་སྣང་བ་ཐམས་ཅད་བདེན་མེད་དུ་བུན་འགྲོ་བ་དང་། རྨི་ལམ་རང་ཟིན་གྱིས་སྦྱོང་སྤེལ་སྤྲུལ་བསྒྱུར་ཡུལ་སྣང་གཏན་ལ་ཕེབས་པ་དང་། ཉིན་པར་ཕྱག་རྒྱ་ཆེན་པོ་གསལ་ལ་རྟོག་མེད་དུ་འཆར་བ་དང་། མཚན་མོ་ལྷ་སྐུ་རང་ཤར་དང་། འོད་གསལ་ཕྱོགས་མེད་དུ་འཆར་བ་རྣམས་ཇི་ལྟ་བ་བཞིན་དུ་འབྱུང་བས། ཐེ་ཚོམ་མེད་པར་ཉམས་སུ་ལོངས་ཤིག་ཨང་། །ཉིང་ཁུའི་ཡན་ལག་ལས་འཕྱུགས་མེད་བླ་མ་ལམ་དུ་ཁྱེར་བ། ཡི་དམ་ལམ་དུ་ཁྱེར་བ། སྣང་བ་ལམ་དུ་ཁྱེར་བའི་མན་ངག་འདི་ཡང་ལུང་སྟོང་སྨྱོན་པས་རང་གི་མྱོང་བ་དང་སྦྱར་ནས། གནས་མཆོག་རི་བོ་ཆེར་སྦྱར་བའི་ཡི་གེ་པ་ནི་བཀའ་བཅུ་བློ་གྲོས་
༡༩༢ རྒྱལ་མཚན་ཡིན། འདི་རྣམས་ནི་བསྒོམས་པའི་དམིགས་རིམ་ཙམ་ཞིག་གཙོ་བོར་བྱས་ནས་ཤིན་ཏུ་བསྡུས་པ་ཡིན་ཀྱང་། འདི་ཁོ་ནས་དོན་འགྲུབ་པ་ཡོད་དོ། །བསྒོམས་པས་ཤེས་སོ། །བཤད་པ་བྱེད་འདོད་ན་རྡོ་རྗེའི་ཚིག་རྐང་གི་སྟེང་དུ་བླ་མ་གོང་མའི་ཡིག་ཆ་བཀོད་པ་ལས་རྟོགས་དགོས།། །

།ཕྱག་རྒྱ་ཆེན་པོ་གངྒཱ་མའི་གཞུང་ས་བཅད་བཞུགས།

༣༦ ༈ །ཕྱག་རྒྱ་ཆེན་པོ་གངྒཱ་མའི་གཞུང་ས་བཅད་བཞུགས། །ༀ་ན་མོ་གུ་རུ་བྷྱ༔་ཕྱག་རྒྱ་ཆེན་པོ་གངྒཱ་མ་འདི་ལ་དོན་གསུམ་སྟེ། མཚན། རྒྱ་གར་།།།་ཕྱག དཔལ་རྡོ་རྗེ། གདམས་པ་དངོས། བསྔོ་བའོ། ཕྱག་རྒྱ། བར་པ་ལ་
༣༧གཉིས་ཉན་པར་གདམས་པ། གཞུང་དངོས་སོ། །འདི་ལ་བདུན། ལྟ་བ། སྤྱོད་པ། བསྒོམ་པ། དམ་ཚིག །ཕན་ཡོན། ཉེས་དམིགས། ཉམས་ལེན་ནོ། །དང་པོ་ལ་དྲུག །ནམ་མཁའི་དཔེས་རྟེན་མེད་པར་བསྟན། ནམ་མཁའ་སྤྲིན་ནམ་ཉི་མའི་དཔེ་བཞིས་སྒྲིབ་པས་མ་གོས་པ་།།།་དཀའ་བ་།།།་བསྟན། ནམ་མཁའི་དཔེས་བརྗོད་ལས་།།།་ལུས་།།།་འདས་པར་།།།་ལུས་།།།་བསྟན་།།།་སྔགས་།།།་ཞེས་འདོད་།།།་དོན་འདི་།།།་ཅིང་དོན་བསྡུ་བའོ། །ཉམས་ལེན་ལ་གཉིས། ཕྱག་རྒྱ་།།།་སྔོན་འགྲོ་དངོས་གཞི། ཉམས་སུ་།།།་དཔེར་ན་།།།་བླང་དཔེར་ན་ནམ་མཁའ་།།།་དཔེར་ན་གསལ་དྭངས་།།།་པའི་འབྲས་བུའོ། །དང་པོ་ལ་བཞི། བླ་མ་བསྟེན་།།།་དཔེར་ན་ནམ་མཁའ་སྟོང་པར་།།།་ཅིང་ངེས་འབྱུང་བསྐྱེད་པ། ལྟ་སྒོམ་།།།་གཟུང་འཛིན་།།།་སྤྱོད་འབྲས་ཀྱིས་ངེས་པར་བྱ་བ། འདུ་འཛི་སྤངས་ཤིང་དབེན་པ་སྒོམ་ཚུལ། དེ་ལྟར་བསྒོམས་པའི་ཕན་ཡོན་བསྟན་པའོ། །དངོས་།།།་ཚེ་རིང་གཞི་ལ་གསུམ། དབང་པོ་རབ་ཀྱིས་ཉམས་སུ་བླང་ཚུལ། །གང་ཟག་གསུམ་།།།་བུས་།།།་དཔེས་བསྟན་པ། དབང་པོ་འབྲིང་དང་ཐ་མས་ཉམས་སུ་།།།་ཀྱེ་མ་འཇིག་རྟེན་།།།་བླང་ཚུལ་ལོ། འཁོར་ལོ་བདེ་མཆོག་ཏཻ་ལོ་པའི། །ཕྱག་རྒྱ་།།།་དཔེར་ན་།།།་ཆེན་པོའ་ས་བཅད་འདི། །རང་བྱུང་རོལ་པའི་རྡོ་རྗེས་བཏབ། ཀྱེ་ཧོ་།།།་།ཀུན་གྱིས་ཕྱག་ཆེན་རྟོགས་པར་ཤོག

གྲུབ་ཆེན་དམ་པ་སངས་རྒྱས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་ལ་གདམས་པའི་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་སྙིང་པོར་དྲིལ་བའི་རྡོ་རྗེའི་མགུར་

༣༦ ༈ །གྲུབ་ཆེན་དམ་པ་སངས་རྒྱས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་ལ་གདམས་པའི་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་སྙིང་པོར་བོརདྲིལ་བའི་རྡོ་རྗེའི་མགུར། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །གདོན་གནོད་སྦྱིན་ཕོ་མོ་འདུལ་ཙ་ན། །བརྟུལ་ཞུགས་ཀྱི་འཁྲུལ་འཁོར་འཆའ་བ་ཡིན། །ལུས་ལ་ན་ཚ་བྱུང་ཙ་ན། །དབྱིངས་རིག་གཅིག་ཏུ་བསྲེ་བ་ཡིན། །རྣམ་རྟོག་ཕྲ་མོ་སྐྱེས་ཙ་ན། །ཉོན་མོངས་ལ་འབུར་འཇོམས་གཏོང་བ་ཡིན། །གཅིག་པུར་
༣༧ ལྐོག་ཏུ་ཉལ་ཙ་ན། །རིག་པ་རྗེན་པར་འཇོག་པ་ཡིན། །མང་པོའ་བོའགསེབ་ཏུ་སྡོད་ཙ་ན། །གང་ཤར་གྱི་ངོ་ལ་བལྟ་བ་ཡིན། །བྱིངས་ན་ཕཊ་ཀྱིས་གསེང་བ་ཡིན། །འཕྲོ་ན་རྩ་བ་གཅོད་པ་ཡིན། །རྒོད་ན་དབྱིངས་སུ་འཇོག་པ་ཡིན། །ཤེས་པ་ཡུལ་ཕྱིར་འབྲང་ཙ་ན། །དེ་ཉིད་དོན་ལ་བལྟ་བ་ཡིན། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །ལྟས་ངན་བྱུང་ན་གཡང་དུ་བློན། །རྣམ་རྟོག་ཇི་ལྟར་དགྱེས་དགྱེས་མཛོད། །ན་ཚ་བྱུང་ན་བོགས་སུ་འདོན། །འབྱུང་བ་ཇི་ལྟར་དགྱེས་དགྱེས་མཛོད། །འཆི་བ་བྱུང་ན་ལམ་དུ་སློང་། །འཆི་བདག་ཇི་ལྟར་དགྱེས་དགྱེས་མཛོད། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །དུས་གསུམ་རྒྱལ་བའི་དགོངས་པ་ལགས། །རྡོ་རྗེ་འཆང་གི་གསང་ཚིག་ཡིན། །མཁའ་འགྲོ་སྡེ་བཞིའི་སྲོག་སྙིང་ཡིན། །རྒྱུད་སྡེ་བཞི་ཡི་གདམས་ངག་ཡིན། །སྙན་བརྒྱུད་གནད་ཀྱི་མན་ངག་ཡིན། །མན་ངག་ཐབས་ཀྱི་ལྡེ་མིག་ཡིན། །དམ་ཆོས་སྡུག་བསྔལ་ཞི་བྱེད་ལགས། །ཞེས་གསུངས་པས་རྗེ་བཙུན་ཐུགས་ཤིན་ཏུ་མཉེས་པར་གྱུར་ཏོ། །འདི་ནི་མན་ངག་གི་གནད་བསྡུས་པའི་རྡོ་རྗེའི་གསུང་ཁྱད་པར་ཅན་ཏེ། དེ་ལ་ལྔ། གདམས་པའི་རྩ་བ་གསུམ། ཉམས་ལེན་གྱི་འཇོག་ལུགས་གཉིས། གེགས་སེལ་གྱི་མན་ངག་གསུམ། བོགས་འདོན་གྱི་ལམ་ཁྱེར་གསུམ། གདམས་པའི་ཆེ་བ་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ནི། གདོན་བགེགས་ཞི་བྱེད་བརྟུལ་ཞུགས་ཀྱི་འཁྲུལ་འཁོར་འཆའ་བ། །ན་ཚ་ཞི་བྱེད་དབྱིངས་རིག་གཅིག་ཏུ་བསྲེ་བ། རྣམ་རྟོག་ཞི་བྱེད་ཉོན་མོངས་ལ་འབུར་འཇོམས་སུ་གཏོང་བའི་གདམས་ངག་གོ །གཉིས་པ་ནི། གཅིག་པུར་སྡོད་དུས་རིག་པ་རྗེན་པར་འཇོག་པ་དང་། མང་པོའ་གསེབ་ཏུ་གང་ཤར་ཐུག་ཕྲད་དུ་འཇོག་པའོ། །གསུམ་པ་ནི་བྱིངས་ན་ཕཊ་ཀྱིས་གསེང་བ། །འཕྲོ་ན་རྩ་བ་གཅོད་པ། རྒོད་ན་དབྱིངས་སུ་འཇོག་པ་སྟེ་གསུམ་དང་། ཞར་བྱུང་དེ་ལས་འཕྲོས་ནས་ཤེས་པ་ཡུལ་ཕྱིར་འཕྲོ་ན་དེ་ཉིད་གཅེར་མཐོང་དུ་བལྟ་བའོ། །བཞི་པ་ནི། ལྟས་ངན་གཡང་དུ་ལེན་པ། ན་ཚ་བོགས་སུ་འདོན་པ། འཆི་བ་ལམ་དུ་སློང་བའོ། །ལྔ་པ་ནི།
༣༨ མདོ་རྒྱུད་ཀྱི་དགོངས་འདུས། མཁའ་འགྲོའི་སྲོག་སྙིང་། སྙན་བརྒྱུད་ཀྱི་མན་ངག་ཡིན་པའི་བསྔགས་པ་བརྗོད་པའོ། །འདི་ལ་ལ་སྟོད་བསྟོདཔ་མི་བསྐྱོད་རྡོ་རྗེས་མཛད་པའི་ཁྲིད་ཡིག་ཀྱང་སྣང་ངོ་།། །།

ལམ་འབྲས་ཀྱི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཚིགས་བཅད་མ་བཞུགས་སོ།

༢༨ ༈ །ལམ་འབྲས་ཀྱི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཚིགས་བཅད་མ་བཞུགས་སོ། །དཔལ་ལྡན་བླ་མའི་ཚོགས་ལ་ཕྱག་འཚལ་ཏེ། རྡོ་རྗེ་འཆང་ལ་གཉིས་པའི་ཚིག་གིས་འདུད། །མདོ་རྒྱུད་བསྟན་བཅོས་ཀུན་གྱི་སྙིང་པོའ་དོན། །ཉུང་ངུའི་ཚིག་གིས་བརྗོད་པར་བྱ་ཡིས་ཉོན། །སྡུག་བསྔལ་སྡུག་བསྔལ་ངན་སོང་གསུམ་གྱི་གནས། །མཛེ་ནད་ཤུ་བའི་སྟེང་ན་རྨ་འབྲས་བཞིན། །ལེགས་པར་བསམ་ན་བསྲན་པར་ག་ལ་ནུས། །དེ་བསམ་མི་དགེའི་ལས་ལས་ལྡོག་པར་བྱ། །མཐོ་རིས་གསུམ་ནའང་འགྱུར་དང་འདུ་བྱེད་དེ། །དང་པོ་མཐོ་དམན་འགྱུར་བར་བསམ་པར་བྱ། །གཉིས་པ་བྱ་བས་ཟིན་པར་ག་ལ་འགྱུར། །དེས་ན་དང་པོ་འཁོར་བའི་ཉེས་པ་བསམ། །དབེན་སར་གནས་ནས་བསམ་གཏན་བསྒོམ་པ་ལ། །བྱིས་དང་འགྲོགས་ན་དབེན་པ་མི་ཐོབ་པས། །སྐྱེ་བོ་དག་ལ་སྐྱོ་བ་བསྒོམ་བྱ་སྟེ། །འདི་ཡིས་དབེན་པ་ཐོབ་ཅིང་ལོག་འཚོ་སྡང་། །དེ་ལྟར་འཇིག་རྟེན་རྣམ་རྟོག་བཏང་ནས་ནི། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། །བདག་གཞན་མཉམ་དང་བརྗེ་བའི་བྱང་ཆུབ་སེམས། །དོན་དམ་བྱང་ཆུབ་སེམས་ཀྱང་བསྒོམ་པར་བ། །དེ་ལྟར་བསམ་ཀྱང་ཚེ་འདིར་སྲེད་པ་ན། །མི་རྟག་པ་ནི་ཐུན་མཚམས་ཐམས་ཅད་དུ། །ཡང་ཡང་དྲན་པར་བྱ་ཡི་མི་རྟག་པ། །རྟག་ཏུ་མི་བསམ་དུས་འདས་དགོས་མེད་ཕྱིར། །བྱང་ཆུབ་སེམས་གཉིས་བསྒོམ་པའི་ཐུན་མཚམས་སུ། །མདོ་བཀླག་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །ཕ་རོལ་ཕྱིན་པའི་གཞུང་
༢༩ལུགས་མདོར་བསྡུས་ནས། །སྙིང་པོ་དོན་གྱི་མན་ངག་འདི་དག་ཡིན། །དེ་ཙམ་གྱིས་ཀྱང་བློ་གྲོས་མ་གང་བའི། །བློ་ཆེན་སྦྱངས་པ་ཟབ་མོ་དག་ལ་མོས། །རྡོ་རྗེ་འཆང་ཆེན་མྱུར་ཏུ་ཐོབ་འདོད་པ། །དེ་ལ་རྡོ་རྗེ་ཐེག་པ་སྦྱིན་པར་བྱ། །བླ་མ་བརྒྱུད་པ་དང་ལྡན་རྒྱུད་དོན་རིག །དམ་ཚིག་མཆོག་སྲུང་མན་ངག་དུ་མས་བརྒྱན། །སྙིང་རྗེས་རྒྱུད་བརླན་བསྟན་བཅོས་དུ་མ་ཤེས། །དེ་ཡི་ཞབས་བསྟེན་གསོལ་བ་ལན་མང་བཏབ། །དེ་ཡིས་གནང་ནས་དཀྱིལ་འཁོར་ཆེན་པོ་རུ། །ཞུགས་ནས་དབང་བཞི་པོ་རྣམས་རྫོགས་པར་བླངས། །བྱིན་རླབས་ཕྲ་མོ་ཙམ་གྱིས་མ་ཡིན་ཏེ། །སྔགས་ཀྱི་རྩ་བ་དབང་བསྐུར་ཡིན་པས་སོ། །དེ་ནས་རྩ་བ་ཡན་ལག་བཅས་པ་ཡི། །དམ་ཚིག་ལ་ནི་བྱང་བས་ནན་ཏན་བྱ། དེ་ཙམ་གྱིས་ཀྱང་སྐྱེ་བ་བཅུ་དྲུག་ནས། །འགྲུབ་ལ་ལམ་རྣམས་ཀུན་གྱི་གཞི་ཡིན་ནོ། །དེ་ལྟར་སྣོད་དང་ལྡན་པའི་གང་ཟག་ལ། །བསྐྱེད་རིམ་ལམ་གྱི་ཡན་ལག་བཅས་བསྟན་ནས། །བཟླས་བརྗོད་སྦྱིན་སྲེག་དག་གི་རྒྱུད་སྦྱངས་ནས། །དེ་ནས་ལྟ་བ་དག་ལ་བློ་སྦྱང་ངོ་། །དང་པོ་དངོས་ཀུན་སེམས་སུ་བསྒྲུབ་བྱ་སྟེ། །སེམས་ལས་མ་གཏོགས་འདི་ན་གཞན་འགའ་མེད། །རང་སེམས་འཁྲུལ་པའི་བག་ཆགས་ཀྱིས་བསླང་ངོ་། །རྨི་ལམ་རྟ་གླང་མིག་གི་རབ་རིབ་བཞིན། །སེམས་དེ་ངོ་བོ་ཉིད་མིན་སྒྱུ་མ་སྟེ། །སྨིག་རྒྱུ་ཆུ་ཟླ་གཙུབས་པའི་མེ་བཞིན་དུ། །སྣ་ཚོགས་རྐྱེན་རྣམས་ཚོགས་ནས་སྣང་བ་ཙམ། །འདི་ཡི་སེམས་གྱི་རང་བཞིན་གང་ཡིན་སྨོས། །སྒྱུ་མ་ཞེས་བྱ་ངོ་བོ་ཉིད་ཀྱང་ནི། །འདི་ན་མེད་ཅིང་རྟེན་ཅིང་འབྲེལ་འབྱུང་ཉིད། །སྐྱེ་དང་འགགས་དང་གནས་པ་ཡོད་མིན་ན། །བརྗོད་བྲལ་འདི་ལ་ཅི་ཞིག་བསམ་པར་བྱ། །བརྗོད་མེད་བརྗོད་པ་འདི་ལ་དོན་མེད་ཅིང་། །བསམ་མིན་བསམ་པར་བྱ་བའི་གནས་མིན་ལ།། །།
༣༠བསྒོམ་དུ་མེད་པ་འདི་ལ་ཅི་ཞིག་བསྒོམ། །དེ་ལྟར་ཤེས་ན་འཛིན་པ་མེད་པར་འགྱུར། །ལྟ་བ་ཡང་དག་བསམ་པས་བློ་སྦྱངས་ནས། །དེ་ནས་རིམ་གཉིས་བསམ་གཏན་བསྒོམ་པར་བྱ། །བསྐྱེད་པའི་རིམ་ནས་རིམ་གྱིས་བློ་སྦྱང་ངམ། དེ་ཉིད་རྟེན་དུ་འཛིན་ཏེ་བློ་རིགས་གཉིས། །དད་པ་བསྐྱེད་པའི་རིམ་པ་ཉིད་ལ་ནི། །བློ་ཡི་སྣང་བ་ཐོབ་ཀྱི་བར་དུ་སྟེ། །གཉིས་པ་དཀྱིལ་འཁོར་རྫོགས་པའི་ལྷན་ཅིག་སྐྱེས། །གང་རུང་སྔོན་དུ་སོང་ནས་རྫོགས་རིམ་བསྒོམ། །རྫོགས་རིམ་ཟབ་མོ་ཀུན་གྱི་སྔོན་འགྲོ་ནི། །སྦྱང་བ་རྣམ་གསུམ་དེ་ནས་རླུང་ལ་བསླབ། །སྦྱོར་བ་རྣམ་བདུན་གཙོ་བོ་བུམ་པ་ཅན། །སངས་རྒྱས་ལམ་ནི་ཁ་སྦྱོར་དག་ལ་གནས། །འདི་ནི་འཆི་བ་མེད་པའི་བཅུད་ལེན་ཏེ། །འདི་ནི་རྒས་པ་མེད་པའི་སྨན་གྱི་མཆོག །མཐུ་སྟོབས་དུ་མ་སྒྲུབ་པར་བྱེད་པའང་འདི། །རིམ་གཉིས་རྟེན་འབྲེལ་བརྟན་པར་བྱེད་པའང་འདི། །རང་བྱིན་རླབས་པ་གཏུམ་མོ་ཕྲ་ཐིག་གསུམ། །ལས་ཀྱི་ཕྱག་རྒྱ་དངོས་དང་ཡེ་ཤེས་གཉིས། །དེ་ལྟར་རྫོགས་རིམ་རྣམ་པ་གཉིས་ཀྱི་ཡང་། །སྔོན་འགྲོ་སྦྱང་པ་སྦྱོང་བ་བསྟན་པ་ཡིན། །ཁ་སྦྱོར་དང་བྲལ་ཟབ་མོའ་མན་ངག་ཀུན། །རིམ་གྱིས་འཕུལ་བར་བྱེད་པའི་ལམ་ཡིན་གྱི། །མྱུར་ཏུ་འགྲུབ་པར་བྱེད་པ་མ་ཡིན་པས། །དེ་ཕྱིར་ཁ་སྦྱོར་ལམ་ལ་གུས་པར་བྱ། སངས་རྒྱས་ཡོན་ཏན་ཁ་སྦྱོར་དག་ན་གནས། །ཁ་སྦྱོར་བསྒོམ་པའི་སྒྲུབ་པ་པོ་དག་ལ། །སྔོན་དུ་ལུས་སྦྱང་ཡུན་རིང་གཅེས་པ་སྟེ། །ཉམས་མྱོང་སྐྱེས་ནས་ལྟ་བ་དག་ངང་བསྲེ། །རང་སེམས་གདོད་ནས་སྤྲོས་བྲལ་རྒྱུ་རྒྱུད་དང་། །དབང་གི་ཡེ་ཤེས་ལམ་གྱི་ལྟ་བ་དང་། །ཉམས་མྱོང་སངས་རྒྱས་པ་ལ་ངོ་བོ་གཅིག །རྟོགས་པའི་སངས་རྒྱས་ཟླ་བའི་དཔེ་ཡིས་བསྟན། །འགའ་ཞིག་ཕྱག་རྒྱ་ཆེན་པོ་ཐོག་བབ་ཅེས། །ཐོག་མར་སྟོན་བྱེད་རྨོངས་པ་འགའ་སྨྲ་མོད། །དེ་ནི་དེ་མིན་
༣༡ལྟ་བའི་བསམ་གཏན་ཏེ། །སྒོམ་པའི་ཤུགས་འབྱུང་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལྟར་རིམ་གཉིས་ལམ་ལ་སྦྱོར་བ་ཡིས། །དྲོད་ཐོབ་ནས་ནི་སྤྱོད་པས་བརྟན་བྱས་ལ། །ས་རྣམས་བསྒྲུབ་ནས་ཉེ་རྒྱུས་མཚམས་སྦྱར་བས། །རྡོ་རྗེ་འཛིན་པ་མངོན་དུ་ཐོབ་པར་འགྱུར། །དགེ་བསྙེན་རྣལ་འབྱོར་གྲགས་པ་རྒྱལ་མཚན་ལ། །རྒྱས་མིན་སྙིང་པོའ་དོན་ལ་མོས་པ་ཡི། །དད་གུས་དང་བཅས་བྲ་སྟོན་བློ་གྲོས་ཀྱིས། །གསོལ་བ་བཏབ་ནས་ས་སྐྱར་སྦྱར་བ་ཡིན། །སྙིང་པོའ་སྙིང་པོ་བླངས་ནས་བསྟན་པ་འདི། །ཚིགས་བཅད་ཉི་ཤུ་རྩ་བདུན་འདི་དང་བརྒྱད། །ལེགས་པར་སྦྱར་བ་ལས་བྱུང་དགེ་བ་ཡིས། །འགྲོ་ཀུན་རྡོ་རྗེ་འཛིན་པའི་སར་བགྲོད་ཤོག །ཉེས་པའི་ཚོགས་རྣམས་བླ་མ་རྣམས་དང་སངས་རྒྱས་ཀྱི་སྤྱན་སྔར་བཤགས་ཤིང་། །དགེ་བས་སེམས་ཅན་ཐམས་ཅད་ལ་བསྔོ་བ་དང་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག་ ངོར་ཆེན་རྡོ་རྗེ་འཆང་གིས་སློབ་མ་དཀྲི་ཚུལ་འདི་ལ་གཙོ་བོར་མཛད་དོ། །

༄༅། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་པའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོ་བཞི་སྦྱོར་སོགས་ཀྱི་ངག་འདོན་འཕགས་ལམ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ༎ ༎

༡༠༧ སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་པའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོ་བཞི་སྦྱོར་སོགས་ཀྱི་ངག་འདོན་འཕགས་ལམ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།། །།
༡༠༨ དཔལ་ལྡན་རྡོ་རྗེ་འཆང་དབང་རིགས་ཀུན་ཁྱབ་བདག་བླ་མ་ཀརྨ་པ། །དཀྱིལ་འཁོར་ཀུན་གྱི་འབྱུང་གནས་སྲིད་ཞིའི་དཔལ་གྱུར་ཡི་དམ་རྣལ་འབྱོར་མ། །ཕྲིན་ལས་ཀུན་གྱི་བྱེད་པོར་དབང་སྒྱུར་ཆོས་སྐྱོང་བེར་ཅན་ལྕམ་དྲལ་ལ། །རྣལ་འབྱོར་རྩེ་གཅིག་གུས་པས་འདུད་དོ་འབྲལ་མེད་ཐུགས་རྗེས་སྐྱོང་བར་མཛོད། སྒྲུབ་བརྒྱུད་རིན་པོ་ཆེ་ཡི་ལམ་སྲོལ་ལས། །བྱུང་བའི་བྱིན་རླབས་ཆུ་བོའ་རྒྱུན་ཆེན་པོ། །བདག་གིས་བཤེས་གཉེན་མང་ལ་བརྟེན་བྱས་ཏེ། །ཉམས་སུ་བླངས་ནས་བྱང་ཆུབ་སེམས་བསྐྱེད་ཕྱིར། །རྡོ་རྗེའི་གསུང་རྣམས་གསལ་བཀོད་པས། །འཕགས་ལམ་བགྲོད་པའི་ཤིང་རྟ་མཆོག །ལམ་འདིར་ཞུགས་པའི་སྐལ་ལྡན་རྣམས། །མ་ཡེངས་བརྩོན་འགྲུས་ལྡན་པར་མཛོད། །དེ་ཡང་སྔོན་འགྲོའི་ཆོས་འདི་རྣམས་རྒྱུན་ཁྱེར་དུ་བྱེད་པའི་ཕྱིར་ཐུན་གྱི་རྔ་སྒྲས་བསྐུལ་བའི་ཚེ་ནའང་། ཕྱི་འདུལ་ཁྲིམས་ཀྱི་དགེ་སློང་དགེ་ཚུལ་དགེ་བསྙེན་གང་ཡིན་པའི་བསླབ་པ་དང་མཐུན་པས་ལྡང་བ། ནང་སྨོན་འཇུག་གི་བྱང་ཆུབ་སེམས་བསྐྱེད་དང་ལྡན་པས་འཚོགས་ལ། དཀོན་མཆོག་གི་རྟེན་ལ་གུས་པས་ཕྱག་འཚལ། གསང་བསྔགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་བཀའ་དང་དམ་ཚིག་ལ་གནས་པས་བཞུགས་གྲལ་དུ་ལུས་བསམ་གཏན་གྱི་ཆོས་ལྔ་དང་ལྡན་པས་འཁོད། འཇིག་རྟེན་ཆོས་བརྒྱད་དབང་དུ་མ་སོང་བར་འཆི་ཆོས་ཡང་དག་
༡༠༩ པར་བྱེད་དོ་སྙམ་པས་ཞལ་འདོན་གྱི་དུས་སུ་ཡང་རིག་པ་མ་ཡེངས་པར་སྒྲ་དོན་དབྱེར་མེད་དུ་མཉམ་པར་བཞག་ནས་མི་ལུས་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་ཀྱི་ངག་འདོན་ནི། དང་པོ་བསྒོམ་བྱ་དལ་འབྱོར་རིན་ཆེན་འདི། །ཐོབ་དཀའ་འཇིག་སླ་ད་རེས་དོན་ཡོད་བྱ། འཆི་བ་མི་རྟག་པ་ནི། གཉིས་པ་སྣོད་བཅུད་ཐམས་ཅད་མི་རྟག་ཅིང་། །སྒོས་སུ་འགྲོ་བའི་ཚེ་སྲོག་ཆུ་བུར་འདྲ། །ནམ་འཆི་ཆ་མེད་ཤི་ཚེ་རོ་རུ་འགྱུར། །དེ་ལ་ཆོས་ཀྱིས་ཕན་ཕྱིར་བརྩོན་པས་བསྒྲུབ། ལས་རྒྱུ་འབྲས་ནི། གསུམ་པ་ཤི་ཚེ་རང་དབང་མི་འདུ་བར། །ལས་ནི་བདག་གིས་བྱ་ཕྱིར་སྡིག་པ་སྤང་། །དགེ་བའི་བྱ་བས་རྟག་ཏུ་འདའ་བར་བྱ། །ཞེས་བསམ་ཉིན་རེ་རང་རྒྱུད་ཉིད་ལ་བརྟག །འཁོར་བའི་ཉེས་དམིགས་ནི། བཞི་པ་འཁོར་བའི་གནས་གྲོགས་བདེ་འབྱོར་སོགས། །སྡུག་བསྔལ་གསུམ་གྱིས་རྟག་ཏུ་མནར་བའི་ཕྱིར། །གསོད་སར་ཁྲིད་པའི་གཤེད་མའི་དགའ་སྟོན་ལྟར། །ཞེན་འཁྲིས་བཅད་ནས་བརྩོན་པས་བྱང་ཆུབ་བསྒྲུབ། །ཞེས་པས་ཐུན་མོང་གི་སྔོན་འགྲོ་བཞི་དང་། དེ་ནས་རྒྱུད་སྣོད་དུ་རུང་ཞིང་ཅི་བྱས་ཐར་པའི་ལམ་དུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་ཁྲིད་ཀྱི་ངག་འདོན་ནི། མདུན་དུ་མཚོ་དབུས་
༡༡༠ དཔག་བསམ་ལྗོན་ཤིང་གི་།སྡོང་པོ་རྩ་བ་གཅིག་ལ་ཡལ་ག་ལྔར། །གྱེས་པའི་དབུས་མར་སེང་ཁྲི་པདྨ་དང་། །ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་ནི། །རྡོ་རྗེ་འཆང་ལ་བཀའ་བརྒྱུད་བླ་མས་བསྐོར། །མདུན་དུ་ཡི་དམ་གཡས་སུ་སངས་རྒྱས་དང་། །རྒྱབ་ཏུ་དམ་ཆོས་གཡོན་དུ་དགེ་འདུན་དང་། །གདན་ཁྲིའི་འོག་ཏུ་ཆོས་སྐྱོང་སྲུང་མ་རྣམས། །སོ་སོའ་རིགས་མཐུན་འཁོར་ཚོགས་རྒྱ་མཚོས་བསྐོར། །མཚོ་མཐའ་ནེའུ་སེང་སྟེང་དུ་མཁའ་ཁྱབ་ཀྱི། །མ་རྒན་ཐམས་ཅད་འཁོད་པར་གྱུར་པ་ལས། །རྩེ་གཅིག་ཡིད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་གྱུར། །བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ །དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ༴ བདུན་ནམ་ཉེར་གཅིག་གམ་ཅི་ནུས་བརྗོད། དེ་ནས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེར་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་ཏུ་ནི་བསླབ་
༡༡༡ པ་ལའང་། །རིམ་པ་བཞིན་ཏུ་བསླབ་པར་བགྱི། །ལན་གསུམ་གྱིས་བྱང་སྡོམ་བླང་། དེའི་རྗེས་སུ་རང་དབུགས་དབྱུང་བ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་དང་། གཞན་གཟེངས་བསྟོད་པ་ནི། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་ལ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་དང་། སྨོན་ལམ་གདབ་པ་ནི། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་བརྗོད་པར་བྱའོ། །དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ལན་གསུམ་གྱིས་ཚད་མེད་བཞི་ལ་བློ་སྦྱང་། མཐའ་མར་སྐྱབས་ཡུལ་འོད་ཞུ་བདག་དང་འདྲེས། སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླའི་གདན་གྱི་སྟེང་། བླ་མ་རྡོ་རྗེ་སེམས་དཔའ་རྒྱན་ལྡན་
༡༡༢ དཀར། །ཞལ་གཅིག་ཕྱག་གཉིས་གཡས་པས་རྡོ་རྗེ་དང་། །གཡོན་པས་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པའི་ཚོགས་སྤྱན་དྲངས་ཏེ་བསྟིམ་པས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བསྒོམ་ལ། ངག་ཏུ། བླ་མ་རྡོ་རྗེ་སེམས་དཔའ་རང་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། གསོལ་བ་བཏབ་པས་རྡོར་སེམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་བདུད་རྩིའི་རྒྱུན་བྱུང་བ་དང་སྐུ་ལས་བདུད་རྩི་བབས། བདག་གི་ཚངས་བུག་ནས་ཞུགས་ལུས་གང་བས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་གྱུར། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷྲོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་ཡི་གེ་བརྒྱ་པ་དང་། ༀ་བཛྲ་ས་ཏྭ་ཧཱུྃ། ཞེས་ཅི་ནུས་བཟླས། མཐར་ཐལ་མོ་སྙིང་གར་སྦྱར་ཏེ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔས་བདག་གི་དབུགས་དབྱུང་ཞིང་། །འོད་ཞུ་བདག་ལ་ཐིམ་པས་གཉིས་མེད་གྱུར། །ཚོགས་གཉིས་རྫོགས་པར་བྱེད་པའི་མཎྜལ་ནི། སྒྲུབ་པའི་མཎྜལ་ཡོད་ན་དེ་ཉིད་ནི། བྷྲཱུྃ་ལས་གཞལ་ཡས་ཁང་དུ་ཚོམ་བུ་ལྔ་དཀོན་མཆོག་
༡༡༣ ལྔར་བསྐྱེད་དེ། མདུན་གྱི་ནམ་མཁའི་དབུས་སུ་བླ་མ་དང་། །མདུན་གཡས་རྒྱབ་དང་གཡོན་དུ་རིམ་པ་བཞིན། །ཡི་དམ་སངས་རྒྱས་ཆོས་དང་དགེ་འདུན་དང་། །རང་རིགས་འཁོར་བཅས་གཞན་ཡང་གདན་མཚམས་སུ། །ཆོས་སྐྱོང་རྒྱ་མཚོ་ལ་སོགས་དཀོན་མཆོག་རྣམས། །ཚོགས་ཀྱི་ཞིང་མཆོག་དམ་པ་བཞུགས་པའི་དྲུང་། མཆོད་པའི་མཎྜལ་ལག་ཏུ་བླངས་ནས། རྡུལ་གཙང་ཞིང་དག་པར་ཕྱི་བའི་ཚེ། གཟུང་འཛིན་གྱིས་བསྡུས་པའི་རང་གཞན་གྱི་སྡིག་སྒྲིབ་དག་པར་བསམ་ལ། ༀ་བཛྲ་ས་ཏྭ་སོགས་ཡིག་བརྒྱ་བརྗོད། ཚིག་འདོན་ཞིང་དོན་གསལ་འདེབས་པ་དང་། ཚོམ་བུ་བཀོད་ནས་འབུལ་བ་རྣམས་ཕྱོགས་མཐུན་བྱ་སྟེ། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ་རི་ཡི་རྒྱལ་པོ་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། །དཔག་བསམ་གྱི་ཤིང་། འདོད་འཇོའ་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའ་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། རབ་འབྱམས་རྒྱ་མཚོའ་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་དེ། བླ་མ་ཡི་དམ་
༡༡༤ སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ས་གཞི་སྤོས་ཆུས་སོགས་དང་། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེ་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྱག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། ༀ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པ་གང་རིགས་ཚར་ཅི་ནུས་སུ་འབུལ་ལ་རྗེས་སུ། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །མཎྜལ་གྲངས་གསོག་པ་ཡིན་ན། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་རྒྱས་བསྡུས་སྐབས་དང་སྦྱར་ཏེ། སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས་རྣམས་ལ། །ཕྱི་ནང་གསང་གསུམ་དེ་བཞིན་ཉིད་ཀྱིས་མཆོད། །བདག་ལུས་ལོངས་སྤྱོད་སྣང་སྲིད་ཡོངས་བཞེས་ལ། །བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཕྱག་རྒྱ་ཆེན་པོའ་དངོས་གྲུབ་སྩལ་དུ་གསོལ། །ཕྱག་འཚལ་བ་དང་སོགས། བདག་གཞན་མཁའ་མཉམས་བདོག་པ་ཀུན་ཕུལ་ནས། འགྲོ་ཀུན་ཚོགས་གཉིས་རབ་ཏུ་གང་གྱུར་ཏེ། །
༡༡༥ ཚོགས་ཞིང་འོད་ཞུ་བདག་དང་རོ་མཉམ་གྱུར། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པའི་བླ་མའི་རྣལ་འབྱོར་ནི་ཁྱད་པར་དྭགས་པོ་བཀའ་བརྒྱུད་མོས་གུས་ཀྱི་བཀའ་བབས་པ་ཡིན་པས་རྗེས་འཇུག་རྣམས་ཀྱང་བྱིན་རླབས་འདི་ཆེ་བས་ཐེ་ཚོམ་མེད་པར་སེམས་རྩེ་གཅིག་པས། སྤྱི་བོར་པདྨ་ཟླ་ཉིའི་གདན་སྟེང་དུ། །རྩ་བའི་བླ་མ་རྡོ་རྗེ་འཆང་དབང་པོ། །རྒྱན་ལྡན་རྡོར་དྲིལ་འཛིན་པའི་ཕྱག་རྒྱ་བསྣོལ། །རྡོ་རྗེ་གདན་བཞུགས་བརྒྱུད་པའི་བླ་མ་དང་། །དཀོན་མཆོག་རྒྱ་མཚོ་ཐོ་བརྩེགས་ཁྲོམ་དུ་ཚོགས། །ༀ། ཁྱབ་བདག་དངོས་པོ་ཀུན་གྱི་རང་བཞིན་ཅན། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་འབྱོན་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ། །བདུད་དཔུང་འཇོམས་མཛད་དཔལ་ལྡན་ཧེ་རུ་ཀ་།བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །བདག་གི་དད་པས་དེང་འདིར་གསོལ་འདེབས་ན། །དམིགས་མེད་སྙིང་རྗེའི་དབང་གིས་འདིར་གསལ་མཛོད། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་པ་མ་ལུས་བཤགས་པར་བྱ། །སྡིག་པ་གཞན་ཡང་མི་སླན་ཆད་མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་ཆོས་འཁོར་བསྐོར་བར་བསྐུལ། །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང་། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གི་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །སྲོག་སྩོལ་ལོངས་
༡༡༦ སྐུར་རྟོགས་པར་བྱིན་གྱིས་རློབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། དེ་ནས་ཕྱག་ཆེན་བརྒྱུད་པའི་བླ་མའི་གསོལ་འདེབས་ནི། དངོས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །ས་བཅུའི་དབང་ཕྱུག་བློ་གྲོས་རིན་ཆེན་ཞབས། །འཕགས་ཡུལ་གྲུབ་པའི་གཙོ་བོ་ས་ར་ཧ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །ཆོས་ཉིད་དོན་གཟིགས་འཕགས་པ་ཀླུ་སྒྲུབ་དང་། །ཕྱག་རྒྱ་ཆེ་བརྙེས་དཔལ་ལྡན་ཤ་བ་རི། །སྙིང་པོའ་དོན་གཟིགས་ཇོ་བོ་མཻ་ཏྲི་པ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །རྒྱུད་སྡེ་རྒྱ་མཚོའ་མངའ་བདག་ལྷོ་བྲག་པ། །གངས་ཅན་གྲུབ་པའི་གཙོ་བོ་མི་ལ་རྗེ། །རྒྱལ་བས་ལུང་བསྟན་དཔལ་ལྡན་སྒམ་པོ་པ། །གསོལ་བ༴ །རྒྱལ་བའི་ཕྲིན་ལས་མངའ་བདག་དུས་གསུམ་མཁྱེན། །མཐུ་སྟོབས་དབང་ཕྱུག་འགྲོ་མགོན་རས་ཆེན་ཞབས། །བསྐྱེད་རྫོགས་མཐར་ཕྱིན་རྒྱལ་སྲས་སྤོམ་བྲག་པ། །གསོལ་བ༴ །གདུལ་དཀའ་འདུལ་མཛད་དཔལ་ལྡན་ཀརྨ་པ། །དངོས་གྲུབ་གཉིས་བརྙེས་གྲུབ་ཆེན་ཨོ་རྒྱན་པ། །འཛམ་གླིང་བསྟན་པའི་མངའ་བདག་རང་བྱུང་པ། །གསོལ་བ༴ །སྔགས་རིགས་གྲུབ་པའི་རྒྱལ་བ་གཡུང་སྟོན་པ། །འཛམ་གླིང་རྒྱན་གྱུར་རོལ་པའི་རྡོ་རྗེའི་ཞབས། །གནས་ལུགས་དོན་རྟོགས་རྟོགས་ལྡན་མཁའ་སྤྱོད་དབང་། །གསོལ་བ༴ །ས་སྐྱོང་གཙུག་རྒྱན་ཆོས་རྗེ་དེ་བཞིན་གཤེགས། །མཁས་པའི་དབང་པོ་རཏྣ་བྷ་དྲའི་ཞབས། །སྲིད་ཞིའི་དཔལ་གྱུར་མཐོང་བ་དོན་ལྡན་ལ། །གསོལ་བ༴ །རྡོ་རྗེ་འཆང་དངོས་འཇམ་དཔལ་བཟང་པོ་དང་། །ཐུགས་རྗེའི་བདག་ཉིད་དཔལ་འབྱོར་དོན་གྲུབ་ཞབས། །བྱིན་རླབས་འབྱུང་གནས་ཆོས་གྲགས་རྒྱ་མཚོ་ལ། །གསོལ་བ༴ །མཚུངས་མེད་བླ་མ་གྲུབ་ཆེན་ཆོས་ཀྱི་རྗེ། །བཀྲ་ཤིས་དཔལ་འབྱོར་ཞེས་བྱར་རབ་གྲགས་པ། །བསམ་
༡༡༧ བཞིན་སྐུ་སྤྲུལ་ཆོས་གྲགས་དཔལ་བཟང་ལ། །གསོལ་བ༴ །འོད་དཔག་མེད་མགོན་ཞྭ་དམར་ཅོད་པན་འཛིན། །རིགས་དྲུག་ཁྱབ་བདག་རྒྱལ་མཆོག་ཀརྨ་པ། །དཀྱིལ་འཁོར་ཀུན་བདག་དབང་ཕྱུག་རྡོ་རྗེ་ཞབས། །གསོལ་བ༴ །དཔག་མེད་འོད་མཚན་བྱིན་རླབས་འཆང་དེ་དང་། །ཨེ་ཡིག་ཕྱག་རྒྱ་ཆེན་པོ་སེང་གེའི་ཁྲིར། །ཝཾ་ཡིག་འགྱུར་མེད་ཆོས་དབྱིངས་རྡོ་རྗེ་ལ། །གསོལ་བ༴ །སྒྱུ་འཕྲུལ་དྲྭ་བའི་ཁ་སྦྱོར་རྡོ་རྗེ་སེམས། །འབྲས་རྒྱུད་ཁྱབ་བདག་གར་དབང་རྡོ་རྗེ་འཆང་། །མཆོག་གི་སྤྲུལ་སྐུ་ཡེ་ཤེས་སྙིང་པོའ་ཞབས། །གསོལ་བ༴ །བདེ་སྟོང་དབྱེར་མེད་ལྷན་སྐྱེས་ཡེ་ཤེས་སྐུ། །གཞོམ་མེད་རྡོ་རྗེའི་གར་གྱིས་རྣམ་རོལ་པ། །རྒྱལ་ཀུན་ངོ་བོ་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ༴ །ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཇི་སྙེད་པར། །རྣམ་དཔྱོད་བློ་གྲོས་རྒྱས་པའི་ནུས་སྤོབས་ཅན། །ཚུལ་བཞིན་རྟོགས་པའི་དོན་གཉིས་ལྷུན་གྲུབ་ལ། །གསོལ་བ༴ །ཁྱབ་བདག་གདོད་མའི་མགོན་པོ་ཆོས་ཀྱི་དབྱིངས། །མི་ཕྱེད་རྡོ་རྗེ་བཞི་ཡི་གར་རོལ་བ། །ཀུན་མཁྱེན་བླ་མ་བྱང་ཆུབ་རྡོ་རྗེ་ལ། །གསོལ་བ༴ །སྟོང་ཉིད་མཛེས་མས་མངོན་འཁྱུད་རྡོ་རྗེ་འཆང་། །འཕོ་འགྱུར་བདེ་བ་འཛག་མེད་ལམ་བཅིངས་པ། །རྣལ་འབྱོར་བསྟན་པའི་ཉིན་བྱེད་གང་དེ་ལ། །གསོལ་བ༴ །མི་ཤིགས་སྙིང་པོའ་རང་བཞིན་མངོན་གཟིགས་ནས། །འགྱུར་མེད་ཡེ་ཤེས་མཆོག་ལ་དབང་བསྒྱུར་བ། །འཇིགས་མེད་བདུད་ཚོགས་འདུལ་བའི་རྡོ་རྗེ་ལ། །གསོལ་བ༴ །གདུལ་བྱའི་ཁམས་དབང་མོས་པ་དུ་མོའ་ངོར། །དེ་སྙེད་ཐུགས་རྗེའི་རོལ་པ་ཅིར་ཡང་སྟོན། །དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ། །གསོལ་བ༴ །འཁོར་ ཀརྨ་པ་བཅུ་བཞི་པས་མཛད་ འདས་མཉམ་ཉིད་བདེ་ཆེན་འདུས་མ་བྱས། །དོན་དམ་ཆོས་སྐུའི་རང་ཞལ་ལེགས་སྟོན་པ། །རིགས་ཀུན་ཁྱབ་བདག་པདྨ་ཉིན་བྱེད་ལ། །གསོལ་བ༴
༡༡༨ ཡོངས་གྲུབ་ཡེ་ཤེས་དགོངས་པ་མཁའ་ལྟར་དག །ཚད་མེད་ཐུགས་རྗེའི་སྣང་བ་ཀུན་ལ་ཁྱབ། །འགྲོ་བའི་ཉི་མ་ཐེག་མཆོག་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །གཞི་[88]ལམ་འབྲས་བུའི་གནས་ལུགས་ཕྱག་རྒྱ་ཆེ། །གཉུག་མའི་རང་ངོ་སྤྲོད་མཛད་བཀའ་དྲིན་ཅན། །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་།དངོས་གྲུབ་གཉིས་སྩོལ་ཡི་དམ་ལྷ་ཚོགས་དང་། །ཕྲིན་ལས་ཀུན་བདག་ཆོས་སྐྱོང་སྲུང་མའི་ཚོགས། །བཀའ་སྡོད་དམ་ཅན་རྒྱ་མཚོའ་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འཁོར་འདས་དངོས་ཀུན་གསལ་བཞག་སྤང་བླང་དང་། །ཡོད་མེད་ལ་སོགས་ཀུན་བྲལ་ཀུན་གྱི་གཞི། །གནས་ལུགས་གཞིའི་ཕྱག་རྒྱ་ཆེ་རྟོགས་ཤོག །རྟོགས་བྱ་རྟོགས་བྱེད་རྟོགས་པ་མ་དམིགས་ཤིང་། །བསྒྲིབ་བྱ་སྒྲིབ་བྱེད་སྒྲིབ་པ་སྤང་མེད་པར། །བགྲོད་བྱ་བགྲོད་བྱེད་ལམ་ལས་རབ་འདས་པའི། །ལམ་གྱི་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག །ཐོབ་བྱ་ཐོབ་བྱེད་ཐོབ་པ་མ་དམིགས་ཤིང་། །སྤང་ཐོབ་གཉིས་མེད་གཞི་འབྲས་དབྱེར་མེད་པ། །དངོས་བྲལ་དངོས་པོ་ཀུན་གྱི་རང་བཞིན་ཅན། །འབྲས་བུའི་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག ༈ །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །དུས་གསུམ་ཤེས་བྱ་ཀུན་མཁྱེན་ཀརྨ་པ། །ཆེ་བཞི་ཆུང་བརྒྱད་བརྒྱུད་པ་འཛིན་རྣམས་དང་། །འབྲི་སྟག་ཚལ་གསུམ་དཔལ་ལྡན་འབྲུག་པ་སོགས། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བཀའ་བརྒྱུད་བླ་མ་རྣམས། །བརྒྱུད་པ་འཛིན་ནོ་རྣམ་ཐར་བྱིན་གྱིས་རློབས། །ཞེན་ལོག་སྒོམ་གྱི་རྐང་པར་གསུངས་པ་བཞིན། །ཟས་
༡༡༩ ནོར་ཀུན་ལ་ཆགས་ཞེན་མེད་པ་དང་། །ཚེ་འདིའི་གདོས་ཐག་ཆོད་པའི་སྒོམ་ཆེན་ལ། །རྙེད་བཀུར་ཞེན་པ་མེད་པར་བྱིན་གྱིས་རློབས། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་བཞིན། །མན་ངག་གཏེར་སྒོ་འབྱེད་པའི་བླ་མ་ལ། །རྒྱུན་དུ་གསོལ་བ་འདེབས་པའི་སྒོམ་ཆེན་ལ། །བཅོས་མིན་མོས་གུས་སྐྱེ་བར༴ །ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན། །གང་ཤར་རྟོགས་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱ་བློ་དང་བྲལ་བར༴ །རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་བཞིན། །ཅི་ཡང་མ་ཡིན་ཅིར་ཡང་འཆར་བ་ལ། །མ་འགགས་རོལ་པར་འཆར་བའི་སྒོམ་ཆེན་ལ། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །ཐུན་བཟུང་བའམ། མཚམས་ཀྱི་སྐབས་སུ་འདིར། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །ཞེས་མ་ནམ་བཞི་སྐོར་གྱི་བསྙེན་པའམ། ཀརྨ་པ་མཁྱེན་ནོ། །སོགས་བྱའོ། །ཡང་ན། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་།ཆོས་མིན་རྣམ་རྟོག་འགགས་པར༴ །རང་སེམས་སྐྱེ་མེད་རྟོགས་པར༴ །འཁྲུལ་པ་རང་སར་ཞི་བར༴ །སྣང་སྲིད་ཆོས་སྐུར་རྟོགས་པར༴ །སྤྲོ་ན། བླ་མ་རྒྱང་འབོད་གར་དབང་ལྔ་པས་མཛད་པའི། ཕ་རྗེ་བཙུན་བླ་མ་རིན་པོ་ཆེ། ཞེས་སོགས་དང་དྲགས་ལ་ཡུན་རིང་
༡༢༠ བར་སྣང་བ་འགྱུར་ངེས་སུ་བྱ། དེ་ནས་དབང་བླང་བ་ནི། དཔལ་ལྡན་བླ་མ་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་སྨིན་བྱེད་དབང་བཞི་བསྐུར་དུ་གསོལ། །རྒྱུད་བཞི་མྱུར་དུ་སྨིན་པར་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པའི་གསོལ་བ་བཏབ་པའི་མོད་ཉིད་ལ། །འཁོར་རྣམས་འོད་ཞུ་གཙོ་བོའ་སྐུ་ལ་ཐིམ། །གཙོ་བོ་དཀོན་མཆོག་ཀུན་འདུས་བདག་ཉིད་ལ། །རྣམ་པ་བླ་མ་དངོས་སུ་གསལ་གྱུར་པའི། །མཛོད་སྤུའི་གནས་ནས་འོད་ཟེར་དཀར་པོ་འཕྲོས། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་པའི་དབང་ཐོབ་བསྐྱེད་རིམ་བསྒོམ་ལ་དབང་། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །མགྲིན་པའི་གནས་ནས་འོད་ཟེར་དམར་པོ་འཕྲོས། །རང་གི་མགྲིན་པར་ཐིམ་པས་ངག་སྒྲིབ་དག །གསང་བའི་དབང་ཐོབ་རྩ་རླུང་བསྒོམ་ལ་དབང་། །ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཐུགས་ཀའི་གནས་ནས་འོད་ཟེར་སྔོན་པོ་འཕྲོས། །རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཤེར་དབང་ཐོབ་ཅིང་སྙོམས་འཇུག་བསྒོམ་ལ་དབང་། །འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གནས་གསུམ་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །གནས་གསུམ་ལ་ཐིམ་སྒོ་གསུམ་དྲི་མ་དག །བཞི་པའི་དབང་ཐོབ་ཕྱག་ཆེན་བསྒོམ་ལ་དབང་། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །དེ་ནས་བླ་མ་འོད་ཞུ་རང་ལ་ཐིམ། །རང་གི་ལུས་ངག་ཡིད་གསུམ་བླ་མ་ཡི། །རྡོ་རྗེ་གསུམ་པོ་དབྱེར་མེད་རོ་གཅིག་ཅིང་། །ཁྱེར་སོ་གསུམ་ལྡན་ལྷུན་གྲུབ་རང་གྲོལ་ལོ། །ཅེས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞིན། །དེ་རྗེས་སྣང་བ་ལམ་དུ་ཁྱེར་བའི་ཕྱིར། །རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་རྒྱུན་ཁྱེར་གྱི་རྣལ་འབྱོར་སྟེ། །དེ་ཡང་དཀྱིལ་ཆོག་གཞུང་གི་བདག་བསྐྱེད་དམ། །ཡང་ན། ༀ་སྭ་བྷཱ་ཝས་བསང་། སྟོང་པའི་ངང་ལས་ཁམས་གསུམ་པོ། །ཐམས་ཅད་ཆོས་འབྱུང་གཞལ་ཡས་ཁང་། །དེ་དབུས་པདྨ་རོ་ཡི་སྟེང་། །
༡༢༡ རང་སེམས་ཧྲཱིཿལས་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་དོན་བྱས་འདུས། །ཡོངས་གྱུར་བདག་ཉིད་རྣལ་འབྱོར་མ། །ཆོས་སྐུ་ཉག་གཅིག་ཞལ་གཅིག་པ། །ཐབས་ཤེས་ཟུང་འཇུག་ཕྱག་གཉིས་ལ། །བདུད་དཔུང་འཇོམས་མཛད་ཁྲོ་གཉེར་ཅན། །མཆེ་གཙིགས་ཚེམས་ཀྱིས་མ་མཆུ་མནན། །དམར་ལ་གཡོ་ཟླུམ་སྤྱན་གསུམ་འབར། །དབུ་སྐྲ་ཁམ་ནག་འབར་ཞིང་གྲོལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། །འདུ་བྱེད་དག་པའི་རང་བཞིན་གྱི། །ཐོད་རློན་ལྔ་བཅུའི་ངོ་ཤལ་འཕྱངས། །མེ་ཏོག་དྲིལ་བུ་གཡེར་ཁས་བརྒྱན། །ཕྱིན་དྲུག་རུས་རྒྱན་ཕྱག་རྒྱ་ལྔ། །རྡོ་རྗེ་གྲི་གུག་ཐོད་ཁྲག་བསྣམས། །རུས་པའི་ཁ་ཊྭཱཾ་གྲུ་མོར་བསྟེན། །གཡོན་བརྐྱང་གར་གྱིས་རྣམ་པར་རོལ། །སྟོང་གསུམ་ཁྱབ་པའི་འོད་འབར་བའོ། །ཧ་རི་ནི་སའི་ཡི་གེ་ལས། །སྤྱི་བོར་རྡོ་རྗེ་མཁའ་འགྲོ་སྔོ། །མགྲིན་པར་རིན་ཆེན་མཁའ་འགྲོ་སེར། །སྙིང་གར་པདྨ་མཁའ་འགྲོ་དམར། །ལྟེ་བར་ལས་ཀྱི་མཁའ་འགྲོ་ལྗང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲིས་མཚན་པའི་གྲི་ཐོད་འཛིན། ཁ་ཊྭཱཾ་འཛིན་ཅིང་རིམ་པ་བཞིན། །སོ་གཉིས་བཅུ་དྲུག་བརྒྱད་དང་ནི། །དྲུག་ཅུ་རྩ་བཞིའི་འཁོར་གྱིས་བསྐོར། །རང་གི་གསང་གནས་ཆོས་འབྱུང་དབུས། །ཧྲཱིཿདང་མཁའ་འགྲོ་བཞིའི་ཐུགས་ཀའི། །ཡི་གེ་བཞི་ལས་འོད་ཟེར་འཕྲོས། །ཨོ་རྒྱན་གནས་ནས་རྣལ་འབྱོར་མ། །འཁོར་བཅས་སྤྱན་དྲངས་ནམ་མཁར་བཞུགས། །དེ་རྣམས་སྐུ་ལས་སྐུ་མང་འཕྲོས། །ལུས་ཐིམ་བདེ་དང་དྲོད་ནུས་བསྐྱེད། །གསུང་ལས་ཨཱ་ལི་ཀཱ་ལི་འཕྲོས། །ངག་ཐིམ་མཐུ་དང་ནུས་པ་བསྐྱེད། །ཐུགས་ལས་བྱང་སེམས་ཆུ་རྒྱུན་བབས། །ཡིད་ཐིམ་བདེ་སྟོང་ཏིང་འཛིན་བསྐྱེད། །ལྷ་རྣམས་རང་རང་སོ་སོར་ཐིམ། །གཉིས་མེད་རིག་བདག་དབུ་བརྒྱན་པའོ། །གཙོ་མོར་རྣམ་སྣང་། །འཁོར་ལོ་བཞིའི་ལྷ་མོ་རྣམས་ལ་རིགས་པ་ཞེས། བཟླས་
༡༢༢ པའི་རྣལ་འབྱོར་ནི། གསང་བ་ཆོས་འབྱུང་པདྨ་འདབ་བཞིའི་དབུས། །ཧྲཱི་དང་འདབ་བཞིར་ཧ་རི་ནི་ས་སྟེ། །ཧྲཱིཿལས་སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །དོན་ཀུན་སྒྲུབ་བྱེད་འཁོར་ལོ་འོད་འབར་བའོ། །ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མི་སྡོད་པ་གསུམ་གྱི་གནད་བསྐུལ་ཏེ་བསྙེན་པ་ཅི་ནུས་བཟླའོ། །ཐུན་གྱི་མཐར་རྫོགས་རིམ་དང་རྗེས་སྤྱོད་ཀྱི་རྣལ་འབྱོར་ནི། གསང་སྔགས་ཧྲཱིཿཡིག་འོད་ཀྱིས་སྣོད་བཅུད་རྟེན། །འོད་ཞུ་བདག་དང་དེ་ཡང་ཧྲཱིཿཡིག་ལ། །ཐིམ་ཞིང་ཐིག་ལེ་ནཱ་ད་དེ་ལས་ཀྱང་། །འདས་པས་དམིགས་སུ་མེད་པ་སྟོང་ཉིད་དུ། །ཞུགས་པས་རང་རིག་འོད་གསལ་བཅོས་མིན་གྱི། །སེམས་ཀྱི་ངོ་བོ་རིག་སྟོང་རྗེན་པར་བུད། །ཅེས་ཅི་གནས་སུ་ཕྱག་ཆེན་ངང་ལ་བཞག །རྗེས་ཐོབ་ཆུ་ལས་ཉ་བཞིན་རང་ཉིད་ནི། །བཅོམ་ལྡན་འདས་མ་སྒྱུ་མ་ལྟ་བུའི་སྐུས། །འཁོར་བ་ཇི་སྲིད་དེ་སྲིད་འགྲོ་དོན་མཛད། ཁ་ཟས་བསྲེག་བླུག་ལུས་ཀྱི་དཀྱིལ་འཁོར་མཆོད། །ཉལ་བ་འོད་གསལ་ཆོས་སྐུའི་རྣལ་འབྱོར་གསལ། །བགོ་བ་སྔགས་ཀྱི་གོ་ཆ་མཚན་དཔེས་བརྒྱན། །འགྲོ་འདུག་དཀྱིལ་འཁོར་ས་ལ་བསྐོར་བ་ཕྱོགས། །སད་རྨི་གཉིད་དང་ཆགས་པའི་གནས་སྐབས་རྣམས། །སྐུ་བཞིའི་རྣལ་འབྱོར་སྒྱུ་མའི་རྣམ་པར་རོ། །ཞེས་རྗེ་ཆོས་ཀྱི་དབང་ཕྱུག་གིས་སྩལ་བའོ། །བསྔོ་བ་སྨོན་ལམ་ནི། དགེ་འདིས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །རྟག་བདེའི་ཐབས་ཤེས་སྦྱོར་བས་འཆི་མེད་ཀྱི། །ནང་གི་ལམ་ནས་རྡོ་རྗེར་འགྲོ་བ་ཡིས། །སངས་རྒྱས་ཉིད་ཀྱི་གོ་འཕང་ཐོབ་ཕྱིར་བསྔོ། །དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །སོགས། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །སོགས་ཀྱང་བརྗོད་པར་བྱའོ། །རྗེ་བཙུན་དབང་ཕྱུག་རྡོ་རྗེས་རྩལ་བའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་ལེ་ཚན་སོགས་ཀྱི་དགོངས་དོན་ལྟར་སྔོན་འགྲོ་བཞི་སྦྱོར་གྱི་ངག་འདོན་དང་། རྗེ་ཆོས་ཀྱི་དབང་ཕྱུག་གིས་སྩལ་བའི་རྡོ་རྗེ་རྣལ་འབྱོར་མའི་རྒྱུན་ཁྱེར་བཅས་བླ་མ་
༡༢༣ བརྒྱུད་པའི་ཕྱག་གཞེས་ལྟར་དཀྱུས་གཅིག་ཏུ་བསྡེབས་པ་དགེ་ལེགས་འཕེལ། །ཞྭ་དམར་ཐམས་ཅད་མཁྱེན་པ་ལྔ་པས་མཛད་པའི་བླ་མ་རྒྱང་འབོད་བཞུགས་སོ།།ཀྱེ་མ། ཕ་རྗེ་བཙུན་བླ་མ་རིན་པོ་ཆེ། །ཁྱེད་སངས་རྒྱས་ཀུན་དང་དབྱེར་མེད་པའི། །དེང་མོས་པའི་བུ་ལ་ཐུགས་བརྩེ་བས། །འཕྲལ་རྒྱལ་སྲས་མཆོག་གི་ཚུལ་བཟུང་ནས། །ལར་བསམ་ཞིང་སྐྱོ་བ་བཞེས་མཛད་པའི། །དཔལ་ཀརྨ་པ་ཞེས་ཡོངས་སུ་གྲགས། །རྗེ་ཁྱེད་ཀྱི་བྱིན་རླབས་མི་དམན་ཡང་། །རྒྱུད་ཉོན་མོངས་དྲག་པོས་ཡོངས་བཟུང་ནས། །ལས་ནག་པོའ་སྤྱོད་པ་དར་བའི་ཚེ། །དུས་སྙིགས་མ་ལྔ་བདོའ་སེམས་ཅན་རྣམས། །འོག་ངན་སོང་གཡང་ས་ཁོ་ནར་ལྷུང་། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ལས་སྔར་བྱས་རྣམས་ལ་དོན་མ་མཆིས། །ཆོས་སྔར་བྱས་རྣམས་ལ་ཆོས་བརྒྱད་འདྲེས། །ལམ་རྣལ་མ་སྒྲུབ་པ་གཅིག་མ་དྲན། །ད་ཁྱེད་རང་མིན་པ་རེ་ས་མེད། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ལར་གཤིན་རྗེའི་སྐྱེས་བུའི་རྒྱབ་ནས་དེད། །དུས་ལོ་ཟླ་ཞག་གི་མདུན་ནས་བསུ། །འཕྲལ་རྣམ་གཡེངས་བྱ་བས་བར་ནས་བྲིད། །དེ་མ་ཚོར་བསླུས་ཤིག་བྱུང་ཉན་འདུག །ཕ་ཐུགས་རྗེས༴ །གཞོན་དབང་པོ་གསལ་ཚེ་བྱིས་པའི་སེམས། །ལུས་དར་ལ་བབ་ཚེ་བྲེལ་བས་གཡེངས། །ད་རྒས་ཤིང་འཁོག་པར་གྱུར་པའི་ཚེ། །ཆོས་གཤའ་མར་དྲན་ཀྱང་ཕྱིས་ནས་སོང་། །ཕ་ཐུགས་རྗེས༴ །རང་སྡོད་པར་འདོད་ཀྱང་སྡོད་དབང་མེད། །ནོར་ཁྱེར་བར་འདོད་ཀྱང་ཁྱེར་མི་གཏུབ། །གྲོགས་འགྲོགས་པར་འདོད་ཀྱང་རང་གཅིག་པུ། །སང་འཇིག་རྟེན་ཕ་རོལ་འགྲོ་བར་ངེས། །ཕ་ཐུགས་རྗེས༴ །ཚེ་འདི་ཡི་བག་ཆགས་འཕེན་པའི་མཐུས། །ལམ་བར་དོའ་འཕྲང་ལ་ཅི་འདྲ་ཨང་། །དཔེ་མདོང་སུམ་ཉལ་བའི་རྨི་ལམ་བཞིན། །ལར་རང་དབང་ཐོབ་པ་ཤིན་ཏུ་དཀའ། །ཕ་
༡༢༤ ཐུགས་རྗེས༴ །སྤྱིར་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྒོས་མི་རྟག་ལུས་ལ་སྙིང་པོ་མེད། །འདི་ནམ་མཁར་ཤར་བའི་འཇའ་ཚོན་འདྲ། །དེ་བདེན་པར་བཟུང་ཡང་ཡལ་ནས་འགྲོ། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ཡར་སངས་རྒྱས་རྣམས་ལ་དད་པ་མེད། །མར་སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་། །གོས་ངུར་སྨིག་གྱོན་ཀྱང་གཟུགས་བརྙན་ཙམ། །སྐྲ་སྤུ་གྲིས་བཞར་ཡང་དོན་སྒོ་ཆུང་། །ཕ༴ །ཆོས་ཐོས་པ་མང་ཡང་གནད་མ་ཁྲོལ། །ཁ་བཤད་པ་ཚ་ཡང་རྒྱུད་མ་དུལ། །གནས་རི་ཁྲོད་འགྲིམ་ཀྱང་ཁྱིམ་ལ་སྲེད། །མིག་ལྟ་སྟངས་བྱས་ཀྱང་ཉམས་མྱོང་མེད། །ཕ༴ །མི་གཞན་གྱི་སྐྱོན་འཚང་ཆུང་ངུ་རིག །རང་ཁོང་ནས་རུལ་བ་ཡེ་མ་ཚོར། །མི་གཞན་གྱི་མགོ་བོ་བསྐོར་བསྐོར་ནས། །སྡུག་རང་གིས་ཉོས་པ་མ་ལགས་སམ། །ཕ༴ །ཁོང་རྒྱལ་བའི་གསུང་རབ་མ་ལུས་ཀུན། །སེམས་རྒྱུད་ལ་ཨེ་ཕན་མི་སེམས་པར། །ཁེ་དྲག་པ་སྒྲུབ་ཕྱིར་ཐོས་བསམ་བྱས། །དེ་ཐར་པའི་ལམ་དུ་ཨེ་འགྲོ་ཨང་། །ཕ༴ །ཁྱོད་ཆོས་པའི་ཚུལ་གྱིས་འཇིག་རྟེན་བསྒྲུབ། །ལར་སྐྱེ་བོ་ཀུན་གྱི་མཆོད་པ་ལེན། །ཚེ་ཡང་ཡེངས་བྱ་བའི་ངང་དུ་བཏང་། །དབུགས་ཁྲོག་གེར་འགྲོ་དུས་ཅི་འདྲ་ཨང་། །ཕ༴ །བདག་དེ་སླད་སྐྱོ་བ་གཏིང་ནས་སྐྱེས། །ཡར་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །སྤྱིར་སྙིགས་མའི་དུས་ཀྱི་སེམས་ཅན་དང་། །སྒོས་ཆོས་པའི་ཚུལ་ཅན་བདག་སོགས་ལ། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །བུ་ང་ལ་རེ་ས་གཞན་ན་མེད། །བྱ་བྲལ་གྱི་སྐྱིད་སྡུག་ཁྱེད་རང་ཤེས། །དབྱིངས་ཟག་མེད་བདེ་ཆེན་ཕོ་བྲང་ནས། །མགོན་ཁྱེད་དང་དབྱེར་མེད་རོ་གཅིག་ཤོག །ཞེས་དཔལ་ཙཱ་རི་ཏྲའི་རིན་ཆེན་ཕུག་ཏུ་ཞྭ་དམར་དཀོན་མཆོག་ཡན་ལག་གིས་མཛད་པའོ།། །།

འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་སྒོམ་ཉམས་དྲུག་པ་བཞུགས་སོ༔

༈ འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་སྒོམ་ཉམས་དྲུག་པ་བཞུགས་སོ༔ ན་མ༔ཤྲཱི་གུ་རུ་ཡེ༔ རང་རིག་རྟོགས་པའི་གདིང་ལ་ཕྱག་འཚལ་ལོ༔ ཡིན་པར་གྲུབ་པ་མེད་པའི་རིག་པ་འདི༔ རང་སྣང་འཆར་ཚུལ་ཅིར་ཡང་མ་ངེས་པས༔ སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་འཆར༔ ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ༔ དེ་དོན་བདེ་གཤེགས་ཀུན་གྱི་དགོངས་པ་ནི༔ བརྒྱལ་བ་བསླང་ཕྱིར་ཚིག་དྲུག་མན་ངག་ནི༔ འཁོར་འདས་གཉིས་ཀྱི་གདོད་ཐག་བཅད་པའི་ཕྱིར༔ འཆི་ཀའི་ཞལ་ཆེམས་སྙིང་གི་དཀྱིལ་དུ་སྦོས༔ ས་མ་ཡམ་ཏི་ཀྲ་མ་ཐཱ༔ དགོངས་པ་རང་གནས་གདིང་ལ་ཕྱག་འཚལ་ལོ༔ དོན་གྱི་དགོངས་པ་ཡེ་ཤེས་ཆེན་པོའ་ལུང་༔ འདི་ནི་སྣང་བའི་ཡེ་ཤེས་ཆེན་པོ་དེ༔ རི་དྭགས་རྒྱ་ལ་ཇི་ལྟར་ཚུད་པ་བཞིན༔ བྱ་བྱེད་བྲལ་བའི་མཁའ་ལ་བརྟག་པར་བྱོས༔ ཇི་ལྟར་བདག་གི་བློ་ལ་དགོངས་ཤར་པའི༔ བརྒྱལ་བ་བསླང་ཕྱིར་དོན་གྱི་དགོངས་པ་འདི༔ རིག་པའི་གཏད་ས་ལུས་ཀྱི་གནད་དང་བསྟུན༔ དགོངས་དོན་མན་ངག་དྲུག་གིས་ཕྱེ་ནས་བསྟན༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་ཆེན་པོ༔ དོན་གྱི་རིག་པ་གཅེར་བུ་མངོན་སུམ་དུ་ལྟ་བར་འདོད་ན༔ རིག་པའི་ཡུལ་་དབྱིངས་་བཙལ་བ་དང་༔ ལུས་ཀྱི་གནད་གཟིར་་ལྟ་སྟངས་་བ་དང་༔ འགྲོ་འོང་གི་ལམ་བཅད་་རླུང་པ་དང་༔ གཏད་པའི་

༡༠ འབེན་ལ་དབྱིངས་གཟུད་པ་དང་༔ མི་འགུལ་བ་ལ་གཞི་བཅའ་བ་དང་༔ རྒྱ་ཆེ་བ་ནམ་མཁའ་སྤར་གྱིས་དབྱིངས་རིག་འདྲེས་པ་བཟུང་བའོ༔ ཐོག་མ་ཀ་དག་བབས་ཀྱི་ཡུལ་དང་༔ འཁྲུལ་པ་སྣང་བ་ལྷུན་གྲུབ་ཀྱི་ཡུལ་དང་༔ གནས་བརྟེན་པ་ཡུལ་གྱི་ཡུལ་དང་༔ ཉམས་སུ་བླང་བྱ་ནམ་མཁའ་སྤྲིན་དང་བྲལ་བའི་ཡུལ་དང་༔ གསལ་བ་དངོས་སྣང་ཁ་དོག་འོད་ཀྱི་ཡུལ་དང་༔ ཐ་མ་འགྲོ་ས་རང་སྣང་བར་དོའ་ཡུལ་ལོ༔ ༡་སེང་གེའི་འདུག་སྟངས་ཀྱིས་རིག་པ་གཅུན་པ་དང་༔ གླང་པོ་ཆེའི་འདུག་སྟངས་ཀྱིས་ལྟ་བ་དང་༔ འདབ་ཆགས་ཀྱི་ལྡིང་ཐབས་ཀྱིས་ལྟ་བ་སྤྱི་རྒྱ་རླབས་ཀྱིས་གཅོད་པ་དང་༔ ཝ་མོའ་ཟུར་འགྲོས་ཀྱིས་ས་མནན་པ་དང་༔ སྐྱེས་བུའི་རྒྱང་ཐབས་ཀྱིས་བར་སྣང་དུ་ཡིད་ཙམ་བཟུང་བ་དང་། རྒྱུ་མདུད་ཀྱི་དྲིལ་ལུགས་ཀྱིས་ལུ་གུ་རྒྱུད་ཀྱི་ཁུངས་བཅད་པའོ༔ ༢། ཁ་སྣའི་དབུགས་ཡིད་ཙམ་ནང་དུ་འཐེན་པས་མ་རིག་པ་ལས་ཀྱི་རླུང་ལྡོག༔ ཤེས་པ་ནམ་མཁའ་ལ་གཏད་པས་རྣམ་རྟོག་གི་འགྲུལ་ཆོད༔ རིག་པ་མིག་ཏུ་བཅུག་པས་ངོ་བོ་ལ་འཁྲུལ་པ་མེད༔ དབྱིངས་ཕྱི་ནང་འདྲེས་པས་རིག་པ་ལ་འགྲོས་མེད༔ དེ་ཉིད་དབྱིངས་དང་མ་བྲལ་བས་ཡིད་ཀྱི་རྣམ་རྟོག་ཆོད༔ ཁ་རིག་པ་དབྱིངས་དང་འདྲེས་པས་འཁྲུལ་པ་གཞི་ལ་སངས་པའོ༔ ༣་ནམ་མཁའ་སྤྲིན་དང་བྲལ་བ་དང་༔ དབྱིངས་རྣམ་པར་དག་པ་དྲི་མ་དང་བྲལ་བ་དང་༔ སྣང་བ་སྒྲིབ་གཡོགས་དང་བྲལ་བ་དང་༔ ཐིག་ལེ་སྤྲོ་བསྡུ་དང་བྲལ་བ་དང་༔ འོད་སྣང་གསལ་འགྲིབ་བྲལ་བ་དང་༔ ལུ་གུ་རྒྱུད་འགྲོ་འོང་དང་བྲལ་བ་ལ་རང་གི་དེ་བཞིན་ཉིད་ལ་གཏད་པའོ༔ ༤་ལུས་མི་འགུལ་བས་སྣང་བ་བཞི་ལ་བཞག་པ་དང་༔ མིག་མི་འགུལ་བས་ལུ་གུ་རྒྱུད་ལ་གཟེར་ཐེབས་པ་དང་༔ རིག་པ་མ་འགུལ་བས་སྣང་སྲིད་ཆོས་སྐུར་གྲོལ་བ་དང་༔ དེ་ཉིད་མ་འགུལ་བས་འཁྲུལ་པའི་སྣང་བ་རྒྱུན་ཆད་པ་དང་༔ དེ་ལྟར་ཆོས་སྐུ་འགུལ་བ་མེད་པས་ཡེ་ཤེས་ངོས་ཟིན་པ་དང་༔ སྟོང་པ་ལས་འགུལ་བ་མེད་པས་འགྱུ་བྱེད་རང་སར་དྭངས་པའོ༔

༡༡༔ སྣང་སྲིད་རིག་སྟོང་གསལ་བར་ཤར་བས་བེམ་པོ་ལས་གྲོལ་བ་དང་༔ ནམ་མཁའི་ཁམས་སུ་ལུ་གུ་རྒྱུད་ཀྱིས་ཁྱབ་པས་ཆོས་ཉིད་མ་ཐོག་ཏུ་གྲོལ་བ་དང་༔ ཅིར་སྣང་འོད་སྣང་ལས་མ་འདས་པས་འབྱུང་བ་ལྔའི་བདུད་ལས་གྲོལ་བ་དང་༔ འཁོར་འདས་རང་ངོ་ཤེས་པས་ལྟོས་པའི་ཆོས་ལས་གྲོལ་བ་དང་༔ སྟོང་པ་གསལ་བ་རིག་པ་འདྲེས་པས་རྒྱུད་ལུང་གི་ཚིག་ལས་གྲོལ་བ་དང་༔ དག་པའི་དབྱིངས་རྒྱ་བསྐྱེད་པས་རིག་པ་རང་ཐོག་ཏུ་སྤར་གྱིས་ཟིན་པ་ཅེས་བྱའོ༔ ༦་༔ འཇམ་དཔལ་བཤེས་གཉེན་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་འོད་ཟེར་གྱི་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་གཤེགས་པས་ཤྲཱི་སིཾ་ཧ་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏེ་ཀྱི་ཧུད་ཀྱི་སྒྲ་ཆེན་པོ་ཕྱོགས་བཅུར་འབོད་ཅིང་གནས་པ་ལས༔ ནམ་མཁར་སྒྲ་ཆེན་པོ་ཞིག་གྲགས་པར་གྱུར་ཏེ༔ དེ་ཉིད་ཀྱིས་བརྒྱལ་སངས་ནས་བལྟས་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས༔ མཉྫུ་ཤྲཱིས་ཕྱག་གཡས་པ་ཕྱུངས་ཏེ་བརྒྱལ་བ་བསླང་བའི་དོན་དུ༔ ཤྲཱི་སིཾ་ཧའི་ཕྱག་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་་མཐིང་ཁ་ཞུན་མས་རང་ནན་དུ་བྲིས་པ་གཅིག་དུར་ཁྲོད་ཆེན་པོ་སོ་ས་གླིང་དེ་ཉིད་དུ་བབས་སོ༔ ་དེ་ཉིད་བབས་པ་ཙམ་གྱིས་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ༔ འདི་ནི་འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་སྒོམ་ཉམས་དྲུག་གིས་སྐྱེ་མེད་སྟོང་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱེད་པའི་མན་ངག་གསང་བབས་ཀྱང་ཆེས་གསང་བར་གྱུར་པ༔ ཉམས་སུ་བླང་བའི་ཕྱོགས་སུ་བསྟན་པ་རྫོགས་སོ༔

༄༅། །བདེ་མཆོག་མཁའ་འགྲོ་སྙན་གྱི་བརྒྱུད་པ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་པ་བྱིན་རླབས་དཔལ་སྟེར་ཅེས་བྱ་བ་བཞུགས་སོ༎

༦༡བདེ་མཆོག་མཁའ་འགྲོ་སྙན་གྱི་བརྒྱུད་པ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་པ་བྱིན་རླབས་དཔལ་སྟེར་ཅེས་བྱ་བ་བཞུགས་སོ། །
༦༢རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ཏཻ་ལོ་པ་དང་ནཱ་རོ་པ། །མར་པ་ལོ་ཙཱ་མི་ལ་རས་ཆེན་ཞབས། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འཇའ་ལུས་མངོན་གྱུར་རྗེ་བཙུན་རས་ཆུང་པ། །ཡེ་ཤེས་བླ་མ་སྦས་པའི་གྲུབ་ཐོབ་གསུམ། །ཞང་སྟོན་ལོ་ཙཱ་དྷ་ར་ཤྲཱི་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བྱང་སེམས་ཆེན་པོ་ཀུན་ལྡན་རས་པ་དང་། །གཟི་བརྗིད་རྒྱལ་མཚན་དབང་ཕྱུག་ཤེས་རབ་ཞབས། །གཞོན་ནུ་རྒྱལ་མཚན་རས་ཆེན་གདན་གཅིག་པར། །སྙིང་ནས་གསོལ་བ་འདེབས། ནམ་མཁའ་རྒྱལ་མཚན་འདུལ་འཛིན་ངག་གི་དབང་། །རབ་འབྱམས་སྨྲ་བ་སངས་རྒྱས་སེང་གེ་དང་། །ཕྱོགས་ལས་རྣམ་རྒྱལ་གཙང་སྨྱོན་ཧེ་རུ་ཀར། །སྙིང་ནས་གསོལ་བ །བརྒྱུད་སྲོལ་ཀུན་འདུས་རྒོད་ཚང་རས་ཆེན་ཞབས། །རབ་འབྱམས་རྣམ་གསུམ་ཀུན་མཁྱེན་གྲུབ་མཆོག་དབང་། །ཕྲིན་ལས་རྒྱ་མཚོ་བཀའ་བརྒྱུད་སྒྲོན་མེ་ལ། །སྙིང་ནས་གསོལ་བ །ཡོན་ཏན་རྒྱ་མཚོ་འཛམ་གླིང་རྡོ་རྗེའི་ཞབས། །ངག་གི་དབང་པོ་ཡེ་ཤེས་སྐལ་བཟང་དང་། །དཔལ་
༦༣ལྡན་རྒྱ་མཚོ་ངེས་དོན་བསྟན་འཛིན་ལ། །སྙིང་ནས་གསོལ་བ་ །མཐུ་སྟོབས་རྒྱ་མཚོ་རིན་ཆེན་འོད་ཟེར་དང་། །རིགས་ཀུན་ཁྱབ་བདག་འཁོར་ལོ་སྡོམ་པའི་དངོས། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་ས་ཨོ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་དང་། །མོས་གུས་བླ་མའི་རྣལ་འབྱོར་མཐར་ཕྱིན་པའི། །སྔོན་འགྲོའི་རྣལ་འབྱོར་འབྱོངས་པར་བྱིན་གྱིས་རློབས། །སྨིན་བྱེད་དབང་ཐོབ་དམ་ཚིག་སྡོམ་ལ་གནས། །ཟབ་གསལ་དབྱེར་མེད་བསྐྱེད་རིམ་ཕ་རོལ་སོན། །སྣོད་བཅུད་སྣང་གྲགས་རིག་པའི་རྣམ་རོལ་ཀུན། །ལྷ་སྔགས་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །རླུང་དང་གཏུམ་མོས་འབར་འཛག་དབུ་མར་ཐིམ། །ཅིར་སྣང་སྒྱུ་མས་ཆགས་སྡང་དབྱིངས་སུ་གྲོལ། །ཉིང་འཁྲུལ་རང་དག་ཉམས་དང་རྟོགས་པ་ཡི། །འོད་གསལ་མངོན་དུ་འགྱུར་བར་ །སྐུ་གསུམ་འཕོ་བས་ཐར་འི་གྲོང་འཇུག་ཅིང་། །བར་དོའ་སྣང་ཆ་ཟུང་འཇུག་ལོངས་སྐུར་ཤར། །དངོས་དང་ཡིད་ཀྱི་ཕྱག་རྒྱ་ལ་བརྟེན་ནས། །བདེ་སྟོང་དགའ་བཞི་འཆར་བར
༦༤ཁྱད་པར་ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །བླ་མའི་དྲིན་གྱིས་མངོན་སུམ་རྟོགས་པའི་མཐུས། །ཡིད་ལ་མི་བྱེད་འོད་གསལ་གཉུག་མའི་ངང་། །མཆོག་གི་དངོས་གྲུབ་བརྙེས་པར་བྱིན་གྱིས་རློབས། །གཞན་ཡང་གནས་སྐབས་ནད་གདོན་ཉེར་འཚེ་སོགས། །ལམ་བཟང་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་ཡིས། །དོན་གཉིས་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་ལམ་འདི་ལ་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་བཀའ་བརྒྱུད་ཕྲིན་ལས་དབང་ཕྱུག་དཔལ་བཟང་པོའ་ཞལ་སྔ་ནས་ཀྱིས་སྙན་བརྒྱུད་ཡིད་བཞིན་ནོར་བུའི་སྨིན་གྲོལ་གྱི་གདམས་པས་རྗེས་སུ་བཟུང་བའི་སྐབས། །རིས་མེད་པའི་བསྟན་པ་ལ་མཆོག་ཏུ་གུས་པའི་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་དཔལ་རས་ཆུང་ཕུག་གི་གཙུག་ལག་ཁང་ཆེན་པོའ་ཡང་རྩེར་གྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ།

༄༅། ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་ཁ་སྐོང་བཞུགས་སོ། །སརྦ་དཱ་མངྒ་ལཾ། །

༩༩ ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་ཁ་སྐོང་བཞུགས་སོ། །སརྦ་དཱ་མངྒ་ལཾ།། །།
༡༠༠ ན་མོ་གུ་རུ། ཁྲིད་བརྒྱ་བརྒྱུད་པའི་ལོ་རྒྱུས་ཁ་སྐོང་། བླ་མ་ལ་ཕྱག་འཚལ་ལོ། །དེ་ཡང་ཟབ་ཁྲིད་བརྒྱ་དང་བརྒྱད་ལས། དོན་བཞི་པ་བདེ་མཆོག་བོང་ཞལ་ཅན་གྱི་རྫོགས་རིམ་ཡན་ཆད་ཀྱི་ལོ་རྒྱུས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཞབས་ཀྱིས་མཛད་ཟིན་ཅིང་། དེ་མན་ཆད་རྩོམ་འཕྲོར་བཞུགས་པ། འདིར་ཁ་འགེངས་ཀྱི་ཚུལ་དུ་བརྗོད་པར་བྱའོ། །དེ་ལ་ཕག་མོ་སྒོམ་དྲུག་གི་ཁྲིད་ནི། ཞལ་གཉིས་མའི་གཞུང་ཆེ་ཆུང་། དབུ་བཅད་མའི་གཞུང་ཆེ་ཆུང་། དོན་གྲུབ་མའི་གཞུང་ཆེ་ཆུང་སྟེ། གཞུང་དྲུག་ཏུ་གྲགས་པ་དང་། ཁ་སྐོང་སྦྱིན་སྲེག་གི་གཞུང་དང་བཅས་པ་ལ་བརྟེན་པ་ཡིན་ཅིང་། དེ་ཡང་ཞལ་གཉིས་མ་འདི་ལ་རྒྱ་བལ་ཕན་ཆད་ན། ཨཽ་ཌཱི་ཡཱ་ན་གསང་བའི་མན་ངག་གི་ཕག་མོར་གྲགས་ཤིང་ནན་ཏར་རྩིས་ཆེ་ལ། སློབ་དཔོན་ལྡོང་ངར་བར་གྲགས་པ་ཤཱ་བ་རི་པས་མཛད་པའི་ཞལ་གཉིས་མའི་གཞུང་ཆུང་བ་འདི་ཤིན་ཏུ་བྱིན་རླབས་ཆེ། འདི་ཨིནྡྲ་བོ་དྷི་ཆུང་བས་མཛད་ཅེས་གཞན་དུ་གྲགས་ཀྱང་། ལྡོང་ངར་བ་ཨིནྡྲ་བོ་དྷི་ཆུང་བས་རྗེས་སུ་བཟུང་བ་ཙམ་ལ་བཏགས་པ་ཡིན་ཅིང་།
༡༠༡ ཕྱིས་སློབ་དཔོན་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེ་ཇོ་བོ་།།།་སྒྲུབ་ཐབས་སྙན་ངག་ཤིན་ཏུ་ལེགས་པ་ཞིག་རྩོམ། རྒྱ་གར་བལ་པོའ་པཎྜི་ཏ་ཀུན་ལ་བསྟན་པས་སྐྱོན་ཡེ་ནས་མ་མཐོང་སྟེ། མཁས་པའི་གྲགས་པས་ཁྱབ། བལ་པོའ་བློན་པོ་ཆེན་པོས་བླ་མར་བཀུར། མེཉྫ་གླིང་པ་གཞིས་དང་བཅས་ཏེ་ཕུལ། ལོངས་སྤྱོད་དང་སྐུ་བསོད་ཤིན་ཏུ་ཆེ་བར་ཡོད་སྐབས། སྙན་ངག་མཁས་པའི་ང་རྒྱལ་གྱིས་ཞལ་གཉིས་མའི་གཞུང་ཆེ་བར་གྲགས་པ་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་དང་། དོན་གྲུབ་མའི་གཞུང་ཆེ་བ་བརྩམ་པས་མཁའ་འགྲོའི་བཀའ་མ་གནང་ཞིང་། གསང་སྔགས་ཟབ་མོ་སྙན་ངག་ཏུ་བཀྲལ་བའི་ཉེས་པས་བློན་པོའ་སྲིའུམ་སོས། ཆར་འབེབ་གཅོད་མ་ཐུབ། ལོ་ཉེས་ཆེན་པོ་བྱུང་། ལོངས་སྤྱོད་ཆུ་བཅད་པ་བཞིན་སོང་བ། སླར་ཡང་བཤགས་པའི་སྒྲུབ་པ་ལོ་གསུམ་མཛད་པས། རྗེ་བཙུན་མས་དངོས་སུ་ཞལ་བསྟན། བསྟན་བཅོས་འདི་མ་རྩོམ་པར་སྒོམ་ན་འཇའ་ལུས་སུ་འགྱུར་བ་ཡིན་ནའང་དེས་གེགས་བྱས། འོན་ཀྱང་ཕྱིན་ཆད་སྒྲུབ་ཐབས་འདི་གཉིས་ཀྱང་ངས་བྱིན་བརླབས་
༡༠༢ ནས་སེམས་ཅན་མང་པོ་ལ་ཕན་ཐོགས་ཤིང་ཁྱོད་ཉིད་ཀྱི་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་བོ། །ཞེས་ལུང་བསྟན། སྐུ་བསོད་སྔར་ལས་བརྒྱ་འགྱུར་གྱིས་འཕེལ། བལ་པོ་དང་། མ་གྷ་དྷའི་རྒྱལ་པོ་གཉིས་ཆར་གྱི་བླ་མར་སོང་། གཞུང་དེ་ཉིད་ཀྱང་རྒྱ་བལ་ཀུན་ཏུ་དར་བར་གྱུར་ཏེ། ཕྱིས་ཆོས་འདིའི་བདག་པོ་ཧམ་དུ་དཀར་པོ་ལ། དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱི་སྲས། དཔྱལ་ལོ་ཀུན་དགའ་རྡོ་རྗེས་སྤྱོད་ལམ་དང་འབུལ་བས་མཉེས་པར་བྱས་ཏེ་གསན། ཆོས་སྐོར་འདི་རྫོགས་པར་ཞུ་བ་ལ་བལ་པོར་ལན་གསུམ་བྱོན། དེ་སྐབས་གཞུང་དྲུག་གི་བཤད་པ་ནི་ཤིན་ཏུ་དར་རྒྱས་ཆེ། རྔོག་ལོ་ཆེན་པོས་ཀྱང་འགྱུར་མཛད། གདམས་ངག་ཡོངས་རྫོགས་ལ་ཤིན་ཏུ་མཁས་པའང་། ལོ་ཙཱ་བ་ཁུ་ནེ་ཙོ་དང་། རྨ་བན་ཆོས་འབར་དང་། སྣུབས་སྟོན་རྒྱལ་ཡེ་སོགས་མང་དུ་བྱུང་ནའང་། དཀའ་སྤྱད་དང་ནན་ཏན་དཔག་ཏུ་མེད་པ་མཛད་པའི་སྟོབས་ཀྱིས་དཔྱལ་ཁོ་ན་བྱིན་རླབས་དང་ཕྲིན་ལས་ཆེ་བར་བྱུང་བས། ཕག་མོ་དཔྱལ་ལ་ཐུག་ཅེས་གྲགས་སོ། །ནཱ་རོ་ཆོས་དྲུག་ནི། བཀའ་བཞི་བརྒྱུད་པའི་གདམས་ངག་གི་བཅུད་བསྡུས་པའང་ཡིན་ཅིང་། ངོ་བོ་ནི་གྲུབ་ཆེན་ནཱ་རོ་པས་མར་པ་ལ་དགྱེས་རྡོར་གྱི་སྙིང་པོ་དྲིལ་ནས་གཏུམ་མོ་ལས་རྒྱ་བསྟན། གསང་འདུས་ཀྱི་སྙིང་པོ་དྲིལ་ནས་སྒྱུ་ལུས་འོད་གསལ་རྨི་ལམ་གསུམ་བསྟན། ལམ་གྱི་ཡན་ལག་ཏུ་གདན་བཞིའི་འཕོ་བ་གྲོང་འཇུག་གཉིས་བསྟན་པའི་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་གདམ་ངག་ཡིན་ནོ། །འདིར་ཆོས་དྲུག་མི་འདྲ་བ་མང་དུ་བཞུགས་ཀྱང་། ཁྲིད་དོན་དྲུག་པར་བགྲང་རྒྱུ་འདི་ཆོས་དྲུག་གསེར་ཞུན་མ་ཡིན་ནོ། །ནི་གུ་ཆོས་དྲུག་སོགས་ལ། ཡེ་ཤེས་མཁའ་འགྲོ་ནི་གུ་ནི། ནཱ་རོ་པའི་ལྕམ་དུ་གྱུར་པ་སོགས་ལོ་རྒྱུས་ཀུན་ཁྱབ་དང་། ཁྱད་པར་ཤར་ཕྱོགས་
༡༠༣ ཝ་བ་པ་ལ་གདམས་པ་ཅུང་ཟད་གསན། སློབ་དཔོན་ཉིད་དང་ལྷན་ཅིག་ཞག་བདུན་དུ་བསྒོམ་པས། ཡེ་ཤེས་མཁའ་འགྲོ་མ་འཇའ་ལུས་སུ་གྱུར། ས་བརྒྱད་པའི་རྟོགས་པ་མངོན་དུ་མཛད། ཤར་ཕྱོགས་ལྭ་བ་པའི་སྤྱི་གཙུག་ནས་སྦར་མཐིལ་ཙམ་ཞིག་ལུས་སྐད། འདི་ལྭ་བ་པ་ཆུང་པ་ཡིན་ནོ། །མཚན་ནི་གུ་ཞེས་པ། ལེགས་སྦྱར་དང་བསྟུན་ཏེ། ནི་གུཔྟ་ཞེས་ངེས་གསང་ངམ། ངེས་སྦས་ཞེས་པར་ཡིན་པར་ཡང་གྲགས་ལ། དོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བརྡའི་སྐད་ཞིག་གོ །དེ་ལ་མཐར་ཐུག་ལྔ་དང་ལྡན་པ། གྲུབ་ཆེན་ཁྱུང་པོས་འཕགས་ཡུལ་ཡོངས་ཁྱབ་ཏུ་གྲགས་པའི་རྒྱུད་གཞུང་ཡང་མང་དུ་གསན་ཅིང་། ཁྱད་པར་ཐུན་མོང་མ་ཡིན་པ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ནུབ་མོ་ཟླ་བ་སྐྱ་རྒྱང་ངེ་ཤར་བ་ན་སྤྲུལ་པའི་དཀྱིལ་འཁོར་དུ་སྒྱུ་ལུས་དབང་མོ་ཆེ་བསྐུར། ཐོ་རངས་ཀྱི་དུས་སུ་མནལ་ལམ་དུ་ཆོས་དྲུག་ཚར་གཅིག་གསན། ཕྱིས་དངོས་སུ་གཉིས་ཏེ་ལར་ཚར་གསུམ་གསན། དེ་ནས་འགྲོ་མགོན་སངས་རྒྱས་སྟོན་པའི་བར་ཆིག་བརྒྱུད་དུ་བཀའ་རྒྱས་བཏབ་པ་ལྟར་གནས་ཤིང་། འགྲོ་མགོན་སྟོན་པ་དེ་ལ་ཞི་བྱེད་སྤྱོད་ཡུལ། ཇོ་བོ་རྗེ། ནཱ་རོ་པ་སོགས་ཀྱི་གདམས་ངག་དང་། ཤངས་ཆོས་ཉིད་ཀྱིའནག ། མཻ་ཏྲི་པ། རཱ་ཧུ་ལ། རྡོ་རྗེ་གདན་པ་སོགས་ཀྱི་གདམས་ངག་གིས་རྗེས་སུ་བཟུང་བའི་སློབ་མ་དཔག་ཏུ་མེད་པ་ཡོད་ཅིང་། ནི་གུ་དང་སུ་ཁའི་གདམས་ངག་ཆ་ཤས་ཐོབ་པ་ནི་མཐའ་ཡས་ཀྱང་། སྨིན་གྲོལ་ཆ་ལག་དང་བཅས་པར་ཡོངས་སུ་རྫོགས་པར་གནང་བ་ནི་སློབ་དཔོན་ཨའི་སེང་གེ། མཁས་གྲུབ་ཤངས་སྟོན། མཁས་གྲུབ་གཞོན་ནུ་གྲུབ་གསུམ་ཡིན་ལ། ཕྱི་མ་གཉིས་ལས་བརྒྱུད་ཚུལ་མི་འདྲ་བ་དཔག་ཏུ་མེད་པ་གྱེས་ནའང་། མཁའ་འགྲོའི་ཐེམ་ཡིག་གིས་བསྡོམས་པའི་ཕྱིར། བརྡའ་དོན་
༡༠༤ གཉིས་ཀ་ནས་མི་འདྲ་བ་གཏན་ནས་མེད་ཅིང་། བཅོས་ལྷད་དང་བྲལ་བའི་ཕྱིར། སྒྲུབ་བརྒྱུད་ཀུན་གྱི་ཡང་རྩེར་བཞུགས་པ་ཡིན་ནོ། །དེ་ལ་ནེ་གུའི་གདམས་སྐོར་འདི་ཀུན་ནི། སྤྱིར་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ། ཁྱད་པར་མཐར་ཐུག་སྟོན་པ་རྒྱུད་སྡེ་ལྔའི་སྙིང་པོ། ཡང་སྒོས་ཐུན་མོང་མ་ཡིན་པ། སྡོམ་པ་རྒྱ་མཚོ་དང་། རིན་ཆེན་རྒྱ་མཚོའ་སྙིང་པོ་ཁོལ་ཕྱུང་དུ་བཞེད་དོ། །ཕྱག་ཆེན་གའུ་མ་ནི། ཁྱུང་པོས་འདིའི་རྩ་ཚིག་ཏ་ལའི་ལོ་མ་ལ་བྲིས་ཏེ། ཙནྡན་གྱི་གའུར་བཅུག་ནས། གཅེས་སྤྲས་ཆེན་པོས་བསྣམས་ཏེ་བྱོན་པས། གའུ་མར་མཚན་ཐོགས་པ་སྟེ། ཐབས་ཤེས་གཉིས་ཀྱི་གའུར་རིག་པ་སེམས་ཀྱི་ནོར་བུ་བཅུག་པ་སོགས་ཀྱི་སྒྲ་བཤད་བྱེད་པ་ནི་སྙིང་པོས་དབེན་པའི་འཆལ་གཏམ་ཙམ་མོ། །འདིའི་སྦྱོར་དངོས་རྗེས་གསུམ་གྱི་གདམས་ངག་ནི། མཁའ་འགྲོ་ནི་གུའི་གསུང་ལས་ནམ་ཡང་མི་འདའ་ལ། རྟོགས་པ་དོན་གྱི་བརྒྱུད་པ་ནི། མཁའ་འགྲོ་ནི་གུ། སུ་ཁ་སིདྡྷི། མཻ་ཏྲི་པ་གསུམ་གྱི་དགོངས་པ་ཕྱོགས་གཅིག་ཏུ་དྲིལ་བ་ཡིན། ངོ་སྤྲོད་ཀྱི་སྐབས་གྲུབ་ཆེན་ཁྱུང་པོས། ཕྱི་རོལ་ཡུལ་ལ་སྣང་སྟོང་རྒྱ་ཡིས་གདབ། རིག་པ་སེམས་ལ་གསལ་སྟོང་རྒྱ་ཡིས་གདབ། །རང་ལུས་ལྷ་སྐུ་བདེ་སྟོང་རྒྱ་ཡིས་གདབ། ཅེས་རྒྱས་གདབ་གསུམ་གྱི་ཐ་སྙད་མཛད་ལ། རྗེ་རྨོ་གཅོག་པས་ཆོས་དྲུག་གི་རྟོགས་པ་བསམ་གྱིས་མི་ཁྱབ་པ་འཁྲུངས་པའི་ཚེ། གྲུབ་ཆེན་ཁྱུང་པོ་མི་བཞུགས་པས། དེའི་གོལ་ས་གཅོད་པའི་ཕྱིར། རྗེ་སྒམ་པོ་ལ་ཕྱག་ཆེན་གསན། གནས་ལུགས་རྟོགས་པའི་བོགས་འདོན་མཐར་ཐུག་པ་བྱུང་། དེ་ནས་རྗེ་དྭགས་པོའ་བཞེད་པ་དང་བསྟུན། རྒྱས་གདབ་དང་བྲལ་བའི་ཐ་སྙད་མཛད་དོ། །ལམ་ཁྱེར་གསུམ་ནི། ཆོས་དྲུག་གི་སྒྱུ་ལུས་དབང་པོ་རབ་འབྲིང་གསུམ་ལས་འཕྲོས་པ་ཡིན་པས་ཡལ་ག་
༡༠༥ ཞེས་གྲགས། འཆི་མེད་འཆུག་མེད་ནི། འོད་གསལ། སྒྱུ་ལུས། ཕྱག་ཆེན་རྣམས་སྙིང་པོར་དྲིལ་བ་ཡིན་པས། འབྲས་བུ་འཆི་མེད་ཞེས་གྲགས་སོ། །སུ་ཁ་ཆོས་དྲུག་ནི། གྲུབ་ཆེན་ཁྱུང་པོས་ཡེ་ཤེས་ཀྱི་མཁའ་འགྲོ་སུ་ཁ་སིདྡྷི་ལ་རྒྱུད་གཞུང་དང་འབྲེལ་བའི་ཚིག་བརྒྱུད་ཆེན་པོ་མ་གསན་ཀྱང་། སྙིང་པོ་དོན་གྱི་གདམས་ངག་གསན་པ་དང་། ཟབ་མོའ་དབང་བསྐུར་བ་དང་། གྲུབ་ཆེན་ཉིད་བརྒྱུད་འཛིན་དང་བཅས་པ་ཐམས་ཅད་ལ་རྒྱུད་བྱིན་གྱིས་བརླབས་པ་སྟེ་གསུམ་གྱི་སྒོ་ནས་བཀའ་དྲིན་བླ་ན་མེད་པ་མཛད། འདི་ལ་གསང་སྒྲུབ་མན་ངག་གཟེར་གསུམ་ལ་སོགས་པ་ཆོས་སྐོར་ཤིན་ཏུ་ཟབ་པར་བཞུགས་པ་ལས་སུ་ཁ་ཆོས་དྲུག་ཏུ་གྲགས་པ་ལ་ཡང་གཟེར་གསུམ་གྱི་ལྟེ་བར་སྤྲུལ་འཁོར་ལ་བརྟེན་ནས་བྱུང་བ་ཡིན་ཅིང་། འདི་ལ་ཡིག་རྙིང་དུ་མངོན་པ་གཅིག་བཞུགས་མོད་ཀྱང་སྔོན་དུས་དར་རྒྱས་ཆེར་མེད། ཕྱིས་སྐུ་ཞང་མཁྱེན་རབ་རྗེས་ཤིན་ཏུ་དར་བར་མཛད་དོ། །བདག་མེད་མའི་ནང་ཁྲིད་ནི། དམ་པ་སངས་རྒྱས་ཀྱི་ཞང་པོ་བྲམ་ཟེ་།།།་དེ་ཝ་གྲུབ་པ་ཐོབ་པའི་ཆོས་ཡིན་ཅིང་། སུ་ཁའི་ཆོས་སྐོར་འདི་ཀུན་ལ་ཁྱུང་པོའ་དུས་ཀྱི་གདམས་ངག་རྩ་བ་རེ་དང་། རི་གོང་དཔལ་གྱི་ཡང་དགོན་དུ་མཁའ་འགྲོ་ཉིད་ཀྱིས་ཞག་བདུན་གྱི་བར་དུ་གཉན་སྟོན་ཆེན་པོ་ལ་དངོས་སུ་གདམས་པའི་ཟབ་ཁྱོད་འདོན་རྒྱུ་རེ་ཐམས་ཅད་ལ་ཡོད་དོ། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ནི། ནཱ་རོ་མཻ་ཏྲི་ནས་མར་མིའི་བར་དུ་གདམས་ངག་ས་བོན་ཙམ་ལས། རྒྱས་པར་མི་བཞུགས་ལ། མཉམ་མེད་དྭགས་པོ་ལྷ་རྗེ་ལ། རྗེ་མི་ལས་ལུང་བསྟན་པ་ཐོག་ཏུ་བབས། གཏུམ་མོ་ཉིད་ལ་རྩལ་དུ་བཏོན་ནས་སྒོམ་པས། གཉལ་གྱི་སེ་བ་ལུང་དུ་ལོ་དྲུག་ལ་རྟོགས་པ་གོང་འཕེལ་དུ་སོང་། འོལ་ཁ་དགེ་ལུང་དུ་ལོ་གསུམ་བཞུགས་དུས་གནས་ལུགས་ཀྱི་རྟོགས་པ་མཐར་ཕྱིན་པ་
༡༠༦ བརྙེས། བརྩོན་འགྲུས་ཅན་འགའ་ཞིག་མ་གཏོགས་གཞན་ལ་བཤད་ཀྱང་མི་ཕན་དགོངས། ལོ་ཤས་གཞན་ལ་མ་གསུངས་རྣལ་འབྱོར་ཆོས་གཡུང་སེགས་འགའ་ཞིག་ལ་ཅུང་ཟད་གསུངས་པས། མར་མེ་གཅིག་ལ་གཉིས་འཆེད་པ་བཞིན་དཀའ་བ་གང་ཡང་མི་དགོས་པར་རྟོགས་པ་མཐར་ཕྱིན་པ་ཤ་སྟག་བྱུང་བས་རྒྱ་ཆེར་སྤེལ། ཕྱག་རྒྱ་ཆེན་པོའ་མངའ་བདག་གཞན་ཕན་ཀུན་ཁྱབ་ཏུ་གྱུར་པ་ཡིན། དེ་ཕྱིན་ཆད་བོད་དུ་སྦྱར་བའི་གསང་སྔགས་གསར་རྙིང་དུ་གྲགས་པའི་སེམས་ཁྲིད་ཕལ་ཆེ་བ་ཡང་འདི་ལ་བསྒུན་མ་བྱས་པ་ཤས་ཆེའོ། །ལྔ་ལྡན་ནི་ངོ་བོ་ཉིད་དང་བྲལ་བས་ཕག་གྲུའི་ཚོགས་ཆོས་གསུངས་པའི་གནད་ཆེ་བ་འགའ་ཞིག་རྗེ་འབྲི་གུང་པས་རྩལ་དུ་བཏོན་པས། ལྔ་ལྡན་འབྲི་གུང་པའི་ཁྱད་ཆོས་ཅེས་གྲགས་པ་ཡིན་ནོ། །ཡི་གེ་བཞི་པ་ཡང་འགྲོ་མགོན་ཕག་གྲུས་དགེར་སྒོམ་ཞིག་པོ་ལ་ཇི་ལྟར་གནང་བའི་རིམ་པ་བཞིན་ཡིན་ལ། ཕྱིས་རྒྱང་རོ་གསེར་སྡིངས་པ་ཡབ་སྲས་ཀྱིས་དར་རྒྱས་སུ་མཛད་པ་ཡིན་ནོ། །སྐུ་གསུམ་ངོ་སྤྲོད་ནི། བྱིན་རླབས་དོན་བརྒྱུད་བླ་མ་གོང་མ་རྣམས་ལ་འདེད་པ་ཙམ་མ་གཏོགས་ཀརྨ་པག་ཤིའི་ཐུགས་ལས་འཁྲུངས་པའི་ཆོས་ཡིན་ཅིང་། གྲུབ་ཐོབ་ཨོ་རྒྱན་པ་ལ་ཁོང་རང་གི་ཆོས་ཐམས་ཅད་ཀྱི་དོན་བརྒྱུད་གཏད་སྐབས་ཀྱང་། འདི་ཁོ་ན་གནང་བ་ཡིན་ཅེས་ཟེར། རླུང་སེམས་དབྱེར་མེད་ཀྱང་ཀརྨ་ཀཾ་ཚང་ཉིད་ལ་གྲགས་པའི་ཟབ་ཆོས་སུ་སྣང་། ཆོས་དྲུག་སྲས་མཁར་མ་ནི། རྗེ་མར་པས་སྲས་མདོ་སྡེ་འབུམ་ལ་གནང་། ཤོག་དྲིལ་རྣམས་སྲས་མཁར་དུ་གཏེར་དུ་སྦས། གཏེར་སྟོན་ཆོས་དབང་རིན་པོ་ཆེས་གཏེར་ནས་ཕྱུང་། ཞལ་བཤུས་ནས་མ་ཕྱི་རང་གནས་སུ་བཞུགས་སུ་གསོལ། ལྷ་རིན་ཆེན་དབང་གི་རྒྱལ་པོའ་ཆོས་སྐལ་དུ་མཁྱེན་ནས་གནང་། ལྷ་པ་ལས་རྒྱ་ཆེར་འཕེལ། །
༡༠༧ གཉོས་པ་རྣམས་བར་སྐབས་སུ་བཀའ་བརྒྱུད་ཀྱི་བསྟན་འཛིན་དུ་བཞུགས་པ་ཡིན་ནའང་། བཀའ་བརྒྱུད་ནང་སེལ་ཟུར་ཟློས་ལ་བརྟེན་པའི་ཆོས་འདི་ལ་མཐིང་སླད་བྱེད་པའང་འགའ་རེ་བྱུང་སྣང་ངོ་། །རྔོག་པའི་བསྲེ་འཕོར་གྲགས་པ་ནི། དགྱེས་རྡོར་རྩ་བཤད་ཀྱི་དགོངས་དོན་མན་ངག་ཟབ་མོ་བླ་ན་མེད་པ་ཡིན་ཅིང་། དེ་ཡང་མངའ་བདག་མར་པས། རྒྱ་གར་ལན་རྟིང་མ་བསྐོར་བའི་སྐབས། །བླ་མ་སེནྡྷེ་པས་ལུང་བསྟན། དཔལ་ནཱ་རོ་པའི་ཞབས་རྗེས་ལ་ཞག་བདུན་གསོལ་བ་བཏབ་པས་དངོས་སུ་ཞལ་གཟིགས་བྱིན་རླབས་ཞུ་དགོངས་ཏོ་རྒྱུགས་ཀྱང་རྗེས་མ་ཟིན། ཐོད་པ་རྣམ་སྣང་གིས་གང་བ་བདུད་རྩིར་བྱིན་གྱིས་བརླབ་པ་བོར་འདུག་པས། གསོལ་བ་ཙམ་གྱིས་ཏིང་ངེ་འཛིན་དཔག་ཏུ་མེད་པ་འཁྲུངས། ཡང་གསོལ་བ་བཏབ་པས་ཞག་བདུན་ནས། དཔལ་ནཱ་རོ་པ་ཆེན་པོ་དང་འཇལ། ཁྱོད་ཅི་འདོད་གསུངས། དགྱེས་རྡོར་བཤད་པར་ཞུས་པས། ལྷ་དགུའི་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར། རྒྱུད་དང་གདམས་པ་ཚར་གཅིག་གསུངས། དབང་དོན་བཞིན་དུ་ངོ་འཕྲོད་ཅིང་ཐེ་ཚོམ་ཐམས་ཅད་ཆོད་དོ། །ད་དུང་བདེ་མཆོག་དང་གསང་འདུས་ཞུའོ་སྙམས་པ་ལ། ཁྱོད་ཀྱིས་དགྱེས་རྡོར་གོའམ་གསུངས། གོ་ལགས་ཞུས་པས་འོ་ན་དེས་ཆོག་མོད་གསུངས་ནས་མི་སྣང་བར་སོང་ངོ་། །སྔ་ཕྱིར་མངའ་བདག་མཻ་ཏྲི་པ་ཡུན་རིང་དུ་བསྟེན་ཅིང་། །རྒྱུད་གདམས་ངག་མཐའ་ཡས་པ་གསན་ནའང་། ནཱ་རོའ་ལུགས་གཙོ་བོར་མཛད་པའང་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་གནད་ཀྱིས་ཡིན། འདི་སྐབས་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལོ་རྒྱུས་ལ་འདྲ་དཔེ་བླང་ནས་མར་པས་དབང་ཞུས། གདམས་ཀ་ནོར་བའི་ལོ་རྒྱུས་འཆད་པ་སོགས་ལ་སྙིང་པོ་ཅི་ཡོད། སྙན་གྱི་
༡༠༨ ཤོག་དྲིལ་བཞི་ནི། དགྱེས་རྡོར། གསང་འདུས། མ་ཧཱ་མཱ་ཡ། གདན་བཞི་རྣམས་ཀྱི་ཟབ་དོན་ཁྱད་པར་ཅན་རེ་རེ་ཡིན་ཅིང་། མཚུར་སྟོན་དབང་གི་རྡོ་རྗེས་རྗེ་མར་པ་ལ་འབུལ་ཆེན་བཞི་ཕུལ་བའི་སྐབས་སོ་སོར་གདམས་ངག་རེ་རེ་གནང་བ་ཡིན་ལ། འདི་ལ་ཡིག་རྙིང་མང་དུ་བཞུགས། ཤོག་དྲིལ་བཞིའི་མིང་ཅན་གསར་པ་ཟོད་མ་ཞིག་དེང་སང་ཀུན་ཁྱབ་ཏུ་འདུག་གོ །རས་ཆུང་སྙན་བརྒྱུད་ནི། བརྒྱུད་པ་བཅུ་གསུམ་དུ་ཆིག་བརྒྱུད་ཡིན་པར་གྲགས་ལ། ཞང་ལོ་གྲུབ་པ་དཔལ་ནས་རྒྱ་ཆེར་དར་བ་ཡིན་ནོ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུར་གྲགས་པ་ནི། སྔོན་གྲུབ་ཐོག་ཏིལླི་པས། ཨཽ་ཌཱི་ཡ་ན་ནས་ཚུར་བྱོན་དུས་ནུབ་རེ་བཞིན་མཁའ་འགྲོ་མ་རྣམས་ཀྱིས་མི་སྣང་བར་རྩ་ཚིག་རྣམས་ནམ་མཁའ་ནས་བསྒྲགས་པས། །ལུས་མེད་མཁའ་འགྲོའི་ཆོས་སུ་གྲགས་ཤིང་། མཁའ་འགྲོ་དེ་ངོ་བོ་ཕག་མོ་དོན་གྲུབ་མ་ཡིན་ཡང་གསུངས། དང་པོ་བཞི་མར་པ་དང་ཕྱི་མ་ལྔ་རས་ཆུང་པས་རྒྱ་གར་ནས་འབད་དེ་བཙལ་བ་ཡིན་ནོ། །འགྲོ་མགོན་ཞང་གི་ཆོས་སྐོར་ནི། ཐུན་མོང་བ་འབྲི་སྒོམ་དང་དྭགས་པོའ་ལུགས་ཐུན་མོང་མ་ཡིན་པ་་ལོ་དང་། བཻ་རོའ་ལུགས་རྣམས། བདེ་མཆོག་ཡིན་ངེས་་ལོ་ཙཱ་བ། ཕག་མོ་ཡིན་ངེས་མལ་ཡེར་པ་བ། སྒྲོལ་མ་ཡིན་ངེས་རྒྱ་གར་བཻ་རོ། སངས་རྒྱས་།།།་ཐུབ་པ་ཡིན་དེས་དྭགས་པོ་སྒོམ་ཚུལ་སྟེ། ཡིན་ངེས་རྣམ་བཞིའི་ཞལ་གདམས་ཀྱི་སྙིང་པོ་ཐབས་ལམ་བརྒྱ་རྩའི་སྐོར་དང་། གྲོལ་ལམ་གདམས་པ་ཤོག་ཅིག་མ་ལྟར་སྐལ་ལྡན་ཅིག་ཅར་དུ་ངོ་སྤྲོད་པ་ཡིན་ནོ། །་ལོའ་སྐོར་དྲུག་ནི། ་ལོས་ཙཱ་མི་ཆེན་པོ་ལ། ལས་དང་པོ་པ་ནས་སངས་མ་རྒྱས་ཀྱི་བར་དུ་དམིགས་པ་སྤོ་མི་དགོས་པའི་གདམས་ངག་ཞུས་པས། བསྐྱེད་རིམ་འཁོར་ལོ་བདེ་མཆོག་དང་། རྫོགས་རིམ་སྦྱོར་དྲུག་སྟན་
༡༠༩ ཐོག་གཅིག་མ་གནང་། ལོ་བདུན་སྒོམ་པས་དྲོད་ཆེན་པོ་ཐོབ། དུར་ཁྲོད་བསིལ་བ་ཚལ་དུ་ཟླ་བ་བཅུ་གཅིག་སྤྱོད་པ་མཛད། གཏུམ་མོ་ཞག་བདུན་མ་ཡང་དེ་དུས་མཁའ་འགྲོ་ས་གནང་བ་ཡིན། དེ་ནས་རྒྱ་བོད་ཐམས་ཅད་དུ་གྲུབ་ཐོབ་རྩོད་མེད་དུ་གྱུར། གྲུབ་རྟགས་མཐའ་ཡས་པ་མངའོ། །ཐེལ་ལུགས་ཀྱི་ཆོས་སྐོར་དུ་གྲགས་པ་ནི། རྗེ་སྤྱན་སྔ་གྲགས་པ་འབྱུང་གནས་ཞེས་པ་དེ་ཉིད་ནས་མགོ་བཟུང་སྟེ། གདན་ས་ཐེལ་པ་རྣམས་ཀྱི་བཀའ་སྲོལ་ལ་ཟེར་བ་ཡིན་ཏེ། སྔོན་འགྲོ་མགོན་ཕག་མོ་གྲུ་པས་མགོ་སྟོན་ཆོས་བློ་ལ་གནང་བའི་ཐབས་ལམ་ཚིགས་བཅད་མ་སོགས་སོར་བཞག་པའི་སྒོ་ནས་འཁྲིད་པ་རྣམས་ཡིན་ལ། ཕྱིས་སྤྱན་སྔ་བསོད་ནམས་རྒྱལ་མཚན་པའི་ཡི་གེ་ལྟར་བྱེད་དོ། །འབྲི་གུང་དགོངས་གཅིག་གི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་རྣམས་ནི། འཇིག་རྟེན་མགོན་པོས་གཡེ་ཆུང་ཕུ་ལུང་གི་དབང་མོ་ཕུག་དགོན་དུ་བཞུགས་པའི་སྐབས་ཆོས་བཅུ་དང་། གསུམ་ཆོས་ཐུགས་ལ་ཤར། རྟེན་འབྲེལ་གྱི་གནད་ཐམས་ཅད་མཁྱེན། །གྲུབ་མཐའ་འདི་རྣམས་ཐུགས་ལ་སྐྱེས། ཕྱིས་མདོ་སྡེ་རབ་འབྱམས་གཟིགས་དུས་ཀྱང་། བཀའི་དགོངས་དོན་དེ་ཁོ་ན་བཞིན་དུ་འདུག་སྐད། །འདི་རྣམས་ཕལ་ཆེ་བ་དོན་ཤིན་ཏུ་བཟང་ཡང་ཚིག་གཞན་དང་མི་མཐུན་པས་ཕལ་ཆེར་གྱིས་འགོག་ཅིང་། རྗེས་འཇུག་ཚོ་ཡང་སངས་རྒྱས་མྱ་ངན་ལས་འདས་ནས་སུས་ཀྱང་མ་བསྐོར་བའི་ཆོས་འཁོར་ཞིག་འདིར་བསྐོར་ཟེར། གཞན་ཀུན་དང་མི་མཐུན་པའི་གནོང་བསྐུར་འདུག་སྟེ། གནད་མ་དགོངས་པ་འདྲའོ། །སྟག་ལུང་ཆོས་དྲུག་ནི། ནཱ་རོ་ཆོས་དྲུག་གཞན་ལས་ཟབ་ཁྱད་དུ་བྱེད་པའི་གནད་འགའ་རེ་ཡོད་ཅིང་། འགྲོ་མགོན་ཕག་གྲུའི་དགོངས་
༡༡༠ པ་ལས་གཞན་དུ་ཡེ་མ་འཁྱོགས་པ་ཞིག་གོ །དཔལ་ལྡན་འབྲུག་པར་གྲགས་པ་འགྲོ་མགོན་གཙང་པ་རྒྱ་རས་ལ་བཞུགས་པའི་གདམས་ངག་རྣམས་སྡོང་པོ་གསུམ་སྒྲིལ་དུ་འདུ་བར་གྲགས་ཏེ་སྡོང་པོ་གསུམ་ནི། ལྟ་བ་སྒམ་པོ་ལུགས། གདམས་ངག་རས་ཆུང་ལུགས། རྟེན་འབྲེལ་ཁོ་བོ་ལུགས། ཅེས་པ་རྣམས་སོ། །དེའི་དང་པོ་ནི། ཕྱག་ཆེན་རྗེ་སྒམ་པོ་ནས་ཕག་གྲུ་ལའང་བརྒྱུད་པ་སྟེ་ལྷན་ཅིག་སྐྱེས་སྦྱོར་ཉིད་ཡིན། གཉིས་པ་ནི། ལུགས་འདིའི་དབང་དང་གདམས་ངག་ཤས་ཆེ་བ་ཉིད་དེ། ལོ་གཙང་སུམ་པ་ནས་བརྒྱུད་པ་ཡིན་ལ། དེ་གཉིས་གཙོ་བོར་གླིང་རས་ལས་བརྒྱུད། གསུམ་པ་ནི། རྒྱ་རས་ཉིད་ཀྱིས་སངས་རྒྱས་རབས་བདུན་ཞལ་གཟིགས་པ་ལ་གསན་པའོ། །དེ་དག་ལས་ལག་ལེན་ཉེར་མཁོ་བླ་སྒྲུབ་ལ་བྱིན་རླབས་ཀྱི་བརྒྱུད་པའི་དབང་དུ་བྱས་ནས་ཆོས་དྲུག་དང་མཐུན་ལ། གདམས་ངག་ངོ་བོ་ནི། བི་བྷཱུ་ཏི་ཙནྡྲའི་གཞུང་གི་རྗེས་སུ་འབྲངས་སོ། རོ་སྙོམས་སྐོར་དྲུག་ལ་ཆ་ཚང་བའི་ས་བོན་ཙམ་ནི། ལུས་མེད་མཁའ་འགྲོའི་ཆོས་སྐོར་གྱི་ནང་ན་བཞུགས་པ་དེར་སྣང་ལ། ད་ལྟའི་རོ་སྙོམ་ཆེན་པོ་འདི་ནི། རྗེ་རས་ཆུང་པས་མཁར་ཆུར་གཏེར་དུ་སྦས་པ། རྒྱ་རས་ཀྱིས་ཕྱུང་བར་གྲགས་པའི་གཏེར་མ་དང་། བཀའ་མ་སྙན་བརྒྱུད་ཀྱི་ཚུལ་དུ་བཞུགས་པ་གཉིས་འདུས་ཡིན་པར་བྱེད་དོ། །གདམས་ངག་དེ་དང་འཁྲིད་ཆེན་བརྒྱད་ཀྱིས་ཁྲིད་པ་ལ་རྒྱ་རས་ཀྱི་སློབ་བརྒྱུད་ཐམས་ཅད་མཐུན་ཀྱང་། འདིར་བརྒྱུད་པ་སེང་གེ་དགུ་ཚར་སོགས་བར་འབྲུག་ཉིད་འདེད་དོ། །སྨད་འབྲུག་ཏུ་གྲགས་པ་ནི། རྗེ་ལོ་རས་ཀྱིས་བྱང་དབུ་རི་སོགས་སྨད་ཕྱོགས་སུ་དགོན་གནས་བཏབ། འགྲོ་དོན་ཆེ་བ་བྱུང་བར་ཡིན་ཏེ། ཁྱད་ཆོས་ཐུབ་པ་ལྔ་ལྡན་གྱི་འཁྲིད་མཛད་དོ། །སྟོད་འབྲུག་ནི། རྒྱལ་བ་རྒོད་ཚང་བ་རྗེས་འབྲང་དང་བཅས་པ་ཡིན་ལ།
༡༡༡ དེའི་སྲོལ་འཛིན་གྱི་གཙོ་ཆེ་ཤོས་རང་རྒྱལ་བ་ཡང་དགོན་པ་ཡིན་ཅིང་། ཁོང་གིས་བོད་ཡུལ་གྱི་གསང་སྔགས་གསར་རྙིང་གི་གདམས་པ་ཟབ་དགུ་ལས། སྒྲུབ་པ་པོ་ལ་ཉེ་བར་མཁོ་ཆེད་བསྡུས་པ་ཡོན་ཏན་ཀུན་འབྱུང་། བར་དོ་འཕྲང་སྒྲོལ། རྡོ་རྗེ་ལུས་ཀྱི་སྦས་བཤད་སོགས་རི་ཆོས་སྐོར་གསུམ་ཡན་ལག་དང་བཅས་པ་མཛད་དོ། །མགོན་པོ་ཕྱག་བཞི་པའི་སྐུ་རགས་མའི་ཁྲིད་སྲོག་ཐིག་ཏུ་གྲགས་པ་ནི། སྤྱིར་རྒྱ་བལ་ཀུན་ན་མགོན་པོའ་རིགས་ལ་ཕྱག་བཞི་པ་གྲགས་ཆེ་བས། བོད་ཀྱི་ལོ་ཙཱ་བ་ཐ་དད་ལས་བརྒྱུད་པ་མང་ཡང་། དཔལ་ཆེན་་ལོ་མགོན་པོ་བྲན་བཞིན་དུ་འཁོལ་བ་ཡིན་པས་ལུགས་འདི་ལ་འགྲན་ཟླ་མེད་པ་ཡིན་ལ། དེ་ལའང་ཙ་མི་དང་། ཨ་བྷཱ་ཡ་ལ་གསན་པའི་སྐོར་དང་། བསིལ་བ་ཚལ་ནས་གཏེར་ནས་ཕྱུང་བ་དང་། མགོན་པོ་ལས་མཁན་དང་བཅས་པས་དངོས་སུ་བཤད་པ་སྟེ་གསུམ་དང་། ཁོང་ཉིད་ཀྱི་ཐུགས་ལས་འཁྲུངས་པའི་མན་ངག་ཀྱང་དཔག་ཏུ་མེད་པ་ཡོང་། འདིར་མཆོག་སྒྲུབ་ཀྱི་སྐོར་འདི་རྣམས་་ལོའ་བུ་ཆེན་ཁམས་པ་ཨ་སེང་ལ་ཕག་གྲུས་གསན། བེ་བུམ་སྐུ་རགས་ལ་གདམས་པ་སོགས་རྩིས་པོ་ཆེར་མཛད་པས། སྐུ་རགས་མར་གྲགས་པ་ཡིན་ཅིང་། འདི་ལའང་འཁོར་ལོ་བཞི་མ་དང་། ལྔ་མ་མི་ཟབ་པའི་ལུགས་དང་། གཉིས་མ་དང་། གཅིག་མ་ཟབ་གནད་མཐར་ཐུག་ཏུ་མཛད་ཀྱང་། འདིར་ཐམས་ཅད་གཅིག་དྲིལ་དུ་དྲིལ་བ་ཡིན། སྔོན་དུས་འདིའི་ལས་ཚོགས་དར་ཡང་མཆོག་སྒྲུབ་འདི་དཀོན་པས། བྱ་རོག་མ་ནི་ཤིན་ཏུ་དཀོན། །བྱ་འདྲ་ཞིག་གིས་གཞི་ཁྱབ། ཅེས་སོ། །གུར་གྱི་ནང་ཁྲིད་ནི། འདི་ཕྱོགས་སུ་བསྟན་པའི་ཡིག་རྙིང་ཡིག་འཕྲེང་གསུམ་ཙམ་བྱས་པ་ཞིག་མ་གཏོགས། དཔལ་ལྡན་བླ་མ་
༡༡༢ དམ་པ་བསོད་ནམས་རྒྱལ་མཚན་ཡན་ཆད་དུ་བྱོན་པའི་རིགས་མེད། ཞལ་སློབ་ལས་ཚོགས་ཀྱི་མན་ངག་ལ་ཤིན་ཏུ་མཁས་པར་གྲགས་པ་ཡར་ལུང་པ་སེང་གེ་རྒྱལ་མཚན་གྱི་ཁྲིད་ཡིག་འདི་སྙན་བརྒྱུད་ཡི་གེར་འཁོད་པའི་ཐོག་མ་ཡིན་པར་འདོད་དོ། །དོ་ཧ་སྐོར་གསུམ་ལས་དམངས་དོར་གྲགས་པ་དོ་ཧ་མཛོད་ཀྱི་གླུ་དང་། དོ་ཧའི་ཆིངས་ཀྱི་གླུ་ཞེས་བྱ་བ་ལ་སོགས་པ་འཕགས་ཡུལ་དུ་སྔོན་དུས་ནས་ཡོད་པ་ཧ་ཅང་དར་རྒྱས་མི་ཆེ་བས། རིན་ཆེན་རི་བོ་དང་། ལྷའི་རི་བོ་ཞེས་པའི་གཙུག་ལག་ཁང་གཉིས་ན་དཔེ་ཙམ་བཞུགས་པ་ལས། གདམས་ངག་གི་རྒྱུན་ཆད་པ་ལྟར་གྱུར་པ་མངའ་བདག་མཻ་ཏྲི་པས་ཤ་བ་རི་པ་ལས་གསན་ནས་ཆེས་དར་བར་མཛད། སྐུ་འདའ་ཁར་ཐུགས་སྲས་བཞིའི་ནང་གི་རྒྱ་གར་ཕྱག་ན་ལ་བྱང་ཕྱོགས་སུ་འགྲོ་དོན་གྱིས་ཤིག་པར་ལུང་བསྟན་པ་ལྟར། བལ་བོད་ཐམས་ཅད་དུ་འགྲོ་དོན་ཆེར་བྱུང་། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག །ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉེར་གཉིས། བཀའ་ཡིས་བསྐུལ་པའི་ཆོས་བཞི་རྣམས་ཀྱི་བཤད་སྒྲུབ་ཤིན་ཏུ་དར་བར་མཛད། དོ་ཧ་མཛོད་སྔ་གོང་ཇོ་བོ་རྗེས་ལྡོག་གི་ཚད་སྣར་བཤད་པའི་དབུ་གཙུགས་ཤིང་། ནག་ཚོ་ལོ་ཙཱ་བས་ཅུང་ཟད་བསྒྱུར་བ་ན། རྒྱལ་བའི་འབྱུང་གནས་ཀྱི་ཞལ་ནས། མར་མེ་ཅི་དགོས་ལྷ་བཤོས་ཅི་དགོས། ཞེས་སོགས་རྣམས་བོད་ལ་མི་ཕན་པ་གཅིག་ཡོང་བ་འདྲ་ཞེས་གསུངས། ཕྱིས་འཆིམ་ཕུར་འཕྲོ་ནས་བསྒྱུར་བས། དུག་གི་སྔགས་ཅན་དུག་གིས་མི་ཚུགས་བཞིན། ཞེས་པའི་སྐབས་སུ་འདི་བོད་ལ་གནོད་པ་ལས་མི་འོང་ཞེས་ཕྱིན་ཆད་མི་བསྒྱུར་བར་གསོལ་ནས། བསྒྱུར་ཟིན་པ་ཡན་ཆད་ཀྱི་དཔེ་མཆོད་རྟེན་ཞིག་ཏུ་བཞུགས་སུ་གསོལ་སྐད། །
༡༡༣ མངའ་རིས་སུ་ལོ་ཙཱ་བ་གཞན་ལ་བརྟེན་ནས་ཚར་གཅིག་བསྒྱུར་ཟིན་ན་ཡང་གྲགས། དབུས་གཙང་དུ་མ་དར། ཕྱིས་རྟིང་བརྒྱུད་པ་གཞན་ལས་བྱུང་བ་ཡང་ཡོད་མོད་ཀྱི། གཙོ་བོ་རྒྱ་གར་ཕྱག་ནས། ཇོ་གདན་མངའ་རིས་པ་ཞེས་བྱ་བ་ལ། ཁྱོད་དབུ་མ་དང་སེམས་ཕྱོགས་ལ་མཁས་པས། སྙིང་པོའ་སྐོར་གྱི་བདག་པོ་གྱིས་ཞེས་ལུང་བསྟན་པ་ལྟར། དེ་ལས་འཕེལ་ཞིང་། དོ་ཧ་གཞན་གཉིས་རྒྱ་བལ་ན་ནི་གྲགས་ཆུང་ལ། བོད་དུ་ཤིན་ཏུ་དར་བ། དེ་ཡང་བལ་པོ་ཨ་སུ་ཁོ་ན་ལས་བརྒྱུད་པ་འདོད་དགོས་སོ། །གྲུབ་ཐོབ་ཆོས་དྲུག་ཏུ་གྲགས་པ་ནི། སངས་རྒྱས་པའི་སློབ་དཔོན་དུ་གྱུར་པ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིས་བསིལ་བ་ཚལ་གྱི་གནོད་སྦྱིན་མོ་སྡུག་བསྔལ་གྱིས་ཉམ་ཐག་པའི་དོན་དུ་རིན་ཆེན་ཕྲེང་བ་ཞེས་བྱ་བ། མཁའ་འགྲོ་མ་ཀོ་ཀི་ལི་ལ་དང་། བི་ཤ་ཞེས་བྱ་བ་གཉིས་ལ་གསུངས་ཤིང་། དེ་གཉིས་ཀྱིས་གནོད་སྦྱིན་མོ་ལ་བསྟན། དེས་ཀྱང་འདི་སྒོམས་པས་བདེན་པ་མཐོང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེན་མོར་གྱུར་ཏོ། །སྤྱིར་གྲུབ་ཐོབ་བརྒྱད་བཅུ་རྩ་བཞིར་གྲགས་པ་རལ་གྲི་ཁྱུ་མཆོག་རོ་ཙ་ན། ཞེས་པ་ནས། རྨ་བྱ་གཏེར་གྱི་བུམ་པའོ། །ཞེས་པའི་བར་དུ། གྲུབ་པ་བརྒྱད་བཅུ་རྩ་བཞིར་གྲགས་པའི་དངོས་གྲུབ་རེ་རེ་གྲུབ་ཅིང་། གང་གྲུབ་པའི་དངོས་གྲུབ་དེ་ཉིད་ཀྱི་བདག་པོར་གྱུར་ནས། གཞན་ལས་མྱུར་བའི་མཐུ་སྟོབས་ཅན་བརྒྱད་བཅུ་རྩ་བཞི་ཡོད་པ་གདོད་མ་ནས་གྲུབ་པའི་གྲུབ་ཐོབ་ཡིན་ལ། འདིར་བསྟན་གྲུབ་ཐོབ་བརྒྱད་བཅུ་རྩ་བཞི་ནི། སྔགས་ཀྱི་སློབ་དཔོན་ཆེན་པོ་སྔ་ཕྱིར་བྱོན་པ་ཤ་སྟག་ཡིན་ཅིང་། ཕྱིས་ནུབ་ཕྱོགས་སཽ་རཥྚའི་ཡུལ་གྱི་ཆ་ཤས་ཀནྟ་མ་ར་ཞེས་པར་རྒྱལ་པོ་ཀུ་ནཱི་ཀ་ཞེས་བྱ་བ་ཞིག་གི་དུས། མཁའ་འགྲོ་མ་གཉིས་ཀྱིས་ཕོ་ཉ་བྱས་ཏེ་གྲུབ་ཐོབ་བརྒྱད་བཅུ་རྩ་བཞི་
༡༡༤ དངོས་སུ་སྤྱན་དྲངས། ཚོགས་ཀྱི་འཁོར་ལོ་བསྐོར། རྡོ་རྗེའི་གླུར་བླངས། རྒྱལ་པོས་ཀྱང་སྐུ་བརྙན་རེ་བཞངས། སྐུ་དྲུང་དུ་ད་དུས་བླངས་པའི་དོ་ཧ་རྣམས་བྲིས། ཕྱིས་རྒྱལ་རབས་ལྔའི་བར་དུ་ཡང་ལན་རེ་བྱོན་ཡང་ཟེར། དེ་སྐབས་པཎྜི་ཏ་དཔའ་བོ་འོད་གསལ་གྱིས་གྲུབ་ཐོབ་རྣམས་མཇལ་བར་བཞེད་པ་ལ། ཞབས་རྗེས་མ་ཟིན། མཁའ་འགྲོ་མ་གཉིས་ཀྱིས་གདམས་ངག་ཐམས་ཅད་བསྟན་པས་གྲུབ་པ་བརྙེས། དོ་ཧ་ཐུང་དུ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་གླེགས་བམ་མཛད་དོ། །དོ་ཧ་དང་རིན་ཆེན་ཕྲེང་བ་རྩ་བ་གཉིས་མི་ཉག་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་ཀྱིས་བསྒྱུར་བ་རྒྱ་གཞུང་རྩོད་མེད་མཁས་པ་ཀུན་གྱི་ཡིད་ཆེས་ཅན་ཡིན་ཅིང་། ལོ་རྒྱུས་དང་འགྲེལ་པ་རྣམས་པཎྜི་ཏ་འཇིགས་མེད་དཔལ་གྱི་གསུངས་ལ་ལོ་ཙཱ་བས་ཟིན་བྲིས་བྱས་པ་ཡིན་པར་གྲགས་སོ། །པདྨ་ལམ་རིམ་ནི། སློབ་དཔོན་པདྨའི་དགོངས་པ་རྫོགས་པ་ཆེན་པོའ་མན་ངག་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནས་བརྒྱུད། ཟུར་།།།་འབྱུང་ལ་བཀའ་བབས་པའི་ཁུང་མ་རང་དུ་སྣང་ལ། གུ་རུའི་གཏེར་ཆོས་རྣམས་ཕར་བཞག །བཀའ་མར་གྲགས་པའི་སྔ་འགྱུར་རང་རྐང་ལ་རྫོགས་ཆེན་གྱི་ཆོས་སྐོར་ཕལ་ཆེ་བ་བི་མ་ལ་དང་། བཻ་རོ་ཙ་ན་ནས་བརྒྱུད་པ་ཤས་ཆེ་ཞིང་། སངས་རྒྱས་གསང་བ་དང་གནུབས་ཆེན་གྱིས་བྲུ་ཤ་ནས་བླངས་པ་དང་། རྒྱ་ནག་གི་ཧྭ་ཤང་བདུན་བརྒྱུད་དང་། རྒྱ་གར་གྱི་སློབ་དཔོན་བདུན་བརྒྱུད་སོགས་མང་གིས། སློབ་དཔོན་པདྨ་ནས་བརྒྱུད་པའི་རྫོགས་ཆེན་ནི་འདི་ཁོ་ནར་མངོན་ནོ། །རྒྱལ་པོ་བཀའ་འབུམ་གྱི་ལྷའི་སྒྲུབ་ཐབས་དང་། ཞལ་གདམས་ཀྱི་རྩ་བ་རྣམས་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་ངེས་པར་སྣང་བས། འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དངོས་དང་། བོད་རང་གི་ཕ་ཆོས་རྙིང་མ་རང་དུ་འདུག །
༡༡༥ འདི་རྣམས་སློབ་དཔོན་པདྨས་གཏེར་དུ་སྦས་པ་ཡིན་པར་གྲགས་ཤིང་ལོ་རྒྱུས་དང་ཆ་ལག་ཤས་ཆེ་བ་ཞིག་ནི་གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་དང་། ཉང་རལ་ལ་སོགས་པས་མཛད་པ་ཡིན་ནོ། །ནོར་བུ་མཐོང་གྲོལ་ནི། ཕྱག་རྫོགས་གཉིས་ཀའི་དོན་ཚང་བ་ཡིན་ལ། བྲམ་པ་ཀུན་དགའ་བཟང་པོས་གཏེར་ནས་ཕྱུང་བ། ས་ར་ཧ། ཤ་བ་རི། མི་ཏྲ་ཛོ་ཀི་།སློབ་དཔོན་པདྨ། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞི་སྟེ། གྲུབ་ཆེན་ཡ་བརྒྱད་ཀྱི་དགོངས་པ་འདུས་པ་ཡིན་ནོ་ཟེར། སེམས་ཁྲིད་ཡིད་བཞིན་ནོར་བུ་ནི། རྗེ་དྭགས་པོས་སྐྱེས་བུ་ཡེ་ཤེས་རྡོ་རྗེ་ལ་ཆིག་བརྒྱུད་དུ་གནང་། ཁོང་གིས་ཙཱ་རིའི་གནས་སྒོ་ཕྱེ། གདམས་པ་རྣམས་གཏེར་དུ་སྦས། ཕྱིས་དེ་ཉིད་ཀྱིས་སྐྱེ་བ་དུང་མཚོ་རས་པས་གཏེར་ནས་ཕྱུང་སྟེ་དར་བར་མཛད་པ་ཡིན་ནོ། །འདིར་སྨྲས་པ། །དེ་ལྟར་རྒྱལ་བ་དགྱེས་པའི་ལམ་གྱི་མཆོག །མདོ་རྒྱུད་ཟབ་མོའ་དགོངས་པ་ཁོལ་ཕྱུང་དང་། གྲུབ་ཐོབ་ཉམས་སྐྱུགས་གདམས་པ་ཆེར་ཟབ་པ། །བཞག་པར་འོས་མིན་བརྒྱ་རྩ་བརྒྱད་པོ་ཡི། །བྱུང་ཁུངས་ལོ་རྒྱུས་ཤིན་ཏུ་ངོ་མཚར་བ། །ཕྱོགས་ཞེན་ཙམ་གྱིས་བསྒྲགས་པའི་རྫུན་གཏམ་དང་། །འཇིག་རྟེན་ཁ་སྐད་རྗེས་སུ་མ་འབྲངས་པར། །ཡིད་ཆེས་ཁུངས་དང་ལྡན་པ་འདིར་བཀོད་དོ། །ཁྲིད་བརྒྱའི་ངེས་གནས་གསལ་མཛད་གང་དེ་ཡིས། །བརྒྱུད་པའི་ཁུངས་ཀྱི་ལོ་རྒྱུས་འཕྲོར་མཛད་པ། །བདག་ཅག་རྣམས་ཀྱིས་ལེགས་བྱས་སྤེལ་བའི་ཕྱིར། །དོན་ལྡན་དགོངས་པ་ཅན་གྱི་མཛད་པ་ངེས། །སྔོན་བྱོན་མཆོག་དེའི་དགོངས་པ་བསྐང་བ་དང་། སྐལ་མཉམ་གཞན་ལའང་ཕན་པར་འགྱུར་བའི་ཕྱིར། །ཅུང་ཟད་ཡི་གེར་འགོད་པའི་ངལ་བ་ཡང་། །དོན་ཅན་ཡིན་སྙམ་འདི་ལ་སྤྲོ་བ་སྐྱེས། །ཁྱད་པར་བླ་མ་མཆོག་གི་ངེས་གསང་
༡༡༦ བཀའ། །གཅིག་ཏུ་བཅིབས་ནས་གང་ལ་སྩལ་བ་འདི། །མ་ལུས་རྒྱལ་བ་སྲས་དང་བཅས་རྣམས་ཀྱི། །ཕྲིན་ལས་ཡིན་པར་ནམ་ཡང་གདོན་མི་ཟ། །དེ་ལྟར་འཁྲིད་བརྒྱའི་བརྒྱུད་པ་ལོ་རྒྱུས་ཀྱི་ཁ་སྐོང་འདི་ནི་རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་པའི་བདག་ཉིད་རྩ་བའི་བླ་རྗེ་བཙུན་རྡོ་རྗེ་འཆང་ལྷ་དབང་གྲགས་པའི་ཞབས་དྲུང་དུ་བཀའི་གནང་བ་ནོད་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་བཅུ་རྩ་གསུམ་པ་དང་པོར་ཆོས་པ་ལ་བྲག་སྟོད་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའོ། །ཤུ་བྷ་མསྟུ་སརྦ་ཛཱ་ག་ཏཱཾ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་བ་རིན་པོ་ཆེའི་གཏེར་མཛོད་

༨༡

༄༅། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་བ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།

༨༢

༄༅། །ན་མོ་གུ་ར་ཝེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་བ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བླ་མ་དང་ལྷག་པའི་ལྷ་མཆོག་འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །ལོངས་སྐུ་བདེ་ཆེན་རིགས་ལྔ་མཁའ་འགྲོའི་ཚོགས། སྤྲུལ་སྐུ་བརྩེ་ཆེན་རྗེ་བཙུན་སྒྲོལ་མ་ཡིས། སྐུ་གསུང་ཐུགས་སྤྲུལ་ལབ་ཀྱི་སྒྲོན་མར་འདུད། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའ་དོན། མཐར་ཐུག་ཤེས་རབ་ཕ་རོལ་ཕྱིན་པ་ཡི། མན་ངག་མཆོག་རབ་བདུད་བཞི་གཅོད་པའི་ཐབས། རྨད་བྱུང་ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ། ཤེས་རབ་སྐྲ་རྩེ་འདི་ལ་གསུམ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ལ་གསུམ་ལས། ཐོག་མར་ཕྱག་འཚལ་བ་ནི། ཀུན་གྱི་ཡུམ་ལ་ཕྱག་འཚལ་ལོ། ཞེས་ཏེ། འཕགས་པ་ཉན་རང་དང་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། དེ་

༨༣

དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྐྱེད་པའི་ཕྱིར་ཡུམ་མོ། །དེ་ལྟར་ཡང་ཡུམ་ལས། གང་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །གང་རང་སངས་རྒྱས་ཀྱིས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །གང་བྱང་ཆུབ་སེམས་དཔའི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །ཞེས་དང་། མགོན་པོ་བྱམས་པས། ཉན་ཐོས་ཞི་བ་ཆོལཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། འགྲོ་ལ་ཕན་པར་མཛད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་

༨༤

ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་མངོན་རྟོགས་རྒྱན་ལས་གསུངས་སོ། །གཉིས་པ་བཤད་པར་དམ་བཅའ་བ་ནི། དམན་པའི་ལུས་བླངས་བདག་འདྲ་ཡིས། །རྒྱལ་བའི་ཡུམ་གྱི་དོན་རྟོགས་པས། །རང་རིག་དམིགས་པའི་ཡུམ་འདས་ཀྱང་། །དོན་མཆོག་སྒྲོན་མེ་འདི་བཤད་ཟུངས། ཞེས་ཏེ། དམན་པའི་ལུས་གསུངས་པ་ནི། འཇིག་རྟེན་ཕལ་པ་དང་བསྟུན་ནས། ཁེངས་བསྐྱུང་བ་ཡིན་གྱི་མ་ཉིད་སྤྲུལ་པའི་སྐུ་ཡིན་པས། དམན་པ་མ་ཡིན་ཏེ། རྡོ་རྗེ་གུར་ལས། བུད་མེད་སྒྱུ་མའི་གཟུགས་ཀྱིས་ནི། །འདོད་ཆགས་ཅན་ལ་ཆོས་གསུང་ངོ་། །བུད་མེད་སྒྱུ་མ་སངས་རྒྱས་ཉིད། །སྒྱུ་མ་ཐམས་ཅད་སེལ་བར་བྱེད། ཅེས་དང་། བདེ་མཆོག་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། ཞེས་གསུངས་སོ། །དེ་བས་ན་འདིར་ཡང་རྒྱལ་ཡུམ་རྟོགས་པར་ཞལ་གྱིས་བཞེས་ནས། དེ་ཉིད་གཞན་ལ་སྟོན་པ་ནི་སངས་རྒྱས་ཀྱི་མཛད་པ་ཡིན་ཏེ། མདོ་ལས་ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། །འགྲོ་བའི་གནོད་པ་ཕྱག་གིས་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མི་ནུས། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། ཅེས་སོ། །གསུམ་པ་ཉམས་སུ་བླང་བར་གདམས་པ་ནི། བློ་ལྡན་གང་ཞིག་སུ་ཡང་རུང་། །འཁོར་བའི་ཆོས་ལ་ཡིད་དབྱུང་ཞིང་། །ངེས་པར་ཐར་པ་ཐོབ་འདོད་པས། །སྤང་བླང་ཐབས་ཀྱིས་འདི་ལྟར་སྤྱད། ཞེས་ཏེ། བློ་ལྡན་ནི་ཐེག་པ་ཆེན་པོའ་རིགས་ཅན་ངེས་འབྱུང་གི་བསམ་པས་ཐར་པ་དང་། ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་འདི་ལ་སློབ་ཅིག་པའོ། །གཉིས་པ་གཞུང་གི་དོན་ལ་གཉིས་ལས། མདོར་བསྟན་པ་ནི། བྱ་བ་ཐམས་ཅད་བློས་བཏང་ནས། །རྒྱུན་དུ་གཉན་ས་རི་ཁྲོད་འགྲིམས། །སྙེམས་མེད་གདེང་གི་བཙན་ས་བཟུང་། རང་གི་

༨༥

འདུག་ཚུལ་བྱར་བྱ། །དེ་ཉིད་དོན་ལ་རང་ངོ་སྤྲད། །རང་ལ་རང་གིས་ཞེ་བསྐུལ་གདབ། ཞེས་ཏེ། ཚེ་འདིའི་བྱ་བ་བློས་བཏང་ནས། བླ་མ་དམ་པར་ངོ་སྤྲོད་དང་གདམས་པ་ཞུས་ལ་རི་ཁྲོད་དུ་སྒོམས་ཤིག་དང་། །རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་དོན་གྱི་བྱ་བ་ཞལ་ཏའི་ཚུལ་དུ་གསུངས་པ་ལའང་ལྔ་ལས། དང་པོ་མདོར་བསྟན་པ་ནི། །ཕ་རོལ་ཕྱིན་བཅུ་ལ་སོགས་ཀུན། །སྒོ་གསུམ་དོན་དང་མཐུན་པར་སྤྱད། ཅེས་ཏེ། ཐོག་མར་ལོངས་སྤྱོད་དང་ཁྱིམ་ལ་ཆགས་པས་འཁོར་བ་ལས་མི་འཕགས་པས་དེའི་གཉེན་པོར། སྦྱིན་པ་དང་། ཚུལ་ཁྲིམས་སོ། །འཕགས་ནས་ལྡོག་པའི་རྒྱུ་སེམས་ཅན་ལོག་པར་སྒྲུབ་པས་སུན་པ་དང་། ཡུན་རིང་པོར་དགེ་བ་ལ་སྦྱོར་བས་སྐྱོབ་སྟེ། དེ་ཡི་གཉེན་པོར་བཟོད་པ་དང་། བརྩོན་འགྲུས་སོ། །མི་ལྡོག་པ་དེ་ཆུད་ཟ་བའི་རྒྱུ་ནི་རྣམ་པར་གཡེང་བ་དང་། འཆལ་པའི་ཤེས་རབ་སྟེ། དེའི་གཉེན་པོར་བསམ་གཏན་དང་། ཤེས་རབ་པོབོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་ཀྱི་ཡེ་ཤེས་བཞི་ནི། དགེ་བའི་རྩ་བ་རྣམས་ཐམས་ཅད་དང་ཐུན་མོངསམོང་སུདུ་བྱས་ཏེ་བྱང་ཆུབ་ཆེན་པོར་བསྔོ་བ་ནི་ཐབས་སོ། །སྨོན་ལམ་སྣ་ཚོགས་འདེབས་ཤིང་འགྲུབ་པར་བྱེད་པ་ནི་སྨོན་ལམ་མོ། །སོ་སོར་རྟོག་པ་དང་སྒོམ་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་མི་གཅོད་པ་ནི་སྟོབས་སོ། །དྲུག་པོ་འདི་ཉིད་ཀྱི་ཡེ་ཤེས་ལ་ལོངས་སྤྱོད་པ་དང་། སེམས་ཅན་སྨིན་པར་བྱེད་པ་ནི་ཡེ་ཤེས་སོ། །གཉིས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་དོན་ལ་བསླབ་པ་ནི། །ཕྱོགས་རིས་མེད་པའི་བསོད་ནམས་སོགས། །རློམས་སེམས་མེད་པར་ལྷུག་པར་ཞོག །ཅེས་པ་ནི་སྦྱིན་ཡུལ་ཕྱོགས་རིས་མེད་པ་དང་། འབྲས་བུ་ལ་རློམས་སེམས་མེད་པར་སྦྱིན་པ་ཐོངས་ཤིག་པའོ། །མ་ཡེངས་རྒྱུན་དུ་ཉམས་

༨༦

ལེན་མཛོད། །ཚིགས་དོན་གཉིས་ཀྱི་ཞུ་གཏུགས་གྱིས། ཚུལ་ཁྲིམས་ལ་ཡེངས་པ་མེད་པའི་གུས་སྦྱོར་དང་རྒྱུན་དུ་ཉམས་སུ་ལེན་པའི་རྟག་སྦྱོར་གྱི་ཚུལ་ཁྲིམས་ཚིག་ལ་མ་ལུས་པར་སྲུངས་ཤིག་པའོ། །ཉོན་མོངས་ཁོང་ཁྲོ་དགྲ་སྡང་བཞིན། །ཡན་པར་མ་གཏོང་མགོ་བོ་ནོན། ཉོན་མོངས་ཁོང་ཁྲོ་སྐྱེས་པའི་ཚེ་བཟོད་པའི་གཉེན་པོས་སླེབས་པར་གྱིས་ཤིག་པའོ། །རིག་པ་སེམས་ཀྱི་བརྩོན་འགྲུས་ཀྱིས། །བེམ་པོའ་ལུས་ལ་ཞི་བསྐུལ་ཐོབ། ལུས་ཀྱི་བདེ་སྐྱིད་ལ་མ་ཆགས་པར་བརྩོན་འགྲུས་རྩོམས་ཤིག་པའོ། །སྣང་ཕྱིར་འབྲང་ན་བདུད་ཀྱིས་ཁྱེར། །དམན་ས་བཟུང་ལ་སེམས་ཉིད་སྦྱོངས། རྣམ་གཡེང་གི་ཡུལ་སྤོངས་ལ་དབེན་པར་བསམ་གཏན་སྒོམས་ཤིག་པའོ། །འདུས་བྱས་དགེ་རྩ་དཀོར་ནོར་བཞིན། །དམིགས་པ་མེད་པའི་གཏེར་དུ་སྤོས། ཟག་བཅས་ཀྱི་དགེ་བ་རྣམས་ཟག་མེད་ཤེས་རབ་ཀྱི་རྒྱས་ཐེབ་པར་གྱིས་ཤིག་པའོ། །ཕྱི་ཤུལ་ངོ་ཆེན་བར་ཆད་འབྱུང་། །གང་ཡང་དྲན་པའི་ཚེ་ན་མཛོད། །ཐུག་ཕྲད་ཀྱི་སྣང་བ་ཐམས་ཅད་ཐབས་མཁས་པས་བྱང་ཆུབ་ཀྱི་ལམ་ལ་སྒྱུར་ཅིག་པའོ། །རང་གི་ཡོན་ཏན་བདག་གཞན་དོན། །འཛངས་མའི་ནོར་བཞིན་ལོངས་སྤྱོད་གྱིས། སྨོན་ལམ་སྣ་ཚོགས་ཀྱིས་རང་གཞན་གྱི་དོན་སྒྲུབས་ཤིག་པའོ། །བློ་སྣ་མང་ན་ལ་མི་ཟློས། །དོན་ལ་དགོངས་ཤིག་བློ་ཐག་ཆོད། བྱ་བ་ཐམས་ཅད་གཅིག་ཏུ་དྲིལ་ནས་དགེ་བའི་སྟོབས་སྐྱེད་ཅིག་པའོ། །རྟོགས་པ་ཡེ་ཤེས་དགོངས་པའི་ཉམས། །རང་སྣང་བཞིན་དུ་གོམས་འདྲིས་མཛོད། རྟོགས་པའི་ཡེ་ཤེས་ཀྱིས་རང་གཞན་སྨིན་པར་གྱིས་ཤིག་པའོ། །གསུམ་པ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་དོན་ལ་བསླབ་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང་། དྲན་དང་ཏིང་འཛིན་ངག་དང་

༨༧

ལས་མཐའ་དང་། །ཡང་དག་རྟོགས་ཉིད་ལམ་གྱི་ཡན་ལག་བརྒྱད། །འདི་ནི་ཞི་བར་བགྱི་སླད་བསྒོམ་པར་བགྱི། ཞེས་གསུངས་པ་ལྟར། བསོད་ནམས་ཆོས་ཀྱི་བར་ཆད་ཡིན། །ངོ་སྲུང་འདུ་འཛི་སྤངས་ན་བདེ། །ཞེས་ཕྱིན་ཅི་ལོག་གི་རྩོལ་བ་སྤངས་པ་ཡང་དག་པའི་རྩོལ་བའོ། །ལྡོམ་བུ་ཡུན་རིང་ལྟོ་ཕྱིར་འཆོར། །ལུས་སེམས་དགོན་པ་བསྟེན་ན་བདེ། ཡང་དག་པའི་འཚོ་བའོ། །བཤད་པ་ཡུན་རིང་རང་དོན་འཆོར། །མ་ཡེངས་སྒྲུབ་ལ་བརྩོན་པར་མཛོད། །ཅེས་ཡང་དག་པའི་ངག་དང་། བརྡའ་ཙམ་བསྟན་པའི་ཆོས་རྣམས་ཀུན། །དཔེ་ཐོག་མ་བཞག་ཉམས་སུ་ལོངས། ཞེས་ཡང་དག་པའི་ལྟ་བ་དང་། ཟབ་མོར་གསུངས་པའི་གདམས་ངག་དེ། །གསང་ཚིག་བཞིན་དུ་ཞེ་ལ་འཆང་། ཞེས་ཡང་དག་པའི་ལས་ཀྱི་མཐའ་དང་། གོ་ཚད་ཡུལ་དུ་མ་བཞག་པར། །རང་གི་རྒྱུད་དང་འདྲེས་པར་མཛོད། ཅེས་ཡང་དག་པའི་རྟོགས་པ་དང་། །འགགས་མེད་རང་བྱུང་རིག་པའི་སེམས། །སེམས་མེད་དབྱིངས་སུ་ཡན་དུ་ཆུག །ཅེས་ཡང་དག་པའི་དྲན་པ་དང་། །བྱུང་ཚོར་དྲན་རིག་ན་བུན་བཞིན། །རང་ཡ་ལ་ལགས་པས་རྗེས་མ་བཅད། ཅེས་ཡང་དག་པའི་ཏིང་ངེ་འཛིན་ཏོ། །འདི་དག་སྒོམ་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཇི་ལྟ་བ་བཞིན་ཡོད་ལ། སོ་སོ་སྐྱེ་བོའ་སྐབས་འདིར་རྗེས་མཐུན་པ་ཙམ་མོ། །བཞི་པ་ཟབ་མོ་དོན་གྱི་གདམས་ངག་ནི། རླུང་རིག་བག་ཆགས་ས་བོན་ཏེ། །འཁྲུལ་པའི་རྩ་བ་ཡིན་པས་ན། །ཐོག་མའི་རྒྱུ་རྐྱེན་གང་ཡིན་པས། །བྱུང་ཁུང་རྡོས་པ་ཕྱི་འབྲང་ཆོད། །ཟབ་མོ་དོན་གྱི་ངོ་སྤྲོད་ནི། །བླ་མ་དམ་པའི་ཞལ་ལ་རག །ཅེས་ཏེ། རླུང་རིག་དབྱེར་མེད་ཀྱི་སེམས་ལ་འཁོར་བའི་བག་ཆགས་ཐམས་ཅད་གནས་པ་དེའི་གཞི་རྩ་ཆོད་པའི་

༨༨

ངོ་སྤྲོད་ཞུས་ཤིག་པའོ། །ལྔ་པ་ཡུལ་སེམས་གཉིས་མེད་དུ་བཞག་པའི་ཞིབ་རྒྱས་བཤད་པ་ནི། བྱང་ཆུབ་སེམས་ཀྱི་སྦྱིན་པ་བཏང་། །ཀུན་ཀྱང་རང་བྱུང་སེམས་ཡིན་པས། །སྣང་སྲིད་ཆོས་ལ་ཉེ་རིང་མེད། །བདག་ཉིད་ཁྱབ་གདལ་ཆེན་པོར་ཞོག །ཅེས་ཏེ། ངོ་སྤྲོད་ཐོབ་པའི་རྣལ་འབྱོར་པས་དབྱིངས་རིག་སྣང་གསུམ་ལ་གཡོ་བ་མེད་པར་མཉམ་པ་ཉིད་ཁྱབ་གདལ་དུ་ཞོག་ཅིག་པའོ། །ལྔ་པོ་དེ་དག་སྤྱི་དོན་དང་པོ་ལས་གྱེས་པའོ། །གཉིས་པ་ཉམས་ལེན་ལམ་ཁྱེར་ཁལ་འགེལ་གནད་དུ་གསུངས་པ་ལ་གཉིས་ལས། དང་པོ་མདོར་བསྟན་པ་ནི། སེམས་ཆོས་ལྟ་བསྒོམ་བསྲེ་བ་དང་། །ཉམས་ལེན་བདར་ཤ་བཅད་པ་དང་། །ལྟ་བ་ཕུ་ཐག་བཅད་པ་དང་། །མཉམ་ཉིད་ལམ་དུ་བསླང་བའི་ཕྱིར། །སེམས་ལ་གནོད་པའི་ཡུལ་རྣམས་ཀུན། །འཁྲི་བ་བཅད་པའི་གདམས་ངག་མཆོག །ཅེས་ཏེ། ལམ་བསྒོམ་པའི་ཆེད་དུ་འཁྲི་བ་བཅད་པར་གདམས་པའོ། །རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ཐོགས་བཅས་ཀྱི་བདུད་ངོས་བཟུང་བ་ནི། དང་པོ་གསར་བུ་པ་ཡི་ཚེ། དགྲ་གཉེན་བྱམས་སྡང་གཡེང་བའི་ནོར། །ཆགས་སྡང་བདག་འཛིན་བདུད་ཡིན་པས། ཞེས་ཏེ། ཐོགས་བཅས་ཡུལ་གྱི་འཁྲི་བ་བསྟན་པའོ། །གཉིས་པ་དེ་བཅད་ཐབས་བསྟན་པ་ནི། ཡུལ་དང་བྲལ་བ་གཅོད་དུ་གསུངས། ཞེས་ཏེ། ལས་དང་པོ་པ་ལ་ཡུལ་སྤང་བར་བསྟན་པའོ། །གསུམ་པ་ཐོགས་མེད་ཀྱི་བདུད་ངོས་བཟུང་ཞིང་བཅད་ཐབས་བསྟན་པ་ནི། ཐོགས་མེད་བློས་བདག་ཁུ་འཕྲིག་བདུད། ཉམ་ང་མེད་པའི་གདེང་གིས་གཅོད། ཅེས་ཏེ། ཐོགས་མེད་ནང་སེམས་ཀྱི་འཁྲི་བ་གཞི་རྩ་མ་གྲུབ་པར་ཤེས་པས་གཅོད་པའོ། །བཞི་པ་མ་ཆོད་ན་ཐོག་འགེལ་བསྟན་པ་ལ་གསུམ་གྱི། དང་པོ་

༨༩

ཐོགས་མེད་ཀྱི་བདུད་གཏན་ལ་དབབ་པ་ལའང་གསུམ་ལས། དང་པོ་ཐོག་འགེལ་གལ་ཆེ་བར་བསྟེན་པ་ནི། དེ་ཚེ་མི་མཐུན་རྐྱེན་བྱུང་ན། །ཐོག་འགེལ་གནད་དུ་ཤེས་པ་གཅེས། ཞེས་ཏེ། ཐོགས་བཅས་ལ་འཇིག་རྟེན་མཐུན་འཇུག་ལྟར་བྱ་བ་དང་། ཐོགས་མེད་ལ་རོ་སྙོམས་ཐོག་རྗིས་བྱ་བའོ། །གཉིས་པ་རློམས་སེམས་མེད་པར་དཔེའི་བཞག་ཐབས་བསྟན་པ་ནི། །ཞེ་འདོད་རློམས་སེམས་བྱ་མི་རུང་། །གཉན་སར་གནས་པའི་བྱོལ་སོང་ལ། །གཉན་སར་སེམས་བྱེད་རློམས་སེམས་མེད། །ཕ་ཝང་ལ་སོགས་རྩི་ཤིང་ཡང་། །ཕན་གནོད་སྙེམས་བྲལ་རློམས་སེམས་མེད། །དེ་བཞིན་ཉིད་དུ་ཤེས་པར་བྱ། འདིར་དེ་བཞིན་ཉིད་ཤེས་ནས་གཉན་སར་ཡོད་པའི་བྱོལ་སོང་དང་ཕ་ཝང་ལ་སོགས་ལྟར་བཞག་པར་གསུངས་ཀྱང་། དེང་སང་གཅོད་པ་རྣམས་ཀྱིས་དམིགས་པ་རྩུབ་མོ་མ་བྱས་པར་གཉན་ས་མི་ཆོད་ཏེ། གལ་ཏེ་ཆོད་ན་རི་གསེབ་ཀྱི་རྐུན་མ་དང་། རི་ཁའི་ཅེ་སྤྱང་རི་དྭགས་རྣམས་ཀྱིས་ཀྱང་གཉན་ས་ཆོད་པར་འགྱུར་རོ། །ཞེས་ཟེར་བ་སྣང་ངོ་། །དེ་ནི་ཡང་དག་པ་མ་ཡིན་ཏེ། རྣལ་འབྱོར་པ་རང་ཉིད་ཁྲམ་རྐུན་རི་དྭགས་སོགས་དང་མགོ་སྙོམས་པའི་ཕྱིར་དང་། ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ལ་རག་ལས་པ་མ་ཤེས་པའི་ཕྱིར་རོ། །དེས་ན་ཁྲམ་རྐུན་སོགས་ལ་སྡིག་པའི་སེམས་ལས་ཤེར་ཕྱིན་གྱི་ཉམས་ལེན་མེད་ལ། རྣལ་འབྱོར་པ་ལ་ཤེར་ཕྱིན་གྱི་ཉམས་ལེན་ཡོད་པས། གཉན་ས་ཆོད་པ་ཡིན་ཏེ། ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་མདོ་སྡེ་དཔག་ཏུ་མེད་པ་ནས་ཤེར་ཕྱིན་གྱི་བྱིན་རླབས་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་པ་རྣམས་ཀྱང་དྲན་པར་བྱའོ། །དེ་བཞིན་དུ། ནམ་མཁའ་ནི་ནམ་མཁའ་རྣམ་པར་འཁྲུགས་པར་མི་བྱེད་དོ། །ཕྱིའི་ནམ་མཁའ་ནི་ནང་གི་

༩༠

ནམ་མཁའ་རྣམ་པར་འཁྲུགས་པར་མི་བྱེད་དོ། །ནང་གི་ནམ་མཁའ་ནི་ཕྱིའི་ནམ་མཁའ་རྣམ་པར་འཁྲུགས་པར་མི་བྱེད་དོ། །ཞེས་ཡུམ་རྒྱས་པ་ལས་གསུངས་སོ། །ཡང་ན་ནམ་མཁའ་ལྟ་བུར་བཞག །ནམ་མཁའ་འདུ་ཤེས་མེད་པ་བཞིན། །འདུ་ཤེས་མེད་པར་ཕྱལ་གྱིས་བཞགས། །ནམ་མཁའ་ཁུ་འཕྲིག་མེད་པ་བཞིན། །ཁུ་འཕྲིག་མེད་པར་ཀློད་ལ་བཞག །ནམ་མཁའ་རེ་དོགས་མེད་པ་བཞིན། །རེ་དོགས་མེད་པར་དུམ་ལ་བཞག །ནམ་མཁའ་བདག་འཛིན་མེད་པ་བཞིན། །བདག་ཏུ་འཛིན་པ་ཐོང་ལ་ཞོག །ནམ་མཁའ་རློམ་སེམས་མེད་པ་བཞིན། །གང་ཡང་རློམ་སེམས་མ་བྱེད་ཅིག །ཅེས་གསུངས་ཏེ། ཚིག་གི་དོན་ནི་གོ་སླ་ལ། དེ་དག་གི་དོན་ནི་ཡུམ་རྒྱས་པ་ལས། གཟུགས་ནི་ནམ་མཁའི་རྟེན་ཅན་ཏེ་དེ་དང་། རྟེན་དེ་ལས་མི་འདའ་འོ། །ཞེས་ཕུང་པོ་ལྔ་ནས་བརྩམས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྦྱར་ནས་གསུངས་པ་དང་། གཟུགས་ནི་ནམ་མཁའི་ངང་ཚུལ་ཅན་ནོ་ཞེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་ཕུང་པོ་ལྔ་སོགས་ལ་སྦྱར་ནས་རྒྱ་ཆེར་གསུངས་པ་ལྟར། ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་ཤེས་པའི་ངང་ལ་མཉམ་པར་བཞག་པའོ། །གསུམ་པ་ཆོ་འཕྲུལ་རང་དུ་ངོ་སྤྲད་པ་ནི། །སྙེམས་བྱེད་རྟོག་པའི་ཕྱིར་མ་འབྲང་། །ཕྱི་རོལ་ཆོ་འཕྲུལ་རང་དུ་བརྟག །ཅེས་སོ། །གསུམ་པོ་དེས་ཐོགས་མེད་ཀྱི་བདུང་གཅོད་པ་སོང་ནས། དགའ་བྲོད་ཀྱི་བདུད་གཅོད་པ་ལ་གཉིས་ལས། དང་པོ་ཐུན་མོང་གི་དངོས་གྲུབ་ལ་བདུད་དུ་ངོས་བཟུང་ཞིང་གཅོད་པ་ནི། བྱིན་རླབས་རྫུ་འཕྲུལ་ཁྱད་པར་ཆོས། །སྙན་གྲགས་བསྙེན་བཀུར་ཕྱི་ནང་རྟགས། །མངོན་ཤེས་ལུང་བསྟན་ཐུན་མོངས་ཀུན། །བདུད་དུ་བརྟགས་ལ་གཏེར་དུ་སྤོས། ཞེས་ཏེ། དེ་རྣམས་ལ་ང་

༩༡

རྒྱལ་རློམ་སེམས་བྱུང་ན་བདུད་ཡིན་པས། །མཆོག་འཛིན་སྤངས་ལ་སྒྱུ་མ་རྨི་ལམ་དུ་ཤེས་པར་བྱའོ། །གཉིས་པ་ལོངས་སྤྱོད་ལ་མ་ཆགས་པར་གདམས་པ་ནི། །ཟང་ཞིང་ལོངས་སྤྱོད་སྒྱུ་མར་བརྟགས། །ཆགས་སེམས་ཞེན་པ་སྤང་བར་བྱ། ཞེས་ཏེ་གོ་བར་ཟད་དོ། །གཉིས་པོ་དེས་དགའ་བྲོད་ཀྱི་བདུད་གཅོད་པ་སོང་ནས། གསུམ་པ་སྙེམས་བྱེད་ཀྱི་བདུང་གཅོད་པ་ལ་དགུ་ལས། དང་པོ་གང་ལའང་ཞེན་པར་མི་བྱེད་པའི་གདེང་ནི། །གང་ཡང་ཞེན་པར་མ་བྱེད་ཅིག །མི་དམིགས་པར་ཡང་དམིགས་མི་བྱ། །སྣང་སྲིད་ཆོས་ཀྱང་མ་དམིགས་ན། །སེམས་དགོངས་དམིགས་པར་ག་ལ་འགྱུར། (ཡུམ་རྒྱས་པ་ལས།) རབ་འབྱོར་དམིགས་པ་ནི་རྒྱ་ཆུང་བ་སྟེ། དམིགས་པའི་འདུ་ཤེས་ཅན་ལ་ཐོབ་པ་མེད་དོ། །མངོན་པར་རྟོགས་པ་མེད་དོ། །བླ་ན་མེད་པའི་བྱང་ཆུབ་མེད་དོ། །གསོལ་པ། བཅོམ་ལྡན་འདས་དམིགས་པ་མ་མཆིས་ན་ཐོབ་པའམ། མངོན་པར་རྟོགས་པའམ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆིས་སམ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །རབ་འབྱོར་ཆོས་ཀྱི་དབྱིངས་ལ་རྣམ་པར་འཁྲུལ་བ་མེད་པའི་ཕྱིར་མི་དམིགས་པ་ཉིད་ཐོབ་པའམ། མི་དམིགས་པ་ཉིད་མངོན་པར་རྟོགས་པའོ། །མི་དམིགས་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་སོ། །ཞེས་དང་། གཉིས་པ་བློ་ཆོས་ཞེན་འདོད་ཀྱིས་དོན་སྒྲིབ་པར་བསྟན་པ་ནི། །བརྗོད་པ་ཉིད་ཀྱི་ཀུན་རྫོབ་བློ། །གང་ཞིག་སྐྱེ་མེད་ཁས་བླངས་པ། །ཁས་ལེན་ཡོད་ཕྱིར་སྐྱེ་མེད་མིན། །གང་ཞིག་སྐྱེ་བ་མེད་འདོད་པ། །འདོད་པ་ཉིད་ཀྱིས་བསྒྲིབ་པར་འགྱུར། །བླུན་པོ་དེ་ནི་དེ་དང་རིང་། །དེ་ཡིས་དེ་ཡི་དོན་ལ་མིན། ཞེས་དང་། གསུམ་པ་སངས་རྒྱས་སེམས་ཀྱི་ཡུལ་མ་ཡིན་པའི་གཏན་ཚིགས་ནི། །རྟོག་ཅིང་རིག་པ་འཁྲུལ་པ་སྟེ། །འཁྲུལ་པའི་སེམས་ལ་སངས་རྒྱས་མེད། །སངས་རྒྱས་རང་གྲོལ་ཡེ་ཤེས་ལ།

༩༢

སེམས་དང་རྣམ་རྟོག་ག་ལ་ཡོད། །ལུས་དང་བག་ཆགས་ག་ལ་ཡོད། །འདུ་བྱེད་མེད་ཅིང་མཁྱེན་པ་མེད། ཅེས་དང་། བཞི་པ་བརྡ་ཙམ་གྱིས་མཚོན་པ་མི་འགལ་བར་སེམས་དང་རྣམ་རྟོག་ལ་བཟླ་བར་བསྟན་པ་ནི། བརྡའ་ཙམ་བསྟན་པར་ཟད་མོད་ཀྱི། ཞེས་དང་། ལྔ་པ་ཡང་དག་པའི་རྩིས་གདབ་ལས་འདས་པར་ལ་བཟླ་བ་ནི། ཡང་དག་དོན་ནི་འདི་ཡིན་ཞེས། །བསྟན་དུ་མེད་ཅིང་ཕྱོགས་དང་བྲལ། །དམིགས་དང་མི་དམིགས་ཀུན་ལས་འདས། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས་སོ། །དེ་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ཆོས་ཐམས་ཅད་ཀྱང་འདུས་པར་མཐོང་སྟེ། ཆོས་དེ་རྣམས་ཀྱང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེན། །དེ་ནི་འདི་ལྟར་ཆོས་དེ་དག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མེད་དེ། གཉིས་སུ་བྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ནི་ཐ་དད་དུ་བྱ་བ་གང་ཡང་ཆོས་ཀྱི་དབྱིངས་སུ་བསྟན་པ་དང་། དེ་བཞིན་ཉིད་དུ་བསྟན་པ་དང་། ཡང་དག་པའི་མཐར་བསྟན་པ་དང་། ཆོས་ཐམས་ཅད་དབྱེར་མེད་དོ། །ཞེས་ཡུམ་རྒྱས་པ་ལས་གསུངས་སོ། །ཞེས་ཏེ། གཞུང་ཚན་ལྔ་པོ་དེ་ཡི་དོན་མཐར་ཐུག་གི་དོན་སྤྲོས་བྲལ་དུ་སྟོན་པ་དབུ་མ་རིག་ཚོགས་ཀྱི་དགོངས་པ་དང་། ཁྱད་པར་མེད་པས་རྒྱས་པར་བཤད་མི་ནུས་ལ། སྤང་གཉེན་དེ་བཞིན་ཉིད་རྟོག་དང་། །འབྲས་བུ་མཚན་འཛིན་བཞི་སེལ་བ། །དེ་ཚེ་ནམ་མཁའི་སྐུ་ཅན་ལ། །མཚན་གྱི་མེ་ཏོག་རྒྱས་པ་ཡིན། །ཞེས་གསུངས་པ་ལྟར་སྤང་བྱར་འཛིན་པ་དང་། གཉེན་པོར་འཛིན་པ་དང་། དེ་བཞིན་ཉིད་ལ་མཚན་མར་འཛིན་པ་དང་། འབྲས་བུ་ལ་མཚན་མར་འཛིན་པ་དང་བྲལ་བའི་ཚེ། ཉོན་སྒྲིབ་དང་ཤེས་སྒྲིབ་བག་ཆགས་དང་བཅས་པ་སྤངས་ནས། ནམ་མཁའ་ལྟ་བུའི་ཆོས་སྐུ་ལ་མཚན་

༩༣

དང་དཔེ་བྱད་ཀྱི་མེ་ཏོག་རྒྱས་པའི་གཟུགས་སྐུ་འབྱུང་བ་ཡིན་ནོ། །རྣལ་འབྱོར་པ་ཐ་སྙད་ལ་མི་མཁས་པས་དོན་སྤྱི་གཏན་ལ་འབེབས་མི་ནུས་ཀྱང་། ཞི་ལྷག་གི་རྣལ་འབྱོར་བསྒོམས་པས་རང་མཚན་མངོན་དུ་བྱེད་ནུས་པ་ཡིན་ཏེ། མགོན་པོ་བྱམས་པས། ཐོགས་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། ཞེས་གསུངས་པ་བཞིན་ནོ། །དྲུག་པ་རང་བྱུང་ལ་སྤང་བླང་མི་བྱ་བར་བསྟན་པ་ནི། ཤུགས་ལས་བྱུང་ན་གང་ཡང་འདྲ། །སྤང་བར་མི་བྱ་བཟུང་མི་བྱ། ཞེས་ཏེ། ཁ་ཅིག་སྟོང་པ་དགྲར་ལངས་ནས་རང་གི་སྦྱིན་བཏང་སོགས་བྱེད་བཞིན་དུ་གཞན་གྱི་ལུས་ངག་གི་དགེ་སྦྱོར་ཁྱད་དུ་གསོད་པ་དང་། རང་ཉིད་མི་ནག་པ་དང་ཐུན་མོང་གི་དགེ་རྩ་ལམ་འཕྲང་འཆོས་པ་ལ་སོགས་ལ་འབད་བཞིན་དུ་གཞན་གྱི་རྟེན་གསུམ་བཞེངས་པ་ལ་སོགས་ལ་ཁྱད་དུ་གསོད་པ་དང་། རང་ཉིད་ཡིག་དྲུག་བསྐུལ་བ་ཙམ་ལ་འབད་བཞིན་དུ་གཞན་གྱི་ཐོས་བསམ་རྒྱ་ཆེན་ཁྱད་དུ་གསོད་པ་དང་། རང་ཉིད་སྡོམ་པ་དང་མ་འབྲེལ་བའི་བར་མའི་དགེ་རྩ་ཙམ་ལའང་བརྩོན་བཞིན་དུ་གཞན་གྱི་སྡོམ་གསུམ་གྱི་སྲུང་སྡོམ་རྣམ་དག་ཁྱད་དུ་གསོད་པ་རྣམས་ནི། ཤུགས་འབྱུང་འགག་མེད་ཀྱི་རྩལ་སྦྱོང་དང་ཚོགས་གཉིས་ཟུང་འཇུག་གི་དགེ་རྩ་སྒྲུབ་མི་ཤེས་པ་ཡིན་ནོ། །འདིའི་འཕྲོས་ལ་སྙིང་རྗེ་དགྲར་ལངས་ཞེས་བྱ་བ། གཞན་ཕན་གྱི་ནུས་པ་མེད་བཞིན་དུ། གཞན་དོན་བྱེད་པ་ཡང་བྱིལ་ཆུང་དང་། སྟོན་སྐྱེལ་གྱི་དཔེས་བཀའ་ཚོམས་ཆེན་མོ་ནས་བཀག་པ་ཡིན་ནོ། །དེས་ན་ལས་དང་པོ་བས། གཞན་དོན་ལས་ལ་མཐུ་མེད་ཀྱང་། དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །ང་ནི་

༩༤

དེ་ལ་དོན་གྱིས་ཞུགས། ཞེས་པ་ལྟར་བསམ་པས་གཞན་དོན་བྱ་ཞིང་། སྦྱོར་བས་རང་དོན་སྒྲུབ་པ་ཡིན་ནོ། །ཡང་རྒྱུ་འབྲས་དགྲར་ལངས་ཞེས་བྱ་བ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་རྒྱུ་འབྲས་བསླུ་བ་མེད་པ་ཙམ་གནས། ཀུན་རྫོབ་སྣང་ཙམ་མ་གཏོགས་དོན་ལ་རྒྱུ་འབྲས་གཉིས་ཀའང་བདེན་པར་མ་གྲུབ་པ་མི་ཤེས་པར་རྒྱུ་འབྲས་ལ་དངོས་པོ་ཨ་འཐས་སུ་འཛིན་པ་ཡང་ལམ་སྒྲུབ་པའི་གེགས་ཡིན་པས། དགྲར་ལངས་རྣམ་གསུམ་སོགས་སུ་མ་སོང་བར་གཤིས་སྐྱེ་མེད་དང་། གདངས་འགག་མེད་དུ་ཤེས་པས། ཀུན་རྫོབ་ཏུ་གང་ཡང་མི་སྤང་ཞིང་། དོན་དམ་དུ་གང་ཡང་མི་འཛིན་ལ་མི་བཟུང་བ་ནི་ཟུང་འཇུག་གི་ལམ་མོ། །བདུན་པ་འཛིན་པ་བདུད་ཡིན་པས་གང་ལ་ཡང་གཉེར་མི་བྱ་བར་བསྟན་པ་ནི། གང་ལ་གཅེས་འཛིན་བདུད་ཡིན་པས། །རང་ལུས་ལ་སོགས་སྣང་སྲིད་ཀུན། །དབྱེར་མེད་དྲན་པས་དབྱིངས་སུ་བསྐྱུར། ཞེས་པ་ནི། ལྟ་བ་རྟོགས་པ་ལ་བདུད་དུ་ཆེ་བས་ཐོགས་བཅས་ཀྱི་ཡུལ་ལ་འཛིན་པ་སྤང་བའོ། །བརྒྱད་པ་གཅོད་བརྡའབརྡ་རུ་བསྟན་པ་ནི། ལྷ་འདྲེ་ལ་སོགས་གཅོད་ཡུལ་ཀུན། །རྩལ་སྦྱང་བརྡ་རུ་ཤེས་པར་བྱ། ཞེས་པ་ནི། ཐོགས་མེད་བདུད་ལ་བརྟེན་ནས་ཉམས་ལེན་གྱི་རྩལ་སྦྱོང་བའོ། །དགུ་པ་ཡུལ་མེད་རང་གྲོལ་དུ་ལ་བཟླ་བ་ནི། ལྷ་ཀླུ་ནད་རིམས་ཡ་ངའི་བདུད། །དངོས་སུ་གྲུབ་པ་མེད་པས་ན། །ཡིད་ཡུལ་ཆོ་འཕྲུལ་རང་ཡིན་པས། །ལྷོད་ཀྱིས་ཀློད་ནས་གྲོལ་བར་ངེས། ཞེས་པ་འདིས་ཐམས་ཅད་སེམས་སུ་ཤེས་ནས། སེམས་འཛིན་མེད་དུ་འཇོག་པར་བསྟན་པ་སྟེ། འདི་ནས་ཐོགས་བཅས་ཀྱི་བདུད་གཅོད་པའི་བར་མདོར་བསྟན་པ་དང་བཅས་པས་སྤྱི་དོན་གཉིས་པ་སོང་། སྤྱི་དོན་གསུམ་པ་སྙེམས་བྲལ་ལྟ་བའི་གདེང་དུ་གསུངས་པ་ལ་གཉིས་ལས། དང་པོ་ཡུལ་མེད་རང་

༩༥

གྲོལ་དུ་ཐག་བཅད་པ་ནི། རང་གིས་སྙེམས་ཐག་ཆོད་པ་ལས། །ཕྱི་རོལ་འགྱུར་བ་གང་ཡང་མེད། ཅེས་པའོ། །གཉིས་པ་སྐྱེ་འགག་མེད་པའི་གདིང་བཅའ་བ་ནི། འགག་མེད་སྣང་སྲིད་རང་ཡིན་པས། སྐྱེ་མེད་ཡེ་ཤེས་ཀུན་གྱི་གདིང་། ཞེས་པ་སྟེ། དེ་གཉིས་ཀྱིས་སྣང་སེམས་དབྱེར་མེད་དུ་ཐག་བཅད་པའོ། །སྤྱི་དོན་བཞི་པ་ཁྱད་འཕགས་ཟུང་འཇུག་ཏུ་བསྟན་པ་ལ་བཞི་ལས། དང་པོ་གཅོད་ཁྱད་འཕགས་སུ་བསྟན་པ་ནི། ཟབ་མོའ་གདམས་ངག་ལྟ་བའི་དོན། །རྟོགས་པ་ཁས་ལེན་མ་ཉམ་པ་ལས། རྣལ་འབྱོར་སྤྱོད་པ་རྟོགས་པའི་ཁྱད། །བླང་དོར་གཅོད་ཀྱི་རྩ་བ་འཕགས། ཞེས་ཏེ། ལྟ་བ་གཉིས་མེད་ཡིན་བཞིན་དུ་སྤྱོད་པ་བླང་དོར་གཉིས་མེད་དུ་བསྲེ་བ་ཆོས་ལུགས་གཞན་ལ་མེད་པས་གཅོད་ཀྱི་རྣལ་འབྱོར་ཁྱད་པར་དུ་འཕགས་པའོ། །གཉིས་པ་ཐབས་སུ་བསྟན་པ་ནི། །གང་ལའང་ཞེན་པ་གྲོལ་བ་དང་། །ལྟ་སྤྱོད་བསྲེ་བ་ཐབས་སུ་གསུངས། ཞེས་ཏེ། ཐ་མལ་པ་རྣམས་ལ་ཞེན་པའི་ཡུལ་དེས་ལྟ་སྤྱོད་བསྲེ་བའི་ཐབས་འདི་ཤེས་ན་གྲོལ་བའི་གྲོགས་སུ་འགྱུར་བའོ། །གསུམ་པ་ཐབས་མ་ཤེས་ན་དོན་མེད་པར་བསྟན་པ་ནི། གང་ཞིག་གཉིས་འཛིན་སྙེམས་དང་བཅས། །རློམས་སེམས་རྟག་པ་ཡུལ་དུ་གཅོད། །དོན་དང་མི་ལྡན་ཤིན་ཏུ་བླུན། ཅེས་པ་ནི་གོ་བར་ཟད་དོ། །བཞི་པ་ཐབས་ངོ་མི་ཤེས་ན་ངོ་སྤྲད་དུ་བསྟན་པ་ནི། ཡུལ་མེད་ཐབས་སུ་ཤེས་གྱུར་ན། །ཡུལ་སེམས་ངོ་སྤྲད་གདམས་ངག་ཡིན། ཞེས་པའོ། །སྤྱི་དོན་ལྔ་པ་གནད་གཅེར་ཕོག་ཡིན་ཚུལ་ངོ་སྤྲོད་དུ་བསྟན་པ་ལ་གཉིས་ལས། དང་པོ་གནས་ལུགས་ལ་བཞག་ཐབས་བསྟན་པ་ནི། དེ་ཉིད་དོན་ལ་བཞག་ཐབས་ནི། །འཛིན་མེད་མ་འགགས་ཡིན་པ་ལ། །མ་བཅོས་ལྷུག་པར་བཞག་པ་དང་། །བདག་འཛིན་བག་

༩༦

ཆགས་སྙེམས་བྱེད་བདུད། །ཁུ་འཕྲིག་ཉམ་ང་རེ་དོགས་པས། །གཉིས་འཛིན་འདུ་ཤེས་བཅད་པ་ལས། །ཆེད་དུ་བྱ་བ་གང་ཡང་མེད། །དོན་དུ་གཉེར་བ་གང་ཡང་མེད། །འཛིན་པ་ཐོང་ལ་ལྷུག་པར་ཞོག །ཅེས་པ་ནི། ཆེད་དུ་བྱ་བ་ལུས་ངག་ཡིད་གསུམ་གྱི་རྩོལ་བ་ཐམས་ཅད་སྤོངས་ལ་མ་བཅོས་པར་ཞོག་ཅིག་པའོ། །གཉིས་པ་ཡིན་ཚུལ་ངོ་སྤྲད་པ་ནི། །དུས་གསུམ་སངས་རྒྱས་དགོངས་པ་ཡང་། །སྙེམས་མེད་ནམ་མཁའ་ལྟ་བུ་ལ། །གསལ་སྟོང་ཉི་ཟླ་ལྟ་བུ་སྟེ། །བདག་འཛིན་འདུ་ཤེས་བྲལ་བའོ། །ཞེས་ཏེ། གསལ་སྟོང་ཟུང་འཇུག་འཛིན་པ་དང་བྲལ་བ་ནི། །མཐར་ཐུག་གི་དོན་དུ་བསྟན་པའོ། །སྤྱི་དོན་དྲུག་པ་བསྐུལ་འདེབས་ནན་ཏན་དུ་གསུངས་པ་ལ་གསུམ་ལས། དང་པོ་བདེ་བའི་ཞལ་གདམས་ནི། །ཨེ་མ་ཧོ། །ང་མེད་ལམ་དུ་ཞུགས་ན་བདེ། འཛིན་མེད་གྲོགས་དང་འགྲོགས་ན་བདེ། །འདྲིས་མེད་ཡུལ་དུ་བསྡད་ན་བདེ། །རྟེན་མེད་དགོན་པ་བཟུང་ན་བདེ། །ངོ་སྲུང་ཐག་པ་བཅད་ན་བདེ། །མཐུན་འཇུག་རྩིག་པ་བསྐྱེལ་ན་བདེ། །འཛིན་པ་ཀུན་དང་བྲལ་ན་བདེ། །ཚོགས་དྲུག་ལྷུག་པར་བཞག་ན་བདེ། །དེ་ལྟར་ང་ཡིས་སྨྲས་པ་བཞིན། །རྗེས་འཇུག་དེ་བཞིན་བསླབ་པར་བྱོས། །ཞེས་པའོ། །གཉིས་པ་མཚན་ཉིད་ཀྱི་དོན་ཞལ་ཐེམས་སུ་གསུངས་པ་ལ་གཉིས་ལས། །དང་པོ་གདམས་པ་འདི་ཟུང་ཞིག་པར་བསྟན་པ་ནི། དགོངས་པའི་བཅུད་ཕྱུངས་དོན་བསྡུས་པའི། །ཤེས་རབ་སྐྲ་རྩེའི་ཡི་གེ་འདི། །ཡིད་ལ་ཆོངས་ཤིག་རིགས་ཀྱི་བུ། །དམ་པར་ཟུང་ཞིག་རིགས་ཀྱི་བུ། །འདི་བཞིན་བརྗོད་ཅིག་རིགས་ཀྱི་བུ། །སེམས་ཆོས་སྲེས་ཤིག་རིགས་ཀྱི་བུ། །རྒྱུད་ལ་སྦྱོར་ཅིག་རིགས་ཀྱི་བུ། །གོམས་འདྲིས་གྱིས་ཤིག་རིགས་ཀྱི་བུ། །ཡུལ་ལ་མ་འཛིན་རིགས་ཀྱི་བུ། །ཁུ་འཕྲིག་ཆོད་ཅིག་རིགས་ཀྱི་བུ། ཞེས་པའོ། །གཉིས་པ་སྤང་བླང་

༩༧

མེད་པར་ཐག་ཆོད་ཅིག་པར་བསྟན་པ་ནི། །བྱ་རྩོལ་མེད་ཀྱིས་ངང་ལ་ཞོག །རང་བཞིན་གནས་ཀྱིས་ཞེ་འདོད་ཐོངས། །རང་བྱུང་ཡིན་གྱིས་བློར་མ་ལེན། །རང་གྲོལ་ཡིན་གྱིས་རྗེས་མ་བཅད། །རྒྱུ་རྐྱེན་མེད་ཀྱིས་ལས་མ་སོགས། །སྐྱེ་མེད་ཡིན་གྱིས་བློས་མ་བཅད། །འགག་མེད་ཡིན་གྱིས་རྟེན་མ་འཆའ། །ཟང་ཐལ་ཡིན་གྱིས་རིས་མ་བྱེད། །ཁྱབ་གདལ་ཡིན་ཀྱིས་ཕྱོགས་མ་འཛིན། །རང་ཉིད་ཡིན་གྱིས་གཞན་མ་རེ། །འཆིང་གྲོལ་མེད་ཀྱིས་རེ་མ་དོགས། །བཅོས་སུ་མེད་ཀྱིས་རང་བཞིན་སྡོད། །བསྒྲུབ་ཏུ་མེད་ཀྱིས་ཅོག་གེར་ཞོག །བཙལ་དུ་མེད་ཀྱིས་ལྷན་གྱིས་སྡོད། །འདུ་འབྲལ་མེད་ཀྱིས་དུས་མ་འདེབས། །སྐྱེ་འཆི་མེད་ཀྱིས་སྙེམས་མ་འཆང་། །སྒྱུ་མ་ལྟ་བུའི་དགོངས་པ་ལོངས། ནམ་མཁའ་ལྟ་བུར་བློ་ཐག་ཆོད། ཅེས་པའོ། །གསུམ་པ་གདམས་པ་སྦྱིན་ཡུལ་ལ་གཉིས་ལས། དང་པོ་སྣོད་ལྡན་བསྟན་པ་ནི། དུས་གསུམ་རྒྱལ་བའི་དགོངས་པའི་བཅུད། །ང་ཡིས་སྨྲས་པ་སེམས་དགོངས་དོན། །ཟབ་མོ་དོན་གྱི་གདམས་པ་འདི། །རིགས་དང་ལྡན་ཞིང་དམ་ལ་གནས། །ངང་རྒྱུད་འཇམ་ཞིང་སྤྱོད་ལམ་མཛེས། །སྐྱེ་འཆིས་འཇིགས་ཤིང་བློ་དང་ལྡན། །ཚིག་ཕྱིར་མི་འབྲང་དོན་ལ་མོས། །སྣང་ཕྱིར་མི་འབྲང་ཉམས་སུ་ལེན། དངོས་ལ་མ་ཆགས་སྟོང་མ་བསྒོམ། །དམ་པའི་ཕྱོགས་སུ་སྲོག་མི་ཕོངས། །ཟབ་མོའ་ལམ་ལ་ངེས་ཤེས་སྐྱེ། །དེ་འདྲའི་བློ་ལྡན་སྐྱེས་བུ་ལ། །ང་ཡི་རྗེས་འཇུག་རིག་འཛིན་གྱིས། །ལྟག་མེད་དགོངས་པའི་སྙིང་ཕྱུང་ནས། །སྣོད་ལྡན་བརྒྱུད་འཛིན་ཡིད་གཅུགས་པའི། །སེམས་ཀྱི་བུ་ལ་སྒོམས་སུ་བཅུག །ཅེས་པའོ། །གཉིས་པ་སྣོད་དང་མི་ལྡན་པ་ནི། །གང་ཞིག་བློ་དང་མི་ལྡན་ཞིང་། །སྐྱེ་འཆིར་མི་འཇིགས་གྲགས་པའི་ཆོས། །དམ་པར་མི་འཛིན་རློམ་སེམས་ལྡན། །ཉམས་སུ་

༩༨

མི་ལེན་ཚོད་དཔོག་བྱེད། །རང་སྐྱོན་སྦས་ནས་གཞན་སྐྱོན་རྟོག །དོན་དང་མི་ལྡན་རང་ཉིད་མཐོང་། །གཡོ་སྒྱུ་གཏོང་ཞིང་འཛིན་པས་བཅིངས། །འདོད་པས་ཐེབཐེབས་ཅིང་དྲེགས་པས་ནོན། །བཅུད་ལ་མོས་ཤིང་སྣོད་ལ་འཛེམ། །ཡོན་ཏན་འོག་འབྲུ་ཐབས་ཀྱིས་ལེན། །ཁ་བསགས་འབྲེལ་གྱི་ཐག་པ་གཅོད། །ཕ་མྱོས་གསང་གཏམ་ཁྲོམ་དུ་བསྒྲགས། །གོས་ངན་རྒྱལ་མཚན་རྩེ་ལ་ཕྱར། །ནོར་བུ་རིན་ཆེན་གཅལ་དུ་བཀྲམ། །རིན་ཆེན་ཐིགས་པ་གཏེར་དུ་སྦས། །དེ་ལྟ་བུ་ལ་མི་བསྟན་པར། །ཤིན་ཏུ་སྦས་ཤིང་གསང་བར་བྱ། ཞེས་པའོ། །དེ་ལྟར་རྒྱས་བཤད་སྤྱི་དོན་དྲུག་མདོར་བསྟན་དང་བཅས་པས་གཞུང་གི་དོན་སོང་ནས། མཇུག་གི་དོན་ལ་གསུམ་ལས། །དང་པོ་གདམས་པའི་མཐར་ཐུག་ཏུ་བསྟན་པ་ནི། །དགོངས་པའི་བཅུད་ཕྱུངས་ནས། །གདམས་པའི་རྩལ་སྤྲུགས་པ། བཀའ་ཕ་རོལ་ཏུ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་ལས། ཞེས་པའོ། །གཉིས་པ་མཚན་བཤད་པ་ནི། ཤེས་རབ་སྐྲའི་རྩེ་མོ་ཞེས་བྱ་བ་ཞེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྲ་ཞིབ་ཏུ་བསྟན་པས་སྐྲ་རྩེའོ། །རྫོགས་སོ། །ཞེས་བྱ་བ་ནི། གཞུང་འདི་དབུ་ཞབས་ཚང་བའི་ཐ་ཚིག་གོ །གསུམ་པ་རྗེས་འཇུག་ལ་སྨོན་ལམ་བཏབ་པ་ནི། ལས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །ཅེས་སོ། །དེ་ལྟར་མ་ཉིད་ཀྱི་གསུང་རྣམ་པར་དག་པ་འཕྲི་བསྣན་མེད་པ་འདི་ལ། ཕ་རོལ་ཏུ་ཕྱིན་པ་བཅུའི་སངས་རྒྱས་ཀྱི་ལམ་ཐམས་ཅད་ཚང་བ་ཡིན་ཅིང་། འཕགས་ལམ་ཡན་ལག་བརྒྱད་དུ་ལམ་ཐམས་ཅད་འདུ་བ་ཡིན་ལ། །འདི་གཉིས་གཞུང་འདིར་ངོས་འཛིན་དཀའ་བར་སྣང་བས་ངོས་འཛིན་ནི་བྱས་པ་ཡིན་ལ། འདི་དག་ལམ་རྒྱ་ཆེ་བས་རྒྱས་པར་བཤད་ཀྱིས་མི་ལངས་ལ་བཀའ་ཚོམས་ཆེན་མོ་སོགས་ནས་མ་བསྟན་ཏོ། །བདུད་བཞི་གཅོད་བ་མན་ཆད་བཀའ་ཚོམས་ཆེན་མོ་སོགས་དང་གནད་

༩༩

གཅིག་ཅིང་ཤིན་ཏུ་ཟབ་པ་ཡིན་པས་གང་ཟག་རྟོགས་པ་དང་ལྡན་པ་རྣམས་ཀྱིས་ནི་གོ་བར་སླ་ལ་བློ་དམན་པ་རྣམས་ཀྱིས་བཤད་ཀྱང་གོ་མི་ནུས་པས་ཞིབ་ཏུ་བཤད་པའི་རྩོལ་བ་མ་བྱས་སོ། །ཀུན་ལ་ཕན་བདེའི་དགའ་སྟོན་འགྱེད་མཛད་མ། །དབྱིངས་ཀྱི་དཔལ་མོ་ལབ་ཀྱི་སྒྲོན་མའི་གསུང་། །ཟབ་དང་རྒྱ་ཆེན་ཚོགས་གཉིས་འབྱོར་པའི་ནོར། །མཁའ་མཉམ་འགྲོ་བའི་དབུལ་བ་སེལ་ཕྱིར་སྤེལ། །གནས་སྐབས་སུ་ཡང་འགལ་རྐྱེན་རླུང་འཚུབས་རྣམས། །གཉིས་མེད་ཡེ་ཤེས་མེ་ཡི་གྲོགས་གྱུར་ནས། །གཉིས་འཛིན་འཁྲུལ་པའི་དུང་ཤིང་མ་ལུས་པ། །ཉམས་དང་རྟོགས་པའི་སྣང་བར་འབར་གྱུར་ཅིག །ལས་ཉོན་མུན་པ་མཁའ་ལ་སངས་པ་དང་། །ཕན་བདེའི་ཚ་ཟེར་དབྱིངས་སུ་རྒྱས་པ་དང་། །སྙིགས་དུས་འགྲོ་ཏལ་མཉམ་དུ་འབྱུང་བ་དང་། །ཆོས་སྤྱོད་བཅུ་ཡི་རྩེ་འཇོར་རོལ་པར་ཤོག། །།ཤུ་བྷམ། །

ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་བཞུགས་སོ།

༡༡ ༈ །ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་བཞུགས་སོ། །རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ནི། སྔོན་འགྲོ་དག་བྱེད་སྟོང་ར། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་འཁྲུལ་པ་རང་དག །ཁྱད་འཕགས་འཁོར་ལོ་རྣམ་དྲུག །བསྲེ་འཕོ་ཤེས་རབ་རྣམ་བཞི། ནི་གུ་མ། མུ་ཁ་སིདྡྷི། སྦས་པའི་རྣལ་འབྱོར། རཱ་ཧུ་ལ་དང་། རྡོ་རྗེ་གདན་པ་རྣམས་ཀྱི། འཆུགས་མེད་ལམ་ཁྱེར་རྣམ་གསུམ། དག་སྣང་ལྷ་སྐུ་རང་ཤར། ཡུལ་སྣང་གང་བསམ་གསལ་མཐོང་། འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་ལོངས་སྤྱོད་རྫོགས་སྐུ། ཀུན་རྫོབ་སྒྱུ་མ་རྨི་ལམ། དོན་དམ་ཕན་མེད་གནོད་མེད། གཞན་དོན་གཟུགས་སྐུ་རང་ཤར་རོ། གྱི་ཉོན་མོངས་པའི། རང་རྒྱུད་དྲི་མ་དང་དམ་ཚིག་ཉམས་ཆག་འདགས། དཀོར་སྐུ་གླུད། སྐུར་པབ་བཏབ་པ་གྲིབ་ལ་སོགས་པ་ཐམས་ཅད། འདི་ནི་སྟོང་རའི་མཚན་ཉིད་ཡིན། བ་སྟོང་པར་འཆར། བདེ་ཡང་ལོག་གཉིས་ཀྱི། པར་ཡང་གྲུབ་པ། པར་ཡང་གྲུབ་པ། དྲོད་རང་དུ་དུ་འབྱུང་བ་གང་ལ་གང་འདུལ་དུ་གཞན་དོན་བྱེད་པའོ། །
༡༢ བཞིན་སྟོང་གསལ་འཆར། །འདི་ནི་ཐབས་ལམ་མཚན་ཉིད་ཡིན། སྣང་ཡང་རང་བཞིན་མ་གྲུབ་པ། །འདི་ནི་སྒྱུ་མའི་མཚན་ཉིད་ཡིན། །གཉིས་འཁྲུལ་བདེན་མེད་བདེ་བར་འཆར། །འདི་ནི་རྨི་ལམ་མཚན་ཉིད་ཡིན། །ཉིན་བར་དང་མཚན་མོ་བར་དོ་གསུམ། དག་པ་གསལ་བར་འཆར། གསུམ་ལྡན་མ་དང་། སྒྱུ་ལུས་འོད་གསལ་སྐྱེ་བའི། སྤངས། སྣང་བ་འདི་སྣ་ཚོགས་སུ། འདི་ནི་རྨི་ལམ་ཟིན་པས། འཁོར་ལོའ་མཚན་ཉིད་ཡིན། །ཉིན་པར་དང་ནུབ་མོ། ལ་དེ་རྨི་ལམ་ཟིན་པས། སྒྱུ་མ་རྨི་ལམ་འོད་གསལ་བསྲེ། །འདི་ནི་བསྲེ་འཕོའ་མཚན་ཉིད་ཡིན། །བླ་མ་ཡི་དམ་སྒྱུ་ལུས་ཉིན་བར་དང་མཚན་མོ་བར་དོ་གསུམ་གྱི་སྣང་བ་ལ་བརྟེན་ནས། གསུམ། །འབྲལ་བ་མེད་པར་ལམ་དུ་ཁྱེར། །སྣང་སྟོང་བདེ་སྟོང་དབྱེར་མེད་མཆོག །འདི་ནི་ལྷ་སྐུའི་ཉིན་བར། གཉིས། མཚན་ཉིད་ཡིན། །གང་བསམ་ཞིང་ཁམས་ཇི་བཞིན་མཐོང་། །འདི་ནི་ཡུལ་སྣང་མཚན་ཉིད་ཡིན། །གསལ་སྟོང་འཛིན་མེད་བདེ་བ་ཆེ། །འདི་ནི་འོད་གསལ་མཚན་ཉིད་པར་དབྱེར་མེད། ཡིན། །འཆི་ཁར་ཅིར་ཡང་མཁྱེན་པའི་ཡེ་ཤེས་དང་ལྡན་པ། དྲན་པས་ཙམ་གྱིས་ཀྱང་། དབང་པོ་རབ་འབྲིང་གིས་ཉིན་པར་ནུབ་མོ། །མངོན་སངས་རྒྱས། པ། །འདི་ནི་འཕོ་བའི་མཚན་ཉིད་ཡིན། །སྣང་བ་དང་། པ་དབྱེར་མེད་པའི། སྟོང་ཞེན་བྲལ་བ་བདེ་ཆེན་སྐུ། །འདི་ནི་ལོངས་སྐུའི་མཚན་ཉིད་ཡིན། སྡིག་པོ་ཆེ་མཚམས་མེད་པ་བྱས་པས་ཀྱང་། །སྣ་ཚོགས་སྣང་ཡང་རང་བཞིན་མེད། །འདི་ནི་ཀུན་རྫོབ་མཚན་ཉིད་པར། ཡིན། ཕན་གནོད་སྤང་ཐོབ་མ་གྲུབ་པས། །འདི་ནི་དོན་དམ་པ་དང་། མཚན་ཉིད་ཡིན། པ་དབྱེར་མེད་ཅིང་། དྲི་མ་ཐམས་ཅད་དང་བྲལ་བ། གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །འདི་ནི་གཟུགས་ཡང་ལོག་གི་ཀུན་རྫོབ་གཉིས། སྐུའི་མཚན་ཉིད་དོ། །ཁྱད་འཕགས་བཅོ་ལྔ་པ་ཞེས་བྱ་བ། བདག་ཁྱུང་པོ་རྣལ་འབྱོར་པའི་དོན་དམ་པའི་བདེན་པ་དེ་སངས་རྒྱས་ཀྱི་སྐུ་མ་ཡིན། ལམ་མ་ཡིན། འབྲས་བུ་མ་ཡིན། དུས་གསུམ་གྱི་སངས་རྒྱས་ཀྱིས་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །མ་རྟོགས་མི་རྟོགས་རྟོགས་པར་མི་འགྱུར་བའི་ཡུལ་ཡིན་ནོ། །ལུགས་རྒྱས་པའོ།

༄༅། །ནག་པོ་ཨུ་ཙི་ཏ་འཆི་བ་མེད་པས་མཛད་པ་ཡོན་པོ་སྲོང་བའི་གདམས་པ་བཞུགས་སོ༎

༥༥ནག་པོ་ཨུ་ཙི་ཏ་འཆི་བ་མེད་པས་མཛད་པ་ཡོན་པོ་སྲོང་བའི་གདམས་པ་བཞུགས་སོ།། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་བརྟུལ་ཞུགས་ཀྱི་སྤྱོད་པ་ནག་པོ་པ། ཛཱ་ལནྡྷ་ར་ནས་སྤྱོད་པ་ལ་གཤེགས་པའི་ལམ་ཁར། རྣལ་འབྱོར་མ་ཐམས་ཅད་སྔོན་ལ་སོང་། སློབ་དཔོན་ཕྱིས་ནས་འོངས་པའི་ལམ་གྲོང་ཁྱེར་ཆེན་པོ་གཅིག་གི་ཧ་དེར་ཕྱིན་པས། དེ་ནས་མི་འགའ་གཏམ་ཟེར་བ་ལ་ཉན་པས། དེ་ནས་ཞག་འགའི་གོང་ན་མི་གཅིག་གིས་ཨུ་ཙི་ཏའི་འཆི་བ་མེད་པ་བྱ་བ། ནམ་མཁའ་ལ་འགྲོ་བ། རྒས་པ་དང་འཆི་བ་མེད་པ་ཞིག་འདུག་ཟེར་བའི་གཏམ་ཐོས་ནས། དེ་གང་ན་ཡོད་དྲིས་པས། སྡོད་ས་ངེས་པ་མེད་དེ། རེས་བྲག་ཡ་ཀི་ལ་སྡོད། རེས་ནགས་ཚལ་ཆུང་ངུ་ཡ་གི་ལ་སྡོད་ཟེར་ནས་ནགས་ཆུང་ངུ་ཞིག་བསྟན། དེར་ཕྱིན་པ་དང་། ཁོང་བསྒོམ་ཞིང་འདུག་སྟེ། བལྟས་པས། གཅེར་བུ་ཁ་དོག་ནག་པོ། །ལུས་ཆབ་རམ་ལྟ་བུ་ཞིག་འདུག་པ་མཐོང་ནས། དེ་ལ་མ་བརྟགས་པར་ཕྱག་འཚལ་ཏེ། རྗེས་སུ་བཟུང་བར་ཞུས་པ། ངས་ཁྱོད་མི་འདུལ་གྱིས། གདམས་ངག་མ་ཞུ་ཟེར་བར་དེ་ལྟར་མ་བྱེད་ཅིག་ཟེར་རོ། །དེར་ཁྱོད་ཀྱི་སློབ་དཔོན་སུ་ཡིན་བྱས་པས། རྡོ་རྗེ་འཆང་གི་སློབ་མ་དབང་ཕྱུག་ཆེན་པོ་ཡིན། ང་དེའི་སློབ་མ་ཨུ་ཙི་ཏ་འཆི་བ་མེད་པ་བྱ་བ་ཡིན་ཟེར། དབང་ཕྱུག་དེ་ད་ལྟ་ག་ན་ཡོད་བྱས་པས། ས་འོག་རིམ་པ་དགུ། རི་རབ་ཀྱི་ཁོང་གསེང་ན་ཨུ་མ་དང་སྙོམས་པར་ཞུགས་ནས་ཡོད་ཟེར། ནམ་ལྡང་བྱས་པས། སངས་རྒྱས་སྟོང་རྩ་གཉིས་རྫོགས་པ་དང་ལྡང་ཟེར་རོ། འོ་ན་ཁྱོད་ཀྱི་གདམས་ངག་འདི་སངས་རྒྱ་བའི་ལམ་དུ་འདོད་དམ་མི་འདོད་བྱས་པས། འདོད་ཟེར་ནས། འོ་ན་རྗེ་སུ་བཟུང་བར་ཞུ་བྱས་པས། དེ་ལྟར་ན་ངའི་གདམས་ངག་འདི་ཡིན་ནོ་ཞེས་ཟེར་ནས་ཚིགས་བཅད་འདི་གསུངས་སོ། །ཁོ་བའི་གཟུགས་ཀྱིས་རླུང་བཟུང་ན། །སྐྲ་དཀར་གཉེར་མ་རྣམས་སླངས་ཏེ། །རྒས་དང་འཆི་བ་ལས་གྲོལ་ནས། །ནམ་མཁའ་བཞིན་ཏུ་འཆི་མེད་འགྱུར། ཞེས་གསུངས་སོ། །དེ་ལ་
༥༦འདི་ནི་ཡོན་པོ་སྲོང་བ་ཞེས་བྱ་བ་ཡིན་ཏེ། རྩ་ཡོན་པོ་ནི། རོ་རྐྱང་གཉིས། རླུང་ཡོན་པོ་ནི། ལྡང་འཇུག་གཉིས། ཐིག་ལེ་ཡོན་པོ་ནི་ཁུ་ཁྲག་གཉིས། དེ་རྣམས་བསྲོངས་པ་ནི་དབུ་མར་ཚུད་པ་སྟེ། རྩ་དང་རླུང་དང་བྱང་ཆུབ་སེམས་འཆིང་ནས་སངས་རྒྱས་ཀྱི་ལམ་དུ་འགྱུར་བ་ཡིན་ནོ། དེའི་ལག་ཏུ་བླང་བའི་རིམ་པ་ནི། ཉི་མ་འགའ་བཀུ་མཉེ་བྱ། སྤྱོད་ལམ་དལ་བར་བཞག །དེ་ནས་བསྒོམ་པ་ལ་འཇུག་པའི་ཚེ་སྟན་བདེ་བ་ལ་བསྡད་ལ། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། བྱང་ཆུབ་ཀྱི་སེམས་བསྒོམ། བླ་མ་སྤྱི་བོར་བསྒོམས་ལ་མོས་གུས་བྱ། ཡི་དམ་གྱི་ལྷ་དྲན་པར་བྱའོ། །དེ་ནས་དངོས་གཞི་ནི། ཁྲོ་བོའི་གཟུགས་ཀྱིས་རླུང་བཟུང་ན། ཞེས་བྱ་བ་ཡིན་པས། ལུས་སྐྱིལ་ཀྲུང་ལེགས་པར་བཅའ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ལ། པུས་མོ་གཉིས་ཀྱི་སྟེང་དུ་བཞག །མིག་གཉིས་མི་འཛུམ་པར་གྱེན་ལ་ལྡོག །ལྕེ་རྐན་ལ་སྦྱར། སོ་བསྒྲིགས་ལ་ཁ་བགྲད། སྟེང་རླུང་འོག་རླུང་ཁ་སྦྱར་ལ། ལྟོ་བ་ཚིག་པ་ལ་གཅེར། ལག་པ་གཉིས་པུས་མོའི་སྟེང་དུ། ཕར་ལ་རིམ་གྱིས་གྲེ་མོ་པུས་མོ་ལ་སླེབ་སླེབ་བཏང་ལ། ལུས་ཐམས་ཅད་ཉྭ་སུལ་ཐོན་ཐོན་སྒྲིམས་ན། ལུས་ཅུང་ཟད་འདར་བ་ཙམ་དུ་འགྱུར་ཏེ། དེ་ལྟར་ན་རླུང་འཆིངས་པར་འགྱུར་རོ། །དེ་ལྟ་བུའི་འཁྲུལ་འཁོར་དྲག་ཏུ་བྱེད་པའི་དུས་སུ་སྙིང་ཚ་ལམ་པའམ། མགོ་ན་སྐམ་པ་བྱུང་ན་སྦྱོར་བ་ཀློད། དེས་མ་ཞི་ན་འོ་དོད་འབོད་པ་དང་། ཁ་ཟས་བཟའོ། དེ་ལྟ་བུ་ལན་ཉི་ཤུ་རྩ་རེ་ཙམ་བྱས་ལ། ཀློད་ནས་སེམས་གསལ་སྟོང་ངོས་བཟུང་ཞིང་སྦྱོར་བ་ཀློད་ལ་བཞག །ཡང་སྔ་མ་བཞིན་ཏུ་རྩོལ་བ་དྲག་ཏུ་བྱ། དེ་ལྟ་བུ་ཐུན་གྲངས་ཐུན་ཚོད་མེད་པར་བྱས་ན། ཇི་ཙམ་ལ་ལུས་ཀྱི་འཁྲུལ་འཁོར་བྱས་མ་ཐག་ཏུ། གསལ་སྟོང་གི་ཏིང་ངེ་འཛིན་ཏུ་འགྲོ་བ་བྱུང་ན་འཁྲུལ་འཁོར་དང་པོ་མཐར་ཕྱིན་པ་ཡིན། །བརྟན་པར་བྱ་བའི་ཕྱིར། འཁྲུལ་འཁོར་གཞན་ཡང་བྱ་སྟེ། ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག །གཡས་པ་རྡོ་རྗེ་ཁུ་ཚུར་ནམ་མཁའ་ལ་ཕྱར་ལ་རླུང་ཁ་སྦྱར་ཏེ། སྔ་མ་བཞིན་ཏུ་བསྒྲིམ་སྟེ། ཡང་དེ་ལས་ལྡོག་སྟེ་གཡོན་པ་འཕྱར་ཏེ་གཡས་སྙིང་གར་བཟུང་ལ་སྔ་མ་བཞིན་ཏུ་སྦྱང་།
༥༧ཡང་གཡས་གཡོན་གཉིས་གཞུ་འགེངས་པ་བཞིན་ཏུ་བྱས་ལ་སྔ་མ་བཞིན་ཏུ་སྦྱར། ཡང་ལག་པ་གཉིས་ནམ་མཁའ་ལ་འཕྱར་ཏེ། ཡང་སྔ་མ་བཞིན་ཏུ་བསྒྲིམས་ཏེ་བསྒོམ། རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ཏེ་བཅིངས་ལ་ཡང་སྔ་མ་བཞིན་ཏུ་བསྒོམ་མོ། དེ་ལྟར་འཁྲུལ་འཁོར་གང་བཅིངས་ཀྱང་བརྗོད་བྲལ་གྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་ན། མཐར་ཕྱིན་པའི་ཚད་ཡིན་ནོ། །སྐྲ་དཀར་དང་གཉེར་མ་བྱུང་ན་གང་བྱུང་སར་མཆིལ་མ་བྱུགས་མཉེའོ། །དེས་སྐྲ་དཀར་དང་གཉེར་མ་མེད་པར་འགྱུར་རོ། །དེ་ལྟར་གྱུར་པ་དང་། ཟས་ལ་གཙང་རྨེ་མེད་པར་ཀུན་འདར་གྱི་ལོངས་སྤྱོད་པ་ལ་རིམ་གྱིས་བསླབ། དེ་ནས་མངོན་པར་ཤེས་པ་ལྔ་དང་། ནམ་མཁའ་ལ་འགྲོ་བ་དང་། འཆི་བ་མེད་པ་འགྲུབ་སྟེ། དེ་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་བསླབ། དེ་ནས་ས་རྣམས་རིམ་གྱིས་བགྲོད་ནས་སངས་རྒྱས་ཀྱི་ས་མངོན་ཏུ་འགྱུར་རོ། །འདིའི་འབྱུང་བ་ལུས་འཁྲུགས་དང་། ཏིང་ངེ་འཛིན་སེམས་ཀྱི་བར་ཆད་ནི་རང་ཞི་བར་འགྱུར། ཕྱི་རོལ་བདུད་ཀྱི་བར་ཆད་ནི། ངག་ཏུ་ཧཱུྃ་བརྗོད་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་བྱས་པས་རང་ཞིར་འགྱུར་རོ། །འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ནི། ཆོས་སྐུ་ངོ་བོ་ཉིད་མེད་པའི་ཡན་ལག །ལོངས་སྤྱོད་རྫོགས་པའི་སྐུ་ལ། ཁ་སྦྱོར་བདེ་ཆེན་ལོངས་སྤྱོད་རྫོགས་པ་གསུམ་མོ། །སྤྲུལ་པའི་སྐུ་ལ། སྙིང་རྗེ་ཆེན་པོ། །རྒྱུན་མི་འཆད་པ། འགོག་པ་མེད་པ་གསུམ་མོ། །རྩ་དང་རླུང་དང་ཐིག་ལེ་ཡོན་པོ་བསྲོང་བའི་གདམས་ངག་སློབ་དཔོན་བརྟུལ་ཞུགས་ཀྱི་སྤྱོད་པ་ནག་པོ་བའི་གསུངས་པ་འདི་དཔལ་ས་སྐྱའི་དགོན་པར་བྲིས་པ་ཡིན་ནོ། །འདིའི་བརྒྱུད་པ་ནི་གཏུམ་མོ་ལམ་རྫོགས་དང་འདྲའོ། ས་མཱསྟ་མི་ཐི། །

༄༅། །ཆོས་དྲུག་བསྡུས་པའི་ཟིན་བྲིས་བཞུགས་སོ༎

༦༥

ཆོས་དྲུག་བསྡུས་པའི་ཟིན་བྲིས་བཞུགས་སོ། །

༦༦

དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་རྡོ་རྗེའི་ལུས་ལ་རླུང་སེམས་ཀྱི་རྟེན་འབྲེལ་གནད་དུ་བསྣུན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་དབང་མེད་པར་མངོན་སུམ་དུ་བྱེད་པ། ཐབས་ལམ་ཁྱད་པར་ཅན་གྱི་ཁྲིད་འཆད་པར་བྱེད་པ་ལ། གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་གཉིས་ལས། དང་པོ་ནི་བརྒྱུད་པའི་གསོལ་འདེབས་བཞིན་གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ལ། རྒྱུད་དང་འབྲེལ་བ་ཐབས་ལམ་གྱི་དབང་དུ་བྱས་པ་དང་། བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་དབང་དུ་བྱས་པ་གཉིས་ལས། འདིར་བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་དབང་དུ་བྱས་ཏེ་བཤད་པ་ལ། སྔོན་འགྲོ། དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོ་གཞན་དུ་གསལ། གཉིས་པ་དངོས་གཞི་ལ། གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། བར་དོ། འཕོ་བ་དང་དྲུག་ལས། དང་པོ་གཏུམ་མོ་ལ། སྔོན་འགྲོ། དངོས་གཞི། བོགས་འདོན་པ་གསུམ་ལས། དང་པོ་སྔོན་འགྲོ་ལ། ཕྱི་ལུས་ཀྱི་སྟོང་ར། ནང་རྩའི་སྟོང་ར། སྲུང་

༦༧

བའི་འཁོར་ལོ། རྩ་ལམ་སྦྱང་བ། རྩ་གནས་བྱིན་གྱིས་བརླབ་པ་དང་ལྔ་ལས། དང་པོ་ཕྱི་ལུས་ཀྱི་སྟོང་ར་ནི། བླ་མའི་རྣལ་འབྱོར་ཡན་གྱི་སྔོན་འགྲོ་བྱ། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་གའི་འོད་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་མཐོངས་སུ་འཕྱར་བས། རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་ཅིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པས། ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྭཱཾ་ག་བསྣམས་པ། གཅེར་བུ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བས་སྲོག་བྲལ་བའི་སྙིང་ག་མནན་ཏེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཕྱི་ལྷའི་རྣམ་པ་ནང་སྟོང་པའི་ར་བའི་མིང་ཅན་དྭངས་ཤིང་གསལ་བས་སྒྲིབ་པ་མེད་པ། སོར་མོའི་སྦུབས་ཚུན་ཆད་སྟོང་སེང་ངེ་བ། དར་དམར་པོའི་གུར་རམ།

༦༨

ཕྲུམ་ཕུས་བཏབ་པ་ལྟ་བུ། དང་པོ་རང་གི་ལུས་ཚད་ཙམ། ད་ནས་ཁང་པ་དང་། རི་དང་། མཐར་ནམ་མཁའི་ཁམས་ཁྱབ་པར་བསྒོམ་པ་ལ་སེམས་ཟིན་པ། ཡང་ཇེ་ཆུང་དུ་སོང་བ་ཡུངས་འབྲུའམ། ཏིལ་འབྲུ་ཙམ་པ་སྐྱེ་མཆེད་ཤིན་ཏུ་གསལ་བ་ལ་དམིགས་པར་བྱའོ། །གཉིས་པ་ནང་རྩའི་སྟོང་ར་ནི། རང་རྣལ་འབྱོར་མ་ལ་ལུས་ཚད་ཙམ་དུ་གསལ་བའི་ཁོང་པའི་དབུས་དྲང་པོར་རྩ་དབུ་མ། དམར་བ་རྒྱ་སྒྱེགས་ཀྱི་ཁུ་བ། གསལ་བ་ཏིལ་གྱི་མར་མེ། དྲང་བ་ཆུ་ཤིང་གི་སྙིང་པོ། སྟོང་པ་ཤོག་གུ་ཁོང་སྟོང་ལྟ་བུ་མཚན་ཉིད་བཞི་ལྡན། མདའ་སྨྱུག་འབྲིང་བོ་ཙམ་གསལ་བཏབ། དེ་ཐེབས་པ་དང་འཁར་བ་དང་། ཀ་བ་དང་། ཁང་པ་དང་། རི་ཙམ་ནས་ནམ་མཁའ་ཐམས་ཅད་ལུས་ཀྱིས་ཁྱབ། །ལུས་ཀྱི་སོར་མོའི་མཐའ་ཚུན་ཆད་དབུ་མས་ཁྱབ་པར་བསྒོམ་མོ། ལུས་ཡུངས་འབྲུ་ཙམ་པའི་ཚེ་དབུ་མའང་སྐྲ་རྩེ་བརྒྱར་གཤགས་པའི་ཚད་ཙམ་དུ་ཕྲ་བ་བསྒོམ་མོ། དེ་ཡང་། མི་གསལ་བ་ལ་སྟོང་ར་བཅའ། །མ་ཟིན་པ་ལ་སྟོང་ར་བཅའ། །མི་གནས་པ་ལ་སྟོང་ར་བཅའ། ཞེས་གསུངས་སོ། །གསུམ་པ་སྲུང་བའི་འཁོར་ལོ་བསྒོམ་པ་ལ། ལུས་གནད། རླུང་གནད། དམིགས་པའི་གནད་གསུམ་ལས། ལུས་གནད་ནི་རྣམ་སྣང་གི་ཆོས་བདུན། རླུང་གནད་ནི་རླུང་རོ་ལན་གསུམ་བསལ་ནས། སྟེང་རླུང་མནན། ངག་རླུང་ཡིད་ཙམ་འཐེན་པའི་ཁ་སྦྱོར་ཙམ་ཐུབ་འཛིན་པ། དམིགས་པའི་གནད་ནི་རླུང་ཕྱིར་འགྲོ་བའི་ཚེ་བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ལྔ་པ་དཔག་ཏུ་མེད་པ་འཐོན། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་སྣ་ལྔ་པའི་རང་བཞིན་གྱིས་གང་། ནང་དུ་རྔུབ་པའི་ཚེ་བུ་ག་ཐམས་ཅད་ནས་ཞུགས་ལུས་ཐམས་ཅད་གང་བར་བསྒོམ་པ་ཐེངས་བདུན། དེ་ནས་འོད་ཟེར་རྣམས་ཧཱུྃ་ཡིག་སྣ་ཚོགས་པར་གྱུར་པས་ཕྱིར་འགྲོ་བའི་ཚེ་འཇིག་རྟེན་དང་། ནང་དུ་འཇུག་པའི་ཚེ་ལུས་གང་བར་བསམ་པ་བདུན། དེ་ནས་

༦༩

ཧཱུྃ་དེ་དག་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ནམ་མཁར་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ། ཤིན་ཏུ་ཁྲོ་ཞིང་གཏུམ་པ། ཁ་དོག་སྣ་ལྔ་པ་ཡུངས་འབྲུ་ཙམ་པ། རླུང་ཕྱིར་དབྱུང་བའི་ཚེ་འཇིག་རྟེན་ཁེངས་པ་ནང་དུ་བརྔུབས་ནས་འཛིན་པའི་ཚེ་ལུས་ཐམས་ཅད་གང་བར་བསྒོམ་བ་བདུན་ཏེ་ཉེར་གཅིག །དེ་ནས་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་བོ་ཞལ་ཕྱི་ལ་གཟིགས་པས་གཏམས་པ་གོ་གྱོན་པ་ལྟ་བུ་བསམ་མོ། །བཞི་པ་རྩ་ལམ་སྦྱང་བ་ནི། དབུ་མའི་གཡས་གཡོན་དུ་རོ་རྐྱང་གཉིས་ཀླད་རྒྱའི་སྟེང་ནས་སྣའི་སྒོར་ཟུག་པ། མར་སྣ་གསང་བའི་སྣ་རྩེར་ཟུག་པ། བུག་པ་ཧ་རེ་བའི་གཡོན་པའི་ནང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ གཡས་པའི་ནང་དུ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ རྣམས་པདྨའི་སྐུད་པ་ལྟ་བུར་ཕྲ་ཞིང་ཕྲ་བ། ཁ་དོག་དམར་པོ་བརྩེགས་མར་བསྒོམ། རླུང་ཕྱིར་དབྱུང་བའི་ཚེ་ཡིག་འབྲུ་རེ་རེ་ནས་ཕྱིར་རྒྱར་རྒྱང་འཐོན། ནང་དུ་འཇུག་པའི་ཚེ་གསང་བའི་སྣ་རྩེ་ནས་ཞུགས་པ་མགལ་མེ་འཁོར་བ་ལྟ་བུ་ལ་སེམས་འཛིན་ཅིང་རླུང་ཁ་སྦྱོར་དུ་བསྒོམ་མོ། དེ་ནི་ཆུ་འདྲེན་པའི་སྔོན་དུ་ཡུར་བ་གད་བྱེད་པ་དང་འདྲ་སྟེ་ཤིན་ཏུ་གནད་ཆེའོ། །ལྔ་པ་རྩ་གནས་བྱིན་གྱིས་བརླབ་པ་ནི། དབུས་ཀྱི་རྩ་དབུ་མ་གྲོ་སོགས་འབྲིང་བོའི་སྦུབས་ཙམ་པའི་སྙིང་གའི་ནང་དུ། རྩ་བའི་བླ་མ་དེའི་དབུ་ཐོག་ཏུ་ཆོས་དྲུག་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ། མུ་ཏིག་གི་འཕྲེང་བ་བསྒྲིགས་པ་ལྟ་བུར་ཤིན་ཏུ་ཕྲ་བ་བསྒོམས་ཏེ། ཆོས་དྲུག་གསོལ་འདེབས་སམ། ཡང་ན། སྣང་བ་གཏུམ་མོར་འཆར་བར་བྱིན་གྱིས་རློབས། སྣང་བ་སྒྱུ་མར་སྣང་བ་འོད་གསལ་དུ་སྣང་བ་སྐུ་གསུམ་དུ་གོང་ནས་གོང་དུ་

༧༠

འཕོ་བར་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མ་ལ་ཐིམ། དེ་ཟག་པ་མེད་པ་བདེ་བའི་རང་བཞིན་དུ་ཞུ་བས་ལུས་ཐམས་ཅད་གང་བར་བསམ་མོ། །གཉིས་པ་དངོས་གཞི་ལ། ལས་ཀྱི་གཏུམ་མོ། ཉམས་ཀྱི་གཏུམ་མོ། མཆོག་གི་གཏུམ་མོ་གསུམ་ལས། དང་པོ་ལས་ཀྱི་གཏུམ་མོ་ལ། བཅའ་བ་ལུས་ཀྱི་གནད། ཞི་དྲག་རླུང་གི་གནད། བསྒོམ་པ་དམིགས་པའི་གནད་གསུམ་ལས། དང་པོ་བཅའ་བ་ལུས་ཀྱི་གནད་ནི། བཞུང་དུ། ལུས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་། །སྒལ་ཚིག་རིན་ཆེན་རྩར་ལ་བརྒྱུས། །མཐོང་ཁ་རྒྱུན་དུ་ཡངས་པ་དང་། །ལྟོང་སྐོ་ཤིན་ཏུ་སྦ་བར་བྱ། །ལྕེ་ནི་ཡར་རྐན་ཉིད་དུ་གཏད། །མཉམ་གཞག་ཕྱག་རྒྱ་ལྟེ་འོག་བཙིར། །མིག་དང་ཤེས་པ་མ་འགྱུར་བར། །རླུང་སེམས་དྲིལ་ལ་དྲག་ཏུ་གཅུན། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཡང་ན་ལུས་ནི་ཙོག་པུར་བསྡད། །རེའུ་མིག་བཞིན་བསྣོལ་བར་བྱ། ཞེས་གསུངས་པའི་དོན། རྐང་པ་གཡས་སྟེང་དུ་བཏོན་པའི་རྡོ་རྗེ་སྐྱིལ་ཀྲུང་། མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅས་པའི་གྲུ་མོས་སྟོད་གཅུན། སྒལ་ཚིགས་དོར་རྩེ་བརྩེགས་པ་ལྟར་བསྲང་། མཐོང་ཁ་ཡངས་པར་བྱ། ཨོག་སྐོས་ཨོ་ལ་མདུད་མནན། ལྕེ་ཡར་རྐན་ལ་གཏད་པའི་མིག་གཉིས་སྣ་རྩེའམ། ཐད་ཀའི་བར་སྣང་ལ་བལྟའོ། །ཡང་ན་གཞན་སྔར་བཞིན་ལ། ལུས་ཙོག་པུ་རེའུ་མིག་བཞིན་བསྣོལ་བ། སྒོམ་ཐག་ཁུག་པས་མགོ་བོ་འཁོར་བ་ཚད་དེ། དེས་ལྷམ་སྒྲོག་འཆིངས་ནས་ལུས་བསྡམ། ཚངས་རའི་གདན་དུ་འབེབས་གདན་ཁྲུ་གང་། དཔངས་སུ་སོར་བཞི་ཡོད་པ་ནང་ཚངས་ཅན་བྱའོ། །གཉིས་པ་ཞི་དྲག་རླུང་གི་གནད་ལ། འཇམ་རླུང་དང་དྲག་རླུང་གཉིས་ལས། དང་པོ་འཇམ་རླུང་ལ། སྔོན་འགྲོ་འབུད་པ་དགུ་ཕྲུགས།

༧༡

དངོས་གཞི་སྦྱོར་བ་བཞི་ལྡན་གཉིས་ལས། དང་པོ་སྔོན་འགྲོ་འབུད་བ་དགུ་ཕྲུགས་ནི། གཡས་ནས་གཡོན། གཡོན་ནས་གཡས། དབུས་ནས་ཐད་ཀར་གཏད་ནས་འཇམ་པོ་མིས་མི་ཚོར་བ་གསུམ། དྲག་པོ་གསུམ། གཅུད་ཅིང་འབུད་པ་གསུམ་སྟེ་དགུ་ཕྲུགས་སུ་བྱའོ། །གཉིས་པ་དངོས་གཞི་སྦྱོར་བ་བཞི་ལྡན་ནི། ལྕགས་ཀྱུ་བཞིན་ཏུ་དགུག་པར་བྱ། །བུམ་པ་བཞིན་དུ་དགང་བ་དང་། །རྒྱ་མདུད་བཞིན་དུ་བསྔམས་ནས་སུ། །མདའ་ལྟར་གྱེན་དུ་འཕང་བར་བྱ། ཞེས་སམ། བརྔུབ་དང་དགང་དང་གཞིལ་བ་དང་། །འཕང་བར་བྱ་དང་རྣམ་པ་བཞི། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉན། ཞེས་པའི་དོན་ཕྱིའི་སོར་བཅུ་དྲུག་ཙམ་གྱི་ཐད་ནས་སྒྲ་མེད་དུ་སྣ་གཉིས་ཀྱི་ནང་དུ་གཞུག་པ་བརྔུབ་པ་དེ་ལྟེ་འོག་ཏུ་མནན། འོག་རླུང་ཅུང་ཟད་འཐེན་ནས་ཁ་སྦྱོར་དུ་འཛིན་པ་དགང་བ། མི་ཐུབ་ལ་ཁད་པ་དང་བརྔུབ་ཆུང་བྱ། གཡས་བཅག །གཡོན་བཅག །ཆ་མཉམ་དུ་བཅག་པ་གཞིལ་པ། དེ་ནས་མི་ཐུབ་ལ་ཁད་པ་དང་སྣ་གཉིས་ནས། དང་པོ་དང་མཇུག་ཏུ་ཤེད་ཆུང་ཞིང་། བར་དུ་ཤུགས་ཆེ་བར་དབྱུང་བ་མདའ་ལྟར་འཕང་པའོ། །གཉིས་པ་དྲག་རླུང་ནི། རླུང་ལོག་མི་འབྱུང་བ་འབུད་པའི་གནད། རླུང་རང་གནས་སུ་གཞུག་ལ་བརྔུབ་པའི་གནད། རླུང་དབང་དུ་འདུ་བ་དགང་བའི་གནད། རླུང་རྩ་མིག་ཏུ་གདབ་པ་གཞིལ་བའི་གནད། རླུང་ཕྱི་ནང་བསྲེ་བ་གཏོང་བའི་གནད་དོ།། །།གསུམ་པ་སྒོམ་པ་དམིགས་པའི་གནད་ལ། ཕྱིའི་གཏུམ་མོ། ནང་གི་གཏུམ་མོ། གསང་བའི་གཏུམ་མོ་གསུམ་ལས། དང་པོ་ཕྱིའི་གཏུམ་མོ་ནི། སྐད་ཅིག་ཙམ་གྱིས་ཡི་དམ་ལྷ། །སྒྱུ་མ་ལྟ་བུའི་སྐུ་བསྒོམས་ཏེ། ཞེས་གོང་བཞིན་རྣལ་འབྱོར་མའི་སྟོང་ར་ལུས་ཚད་ཙམ་གསལ་བཏབ། གཉིས་

༧༢

པ་ནང་གི་གཏུམ་མོ་ནི། །གདུང་དང་ཤིང་རྟ་ལྟར་གནས་པའི། །འཁོར་ལོ་བཞི་དང་བཅས་པ་བསྒོམ། ཞེས་པས། ལུས་སྟོང་རའི་དབུས་སུ་རྩ་དབུ་མ་ངོ་བོ་ཆོས་ཉིད་མཚོན་པས་སྟོང་པ། ཁ་དོག་བདེ་བ་མཚོན་པས་དམར་བ། བྱེད་ལས་སྒྲིབ་པ་དག་པས་གསལ་བ། མཚན་ཉིད་སྲོག་ཤིང་མཚོན་པས་དྲང་བ་སྟེ་མཚན་ཉིད་བཞི་ལྡན། ཚངས་བུག་ནས་ལྟེ་འོག་སོར་བཞིར་ཟུག་པའི་སྣ་གཉིས་བཅད་ཁར་ཡོད་པ། གཡས་གཡོན་དུ་རོ་རྐྱང་གཉིས་ལུག་རྒྱུད་ཀྱི་རྒྱུ་མ་ལྟ་བུ་གླད་རྒྱའི་སྟེང་ནས་མདུན་དུ་འཁྱོགས་ཤིང་སྣའི་སྒོར་ཟུག་པ། མར་སྣ་དབུ་མའི་ནང་དུ་ཆུད་པས་ཡི་གེ་ཆའི་འཕོངས་ལྟ་བུ། རྩ་གསུམ་འདུས་མཚམས་སྤྱི་བོར་རྩ་འདབ་སུམ་ཅུ་རྩ་གཉིས་ཁ་འོག་ཏུ་ལྟ་བ། མགྲིན་པར་བཅུ་དྲུག་ཡར་ལྟ་བ། སྙིང་གར་བརྒྱད་མར་ལྟ་བ། ལྟེ་བར་དྲུག་ཅུ་རྩ་བཞི་ཡར་ལྟ་བས་གདུགས་ཀྱི་རྩིབ་མ་ལྟ་བུའམ། ཤིང་རྟའི་འཁོར་ལོ་དང་རྒྱུད་རིམ་བཞིན་དུ་བསྒོམ་མོ། གསུམ་པ་གསང་བའི་གཏུམ་མོ་ནི། གཏུམ་མོ་ཨ་ཐུང་ཡུལ་གྱི་གནད། ཅེས་པ་ལྟེ་འོག་སོར་བཞིའི་དབུ་མའི་ནང་རོ་རྐྱང་གཉིས་འཛོམ་པའི་རྩེ་མོར། ཨ་ཐུང་ཤད་བླུ་ཏའི་རྣམ་པ་ཅན་སོར་ཕྱེད་པ། ཁ་དོག་དམར་སེར། རེག་བྱ་ཚ་བ། སྤུ་རྩེ་རླུང་གིས་བསྐྱོད་པ་ལྟ་བུར་བསྐྱོད་པ་མྱུར་བ་ཕེཾ་ཕེཾ་གྱི་སྒྲ་སྒྲོག་པ་དང་། སྤྱི་བོའི་དབུ་མའི་ནང་དུ་ཧཾ་ཡིག་དཀར་པོ་བདུད་རྩི་འཛག་ལ་ཁད་པ་གསལ་བཏབ་ནས། རླུང་བརྔུབས་པ་རོ་བརྐྱང་གི་ལམ་དུ་སོང་། དེ་གཉིས་ཕུས་བཏབ་པ་ལྟར་གང་ནས་དབུ་མའི་ནང་དུ་ཞུགས། ཨ་ཤད་ལ་ཕོག་བས་དམར་ལྟེམ་གྱིས་སོང་། དགང་བ་དང་གཞིལ་བའི་ཚེ་ཁོ་ན་ལ་སེམས་རྩེ་གཅིག་ཏུ་བཞག །དབྱུང་བའི་དུས་རླུང་དབུ་མའི་ནང་ནས་སྔོ་འཕྱུར་དོན་པར་བསམས་ནས། དངོས་སུ་སྣ་ནས་འབུད་དོ། དེ་ལ་སེམས་རྩེ་གཅིག་པ་ཐོབ་ནས། དེ་ནས་ཚུལ་འདྲ་བའི་རླུང་ཐོབས་གཉིས་པ་ལ། ཨ་ཤད་ལས་

༧༣

སོ་སོར་ཕྱད་པ་རྩེ་མོ་ཤིན་ཏུ་རྣོ་བ་འབར་བས། མཚན་ཉིད་བཞི་ལྡན་དུ་གྱུར་བ་འཕང་ཐུར་ལྟ་བུར་བསམ། རླུང་དེ་འདྲ་བ་རེ་རེས་མེ་སོར་ཕྱེད་ཕྱེད་སྦར་བས་བརྒྱད་ཀྱིས་ལྟེ་བར་སླེབ། རླུང་ཁུག་པ་བཅུས་ལྟེ་བའི་རྩ་འདབས་མེས་གང་། ཡང་བཅུས་ལྟོ་བ་ནས་མར་སོང་རྐང་སོར་གྱི་རྩེའི་བར་མེས་གང་། དེ་ནས་བཅུས་ཡར་འབར་བས་སྙིང་ག་མན་གང་། བཅུས་མགྲིན་པ་དང་། བཅུས་སྤྱི་བོ་གང་བ་འབར་བ་ལ་དམིགས་ནས། ནམ་མཁའི་བ་ནི་རིམ་བཞིན་བཞོ། ཞེས་པ་བཅུས་སྤྱི་བོའ་ཧཾ་ཡིག་མེས་ཆིལ་གྱིས་བཞུ་བས་བྱང་ཆུབ་སེམས་ཀྱིས་སྤྱི་བོ་གང་། བཅུས་མགྲིན་པ་གང་། བཅུས་སྙིང་ག །བཅུས་ལྟེ་བ། བཅུས་སོར་མོའི་མཐའ་ཚུན་ཆད་གང་བ་འཛག་པ་ལ་བསླབ་པ་སྟེ་རླུང་ཁུག་བརྒྱ་དང་བརྒྱད་ལ་ཐུན་གཅིག་ཏུ་བྱས་པ། དང་པོ་ཉིན་ཞག་རེ་ལ་ཐུན་དྲུག་དང་ཕྱིས་ནས་ཐུན་བཞི་ལ་སོགས་པ་རླུང་ཐག་རིང་ཐུང་ལ་ལྟོས་ནས་བྱ་སྟེ། ཟས་དང་ཁམས་གསོའི་གཉིད་མ་གཏོགས་པ་བར་མེད་དུ་བསྒོམ་མོ། དེ་ནི་ལུས་སེམས་རླུང་གསུམ་གྱི་ལས་ལ་གནད་དུ་བསྣུན་པའི་ཕྱིར་ལས་ཀྱི་གཏུམ་མོ་ཞེས་བྱའོ། །གཉིས་པ་ཉམས་ཀྱི་གཏུམ་མོ་ལ། ཐུན་མོང་དང་ཁྱད་པར་གྱི་ཉམས་གཉིས་ལས། དང་པོ་ཐུན་མོང་གི་ཉམས་ནི། རླུང་ནི་ཟིན་པར་གྱུར་པ་ན། །དང་པོ་དྲོད་ལྟ་བུ་འབྱུང་། །གཉིས་པ་བདེ་བ་འཆར་བ་དང་། །གསུམ་པ་མི་རྟོག་སྐྱེ་བར་འགྱུར། །དེ་ནས་རྣམ་རྟོག་ཤུགས་ཀྱིས་འགག །དུ་བ་སྨིག་རྒྱུ་མེ་ཁྱེར་དང་། །སྐྱ་རེངས་ཤར་བ་ཇི་བཞིན་དང་། །ནམ་མཁའ་སྤྲིན་དག་ལྟ་བུ་འབྱུང་། ཞེས་པའི་དོན། རླུང་ཕྱིར་འཕྲོ་བ་རྩོལ་བས་བཀག་པ་རང་གནས་སུ་གནས་པ་ནི་ཟིན་པ་ཞེས་བྱ་སྟེ། དེའི་དབང་གིས་རླུང་རྒྱུ་བའི་གྲངས་ཉུང་དུ་སོང་བ་རྒྱུ་བ་ཟིན་པ། ཕྱིར་སོང་ཚད་ཐུང་དུ་སོང་བ་རིང་ཐུང་ཟིན་པ། ཕྱིར་རྒྱུ་བའི་ཤད་ཉམས་པ་ཤུགས་ཟིན་པ། དེ་ནས་ཁ་དོག་ཤེས་པ་ཁ་དོག་ཟིན་པ།

༧༤

དེ་ནས་འབྱུང་བ་སོ་སོའི་ནུས་པ་ཐིམ་པ་སྟོབས་ཟིན་པ་སྟེ། དེ་ལྟར་རླུང་ཟིན་པས་གཏུམ་མོའི་རྦ་རླབས་བརྟན། དེ་ནས་རླུང་སེམས་རྣལ་དུ་ཚུད་པའི་དྲོད་སྐྱེ། དེས་རྩ་ཁ་བྱེ་བ་རྣམས་སུ་རླུང་གིས་ཐིག་ལེ་ཁྲིད་དེ་ཕྱིན་པས་རྩ་ཟུག་དང་། ཐིག་ལེའི་ཟུག་དང་། རིགས་དྲུག་གི་གནས་སྦྱོང་ཤར་བ་འདུས་པ་དང་པོ་སྡུག་བསྔལ་གྱི་དུས་སམ། དྲོད་ཀྱི་དུས་ཞེས་བྱའོ། །དེ་ནས་རྩ་རྒུད་པ་རླུང་དང་ཁམས་ཀྱིས་གསོས་པས་བྱང་ཆུབ་ཀྱི་སེམས་འཕེལ་ཞིང་སྨིན་ནས་ཐག་པ་དང་བཅས་པའི་བདེ་བ་མཐའ་ཡས་པ་རྙེད་པ་ནི་གཉིས་པ་བདེ་བའི་དུས་སོ། །དེ་ནས་ནང་གི་བདེ་བ་ལ་སེམས་ཆགས་པས་ཕྱི་རོལ་གྱི་དངོས་པོ་ལ་དགའ་བ་ཉམས། རྒྱུ་དེས་རྣམ་རྟོག་རྒྱུན་ཆགས་ཀྱི་དུག་ཞི་ནས་སེམས་རྣལ་དུ་ཕེབས་པ་རྣམ་པར་མི་རྟོག་པ་ཞི་གནས་ཀྱི་ཏིང་ངེ་འཛིན་ཤར་ཞིང་། དེ་ལ་གོམས་པ་གསུམ་པ་མི་རྟོག་པའི་དུས་སོ། །དེ་ལྟ་བུའི་ཞི་གནས་དེའང་ཚོར་བ་བཏང་སྙོམས་ཀྱི་མཚན་ཉིད་ཅན་མ་ཡིན་ཏེ། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་དང་། སྒྲོན་མའམ་སྐྱ་རེངས་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ལ་སོགས་པའི་ཉམས་ཀྱི་སྣང་བ་བགྲང་དུ་མེད་པས་ལྷག་པར་གསལ་བའི་ཕྱིར་རོ། །རྣལ་འབྱོར་པས་ཁམས་འདུས་པ་གསུམ་པོ་དེ་གང་གི་གནས་སྐབས་སུའང་རྟགས་མཚན་ཡོད་པ་མི་སྤངས། མེད་པ་མི་བསྒྲུབ་པར་བྱུང་རྒྱལ་དུ་ལས་ཀྱི་གཏུམ་མོ་བསྐྱངས་པས་རླུང་ལས་སུ་རུང་བར་གྱུར་ཏེ་ཕྱི་རོལ་གྱི་ནད་དང་རྒས་པ་ལ་སོགས་པའི་རྐྱེན་གང་གིས་ཀྱང་གནོད་མི་ནུས་ཤིང་། ཟག་པ་དང་བཅས་པའི་མངོན་ཤེས་ལྔ་ལ་སོགས་པ་ཡོན་ཏན་མཐའ་ཡས་པ་འབྱུང་ངོ། །གཉིས་པ་ཁྱད་པར་གྱི་ཉམས་ནི། །དེ་ཡི་རྐྱེན་གྱིས་དྷཱུ་ཏཱི་རུ། །རླུང་རྣམས་ཚུད་པར་གྱུར་བ་ཡིས། ཅེས་དང་། ཁྱད་པར་རྟགས་ལྔ་ཡོན་ཏན་བརྒྱད། ཅེས་པ་ཐུན་མོང་གི་དུས་སུ་འབབ་འབུན་འདེད་གྱིས་རླུང་དབུ་མར་ཞུགས་པ། སྲོག་རྩོལ་

༧༥

གྱིས་རླུང་དབུ་མར་ཚུད་པ་ཞེས་བྱ་བ། འདིར་ནི་རྣལ་འབྱོར་གྱི་སྟོབས་ཀྱིས་དབུ་མར་ཚུད་པ་ཞེས་བྱ་བ་ཕྱི་ནང་གི་རླུང་གཅིག་ཏུ་འདྲེས་པ་སྲོག་ཐུར་གོང་བུ་གཅིག་ཏུ་གྱུར་ནས། ལུས་ཀྱི་ལྟེ་བ་གསང་གནས་ཀྱི་འཁོར་ལོ་ནས་དབུ་མར་ཞུགས་ཤིང་འཁོར་ལོ་བཞིའི་ལྟེ་བ་ནས་ལྟེ་བ་འབའ་ཞིག་ཏུ་འགྲོ་འོང་བྱས་པས་གཏུམ་མོ་ཡེ་ཤེས་ཀྱི་མེ་སྟོབས་སུ་གྱུར་ནས་བྱང་ཆུབ་ཀྱི་སེམས་ཐམས་ཅད་དུ་འདུས་པས་མདུད་པ་ལྷོད་པར་གྱུར་པ་དེའི་དབང་གིས་ཁྱད་པར་གྱི་རྟགས་ལྔ། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྐྲ་གཅན་དང་། གོ་གཅེས་བྱ་བ་དང་། འོད་ཟེར་སེར། དཀར། དམར། སྔོ། དམར་སྐྱ་ལྔའི་དབུས་སུ་ལུས་ཆུང་བ་དང་། ཡོན་ཏན་བརྒྱད་ཀྱི་རྟོགས་པ་མངོན་དུ་འགྱུར་ཏེ། དེ་ཡང་། སའི་ཡོན་ཏན་སྲེད་མེད་ཀྱི་བུའི་སྟོབས་དང་། ཆུའི་ཡོན་ཏན་མཉན་ལྕུག་དང་། མེས་མི་འཚིག །མེའི་ཡོན་ཏན་དངོས་པོ་ཐམས་ཅད་འབྱིན་སྡུད་ནུས་ཤིང་། ཆུར་མི་བྱིང་། རླུང་གི་ཡོན་ཏན་རྐང་མགྱོགས་དང་ལུས་ཤིང་བལ་ལྟ་བུར་ཡང་བ། ནམ་མཁའི་ཡོན་ཏན་འཕུར་བ་དང་། ས་དང་ཆུ་ལ་སོགས་པ་ཐམས་ཅད་ལ་ཐོགས་པ་མེད་པ། ཟླ་བའི་ཡོན་ཏན་ལུས་ཤེལ་ལྟར་དྭངས་ནས་གྲིབ་མ་མི་འབྱུང་། ཉི་མའི་ཡོན་ཏན་ལུས་སྙིགས་མ་དག་པའི་འཇའ་ལུས་སུ་གྱུར་པས་གཞན་གྱིས་མི་མཐོང་། ཐམས་ཅད་ཀུན་ཏུ་སོན་པའི་ཡོན་ཏན་སྐུའི་སྒོ་དགུ་འགག །གསུང་གི་སྒོ་བཞི་འགག །ཐུགས་ཀྱི་སྒོ་གཉིས་བྱེ་བས་བདེ་བ་ཆེན་པོ་ནང་ནས་འཆར་ཞིང་དེའི་དབང་གིས་རྣམ་པ་ཐམས་ཅད་པའི་ཐོད་བརྒལ་གྱི་ཏིང་ངེ་འཛིན་ཁོར་མོ་ཡུག་ཏུ་འཆར་བ་ཡིན་ནོ། །གསུམ་པ་མཆོག་གི་གཏུམ་མོ་ནི། མ་བཅོས་གཉུག་མ་ལྷན་ཅིག་སྐྱེས། །ཟག་པ་མེད་པའི་ཏིང་འཛིན་གནས། །ཞེས་པས། གཡོན་ཕུང་པོ་ལྔའི་རླུང་དེ་བཞིན་གཤེགས་པ་དང་། གཡས་ཁམས་ལྔའི་

༧༦

རླུང་དེ་བཞིན་གཤེགས་མའི་རང་བཞིན་དབུ་མའི་ནང་དུ་མས་རིམ་གྱིས་ཐིམ་པས་ཟག་པ་མེད་པའི་བདེ་བ་ཆེན་པོ་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པའི་གཉུག་མ་སེམས་ཀྱི་གནས་ལུགས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་རྒྱུ་མཐུན་དང་། རྣམ་སྨིན་དང་། སྐྱེས་བུ་བྱེད་པ་དང་། བྲལ་བའི་འབྲས་བུའི་ཚུལ་བཞིས་བྱང་ཆུབ་ཀྱི་སེམས་གྱེན་དུ་གཤེགས་པས་དབུ་མའི་ཡར་སྣ་རཻངས་ནས། གཙུག་ཏོར་པ་ལྟར་མི་མངོན་པ་འགྲུབ། དེ་བྱང་ཆུབ་ཀྱིས་སེམས་ཀྱིས་གང་བའི་ཚེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་ཡིན་ནོ། །ཁམས་དཀར་པོ་གསད་བའི་སྣ་རྩེ་ནས་གྱེན་དུ་རེངས་ནས་གཙུག་ཏོར་གྱི་མཐར་ཐུག་པར་གང་བ་དང་། །དམར་པོ་གཙུག་ཏོར་ནས་རེངས་ཏེ་རྐང་པའི་མཐེ་བོང་གི་མཐར་ཐུག་པ་གང་བ་ལྷན་ཅིག་ཏུ་འབྱུང་བ་ཡིན་ནོ། །གསུམ་པ་བོགས་འདོན་ལ། དྲོད་ཀྱི་བོགས་འདོན་དང་། བདེ་བའི་བོགས་འདོན་གཉིས་ལས། དང་པོ་དྲོད་ཀྱི་བོགས་འདོན་ལ། ལུས་གནད། རླུང་གནད། དམིགས་པའི་གནད་ལས། ལུས་གནད་ནི། ཙོག་པུར་རྐང་པ་བསྣོལ་བའི་རྒྱུ་མ་ཁུང་གཉིས་ལག་པ་རིང་ན་བསྣོལ། ཐུང་ན་རང་དགར་འཁྱུད། ཕོ་བ་གཡས་གཡོན་དུ་སྒྲིལ་བ་གསུམ་གསུམ་དང་། དེ་ནས་ཐུབ་ཚད་དུ་གཙུབ། མཐར་རྟ་རྒོད་སྤྲུགས་པ་ལྟར་དྲག་ཏུ་སི་ལི་ལི་སྤྲུག་པ་དང་བསྟུན་རྡེབ་ཆུང་གཅིག་བྱེད། དེ་འདྲ་བ་གསུམ་གྱི་མཐར་ཚིག་རྫོགས་ཀྱི་རྡེབ་ཆེན་རེ་བྱའོ། །རླུང་གནད་ནི་སྟེང་མནན། འོག་བསྔམ་པའི་བུམ་པ་ཅན་ནོ། །དམིགས་པའི་གནད་ནི་རང་ཉིད་རྣལ་འབྱོར་མའི་སྟོང་ར་རྩ་གསུམ་འཁོར་ལོ་བཞི་ཨ་ཤད་དང་བཅས་པ་གསལ་བཏབ་པའི། འོག་གི་ལག་པ་དང་རྐང་པའི་

༧༧

མཐིལ་གཉིས་སུ་ཉི་མ་རེ་རེ་སྟེ་ཁ་སྦྱར། སུམ་མདོར་ཉི་མ། རྐང་ལག་གི་ཉི་མ་བསྲུབས་པས་མེ་འབར། ལྟེ་འོག་གི་ཉི་མ་ལ་ཕོག །དེ་ལས་མེ་འབར་ཨ་ཤད་ལ་ཕོག །དེ་ལས་མེ་འབར་ལུས་ཐམས་ཅད་གང་། རླུང་ཕྱིར་གཏོང་བའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་མེའི་རང་བཞིན་དུ་འབར་བར་བསྒོམ་མོ། རྡེབ་ཆེན་ཉེར་གཅིག་ལ་ཐུན་གཅིག་ཏུ་བྱས་ནས། ཞག་བདུན་དུ་བསྒོམས་ན་རས་ཐུབ་པར་མཚོམ་མེད་དོ། །གཉིས་པ་བདེ་བའི་བོགས་འདོན་ལ། སྔོན་འགྲོ་ཡིད་རིག །དངོས་གཞི་འབར་འཛག །རྗེས་བཅའ་བ་ལུས་ཀྱི་འཁྲུལ་འཁོར་རོ། །སྔོན་འགྲོ་ཡིད་རིག་ནི། མདུན་དུ་ཡིད་ཀྱི་རིག་མ་མིའི་བུ་མོ་མཚན་དང་ལྡན་པ་སེམས་ཆགས་སུ་རུང་བ་ཞིག་བསྒོམ་མོ། དངོས་གཞི་འབར་འཛག་ལ། ཟུས་གནད་མེ་ཐབ་དྲུག་ཆིངས། །རླུང་གནད་སྦྱོར་བ་བཞི་ལྡན། དམིགས་པའི་གནད། རང་ཉིད་འཁོར་ལོ་སྡོམ་པར་གསལ་བའི་སྟོང་ར་དར་སྔོན་པོའ་གུར་ཕུབ་པ་ལྟ་བུའི་ལུས་ཀྱི་ནང་དུ་རྩ་གསུམ་འབོར་ལོ་བཞི། ཨ་ཤད་ཧཾ་ཡིག་དང་བཅས་གོང་བཞིན་གསལ་བཏབ། རླུང་གིས་ཨ་ཤད་ལས་མེ་སྦར། དེའི་དྲོད་ཀྱིས་ཧཾ་ཡིག་ཞུ་བའི་ཐིགས་པ་ལྷུང་། ཨ་ཤད་ལ་ཕོག་ཚེགས་སྒྲ་དང་བཅས་པས་མེ་ལྕེ་མར་ཐུར་དུ་སོང་། སླར་སྔ་མ་ལས་ཆེར་འབར་བས་ལྟེ་བར་སླེབ། ཧཾ་ཡིག་ཆེར་ཞུ་བའི་ཐིགས་པ་ཕོག་པས་མར་བྲོས། དེས་ཆེར་གསོས། མེ་ལྕེ་སྙིང་གར་སླེབ། ཚུལ་དེས་མགྲིན་པ་དང་སྤྱི་བོར་ཕྱིན་པས་ཧཾ་ཡིག་ཆིལ་གྱིས་བཞུ་བའི་རྒྱུན་མགྲིན་པའི་རྩ་འཁོར་གང་བར་བབས་པས་དགའ་བའི་བདེ་བ་དང་། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང་། སྟོང་པའི་ངང་དུ་མཉམ་པར་གཞག །དེ་ནས་སྙིང་ག་གང་བ་མཆོག་དགའ་དང་། རྣམ་པར་སྨིན་པ་དང་། ཤིན་ཏུ་སྟོང་པ། ལྟེ་བས་ཁྱད་དགའ་དང་། རྣམ་པར་ཉེད་པ་དང་། སྟོང་པ་ཆེན་པོ། གསང་བའི་སྣ་

༧༨

རྩེའི་མཐར་ཐུག་པར་བབས་པས་ལྷན་ཅིག་སྐྱེས་པའི་དགའ་བ། མཚན་ཉིད་དང་བྲལ་བའི་སྐད་ཅིག་ཐམས་ཅད་སྟོང་པ། འོད་གསལ་ངོས་བཟུང་ནས། འཛག་མེད་དུ་བཟུང་བས་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་གང་བ་དགའ་བ་ནས་ལྷན་སྐྱེས་ཀྱི་བར་ངོས་གཟུང་བར་བྱའོ། །རྗེས་བཅའ་བ་ལུས་ཀྱི་འཁྲུལ་འཁོར་ནི། རྩ་བའི་འཁྲུལ་འཁོར་ནཱ་རོ་དྲུག་སྐོར་དང་། ཉི་ཤུ་པ་དང་། ལྔ་བཅུ་པ་ལ་སོགས་པ་བྱའོ། །གཉིས་པ་སྒྱུ་ལུས་ལ། མ་དག་པའི་སྒྱུ་ལུས་རྒྱུ་མར་སྦྱང་བ། དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་གསུམ་ལས། དང་པོ་མ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ་ནི། རྣམ་པར་སྨིན་པའི་སྒྱུ་ལུས་དང་། ཞེས་པ། རང་གི་མདུན་དུ་ཤིང་བུ་ལ་མེ་ལོང་བཏགས་པ་ལའམ། གང་ཡང་རུང་བ་ལ་གཟུགས་འཆར་དུ་བཅུག་ནས། དེ་ལ་རྙེད་པ་སྦྱིན་པ་དང་། གྲགས་པ་དང་། བསྟོད་པ་དང་། བདེ་བས་དགའ་བ་དང་། འཕྲོགས་པ་དང་། མི་སྙན་པ་དང་། སྨད་པ་དང་། སྡུག་བསྔལ་བས་མི་དགའ་བ་མི་འབྱུང་བ་བཞིན་དུ། །རང་དང་མེ་ལོང་གི་བར་དུ་གཟུགས་བརྙན་དེ་འདྲ་བ་བསྒོམས་ལ་སྦྱར། དེ་ནས་རང་ཉིད་མེ་ལོང་གི་གཟུགས་བརྙན་དང་ཁྱད་པར་མེད་པར་བལྟས་ཏེ་ཐམས་ཅད་ལ་དཔེ་བཅུ་དྲུག་གིས་སྒྱུ་མ་ལྟ་བུར་བློ་སྦྱོང་ཞིང་དོ་གལ་དུ་འཛིན་པ་སྤང་བར་བྱའོ། །གཉིས་པ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བས། བསྐྱེད་རིམ་སྒྱུ་མ་དང་། རྫོགས་རིམ་སྒྱུ་མ་གཉིས་ལས། དང་པོ་བསྐྱེད་རིམ་སྒྱུ་མ་ནི། གསང་བའི་དབང་གི་དུས་དག་ཏུ། །མི་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། ཞེས་པས། རྡོ་རྗེ་སེམས་དཔའ་འམ། ཡི་དམ་གྱི་ལྷ་གང་ཡང་རུང་བའི་བྲིས་སྐུ་འགྱིང་ལོག་མེ་ལོང་དུ་འཆར་དུ་བཅུག་ལ། དེའི་གཟུགས་བརྙན་ལ་མིག་དང་ཤེས་པ་མ་འགྱུར་བར་

༧༩

བལྟས་ནས་དེ་ཇི་ལྟ་བ་ཡིད་ཡུལ་དུ་བསྒོམས་པས་འཆར་པ་དང་། མེ་ལོང་དང་རང་གི་བར་དུ་བསྒོམ། དེ་ནས་རང་མེ་ལོང་ནང་གི་ལྷའི་གཟུགས་དེ་ཇི་ལྟ་བར་བསྒོམས་པས། རེག་ཏུ་རུང་བ་ཙམ་དུ་འཆར་ན། གང་མཐོང་བའི་གཟུགས་གཅིག་དེ་ལྟ་བུའི་ལྷའི་སྐུར་བསྒོམ། དེ་གསལ་ན་གང་མཐོང་བའི་གཟུགས་ཐམས་ཅད་ཡི་དམ་གྱི་ལྷ་དེ་ལྟ་བུར་གསལ་བཏབ་པས། སྣང་བ་ཐམས་ཅད་ལྷའི་རོལ་པར་འཆར་བ་ལྷའི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། བསྐྱེད་རིམ་སྒྱུ་མ་དང་། ཆོས་ཅན་ལྷ་དང་ལྷ་མོར་དག་པ་ཞེས་བྱའོ། །གཉིས་པ་རྫོགས་རིམ་སྒྱུ་མ་ནི། ཐམས་ཅད་མཁྱེན་པའི་རྒྱུ་དེ་སྟེ། དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། ཞེས་པ་ལུས་གནད་རྣམ་སྣང་གི་ཆོས་བདུན། སེམས་འདས་པའི་རྗེས་མི་དཔྱད། མ་འོངས་པའི་སྡུན་མི་བསུ། ད་ལྟ་བར་བཟོ་མ་བྱས་པར་མ་ཡེངས་པས་བར་སྣང་སྟོང་སེང་ངེ་བ་ལ་རྩེ་གཅིག་ཏུ་བལྟས་པས། རླུང་སེམས་དབུ་མར་ཚུད། རྣམ་པར་རྟོག་པ་ཞི་ནས། དུ་བ་ལ་སོགས་པའི་རྟགས་ལྔ། ཁྱད་པར་སྤྲིན་མེད་པའི་ནམ་མཁའ་ལ་སངས་རྒྱས་ཀྱི་སྐུའི་སྣང་བ་ཆུའི་ཟླ་བའམ། མེ་ལོང་ལ་གཟུགས་ཤར་བ་ལྟར་དྭངས་ཤིང་གསལ་ལ་སྒྲིབ་པ་མེད་པ། མཚན་དང་དཔེ་བྱད་ལྡན་པའི་སྤྲུལ་པའི་སྐུ་མཐོང་ཞིང་། དེ་ནས་སྒྲར་སྣང་བའི་ལོངས་སྐུ་འབྱུང་ངོ། །དེ་ཡང་དེ་བས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་རླབས་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་མཐོང་བ་མེད། ཅེས་གསུངས་སོ། །གསུམ་པ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་ནི། ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། ཅེས་པ་མཉམ་གཞག་དེ་བརྟན་པ་དང་། རྗེས་ཤེས་ཀྱི་སྣང་བའི་སྟེད་དུ་སྟོང་གཟུགས་དྲངས་ནས་བལྟས་པས། འཁོར་འདས་ལ་སོགས་པའི་གཉིས་སུ་སྣང་བའི་ཆོས་ཐམས་ཅད་

༨༠

གཉིས་སུ་མེད་པའི་ཡེ་ཤེས་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་ཏིང་ངེ་འཛིན་དུ་འཆར་ཞིང་། དེ་ཉིད་ལ་མཉམ་པར་བཞག་པས་འོད་གསལ་དུ་དག་པར་འགྱུར་རོ། །གསུམ་པ་རྨི་ལམ་ལ། གཟུང་བ། སྦྱང་བ། སྒྱུ་མར་བསླབ་པ། རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་བཞི་ལས། དང་པོ་གཟུང་བ་ལ། འདུན་པའི་སྟོབས་ཀྱིས་གཟུང་བ། རླུང་གིས་སྟོབས་ཀྱིས་གཟུང་བ། དམིགས་པའི་སྟོབས་ཀྱིས་གཟུང་བ་གསུམ་ལས། དང་པོ་འདུན་པའི་སྟོབས་ཀྱིས་འཛིན་པ་ནི། དང་པོར་རྨི་ལམ་གཟུང་བ་དང་། ཞེས་པ་དྲན་པ་རྒྱུན་ཆག་འདུན་པ་རྗེས་འབྲང་དུ་བྱེད་པ་སྟེ། དེའང་ཉིན་པར་གྱི་གནས་སྐབས་ཐམས་ཅད་དུའང་། རྨི་ལམ་ཡིན་སྤྱད་དགོས་སྙམ་པའི་དྲན་པ་དང་། ནུབ་མོ་ཉལ་ཁར་བླ་མ་ལ་རྨི་ལམ་ཟིན་པའི་གསོལ་བ་བཏབ། རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་ཡིད་ལ་དྲག་པོ་བསྒོམས་པས་ངེས་པར་ཟིན་ཏེ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། འདུན་པའི་རྩ་ལ་རབ་ཏུ་གནས། ཞེས་སོ། །གཉིས་པ་རླུང་གི་སྟོབས་ཀྱིས་འཛིན་པ་ནི། གཞོགས་གཡས་འོག་ཏུ་ཕབ། སེང་གེའི་འདུག་སྟངས་ཀྱིས་ཉལ། ལག་གཡས་པའི་མཐེབ་སྲིན་གྱིས་མགྲིན་པའི་རྩ་འཕར་བ་མནན། མཛུབ་མོས་སྣ་དམ་པོར་བཀག །མཆིལ་མ་མགྲིན་པར་བསྐྱིལ་ལོ། །གསུམ་པ་དམིགས་པའི་སྟོབས་ཀྱིས་འཛིན་པ་ལ། དངོས། སྤོགས་ཆོག །འབྱམས་གཅོད་པ་ལས། དངོས་ནི། རང་ཉིད་ལྷར་བལྟས་པའི་མགྲིན་པའི་དབུས་སུ་གསུང་རྡོ་རྗེའི་ངོ་བོ་ཨཱཿཡིག་དམར་པོ་གསལ་བཏབ། དེའི་འོད་ཀྱིས་སྣང་བ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པའི་སྒྱུ་མར་བསྒོམས་པས་ཟིན་པར་འགྱུར་རོ། །སྤོགས་ཆོག་ནི། སྲོད་ལ་ཁ་རྩང་གི་དམིགས་པ་དེ་ཀས་འཛིན། ཐོ་རངས་རླུང་བུམ་པ་ཅན་བདུན། རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་ཐེངས་བཅུ་

༨༡

གཅིག །དམིགས་པ་སྨིན་མཚམས་སུ་རུས་པའི་ཐིག་ལེ་དཀར་པོ་ལ་སེམས་གཏད་དོ། །ཁྲག་ཤས་ཆེ་ན་དམར་པོ་དང་། རླུང་ཤས་ཆེ་ན་ལྗང་ཁུར་བསྒོམ། དེས་མ་ཟིན་ན། སྲོད་ལ་དེ་ཀ་བསྒོམ། ཐོ་རངས་རླུང་ཉི་ཤུ་རྩ་གཅིག །འདུན་པའང་ཉེར་གཅིག །དམིགས་པ་གསང་བའི་སྣ་རྩེར་ཐིག་ལེ་ནག་པོ་རིལ་མ་ཙམ་ལ་ཤེས་པ་གཏད་པས་ཟིན་པར་འགྱུར་རོ། །འབྱམས་གཅད་པ་ནི། སད་འབྱམས་ནི། རྨི་ལམ་ཟིན་ཀྱང་སྤྱད་དགོས་བསམ་པ་དང་འཕྲལ་དུ་སད་པའོ། །དེ་ལ་ཟས་བཅུད་ཅན་བསྟེན། ལུས་ངལ་དུབ་ཀྱི་ལས་བྱས་པས་གཉིད་ཆེ་བར་འགྱུར་རོ། །དེས་སེལ་ལོ། །དྲེད་འབྱམས་ནི། སྔར་གྱི་རྨི་ལམ་ཡོང་བཞིན་པ་ཞིག་གཏན་དུ་རྨིས་ནས་འགྱུར་དུ་མ་འདོད་པ་སྟེ། དེ་ལ་ཡང་ཡང་དུ་རྨི་བ་དེ་བསྒོམ། ད་རྨི་ལམ་སྦྱང་བར་བྱའོ་སྙམ་པའི་འདུན་པ་ལ་འབད། སྨིན་མཚམས་ཀྱི་ཐིག་ལེ་དང་རླུང་སྦྱོར་རོ། །རྡུགས་འབྱམས་ནི། རྨི་ལམ་མང་པོ་རྨིས་པ་ལ་ཡེ་དྲན་པས་མ་ཟིན་པ་དང་། གྲིབ་དང་མི་གཙང་བ་ལ་འཛེམ། ཏིང་ངེ་འཛིན་གྱི་དབང་བླང་། གསང་གནས་ཀྱི་ཐིག་ལེ་ལ་དམིགས་པ་དེས་སེལ་ལོ། སྟོང་འབྱམས་ནི། རྨི་ལམ་རྨི་རུ་ཡེ་མ་འདོད་པ་སྟེ། དེ་ལ་གསང་གནས་ཀྱི་ཐིག་ལེ་ལ་དམིགས་པ་དང་རླུང་བསྒོམ། ཁྱད་པར་ཚོགས་གཏོར་གྱིས་དཔའ་བོ་མཁའ་འགྲོ་མཉེས་པར་བྱའོ། །གཉིས་པ་སྦྱང་བ་ནི། དེ་ནས་སྦྱང་ཞིང་ཞེས་པ། རྨི་ལམ་དུ་མེ་ལྟ་བུ་རྨིན། རྨི་ལམ་གྱི་མེ་ལ་འཇིགས་སུ་ཅི་ཡོད་སྙམ་ནས་དེའི་སྟེང་དུ་མཆོད་པ་སོགས། གང་རྨི་བ་ལ་ཐོག་བརྫིས་གཏང་ཞིང་། དེ་ལ་གོམས་ནས་ཞིང་ཁམས་སྣ་ཚོགས་པ་བལྟ་བར་བྱའོ། །དེ་ལ་ཉལ་ཁར་མགྲིན་པའི་དབུས་སུ་ཐིག་ལེ་དམར་པོའི་ནང་དུ་གང་བལྟ་འདོད་བའི་ཞིང་ཁམས་དེའི་ཡོན་ཏན་ཐམས་ཅད་གསལ་བར་ཤར་བར་མོས་ཏེ་སེམས་བཟུང་བས། དགའ་ལྡན་ནམ། བདེ་བ་ཅན།

༨༢

མངོན་པར་དགའ་བ་ལ་སོགས་པ་གང་འདོད་པའི་ཞིང་ཁམས་མཐོང་བ་འབྱོངས་པའི་ཚད་དོ། །གསུམ་པ་སྒྱུ་མར་བསླབ་པ་ནི། སྒྱུ་མར་བསླབ་པ། དེ་ཚེ་ཡང་སྤང་བ་དང་། ཞེས་པས། མ་རྨི་ན་ཆུར་སྤྲུལ་པ་གོ་ཟློག་གི་གཉེན་པོ་དང་། ཆུང་དུ་རྨི་ན་ཆེན་པོར་སྤྲུལ། ཆེན་པོ་ཆུང་ངུར་བསྒྱུར་བ་སྟོབས་ཆེ་ཆུང་དང་། གཅིག་རྨི་ན་མང་པོར་བསྒྱུར། མང་པོ་གཅིག་ཏུ་སྡུད་བ་ལ་གོམས་ན། རྨི་ལམ་དུ་རང་གི་ལུས་དང་གང་མཐོང་ཐམས་ཅད་ལྷའི་སྐུ་སྒྱུ་མ་ལྟ་བུར་བསྒོམས་པ་དེ་ལྟར་དུ་ཤར་བ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་བསྒོམ་པ་ནི། ཁོ་ན་ཉིད་དོན་བསྒོམ་པའོ། །ཞེས་པས། རྨི་ལམ་གྱི་སྣང་བ་གང་མཐོང་ལྟར་མཐོང་ནས་རྨི་ལམ་གྱི་བག་ཆགས་དག །ལྷའི་སྐུ་ལ་སེམས་བཟུང་ནས་མ་བཅོས་པར་མཉམ་པར་གཞག་པས་ལྷའི་སྣང་བ་དེ་ཉིད་དམིགས་པ་མེད་པའི་ངང་དུ་ཞི་ནས་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་གྱི་འོད་གསལ་འཆར། དེ་ལ་གོམས་པར་གྱུར་ན་གཉིད་ལོག་པ་དང་། སད་པ་ཁྱད་པར་མེད་པ་སྣང་པ་ཐམས་ཅད་འོད་གསལ་དུ་འཆར་བས་སྣང་སེམས་འདྲེས་པར་འགྱུར་རོ། །བཞི་པ་འོད་གསལ་ལ། གཞིའི་འོད་གསལ། ལམ་གྱི་འོད་གསལ། འབྲས་བུའི་འོད་གསལ་གསུམ་ལས། དང་པོ་གཞིའི་འོད་གསལ་ནི། འོད་གསལ་ངོས་འཛིན་མན་ངག་འདིར། །གཞི་ལམ་འབྲས་བུར་རང་ཤེས་བྱ། །ཞེས་པས། ཡུལ་དམིགས་པ་མེད་པའི་བདེ་བ་ཆེན་པོ། ཡུལ་ཅན་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སེམས་དངོས་པོའ་གནས་ལུགས་དེ་ལ་རང་བཞིན་གྱི་འོད་གསལ་ཞེས་བྱའོ། །གཉིས་པ་ལམ་གྱི་འོད་གསལ་ལ་ཉིན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། བར་དོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ་གསུམ་ལས། དང་པོ་ཉིན་མོ་ལམ་དང་རང་

༨༣

བཞིན་གཅིག་ཏུ་བསྲེ་བ་ནི། དེ་ཉིད་རིག་ལ་གང་གིས་གནས། །ཡེ་ཤེས་གསུམ་ནི་རྣམ་དག་དེས། །མངོན་པར་བྱང་ཆུབ་ཤེས་པར་འགྱུར། ཞེས་པ་ཆོས་ལྔ་སྟེ། སྔོན་དུ་གང་འགྲོ་ན་བླ་མ་འགྲོ། དཔེ་བུ་ཆུང་མའི་མངལ་ནས་སྐྱེས་མ་ཐག་པས་མཚོན། མཚམས་གང་གིས་སྦྱོར་ན་སྣང་མཆེད་ཐོབ་གསུམ་གྱིས་སྦྱོར། དེས་རྟོག་པ་སྔ་མ་འགགས་ཕྱི་མ་མ་སྐྱེས་པའི་བར་དུ་འཛིན། ལམ་དུ་ཏི་ལླི་པའི་ཆོས་དྲུག་གིས་སློད་སྟེ། དེ་ཡང་། མི་མནོ་མི་བསམ་མི་དཔྱད་ཅིང་། མི་བསྒོམ་མི་སེམས་རང་བབས་གཞག །དེ་ལྟར་བསྒོམས་པས་གང་སྣང་སྟོང་ཉིད་དུ་ཤར་བ་འོད་གསལ་ལྟ་བུ། རྟོག་པས་ཕྱིའི་སོ་མཚམས་སུ་སེམས་ཀྱི་གནས་ལུགས་སྒྲིབ་མེད་དུ་ཤར་བ་འོད་གསལ་མ། དེ་ངོ་ཤེས་པ་འོད་གསལ་མ་བུ་འདྲེས་པའམ། ལམ་དང་རང་བཞིན་གཅིག་ཏུ་འདྲེས་པ་ཞེས་བྱའོ། །གཉིས་པ་མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ་ནི། སྙིང་གི་པདྨོ་ཁ་ཕྱེ་སྟེ། །འདབ་བཞི་དབུས་ཀྱི་ལྟེ་བ་ལ། །ཨ་ནུ་ཏ་ར་ཧཱུྃ་བསྒོམས་ནས། ཞེས་སམ། ཕུང་པོ་ལམ་དང་སྐྱེ་མཆེད་དབང་སོགས་ལ། ཤེས་པ་གཉིས་པོས་དེང་འདིར་རབ་བསྡུས་ནས། །སྟོང་ཆེན་གྱུར་པ་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། ཞེས་པས། སྔོན་དུ་གཉིད་མཐུག་པོ་འགྲོ། དཔེ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པས་མཚོན། མཚམས་གཉིད་དུ་འགྲོ་བའི་སྣང་མཆེད་ཐོབ་གསུམ་གྱིས་སྦྱོར། ངོས་ཉིན་པར་གྱི་རྟོག་པ་འགགས་རྨི་ལམ་གྱི་སྣང་བ་མ་བྱུང་བའི་བར་དུ་འཛིན། ལམ་དུ་བསམ་གཏན་གཉིད་དང་བསྲེ་བའི་གདམ་ངག་གིས་སློང་སྟེ། དེའང་བླ་མ་ལ་འོད་གསལ་ཟིན་པའི་གསོལ་བ་བཏབ། འདུན་པ་དྲག་པོ་གཏང་། ཉལ་དུས་གཞོགས་གཡས་འོག་ཏུ་ཕབ། སེང་གེའི་འདུག་སྟངས་བཞིན་ཉལ། ལུས་ལྷར་བསྒོམས་པའི་སྙིང་པདྨ་འདབ་མ་བཞིར་གྱེས་པའི་དབུས་སུ་

༨༤

ཧཱུྃ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་གསལ་བཏབ། གཉིད་དུ་ཐིམ་ཐིམ་འགྲོ་བའི་ཚེ་སྣང་གྲགས་ཐམས་ཅད་རང་ལ་ཐིམ། དེ་པདྨ་འདབ་བཞི་ལ། དེ་ནས་གཉིད་ཀྱིས་ཆེར་བཟི་པའི་ཚེ་མདུན་གྱི་ཨ་ལ་ཐིམ། དེ་གཡས་ཀྱི་ནུ། དེཏ། དེ་ར་ལ། དེ་ཧཱུྃ། ཧཱུྃ་གི་ཞབས་ཀྱུ་ཧ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་མི་དམིགས་པས་འོད་གསལ་ལ་གནས་པར་བསམས་ནས་ཉལ་བ་རྗེས་གཞིག་གི་རྣལ་འབྱོར། ཡང་ན་ཨ་ནུ་ཏ་ར་བཞི་ལམ་མེ་བའི་དབུས་ཀྱི་ཧཱུྃ་ཡིག་འབའ་ཞིག་ལ་སེམས་གཏད་པ་རིལ་འཛིན་ནོ། །དེ་ལྟར་གཉིད་མ་ལོག་པའི་གནས་སྐབས་སྣང་བ། གཉིད་ཀྱིས་བཟི་བ་མཆེད་པ། གཉིད་དུ་སོང་བ་ཐོབ་པ། དེ་ནས་གཉིད་འཐུག་པོའི་འོད་གསལ་འཆར་བ་འོད་གསལ་མ། ཐིམ་རིམ་ལ་དམིགས་རྟེན་བཅས་སེམས་མ་བཅོས་པར་གཞག་པས་ཐིམ་རིམ་སྟོང་པར་ཤར་བ་བུ་དཔེ་སྔར་འདྲིས་ཀྱི་མ་དང་འཕྲད་པ་བཞིན་གཞིའི་འོད་གསལ་ངོ་ཤེས་པ་འོད་གསལ་མ་བུ་འདྲེས་པ་ཞེས་བྱའོ། །གསུམ་པ་བར་དོར་བཤད། གསུམ་པ་འབྲས་བུའི་འོད་གསལ་ནི། འོད་གསལ་ལས་ཤེས་བཞིན་དུ་དག་པའི་སྒྱུ་ལུས་ཆུ་ལས་ཉ་ལྡང་བའམ། གཉིད་ལོག་པ་ལས་སད་པ་ལྟ་བུར་བཞེངས་པའི་རྡོ་རྗེ་འཛིན་པ་ནི་སྦྱོང་གཞི་སྦྱོང་བྱེད་ཡོད་པ་སློབ་པའི་ཟུང་འཇུག་སྟེ། ས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་གཉིས་ཡིན་ལ། གཟུགས་ཕྲ་རེག་ན་ཡང་བ་དང་། ཁྱབ་དང་ཡང་དག་ཐོབ་པ་དང་། རབ་ཏུ་སྣང་དང་བརྟན་པ་དང་། དབང་སྒྱུར་འདོད་དགུར་སྒྱུར་བ་སྟེ། །དབང་ཕྱུག་བརྒྱད་ཅེས་དེ་ལ་བཤད། ཅེས་སོ། སྦྱང་གཞི་སྦྱོང་བྱེད་ཟད་པ་ནི་མི་སློབ་པ་འབྲས་བུའི་རྡོ་རྗེ་འཆང་ཆེན་པོ་རྫོགས་པའི་སངས་རྒྱས་ཏེ། སྐུ་དང་གསུང་གི་དབང་ཕྱུག་དང་། །ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་གནས། །ཅི་འདོད་སྐྱེད་དང་ཡོན་ཏན་བརྒྱན། །འདི་ནི་འབྲས་བུའི་དབང་ཕྱུག་བརྒྱད། ཅེས་སོ། །ལྔ་པ་བར་

༨༥

དོ་ལ། བར་དོ་དང་པོ་འོད་གསལ་ཆོས་སྐུའི་ལམ་ཁྱེར། གཉིས་པ་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་ལམ་ཁྱེར། གསུམ་པ་སྐྱེ་བ་འཛིན་པ་སྤྲུལ་སྐུའི་ལམ་ཁྱེར་དང་གསུམ་ལས། བར་དོ་དང་པོ་འོད་གསལ་ཆོས་སྐུའི་ལམ་ཁྱེར་ནི། སྣང་བ་ཐིམ་དང་རགས་པ་ཐིམ། །རྟོག་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་སུ་གོམས་པ་དང་། །རང་བཞིན་གྱིས་ནི་འོད་གསལ་འཆར། །དེ་ཡི་རྗེས་ལ་ཟུང་འཇུག་གི །སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། །སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་རུ་གྱུར་ཙ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །ཞེས་པ་སྔོན་དུ་འཆི་བ་འགྲོ། དཔེ་སྟོན་གནམ་དྲི་མ་མེད་པས་མཚོན། མཚམས་འཆི་ཀའི་སྣང་མཆེད་ཐོབ་གསུམ་གྱིས་སྦྱོར། ངོས་ཚེ་འདིའི་རྟོག་པ་འགགས་ཕྱི་མའི་རྟོག་པ་མ་ཤར་བར་དེར་འཛིན། ལམ་དུ་ལམ་དང་རང་བཞིན་གཅིག་ཏུ་བྱེད་པའི་གདམ་ངག་གིས་སློང་སྟེ། དེ་ཡང་། མིག་སོགས་དབང་པོ་ལྔའི་རླུང་ནང་དུ་ཐིམ་པས་གཟུགས་ཀྱི་སྣང་བ་ནུབ་པ། སྣང་བ་ཐིམ་པ། དེ་ནས་ས་ཆུ་ལ་ཐིམ། ལུས་ཀྱི་ཟུངས་ཤོར། ཆུ་མེ་ལ་ཐིམ། སྐོམ་ཞིང་ཁ་སྣ་བསྐམས། མེ་རླུང་ལ་ཐིམ། དྲོད་ཡལ། རླུང་རྣམ་ཤེས་ལ་ཐིམ། དེའི་ཚེ་སྡིག་ཅན་ལ་གནད་གཅོད་ཀྱི་སྡུག་བསྔལ་འབྱུང་། དགེ་བ་སྤྱོད་པ་ལ། ལྷ་དང་བླ་མ་ཌཱ་ཀིའི་བསུན་མ་འོང་། དེ་ནས་ཕྱི་དབུགས་ཆད་པ། རགས་པ་ཐིམ་པ། དེ་ནས་ནང་དབུགས་གནས་པའི་དང་པོར། རྟོག་པ་ཐིམ་པའི་རིམ་པ་ཕྱིའི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་དུ་བ། སྣང་བའི་སྐབས། དེ་མཆེད་པ་ལ་ཐིམ། ཞེ་སྡང་གི་རྟོག་པ་སོ་གསུམ་འགག །ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་མེ་ཁྱེར། མཆེད་པའི་སྐབས། དེ་སྣང་བ་ཉེར་ཐོབ་ལ་ཐིམ། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག །ཕྱི་རྟགས་ནག་ལམ་སྒྲ་གཅན་གྱི་སྣང་བ། ནང་རྟགས་བུམ་ནང་གི་མར་མེ་ལྟ་བུ།

༨༦

སྣང་བ་ཉེར་ཐོབ། །དེ་འོད་གསལ་ལ་ཐིམ། གཏི་མུག་གི་རྟོག་པ་བདུན་འགག །ཕྲ་བ་ཐིམ་པ། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་སྟོན་གནམ་དྲི་མ་མེད་པ་ལྟ་བུ། བཞི་པ་འོད་གསལ་གྱི་སྐབས། འཆི་སྲིད་ཀྱི་དངོས་གཞི། བར་དོ་མགོ་རྩོམ་པའི་ཐོག་མ་ཡིན་པས། གདམས་ངག་པ་རྣམས་ཀྱིས་བར་དོ་དང་པོ་ཞེས་བྱའོ། །ཉམས་ལེན་ནི། འཆི་ཀར་ཆགས་སྣང་གི་འཁྲི་བ་བཅད། ཐིམ་རིམ་གྱི་སྟེང་དུ་མ་བཅོས་པར་གློད་པས་ཐིམ་རིམ་ཤར་གྲོལ་དུ་སོང་བ་འོད་གསལ་བུ་དེའི་རྐྱེན་གྱིས་བཞི་པ་འོད་གསལ་ཤར་བ་མ། དེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུར་རིག་པ་འོད་གསལ་མ་བུ་འདྲེས་པ་ཞེས་བྱ་སྟེ། འོད་གསལ་དེ་ལ་ནམ་འདོད་དུ་གནས་ནས། དེ་ནས་ལུགས་བཟློག་གི་སྣང་བ་གསུམ་གྱིས་ཟུང་འཇུག་གི་སྐུར་ལངས་སྤྱི་བོ་ནས་འཕོ་བ་ནི། སྦྱངས་པ་ཅན་སངས་རྒྱས་ཀྱིས་དང་། སྦྱངས་པ་ཅུང་ཟད་མན་པས་བཅུ་ཅི་རིགས་པའི་རྡོ་རྗེ་འཛིན་པར་འགྱུར་རོ། །གཉིས་པ་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་ལམ་ཁྱེར་ནི། སྟོང་པ་ཆེན་པོ། དེ་ནས་འདོད་ཆགས་གྱི་རྟོག་པ་བཞི་བཅུ་ལངས། མཆེད་པ་ཤར། ཤིན་ཏུ་སྟོང་པ། དེ་ནས་ཞེ་སྡང་གི་རྟོག་པ་སོ་གསུམ་ལངས། སྣང་བ་ཤར། སྟོང་པ་ཞེས་བྱ། དེ་ནས་ཁྱབ་བྱེད་ཀྱི་རླུང་གིས་འདུ་བྱས་ཏེ་རྣམ་པར་ཤེས་པ་སྔར་གྱི་ཕུང་པོ་རྙིང་པའི་སྒོ་དགུ་གང་རུང་གི་ལམ་ལས་འཕོས་ནས་བར་དོའི་སྲིད་པར་གྲུབ་བོ། །དེ་ཡང་གང་དུ་སྐྱེ་འགྱུར་གྱི་སྲིད་པ་དེའི་ཤ་ཚུགས་ཀྱི་ཡིད་ལུས་དབང་པོ་ཀུན་ཚང་བ། མའི་མངལ་མ་གཏོགས་གང་ལའང་མི་ཐོགས་པ། བསམ་པ་ཙམ་གྱིས་སྟོང་གསུམ་བགྲོད་པའི་ལས་ཀྱི་རྫུ་འཕྲུལ་ཅན། བར་དོ་ནང་རིགས་མཐུན་པས་མཐོང་། ལྷའི་མིག་གིས་མཐོང་། ཟས་སུ་དྲི་ཟབ། ཉི་ཟླ་མི་སྣང་བས། སྣང་བའང་མིན། མུན་པའང་མ་ཡིན་པས། སྣང་མུན་འོད་ཀྱི་

༨༧

བར་དོ། དེ་ཡང་ཕྱེད་དང་བཞིའི་ཞག་ཚུན་བརྒྱལ་ཐབས་སུ་གནས། དེ་ནས་ཤི་བར་ངོ་ཤེས་པས་ཤིན་ཏུ་མྱ་ངན་ཆེ་བ་ཞིག་འབྱུང་། དེའི་དུས་བར་དོ་ལ་བར་དོར་ངོ་ཤེས་པ་ཡོད། དེའི་སྔོན་ལ་བརྒྱལ། ཕྱི་ནས་འཁྲུལ་སྣང་ཤས་ཆེ་བའི་ཕྱིར། དུས་དེ་ཁོ་ནར་བར་དོའ་གདམས་ངག་དྲན་དགོས་པས་དུས་ཀྱིས་ཞེས་བྱའོ། །ལམ་ཁྱེར་ནི། དེ་ལ་སྲིད་པའི་བར་མ་དོར། །སྒྱུ་ལུས་ཟུང་འཇུག་སྐུར་གྱུར་ཏེ། །ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་བོ། །ཞེས་པས། ཤི་བར་ངོ་ཤེས་པ་དང་། རང་ལུས་ལྷར་བསྒོམ། དེ་ནས་རྗེས་གཞིག་གམ། རིལ་འཛིན་དྲན་པས་འོད་གསལ་དུ་ཆུག །དེ་ནས་ལུགས་བཟློག་གི་སྣང་བ་གསུམ་རྒྱུར་བྱས་པའི་འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་དུ་བཞེངས་པའི་སངས་རྒྱས་ཡིན་ནོ། །གསུམ་པ་སྐྱེ་བ་འཛིན་པ་སྤྲུལ་སྐུའི་ལམ་ཁྱེར་ནི། བར་དོ་གཉིས་པར་ལམ་མཆོད་ན་འཇིགས་པའི་སྒྲ་བཞི་ཞེས་པ་ས་རླུང་ལས་རི་ཉིལ་བ་ལྟ་བུའི་སྒྲ། ཆུ་རླུང་ལས་རྒྱ་མཚོ་རླབས་འཆོས་པའི་སྒྲ། མེ་རླུང་ལས་ནགས་ལ་མེ་མཆེད་པའི་སྒྲ། རླུང་གི་རླུང་ལས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྒྲ་འབྱུང་། དེ་ལ་ཞེད་ནས་བྲོས་པས་གང་དུ་ཚུད་པ་དེ་མངལ་ཡིན། ཉམ་ང་བའི་གཡང་ས་གསུམ་ནི། དཀར་དམར་ནག་པོའི་གཅོང་གཡང་དེ་གང་རུང་ལ་ལྷུང་བ་དེ་མངལ། རྣམ་བྱང་གི་ལམ་དཀར་པོ་ལ་སོགས་པ་འོད་ལྔའི་ལམ། དེར་ཕྱིན་པས་མངལ་དུ་ཆུད། གཞན་ཡང་ཐིག་ལེ་ཐིག་ཕྲན་འཆར་བ་ཆར་དྲག་པོས་འདེད་པ། ཁྲོ་བོ་ཁྲོ་མོས་འཇིགས་སྔངས་སྟོན་པ་ལ་སོགས་པ་འབྱུང་། སྲོག་གཅོད་པའི་གཤེད་མས་ཁྲིད་པ་དང་། ལྕགས་ཁང་དུ་ཚུད་པ་དམྱལ་བ། སྡོང་དུམ་དང་ས་སྐྱིབས་སུ་ཡིབས་པ་ཡི་དྭགས་དང་དུད་འགྲོ། ངང་པས་བརྒྱད་པའི་མཚོར་བྱིང་བ་ཤར་གླིང་། བ་གླང་གིས་བརྒྱན་པ་ནུབ་གླིང་། རྟས་བརྒྱན་པ་བྱང་གླིང་དུ་སྐྱེ། ཁང་

༨༨

བཟང་ཕ་མའི་འདུ་འཕྲོད་མཐོང་བ་ལྷོ་འཛམ་བུ་གླིང་། ལྷའི་གཞལ་མེད་ཁང་མཐོང་ནས་ནང་དུ་ཚུད་པ་ལྟར་སྐྱེ་བའི་མཚན་མ། འཁྲུལ་པའི་སྣང་བ་ཤས་ཆེ་བས་མངལ་འཚོལ་བས། དྲི་ཟ་མངལ་གྱི་སྐྱེ་གནས་འཚོལ་བའི་དུས་ཞེས་བྱའོ། །ཉམས་ལེན། ཆགས་སྡང་སྣང་བ་ཀུན་སྤངས་ལ། །དྲན་པའི་སྤྱན་པས་མཚམས་སྦྱར་ཏེ། །མངལ་སྒོ་འདམ་པའི་སྦྱོར་བ་བྱ། །མངོན་དགའི་འཕོ་བ་བྱས་པ་ཡིས། །གང་འདོད་གནས་སུ་སྐྱེ་བར་འགྱུར། ཞེས་པ། འཇིགས་སྐྲག་སོགས་སྣང་བ་ཐམས་ཅད་སྒྱུ་མར་དྲན་ན་མངལ་ངན་པ་འགག །སྟོང་པ་དང་། བླ་མ་ཡི་དམ་དུ་དྲན་ན་མངལ་ངན་པ་འགག །དེ་ནས་མངལ་བཟང་པོ་རིགས་ཆེ་ཞིང་མཐོ་བ་འབྱོར་པ་དང་ལྡན་པ། ཆོས་སྤྱོད་པའི་སྐལ་པ་ཡོད་པར་བསམས་བཞིན་དུ་ལུས་ལེན་པ་སྐྱེ་བ་སྤྲུལ་པའི་སྐུ་ཞེས་བྱ་ལ། སྦྱངས་པ་ཆེ་བས། འོད་གསལ་མངོན་དུ་མ་བྱས་ཀྱང་། དག་པའི་ཞིང་བདེ་བ་ཅན་མངོན་དགའ་ལ་སོགས་པར་སྐྱེས་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །དྲུག་པ་འཕོ་བ་ལ། རབ་ཆོས་སྐུར་འཕོ་བ། འབྲིང་ལོངས་སྐུ། ཐ་མ་སྐྱེ་བ་འཛིན་པ་གསུམ་མོ། དང་པོ་རབ་ཆོས་སྐུར་འཕོ་བ་ནི། བར་དོ་དང་པོ་ལ་འོད་གསལ་མངོན་དུ་བྱས་པ་དེའོ། །གཉིས་པ་འབྲིང་ལོངས་སྐུར་འཕོ་བ་ནི། བར་དོར་ཟུང་འཇུག་གི་སྐུར་བཞེངས་པའོ། །གསུམ་པ་ཐ་མ་སྐྱེ་བ་འཛིན་པ་ལ་བྱའོ། །དེ་གསུམ་ཀ་འབྲས་བུར་བཞག་པས། ལམ་ཁྱེར་གྱི་གདམས་ངག་བསྒོམ་བྱ་ལ་ཁྱད་ཞུགས་བ་མ་ཡིན་པས། འདིར་རྣམ་ཤེས་བླ་མའི་འཕོ་བ་ཞེས་བྱ་བ་སྟོན་ཏེ། བུམ་པ་སྔོན་དུ་བརྩམས་ནས་ནི། ཉི་ཤུ་རྩ་གཅིག་དབུགས་དག་གིས། །གནས་ནས་དྲག་ཏུ་དྲངས་ནས་སུ། །གཞུང་ཚིགས་ནང་ཡར་པདྨ་ཡི། །འཁོར་ལོ་ཉི་ཤུ་རྩ་གཅིག་བསམ། །ཚིགས་གཅིག་ནས་ནི་ཚིགས་གཅིག་གོ། །ཡར་ལྡོག་མར་ལྡོག་ས་བོན་གྱི། །སྦྱོང་བ་

༨༩

ཡི་གེ་ཕྱེད་དང་གཉིས། །ང་རོ་དྲག་ཏུ་བརྗོད་པ་ཡིས། །ཤེས་པ་བདེ་བ་ཅན་དུ་གཏད། །དུས་ལ་བབ་ན་འཕོ་བྱ་སྟེ། ཞེས་པས། སྦྱང་བ་དང་ལས་ལ་སྦྱར་བ་གཉིས། དང་པོ་སྦྱང་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད། རང་རྗེ་བཙུན་མ་སྟོང་རར་བསྒོམ། ལས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁང་སྟོང་གི་ཀ་བ་ལྟ་བུའོ་གཟུམ་པ། སྟེང་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུར་བསམ་པའི་གཙུག་ཏུ། བླ་མ་རྡོ་རྗེ་འཆང་སྟོང་རའི་སྐུའི་ནང་དུ་ཡེ་ཤེས་ཀྱི་རྩ་དབུ་མ་དང་། རང་གི་གཉིས་ཁ་སྦྱར་དུ་བསམ། བླ་མའི་ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་དང་། རང་གི་སྙིང་གར་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་སྤུས་བྲིས་པ་ལྟ་བུར་བསམ། རླུང་བུམ་པ་ཅན་བསྒོམ། བླ་མའི་ཐུགས་ཀའི་ཧཱུྃ་ཡིག་གི་ཞབས་ཀྱུ་ནར་གྱིས་བརྐྱང་། སྙིང་གའི་རྣམ་ཤེས་ཀྱི་ངོ་བོ་ལ་འཁྲིལ་ནས་གྱེན་དུ་དྲངས་པར་བསམ། རླུང་ཕྱིར་འབུད་པ་དང་ཧིག་གི་སྒྲས་དབུགས་ཐེངས་གཅིག་ལ་ཉེར་གཅིག་སྡངས་སྟབས་སུ་བྱའོ། །དེས་ཧཱུྃ་སྤྱི་བོར་སླེབ་པར་བསམ། ཀས་འཐུར་དུ་ཕབ། རྟགས་མ་བྱུང་བར་དུ་སྦྱང་། གཉིས་པ་ལས་ལ་སྦྱར་བའི་ཚེ། བླ་མའི་ཐུགས་ཀར་ཐིམ། བླ་མ་འོག་མིན་དུ་གཤེགས་བསམ་དུ་མེད་པའི་ངང་ལ་གཞག་གོ། པུ་རི་བྱང་ཆུབ་སྙིང་པོའི་སྤོར། །མངའ་རིས་གངས་དཀར་གྱི་ལྷ་བཙུན་ཆེན་པོ། གཞན་ཕན་བཟང་པོས་བསྐུལ་ནས། དགེ་སློང་མཁས་པ་པདྨ་དཀར་པོས་སྦྱར་བའོ།། །།

༄༅། །དཔལ་དུས་ཀྱི་འཁོར་ལོའི་མཆོད་ཆོག་ཉེར་མཁོ་བཞུགས་སོ༎

༤༧ དཔལ་དུས་ཀྱི་འཁོར་ལོའ་མཆོད་ཆོག་ཉེར་མཁོ་བཞུགས་སོ།།
༤༨ ༀ་སྭ་སྟི་པྲ་ཛེ་བྷྱཿ དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྐབས་འདིར་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་ལག་ལེན་འདི་ལྟ་བུ་དག་ཡོད་དེ། དེ་ལ་གསུམ་མཎྜལ་སྒྲུབ་མཆོད་དང་ཏིང་ངེ་འཛིན་གྱི་བདག་འཇུག་དང་། རྣལ་འབྱོར་མ་རིགས་བརྒྱ་མཆོད་པའི་ཆོ་གའོ། །དང་པོ་ནི། བྲིས་སྐུ་ལ་སོགས་པ་རྟེན་དགྲམ། །མཎྜལ་འཆའ་བ་བདག་བསྐྱེད་ཀྱི་རྗེས་སུ་བྱེད་པ་ཐོབ་ཐང་ཡིན་ཡང་། ལག་ལེན་སྟབས་བདེ་བའི་ཕྱིར་སྐབས་འདིར་འཆའ་ན། ཆོ་གའི་རྡོ་རྗེ་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེ་སློབ་དཔོན་དེས། རང་སྐད་ཅིག་གིས་དུས་ཀྱི་འཁོར་ལོའ་སྐུར་གྱུར། འོག་ནས་འབྱུང་བ་ལྟར་ནང་མཆོད་འདུ་བྱས་བྱིན་གྱིས་བརླབས་ནས། མཎྜལ་བསང་སྦྱང་། ༀ་ཨཱཿཧཱུྃ་ཧོ་ཧཾ་ཀྵ། ཞེས་བརྗོད་བཞིན་དུ་མཎྜལ་ལ་ནང་མཆོད་ཀྱིས་བྱུགས། སླར་ཡང་མཐེབ་སྲིན་གཡོན་པས་ནང་མཆོད་ནས་བླངས་ཏེ། མཎྜལ་ལ་ཆོས་འབྱུང་གྲུ་གསུམ་འབྲི། དབུས་སུ་བདུད་རྩིའི་ཐིག་ལེ་ཟླུམ་པོ་ཞིག་བྱ། དེའི་སྟེང་དུ་སྤྲོས་པ་ལ་དགའ་ན་རྡུལ་ཚོན་བཀྲམ་སྟེ། ཆོས་འབྱུང་དམར་པོ། གོང་རས་ལྗང་གུ། ཐིག་ལེ་དཀར་པོ་བྱ། མདོར་བསྡུས་སུ་བྱེད་ན་བདུད་རྩིའི་ཐིག་ལེའི་སྟེང་དུ་འབྲུའི་ཚོམ་བུ་ཙམ་འགོད། དེ་དག་གི་མདུན་དུ་མཆོད་པ་རྒྱ་ཆེར་བཤམ། གཙོ་བོའ་ཟླུམ་གཏོར་གཅིག །སྡེ་དྲུག་ལ་ཟུར་གསུམ་རེ་རེ། གཞན་ཡང་ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་སོགས་ཇི་ལྟར་འོས་པ་བཤམ། རྣལ་འབྱོར་མ་རིགས་བརྒྱའི་མཆོད་པ་དང་སྦྲེལ་ནས་བྱེད་ན། དེ་དང་ཉེ་བའི་ཕྱོགས་གང་ཡང་རུང་བར་འཆད་པར་འགྱུར་བའི་མཎྜལ་དང་མཆོད་གཏོར་རྣམས་ཀྱང་འདུ་བྱས་ལ་སྐབས་འདིར་བཤམ་པའམ། འོག་ཏུ་དུས་ལ་བབས་པའི་ཚེ་བཤམ་པ་གང་བདེར་བྱའོ། །སློབ་དཔོན་གྱི་དྲུང་དུ་ནང་མཆོད་རྡོ་དྲིལ་ཅང་ཏེའུ་སོགས་ཚོགས་པར་བྱས་ནས། གཞན་ཡང་རོལ་མོ་ལ་སོགས་པ་ལེགས་པར་
༤༩ བསྟར་ཏེ། སྔོན་འགྲོ་གཏོར་མ་ལ་ཆབ་བཏང་། ཐོག་མར་ནང་མཆོད་ལ་དམིགས་ཏེ། ༀ་ཨཱཿཧཱུྃ་ཧྲིཿཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོ྅་ཧཾ། ༀ་ཨཱཿཧཱུྃ་ཧོཿ ཞེས་བྱིན་གྱིས་བརླབ། ༀ་ཨཱཿཧཱུྃ་ཧྲིཿཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ༀ་ༀ་བཛྲ་ཙནྡྲ་སརྦ་དྷརྨ་སུ་བི་ཤུདྡྷ་སྭ་བྷཱ་ཝ་སརྦ་དྷརྨཱ་ན་བི་ཤོ་དྷ་ཡ་སྭཱ་ཧཱ། ༀ་ཨཱཿབཛྲ་སཱུ་སརྦ་དྷརྨ་པྲ་བོ་དྷ་ཀ་སརྦ་དྷརྨཱ་ན་པྲ་བོ་དྷ་ཡ་སྭཱ་ཧཱ། ༀ་ཧཱུྃ་བཛྲ་ཨ་ན་ལ་སརྦ་དྷརྨ་པྲ་དཱི་པ་ཀ་སརྦ་དྷརྨཱ་ན་པྲ་དཱི་པ་ཡ་སྭཱ་ཧཱ། ༀ་ཧོཿསརྦ་དྷརྨ་བཛྲ་ཨ་མྲྀ་ཏ་ཀ་ར་སརྦ་དྷརྨཱ་ན་བཛྲ་ཨ་མྲྀ་ཏ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་སྔགས་ཚན་བཞིས་བྱིན་གྱིས་བརླབ། ༀ་ཕཻཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ། ཨུན་མཱ་ད། ཨ་པ་སྨཱ་ར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུ་ཉྫ་ཐ། ཛི་གྷྲ་ཐ། པི་པ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦཱ་ཀཱར་ཏཱ་ཡཱ་སད་སུ་ཁ་བི་ཤུདྡྷ་ས་ཧ་ཡི་ཀཱཾ། བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་བཛྲ་གནྡྷཾ་པྲ་ཏཱི་ཙྪ་ན་མཿ བཛྲ་པུཥྤཾ། བཛྲ་དྷུ་པཾ། བཛྲ་དཱི་པཾ། བཛྲ་ནཻ་ཝི་དྱཾ། བཛྲ་ཨཱཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ། བཛྲ་པཱ་དྱཾ། བཛྲ་ནྲྀ་ཏྱེ། བཛྲ་གཱི་ཏཾ། ༀ་བཛྲ་ཀཱ་མཾ་པྲ་ཏཱི་ཙྪ་ན་མཿ །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད།
༥༠ རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱི་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའ་ཚོགས་རྣམས་མ་ལུས་དང་། །འབྱུང་པོའ་ཚོགས་རྣམས་མ་ལུས་དང་། །ཡི་དྭགས །ཤ་ཟའི །སྨྱོ་བྱེད །བརྗེད་བྱེད །མཁའ་འགྲོའི །མ་མོའ་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་ཏེ་འབྱུང་པོའ་ཚོགས། །མ་ལུས་ཇི་སྙེད་མཆིས་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངསྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །དགེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་མཐར།
༥༡ ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵ་ཧྲཿཧྲཿཧྲཿཧྲཿ ར་ར་ར་ར་བཛྲ་ཨ་ན་ལ། སརྦ་ཨཱ་པ་ར་ཎ་དྷརྨ་པྲ་ལ་ཡ་སྭ་བྷཱ་ཝ། སརྦ་མཱ་ར་ཀཱཾ་ཡི་ཀ །བི་བི་ནཱ་ཡ་ཀ་ཨཱ་དཱི་ནཱཾ། ད་ཤ་དི་ཀ་ག་ཏཱ་ནཱཾ། ཀཱ་ཡ་ཝཱ།།།་ཏྟཱ་ནཾ། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་སྨི་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བདུད་བསྲེག་པའི་སྔགས་ཀྱིས་བགེགས་བསྐྲད། ཚམས་རྔམས་དང་རོལ་མོའ་སྒྲ་བྱ། །དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿཧཱུྃ་ཧྲཿཕཊ་ཀྱིས་བསང་། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་གནས་ཁང་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའ་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཤེལ་གྱི་སྣོད་སོར་བཅུ་གཉིས་པ་རྣམས་ཀྱི་ནང་དུ། ༀ་ཨཱཿཧཱུྃ་ཧོཿརྣམས་ལས་བྱུང་བའི་ཆུ་དང་མཆོད་ཡོན་དང་། དྲི་དང་མེ་ཏོག་དང་བདུག་པ་དང་སྣང་གསལ་དང་། །ཞལ་ཟས་དམ་པ་དག་དང་རྣམ་པ་མང་པོའ་འབྲས་བུ་མ་ཉམས་པ་དང་། གོས་དང་རྒྱན་དང་། བ་དན་དང་བླ་བྲེ་ལ་སོགས་པ་དང་། གླུ་དང་གར་དང་མེ་ལོང་དང་དྲིལ་བུ་ལ་སོགས་པ་སིལ་སྙན་གྱི་ཚོགས་དུ་མ་དང་། ཨིནྡྲ་ནཱི་ལ་ལ་སོགས་པ་རྣམ་པ་མང་པོའ་རིན་པོ་ཆེ་དང་། ནང་གི་དམ་ཚིག་རྣམས་དང་། དམ་ཚིག་རྣམ་པ་བཞིའི་རྫས་ལ་སོགས་པ་ཀུན་ཏུ་བཟང་པོའ་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་དཔག་ཏུ་མེད་ཅིང་དྲི་མ་དང་བྲལ་བར་གྱུར། ༀ་བཛྲ་གནྡྷཾ་སྭཱ་ཧཱ། ༀ་བཛྲ་པུཥྤཾ་སྭཱ་ཧཱ། དེ་བཞིན་ཏུ་སྦྱར་ཏེ། བཛྲ་དྷཱུ་པཾ། བཛྲ་དཱི་པཾ། བཛྲ་ནེ་ཝི་དྱཾ། བཛྲ་ཨ་ཀྵ་ཏཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ། བཛྲ་ཝ་དྱཾ། བཛྲ་ནྲཾ་ཏྱཾ། བཛྲ་གཱི་ཏཾ། ༀ་བཛྲ་ཀཱ་མཾ་སྭཱ་ཧཱ། རེལ་ཐོན་དང་བཅས་ཏེ། ༀ་ཧོཿབཛྲ་གྷཱཎྜེ་སརྦ་དྷརྨ་ཨེ་ཀ་པྲཛྙཱ་དྷཱ་ནི་སྭཱ་བྷ་ཝ། སརྦ་ཨཱ་ཀ་རེ་སརྦ་དྷརྨ་པྲ་བོ་དྷ་ནི་སརྦ་དྷརྨ་ཎ་སྭ་བྷཱ་ཝཱན་པྲ་བོ་དྷ་ཡ་པྲ་བོ་དྷ་ཡ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། དེ་དག་ནི་སྔོན་འགྲོའི་རིམ་པའོ། །དངོས་གཞི་ལ་དང་པོ་བདག་བསྐྱེད་ནི། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་
༥༢ ལ། ཞེས་པ་ནས། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ཐུགས་ཀར་ཐིམ། ཞེས་པའི་བར་ལྷ་དགུའི་སྒྲུབ་ཐབས་སུ་ཇི་སྐད་བཤད་པ་བཞིན་བསྒོམ་པར་བྱའོ། །དེ་ནས་མདུན་བསྐྱེད་མཆོད་པ་དང་བཅས་པ་ནི་མཎྜལ་སྒྲུབ་མཆོད་དངོས་ཡིན་པས་དེ་བྱ་སྟེ། དེ་ཡང་བདག་བསྐྱེད་དཀྱིལ་འཁོར་འཁོར་ལོ་རྒྱས་བསྡུས་གང་། །བསྒོམ་ཡང་རུང་། མདུན་བསྐྱེད་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པ་བསྒོམ་ཚུལ་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པའི་མདུན་བསྐྱེད་བསྒྲུབ་ཚུལ་མཆོད་བསྟོད་གཏོར་མ་དང་བཅས་པ་རྣམས་མཐའ་རྒྱས་སུ་བྱེད་པ་ནི་ཤིན་ཏུ་རྒྱས་པ་ཡིན་ལ། ཡང་ཆོ་ག་དེ་ཉིད་ཐུགས་དཀྱིལ་ཙམ་ལ་སྦྱར་ནའང་ཅུང་ཟད་རྒྱས་པར་འགྱུར་ཞིང་། དཀྱིལ་འཁོར་ཡོངས་རྫོགས་སམ་ཐུགས་དཀྱིལ་ས་བོན་ཙམ་ལས་བསྐྱེད་ནའང་ཆོ་ག་འབྲིང་པོར་འགྱུར་རོ། །འཆད་པར་འགྱུར་བ་འདི་ནི་བསྡུས་པ་ཡིན་ལ། བདག་བསྐྱེད་ཀྱི་དཀྱིལ་འཁོར་རྒྱས་བསྡུས་གང་ཡིན་ཡང་དེ་མ་བསྡུས་པར་དེའི་གཟུགས་བརྙན་མཎྜལ་ལ་ཤར་བའི་ཚུལ་གྱིས་སྐད་ཅིག་གིས་བསྐྱེད་ནས་མཆོད་པ་བྱེད་པ་ནི་ཤིན་ཏུ་བསྡུས་པ་ཡིན་ནོ། །འོན་ཀྱང་འདི་ལྟར་ལག་ལེན་ཏུ་བྱ་སྟེ། ནང་མཆོད་ཁ་གསོ་བ་ཙམ་གྲུབ་ན་ལེགས། ༀ་ཨཱཿཧཱུྃ་ཧྲཿཕཊ་ནས་ཨ་མྲྀ་ཏ་ཀུ་རུ་ཀུ་རུ་སྭཱ་ཧཱའི་བར་ནང་མཆོད་བྱིན་རླབས་རྒྱས་པ་གཏོར་མ་བྱིན་རླབས་ལྟར་བྱ། ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵ། ཞེས་ལན་གསུམ་ལ་སོགས་པ་ཇི་ལྟར་འོས་པ་བརྗོད། མཎྜལ་ཆོས་འབྱུང་ཐིག་ལེ་དང་བཅས་པ་གྲུབ་པར་མོས་པ་ཙམ་བྱས། ༀ་ཨཱཿཧཱུྃ་ཧྲཿཕཊ། ༀ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཆོས་འབྱུང་ནམ་མཁའི་ཁམས་ལ་གནས་པའི་།།།བརྩེགས་པའི་ཡི་གེ་ཡོངས་སུ་གྱུར་པ་ལས་འབྱུང་བ་རིམ་བརྩེགས་ལྷུན་པོ་དང་བཅས་པའི་སྟེང་དུ་ཐུགས་གསུང་སྐུའི་དཀྱིལ་འཁོར་རྣམས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཕྱོགས་ཀུན་ཏུ་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་ཀུན་ཏུ་འཕྲོ་བ། དབང་པོའ་གཞུ་དང་མེ་ལོང་གི་གཟུགས་བརྙན་དང་པྲ་ཕབ་བརྒྱད་དང་མཚུངས་པ། སྣང་ལ་རང་བཞིན་མེད་པ། རང་གི་སེམས་ཉིད་ཀྱིས་སོ་སོར་སྣང་བ་གཞོམ་དུ་མེད་ཅིང་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ། དྭངས་ཤིང་སྒྲིབ་པ་མེད་ལ་ཕྱི་ནང་ཀུན་ཏུ་འོད་གསལ་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་
༥༣ རྒྱན་གྱི་རྣམ་པ་མཆོག་ཏུ་བཀྲ་བ་དུ་མས་མཛེས་པ། དབུས་སུ་སྣ་ཚོགས་པདྨའི་ལྟེ་བ་ལ་ཟླ་བ་ཉི་མ་སྒྲ་གཅན་གྱི་དཀྱིལ་འཁོར་ལ་སོགས་པ་གནས་ཐམས་ཅད་དུ་ལྷའི་གདན་ཐམས་ཅད་ཀྱིས་མཛེས་པའོ། །གདན་རྣམས་ཀྱི་སྟེང་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ། ནུས་མ་བཅུ། དེ་བཞིན་གཤེགས་པ་ཡབ་ཡུམ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་གཉིས། ཁྲོ་བོ་ཁྲོ་མོ་བརྒྱད། གཟུང་མ་བཅུ་གཉིས་ཏེ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། རྣལ་འབྱོར་མ་བརྒྱད་ཐབས་དང་བཅས་པ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞིས་བསྐོར་བ་དང་། འདོད་མ་སུམ་ཅུ་རྩ་དྲུག་སྟེ་གསུང་གི་ལྷ་ཚོགས་རྣམས་དང་། ལྷ་ཆེན་པོ་བཅུ་གཉིས་སོ་སོར་ཤེས་རབ་མ་དང་བཅས་ཤིང་། པད་འདབ་ལ་གནས་པའི་ལྷ་མོ་ཉེར་བརྒྱད་ཀྱིས་བསྐོར་བ། ཚེས་ཀྱི་ལྷ་སུམ་བརྒྱ་དྲུག་ཅུའི་ཚོགས་རྣམས་དང་། སྒོ་སྐྱོང་གི་ཁྲོ་བོའ་རྒྱལ་པོ་དྲུག་པོ་སོ་སོར་ཡུམ་དང་བཅས་པ་དང་། ཕྱིར་འདོད་མ་སུམ་བཅུ་རྩ་དྲུག་དང་། ཀླུ་རྒྱལ་ཆེན་པོ་བཅུ་ཤེས་རབ་མ་དང་བཅས་པ་སྟེ། སྐུའི་དཀྱིལ་འཁོར་གྱི་གཞལ་མེད་ཁང་ལ་གནས་པ་རྣམས་དང་། དུར་ཁྲོད་འཁོར་ལོར་བཞུགས་པའི་རབ་གཏུམ་མ་བཅུ་ཐབས་དང་བཅས་པ་དང་། རླུང་གི་དཀྱིལ་འཁོར་ལ་གནས་པའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་སོ་བཞི་ལ་སོགས་པ་དང་བཅས་པ་རྣམས་སྐད་ཅིག་གིས་གྲུབ་པར་གྱུར་པ་ནི། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང་། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོར་ཕྱག་འཚལ་ལོ། །ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་བཔ་དྲུག་དང་ཉི་མའི་དཔུང་པབ་རྒྱལ་བའི་ཕྱག་གི་པདྨོ་སྟོང་པབ་དྲུག་དང་མེ་ཡི་ཚིགས། །ཞབས་དག་
༥༤ གིས་ནི་ཟླ་བ་ཉི་མ་སྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌཱ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟྭ་གཡས་ཀྱི་ཕྱག་བརྒྱད་གཡོན་པ་ཡང་། །དྲིལ་བུ་ཕུབ་དང་ཁ་ཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོགས་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེ་སྐུ་ཅན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌཱ་མ་རུ་དང་བགྲང་ཕྲེང་དང་། །ཐོད་པ་ཞགས་པ་པདྨ་དཀར་དང་རིན་ཆེན་འཛིན་མར་བཅས་ལ་འདུད། །ནག་མོ་འབར་མ་བདུག་སྤོས་ཙནྡན་གུར་གུམ་དང་ནི་ག་བུར་སྣོད། །དྲིལ་བུ་པདྨ་ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་ཕྲེང་ལྡན་མ། །དམར་མོའ་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་གདུ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །དཀར་མོའ་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ཆེན་སྣོད། །སེར་མོ་འབར་མ་དུང་དང་གླིང་བུ་ནོར་བུ་དང་ནི་ཌཱ་མ་རུ། །པི་ཝང་རྔ་དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའ་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་བ་སྨྲིགསྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་འགགས་ལ་འདུད། །ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་བསྒྲུབ་དགའ་བ་བཞིས། །ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་བཞི་རྣམ་དག་པ། །སྐད་ཅིག་མཁྱེན་པ་སྐུ་དང་རྡོ་རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་བཞི། །ཆོས་ཀྱི་དུང་དང་གཎྜི་ནོར་དུ་
༥༥ དཔག་བསམ་ཤིང་ལ་ཕྱག་འཚལ་ལོ། །ཁུ་ཁྲག་རྐང་དང་ཁྲག་གི་ཚོགས་ཆེན་དྲི་ཆེན་དྲི་ཆུ་རབ་འགགས་པ། །འཆི་མེད་རབ་སྟེར་འཆི་མེད་རྒྱུན་གྱིས་མངོན་པར་གང་བའི་ཐོད་པའམ། །ཟླ་བའི་རང་བཞིན་ཟླ་བའི་འོད་ལྟར་རབ་ཏུ་དཀར་བའི་བུམ་པ་ནི། །བདུད་ཀྱི་ཚོགས་འཇོམས་བདུད་རྩིའི་ཚོགས་གྱིས་ཤིན་ཏུ་གང་བ་རྣམས་ལ་འདུད། །འདུ་བྱེད་རླུང་དང་ངག་གི་དབང་པོ་སྣ་དང་རེག་གཞན་འདུས་མ་བྱས། །དོན་ཡོད་སྒྲོལ་མ་བགེགས་ཀྱི་དགྲ་དང་ནམ་མཁའི་སྙིང་པོ་རེག་བྱ་མ། །རལ་གྲི་གྲི་གུག་རྩེ་གསུམ་ཕུབ་དང་དཔལ་ལྡན་ཐོད་པ་ཁ་ཾ་ག །ཉི་ཟླའི་གདོང་ལྡན་སྤྲིན་ནག་དང་མཚུངས་ས་ཡི་རིགས་ཀྱིས་འཁྱུད་ལ་འདུད། །ཚོར་བ་མེ་དང་ལག་པའི་དབང་པོ་མིག་དང་རོ་གཞན་བདེ་བ་ཆེ། །རིན་ཆེན་དབང་པོ་གོས་དཀར་མོ་དང་རྨུགས་བྱེད་ས་ཡི་སྙིང་པོའོ། །མདའ་དང་ལྕགས་ཀྱུ་ཌཱ་མ་རུ་དང་གཞུ་དང་ཞགས་པ་ནོར་བུའི་ཕྱག །དཀར་ནག་གདོང་ལྡན་ཉིན་མོར་བྱེད་འདྲ་ཆུ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །འདུ་ཤེས་ཆུ་དང་རྐང་པའི་དབང་པོ་ལྕེ་དང་གཟུགས་གཞན་ཡེ་ཤེས་སྐུ། །སྣང་བ་མཐའ་ཡས་མ་མཱ་ཀི་དང་ཁེངས་བྱེད་འཇིག་རྟེན་དབང་པོའ་གཟུགས། །ཐོ་བ་མདུང་དང་རྩེ་གསུམ་པད་ཀར་མེ་ལོང་དང་ནི་བགྲང་ཕྲེང་དང་། །ནག་དང་དམར་བའི་གདོང་ལྡན་དཀར་མོ་མེ་ཡི་རིགས་ཀྱི་འཁྱུད་ལ་འདུད། །གཟུགས་ཀྱི་ཕུང་པོ་ས་དང་བཤང་ལམ་ལུས་དང་དྲི་གཞོན་འོད་གསལ་གཟུགས། །རྟག་པ་སྤྱན་མ་རེངས་བྱེད་དང་ནི་རྣམ་སེལ་དྲི་ཡི་རྡོ་རྗེ་མ། །འཁོར་ལོ་དབྱུག་པ་ཁྲོ་བོའ་རྡོ་རྗེ་དུང་དང་ལྕགས་སྒྲོག་དྲིལ་བུའི་ཕྱག །དཀར་ནག་གདོང་ལྡན་གསེར་གྱི་རི་འདྲ་རླུང་གི་རིགས་ཀྱིས་འཁྱུད་ལ་འདུད། །རྣ་བ་ཆོས་ཁམས་ཡིད་དང་སྒྲ་གཞན་ཕྱག་ན་རྡོ་རྗེ་ཆོས་ཁམས་མ། །ཀུན་བཟང་སྒྲ་ཡི་རྡོ་རྗེ་མ་སྟེ་ལྗང་སྔོན་ཕན་ཚུན་ཡང་དག་སྦྱོར། །གཡས་གཡོན་ཉི་ཟླའི་ཞལ་གྱིས་རབ་བརྒྱན་རྡོ་རྗེ་དྲིལ་བུ་དགྲ་སྟྭ་དང་། །དྲིལ་བུ་ཐོད་པ་ཚངས་པའི་གདོང་ལྡན་སྟོང་པའི་རིགས་ལ་ཕྱག་འཚལ་ལོ། །རབ་དཀར་ཆུ་སྐྱེས་མདངས་བཀྲའི་ཟེའུ་འབྲུར་འོད་
༥༦ སྟོང་བདག་པོའ་དཀྱིལ་འཁོར་ལ། །རྡོ་རྗེའི་གདན་དང་གཡས་བརྐྱང་སྟབས་བཞུགས་རྒྱལ་དང་རྒྱལ་སྲས་ཁྲོ་རྒྱལ་དང་། །འདམ་སྐྱེས་དམར་པོའ་གེ་སར་སྙིང་པོར་རི་བོང་འཛིན་པའི་དཀྱིལ་འཁོར་ལ། །པདྨའི་གདན་བཞུགས་རིག་མ་རྣམས་དང་རྡོ་རྗེ་མ་རྣམས་ལ་ཕྱག་འཚལ། །དེ་ལྟར་ལྷ་ཡི་འཁོར་ལོ་ལེགས་མཆོད་དྲི་དང་ཕྲེང་བ་བདུག་སྤོས་མ། །སྣང་གསལ་བདུད་རྩི་འབྲས་བུ་མ་དང་སྒེག་མོ་བཞད་མ་སིལ་སྙན་མ། །གར་དང་གླུ་ཡི་སྦྱོར་བ་ལ་བརྩོན་འདོད་མ་འདོད་ལ་རབ་དགའ་མ། །རྒྱན་དང་ཆ་བྱད་རྣམ་འགྱུར་དུ་མས་ཡིད་རངརངས་འཛིན་མ་རྣམས་བསྟོད་དོ། །ཕྱོགས་དང་མཚམས་སུ་ཆུ་སྐྱེས་དམར་དང་དཀར་པོ་ལ་གནས་རྣལ་འབྱོར་མ། །ལྟེ་བའི་རྩ་བརྒྱད་དྲུག་ཅུ་རྩ་བཞི་རྣམ་པར་དག་པའི་ཆོས་ཅན་མ། །ཐུན་ཚོད་དང་ནི་དབྱུག་གུ་རྣམ་དག་ཀུན་ནས་བདེ་ལ་སྙོམས་འཇུག་མ། །སྤྱན་གསུམ་ཕྱག་བཞི་རོལ་པས་ཡོངས་བསྐོར་ས་གའི་སྟབས་ཀྱིས་ལེགས་གནས་མ། །ཡི་དྭགས་ལ་གནས་ཙ་རྩི་ཀཱ་ནི་དབང་པོས་འཁྱུད་ཅིང་འཇིག་མ་དང་། །རླུང་ཤུགས་མ་དང་དྲག་མོ་དུས་ཀྱི་མཆེ་བ་མ་དང་མེ་འབར་གདོང་། །རབ་གཏུམ་དྲག་མིག་སྣ་ཆེན་མས་བསྐོར་དུས་མཐའི་སྤྲིན་མཚུངས་ཟླ་ཞལ་མ། །ཐམས་ཅད་གྲི་གུག་རྩེ་གསུམ་ཐོད་པ་ཁ་ཾ་ག་ཡིས་བརྒྱན་ལ་འདུད། །མཁའ་ལྡིང་ལ་གནས་ཁྱབ་འཇུག་མ་ནི་ཚངས་པས་འཁྱུད་ཅིང་དཔལ་མོ་དང་། །རྣམ་པར་རྒྱལ་མ་སྒྱུ་མ་གྲགས་མ་བཀྲ་ཤིས་མ་དང་དཔལ་རྒྱལ་མ། །དཔལ་རྒྱལ་བྱེད་མ་འཁོར་ལོ་མས་བསྐོར་འཁོར་ལོ་དབྱུག་ཐོ་པདྨ་དང་། །དུང་གི་ཕྱག་ལྡན་སྤྲིན་ནག་དང་མཚུངས་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །མ་ཧེར་གནས་པའི་ཕག་མོ་ལ་ནི་དྲག་པོས་འཁྱུད་ཅིང་ཀེང་རུས་མ། །གཅིགས་མ་དུས་མཚན་རབ་ཁྲོས་གདོང་མ་དུས་ཀྱི་ལྕེ་མ་ནག་མོ་དང་། །དྲག་མོ་དང་ནི་གཟུགས་ངན་མས་བསྐོར་མེ་ཡི་མདོག་ཅན་ཟླ་ཞལ་མ། །དབྱུག་པ་རལ་གྲི་ལྕགས་སྒྲོག་ཕུབ་ཀྱིས་རྣམ་བརྒྱན་རྣམས་ལ་ཕྱག་འཚལ་ལོ། །རྨ་བྱར་གནས་པའི་གཞོན་ནུ་མ་ནི་ཚོགས་བདག་གིས་འཁྱུད་པདྨ་མ། །རིན་ཆེན་ཕྲེང་མ་ལུས་མེད་གཞོན་ནུ་རི་དྭགས་བདག་པོའ་འགྲོས་
༥༧ མ་དང་། །མིག་མཛེས་རུལ་མ་བཟང་མོས་ཡོངས་བསྐོར་བྱི་རུའི་འོད་འཕྲོ་གདོང་དྲུག་མ། །ཤཀ་ཏི་ལྕགས་ཀྱུ་རིན་ཆེན་ཞགས་པས་ཉེ་བར་མཛེས་ལ་ཕྱག་འཚལ་ལོ། །ཁྱུར་མཆོག་ལ་གནས་དྲག་མོ་ལ་ནི་གཤིན་རྗེས་འཁྱུད་ཅིང་ཕྱོགས་ཀུན་ནས། །གཽ་རི་འདེགས་མ་གཾ་ག་མ་དང་རྟག་མ་མྱུར་མ་མཚོན་བྱེད་མ། །དམར་སེར་མ་དང་ནག་མོས་ཡོངས་བསྐོར་ཟླ་བའི་མདོག་ཅན་ཟླ་བའི་ཞལ། །རྩེ་གསུམ་ཅང་ཏེའུ་ཁ་ཾ་ག་དང་ལྟོས་འགྲོས་མཚན་ལ་ཕྱག་འཚལ་ལོ། །སེང་གེར་གནས་པའི་དཔལ་མོ་ལ་ནི་གཞོན་ནུས་འཁྱུད་ཅིང་དཔལ་དཀར་མོ། །འཛིན་མ་ཟླ་བའི་རི་མོ་ཅན་དང་རི་བོང་འཛིན་ཞལ་ངང་པའི་མདོག །པདྨའི་དབང་མོ་སྐར་མིག་མ་དང་དྲི་མེད་རི་བོང་འཛིན་མས་བསྐོར། །ཟླ་འོད་ཟླ་ཞལ་པདྨ་བགྲང་ཕྲེང་ཆུ་སྐྱེས་རིན་ཆེན་འཛིན་ལ་འདུད། །གླང་པོར་གནས་པའི་དབང་མོ་ལ་ནི་སྲིན་པོས་འཁྱུད་ཅིང་རྡོ་རྗེའི་འོད། །བཀྲ་བའི་རི་མོ་རྡོ་རྗེའི་ལུས་མ་གསེར་ལྡན་མ་དང་ཨུར་བ་སཱི། །རཾ་བྷ་ཟུག་རྔུ་མེད་མ་དང་ནི་ཤིན་ཏུ་སྒྲོལ་མས་ཡོངས་བསྐོར་མ། །གསེར་མདོག་ཟླ་ཞལ་རྡོ་རྗེ་མདའ་དང་དྲིལ་བུ་གཞུ་ཡིས་མཚན་ལ་འདུད། །ངང་པར་གནས་པའི་ཚངས་མ་ལ་ནི་ནོར་ལྷས་འཁྱུད་ཅིང་མཆོད་སྦྱིན་འདོན། །ངག་གི་དབང་ཕྱུག་པདྨའི་སྤྱན་མཆུ་སྐྱེས་ལྡན་མ་བློ་གྲོས་མ། །གླུ་མ་གློག་མ་དྲན་མས་ཡོངས་བསྐོར་རིག་བྱེད་གདོང་མ་གསེར་མདོག་མ། །ཕྱག་གི་པདྨ་པདྨ་ཚངས་དབྱུག་སྤྱི་བླུགས་པར་བུས་མཚན་ལ་འདུད། །ཟླ་བ་ཚིགས་ཆེན་ཉི་མའི་ཚེས་དང་རྩ། །རྣམ་དག་ལྷ་ཆེན་བཅུ་གཉིས་འཁོར་དང་བཅས། །སྤྱན་གསུམ་ཉི་ཟླའི་མདོག་ཅན་པདྨའི་སྟེང་། །རོལ་པས་ཡོངས་བསྐོར་རྡོ་རྗེའི་གདན་བཞུགས་པ། །སྲིན་མོས་འཁྱུད་ཅིང་ཡི་དྭགས་ལ་གནས་པའི། །བདེན་བྲལ་ལ་སོགས་ནག་པའི་ཚེས་རྣམས་གཞན། །རལ་གྲི་གྲི་གུག་ཕུབ་དང་ཐོད་པ་ཅན། །དུས་མཐའི་སྤྲིན་མཚུངས་ཟླ་བའི་ཞལ་ལ་འདུད། །གཏུམ་མོས་འཁྱུད་ཅིང་རི་དྭགས་ལ་གནས་པའི། །རླུང་སོགས་ས་གའི་ཚེས་གཞན་དཔག་བསམ་ཤིང་། །ཡོངས་འདུས་མེ་ཏོག་ནོར་བུ་
༥༨

ཨུཏྤལ་འཛིན། །ཟླ་ཞལ་མིག་སྨན་མདོག་ལ་ཕྱག་འཚལ་ལོ། །ལུག་ལ་གནས་ཤིང་ཆུ་བདག་མོས་འཁྱུད་པའི། །མེ་ལྷ་ལ་སོགས་སྣོན་གྱི་ཚེས་རྣམས་གཞན། །མདུང་ཐུང་དབྱུག་པ་ཆུ་སྐྱེས་སྤྱི་བླུགས་འཛིན། །ཞལ་གཅིག་པདྨ་རཱ་གའི་མདོག་ལ་འདུད། །དཔལ་མོས་འཁྱུད་ཅིང་རྨ་བྱ་ལ་གནས་པའི། །གདོང་དྲུག་ལ་སོགས་ཆུ་སྟོད་ཚེས་རྣམས་གཞན། །ཤཀྲ་ཏི་མདུང་དང་ནོར་བུ་མེ་ལོང་ཅན། །བྱེ་རུའི་འོད་འཕྲོ་གདོང་དྲུག་ལྡན་པས་སྐྱོངས། །ཕག་མོས་འཁྱུད་ཅིང་ཆུ་སྲིན་ལ་གནས་པའི། །རྒྱ་མཚོ་ལ་སོགས་གྲོ་བཞིན་ཚེས་རྣམས་གཞན། །ཞགས་པ་རིན་ཆེན་སྦྲུལ་ཞགས་ཆུ་ཤེལ་འཛིན། །ཟླ་བའི་འོད་ཅན་ཟླ་བའི་ཞལ་མཆོད་དོ། །བྱི་བར་གནས་ཤིང་གཞོན་ནུ་མས་འཁྱུད་པའི། །ཚོགས་བདག་ལ་སོགས་ཁྲུམས་སྟོད་ཚེས་རྣམས་གཞན། །དགྲ་སྟ་རྡོ་རྗེ་ཞགས་པ་ནོར་བུའི་ཕྱག །ཟླ་ཞལ་ཟླ་འོད་ལྟ་བུར་དཀར་ལ་འདུད། །གླང་པོར་གནས་ཤིང་རླུང་ལྷ་མོས་འཁྱུད་པའི། །བརྒྱ་བྱིན་ལ་སོགས་ཐ་སྐར་ཚེས་རྣམས་གཞན། །རྡོ་རྗེ་མདའ་དང་དྲིལ་བུ་གཞུ་ཡིས་མཚན། །གསེར་མདོག་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །གློག་མས་འཁྱུད་ཅིང་ངང་པ་ལ་གནས་པའི། །ཚངས་པ་ལ་སོགས་སྨིན་དྲུག་ཆོས་རྣམས་གཞན། །ཁབ་དང་བགྲང་ཕྲང་ཆུ་སྐྱེས་སྤྱི་བླུགས་འཛིན། །ཆུ་ཡི་གསེར་མཚུངས་ཆུ་ཡི་ཞལ་གྱིས་སྐྱོངས། །ཨུ་མས་འཁྱུད་ཅིང་ཁྱུ་མཆོག་ལ་གནས་པའི། །དྲག་པོ་ལ་སོགས་མགོ་ཡི་ཚེས་རྣམས་གཞན། །རྩེ་གསུམ་མདའ་དང་སྦྲུལ་ཞགས་ཁ་ཾ་གཞུ། །རི་བོང་འཛིན་ཞལ་མཁའ་ལྟར་སྔོ་ལ་འདུད། །གླང་པོར་གནས་ཤིང་ནོར་སྦྱིན་མོས་འཁྱུད་པའི། །ནོར་བདག་ལ་སོགས་རྒྱལ་གྱི་ཚེས་རྣམས་གཞན། །ནོར་བུ་བེ་ཅོན་ནེའུ་ལེ་པདྨའི་ཕྱག །སྔོན་པོ་རི་དྭགས་མཚན་པའི་ཞལ་མཆོད་བགྱི། །དཔལ་མོས་འཁྱུད་ཅིང་མཁའ་ལྡིང་ལ་གནས་པའི། །ཁྱབ་འཇུག་ལ་སོགས་མཆུ་ཡི་ཚེས་རྣམས་གཞན། །འཁོར་ལོ་དབྱུག་ཐོ་པདྨ་དུང་གིས་མཚན། །ཞལ་གཅིག་མ་རྒད་མདོག་ལ་ཕྱག་འཚལ་ལོ། །གཤིན་རྗེ་

༥༩ མས་འཁྱུད་མ་ཧེ་ལ་གནས་པའི། །གཤིན་རྗེ་ལ་སོགས་དཔེ་ཡི་ཆོས་རྣམས་གཞན། །དབྱུག་པ་རལ་གྲི་ལྕག་སྒྲོག་ཞགས་པས་བརྒྱན། །ལྗང་གུ་རི་དྭགས་ཅན་ཞལ་ལ་ཕྱག་འཚལ། །འོད་ཟེར་ཅན་འཁྱུད་དབྱུག་སྔོན་ནག་པོ་རལ་གྲི་དང་ནི་རྡོ་རྗེ་ཕུབ་དང་ལྟོ་འགྲོ་འཛིན། །ཙུན་དས་ལེགས་འཁྱུད་ཊཱ་ཀི་དམར་པོ་མེ་མདའ་དང་ནི་ལྕགས་ཀྱུ་གཞུ་དང་ཞགས་པས་མཚན། །ཁྲོ་གཉེར་མས་འཁྱུད་མི་གཡོ་དཀར་པོ་ཐོ་བ་དང་ནི་མདུང་དང་པདྨ་མེ་ལོང་འཛིན། །ལྕགས་སྒྲོག་མས་འཁྱུད་སྟོབས་ཆེན་སེར་པོ་འཁོར་ལོ་དང་ནི་དབྱུག་པ་དུང་དང་ནོར་བུའི་ཕྱག །སྔོན་མོས་འཁྱུད་པའི་གཙུག་ཏོར་ལྗང་གུ་དགྲ་སྟ་དང་ནི་རྩེ་གསུམ་སྦྲུལ་ཞགས་ཁ་ཾ་ག་།དྲག་སྤྱན་མས་འཁྱུད་གནོད་མཛེས་སྔོན་པོ་གྲི་གུག་དང་ནི་རྡོ་རྗེ་ཐོད་པ་དྲིལ་བུ་འཛིན། །ཕག་རྟ་སེང་གེ་གླང་པོ་མཁའ་ལྡིང་རྐང་བརྒྱད་ཀྱིས་ནི་ཤིང་རྟ་ལ་གནས་གཡས་བརྐྱང་སྟབས། །མཐིལ་བཞི་གཤང་ལམ་གཙུག་གི་རྩ་དག་ཁྲོ་བོའ་ཚོགས་ནི་ཞལ་གཅིག་ཕྱག་བཞིས་བརྗིད་ལ་འདུད། །སྟོབས་ཀྱི་རྒྱུ་དང་པདྨ་ཆར་སྤྲིན་མདོག །ནོར་རྒྱས་དུང་སྐྱོང་བྱེ་རུའི་ཕུང་པོ་འདྲ། །མཐའ་ཡས་རིགས་ལྡན་ཀུན་དའི་མདོག་ལྟར་གསལ། །འཇོག་པོ་པདྨ་ཆེན་པོ་རབ་ཏུ་སེར། །རྒྱལ་དང་རྣམ་རྒྱལ་ལྗང་སྔོན་འབྱུང་བ་ལ། །རྡོ་རྗེ་གདན་བཞུགས་རིན་ཆེན་རྒྱན་གྱིས་བརྒྱན། །བུམ་པ་རྡོ་རྗེ་པདྨ་ནོར་བུའི་ཕྱག །རྐང་སོར་ཀླུ་ཆེན་གཏུམ་མོས་འཁྱུད་ལ་འདུད། །མདུང་གིས་འབིགས་དང་ལྷག་མ་བསྲེགས་པའི་རོ། །དྲག་པོའ་གཡུལ་དང་རུལ་པ་བྱིས་པ་གསོད། །རྣག་གི་དྲི་དང་སྦྲུལ་གྱིས་ཟོས་པ་ཡིས། །དུར་ཁྲོད་ཆེན་པོར་བསེ་དང་དྷེ་རུ་ཎ་ཌ། །དོམ་དང་ཁྲུང་ཁྲུང་འབྲི་དང་བྱ་མ་བྱི། །སེང་གེ་མིག་སྔོན་ལ་གནས་འཁོར་ལོའ་སྟེང་། །ཟླུམ་པོའ་སྟབས་ཅན་མི་མགོའ་ཕྲེང་ལྡན་མ། །གཅེར་བུ་སྤྱན་གསུམ་གྲི་གུག་ཐོད་པ་མ། །ཕྱག་རྒྱ་ལྔ་ལྡན་ཀླུ་ཡིས་རབ་འཁྱུད་མ། །ལུས་ལ་ལག་པའི་སོར་མོ་རྣམ་དག་མ། །ཁྱི་གདོང་མ་དང་ཁྭ་གདོང་ཕག་གདོང་མ། །བྱ་རྒོད་
༦༠ གདོང་མ་སྟག་གདོང་འུག་གདོང་མ། །ལྕེ་སྤྱང་གདོང་མ་ནམ་མཁའ་ལྡིང་གདོང་མ། །སྟེང་འོག་ཤིང་རྟ་སྔོན་མོ་རྡོ་རྗེའི་མིག །སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང་། །འབྱུང་པོའ་ཚོགས་ཀྱིས་བསྐོར་ལ་ཕྱག་འཚལ་ལོ། །ཤིན་ཏུ་སྟོབས་མ་རྨུགས་བྱེད་མ་དང་ང་རྒྱལ་ཅན་མ་རེངས་བྱེད་མ། །ལྕགས་སྒྲོག་མ་དང་ཁྲོ་གཉེར་ཅན་མ་ཙུན་ད་དང་ནི་འོད་ཟེར་ཅན། །དྲག་སྤྱན་མ་དང་ཤིན་ཏུ་སྔོན་མོ་རང་རང་རིགས་ཀྱི་ཁྲོ་བོ་ཡི། །ཞལ་ཕྱག་མཚོན་ཆ་ཁ་དོག་རྒྱན་ལྡན་ཁྲོ་མོ་རྣམས་ལའང་ཕྱག་འཚལ་ལོ། །དེ་བཞིན་སྒྲོལ་མ་རེག་བྱ་མ་དང་ཁྱབ་འཇུག་ལྕགས་སྒྲོག་ཁ་གདོང་མ། །རབ་སྔོན་རབ་བརྩོན་ཙ་རྩི་ཀཱ་དང་ཁྱི་གདོང་མས་བསྐྱེད་བརྒྱ་བྱིན་དུ། །དབྱེ་བ་གོས་དང་མཆིལ་འདོར་རེག་བྱ་ལྷག་མ་ཟ་བ་ཀུན་ཏུ་གདུང་། །སྒྲོད་དང་ལུས་འཕྲུགས་ཡན་ལག་བསྐྱོད་པར་འདོད་དང་ཕྱིར་འདོད་མ་ལ་འདུད། །གོས་དཀར་རོ་མ་གཞོན་ནུ་མ་དང་ཁྲོ་གཉེར་ཅན་མ་བྱ་རྒོད་མ། །དྲག་སྤྱན་རྨུགས་མ་ཕག་མོ་དང་ནི་ཕག་གདོང་མས་བསྐྱེད་ལྷོ་ཕྱོགས་སུ། །བསྐྱོད་པ་ཟས་དང་གར་འགུགས་གཡུལ་དང་རྒྱུག་པ་དང་ནི་སྐེམ་པ་དང་། །ལུས་ལ་དྲི་མ་བཤང་གཅི་ཟག་པར་འདོད་དང་ཕྱིར་འདོད་མ་རྣམས་མཆོད། །མ་མཱ་ཀི་དང་གཟུགས་མ་དཔལ་མོ་ཙུནབཙུན་ད་དང་ནི་འུག་གདོང་མ། །སྒྲ་མ་ཁེངས་མ་དྲག་མོ་དང་ནི་སྟག་གདོང་མས་བསྐྱེད་ནོར་སྦྱིན་ཏུ། །རྒྱས་པ་རྒྱན་དང་རྒྱལ་སྲིད་འཆིང་བ་བྱིས་པ་བསྡིགས་དང་རོལ་མོའ་སྒྲ། །འཇམ་པར་སྨྲ་དང་མལ་སྟན་རྩོད་མ་འདོད་དང་ཕྱིར་འདོད་མ་རྣམས་རྒྱལ། །སྤྱན་མ་དྲི་མ་ཚངས་མ་དང་ནི་འོད་ཟེར་ཅན་མ་མཁའ་ལྡིང་མ། །ཆོས་ཀྱི་ཁམས་མ་རེངས་མ་དབང་མོ་ལྕེ་སྤྱང་མས་བསྐྱེད་ཆུ་བདག་ཏུ། །རེངས་པ་དྲི་དང་ཆུ་ལ་རྐྱལ་པ་ཕུར་བུས་འདེབས་དང་སྤྲུལ་འཆིང་འཁྲིག །གཉེན་འདུན་མལ་བསྙེས་སེམས་ཅན་བསླུ་འདོད་ཕྱིར་འདོད་མ་རྣམས་གཞན་ལ་འདུད། །ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ལུས་དང་དབང་པོའ་སྦྱོར་བ་སྤངས་ཀྱང་
༦༡ རྟག་ཏུ་འདོད་ཆགས་ཆེ་ལ་རོལ། །བསམ་གྱིས་མི་ཁྱབ་བརྟག་པར་དཀའ་བ་དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག །གཟའ་དང་དྲོང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང་། ། ཀརྣ་དགའ་བྱེད་ནག་པོ་ཆེ། །བྷྲ་གི་ནི་སོགས་འཁོར་མང་རྒྱལ་གྱུར་ཅིག །དེ་ལྟར་བསྟོད་པས་ཕུང་པོ་ཁམས་སོགས་གཞན། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་དབྱིངས། །བློ་བུར་དྲི་མའི་སྤུབས་ལས་ངེས་གྲོལ་ཏེ། །སྲིད་གསུམ་དྭངས་བ་མངོན་དུ་བྱེད་གྱུར་ཅིག །ཅེས་བསྟོད་ཆེན་འདོན་བཞིན་ཏུ་ལྷ་རྣམས་གསལ་གདབ་བོ། །དེ་ནས་མཆོད་པ་བྱིན་གྱིས་བརླབ་པར་བྱ་སྟེ། །གོང་གི་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་དང་འདྲ་བ་ལས། གནས་ཁང་བསྐྱེད་ཆོག་གི་ཚིག་དོར་བ་སྟེ། སྟོང་པའི་ངང་ལས་ཤེལ་གྱི་སྣོད་སོར་བཅུ་གཉིས་པ། ཞེས་སོགས་བརྗོད་པའི་ཁྱད་པར་ཙམ་མོ། །དེ་ནས་མཆོད་པའི་མགྲེནམགྲོན་སྤྱན་དྲངས་ནས་མཆོད་པ་ནི། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། །རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་པའི་ཡུལ་དུ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ནམ་མཁའ་གང་བར་བཞུགས། ༀ་ཨཱཿཧཱུྃ་ཧོཿཏྲཻ་དྷཱ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙ་ཀྲ་ཨརྒྷཾ་པྲ་ཏཱིཙྪ་ས་པ་རི་ཝཱ་ར་ཏྭཾ་བྷ་ག་ཝཱན་མེ་ཝ་ར་དོ་བྷཱ་ཝ་ཤི་ཥྱཱ་ནི་ཙ། ཞེས་པ་ལན་གསུམ། རྣམ་དག་ཡེ་ཤེས་བདུད་རྩིའི་ཆུ་གཏེར་ནི། །རབ་དྭངས་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །ཞལ་གྱི་རྙོགས་པའི་དྲི་སེལ་ཡོན་ཆབ་འདི། །དུས་ཀྱི་འཁོར་ལོའ་ལྷ་ཚོགས་མཉེས་ཕྱིར་འབུལ། །ༀ་ཨཱཿཧྲི་པྲ་ཝ་ར་སད་ཀ་རཾ་ཨཱརྠ་ཨཱཉྩ་མ་ནཾ་པ་ཏིཙྪ་ན་མཿ རྣམ་དག་ཡེ་ཤེས་བདུད་རྩིའི་ཆུ་གཏེར་ནི། །རབ་དྭངས་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །ཞབས་ཀྱི་པདྨའི་དྲི་སེལ་སྤོས་ཀྱི་ཆུ། །དུས་ཀྱི་འཁོར་ལོའ་ལྷ་ཚོགས་མཉེས་ཕྱིར་འབུལ། །ༀ་ཨཱཿཧྲི་པྲ་ཝར་སད་ཀ་རཾ་ཨཱརྠཾ་པཱ་དྱཾ་པྲ་ཏིཙྪ་ན་མཿ ཚིག་རྐང་དང་པོ་གཉིས་དང་ཕྱི་མ་འདྲ་བའོ། །རྣམ་དག་ཡེ་ཤེས། རབ་དངས། ཀུན་ཏུ་འཕོ་བའི་གདུང་སེལ་འཐོར་འཐུང་འདི།། །།
༦༢ དུས་ཀྱི་འཁོར་ལོའ། ༀ་ཨཱཿཧྲི་པྲ་ཝ་ར་སད་ཀ་རཾ་ཨཱརྠཾ་པྲོཀྵ་ཎཾ་པྲ་ཏཱིཙྪ་ན་མཿ རྣམ་དག་ཡེ་ཤེ །རབ་དྭངས་ཁ་དོག །ཡན་ལག་བརྒྱད་ལྡན་རྡོ་རྗེ་ཨརྒྷཾའི་རྒྱུན། །དུས་ཀྱི་འཁོར་ལོའ ༀ་ཨཱཿཧྲི་པྲ་ཝ་ར་སད་ཀ་རཾ་ཨཱརྠཾ་ཨརྒྷཾ་པྲ་ཏཱིཙྪ་ན་མཿ ཞེས་པས་ཆུ་བཞི་ཕུལ། །ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། །དུས་ཀྱི་འཁོར་ལོ་འཁོར་བཅས་རྣམས། །རྣམ་དག་རྡོ་རྗེའི་དྲི་མཆོག་འདི། །བཞེས་ནས་བདག་ལ་མཆོག་སྩོལ་མཛོད། །ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝ་རེ་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ རྐང་པ་གསུམ་ཡང་སྔ་མ་བཞིན་ཀུན་ལ་སྦྱར་ཏེ། །ཁམས་གསུམ་དབང་ཕྱུག །དུས་ཀྱི་འཁོར་ལོ །རྡོ་རྗེ་མེ་ཏོག་རྣམ་བཀྲའི་ཚོགས། །བཞེས་ནས བཛྲ་པུཥྤཾ་པྲ་ཏཱི་ཙྪ་ན་མཿ ཁམས་གསུམ །དུས་ཀྱི །རྡོ་རྗེ་བདུག་སྤོས་བླ་ན་མེད། །བཞེས་ནས །བཛྲ་དྷཱུ་པཾ་པྲ་ཏཱིཙྪ་ན་མཿ ཁམས་གསུམ །དུས་ཀྱི །རྡོ་རྗེ་སྒྲོན་མ་འོད་རབ་འབར། །བཞེས་ནས །བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ །ཁམས་གསུམ །དུས་ཀྱི་འཁོར །རྡོ་རྗེ་ཞལ་ཟས་རོ་མཆོག་ལྡན། །བཞེས་ནས །བཛྲ་ནཻ་ཝི་དྱཾ་པྲ་ཏཱིཙྪ་ན་མཿ །ཁམས་གསུམ །དུས་ཀྱི །རྡོ་རྗེ་མ་ཉམས་འབྲས་བུའི་མཆོག །བཞེས་ནས །བཛྲ་ཨཱཀྵ་ཏཾ་པྲ་ཏཱིཙྪ་ན་མཿ །ཁམས་གསུམ །དུས་ཀྱི །རྡོ་རྗེ་སྒེག་མོའ་མཆོད་པ་ནི། །བཞེས་ནས །བཛྲ་ལཱ་སྱེ་པྲ་ཏཱིཙྪ་ན་མཿ །ཁམས་གསུམ །དུས་ཀྱི །རྡོ་རྗེ་བཞད་མའི་མཆོད་པ་འདི། །བཞེས་ནས །བཛྲ་ཧཱ་སྱཾ་པྲ་ཏཱིཙྪ་ན་མཿ །ཁམས་གསུམ །དུས་ཀྱི །རྡོ་རྗེ་སིལ་སྙན་རྣམ་མང་པོ། །བཞེས་ནས །བཛྲ་པཱ་དྱཾ་པྲ་ཏཱིཙྪ་ན་མཿ །ཁམས་གསུམ །དུས་ཀྱི །རྡོ་རྗེ་གར་གྱི་མཆོད་སྤྲིན་འདི། །བཞེས་ནས །བཛྲ་ནྲྀ་ཏྱཾ་པྲ་ཏཱིཙྪ་ན་མཿ །ཁམས་གསུམ །དུས་ཀྱི །རྡོ་རྗེ་གླུ་དབྱངས་ཡིད་འཕྲོག་ལྡན། །བཞེས་ནས །བཛྲ་གཱི་ཏཾ་པྲ་ཏཱིཙྪ་ན་མཿ །ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། །དུས་ཀྱི་འཁོར་ལོ་འཁོར་བཅས་རྣམས། །རྡོ་རྗེ་འདོད་པའི་མཆོད་པ་མཆོག །བཞེས་ནས་བདག་ལ་མཆོག་སྩོལ་མཛོད། །བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ
༦༣ ཙ་སྡེ་ཐུང་རིང་ལས་སྐྱེས་པའི། །དྲི་ཆབ་མོ་དང་ཕྲེང་བ་མོ། །ནམ་མཁའ་ཁྱབ་པའི་ཚོགས་སྤྲུལ་ནས། །དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ། །ཨོཾཙྪ།།།བཛྲ་གནྡྷེ་གནྡྷ་ཨཱརྩ་ནི་ཀུ་རུ་ཀུ་རུ་སྭཱ་ཧཱ། །ༀ་ཙྪ།།།བཛྲ་མཱ་ལེ་མཱ་ལ་ཨ་རྩ་ནི་ཀུ་རུ་ཀུ་རུ་སྭཱ་ཧཱ། །ཊ་སྡེ་ཐུང་རིང་ལས་སྐྱེས་བའི། །བདུག་སྤོས་མ་དང་སྣང་གསལ་མ། །ནམ་མཁའ་ཁྱབ་པའི་ཚོགས་སྤྲུལ་ནས། །དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ། །ༀ་།།།བཛྲ་དྷཱུ་པེ་དྷཱུ་པ་ཨཱརྩ་ནི་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་ཊ།།།བཛྲ་བྲ་དཱི་པེ་པྲ་དཱི་པ་ཨཱརྩ་ནི་ཀུ་རུ་ཀུ་རུ་སྭཱ་ཧཱ། །པ་སྡེ་ཐུང་རིང་ལས་སྐྱེས་པའི། །ཞལ་ཟས་མ་དང་འབྲས་བུ་མ། །ནམ་མཁའ །དཀྱིལ་འཁོར །ༀ་པ།།།བཛྲ་ཨ་མྲྀ་ཏེ་ནཻ་ཝི་དྱ་པུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་ཨཱཀྵ་ཏེ་ཨཱཀྵ་ཏ་ཕལ་ཨཱརྩ་ནི་ཀུ་རུ་ཀུ་རུ་སྭཱ་ཧཱ། ཏ་སྡེ་ཐུང་རིང་ལས་སྐྱེས་པའི། །སྒེག་མོ་དང་ནི་བཞད་པ་མོ། །ནམ་མཁའ །དཀྱིལ་འཁོར །ༀ་།།།བཛྲ་ལཱ་སྱེ་ཝསྟྲ་ཨཱ་བྷ་ར་ཎ་པཱུ་ཛཱི་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་།།།བཛྲ་ཧཱ་སྱ་གྷཎྜ་ཨཱ་ད་པཱུ་ཛི་ཀུ་རུ་ཀུ་རུ་སྭཱ་ཧཱ། །ཀ་སྡེ་ཐུང་རིང་ལས་སྐྱེས་པའི། །སིལ་སྙན་མ་དང་གར་མཁན་མ། །ནམ་མཁའ་ཁྱབ་པའི་ཚོགས་སྤྲུལ་ནས། །དཀྱིལ་འཁོར་ལྷ་ལ །ༀ་།།།བཛྲ་པཱ་དྱཾ་བཱ་དྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། །ༀ་།།།བཛྲ་ནྲྀ་ཏྱེ་ནྲྀ་དྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། །ས་སྡེ་ཐུང་རིང་ལས་སྐྱེས་པའི། །གླུ་དབྱངས་མ་དང་འདོད་པ་མོ། །ནམ་མཁའ་གང་བའི་ཚོགས །དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ། །ༀ་།།།བཛྲ་གཱི་ཏི་གཱི་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། །ༀ་།།།བཛྲ་ཀཱ་མེ་སརྦ་བུདྡྷ་བོ་དྷི་ས་ཏྭ་ནཱཾ་ཀྲོ་དྷ་ཨཱ་དཱི་ནཾ་བཛྲ་སུ་ར་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་རེག་མ་བཅུ་གཉིས་ཀྱི་མཆོད། །སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ར་བའི་བར་ནོར་བུ་རིན་ཆེན་ཨིནྡྲ་རྙིལ། །གསེར་དངུལ་ལ་སོགས་རིན་ཆེན་མེ་ཏོག་དང་། །རིག་མ་བདེ་བ་རྣམ་མ་དགོས་ཀྱི་ཚོགས། །ཙནྡན་ལ་སོགས་དྲི་བཟང་
༦༤ སྦྱར་བའི་ཆབ། །དྲི་ཞིམ་བདུག་སྤོས་བསྲེག་པའི་སྤྲིན་ཚོགས་དང་། །རྩི་བཅུད་འབྲུ་མར་དང་བཅས་སྒྲོན་མེའི་ཚོགས། །གྲགས་སྟོང་གཉིས་སུ་མེད་པ་དྲིལ་བུའི་སྒྲ། །གསལ་སྣང་གཟུགས་བརྙན་འཆར་བའི་མེ་ལོང་དང་། །ལྷ་རྫས་བླ་བྲེ་ནམ་མཁའི་ཚད་འཇལ་བྱེད། །རྣམ་མང་འབྲས་བུ་སྣ་ཚོགས་བཅུད་སྟེར་ཞིང་། །ལྷབ་ལྷུབ་གཡོ་བ་བ་དན་རྣམ་ལྔའི་ཚོགས། །འཇོ་སྒེག་རྣམ་འགྱུར་སྤྲོ་བའི་གར་མཁན་དང་། །སྒྲ་སྙན་སྣ་ཚོགས་རོལ་མོའ་མཆོད་པ་སྟེ། །བཅུ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཡན་ལག་བཅུ་གཉིས་འཕོ་བ་རབ་འགགས་ནས། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །རབ་དྭངས་ཡན་ལག་བརྒྱད་ལྡན་ཆུ་གཙང་དང་། །འོ་ཆབ་མེ་ཏོག་བཅས་པའི་མཆོད་ཡོན་བཟང་། །རླུང་གིས་བསྐྱོད་པའི་དྲི་བཟང་མཁའ་ཁྱབ་དང་། །ལྷན་ཅིག་སྐྱེས་དང་སྦྱར་བའི་བདུག་སྤོས་དང་། །ཨུཏྤལ་པདྨ་ལ་སོགས་མེ་ཏོག་བཀྲ། །མ་ཉམས་ས་ཧཱ་ཀ་རའི་འབྲས་བུ་སྨིན། །སྨན་མཆོག་དབང་པོ་ལ་སོགས་འབྲུ་སྣ་ཚོགས། །ཉི་ཟླ་ནོར་བུ་ལ་སོགས་སྣང་གསལ་ཚོགས། །བདུད་རྩི་རོ་བརྒྱ་ལྡན་པའི་ལྷ་བཤོས་དང་། །པཉྩ་ལི་ཀཱ་ལྷ་ཡི་གོས་ཀྱི་མཆོག །མཆོད་པ་རྣམ་བཅུ་ཕུལ་བས་ས་བཅུ་ཐོབ། །དཀྱིལ་འཁོར་རྣམ་བཅུ་སྒྲིབ་བྲལ་ཐོབ་པར་ཤོག །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །བཀྲ་ཤིས་དཔལ་བེའུ་གཡུང་དྲུང་འཁྱིལ། །དགེ་བའི་དོན་ཏུ་མངའ་བ་ལྟར། །དེ་བཞིན་བདག་ཀྱང་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །གསེར་གྱི་འཁོར་ལོ་མུ་ཁྱུད་ཅན། །ཚངས་པ་ཆེན་པོས་ཕུལ་བ་ལྟར། །དེ་བཞིན་བདག་ཀྱང་དབུལ་བར་བགྱི། །ཇི་ལྟར །འདམ་གྱིས་སྐྱོན་གྱིས་མ་གོས་པའི། །པདྨ་དཀར་པོ་ཕུལ་བ་ལྟར། །དེ་བཞིན །ཇི་ལྟར་སྔོན །ཉོན་མོངས་བདུད་ལས་རྒྱལ་བ་ཡི། །ཆོས་ཀྱི་རྒྱལ་མཚན་ཕུལ་བ་ལྟར། །དེ་བཞིན །ཇི་ལྟར །གདུགས་དཀར་གསེར་གྱི་ཡུ་བ་ཅན། ཕུལ་བ་དེ་བཞིན་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཇི་ལྟར །རེ་བ་ཐམས་ཅད་རྫོགས་མཛད་པའི། །
༦༥ བུམ་པ་བཟང་པོ་ཕུལ་བ་ལྟར། །དེ་བཞིན །ཇི་ལྟར །སྙན་པ་ཕྱོགས་བཅུར་སྒྲོག་པ་ཡི། །འབུང་དུད་གཡས་འཁྱིལ་ཕུལ་བ་ལྟར། །དེ་བཞིན་བདག་ཀྱང་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །ན་བཟའ་གསེར་གྱི་ཉ་རིས་ཅན། །ཕུལ་བ་དེ་བཞིན་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཕྱོགས་ལས་རྣམ་རྒྱལ་གསེར་གྱི་འཁོར་ལོ་དང་། །དགོས་འདོད་མ་ལུས་སྩོལ་བའི་ཡིད་བཞིན་ནོར། །གཟུགས་མཛེས་སྐྱོན་ཀུན་བྲལ་བ་བཙུན་མོའ་མཆོག །བང་མཛོད་མ་ལུས་འགེངས་བྱེད་བློན་པོའ་ཕུལ། །ཡིད་འོང་སྟོབས་ལྡན་གླང་པོའ་བདག་པོ་དང་། །ཅང་ཤེས་སྤྲིན་གྱི་ཤུགས་ཅན་རྨད་བྱུང་རྟ། །རྒོལ་བ་ཀུན་འཇོམས་ཁྱིམ་བདག་དཔའ་བོ་ཆེ། །དེ་ལྟར་རིན་ཆེན་བདུན་གྱིས་དཀྱིལ་འཁོར་མཆོད། །དྲི་མེད་ཆོས་ཀུན་གསལ་བའི་མེ་ལོང་དང་། །གཡས་འཁྱིལ་ཆོས་སྒྲ་མི་ཟད་སྒྲོག་པའི་དུང་། །དུག་གསུམ་ཉོན་མོངས་འཇོམས་པའི་གི་ཧཾ་དང་། །རྩི་བཅུད་སྙིང་པོ་བདུད་རྩིའི་རང་བཞིན་ཞོ། །ཁམས་གསུམ་དབང་དུ་སྡུད་པ་ལི་ཁྲིའི་རྫས། །རྡོ་རྗེ་སེམས་དཔའི་ཚེ་སྒྲུབ་དཱུར་བའི་རྩ། །དོན་མཆོག་བླ་མེད་སྒྲུབ་པ་བིལ་བའི་འབྲས། །བགེགས་དང་བར་ཆད་ཀུན་འཇོམས་ཡུངས་དཀར་ཏེ། །རྒྱལ་བས་བྱིན་བརླབས་བཀྲ་ཤིས་རྫས་བརྒྱད་པོ། །ཕུལ་བས་འགྲོ་ལ་དགེ་ལེགས་འཕེལ་བར་ཤོག །ཉོན་མོངས་མ་ལུས་གཅོད་པའི་སྟགསསྟག་ལྤགས་དང་། །སྒྲིབ་པ་ཀུན་བལ་གླང་ཆེན་ལྤགས་པའི་གོས། །འཇིགས་བྱེད་ཧེ་རུ་ཀ་དཔལ་མཉེས་བྱེད་པ། །སྣ་ཚོགས་ན་བཟའི་མཆོད་པ་འབུལ་བར་བགྱི། །དབང་སྔོན་ཀ་རྐེ་ཏ་ན་ཆུ་ཤེལ་དང་། །པདྨ་རཱ་ག་མར་གཏི་མུ་ཏིག་དང་། །ཛམ་བུ་ཆུ་བོའ་གསེར་དང་དངུལ་ལ་སོགས། །བཟའ་དང་བཅའ་བ་རྣམ་པ་དུ་མ་དང་། །རྩ་བ་སྡོང་བུ་འདབ་མ་མེ་ཏོག་དང་། །ལྗོན་ཤིང་ལ་སོགས་རྣམ་པ་སྣ་ཚོགས་པ། །བསོད་ནམས་སྤེལ་ཕྱིར་དཀྱིལ་འཁོར་ལྷ་ལ་འབུལ། །རལ་གྲི་ཁང་པ་ལྤགས་པ་སྐྱེད་མོས་ཚལ། །མལ་ཆ་གོས་དང་མཆིལ་ལྷམ་
༦༦ རིན་པོ་ཆེ། །པདྨ་ཅན་སོགས་བཀྲ་ཤིས་ལྷ་མོ་བརྒྱད། །སྣ་ཚོགས་རིན་ཆེན་ལས་གྲུབ་ཁང་བཟང་དང་། །དཔག་བསམ་ཤིང་དང་བུམ་པ་བཟང་པོ་དང་། །འདོད་འཇོའ་བ་དང་རིན་ཆེན་རི་བོ་སོགས། །མཆོད་སྤྲིན་རྒྱ་མཚོས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཀུནྟུ་རབ་ཏུ་ཁྱབ་བྱེད་དྲི་བཟང་དང་། །རྣམ་དག་ཉི་མས་དག་བྱེད་མེ་ཏོག་ཕྲེང་། །དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ལ་འབུལ། །འགྲོ་བས་རྣམ་དག་ཟླ་ཉི་ཐོབ་པར་ཤོག །གཏུམ་མོ་འབར་བས་ཀུན་རྟོག་བསྲེགས་པའི་སྤོས། །སྙིང་ནང་གཞོམ་མེད་འབར་བའི་སྣང་གསལ་ཚོགས། །དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ལ་འབུལ། །སྤྲོས་བྲལ་ཡེ་ཤེས་སྣང་བ་ཐོབ་པར་ཤོག །འདོད་ཡོན་གཞན་མཆོག་བདུད་རྩི་ཞལ་ཟས་ལྔ། །ཐིག་ལེ་ནོར་བུར་བཅིངས་པའི་མ་ཉམས་འབྲུ། །དོན་དམ །སྟོང་པའི་གཟུགས་ཀྱི་བྱང་སེམས་འཆིང་བར་ཤོག །མ་དག་གནས་གྱུར་ཡེ་ཤེས་སྒེག་མོའ་ལུས། །ལས་རླུང་དྷཱུ་ཏིར་ཐིམ་པ་བཞད་སྒྲའི་དབྱངས། །དོན་དམ །རྡོ་རྗེའི་སྐུ་དང་བཅུ་གཉིས་ས་ཐོབ་ཤོག །གཞོམ་མེད་ནཱ་དའི་སིལ་སྙན་རོལ་མོ་མཆོག །རྣམ་གསུམ་ཕྱག་རྒྱའི་རོལ་པ་བདེ་གའི་གར། །དོན་དམ །གྲགས་སྟོང་སྒྲ་དང་སྒྱུ་རྩལ་མཆོག་ཐོབ་ཤོག །སྒྲ་དབྱངས་རྒྱ་མཚོ་ཆོས་ཉིད་རྡོ་རྗེའི་གླུ། །མི་འགྱུར་བདེ་སྒྲུབ་ཕྱག་ཆེན་འདོད་པ་མོ། །དོན་དམ །རྡོ་རྗེའི་གསུང་དང་མི་འགྱུར་བདེ་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་ལ་སོགས་པ་ཅི་རིགས་པར་བརྗོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས། །ན་མོ་སངས་རྒྱས་དང་ཆོས་དང་དགེ་འདུན་ཐམས་ཅད་ཀྱི་ངོ་བོ། །དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ། །ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱོབ་པ་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་འདི་ཞེས་བྱ་བའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ༀ་ཨཱཿཧཱུྃ། དངོས་གྲུབ་རྒྱ་མཚོ་ཡོན་ཏན་རིན་ཆེན་གཏེར། །སྲིད་དང་ཞི་བའི་གདུང་བ་སེལ་བའི་སླད། །ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་སྐྱབས། །
༦༧ དཔལ་ལྡན་རྡོ་རྗེ་འཆང་ལ་མཆོད་པ་འབུལ། །ༀ་ཨཱཿཧཱུྃ། ཉི་མའི་འོད་དང་ཟླ་བཟང་ལྷ་དབང་དང་། །གཟི་བརྗིད་ཟླས་བྱིན་ལྷ་ཡི་དབང་ཕྱུག་དང་། །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ཏེ། །ཆོས་རྒྱལ་ཆེན་པོ་བརྒྱད་ལ་མཆོད་པ་འབུལ། །འཇམ་དབྱངས་གྲགས་པ་པདྨ་དཀར་པོ་དང་། །བཟང་པོ་རྣམ་རྒྱལ་བཤེས་གཉེན་བཟང་པོ་དང་། །ཕྱག་ན་རིན་ཆེན་ཁྱབ་འཇུག་སྦས་པ་དང་། །ཉི་མ་གྲགས་དང་ཤིན་ཏུ་བཟང་པོ་མཆོད། །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་ཉི་མ་དང་། །སྣ་ཚོགས་གཟུགས་དང་ཟླ་འོད་མཐའ་ཡས་དང་། །ས་སྐྱོང་དཔལ་སྐྱོང་སེང་གེ་རྣམ་གནོན་དང་། །སྟོབས་ཆེན་མ་འགགས་མི་ཡི་སེང་གེ་མཆོད། །དབང་ཕྱུག་ཆེན་པོ་མཐའ་ཡས་རྣམ་རྒྱལ་དང་། །དྲག་པོ་ཞེས་བྱ་ཉི་ཤུ་རྩ་ལྔ་པོ། །ས་ཡི་འཁོར་ལོ་རྫོགས་པར་སྐྱོང་བ་སྟེ། །ཚངས་པ་ལྷ་དབང་ཕྱེད་ཕྱེད་སྐྱོང་རྣམས་མཆོད། །འོད་སྲུང་ལ་སོགས་དུམ་བུར་སྐྱོང་བ་བརྒྱད། །དེ་ལྟར་ས་སྐྱོང་སུམ་ཅུ་རྩ་ལྔ་ནི། །རིགས་ཀུན་གཅིག་ཏུ་བྱེད་པ་གསང་སྔགས་ཀྱི། །རིགས་ལྡན་བརྒྱུད་པ་རྣམས་ལ་མཆོད་པ་འབུལ། །དུས་ཞབས་གཉིས་དང་ན་ལེནྡྲ་པ་དང་། །ཟླ་བ་མགོན་པོ་འབྲོ་སྟོན་ལོ་ཙཱ་དང་། ལྷ་རྗེ་སྒོམ་པ་སྒྲོ་སྟོན་གནམ་བརྩེགས་དང་། །གྲུབ་ཆེན་ཡུ་མོ་རྣམས་ལ་མཆོད་པ་འབུལ། །ཆོས་ཀྱི་དབང་ཕྱུག་ནམ་མཁའ་འོད་ཟེར་དང་། །སྤྲུལ་སྐུ་ཇོ་འབུམ་གྲུབ་ཐོབ་སེ་ཆེན་དང་། །ཆོས་རྗེ་འཇམ་གསར་ཆོས་སྐུ་འོད་ཟེར་དང་། །ཀུན་སྤང་ཆོས་རྗེ་རྣམས་ལ་མཆོད་པ་འབུལ། །བྱང་སེམས་ཆེན་པོ་ཡོན་ཏན་རྒྱ་མཚོ་དང་། །ཀུན་མཁྱེན་ཆོས་རྗེ་སྒྲ་བསྒྱུར་སྐུ་མཆེད་དང་། །ཕྱོགས་ལས་རྣམ་རྒྱལ་ཉ་དབོན་ཆོས་རྗེ་དང་། །གྲུབ་ཆེན་ཀུན་བློ་རྣམས་ལ་མཆོད་པ་འབུལ། །འཇམ་དབྱངས་དཀོན་བཟང་ནམ་མཁའ་ཆོས་སྐྱོང་དང་། །ནམ་མཁའ་དཔལ་བཟང་རཏྣ་བྷ་དྲ་དང་། །གྲོལ་མཆོག་ཞབས་དང་ལུང་རིགས་རྒྱ་མཚོ་མཆོད། །ཀུན་དགའ་སྙིང་པོ་རིན་ཆེན་རྒྱ་མཚོ་བ། །བློ་གྲོས་རྣམ་རྒྱལ་
༦༨ ངག་དབང་ཕྲིན་ལས་དང་། །ཀུན་བཟང་དབང་པོ་ཚེ་དབང་ནོར་བུ་མཆོད། །འཇམ་མགོན་བླ་མ་ཆོས་ཀྱི་འབྱུང་གནས་ཞབས། །བཀའ་བརྒྱུད་གདུང་འཚོབ་ཕྲིན་ལས་རྣམ་པར་རྒྱལ། །དང་པོའ་སངས་རྒྱས་པདྨ་ཉིན་མོར་བྱེད། །དྷརྨཱ་ཀ་ར་ནས་བརྒྱུད་སྲོལ་ལུགས་གཅིག་ཚེ་དབང་ཀུན་ཁྱབ་དབང་རྒྱལ་རྡོ་རྗེ་མཆོད། །གཙུག་ལག་ཆོས་རྒྱལ་ཐེག་མཆོག་རྡོ་རྗེའི་ཞབས། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ཏེ། །རྡོ་རྗེའི་རྣལ་འབྱོར་མངོན་སུམ་སྟོན་མཛད་པའི། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ༀ་ཀཱ་ལ་ཙཀྲ་ཡ་ཧཱུྃ་སྭཱ་ཧཱ། ༀ་ཨཱཿཧཱུྃ། །ༀ་བི་ཤྭ་མཱ་ཏྭ་ཧོཿཕྲཻཾ་སྭཱ་ཧཱ། །ༀ་ཨ་ཨཱཿཨཾ་ཨཿཧ་ཧ་ཧཾ་ཧ་སྭཱ་ཧཱ། ༀ་ཨཱཿཧཱུྃ་ཧོཿཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཧ་ཧཱ་ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཿཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨ་ལ་ཨཱ་ལ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ། ༀ་ཨཱཿཧཱུྃ། ༀ་སྐུ་བཞི་རྡོ་རྗེ་བཞི་ཡི་བདག་ཉིད་དང་། །ཚད་མེད་རྣམ་ཐར་ཆོས་ཀྱི་ཕུང་པོ་དང་། །དམ་ཆོས་སྟོན་པ་འཕགས་པའི་ཚོགས་རྣམས་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །དུས་འཁོར་རྡོར་སེམས་ཤཱཀྱ་ཐུབ་པ་དང་། །ནུས་མ་བུམ་པ་བཅུ་དང་རྡོ་རྗེ་བཞི། །སངས་རྒྱས་བྱང་ཆུབ་སེམས་དང་ཁྲོ་བོའ་རྒྱལ། །རང་རང་ལྷ་མོར་བཅས་པ་རྣམས་ལ་མཆོད། །གཟུངས་མ་རྣལ་འབྱོར་མ་དང་འདོད་མ་དང་། །ཚེས་ཀྱི་ལྷ་དང་གདེངས་ཅན་ཕྱིར་འདོད་མ། །རབ་གཏུམ་གཟའ་སྐར་ཕྱོགས་སྐྱོང་ཞིང་སྐྱོང་སོགས། །ཕྱེད་བཅས་བྱེ་བ་གསུམ་གྱི་འབྱུང་པོ་མཆོད། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་དང་། །མཆོད་ཡུལ་རྒྱ་མཚོའ་ཚོགས་ལ་མཆོད་པ་འབུལ། །འགྲོ་ཀུན་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལ། །མཆོག་ཏུ་རོལ་པས་བདེ་ཆེན་ཐོབ་པར་ཤོག །ༀ་ཨཱཿཧཱུྃ། ༀ་གུ་རུ་བུདྡྷ་བོདྷི་ས་ཏྭེ་བྷྱོ་ཿན་མོ་ན་མཿ གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་མཆོད་པ་དམ་པ་འབུལ་ལོ། །ༀ་ཨཱཿཧཱུྃ། བཀའ་སྡོད་ཆོས་སྐྱོང་སྲུང་མ་ཐམས་ཅད་ལ་འབུལ་ལོ། །ཡུལ་
༦༩ བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ལ་འབུལ་ལོ། །ཟག་པ་མེད་པའི་བདེ་བས་རྒྱུད་ཚིམས་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བསྟོད་པ་ནི། རོལ་ཆེན་དང་བཅས་ཏེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་མཚན་བརྗོད་ཀྱི་འདུད་ཉི་ཤུས་བསྟོད། །དེ་ནས་དྲིལ་གསིལ་དང་བཅས་ཏེ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །ཕྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །དུས་ཀྱི་འཁོར་ལོ་བདེ་ཆེན་པོ། །སྐུ་གསུམ་མཆོག་དང་དཀྱིལ་འཁོར་གསུམ། །རྡོ་རྗེ་གསུམ་མཆོག་རྡོ་རྗེ་དབྱིངས། །འགྱུར་བ་མེད་ལ་ཕྱག་འཚལ་ལོ། །རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་པ་འཛིན་པ་དབྱིངས་དག་དང་། །རྟོག་དང་དཔྱོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང་། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིག་
༧༠ པ་སྤངས། །ཀུན་ཏུ་བཟང་པོའ་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཨཱ་ལི་ཀཱ་ལི་སྙོམས་འཇུག་དང་། །ཧཱུྃ་ཕཊ་ཡི་གེ་སོགས་སྤངས་ཀྱང་། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཁྱབ་རྟག་ཉི་མ་ལྟ་བུའི་སྐུ། །པདྨ་འདབ་མ་རྒྱས་པའི་སྤྱན། །དེ་ཉིད་བཅུ་དྲུག་དབྱེ་བ་ལས། །སྐུ་བཞིའི་བདག་ཉིད་སངས་རྒྱས་ནི། །རྡོ་རྗེ་སེང་གེའི་གདན་བཞུགས་པ། །ལྷ་དང་ལྷ་མིན་གྱིས་བསྟོད་སྔོན། །ཟླ་བཟང་གིས་གསོལ་དེ་ལ་འདུད། །རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་འདས་མ་ཤེས་རབ་མ་སྟེ་དེ་ཡིས་འཁྱུད། །སྐྱེ་འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་རྒོད་པ་ལ་སོགས་བདེ་བ་སྤངས། །སངས་རྒྱས་རྣམས་ཀྱི་སྐུ་གསུམ་རྣམས་དང་ལྡན་ཞིང་དུས་གསུམ་ཡང་དག་རིག །ཀུན་མཁྱེན་མཆོག་གི་དང་པོའ་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ། །གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲེད་པ་དང་ནི་སྒྲ་དང་དྲི་དང་རོ་དག་དང་། །རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་མེད། །ས་བོན་དང་ནི་གསལ་བར་དུས་མེད་མཐའ་དག་སྲིད་པའི་སྡུག་བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། །མྱ་ངན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམས་ཕྲལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་སྐྱེས་བུ་དཔེ་མེད་ཀུན་འགྲོ་སྤྲོས་པ་མེད་པ་སྟེ། །ཐེར་ཟུག་ཏུ་གནས་སྙན་དང་ཤངས་དང་ཞལ་དང་སྤྱན་དང་དབུ་དང་ཕྱག་དང་ཞབས་ནི་ཐམས་ཅད་པ། །འབྱུང་པོའ་མཐའ་སྟེ་འབྱུང་པོའ་མགོན་པོ་མཆོག་གི་སྲིད་པ་གསུམ་འཛིན་རྒྱུད་རྣམས་དག་གི་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་འབྱོར་དག་གིས་རྟོགས་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །སྤྲོ་བྱེད་ནུས་མའི་གཟུགས་གཞན་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་
༧༡ རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོར་ཡང་དག་གནས། །བདུད་རྩི་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གིས་བྱས་པའི་ཉམས་མྱོང་མི་ཟད་རྣམས་ལ་མི་ཟད་པ། །གང་གིས་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་ཏུདུ་དེ་ཡི་འབྲས་བུ་དེ་བསྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་སྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་དང་མཉམ་པ་གཡས་གཡོན་མདུན་རྒྱབ་དང་། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་དུ་རིང་པོ་དང་། །ཤིན་ཏུ་རིན་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའི་མ་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་གྱི་རྟེན་གཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཅེས་པ་ལ་སོགས་པ་ཇི་ལྟར་འོས་པས་བསྟོད། །དེ་ནས་ཏིང་ངེ་འཛིན་གྱི་བདག་འཇུག་མི་བྱེད་ན། །སྐབས་འདིར་སྒྲུབ་ཐབས་ནས་འབྱུང་བ་ལྟར་གཏོར་མ་ཕུལ་ལ་རྗེས་ཀྱི་ཆོ་ག་རྣམས་བྱའོ། །གཉིས་པ་བདག་འཇུག་བྱེད་པར་འདོད་ན། ཐོག་མར་བུམ་པ་སྒྲུབ་དགོས་པས་བུམ་པ་སྒྲུབ་ཚུལ་ནི། །བུམ་པ་བཅུའམ་ལྔ་ལ་སོགས་པ་ཡོད་ནའང་ལེགས་ལ། བསྡུ་ན་བུམ་པ་གཅིག་ཉིད་ལ་བུམ་པ་བཅུར་མོས་པས་ཆོག་སྟེ། བུམ་པའི་སྟེང་དུ་རྣམ་རྒྱལ་ཆེན་པོ་ཞེས་བྱ་བ་དུང་ཆོས་བཀོད། གཟུངས་ཐག་སོགས་ཀྱང་སྤྱི་དང་མཐུན་པར་ལག་ལེན་ལ་མཛད་དོ། །ༀ་ཨཱཿཧཱུྃ་ཧྲཿཕཊ། ཀྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཧཾ་ཧཱྃ་ཧིཾ་ཧཱིཾ་ཧྲྀཾ་ཧྲཱྀཾ་ཧུྃ་ཧཱུཾ་ཧླིཾ་ཧླཱིཾ་རྣམས་ཡོངས་སུ་གྱུར་པ་ལས། །དབུས་སུ་ཁུ་བ་དང་རྡུལ་འགགས་པའི་བུམ་པ་གཉིས་དང་། ཤར་དང་མེར་རྐང་འགགས་པའི་བུམ་པ་གཉིས་དང་། ལྷོ་དང་བ་དན་བྲལ་དུ་ཁྲག་འགགས་པའི་བུམ་པ་གཉིས་དང་། བྱང་དང་དབང་ལྡན་དུ་གཅི་བ་འགགས་པའི་བུམ་པ་གཉིས་དང་། ནུབ་དང་རླུང་དུ་གཤང་བ་འགགས་པའི་བུམ་པ་
༧༢ གཉིས་ཏེ་བདུད་རྩིའི་བུམ་པ་དཀར་པོ་པདྨ་ལ་གནས་ཤིང་པདྨས་ཁ་བརྒྱན་པ་རྣམས་སུ་གྱུར། རང་གི་སྙིང་གར་ཟླ་བ་སྒྲ་གཅན་གྱི་སྟེང་དུ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ་དང་བཅས་པར་གསལ་བའི་ཡབ་ཀྱི་ཐུགས་ཀར་ཟླ་བ་དང་། ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཏེ། །དེ་དག་ཁ་སྦྱར་བ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྤྲོས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ རྡོ་རྗེའི་བདུད་རྩིའི་བུམ་པ་རྣམས་དང་རོ་གཅིག་ཏུ་གྱུར། ༀ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྲྀཾ་ཧྲཱྀཾ་ཧུཾ་ཧཱུྃ་ཧླྀཾ་ཧླཱྀཾ་བཛྲ་ཨ་མྲྀ་ཏ་སྟ་ཊ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་སརྦ་དྷརྨཱ་ན་སུ་བི་ཤུདྡྷ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝཱན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་མང་དུ་བཟླས། ༀ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ ནས། ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཞེས་པའི་བར་མཆོད་པ་བཅུ་གཉིས་འབུལ། །དེ་དག་ནི་བུམ་པ་སྒྲུབ་པའི་ཆོ་གའོ། །དེ་ནས། ལྷག་གནས་ཀྱི་དོན་ཏུ་མཎྜལ་ཕུལ། །སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །འཁོར་བའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། བྱང་ཆུབ་ཆེན་པོའ་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའ་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཅེས་ལན་གསུམ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་པ་ལེན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བཟུང་། །སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །དུས་ནི་འདི་ནས་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའ་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །
༧༣ བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་རིགས་ལྔའི་སྡོམ་པ་བཟུང་། ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵ་བཛྲ་དན་ཏ་ཀཱཥྛ་ཙ་ཏུ་ར་བི་མོཀྵ་མུ་ཁ་བི་ཤུདྡྷེ་སྭ་བྷཱ་ཝ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་མུ་ཁ་དནྟ་ཨཱ་དཱི་མ་ལཾ་བི་ཤྭོ་དྷ་བི་ཤྭ་དྷ་ཡ་སྭཱ་ཧཱ། རང་གི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ༀ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿ སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུྃ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿ གཙུག་གཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵ་རྣམས་སུ་གྱུར། ༀ་ཨ་ཨཱ་ཨཾ་ཨཿབཛྲ་ས་
༧༤ ཏྭ་མ་ཧཱ་སུ་ཁ་ཀཱ་ལ་ཙཀྲ་བཛྲ་ཤིཥྱ་སྱ་ཨཱ་བྷི་མུ་ཁོ་ཏ་བྷ་ཝ་སནྟུ་ཥྚོ་བྷ་ཝ་བ་ར་དེ་བྷ་ཝ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་དྷིཥྛ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་ལ་སོགས་པ་བརྗོད་ཅིང་རོལ་མོའ་སྒྲ་བྱ་སྟེ་རྡོ་རྗེ་སེམས་དཔའ་བསྐུལ་བའོ། །དངོས་གཞི་དཀྱིལ་འཁོར་དུ་འཇུག་པའི་དོན་ཏུདུ་མཎྜལ་ཕུལ། །མི་བཟད་འཁོར་བས་འཇིགས་པ་བདག་ནི་དེ་རིང་ཉིད་ནས་རྒྱལ་པོ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ལན་གསུམ། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོར་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ཀྱང་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་སྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ༀ་སོགས་གོང་བཞིན་བཀོད། ༀ་ཨཱཿཧཱུྃ། བདུད་རྩི་མྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོའ་དབང་པོ་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་རང་གི་སྙིང་གར་ཐིམ། ༀ་ཨཱཿར་ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་བེ་ཤ་ཡ་ཧཱུྃ། ཞེས་རོལ་མོའ་སྒྲ་དང་བཅས་ཏེ་ཡེ་ཤེས་དབབ། ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱད་སྡིག་པ་ལྔ་པོ་འདི་རྣམས་སོ། །གང་ཞིག་གང་གི་དུས་སུ་བྱུང་བའི་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའ་བཀའ་འདིས་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཆོ་ལོ་ཁ་ན་མ་ཐོས་ཅསབཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའ་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་
༧༥ འཁུ་བ་ཡང་། །དབང་པོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའ་བརྟུལ་ཞུག་ཉི་ཤུ་ལྔ། །ཞེས་ཚར་གཅིག་བརྗོད། །སྲིད་པའི་འཇིགས་པ་འཇོམས་མཛད་པའི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔ་པོ། །སྣ་ཚོགས་གཙོ་བོའ་གསུང་ཇི་བཞིན། །བདག་གིས་བརྟན་པོར་བཟུང་བར་བགྱི། ལན་གསུམ། །ༀ་དྭཱ་ད་ཤ་ཨཾ་ག་ནི་རོ་དྷ་ཀཱ་རི་ཎེ་ཧཱུྃ་ཕཊ། མིག་དར་བཅིང་ཞིང་གོས་སེར་པོ་བགོས་པར་མོས། ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ ལན་གཅིག །ༀ་ཨཱཿཧཱུྃ། ལན་བདུན། ༀ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་མེ་ཏོག་ཕུལ་བར་མོས། ༀ་དེ་བྱཱ་ནེ་ཏྲཱི་ཡཱ་ནྱུ་ཊ་གྷཱ་ཊ་སྭཱ་ཧཱ། ༀ་དི་བྱ་ན་མུ་ད་གྷཱ་ཊ་ཡཱ་མི་སྭཱ་ཧཱ། ཞེས་མིག་དར་ཕྱེ་བས་དཀྱིལ་འཁོར་མཐོང་བར་མོས། །དེ་ནས་མཎྜལ་ཚོམ་བུ་དགུ་མ་ཕུལ། །བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཅེས་བརྗོད། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། །དབང་གི་ལྷ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ༀ་བཛྲ་གནྡྷཾ་ནས་ཀཱ་མ་པྲ་ཏཱིཙྪ་ན་མཿ ༀ་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ༀ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །སོགས་ཀྱང་བརྗོད། །སྒྲིབ་པ་ཀུན་སྤངས་དུས་ཀྱི་འཁོར་ལོ་དང་། །བླ་མ་དབྱེར་མེད་ཡེ་ཤེས་སྐུ་ཁྱོད་ལ། །ཕྱི་ནང་མཆོད་རྫས་བཟང་དགུ་འབུལ་བར་བགྱི། །འཇིག་རྟེན་འཇིག་རྟེན་འདས་པའི་དབང་རབ་སྩོལ། །ཅེས་ལན་གསུམ་གསོལ་བ་གདབ། དུང་ཆོས་ཀྱི་ཆུས་གནས་ལྔར་གཏོར། ༀ་ཨ་ཨི་རྀ་ཨུ་ལྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཁམས་ལྔ་སྦྱོང་བྱེད་ཡེ་ཤེས་བདུད་རྩི་འདིས། །གནས་ལྔར་དབང་བསྐུར་རང་བཞིན་གཉུག་
༧༦ མ་ཡི། །གཤེགས་མ་ཡུལ་ལྔའི་དངོས་གྲུབ་མྱུར་རྟོགས་ནས། །འབྲས་བུ་ས་ནི་དང་པོ་ཐོབ་གྱུར་ཅིག །ༀ་ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་སྭཱ་ཧཱ། ཕུང་པོ་ལྔ་རྣམས་སྦྱོང་བྱེད་ཅོད་པན་འདིས། །གནས་ལྔར་དབང་བསྐུར་རང་བཞིན་གཉུག་མ་ཡི། །རྒྱལ་བ་རིགས་ལྔའི་དངོས་གྲུབ་མྱུར་རྟོགས་ནས། །འབྲས་བུ་ས་ནི་གཉིས་པ་ཐོབ་གྱུར་ཅིག །ༀ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཕྲཻཾ་ཧོ་ད་ཤ་པ་ར་མི་ཏཱ་པ་རི་པཱུ་ར་ཎི་སྭཱ་ཧཱ། རླུང་བཅུ་སྦྱོང་བྱེད་དར་དཔྱངས་ཕྲེང་བ་འདིས། །གནས་ལྔར་དབང་བསྐུར་རང་བཞིན་གཉུག་མ་ཡི། །ནུས་མ་བཅུ་ཡི་དངོས་གྲུབ་མྱུར་རྟོགས་ནས། །འབྲས་བུ་ས་ནི་གསུམ་པ་ཐོབ་གྱུར་ཅིག །ༀ་ཨཱཿཧུཾ་ཧོཿསཱུ་ཙནྡྲ་བི་ཤོ་དྷ་ཀ་སྭཱ་ཧཱ། །རོ་རྐྱང་སྦྱོང་བྱེད་རྡོ་རྗེ་དྲིལ་བུ་འདིས། །གནས་ལྔར །གཙོ་བོ་ཡབ་ཡུམ་དངོས་གྲུབ །འབྲས་བུ་ས་ནི་བཞི་པ །ༀ་ཨ་ཨཱ་ཨཻ་ཨཻ་ཨར་ཨཱར་ཨོ་ཨཽ་ཨ་ལ་ཨཱ་ལ། བི་ཥ་ཡ་ཨིནྡྲ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། དབང་ཡུལ་སྦྱོང་བྱེད་མེ་ཏོག་སིལ་མ་འདིས། །གནས་ལྔར །སེམས་དཔའ་ཡབ་ཡུམ་དངོས་གྲུབ །འབྲས་བུ་ས་ནི་ལྔ་པ །ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུརྦྲ་བི་ཧཱ་ར་བི་ཤུདྡྷེ་སྭཱ་ཧཱ། ཀྱཻ་དཔལ་བརྗོད་ཅིང་གསང་བའི་མིང་དྲན་པ་རང་བྱ། ལས་དབང་བྱ་བ་སྦྱོང་བྱེད་གདུ་བུ་འདི། །གནས་ལྔར །ཁྲོ་བོ་ཡབ་ཡུམ་དངོས་གྲུབ །འབྲས་བུ་ས་ནི་དྲུག་པ །ༀ་ཧཾ་ཀྵ་དྷརྨ་ཙཀྲ་པྲ་ཝརྡྷ་ཀ་སྭཱ་ཧཱ། འགྱུར་བདེ་སྦྱོང་བྱེད་ཆོས་ཀྱི་འཁོར་ལོ་འདིས། །གནས་ལྔར །རྡོར་སེམས་ཡབ་ཡུམ་དངོས་གྲུབ །འབྲས་བུས་ནི་བདུན་པ །སླར་ཡང་རང་གི་ལག་ཏུ་རྡོ་རྗེ་དང་དྲིལ་བུ་སྦྱིན་པར་གྱུར། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དཕྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའ་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྐྱོད་པར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བཟུང་མི་བྱ། །རིགས་ཀྱི་བུ་ཀྱེ་
༧༧ སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། །ཞེས་བརྗོད། དེ་ནས་དམ་ཚིག་རྣམས་དྲན་པར་བྱ་སྟེ། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། །དཔལ་ལྡན་བླ་མའི་ཐུགས་དཀྲུག་པས་ནི་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལ་འགོངས་པས་གཞན་ཏུདུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་སྦྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་གླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང་། །རྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བའི་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལའོ། །ཞེས་བརྗོད། དབང་གོང་མའི་དོན་ཏུདུ་གསོལ་བ་འདེབས་པ་ནི། །སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང་། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་ད་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་པ། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའ་བར། །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཅེས་དབང་གོང་མ་སྤྱིར་གསོལ་བ་བཏབ། ༀ་ༀ་པྲཛྙཱ་ཨུ་པཱ་ཡཽ་ཀ་ལ་ཤ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧཱུྃ་ཧཱུྃ་ཕཊ། སད་པའི་གནས་སྐབས་སྦྱོང་བྱེད་བུམ་དབང་གིས། །དགེ་ཚུལ་རྡོ་རྗེ་འཛིན་པར་དབང་བསྐུར་པས། །སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་སྟེ། །འབྲས་བུ་ས་ནི་བརྒྱད་པ་ཐོབ་གྱུར་ཅིག །ༀ་ཨཱཿཔྲཛྙ་ཨུ་པཱ་ཡཽ་གུ་ཧྱ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཾ་ཧཱུྃ་ཧཱུྃ་ཕཊ། བདུད་རྩི་བྱང་ཆུབ་ཀྱི་སེམས་མྱོང་ཞིང་གསང་
༧༨ བའི་དཀྱིལ་འཁོར་མཐོར་བར་གྱུར། རྨི་ལམ་གནས་སྐབས་སྦྱོང་བྱེད་གསང་དབང་གིས། །དགེ་སློང་རྡོ་རྗེ་འཛིན་པར་དབང་བསྐུར་བས། །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་སྟེ། །འབྲས་བུ་ས་ནི་དགུ་པ་ཐོབ་པར་ཤོག །ༀ་ཧཱུྃ་པྲཛྙ་ཨུ་པཱ་ཡོ་བཛྲ་ས་ཏྭ་བི་ཤྭ་མཱ་ཏ་རཽ་པྲཛྙ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཾ་ཧུཾ་ཧཱུྃ་ཕཊ། ལག་བཅང་དང་གཉིས་སྦྱོར་གྱི་བདེ་བ་འཕོ་མེད་དུ་མྱོང་བར་གྱུར། ༀ་ཛྙཱ་ན་པཱུ་ཛ་ཨ་ནུ་ོ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གཉིད་འཐུག་གནས་སྐབས་སྦྱོང་བྱེད་གསུམ་པ་འདིས། །གནས་བརྟན་རྡོ་རྗེ་འཛིན་པར་དབང་བསྐུར་བས། །རྣམ་པ་ལྔ་ཡིས་མངོན་པར་བྱང་ཆུབ་སྟེ། །འབྲས་བུ་ཕྱོགས་དང་དྲག་པོའ་ས་ཐོབ་ཤོག །བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་རབ་ཏུ་བྱེད་པའི་བཀའ་དྲིན་གནང་བར་མཛད་དུ་གསོལ། ལན་གསུམ། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་རྫོགས་སངས་རྒྱས་པའི་གནས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པའིབའི་རྩེ་མོ་འཆང་། །ༀ་ཧོཿཔྲཛྙ་ཨུ་པཱ་ཡ་ཨཱཏྨ་ཀཾ། བཛྲ་ས་ཏྭ་མ་ཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་པྲ་ཡཙྪ་ༀ་ཨཱཿཧཱུྃ་ཧོཿཕཊ། །དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཆགས་རྟོག་གནས་སྐབས་སྤྱོད་བྱེད་བཞི་པབ་འདིས། །སྐྱེ་དགུའི་བདག་པོ་ཆེན་པོར་དབང་བསྐུར་བས། །སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་སྟེ། །འབྲས་བུ་ས་ནི་བཅུ་གཉིས་ཐོབ་པར་ཤོག །དེ་ནས་དམ་ཚིག་ཁས་བླང་བ་ནི། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའ་བར། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །དཔལ་ལྡན་བླ་མ་ཁྱོད་སྤངས་ནས། །བླ་མ་གཞན་དག་རྨི་ལམ་དུའང་། །སྲོག་དོར་ནས་ནི་བསྟེན་མི་བྱ། །གཞན་ཡང་དེ་བཞིན་དུས་གསུམ་དུ། །གཡོ་སྒྱུ་མེད་པར་ནུས་ཚད་ཀྱིས། །ལུས་ངག་སེམས་དང་གསུམ་པོ་འདི། །གཙོ་བོའ་སྤྱན་སྔར་དབུལ་བར་བགྱི། །དེ་ནས་རྗེས་ནི། གཙོ་བོས་
༧༩ ཇི་ལྟར་བཀའ་སྩལ་པ། སོགས། བཀའ་དྲིན་གཏོང་རག་གི་ཡོན་ཏུདུ་མཎྜལ་དང་། །དེང་ནས་བརྩམ་ཏེ་སོགས་བརྗོད་དེ་དབང་བཅུ་གཅིག་གི་བདག་འཇུག་ཏིང་ངེ་འཛིན་ཙམ་གྱི་སྒོ་ནས་བླང་བའོ། །དེ་ནས་གསུམ་པ་རྣལ་འབྱོར་མ་རིགས་བརྒྱའི་མཆོད་པ་བྱེད་ན་སྐབས་འདིར་བྱ། མི་བྱདབྱེད་པར་གཏོར་མ་འབུལ་བར་འདོད་ན། གཏོར་མ་བཤམ། ༀ་ཨཱཿཧཱུྃ་ཧྲཿཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། །དེའི་སྟེང་དུ་ཨ་ལས་མི་མགོའ་སྒྱེད་བུ་གསུམ་ལ་གནས་པའི་ༀ་ཡོངས་སུ་གྱུར་པ་ལས་ཐོད་པ་དུམ་བུ་གཅིག་པ། དེའི་ནང་གི་དབུས་སུ་ཨ་ལས་བྱང་སེམས། ཤར་དུ་ཨི་ལས་རྐང་མྀར། ལྷོར་རྀ་ལས་རཀྟ། བྱང་དུ་ཨུ་ལས་དྲི་ཆུ། ནུབ་ཏུ་ལྀ་ལས་དྲི་ཆེན། རླུང་མཚམས་སུ་ལཱྀ་ལས་གླང་པོ་ཆེའི་ཤ །དབང་ལྡན་ཏུདུ་ཨཱུ་ལས་བ་གླང་གི་ཤ །བདེན་བྲལ་དུ་རཱྀ་ལས་རྟའི་ཤ །མེ་མཚམས་སུ་ཨཱི་ལས་ཁྱིའི་ཤ །དབུས་ཀྱི་སྟེང་དུ་ཨཱ་ལས་མིའི་ཤ །རླུང་གཡོས་མེ་སྦར་རྫས་རྣམས་ཞུ། །ལག་པ་གཡོན་པའི་མཐིལ་དུ་ཟླ་བ་ལ་གནས་པའི་ༀ་སྐུ་རྡོ་རྗེའི་ངོ་བོ། །དེའི་འོད་ཟེར་གྱིས་མ་དག་པའི་རྫས་རྣམས་སྦྱངས། ༀ་ༀ་བཛྲ་ཙནྡྲ་སརྦ་དྷརྨ་སུ་བི་ཤུདྡྷ་སྭཱ་བྷཱ་ཝ་སརྦ་དྷརྨཱ་ན་བི་ཤོ་དྷ་ཡ་སྭཱ་ཧཱ། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་གནས་པའི་ཨཱཿགསུང་རྡོ་རྗེའི་ངོ་བོ། །དེའི་འོད་ཟེར་གྱིས་དག་པའི་རྫས་རྣམས་སྤེལ་བར་གྱུར། ༀ་ཨཱཿབཛྲ་སུ་སརྦ་དྷརྨ་པྲ་བོ་དྷ་ཀ་སརྦ་དྷརྨཱ་ན་པྲ་བོ་དྷ་ཡ་སྭཱ་ཧཱ། ལག་པ་གཉིས་ཀ་སྦྱར་བའི་དབུས་སུ་སྒྲ་གཅན་གྱི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ཐུགས་རྡོ་རྗེའི་ངོ་བོ། །དེའི་འོད་ཀྱིས་རྫས་རྣམས་ཁ་དོག་དྲི་རོ་ནུས་མཐུ་གཟི་བརྗིད་ཕུན་སུམ་ཚོགས་པ་འབར་བར་གྱུར། ༀ་ཧུཾ་བཛྲ་ཨ་ན་ལ་སརྦ་དྷརྨ་པྲ་དཱི་པ་ཀ་སརྦ་དྷརྨཱ་ན་པྲ་དཱི་པ་ཡ་སྭཱ་ཧཱ། མཁའ་ལྡིང་གི་ཕྱག་རྒྱའི་དབུས་སུ་དུས་མེ་ལ་གནས་པའི་ཧོཿཡིག་ཡེ་ཤེས་རྡོ་རྗེའི་ངོ་བོ། དེའི་འོད་ཟེར་གྱིས་ཟག་མེད་ཡེ་ཤེས་མཆོག་གི་བདུད་རྩིར་བྱས་པར་གྱུར།
༨༠ ༀ་ཧོཿསརྦ་དྷརྨ་བཛྲ་ཨ་མྲྀ་ཏ་ཀ་ར་སརྦ་དྷརྨཱ་ནྲ་བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། བརྗོད་པ་ནི་གཏོར་མ་བྱིན་གྱིས་བརླབ་པའོ། །དེ་ནས་མགྲོན་སྤྱན་དྲངས་པ་ནི། སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང་། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང་། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ༀ་ཧ་ཧ་ཧི་ཧཱི་བཛྲ་བྷཻ་ར་ཝ། ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ཧྲི་ད་ཡཾ་ཧུཾ་ཧཱུྃ་ཕེཾ་ཕེཾ་ཕཊ། ཅེས་པས་མཁའ་འགྲོ་མ་རྣམས་སྤྱན་དྲངས། ༀ་བཛྲ་གནྡྷཾ་ནས་ཀཱ་མཾ་གྱི་བར་བརྗོད། ༀ་ཨཱཿཧཱུྃ་ཧོཿ ཤྲཱི་ཀཱ་ལ་ཙཀྲ་བྷཻ་ར་ཝ་བྷཱི་ཀ་ར་ཡ། ས་པ་རེ་ཝཱ་རེ་བྷྱེཿ ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པ། ཨ་ཀྵ་ཏཾ། ད་དྭ་མ་ཏེ་ཏེ་ཙ་ཨཱ་ག་ཏྱ་ས་པ་རི་ཝཱ་ར་ཤཱི་གྷྲཾ། ཨི་དཾ་བ་ལིཾ་གྲྀ་ཧྞནྟུ། ཁཱ་དནྟུ། པི་བནྟུ། ཛཿཧཱུྃ་བཾ་ཧོཿ སཾ་ཏྲྀཔྟཱཿ སརྦ་ས་ཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵཾ། ཨཱ་པ་ར་ཎ་གུཔྟིཾ་ཀུརྦནྟུ་ཧུཾ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། རྡོ་རྗེ་ཕྱག་རྒྱ་དང་། ༀ་ཨཱཿཧཱུྃ་ཧོཿ ཨུཥྞཱི་ཥ། སུམྦྷ་ནི་སུམྦྷ། བིགྷྣ་ཨནྟ་ཀ །ནཱི་ལ་དཎྜ། པྲ་ཛྙཱ་ཨཱནྟ་ཀ ཊཱཀྐི་རཱ་ཛ། པདྨ་ཨཱནྟ་ཀ །ཨ་ཙ་ལ། ཡ་མ་ཨནྟ་ཀ །མ་ཧཱ་བ་ལེ་བྷྱཿ གྲི་གུག་གི་ཕྱག་རྒྱ་དང་། ༀ་ཨཱཿཧཱུྃ་ཧོཿ ཨཱ་ཀ་ཤཱ། བཱ་ཡུ། ཧེ་ཛཿ ཨུ་ད་ཀ །པྲྀ་ཐཱི། སཱ་དྷི་ཏེ་བྷྱཿ རལ་གྲིའི་ཕྱག་རྒྱ་དང་། ༀ་ཨཱཿཧཱུྃ་ཧོཿ པྲ། བིཥྚུ། ནཻ།།།་ཏྱ། ཝཱ་ཡུ། ཡ་མ། ཨགྣི། ས་མུ་དྲ། ཨཱི་ཤྭ་ར། ཨིནྡྲ། ཡཀྵེ་བྷྱཿ རིན་པོ་ཆེའི་ཕྱག་རྒྱ་དང་། ༀ་ཨཱཿཧཱུྃ་ཧོཿ རཱ་ཧུ། ཀཱ་ལ་ཨགྣི། ཙནྡྲ། སཱུ། བུདྷ། མཾ་ག་ལ། ཤུ་ཀྲ། བྲྀ་ཧ་སྤ་ཏི། ཀེ་ཏུ། ཤ་ནི་བྷྱཿ པདྨའི་ཕྱག་རྒྱ་དང་། ༀ་ཨཱཿཧཱུྃ་ཧོཿ ཛ་ཡ། བི་ཛ་ཡ། པདྨ། ཀརྐོ་ཊ་ཀ །ཝཱ་སུ་ཀི། ཤཾ་ཁ་པཱ་ལ། ཀུ་ལི་ཀ །ཨ་ནནྟ། ཏཀྵ་ཀ །མ་ཧཱ་པདྨེ་བྷྱཿ འཁོར་ལོའ་ཕྱག་རྒྱ་དང་། ༀ་ཨཱཿཧཱུྃ་ཧོཿ བེ་ཏཱ་ཌ། བི་ཀྲྀ་ཏ་མུ་ཁ།
༨༡ ཤྭཱ། ཀཱ་ཀ །སཱུ་ཀ་ར། གྲྀ་དྷ། བྱཱ་གྷྲ། ཨཱུ་ལུ་ཀ །ཛམྦུ་ཀ །ག་རུ་ཌ་མུ་ཁེ་བྷྱཿ ཞེས་པ་རྣམས་ཀྱིས་མཐར། ས་པ་རི་ཝཱ་རེ་བྷྱཿ ཨི་དཱཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཱཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙ་ཨཱ་ག་ཏྱ་ས་པ་རི་ཝཱ་ར། ཤྲཱི་གྷྲཾ། ཨི་དཾ་བ་ལིཾ་གྲྀ་ཧྞཱནྟུ། ཁཱ་དནྟུ། པི་ཝནྟུ། ཛཿཧཱུྃ་བཾ་ཧོཿ སཾ་ཏྲྀ་པྟཱ། སརྦ་ས་ཏྭ་ནཱཾ། ཤཱནྟིཾ་པུཥྚིཾ། རཀྵཾ། ཨཱ་ཝ་ར་ཎ་གུཔྟིཾ་ཀུརྦནྟུ་ཧཱུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕྱི་མཆོད་ནི། བཛྲ་བྷཻ་ར་ཝ་བྷཱི་ཀ་ར་ཡ། ས་པ་རི་ཝཱ་རེ་བྷྱཿ བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ བཛྲ་དྷུ་པཾ། བཛྲ་དཱི་པཾ བཛྲ་ནཻ་བི་དྱཾ བཛྲ་ཨཀྵ་ཏཾ བཛྲ་ལཱ་སྱཾ བཛྲ་ཧཱ་སྱཾ བཛྲ་ཝཱ་དྱཾ བཛྲ་ནྲྀ་ཏྱཾ བཛྲ་གཱི་ཏཾ་པྲ་ཏཱིཙྪ་ན་མཿ བཛྲ་ཀཱ་མཾ་པྲ་ཏཱི་ཙྪ་ན་མཿ ནང་མཆོད་ནི། ༀ་བཛྲ་བྷཻ་ར་ཝ། ཧ་ཡ་ར་ཝ་ལ། ད་ཉ་ཎ་མ་ན། གྷ་ཛྷ་ཌྷ་བྷ་དྷ། ག་ཛ་ཌ་བ་ད། ཁ་ཚ་ཋ་ཕ་ཐ། ཀ་ཙ་ཊ་པ་ཏ། ༀ་ཨཱཿཧཱུྃ། བསྟོད་པ་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའ་རྒྱལ་པོ་རྣམས་ཀྱི་གཙོ། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ་།རྡོ་རྗེ་ཤུགས་ལ་ཕྱག་འཚལ་ལོ། །འདོད་དོན་གསོལ་བ་ནི། །སྡེ་དྲུག་སྲུང་མ་དྲུག་ཅུ་འཁོར་བཅས་ལ། །མཆོད་གཏོར་འདི་དང་དིདྲི་དང་མེ་ཏོག་དང་། །བདུག་སྤོས་སྣང་གསལ་མ་ཉམས་བདག་འབུལ་གྱིས། །དེ་རྣམས་འཁོར་དང་བཅས་པ་ཚུར་བྱོན་ལ། །གཏོར་མ་འདི་དག་ལེན་ཅིང་གསོལ་བ་དང་། །བཏུང་བར་མཛད་དེ་ཤིན་ཏུ་མཉེས་པ་ཡིས། །འགྲོ་ལ་ཞི་རྒྱས་སྲུང་སྐྱོབ་སྦ་བ་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། །ཀླུ་དང་འབྱུང་པོས་ལུས་ཀྱི་ཁམས་སྲུང་ཞིང་། །གཟའ་དང་ཕྱོགས་སྐྱོང་དག་གི་ཁམས་སྲུང་སྟེ། །ཟད་པར་ཁྲོ་བོས་སེམས་ཀྱི་ཁམས་སྲུང་ཞིང་། །ཁམས་དྲུག་ལྡན་པས་ཁམས་ཀུན་རབ་སྲུང་ནས། འཁོར་ལོ་དྲུག་ཏུ་རླུང་སེམས་རབ་འཆིང་སྟེ། །རྒྱལ་བ་རིགས་དྲུག་གོ་འཕང་མྱུར་ཐོབ་
༨༢ ཤོག །བར་འདིར་ཆོས་སྐྱོང་ཡེ་ཤེས་པ་རྣམས་ལ་སོ་སོའ་གཏོར་ཆོག་ལྟར་གཏོར་མ་འབུལ། །ༀ་ཨཱཿཧཱུྃ་ཧོཿ བཛྲ་ཌ་ཀི་ནཱི་བྷྱཿ ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། པྲ་དཱི་པཾ། ཨཱཀྵ་ཏཾ། ད་དཱ་མ་ཧེ། ས་པ་རི་ཝཱ་ར། ཤྲཱི་གྷྲཾ། ཨཱ་གཙྪ་ཏུ། ཛཿཧཱུྃ་བཾ་ཧོཿ ཨི་དཾ་བ་ལིཾ་གྲྀ་ཧྞ་ཏུ། ཁཱ་ད་དུ། པི་ཝ་ཏུ། ས་པ་རི་ཝཱ་ར་ཀ །སརྦ་ས་ཏྭཱ་ནཱཾ། ཤཱནྟི། པུཥྚིཾ། རཀྵཾ་ཨཱ་ཝར་ཎ། གུཔྟིཾ། ཀ་རོ་ཏུ། ཨི་དཾ་སྠཱ་ན། ཏྱཀྟཱ་བཱ་ཧྱ་མཎྜལ་བྷཱུ་ཾ་ཏིཥྛནྟུ་ཧཱུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གཏོར་མ་འབུལ། གཞི་བདག་གཏོར་མ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅས་ཏེ། ༀ་ཨཱཿཧཱུྃ། ཡུལ་གྱི་བདག་པོ་ས་པ་རི་ཝཱ་རཱ་ཡ། ཨི་དཾ་བ་ལི། གནྡྷཾ། པུཥྚིཾ། དྷཱུ་པཾ། པྲ་དཱི་པཾ། ཨ་ཀྵ་ཏཾ། ད་དཱ་མ་ཧེ། ས་པ་རི་ཝཱ་ར། ཤཱི་གྷྲཾ། ཨཱ་གཙྪ་ཏུ། ཛཿཧཱུྃ་བཾ་ཧོཿ ཨི་དཾ་བ་ལིཾ། གྲྀ་ཧྞ་ཏུ། ཁཱ་ད་ཏུ། པི་བ་ཏུ། ས་པ་རི་ཝཱ་ར་ཀ །སརྦ་ས་ཏྭ་ནཱཾ། ཤཱནྟི། པུཥྚིཾ། རཀྵ་ཨཱ་ཝ་ར་ཎ། གུཔྟིཾ། ཀ་རོ་ཏུ། ཨི་དཾ་སྠཱ་ནཾ། ཏྱཀྟཱ་བཱ་དྱ་མཎྜལ་བྷཱ་ཾ་བྷཾ་ཧཱུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཁྱིའི་ཕྱག་རྒྱ་བཅས་ལ། ༀ་ཨཱཿཧཱུྃ། གྲོང་གི་བདག་པོ་ཨཱ་གཙྪ་ཨ་གཙྪ། ཤཱི་གྷྲཾ། ཨི་དཾ་བ་ལིཾ། གྲྀ་ཧྞ་གྲྀ་ཧྞ། བྷུཀྟ། པིཏྭཱ་ཏྲྀ་པ་ཏི་ཀྲྀ་ཏྭཱ་སརྦ་ས་ཏྭཱ་ནཱཾ། ཤཱནྟིཾ། ཙིཏྟཾ། ཀྲྀ་ཏྭཱ། ཨ་པ་ར་སྠཱ་ནཾ་གཙྪ་གཙྪ་སྭཱ་ཧཱ། སྤྱི་གཏོར་ནི། ༀ་ཕེ་བཛྲ་ཨཱ་རལླི་ཧོཿ སོགས་ནས། མཆོད་པ་བཅུ་གཉིས། མི་བསྐྱོད་རྡོ་རྗེ་སོགས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། ཀྱིས་ཕྲིན་ལས་གཞོལ་བའི་བར་བྱས་ལ། །སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང་། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའ་རྒྱལ་པོ་བཙུན་མོར་བཅས་རྣམས་དང་། །ས་འོག་དག་ན་གདེངས་ཅན་དབང་པོ་གར་དག་གདོན་ཚོགས་མི་དགེ་དུས་ཀུན་ཏུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའ་དུས་སུ་མི་ཤིས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །ཅེས་ཤིས་པ་བརྗོད། ཡིག་བརྒྱའི་མཐར་བཟོད་གསོལ་གཤེགས་གསོལ་རྣམས་སྤྱི་དང་འདྲ་བ་ལས། གསང་བར་ཧཾ་ཡིག་ལ་ཁྲོ་བོའ་འཁོར་ལོ་
༨༣ རྣམས་གཤེགས་སུ་གསོལ། །གཙུག་ཏོར་དུ་ཨཾ་ཡིག་ལ་ཟད་པར་གྱི་འཁོར་ལོ་རྣམས་དཔྲལ་བར་ཨཾ་ཡིག་ལ་ཕྱོགས་སྐྱོང་གི་འཁོར་ལོ་རྣམས་མགྲིན་པར་རྀ་ཡིག་ལ་གཟའི་འཁོར་ལོ་རྣམས་སྙིང་གར་ཨུ་ཡིག་ལ་ཀླུའི་འཁོར་ལོ་རྣམས་གཤེགས་སུ་གསོལ། །ལྟེ་བར་ལྀ་ཡིག་ལ་འབྱུང་པོའ་འཁོར་ལོ་རྣམས་གཤེགས་སུ་གསོལ། །ཅེས་གཏོར་ཆོག་བྱས་ལ། འཁོར་ལོའ་མཆོད་པ་སོགས་བྱེད་ནའང་སྐབས་འདིར་བྱེད་པ་ཡིན་ཏེ། དེ་དག་གི་མཐར་རྗེས་ཆོག་བྱའོ། །གལ་ཏེ་རྣལ་འབྱོར་མ་རིགས་བརྒྱའི་མཆོད་པ་བྱེད་ན། སྡེ་དྲུག་གི་གཏོར་ཆོག་ཀྱང་དེའི་ཞོར་ལ་སྦྱར་ཏེ་ཆབ་གཅིག་ཏུ་གྲུབ་པར་བྱས་ན་ལེགས་སོ། །རྣལ་འབྱོར་མ་སུམ་ཅུ་རྩ་བདུན་མཆོད་པ་དང་། རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་མཆོད་པ་ཡང་མཆོད་ཆོག་མི་འདྲ་བ་རེ་རེ་ཡིན་པའི་ཕྱིར། སྡེ་དྲུག་དང་སོ་བདུན་དང་དྲུག་ཅུ་རྩ་བཞི་རྣམས་གཅིག་གི་ཡན་ལག་ཏུ་གཅིག་ཤོས་ངེས་པར་སྦྱར་དགོས་པ་ནི་མ་ཡིན་ནོ། །འོན་ཀྱང་རྣལ་འབྱོར་མ་སོ་བདུན་དང་དྲུག་ཅུ་རྩ་བཞི་གཉིས་ཀ་དུས་མཉམ་དུ་མཆོད་པ་ལ་རྣལ་འབྱོར་མ་རིགས་བརྒྱ་མཆོད་པ་ཅེས་གྲགས་ཤིང་། །མཆོད་ཆོག་ལོགས་པ་གཅིག་ཏུ་འགྱུར་ལ། སྡེ་དྲུག་གི་གཏོར་ཆོག་ནི། རྣལ་འབྱོར་མ་མཆོད་པའི་ཡན་ལག་མིན་ཀྱང་མཎྜལ་སྒྲུབ་མཆོད་ཀྱི་ཆ་ལག་ཏུ་ངེས་པར་དགོས་པའི་ཕྱིར་དང་། རིགས་བརྒྱ་དང་ལྷན་ཅིག་ཏུ་མཆོད་ན་ཐབས་ཤེས་ཀྱི་ལྷ་ཆ་ཚང་ཞིང་ཕྲིན་ལས་མཐའ་དག་སྒྲུབ་པ་ལ་སྟོབས་ཆེ་བར་འགྱུར་བས་ཀྱང་ཤིན་ཏུ་ལེགས་པ་ཁོ་ནའོ། །དེ་ལ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ནམ་རིགས་བརྒྱའི་དཀྱིལ་འཁོར་རས་བྲིས་ལ་སོགས་པ་ཡོད་ན་དགྲམ། གལ་ཏེ་མེད་ན་མཎྜལ་ཟླུམ་སྐོར་ལྔ་ལ་འདྲི་བའམ། མཎྜལ་གཅིག་ལ་ལྷ་སུམ་ཅུ་རྩ་བདུན་ཐོད་པ་བཞི་དང་བཅས་པའི་ཚོམ་བུ་བཀོད། དེའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་ཚོམ་བུ་དགུ་པ་རེ་རེ་འགོད་པའམ། འབྲུ་བརྡལ་བའི་མཎྜལ་ཟླུམ་པོ་རེ་ལ་ཚོམ་བུ་རེ་རེ་འགོད། རིགས་སུམ་ཅུ་རྩ་བདུན་ནམ་རིགས་བརྒྱའི་ཙ་ཀ་ལི་ཡོད་ན་ལེགས་པར་དགྲམ། ཡང་ཕྱི་མ་འདི་མཎྜལ་ལོགས་པ་ལ་བཀོད་དེ་མཎྜལ་གཉིས་བྱས་ཀྱང་རུང་། དེའི་ཚེ་དེ་ལ་དབུས་སུ་ཆོས་འབྱུང་འདྲིའབྲི་བའམ། ཚོམ་བུ་ཆེ་བ་རེ་འགོད་དོ། །སྤྱིར་རིགས་བརྒྱའི་འགོད་ཚུལ་ལ་དཀྱིལ་འཁོར་གཉིས་སུ་བྱས་ནས་གཅིག་ལ་སོ་བདུན་དང་གཅིག་ཤོས་ལ་དབུས་སུ་དུས་ཀྱི་འཁོར་ལོའམ་རྡོ་རྗེ་སེམས་དཔའ། ཕྱོགས་མཚམས་བརྒྱད་དུ་གསུང་དཀྱིལ་
༨༤ བཞིན་མ་མོ་བརྒྱད་ཡབ་དང་བཅས་པ་དང་། །རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་འགོད་པའི་ལུགས་ཀྱང་ཡོད་ལ། ཡང་ལུགས་གཅིག་ལ་གཞལ་ཡས་ཁང་སྒོ་རྐྱང་གཅིག་གི་སྒོའི་ནང་ཚུན་ཆད་དུ་རྣལ་འབྱོར་མ་སོ་བདུན་དང་། ཁོར་ཡུག་ལ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་འགོད་པའི་ལུགས་ཀྱང་སྣང་བ་དང་། །ཡང་སོ་བདུན་གྱི་དཀྱིལ་འཁོར་ཉིད་ལ་གསུང་འཁོར་གྱི་མ་མོ་བརྒྱད་ཀྱི་མཐའ་བསྐོར་དུ་བརྒྱད་པ་བརྒྱད་ཀྱིས་བསྐོར་བ་བྱེད་པའི་ལུགས་ཀྱང་ཡོད་པ་དེ་རྣམས་ཀྱང་མི་རུང་བ་ནི་མ་ཡིན་ལ། འོན་ཀྱང་འདིར་འོག་ནས་འཆད་པ་ལྟར་གཞལ་ཡས་ཁང་ཕྱི་ནང་རིམ་པ་གཉིས་བྱེད་པ་དང་ལག་ལེན་ལ་ཁྱེར་བདེ་བས་བྱ་ལ། འདི་ལྟར་གྱི་ཚེ་རྣལ་འབྱོར་མ་བརྒྱད་ཚར་གཉིས་སྒོམ་དགོས་ཀྱང་ངོ་བོ་གཅིག་པས་རིགས་བརྒྱའི་གྲངས་དང་མི་འགལ་ལ། ཐབས་ལྷ་ཆེན་བརྒྱད་ཞོར་བྱུང་ཡིན་ཏེ། དུར་ཁྲོད་གནས་པའི་ལྷ་དང་འདྲའོ། །དེས་ན་གསུང་འཁོར་གྱི་རྩིབས་རེ་རེ་ལ་ལྷ་དགུ་དགུ་འགོད་པ་དེ་རས་བྲིས་སམ་ཚོམ་བུ་འགོད་པ་ལ་ལག་ལེན་ཅུང་མི་བདེ་བར་འོང་ཡང་མི་རུང་བ་ནི་མ་ཡིན་ནོ། །དེས་ན་ལུགས་དེ་དག་གང་མོས་པ་ཞིག་བྱ་བ་ཡིན་པས་མཎྜལ་གྱི་ཚོམ་བུ་འགོད་ཚུལ་ཡང་དེ་དང་དེ་ལས་དཔགས་ཏེ་ཤེས་པར་བྱའོ། །གཏོར་མ་བསྡུ་ན་སྤུངས་གཏོར་གཅིག་གིས་ཆོག་པ་སོགས་ཡོད་ཀྱང་རིགས་སུམ་ཅུ་རྩ་བདུན་ལ་ཕྱོགས་ཀྱི་དབྱེ་བས་བཅུ་གཅིག་ཟླུམ་གཏོར་མཐེབ་ཀྱུ་ཅན་དུ་བྱེད་ཅིང་། རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་ལ་སྣོད་བརྒྱད་དུ་ཟན་རིལ་སྤུངས་པ་རྣམས་བཤམས། དམ་རྫས་རྣམས་དངོས་སུ་བསྲེ་རྒྱུ་ཡོད་ན་རབ། མེད་ན་གཟུགས་བརྙན་དང་མིང་ཡིག་ཙམ་གྱིས་ཀྱང་བརྒྱན་པར་བྱ་བ་ཡིན་མོད་ཀྱི། དེ་ཡང་མ་གྲུབ་ན་ཡིད་ཀྱི་མོས་པ་ཙམ་གྱིས་ཀྱང་མི་རུང་བ་མ་ཡིན་ནོ། །དེ་དག་གིས་མཐའ་བསྐོར་རམ་མདུན་དུ་མཆོད་པ་རྒྱ་ཆེར་བཤམས་ཤིང་། དབུས་སུ་ཤིང་ཕོར། ཤར་སོགས་ཕྱོགས་བཞིར་ཉ་ཕྱིས་བེ་ཏ་ཐོད་པ་རྫ་ཕོར་རྣམས་མཆོད་ཡོན་ཕྱི་སྣོད་དང་། དེའི་རིམ་པས་མི་ལྤགས། ཁྱི་ལྤགས། རྟ་ལྤགས། བ་ལང་གི་པགས་པ། གླང་ཆེན་གྱི་པགས་པ་རྣམས་ཀྱི་སྡེར་བཟའ་བཅའི་སྣོད་དུ་བྱ་བར་གསུངས་པ་ལྟར་དངོས་སམ་གཟུགས་བརྙན་ཇི་ལྟར་འབྱོར་པ་བཤམས་སླར་ཡང་གོང་དུ་བཤད་པ་ལྟར་མཆོད་པ་བྱིན་གྱིས་བརླབ། གཏོར་མ་ལ་ༀ་ཨཱཿཧཱུྃ་ཧྲིཿཕཊ་ཀྱིས་བསང་བ་ནས། ཨ་མྲྀ་ཏ་ཀུ་རུ་ཀུ་རུ་སྭཱ་ཧཱའི་བར་གྱི་བྱིན་རླབས་ཐམས་ཅད་ཐུན་མོང་དུ་བྱ། སངས་རྒྱས་ཡབ་ཡུམ་ཅེས་པ་ནས། རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། ཞེས་པ་ཡན་ཆད་ཀྱིས་
༨༥ གཙོ་བོ་དུས་ཀྱི་འཁོར་ལོ་སྡེ་དྲུག་དང་བཅས་པ་ལ་གཏོར་མ་ཕུལ། དེ་ནས་མཎྜལ་བསང་སྦྱང་། སྟོང་པའི་ངང་ལས་ཧཾ་།།།གི་ཡི་གེ་ཡོངས་སུ་གྱུར་པ་ལས་འབྱུང་བཞི་རི་རབ་བརྩེགས་པའི་སྟེང་དུ་རྡོ་རྗེའི་ས་གཞིའི་སྟེང་རྡོ་རྗེའི་གུར་གྱི་ནང་དུ། གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་ནང་རིམ་པ་གཉིས་ལྷ་སྣམ་ཕྱོགས་ཀྱི་མདོག་ཅན་དུ་གནས་པ། ནང་གི་ལྷ་སྣམརྣམས་གྱི་དབུས་སུ་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། དེའི་ནང་དུ་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། དེའི་ནང་དུ་ཐུགས་ཀྱི་འཁོར་ལོ་ནག་པོ་རྩིབས་བརྒྱད་པ། དེའི་ལྟེ་བར་བདེ་བ་ཆེན་པོའ་འཁོར་ལོ་པདྨ་ལྗང་ཁུ་འདབ་མ་བརྒྱད་པ་སྟེ། དེ་ལྟར་འཁོར་ལོ་ལྔ་ནི་སྣ་ཚོགས་རྡོ་རྗེ་དང་། པདྨ་དང་། རལ་གྲི་དང་། གྲི་གུག་གི་ཕྲེང་བས་རིམ་པ་བཞིན་དུ་བསྐོར་བའོ། །བདེ་ཆེན་འཁོར་ལོའ་པདྨར་བཞུགས་པ་ནི། །ལྟེ་བར་མི་ལྤགས་གདན་ལ་གཡུང་མོ་སྟེ། །ཤར་དུ་ཁྱི་ཡི་པགས་པར་དམངས་རིགས་མོ། །ལྷོ་ཕྱོགས་རྟ་ཡི་པགས་པར་རྒྱལ་རིགས་མ། །བྱང་དུ་བ་ལང་ལྤགས་པར་བྲམ་ཟེ་མོ། །ནུབ་ཏུ་གླང་ཆེན་ལྤགས་པར་རྗེ་རིགས་མོ། །མཚམས་ཀྱི་འདབ་མ་བཞི་ལ་སྣོད་བཞི་སྟེ། །མེ་རུ་རྐང་དང་བདེན་བྲལ་ཁྲག་གི་སྣོད། །དབང་ལྡན་དྲི་ཆུ་རླུང་དུ་བཤང་བ་སྟེ། །ཟླ་བ་ལྟར་དཀར་ཐོད་པ་བདུད་རྩིས་གང་། །ཐུགས་འཁོར་ཤར་དུ་ལུག་ལྤགས་འཁར་བ་མཁན། །ལྷོ་རུ་སྦྱངསྤྱང་ལྤགས་འོད་མའི་གར་མཁན་མ། །བྱང་དུ་རྔ་མོའ་ལྤགས་པར་ནོར་བུ་མཁན། །ནུབ་ཕྱོགས་འདམ་སེང་ལྤགས་པར་ཕྲེང་མཁན་མོ། །ཤར་ལྷོར་ར་ལྤགས་གདན་ལ་ཐགས་མཁན་མ། །ལྷོ་ནུབ་རི་དྭགས་ལྤགས་པར་ཆང་འཚོང་མ། །བྱང་ཤར་བོང་བུའི་པགས་པར་གསེར་མགར་མོ། །ནུབ་བྱང་ཕག་གི་པགས་པར་ཕྲེང་བརྒྱུད་མཁན། །དེ་ཡི་ཕྱི་རོལ་གསུང་འཁོར་ཤར་ཕྱོགས་སུ། །ཆུ་སྲིན་པིར་གྱི་པགས་པར་ཤ་འཚོང་མ། །ལྷོ་ཡི་རྩིབས་ལ་སྦལ་པ་ཀརྐ་ཊའི། །རུས་པའི་གདན་ལ་ཁུར་པ་མཁན་མོ་དང་། །བྱང་རྩིབས་རུས་སྦལ་ཁོག་པར་གར་མཁན་མ། །ནུབ་རྩིབས་མགར་ར་ལ་ཚེ་མ་བུམཚེམ་བུ་མ། བསྲེག་ཟང་
༨༦ མགྲོན་བུའི་ཕུང་པོར་རྫ་མཁན་མ། །སྲིན་པོར་ཉ་སྐམ་ཕུང་པོར་སྨད་འཚོང་མ། །དབང་ལྡན་དུང་དཀར་སྟེང་དུ་ཚོགས་མཁན་མ། །རླུང་ཕྱོགས་སྦལ་པའི་པགས་པར་ཉ་པ་མོ། །ཕྱི་རོལ་སྐུ་འཁོར་དབང་པོའ་ཕྱོགས་རྩིབས་སུ། །བསྲེ་ཡི་པགས་པའི་གདན་ལ་ལྕགས་མགར་མོ། །ལྷོ་རུ་རྒྱ་སྐྱེགས་མཁན་མོ་སྟག་ལྤགས་ལ། །སྲེ་མོང་པགས་པར་ཏིལ་བརྡུང་བྱང་དུའོ། །སྲིན་བལ་མཁན་མོ་ནུབ་ཏུ་དོམ་ལྤགས་ལ། །ཤར་ལྷོར་འབྲི་ཡི་ལྤགས་པར་སྨྱིག་མ་མཁན། །ལྷོ་ནུབ་ལྕེཅེ་སྦྱངསྤྱང་ལྤགས་པར་ཤིང་བཟོ་མ། །འབྱུང་པོར་བྱི་ལའི་པགས་པར་འདྲེག་མཁན་མོ། །རླུང་མཚམས་སྲམ་གྱི་པགས་པར་ཀོ་ལྤགས་མཁན། །ཕྱི་རོལ་ནམ་མཁའི་འཁོར་ལོའ་ཤར་སྒོ་རུ། །གོ་དའི་པགས་པར་ཀླ་ཀློ་ༀ་འི་མ། །ལྷོ་སྒོ་བྱི་བའི་པགས་པར་ཕྱག་དར་མཁན། །བྱང་སྒོ་སྤྲེའུའི་པགས་པར་སྟག་གཟིག་མོ། །ནུབ་སྒོ་སཱ་ལི་ཛཱ་ཏ་ཀ་ཞེས་བྱའི། །པགས་པའི་གདན་ལ་གཏུམ་མོ་གདོལ་པབ་མོ། །མེ་མཚམས་རི་བོང་ལྤགས་པར་སྨྱོན་ཐབས་མོ། །སྲིན་མཚམས་བྱི་དུར་ལྤགས་པར་རོ་སྲེག་མ། །དབང་ལྡན་རྩངས་པའི་པགས་པར་རི་ཁྲོད་མ། །ནུབ་བྱང་ཕྱོགས་སུ་ཨཱི་ཤུ་ཀ་པ་ཤུའི། །པགས་པར་བྷི་ལ་ལི་མོ་རྣམས་འཁོད་པར་གྱུར། །ཐམས་ཅད་ལང་ཚོ་ལྡན་པའི་བུད་མེད་ཚུལ། །རང་རང་ལས་ཀྱི་མཐའ་ལ་གནས་པར་སྟོན། སླར་ཡང་བསང་སྦྱང་། །རིགས་སུམ་ཅུ་རྩ་དྲུག་གི་ཕོ་ཉ་མོ་དེ་རྣམས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་དབུས་སུ་ཨ་དང་རྡོ་རྗེ་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་གྲི་གུག་དགྲ་སྟྭ། གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ་ཐོད་པ་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ཐབས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའ་རང་བཞིན་མི་བསྐྱོད་པ་སྔོན་པོས་འཁྱུད་པའོ། །བདེ་ཆེན་འཁོར་ལོའ་འདབ་མ་བརྒྱད་པོ་རྣམས་ལ་ནི། །ཨི་དང་རལ་གྲི་ལས་བྱུང་སྒྲོལ་མ་ནག་མོ་ཤར། །རྀ་དང་རིན་ཆེན་ལས་བྱུང་གོས་དཀར་དམར་མོ་ལྷོ། །ཨུ་དང་པདྨ་ལས་
༨༧ སྐྱེས་བདག་མ་དཀར་མོ་བྱང་། །ལྀ་དང་འཁོར་ལོ་ལས་སྐྱེས་སྤྱན་མ་སེར་མོ་ནུབ། གོས་དཀར་མོ་མེའི་མདའ་ལས་བསྐྱེད་པར་ཡང་བཤད་པས་ཅི་བདེ་བར་བྱའོ། །མཚམས་བཞིར་ཧཱི་ཧྲཱྀ་ཧཱུྃ་ཧླཱཾ་རྣམས་ལས་བྱུང་བའི་ཐོད་པ་བཞིའོ། །ཐུགས་ཀྱི་འཁོར་ལོའ་རྩིབས་ལ་གནས་པའི་ལྷ་མོ་ནི། །ཨཱ་ཡིག་རྒྱུད་མང་ལས་བྱུང་ཤར་ཕྱོགས་སྒྲ་ཡི་རྡོ་རྗེ་སྔོ། །ཧཱཿཡིག་རྡོ་རྗེ་ལས་བྱུང་གཤིན་སྔོན་མཐོན་མཐིང་ལྷོ། །ཨཾ་ཡིག་ཆོས་འབྱུང་ལས་བྱུང་ཆོས་ཁམས་ལྗང་ཁུ་བྱང་། །ཧཾ་ཡིག་ཏོག་རྩེ་ལས་སྐྱེས་དྲག་སྤྱན་ལྗང་ཁུ་ནུབ། །ཨཻ་ཡིག་དར་གོས་ལས་སྐྱེས་རེག་མ་ནག་མོ་མེ། །ཨཱ་རུ་ཡིག་ཆད་སྣོད་ལས་སྐྱེས་རོ་འོད་མའི་དབྱུག །མ་དམར་མོ་སྲིན། །ཨཽ་ཡིག་མེ་ལོང་ལས་སྐྱེས་གཟུགས་མ་དཀར་མོ་དབང་། །ཨ་ཝ་ཡིག་འཁོར་ལོ་ལས་སྐྱེས་དྲི་མ་སེར་མོ་རླུང་། །དེ་ལྟར་གཙོ་འཁོར་བཅུ་གསུམ་ནི་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའོ། །གསུང་འཁོར་རྩིབས་ལ་གནས་པའི་རྣལ་འབྱོར་མ་རྣམས་ནི། །ཤར་དུ་ཧ་དང་གྲི་གུག་ཙར་ཙི་ཀཱ་ནག་མོ། །ལྷོ་ཕྱོགས་ཧཿདང་གཅུ་གཟར་ཕག་མོ་མེ་ཏོག་ཕྲེང་དམར་མོ་སྟེ། །བྱང་ཕྱོགས་ཧཾ་དང་རྩེ་གསུམ་དྲག་མོ་དཀར་མོའོ། །ནུབ་ཕྱོགས་ཧཱཾ་དང་ཁབ་ལས་དབང་མོ་སེར་བའི་མདངས། །ཤར་ལྷོར་ཀྵ་དང་བུམ་པ་ཁྱབ་འཇུག་མོ་ནི་གནག །བདེན་བྲལ་ཀྵཿདང་གོས་སེར་དམར་མོ་གཞོན་ནུ་མ། དབང་ལྡན་ཀྵཾ་དང་རྡོ་ལེབ་དཔལ་མོ་ཟླ་བའི་མདངས། །རླུང་མཚམས་ཀྵ་དང་ཉ་ལས་ཚངས་མ་གསེར་གྱི་འོད། །མ་མོ་བརྒྱད་པོ་འདི་རྣམས་ནི་ས་གའི་སྟབས་ཀྱིས་བཞུགས་པའོ། །སྐུ་འཁོར་རྩིབས་ལ་བཞུགས་པའི་ཁྲོ་མོ་བརྒྱད་པོ་ནི། །དཀར་མིན་ཡཿལས་ཆུ་གྲི་བརྩོན་གྲུས་མ་ནི་ཤར། །རབ་དམར་རཿལས་ཆོས་སྣོད་རྨུགས་བྱེད་དམར་མོ་ལྷོ། །རབ་དཀར་ཝཿལས་ཀུ་ཤ་ཁེངས་བྱེད་མ་ནི་བྱང་། །གསེར་འོད་ལཿལས་དར་སྲིན་རེངས་བྱེད་མ་ནི་ནུབ། །ཡཱ་དང་སྨྱུག་གདུགས་ལས་སྐྱེས་ལྕགས་སྒྲོག་མ་ནི་ནག །རཱ་དང་ཤིང་ལྷམ་ལས་སྐྱེས་ཁྲོ་གཉེར་ཅན་མ་དམར། །ཝཱ་དང་སྤུ་གྲི་
༨༨ ལས་སྐྱེས་སྐུལ་བྱེད་མ་ནི་དཀར། །ལཱ་དང་མཐིལ་ལྷྭམ་ལས་སྐྱེད་འོད་ཟེར་ཅན་མ་སེར། །དེ་རྣམས་མེ་སྲིན་འབྱུང་པོ་གཡོ་བའི་ཕྱོགས་ལ་གནས། །ཐམས་ཅད་ཀྱང་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །སྒོ་མཚམས་རྣམས་སུ་ཀྑ།།།ཀྵ་།།།ཧྱ་།།།།།།་།།།ཉྫ།།། ཎྜ་།།།མྦ་།།།ནྡ།།།རྣམས་ཡོངས་སུ་གྱུར་པ་ལས། །བ་ལང་ར་ལས་ཤར་སྒོར་ཁྱི་གདོང་མ་ནི་གནག །རྫ་ཕོར་ལས་སྐྱེས་ལྷོ་སྒོར་ཕག་གདོང་མ་ནི་དམར། །འཕང་ལས་སྐྱེས་པ་བྱང་སྒོར་སྟག་གདོང་མ་ནི་དཀར། །ནུབ་སྒོར་པི་ཝཾ་ལས་སྐྱེས་ཅེ་སྤྱང་གདོང་མ་སེར། །གསལ་ཤིང་ལས་སྐྱེས་ཤར་ལྷོར་ཁྭ་གདོང་མིག་སྨན་མདོག །ཀིན་ན་རི་ལས་ལྷོ་ནུབ་བྱ་རྒོད་གདོང་མ་དམར། །རྨ་བྱའི་སྒྲོ་ལས་བྱང་ཤར་འུག་གདོང་ཆུ་ཤེལ་མཚུངས། །ཤིང་མདའ་ལས་འཁྲུངས་ནུབ་བྱང་མཁའ་ལྡིང་གདོང་མ་སེར། །དེ་རྣམས་ནི་ཟླུམ་པོའ་སྟབས་ཀྱིས་བཞུགས་པའོ། །འཁོར་འདི་རྣམས་ཀྱི་ཕྱག་མཚན་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ལས་བཤད་པ་ལྟར་སྒོམ་པའམ། བསྡུ་ན་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་ཁོ་ནར་བྱས་ཀྱང་ཆོག་གོ །གཞལ་ཡས་ཁང་ཕྱི་མའི་ནང་གི་ལྷ་སྣམརྣམས་ལ་སླར་ཡང་མ་མོ་བརྒྱད་ཐབས་དང་བཅས་པ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞིས་བསྐོར་བ་སྐད་ཅིག་གིས་གྲུབ་པར་གྱུར་པ་ནི། ཕྱོགས་དང་མཚམས་སུ་ཆུ་སྐྱེས་དམར་དང་དཀར་པོ་ལ་གནས་རྣལ་འབྱོར་མ། ཞེས་པ་ནས། བར་བུས་མཆན་ལ་ཕྱག་འཚལ་ལོ། །ཅེས་པའི་བར་བསྟོད་ཆེན་ལས་འབྱུང་བ་ལྟར་ངག་ཏུ་བརྗོད་ཅིང་ཡིད་ལ་ཡང་བསམ་མོ། །སྤྲོས་པ་ལ་དགའ་ན་འདི་རྣམས་ཀྱང་ས་བོན་ཕྱག་མཚན་ལས་བསྐྱེད་ཅིང་། རིགས་བརྒྱའི་རྣལ་འབྱོར་མ་ཐམས་ཅད་ལ་ཡེ་ཤེས་སྤྱན་འདྲེན་གནས་གསུམ་བྱིན་རླབས་དབང་བསྐུར་རྒྱས་གདབ་རིགས་བདག་སོ་སོའ་བར་དུ་མཐའ་རྒྱས་སུ་བྱ་ལ། མདོར་བསྡུ་ན་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། །རང་བཞིན་གྱི་གནས་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣལ་འབྱོར་མ་རིགས་བརྒྱའི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ༀ་བཛྲ་གནྡྷཾ་སོགས་མཆོད་པ་བཅུ་གཉིས་ཀྱིས་མཆོད། ཧཱུྃ་བཾ་ཧོཿཧི་གཉིས་སུ་མེད་པར་ཐིམ།
༨༩ ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། །རིགས་བརྒྱ་རྣལ་འབྱོར་མ་ཚོགས་བཅས། །རྣམ་དག་རྡོ་རྗེ་དྲི་མཆོག་འདི། །ཅེས་སོགས་འདོན་པ་སྤོས་ལ་མཆོད་པ་བཅུ་གཉིས་ཀྱིས་མཆོད། ༀ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་སྭཱ་ཧཱ། ༀ་ཨཱཿཧཱུྃ། ༀ་ཨཱཿཧ་ཨཿཧཾ་ཨཻ་ཨཱ་རར་ཨཽ་ཨཱ་ལར་སྭཱ་ཧཱ། ༀ་ཧ་ཧཿཧཾ་ཧཱ་ཀྵ་ཀྵཿཀྵཾ་ཀྵཱ་སྭཱ་ཧཱ། ཀྑ་།།།ཀྵ་།།།ཧྱ་།།།་།།།ཉྫ་།།།ཎྜ་།།།མྦ་།།།ནྡ་།།།སྭཱ་ཧཱ། ༀ་ཡཿརཿཝཿལཿཡ་ར་ཝ་ལ་སྭཱ་ཧཱ། ༀ་ཨཱཿཧཱུྃ། ༀ་ཧི་ཧཱི་ཡ་ཡི་།།།ཡུ་།།།་ཡཾ་སྭཱ་ཧཱ། ༀ་ཀྵི་ཀྵཱི་ཡཱ་ཡཱི།།།ཡཱུ་།།།ཡཿསྭཱ་ཧཱ། ༀ་ཧྲྀ་ཧྲཱྀ་ར་རི་།།།རུ་རླྀ་རཾ་སྭཱ་ཧཱ། ༀ་ཀྵྲྀ་ཀྵྲྀ་རཱ་རཱི་ྀ་རླུ་ྀ་རཿསྭཱ་ཧཱ། ༀ་ཧུ་ཧཱུ་ཝ་ཝི་།།།ཝུ་ཝཱྀ་ཝྀ་སྭཱ་ཧཱ། ༀ་ཀྵུ་ཀྵཱུ་ཝཱ་ཝཱི་།།།ཝཱུ་།།།ཝཿསྭཱ་ཧཱ། ༀ་ཧླྀ་ཧླྀ་ལ་ལི་།།།་ལུལླི་ལཾ་སྭཱ་ཧཱ། ༀ་ཀྵླྀ་ཀྵླྀ་ལཱ་ལི་།།།ལཱུ་ལླཱི་ལཿསྭཱ་ཧཱ། ༀ་ཨཱཿཧཱུྃ། དེ་ལྟར་སྔགས་ཚན་བཅུ་གསུམ་པོ་རེ་རེའི་མཐར་འབྲུ་གསུམ་སྦྱར་བའི་ལན་གསུམ་གྱིས་ནང་མཆོད་ཕུལ། །དེ་ནས་སྟོང་ཉིད་སྙིང་རྗེའི་སོགས་དང་། ཕྲ་རབ་རྡུལ་གྱི་སོགས་སྔོན་དུ་འགྲོ་བས། །གང་གི་ཞབས་ནི་དྲན་པས་ཀྱང་། །འཇིགས་པ་བཅུ་དྲུག་ལས་ཐར་མཛད། །རྫུ་འཕྲུལ་དངོས་གྲུབ་སྩོལ་མཛད་པ། །རྣལ་འབྱོར་མ་ཚོགས་རྣམས་ལ་འདུད། །དེ་བཞིན་གཤེགས་ཡུམ་རྣམ་པ་ལྔ། །བདུད་རྩིའི་སྣོད་དང་བཅས་རྣམས་དང་། །རྡོ་རྗེ་མ་དྲུག་ཁྲོ་བོ་གཉིས། །ཐུགས་ཀྱི་འཁོར་ལོ་ལ་གནས་དང་། །འཆི་མེད་ན་ཆུང་མ་མོ་བརྒྱད། །གསུང་གི་འཁོར་ལོ་མཆོག་ལ་གནས། །སྐུ་ཡི་འཁོར་ལོ་བདེ་བ་ཆེ། །ཁྲོ་མོ་བརྒྱད་པོ་ཡང་དག་རོལ། །རབ་གཏུམ་ཆེན་མོ་འཇིགས་རུང་རྣམས། །སྒོ་མཚམས་དུར་ཁྲོད་འཁོར་ལོར་གནས། །བརྒྱད་པ་བརྒྱད་ཀྱི་རིགས་བྱུང་རྣམས། །འཇིག་རྟེན་འཕེལ་ཟད་ལས་ལ་བརྩོན། །དངོས་གྲུབ་སྩོལ་བའི་གཏོངསྡོང་གྲོགས་མཛོད། །རིགས་བརྒྱ་རྣལ་འབྱོར་གཙོ་མོ་རྣམས། །བྱེ་བ་བགྲང་ཡས་ཚད་མེད་པའི། །རྣལ་འབྱོར་མ་ཚོགས་རྣམས་ལ་བསྟོད། །གང་ལ་ཐོག་མཐའ་དབུས་མེད་སོགས་ཡེ་ཤེས་ལྔའི་བསྟོད་པ་གོང་བཞིན་གྱི་མཐར་རོལ་མོའ་སྒྲ་བྱའོ། །དེ་ནས་གཏོར་མ་འབུལ་བ་ནི། ༀ་ཨཱཿཧཱུྃ་ཧོཿ
༩༠ ཞེས་ལན་མང་དུ་བརྗོད་པ་བྱིན་རླབས་ཁ་གསོས་ནས། ༀ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་སྭཱ་ཧཱ། ཅེས་པའི་མཐར་ༀ་ཨཱཿཧཱུྃ་ཧོཿཅེས་སོགས་སྡེ་དྲུག་གི་གཏོར་སྔགས་བཏགས་ཏེ་ཕུལ་ཀྱང་རུང་མོད། འོན་ཀྱང་མཁའ་འགྲོ་མ་སྤྱི་གཏོར་སྔགས་ཉིད་སྦྱོར་བ་ལེགས་པས། དེ་ཉིད་བོད་སྐད་དུ་སྦྱར་ན་ནོར་སོ་ཆུང་བས་འདི་སྐད་ཅེས་བྱ་སྟེ། ༀ་ཨཱཿཧཱུྃ། རྡོ་རྗེ་མཁའ་འགྲོ་མ་རྣམས་འཁོར་བཅས་རྣམས། །འདི་སྟེ་གཏོར་མ་དྲི་དང་མེ་ཏོག་དང་། །བདུག་སྤོས་སྒྲོན་མེ་མ་ཉམས་བདག་འབུལ་གྱི། །འཁོར་དང་བཅས་པ་མྱུར་དུ་ཚུར་བྱོན་ལ། །ཛཿཧཱུྃ་བཾ་ཧོཿའདིར་ནི་གཏོར་མ་ཟུང་། །བཟའ་བར་མཛོད་ལ་བཏུང་བར་མཛད་དུ་གསོལ། །འཁོར་དང་བཅས་པས་སེམས་ཅན་རྣམས་ལ་ནི། །ཞི་རྒྱས་སྲུང་སྐྱོབ་སྦ་བར་མཛད་དུ་གསོལ། །རང་གནས་བཞུགས་ལ་ཕྱི་རོལ་དཀྱིལ་འཁོར་གྱི། །ས་ལ་གནས་པར་མཛོད་ཅིག་ཧཱུྃ་ཧཱུྃ་ཕཊ། རྡོ་རྗེ་འཛིན་པའི་བཀའ་བཞིན་མཛོད་སྭཱ་ཧཱ། །ཞེས་བཏགས་པས་གཏོར་མ་འབུལ། །དེ་བཞིན་དུ་སྔགས་ཚན་གཞན་རྣམས་རེ་རེའི་མཐར་ཡང་གཏོར་སྔགས་དེ་ཉིད་སྦྱར་བས་འབུལ་ཏེ། ༀ་ཀྵླྀ་ཀྵླཱྀ་ལཱ་ལཱི་།།།ལཱུ་ལླཱྀ་ལཿསྭཱ་ཧཱ། ༀ་ཨཱཿཧཱུྃ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཞེས་པ་ནས། བཀའ་བཞིན་མཛོད་སྭཱ་ཧཱའི་བར་སྦྱར་བའོ། །དེ་ནས་སྡེ་དྲུག་ནང་ཚན་ཕྱོགས་སྐྱོང་གི་གཏོར་མ་དང་། །རྣལ་འབྱོར་མའི་གཏོར་མ་རྣམས་སྔར་ཕྱོགས་ཕྱོགས་སུ་བཤམས་ཡོད་ན་ཕྱོགས་ཀྱི་རིམས་པ་དང་མཐུན་པར་བྱེད་དགོས་པས། །ཤར་གྱི་གཏོར་མ་གཉིས་པོ་དེ་གཏོང་དགོས་པ་ཡིན་ལ། །གཏོར་མ་གྲལ་བསྒྲིགས་སུ་བཤམས་ཡོད་ན་ཟླུམ་གཏོར་བཅུ་གཅིག་གི་གྲལ་འགོ་མ་དེ་བཞག་པའི་དེའི་འོག་ནས་གྲལ་རིམ་དུ་བྱེད་དགོས་པས་གྲལ་འགོ་མའི་འཁྲིས་ཀྱི་ཟླུམ་གཏོར་དེ་དང་། སྤུངས་གཏོར་བརྒྱད་ཀྱི་ཐོག་མ་གཅིག་སྟེ། དེ་རྣམས་གཏོར་བྲལ་ནས་བླངས་ཤར་ཕྱོགས་ཀྱི་སྟེགས་བུའི་སྟེང་དུ་བཞག་ལ། སླར་ཡང་ཆབ་ཀྱིས་བྲན་ནས་འདི་སྐད་ཅེས་གྱེར་རོ། །ཤར་ཕྱོགས་ལྷ་མོ་སྒྲོལ་མ་འཁོར་བཅས་ལ། །ཁྱི་ཤ་ཁུག་རྟའི་ཤ་དང་ཤ་ཁམས་ཀྱི། །གཏོར་མ་འདི་འབུལ་རླུང་གི་བར་ཆད་སོལ། །བསད་བསྐྲད་དབྱེ་བའི་ལས་ཀུན་གྲུབ་པར་མཛོད། །ཙ་མུཎྚ་ལ་ཀུམྦྷིར་ཁྲུང་ཁྲུང་ཤ །རྣག་དང་བཅས་པའི་གཏོར་མ་འདི་འབུལ་གྱི། །མ་མོའ་
༩༡ གདོན་འཇོམས་རིམས་ནད་ཞི་བར་མཛོད། །ཤར་ཕྱོགས་འགྲོ་རྣམས་ནད་མེད་དགེ་བར་སྩོལ། །ཤིན་ཏུ་སྟོབས་མར་བསེ་དང་ཧོར་པའི་ཤ་།རྐང་དང་བཅས་པའི་གཏོར་མ་འདི་འབུལ་གྱི། །ཤར་གྱི་ཕྱོགས་ཀྱི་བགེགས་ཀུན་ཞི་བར་མཛོད། །སྡང་དང་གདུག་ཅན་ཐམས་ཅད་ཚར་ཆོད་ཅིག །ཁྱི་གདོང་མ་ལ་གོ་དྷ་མིག་སྔོན་ཤ་།སྣ་ཡི་དྲི་མར་བཅས་པའི་གཏོར་མ་འབུལ། །ཤར་གྱི་ཕྱོགས་ནས་ཕྲིན་ལས་ཀུན་སྒྲུབས་ཤིག །ལོངས་སྤྱོད་སྩོལ་ཞིང་དབང་བསྒྱུར་དངོས་གྲུབ་སྩོལ། །ཤར་ཕྱོགས་རྒྱུ་བའི་རྣལ་འབྱོར་མ་བརྒྱད་ལ། །སོ་བཞི་སེན་མོ་གསུམ་དང་ཐོད་དུམ་གཅིག །དམ་རྫས་བཅས་པའི་གཏོར་མ་འདི་འབུལ་བས། །བགེགས་རྣམས་ཉམས་ཤིང་འདོད་དོན་གྲུབ་པར་མཛོད། །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས་རྣམས་ལ། །མཆོད་གཏོར་འདི་དང་དྲི་དང་མེ་ཏོག་དང་། ཅེས་པ་ནས། རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། །རོལ་མོའ་སྒྲ་དང་བཅས་ཏེ་གཏོར་མ་དེ་རྣམས་ཕྱི་རོལ་ཏུ་བཏང་ངོ་། །ཡང་དེའི་རྗེས་ཀྱི་འཕྲོ་ལས་རྣལ་འབྱོར་མའི་ཟླུམ་གཏོར་གཅིག་དང་སྤུངས་གཏོར་གཅིག་ཤར་ལྷོར་སྟེགས་བུའི་སྟེང་དུ་བཤམས་ལ་འདི་སྐད་ཅེས་གྱེར་རོ། །ཤར་ལྷོ་རེག་བྱ་རྡོ་རྗེ་འཁོར་བཅས་ལ། །ར་ཤ་ངུར་བའི་ཤ་དང་བཤང་ལམ་བཅས། །གཏོར་མ་འདི་འབུལ་རེག་བྱའི་བར་ཆད་སོལ། །འགྲོ་ལ་རེག་མཆོག་སྟེར་བའི་ཕྲིན་ལས་མཛོད། །ཁྱབ་འཇུག་མ་ལ་མགྲོན་བུ་ཁུ་བྱུག་བཅས། །བད་ཀན་བཅས་པའི་གཏོར་མ་འདི་འབུལ་གྱི། །མ་མོའ་གདོན་དང་རིམས་ནད་ཞི་བར་མཛོད། །ཤར་ལྷོའི་འགྲོ་རྣམས་ནད་མེད་དགེ་བར་སྩོལ། །ལྕགས་སྒྲོག་མ་ལ་འབྲི་དང་འོལ་པའི་ཤ །མཆིན་པར་བཅས་པའི་གཏོར་མ་འདི་འབུལ་གྱི། །ཤར་ལྷོ་ཕྱོགས་ཀྱི་བགེགས་ཀུན་ཞི་བར་མཛོད། །སྡང་དང་གདུག་ཅན་ཐམས་ཅད་ཚར་ཆོད་ཅིག །ཁྭ་གདོང་མ་ལ་རི་བོང་ནེ་ཙོའ་ཤ །བཤང་སྒོའི་དྲི་མར་བཅས་པའི་གཏོར་མ་འབུལ། །ཤར་ལྷོའི་ཕྱོགས་ནས་ཕྲིན་ལས་ཀུན་སྒྲུབས་ཤིག །ལོངས་སྤྱོད་འཕེལ་དང་དབང་བསྒྱུར་དངོས་གྲུབ་སྩོལ། །མེ་མཚམས་རྒྱུ་བའི་རྣལ་འབྱོར་མ་བརྒྱད་ལ། །སེན་
༩༢ མོ་གཉིས་དང་སོ་བཞི་ཐོད་དུམ་གཉིས། །དམ་རྫས་བཅས་པའི་གཏོར་མ་འདི་འབུལ་བས། །བགེགས་རྣམས་ཉམས་ཤིང་འདོད་དོན་གྲུབ་པར་མཛོད། །མཚམས་རྣམས་སུ་སྲུང་མ་དྲུག་ཅུའི་གཏོར་མ་གཏོང་བ་མེད་པས་སྐབས་འདིར་རོལ་མོའ་སྒྲ་དང་བཅས་ཏེ་གཏོར་མ་ཕྱི་རོལ་ཏུ་དོར། ཕྱོགས་གཞན་གསུམ་དང་ཕྱོགས་མཚམས་གསུམ་ལའང་རིགས་འགྲེ་སྟེ། རྣལ་འབྱོར་མའི་གཏོར་མ་གཉིས་དང་གཟའི་གཏོར་མ་ལྷོ་ཕྱོགས་སུ་བཏེག །ལྷོ་ཕྱོགས་ལྷ་མོ་གོས་དཀར་འཁོར་བཅས་ལ། །རྟ་ཤ་སྔགས་ཅན་ཤ་དང་ཁྲག་ཁམས་ཀྱི། །གཏོར་མ་འདི་འབུལ་མེ་ཡི་བར་ཆད །དབང་དགུག་བསྐྱོད་པའི་ལས ཕག་མོར་ཀརྐ་ཊ་དང་སྲིན་བྱའི་ཤ །ལུས་སྐྱེས་ཕྲར་བཅས་གཏོར་མ །མ་མོའ །ལྷོ་ཕྱོགས་འགྲོ་རྣམས །རྨུགས་བྱེད་མ་ལ་སྟག་དང་བྱ་རོག་ཤ་།རྒྱུ་མང་བཅས་པའི་གཏོར་མ །ལྷོ་ཡི་ཕྱོགས་ཀྱི །སྡང་དང་ །ཕག་གདོང་མ་ལ་བྱི་བ་ཙ་ཀོར་ཤ །རྣ་བའི་དྲི་མར་བཅས་པའི །ལྷོ་ཡི་ཕྱོགས་ནས །ལོངས་སྤྱོད །ལྷོ་ཕྱོགས་རྒྱུ་བའི་རྣལ་འབྱོར་མ །སོ་བཞི །དམ་རྫས །བགེགས་རྣམས །གཟའ་མཆོག་བཅུ་པོ་འཁོར་དང་བཅས །མཆོད་གཏོར་འདི་དང་ །བཀའ་བཞིན་མཛད་དུ་གསོལ། །གཏོར་མ་གསུམ་པོ་ལྷོ་ཕྱོགས་སུ་དོར། ཡང་རྣལ་འབྱོར་མའི་གཏོར་མ་གཉིས་ལྷོ་ནུབ་ཏུ་བཏེག་ལ། །ལྷོ་ནུབ་རོ་ཡི་རྡོ་རྗེ་འཁོར་བཅས་ལ། །རི་དྭགས་ཕུག་རོན་ཤ་དང་ཤ་ཁམས་ཀྱི། །གཏོར་མ་འདི་འབུལ་རོ་ཡི །འགྲོ་ལ་རོ་མཆོག །གཞོན་ནུ་མ་ལ་ཉ་དང་ཀྱུང་ཀའི་ཤ །སྲིན་བུར་བཅས་པའི །མ་མོའ །ལྷོ་ནུབ་འགྲོ་རྣམས །ཁྲོ་གཉེར་ཅན་ལ་ཅེ་སྤྱང་ཁྱིམ་བྱའི་ཤ་།གློ་བུར །ལྷོ་ནུབ་ཕྱོགས་ཀྱི །སྡང་དང་གདུག་ཅན །བྱ་རྒོད་གདོང་ལ་གཟུག་མོ་ཅོ་གའི་ཤ་།བྷ་གའི་དྲི་མར །ལྷོ་ནུབ་ཕྱོགས་ནས །ལོངས་སྤྱོད །ལྷོ་ནུབ་རྒྱུ་བའི །སེན་མོ་གཉིས་དང་ །དམ་རྫས །བགེགས་རྣམས །གཏོར་མ་གཉིས་པོ་ལྷོ་ནུབ་ཏུ་དོར་རོ། །རྣལ་འབྱོར་མའི་གཏོར་མ་གཉིས་དང་ཀླུའི་གཏོར་མ་བྱང་ཕྱོགས་སུ་བཏེག་ལ། །བྱང་ཕྱོགས་ལྷ་མོ་བདག་མ་འཁོར་
༩༣ བཅས་ལ། །བ་ལང་ཁུ་བྱུག་ཤ་དང་དྲི་ཆུ་ཡི། །གཏོར་མ་འདི་འབུལ་ཆུ་ཡི་དྲི། །ཞི་རྒྱས་གཞིལ་བའི །དག་མོ་ལ་ནི་རུས་སྦལ་སོ་བྱའི་ཤ་།བ་སྤུར་བཅས་པའི །མ་མོ །བྱང་ཕྱོགས་འགྲོ་རྣམས །ཁེངས་བྱེད་མ་ལ་ནེའུ་ལེ་འུག་པའི་ཤ་།རུས་པར །བྱང་གི་ཕྱོགས་ཀྱི །སྡང་དང་ །སྟག་གདོང་མ་ལ་སྤྲེའུ་ཕ་ཝང་ཤ་ །ལྕེ་ཡི་དྲི་མར །བྱང་གི་ཕྱོགས་ནས །ལོངས་སྤྱོད །བྱང་ཕྱོགས་རྒྱུ་བའི །སོ་བཞི །དམ་རྫས །བགེགས་རྣམས །ཀླུ་རྒྱས་བཅུ་པོ་འཁོར་དང་བཅས་རྣམས་ལ། །མཆོད་གཏོར །མཛད་དུ་གསོལ། །གཉིས་མ་གསུམ་བྱང་དུ་དོར། རྣལ་འབྱོར་མའི་གཏོར་མ་གཉིས་བྱང་ཤར་དུ་བཏེག །བྱང་ཤར་གཟུགས་ཀྱི་རྡོ་རྗེ་འཁོར་བཅས་ལ། །བོང་བུ་བྱ་གར་ཤ་དང་མིག་ཁམས་ཀྱི། །གཏོར་མ་འདི་འབུལ་གཟུགས་ཀྱི །འགྲོ་ལ་གཟུགས་མཆོག །དཔལ་མོ་ལ་ནི་དུང་དང་ཆུ་སྐྱར་ཤ་།སྐྲ་དང་བཅས་པའི །མ་མོའ །བྱང་ཤར་འགྲོ་རྣམས །སྐུལ་བྱེད་མ་ལ་བྱི་ལ་ཁྱིམ་བྱའི་ཤ་།རྩ་རྒྱུས་བཅས་པའི །བྱང་ཤར་ཕྱོགས་ཀྱི །སྡང་དང་ །འུག་གདོང་མ་ལ་རྩངས་པ་ཨཱམྦྷ་རི། །མཆན་ཁུང་དྲི་མར །བྱང་ཤར་ཕྱོགས་ནས །ལོངས་སྤྱོད །བྱང་ཤར་རྒྱུ་བའི །སེན་མོ་གཉིས །དམ་རྫས །བགེགས །གཏོར་མ་གཉིས་བྱང་ཤར་དུ་དོར་རོ། །ཡང་རྣལ་འབྱོར་མའི་གཏོར་མ་གཉིས་དང་འབྱུང་པོའ་གཏོར་མ་ནུབ་ཏུ་བཏེག་ལ། །ནུབ་ཕྱོགས་ལྷ་མོ་སྤྱན་མ་འཁོར་བཅས་ལ། །གླང་ཆེན་རི་སྐེག་ཤ་དང་བཤང་ཁམས་ཀྱི། །གཏོར་མ་འདི་འབུལ་ས་ཡི །རྨོངས་རེངས་གདབ་པའི །དབང་མོ་ལ་ནི་མ་ཀར་སྲེག་པའི་ཤ་།ཆུ་སེར་བཅས་པའི །མ་མོའ །ནུབ་ཕྱོགས་འགྲོ་རྣམས །རེངས་བྱེད་མ་ལ་དོམ་དང་བྱ་རྒོད་ཤ་།མཁྲིས་པར་བཅས་པའི །ནུབ་ཀྱི་ཕྱོགས་ཀྱི །སྡང་དང་ །ལྕེ་སྤྱང་གདོང་ལ་ཤཱ་ལི་ཛ་ཏི་དང་། །ཨཱ་ནི་ལ་དང་མིག་དྲིའི་གཏོར་མ་འབུལ། །ནུབ་ཀྱི་ཕྱོགས་ནས །ལོངས་སྤྱོད །ནུབ་ཕྱོགས་རྒྱུ་བའི །སོ་བཞི །དམ་རྫས
༩༤ བགེགས་རྣམས །འབྱུང་པོ་བཅུ་པོ་འཁོར་དང་བཅས་རྣམས་ལ། །མཆོད་གཏོར །མཛད་དུ་གསོལ། །གཏོར་མ་གསུམ་པོ་ནུབ་ཕྱོགས་སུ་དོར་རོ། །རྣལ་འབྱོར་མའི་གཏོར་མ་གཉིས་ནུབ་བྱང་དུ་བཏེག་ལ། །ནུབ་བྱང་དྲི་ཡི་རྡོ་རྗེ་འཁོར་བཅས་ལ། །ཕག་ཤ་མཆིལ་པའི་ཤ་དང་སྣ་ཁམས་ཀྱི། །གཏོར་མ་འདི་འབུལ་དྲི་ཡི །འགྲོ་ལ་དྲི་མཆོག་ཚངས་མ་ལ་ནི་སྦལ་པ་བཞད་དཀར་ཤ་།ཞག་དང་བཅས །མ་མོའ །ནུབ་བྱང་འགྲོ་རྣམས །འོད་ཟེར་ཅན་ལ་སྲམ་དང་རྨ་བྱའི་ཤ་།ལྤགས་པར་བཅས་པའི །ནུབ་བྱང་ཕྱོགས་ཀྱི །སྡང་དང་ །མཁའ་ལྡིང་གདོང་ལ་ཨཱི་ཤུ་བྷེ་རུཎྜ། །རྟགས་ཀྱི་དྲི་མར །ནུབ་བྱང་ཕྱོགས་རྣམ །ལོངས་སྤྱོད །ནུབ་བྱང་རྒྱུ་བའི །སེན་མོ་གཉིས །དམ་རྫས །བགེགས་རྣམས །གཏོར་མ་གཉིས་ནུབ་བྱང་དུ་དོར། སྟེང་དུ་རྣལ་འབྱོར་མའི་ཟླུམ་གཏོར་གཅིག་དང་ཟད་པར་གྱི་གཏོར་མ་གཏོང་དགོས་པས་ཁང་སྟེང་ངམ། ཤར་གྱི་ཤར་དུ་གཏོར་མ་གཉིས་པོ་བཏེག་ལ། །སྟེང་ཕྱོགས་ཆོས་ཁམས་རྡོ་རྗེ་འཁོར་བཅས་ལ། །རྔ་བོང་ངང་པའི་ཤ་དང་བྷ་གར་བཅས། །གཏོར་མ་འདི་འབུལ་ཆོས་ཁམས །འགྲོ་ལ་ཆོས་མཆོག །དྲག་ཆེན་མ་ལ་སེང་གེ་བྱ་ཁྲའི་ཤ་།སྙིང་དང་བཅས་པའི །སྟེང་གི་ཕྱོགས་ཀྱི །སྡང་དང་ །ཟད་པར་བཅུ་པོ་འཁོར་དང་བཅས་རྣམས་ལ། །མཆོད་གཏོར །མཛད་དུ་གསོལ། །གཏོར་མ་གཉིས་པོ་སྟེང་དུ་དོར། རྣལ་འབྱོར་མའི་ཟླུམ་གཏོར་གཅིག་དང་། ཁྲོ་བཅུའི་གཏོར་མ་ནུབ་ཀྱི་ནུབ་ཏུ་བཏེག་ལ། །འོག་ཕྱོགས་སྒྲ་ཡི་རྡོ་རྗེ་འཁོར་བཅས་ལ། །ལུག་དང་བ་ལང་ཤ་དང་རྣ་བ་ཡི། །གཏོར་མ་འདི་འབུལ་སྒྲ་ཡི་བར་ཆད་སོལ། །འགྲོ་ལ་སྒྲ་མཆོག་སྟེར་བའི་ཕྲིན་ལས་མཛོད། །སྔོན་མོར་འབྲོག་དགོན་ཁྱི་དང་ལྗོན་ཤིང་སྒྲ། །ཚིལ་བུར་བཅས་པའི་གཏོར་མ་འདི་འབུལ་གྱི། །འོག་གི་ཕྱོགས་ཀྱི་བགེགས་ཀུན་ཞི་བར་མཛོད། །སྡང་དང་གདུག་ཅན་ཐམས་ཅད་ཚར་ཆོད་ཅིག །ཁྲོ་རྒྱལ་བཅུ་པོ་འཁོར་དང་བཅས་རྣམས་ལ། །
༩༥ མཆོད་གཏོར་འདི་དང་ །བཀའ་བཞིན་མཛད་དུ་གསོལ། །གཏོར་མ་གཉིས་པོ་ནུབ་ཕྱོགས་ཐག་རིང་པོར་མདོར་ས་ཡོད་ན་འོག་ཕྱོགས་སུ་དོར། རྣལ་འབྱོར་མའི་གཏོར་མ་ཟླུམ་གཏོར་གྲལ་འགོ་མ་ཁ་གསོས་ཆབ་ཀྱིས་བྲན། །དཔལ་ལྡན་རྡོར་དབྱིངས་དབང་ཕྱུག་འཁོར་བཅས་ལ། །ཤུ་ཀྲ་མེ་ཏོག་དམ་རྫས་ཐམས་ཅད་ཀྱི། །གཏོར་མ་འདི་འབུལ་བར་ཆད་ཐམས་ཅད་སོལ། །ལས་དང་དངོས་གྲུབ་ཐམས་ཅད་སྩལ་དུཏུ་གསོལ། །རིགས་བརྒྱ་རྣལ་འབྱོར་མ་རྣམས་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་སྤྱི་དང་མཐུན་པར་བརྗོད་ཅིང་རོལ་མོའ་སྒྲ་བྱ། གཏོར་མ་དེ་ཡང་ཁང་སྟེང་དུ་འབུལ་ལོ། ༈ །ཡང་ཚོགས་མཆོད་བྱེད་ནའང་སྐབས་འདིར་བྱ་སྟེ། ཚོགས་རྫས་འདུ་བྱས་ལ། ༀ་ཕེཾ་བཛྲ་ཌཱ་ཀི་ནཱི་བཛྲ་དྷཱ་ཏྭཱི་ཤྭ་རི་ག་ག་ན་སྭཱ་བྷཱ་ཝ་སརྦ་དྲ་བྱཾ་བི་ཤོདྷ་ནི། སརྦ་དྲ་བྱཱ་ནི་བི་ཤྭོ་དྷ་ཡ་ཧཱུྃ་ཕྲེཾ་ཕཊ། ཅེས་ལན་གསུམ་མམ་ལྔའམ་བདུན་བརྗོད། ༀ་ཨཱཿཧཱུྃཿཧྲིཿཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སོགས་གཏོར་ཆོག་ལྟར་བྱིན་བརླབ། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པ་ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ལ་འབུལ་བར་བགྱིའོ། །ༀ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་ཏུདུ་སྦྱར་ཏེ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས །ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས །དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ལ་འབུལ་བར་བགྱིའོ། །ༀ་ག་ཎ་ཙཀྲ །ༀ་མི་འབྲལ་སྙིང་གི་གཞལ་མེད་ཁང་། །མོས་གུས་གཞོམ་མེད་ཕོ་གང་ན། །དྲིན་ཅན་རྩ་བའི་བླ་མ་མཆོག །བཀའ་དྲིན་མཉམ་མེད་དམ་པ་རྗེ། ༈ །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་
༩༦ བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རྣམ་དག་བདེ་ཆེན་འགྱུར་མེད་དངོས། །བདེ་གཤེགས་རྒྱ་མཚོའ་དཀྱིལ་འཁོར་དུ། །དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས། །མཁའ་ཁྱབ་དང་པོའ་སངས་རྒྱས་ཉིད། །རྣམ་འཕྲུལ་སོགས་དང་པོ་དྲུག་ཀུན་ལ་འགྲེ། །སྤྲོས་བྲལ་དག་པ་ཨེ་ཡིག་དབྱིངས། །རྣམ་ཀུན་མཆོག་ལྡན་མཁའ་སྤྱོད་ནས། །འཁོར་ལོའ་དབང་མོ་སྣ་ཚོགས་ཡུམ། །དབྱིངས་ཕྱུག་ཤེས་རབ་ཕ་རོལ་ཕྱིན། །རྣམ་འཕྲུལ །རྣམ་གསུམ་སྲིད་པའི་གནས་ཀྱི་མཆོག །ཚངས་པའི་འཇིག་རྟེན་སྤྲུལ་སྐུའི་ཞིང་། །སངས་རྒྱས་བྱང་སེམས་ཁྲོ་བོའ་གཙོ། །དཀྱིལ་འཁོར་ལྷ་མོའ་ཚོགས་བཅས་ཀྱང་། །རྣམ་འཕྲུལ །རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས། །འཆི་མེད་གདེངས་ཅན་ལྷ་མིན་སྐྱེས། །འཁོར་བ་གནས་འགྱུར་ཡེ་ཤེས་ཀྱི། །སྲིད་གསུམ་ལྷ་ཚོགས་ཐམས་ཅད་ཀྱང་། །རྣམ་འཕྲུལ་ས་བཅུའི་དབང་ཕྱུག་རྣམ་འཕྲུལ་མཆོག །ཆོས་རྒྱལ་རིགས་ལྡན་འཁོར་བཅས་དང་། །རྩོད་ལྡན་དུས་འདིར་རྡོ་རྗེ་འཆང་། །བརྒྱུད་ལྡན་བླ་མའི་ཚོགས་ཀུན་ཀྱང་། །རྣམ་འཕྲུལ། །ས་ལ་སྤྱོད་པའི་འོག་མིན་མཆོག །བཞི་བཅུ་རྩ་བརྒྱད་གནས་མཆོག་ནས། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཡང་། །རྣམ་འཕྲུལ །གང་ལ་གང་འདུལ་སྐུར་སྟོན་པ། །ཕྱོགས་བཅུ་དུས་གསུམ་འཕགས་པའི་ཚོགས། །གདུལ་དཀའ་མ་ལུས་འདུལ་མཛད་པའི། །ཕྱག་བརྙན་ཕོ་ཉ་འབྱུང་པོའ་ཚོགས། །རྣམ་འཕྲུལ །བདུད་ཚོགས་ཀུན་འདུལ་ཕྲིན་ལས་ཞིང་། །དུར་ཁྲོད་ཆེན་པོ་བཅུ་དྲུག་ནས། །བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པ། །ཆོས་སྐྱོང་བསྟན་སྲུང་ཚོགས་རྣམས་ཀྱང་། །རྣམ་འཕྲུལ །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲ་ལ་
༩༧ ལ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་མ་ཆེན་པོ་ཁྲི་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་རོལ། །དེ་ནས་ཕུད་དང་པོ་བཅད་ལ། གཏོར་མ་ལ་ཡང་ཅུང་ཟད་བསྒྲོན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་བ་དང་། །ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་རྒུ་རྣམས། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །མཁའ་ཁྱབ་འགྲོ་བའི་དོན་ཏུདུ་བཞེས་སུ་གསོལ། །དེ་ནས་ལས་ཀྱི་རྡོ་རྗེའི་ལག་པ་གཡོན་པས་ཐོད་པ་བདུད་རྩིས་གང་བ་བཟུང་། །གཡས་རྩེ་གསུམ་གྱི་ཕྱག་རྒྱས་ཀ་པཱ་ལ་ཐོགས་ཏེ། སྟེང་འོག་ཁ་སྦྱོར་གྱི་ཚུལ་གྱིས་བཟུང་ལ། །ཀྱེ་འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པབ་རྣམས། །རང་བཞིན་གཅིག་པ་ཉིད་དུ་རོལ། །ཅེས་ཚོགས་ཀྱི་གཙོ་བོ་ནས་བརྩམས་ཏེ་རིམ་པས་བསྐོར། སོ་སོས་ཀྱང་། །བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཞེས་བླངས། སླར་ཡང་ཚོགས་རྫས་གཞན་རྣམས་ལ་བསྲེ། ཡང་ཕུད་གཅིག་བཅད་དེ། ཕྱེད་སྔར་གྱི་ཕུད་དང་བསྲེ། ཕྱེད་ལྷག་གཏོར་ལ་བསྲེ་པའི་ཕྱིར་ལོགས་སུ་བཞག་གོ། །ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་རྣམས་ཀྱང་། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ༀ་ཨཱཿཧཱུྃ། །དངོས་གྲུབ་རྒྱ་མཚོ་ཡོན་ཏན་རིན་ཆེན་གཏེར། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། ༀ་ཨཱཿཧཱུྃ། །ཞེས་པའི་བར་གོང་གསལ་ལྟར་དང་། །ༀ་སྐུ་བཞི་རྡོ་རྗེ་བཞི་ཡི་བདག་ཉིད་དང་། །ཚད་མེད་རྣམ་
༩༨ ཐར་ཆོས་ཀྱི་ཕུང་པོ་དང་། །དམ་ཆོས་སྟོན་པ་འཕགས་པའི་ཚོགས་རྣམས་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །དུས་འཁོར་རྡོར་སེམས་ཤཱཀྱ་ཐུབ་པ་དང་། །ནུས་མ་བུམ་པ་བཅུ་དང་རྡོ་རྗེ་བཞི། །སངས་རྒྱས་བྱང་ཆུབ་སེམས་དང་ཁྲོ་བོའ་རྒྱལ། །རང་རང་ལྷ་མོར་བཅས་པ་རྣམས་ལ་མཆོད། །གཟུང་མ་རྣལ་འབྱོར་མ་དང་འདོད་མ་དང་། །ཚེས་ཀྱི་ལྷ་དང་གདེངས་ཅན་ཕྱིར་འདོད་མ། །རབ་གཏུམ་གཟའ་སྐར་ཕྱོགས་སྐྱོང་ཞིང་སྐྱོང་སོགས། །བྱེད་བཅས་བྱེ་བ་གསུམ་གྱི་འབྱུང་པོབོ་མཆོད། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་དང་། །མཆོད་ཡུལ་རྒྱ་མཚོའ་ཚོགས་ལ་མཆོད་པ་འབུལ། །འགྲོ་ཀུན་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལ། །མཆོག་ཏུ་རོལ་པས་བདེ་ཆེན་ཐོབ་པར་ཤོག །དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང་། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །དེ་ནས་སོ་སོའ་ཕུད་བཅད་ནས། །ༀ་ཨཱཿགུ་རུ་བུདྡྷ་བོ་དྷི་ས་ཏྭ་བྷྱཿབཛྲ་ནཻ་ཝི་དྱ་ཧཱུྃ། ཆང་བུ་གཉིས་བྱས། ༀ་ཧ་རི་ཏྱཻ་པཎྜི་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། ཡང་ཆང་བུ་གསུམ་བྱས་ལ། ༀ་སརྦ་ཌཱུ་ཏཱི་ཀེ། ཨ་གྲཱ་གྲ་སཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་ནང་གི་སྦྱིན་སྲེག་གི་དམིགས་པ་གསལ་བཏབ་ལ་སོ་སོར་ལོངས་སྤྱོད། ལྷག་མ་བསྡུས་ལ་བསང་སྦྱང་། །སྟོང་པའི་ངང་ལས་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་འདོད་དགུའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ༀ་ཨ་ཀཱ་རོ་སོགས་དང་། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪིཥྚ་བྷ་ཀྵ་བྷ་ཀྵ་སྭཱ་ཧཱ། ལེན་གསུམ། རོལ་མོའ་སྒྲ་དང་བཅས་ཏེ་ཕྱིར་བཏང་། །དྲག་སྔགས་ཀྱིས་མཚམས་བཅད། དེ་ནས་རྡོ་རྗེའི་གླུ་བླངས་པ་ནི། དྲིལ་བུའི་སྒྲ་དང་བཅས། ཀོལླ་ཨི་རེ་ཊྠ་ཨ་བོལླ། མུམྨུ་ནི་རེ་ཀཀྐོ་ལ། གྷ་ཎ་ཀྲི་པི་ཏ་ཧོ་བཛྫ་ཨི། ཀ་རུ་ཎི་ཀི་ཨ་ཨི་ཎ་རོ་ལ་ཏཱ་ཧི་བ་ལ་ཁཱ་ཛྫཱ་ཨཱི། གཱ་ཌེཾ་མ་ཨ་ཎཱ་བིཛྫ་ཨ་ཨི།
༩༩ ཧ་ལེ་ཀ་ལིཉྩ་ར་ས་ནི་ཨ་ཨི། དུ་དྷུ་ར་བཛྫི་ཨ་ཨི། ཙ་ཨུ་པ་མ་ཀཙྪུ་རི་སིཧླ། ཀ་པུ་ར་ལ་ཨི་ཨ་ཨི། མ་ལ་ཨིནྡྷ་ན་པ་ལིཾ་ཛཿཏ་ཧིཾ་བྷ་རུ་ཁ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷཎྞ་མ་ནི་ཨ་ཨི། ནི་རཾ་སུ་ཨཾ་ག་ཙ་ཌ་བི། ཏ་ཧིཾ་ཛ་ས་རཱ་བ་པ་ཎི་ཨ་ཨི། མ་ལ་ཨ་ཙ་ཀུནྡུ་རུ་པ་ཌ་ཨི། ཌི་ཎ་ཌི་མ་ཏཾ་ཧི་ན་པཛྫ་ཨ་ཨི། ཞེས་བརྗོད། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་དག །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་བརྗོད་ཅིང་དོན་སྒོམ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཅེས་སྨོན་ལམ་བཏབ། དེ་ནས་རྗེས་ཆོག་ནི། མཆོད་པ་རྣམས་ཁ་གསོས། གོང་བཞིན་བྱིན་གྱིས་བརླབ། ༀ་ཙྪ།།།བཛྲ་གནྡྷེ་གནྡྷ་ཨཱརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་ཙྪ།།།བཛྲ་མཱ་ལེ་མཱ་ལ་ཨཱརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་ཊྵ།།།ཛྲ་དྷཱུ་པེ་དྷཱུ་པ་ཨཱརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་ཊྵ།།།བཛྲ་པྲ་དཱི་པེ་པྲ་དཱི་པ་ཨཱརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་པྥ།།།བཛྲ་ཨ་མྲྀ་ཏེ་ནཻ་ཝིདྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་པྥ།།།བཛྲ་ཨཱཀྵ་ཏེ་ཨཱཀྵ་ཏ་ཕ་ལ་ཨཱརྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་ཏྠ།།།བཛྲ་ལཱ་སྱེ་ཝསྟྲ་ཨཱ་བྷ་ར་ཎ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་ཏྠ།།།བཛྲ་ཧཱ་སྱ་གྷཱཎྜ་ཨཱ་ད་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་ཀྑ་།།།བཛྲ་པཱ་དྱེ་བཱ་ཏྱ་པཱུ་ཛཱི་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་ཀྑ།།།བཛྲ་ནྲྀ་ཏྱེ་ནྲྀ་ཏྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་སྙ་།།།བཛྲ་གཱི་ཏེ་གཱི་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་སྙ།།།བཛྲ་ཀཱ་མེ་སརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་ཀྲོ་དྷ་ཨཱ་དཱི་ནཱཾ་བཛྲ་སཱུ་ར་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་མཆོད་རོལ་མོའ་སྒྲ་དང་བཅས། མཆོག་སྦྱིན་རྡོ་རྗེ་སོགས་ཀྱིས་གོང་བཞིན་བསྟོད། སྤྲོ་ན་རྒྱུད་གཞན་ལས་འབྱུང་བའི་རྡོ་རྗེའི་གླུ་ཡང་བླང་། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ།
༡༠༠ ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། ནུས་མཐུའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། བླ་མ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་ཤིང་། ཞལ་བཞུགས་པ་རྣམས་སྐུ་ཁམས་བཟང་བ་དང་། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་དང་བཅས་པས་ཐོག་དྲངས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་སྒྲིབ་པ་དག་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། གནས་སྐབས་སུ་ཡང་སྔོན་གྱི་ལས་ལས་གྱུར་པ་དང་། འཕྲལ་གྱི་རྐྱེན་ལས་གྱུར་པའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། ཚེ་དང་བསོད་ནམས་དང་དབང་ཕྱུག་ཕུན་སུམ་ཚོགས་པ་ཐོབ་པར་མཛད་དུ་གསོལ། ཇི་ལྟར་ཡིད་ལ་བསམ་པའི་དོན་ཐམས་ཅད་འབད་པ་མེད་པར་འགྲུབ་པར་མཛད་དུ་གསོལ། ཞེས་བྱ་བ་ལ་སོགས་གསོལ་བ་དྲག་ཏུ་བཏབ། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང་། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའ་རྒྱལ་པོ་བཙུན་མོར་བཅས་རྣམས་དང་། །ས་འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་ཏུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའ་དུས་སུ་མི་ཤིས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །ༀ་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་ཤིས་པ་བརྗོད། ཡིག་བརྒྱ་མང་དུ་བཟླས། །མ་འབྱོར་པབ་དང་ཉམས་པ་དང་། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་པས། །མ་རྙེད་ཡོངས་སུ་མ་ཤེས་དང་། །འདིར་ནི་བྱ་བ་གང་ནོངས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །
༡༠༡ རྟེན་ཡོད་ན། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་བརྟན་པར་གཞུགས་སུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། རྟེན་མེད་ན། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། སོགས། ༀ་ཨཱཿཧཱུྃ་བཛྲ་མཱུཿ ཞེས་མགྲོན་རྣམས་གཤེགས་སུ་གསོལ། །གསང་བར་ཧཾ་ཡིག་ལ་ཁྲོ་བོའ་འཁོར་ལོ་རྣམས་གཤེགས་སུ་གསོལ། །གཙུག་གཏོར་དུ་ༀ་ཡིག་ལ་ཟད་པར་གྱི་འཁོར་ལོ་རྣམས །དཔྲལ་བར་ཨཾ་ཡིག་ལ་ཕྱོགས་སྐྱོང་གི་འཁོར་ལོ །མགྲིན་བར་རྀ་ཡིག་ལ་གཟའི་འཁོར་ལོ། །སྙིང་གར་ཨུ་ཡིག་ལ་ཀླུའི་འཁོར་ལོ །ལྟེ་བར་ལྀ་ཡིག་ལ་འབྱུང་པོའ་འཁོར་ལོ་རྣམས་གཤེགས་སུ་གསོལ། །ཞེས་སྲུང་མ་དྲུག་ཅུ་ཡང་རང་གི་ལུས་ལ་བསྟིམ། བྲིས་སྐུ་དང་ཙཀླི་སོགས་རྟེན་རྣམས་ལ་བརྟན་བཞུགས་སྤྱི་དང་མཐུན་པར་བྱ། ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ཉིད་ལ་ཐིམ། །བསོད་ནམས་འདི་ཡིས་འགྲོ་རྣམས་དུ་བ་ལ་སོགས་ལམ་གྱི་ལྷན་སྐྱེས་བདེ་བ་མཆོག་བསྒོམ་སྟེ། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་ནི་ཆོས་ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨ་ལ་གཏུགས་ཤིང་། །དམ་པའི་ལམ་སྟོན་ཉིན་བྱེད་བཞིན་ཏུདུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག །ཉི་མ་དང་བཅས་ཐུབ་པའི་རིགས་རྣམས་ཀྱིས་ནི་ཤེས་རབ་ཡེ་ཤེས་ཐོབ་པར་གྱུར་འདི་ཇི་ལྟ་བར། །རྣམ་གསུམ་སྲིད་པར་གནས་པའི་སེམས་ཅན་རྣམས་ནི་དུས་ཀྱི་འཁོར་ལོའ་དྲིན་ལས་ཨེ་ཝཾ་ཉིད་གྱུར་ཅིག །སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། །དེ་རྣམས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་བ་མིན་པར་འོང་གྱུར་ཅིག །རྣལ་འབྱོར་བདག་ཅག་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་ན་ཡང་། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བ་དང་། །སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་
༡༠༢ ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་ཏུ་འཛིན་པ་དང་། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་སུ་རབ་བགྲོད་སླར་ཡང་གང་དུའང་སྐྱེ་ལྡན་མིན་གྱུར་ཅིག །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོས་འགྲོའི་བདག་དང་ཆོམ་ཀུན་ཞགས་པས་འཆིང་། །ཆུ་གཏེར་འཁྲུགས་དང་ཤ་ཟ་འཆི་པའིབའི་འཇིགས་བྱེད་ནད་དང་དབང་པོས་ཉེ་བར་འཚེ་བ་དང་། །དབུལ་དང་བུད་མེད་དང་བྲལ་མི་བདག་འཁྲུགས་པའི་འཇིགས་དང་རྡོ་རྗེ་ལྟུང་དང་དོན་ཉམས་རྣམས། །བདག་གིས་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་དྲན་པའི་མཐུ་ལས་རབ་ཏུ་ཉམས་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །བསྙོན་མེད་དུས་ཀྱི་འཁོར་ལོ་སྟོན། །བླ་མ་ལ་གུས་སྙིང་བརྩེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཛིན། །ཟབ་མོའ་ཆོས་ནི་ཀློག་པ་དང་། །བཙུན་མོའ་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ལྷ་བདེ་གཤེགས་སྙིང་པོའ་བཀའ་དྲིན་གྱིས། །ཡིད་རྣམ་རྟོག་འགྱུ་བ་སོ་སོར་བཅད། ཉམས་འོད་གསལ་རྟགས་བཅུ་མངོན་གྱུར་ནས། །ལམ་སོར་སྡུད་འབྱོངས་པར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེ་གཤེགས །ཡིད་རླུང་སེམས་དག་རྣམས་མི་གཡོ་ཞིང་། །ཉམས་ཤེས་རབ་རྟོག་དཔྱོད་དགའ་བདེ་འཕེལ། །ལམ་བསམ་གཏན་འབྱོངས་པར་བྱིན །ཕ་དྲིན་ཅན །འདྲེན་མཆོག །ལྷ་བདེ །རྩ་རོ་རྐྱང་རླུང་བཅུ་དབུ་མར་ཚུད། །ཉམས་གཏུམ་མོ་འབར་བས་ཧཾ་ཡིག་ཞུ། །ལམ་སྲོག་རྩོལ་འབྱོངས་པར །ཕ་དྲིན །འདྲེན་མཆོག །ལྷ་བདེ །ཁམས་
༡༠༣ འཛག་མེད་ཐིག་ལེ་དཔྲལ་བར་བརྟེན། །ཉམས་ཞུ་བདེ་འགྱུར་མེད་རྒྱུད་ལ་སྐྱེས། །ལམ་འཛིན་པ་འབྱོངས་པར་བྱིན །ཕ་དྲིན་ཅན། །འདྲེན་མཆོག །ལྷ་བདེ །ལུས་རྩ་འདེབ་བདེ་ཆེན་ཐིག་ལེས་གང་། །ཉམས་ཕྱག་རྒྱ་གསུམ་ལ་མངའ་བརྙེས་པས། །ལམ་རྗེས་དྲན་འབྱོངས །ཕ་དྲིན །འདྲེན་མཆོག །ལྷ་བདེ །རྩ་འཁོར་ལོ་དྲུག་པོ་བདེ་བས་གང་། །ཉམས་སྤྲོས་པ་མེད་ལ་དབང་འབྱོར་བའི། །ལམ་ཏིང་འཛིན་འབྱོངས །ཕ་དྲིན །འདྲེན་མཆོག །ལྷ་བདེ །ལུས་བྱིང་བཅིངས་གནད་དང་མ་བྲལ་ཞིང་། །ཆོས་མ་ནོར་མན་ངག་ཟབ་མོ་ཡིས། །ལམ་སྦྱོར་དྲུག་འབྱོངས་པར །ཕ་དྲིན་ཅན །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ཅེས་སོགས་སྨོན་ལམ་ཇི་ལྟར་འོས་པ་བཏབ། །དེ་ནས་དྲིལ་བསིལ་མེ་ཏོག་རོལ་མོ་སོགས་དང་བཅས་པས་འདི་སྐད་བརྗོད་དེ། །བཀྲ་ཤིས་འབྱུང་གནས་དཔལ་ལྡན་བླ་མ་དང་། །བཀྲ་ཤིས་རང་བཞིན་དུས་ཀྱི་འཁོར་ལོ་ལ། །བཀྲ་ཤིས་འགྲོ་ལ་སྤེལ་ཕྱིར་ཕྱག་འཚལ་ནས། །བཀྲ་ཤིས་རྒྱ་མཚོའ་སྒྲ་དབྱངས་བརྗོད་པར་བྱ། །པདྨའི་ལྟེ་བར་བདུད་དང་དྲག་པོའ་སྟེང་། །རོལ་པའི་གདན་བཞུགས་བདེ་བ་ཆེན་པོའ་སྐུ། །སྟོང་ཆེན་འོད་གསལ་སྣ་ཚོགས་ཡུམ་དང་སྦྱོར། །བདེ་སྟོང་དུས་ཀྱི་འཁོར་ལོའ་བཀྲ་ཤིས་ཤོག །རྣམ་བཅུ་དབང་ལྡན་འོད་གསལ་འདུས་མ་བྱས། །ཕ་རོལ་ཕྱིན་བཅུ་རྣམ་དག་ལྷ་མོ་བཅུ། །རྡོ་རྗེ་བཞི་ཡིས་གྲྭ་ནས་རབ་མཛེས་པ། །བདེ་ཆེན་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །ཕུང་པོ་རྣམ་དག་དེ་བཞིན་གཤེགས་པའི་ཚོགས། །ཁམས་དྲུག་དག་པའི་ཡུམ་དང་མཉམ་པར་སྦྱོར། །འཆི་མེད་གྲུབ་པའི་བུམ་པས་རབ་བརྒྱན་པ། །རྒྱལ་བའི་འཁོར་ལོས་དེང་འདིར་བཀྲ་ཤིས་ཤོག །དབང་པོ་རྣམས་དག་བྱང་ཆུབ་སེམས་དཔའི་ཚོགས། །ཡུལ་དྲུག་དག་པའི་ལྷ་མོས་རབ་ཏུ་འཁྱུད། །གདོད་ནས་ཟག་མེད་བདེ་བའི་དཔལ་འབྱོར་ཅན། །སེམས་དཔའི་འཁོར་ལོས་དེང་འདིར །ལས་དབང་རྣམ་དག་ཁྲོ་ཆེན་འབར་བའི་ཚོགས། །
༡༠༤ བྱ་བ་རྣམསརྣམ་དག་ཁྲོ་མོར་མཉམ་པར་སྦྱོར། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པའི་དཔལ། །ཁྲོ་རྒྱལ་འཁོར་ལོས །ལྟེ་བའི་རྩ་རྣམས་དག་པ་ལྷ་མོའ་ཚོགས། །ཙ་རྩི་ཀ་སོགས་གཞན་མཆོག་ཆོས་ཀྱི་དབྱིངས། །ཟུང་འཇུག་རོལ་པའི་ལྷ་མོ་འཁོར་དང་བཅས། །གསུང་གི་འཁོར་ལོས །ལས་དང་བྱ་བའི་འཁོར་ལོ་རྣམ་དག་པ། །དོན་དམ་ལྷ་ཆེན་བཅུ་གཉིས་འཁོར་དང་བཅས། །མཐིལ་བཞི་གསང་གཙུག་རྣམ་དག་ཤིང་རྟ་དཔུང་། །སྐུ་ཡི་འཁོར་ལོས །སོར་མོ་རྣམས་དག་ཀླུ་དང་གཏུམ་མོའ་ཚོགས། །འདོད་ཡོན་དགའ་བདེའི་རང་བཞིན་གཟུགས་ཀྱི་ལྷ། །སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང་། །འབྱུང་པོའ་འཁོར་ལོས །གཟའ་དང་དྲོང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང་། །གྷཱཎྜ་ཀརྞ་དགའ་བྱེད་ནག་པོ་ཆེ། །བྷྲྀཾ་གི་ནི་སོགས་འཁོར་གྱིའང་བཀྲ་ཤིས །དོན་དམ་སྐྱབས་གསུམ་ཐུགས་གསུང་སྐུ་ཡི་བདག །ལྷུན་གྲུབ་ཡེ་ཤེས་འོད་གསལ་གཞལ་ཡས་ཁང་། །ཆོས་སྐུའི་ཡོན་ཏན་འོད་ཀྱི་དྲྭ་བ་ཅན། །དཀྱིལ་འཁོར་ཆོས་དབྱིངས་ཆེན་པོའ་བཀྲ །དཀྱིལ་འཁོར་བཀྲ་ཤིས་དགེ་ལེགས་རྒྱ་མཚོའ་དབྱངས། །རྡོ་རྗེ་འཛིན་པ་བློ་གྲོས་རྒྱ་མཚོའ་སྒྲས། །རྣམ་པར་བསྒྲགས་ཏེ་སྐྱེ་དགུ་རྒྱ་མཚོའ་ཚོགས། །རྒྱལ་བ་རྒྱ་མཚོའ་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་ལ་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་ཇི་ལྟར་འོས་པ་བརྗོད་དོ། །དེ་ལྟར་ན་དཔལ་དུས་ཀྱི་འཁོར་ལོ་ལྷ་དགུའི་སྒྲུབ་ཐབས་ཉམས་ལེན་པ་རྣམས་ལ་ཉེ་བར་མཁོ་བ་མཆོད་པའི་ཆོ་ག་ཆ་ཚང་མདོ་ཙམ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་དཔལ་གྱི་ཇོ་ནང་དུ་སྨྲས་པའོ།། །།མངྒ་ལཾ།། །།

།བླ་མ་གསེར་གླིང་པས་ཇོ་བོ་ལ་མཐའ་འཁོབ་འདུལ་བའི་ཆོས་སུ་གནོང་བ་བཞུགས་སོ།

༈ །།བླ་མ་གསེར་གླིང་པས་ཇོ་བོ་ལ་མཐའ་འཁོབ་འདུལ་བའི་ཆོས་སུ་གནང་བ་བཞུགས་སོ།

༨༨༈ །།བླ་མ་གསེར་གླིང་པས་ཇོ་བོ་ལ་མཐའ་འཁོབ་འདུལ་བའི་ཆོས་སུ་གནང་བ་བཞུགས་སོ། །མགོན་པོ་གསེར་གླིང་བའི་ཞལ་ནས། །ཇོ་བོ་ལ་བུ་ཁྱོད་མཐའ་འཁོབ་འདུལ་བའི་ཆོས་འདི་རྣམས་དགོས་གསུངས། །རྟོག་པ་ཐམས་ཅད་འབུར་འཇོམས་ཏེ། །གཉེན་པོ་ཐམས་ཅད་བཅོམ་རྡོག་ཡིན། །འདུན་མ་ཐམས་ཅད་གཅིག་འདྲིལ་ཏེ། །ལམ་རྣམས་ཐམས་ཅད་གཅིག་ཆོད་ཡིན། །གཉེན་པོ་རྣམ་བྱང་གི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །རྐྱེན་ངན་དགེ་བའི་བཤེས་གཉེན་ཏེ། །འདྲེ་གདོན་རྒྱལ་བའི་སྤྲུལ་པ་ཡིན། །ན་ཚ་སྡིག་སྒྲིབ་ཀྱི་ཕྱགས་མ་སྟེ། །སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལངས་ཡིན། །ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །སྐྱིད་ཀྱི་ཁ་ནོན་ཆེན་པོ་སྟེ། །སྡུག་གི་མཇུག་སྡུད་ཆེན་པོ་ཡིན། །ན་ན་ནད་
༨༩གཡོག་ཆེན་པོ་ཡིན། །གཅིག་པུར་སྡོད་ན་སྐྱོ་གྲོགས་ཡིན། །གཉེས་པོ་ལོག་ནོན་གྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །བདག་ནི་ལས་ངན་གྱི་རྩ་བ་སྟེ། །རྒྱངས་ཀྱིས་བསྐྱུར་བའི་ཆོས་གཅིག་ཡིན། །གཞན་ནི་བྱང་ཆུབ་ཀྱི་འབྱུང་ཁུངས་ཏེ། །བཅང་སྟེ་ལེན་པའི་ཆོས་གཅིག་ཡིན། །སྤང་གཉེན་མཇུག་སྡུད་ཀྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །ལོག་ཅེར་ལོག་ལ་ཅིར་ཅེར་ལྟོས། །ཤིགས་ཀྱིས་ཤིག་ལ་འབོལ་ལེ་ཞོག །དེས་ནི་མི་འཆིང་གྲོལ་བར་འགྱུར། །ཞེས་གསུངས་སོ།

}} }}

༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལམ་གྱི་རིམ་པའི་མངོན་རྟོགས་དབང་བསྐུར་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་བཞུགས་སོ། །

XXX འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལམ་གྱི་རིམ་པའི་མངོན་རྟོགས་དབང་བསྐུར་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་བཞུགས་སོ། །
XXX འཇིག་རྟེན་གསུམ་གྱི་འདྲེན་པ་མཆོག་གི་གཙོ། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་པར། །སྤྲུལ་པ་དུ་མས་འགྲོ་ཀུན་འདྲེན་མཛད་པ། །སྤྱན་རས་གཟིགས་དབང་དེ་ལ་ཕྱག་འཚལ་ལོ། །དེ་ཉིད་ཇི་ལྟར་དབང་བསྐུར་བྱ་བའི་ཚུལ། །སྙན་བརྒྱུད་དབང་གི་ཆུ་རྒྱུན་མ་ཆད་པ། །ཇི་ལྟར་བླ་མའི་ཞལ་གྱི་པདྨོ་ལས། །བྱུང་བ་འདི་ནི་བདག་གིས་བཀོད་པར་བགྱི། །འདིར་སྤྱན་རས་གཟིགས་དབང་ཕྱུག་གི་ཏིང་ངེ་འཛིན་གྱི་དབང་བསྐུར་བ་ལ་དོན་གཉིས་ཏེ། ལྷ་སྒྲུབ་ཅིང་མཆོད་པ་དང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། བཀོད་པ་བཤམས་པ། མངོན་རྟོགས་བསྒོམ་པའོ། །དང་པོ་ནི། མཎྜལ་ཁྲུ་གང་བ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་འཁོར་ཡུག་དང་བཅས་པ་བྲིས་པའི་དབུས་སུ། པདྨ་འདབ་མ་བརྒྱད་པ་བྲིས་པའི་ལྟེ་བ་དཀར། འདབ་མ་བཞི་ཕྱོགས་མདོག །མཚམས་བཞི་མཛེས་ཚོན་བྱ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་དཀར་བའི་ཚོན་འགྱེད། ཐ་མ་ཕྱི་མཆོད། ནང་མཆོད། མཆོད་གཏོར་རྣམས་ཀྱིས་བསྐོར། དབང་བུམ་དང་ལས་བུམ་གཉིས། ཁ་རྒྱན་མགུལ་ཆིངས་དང་བཅས་པ་བཤམས། ཀ་པཱ་ལ་བདུད་རྩིས་བཀང་བ་སིནྡྷུ་རས་
XXX བྱུགས་པ་ལ། དབུས་སུ་ཧྲཱིཿབཾ་གཉིས་བྲི། འདབ་མ་བཞི་ཧ་རི་ནི་ས་བྲིས་ནས་བཤམས། རྡོ་རྗེ་དྲིལ་བུ་ལ་སོགས་དབང་རྫས་རྣམས་ཀྱང་སྟ་གོན་བྱའོ། །གཉིས་པ་མངོན་རྟོགས་སྒོམ་པ་ལ་གསུམ་སྟེ། བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད་དོ། །དང་པོ་བདག་བསྐྱེད་ལ་གསུམ། སྐྱབས་འགྲོ་སེམས་བསྐྱེད་བྱང༌། ཡན་ལག་བདུན་པས་ཚོགས་བསགས་པ། བསྐྱེད་རིམ་བསྒོམ་ཞིང་བཟླས་པ་བྱ་བ་དང་གསུམ་ལས། དང་པོ་ནི། བདག་གཞན་ཕ་མ་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་འཆིའོ། །ཆོས་ལ་སྐྱབས་སུ་འཆིའོ། །དགེ་འདུན་ལ་སྐྱབས་སུ་འཆིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་འཆིའོ། །ཞེས་ལན་གསུམ་བྱ། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཐོག་མར། ཡན་ལག་བདུན་པས་ཚོགས་བསགས་པ་ནི། རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་སུ་གྱུར་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས་སྤྱན་རས་གཟིགས་ལ་རྒྱལ་བ་སྲས་
XXX བཅས་ཀྱི་བསྐོར་བ་སྤྱན་དྲངས། ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་བཛྲ་ས་མ་ཡ་ཛ་ཛ། པདྨ་ཀ་མ་ལ་ཡེ་སྟྭཾ་སྭཱ་ཧཱ། དཀོན་གསུམ་ལ་ཕྱག་འཚལ་ལོ། །མཆོད་པའི་ཚོགས་ཀྱིས་མཆོད་པར་བགྱི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བས་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་དང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྡོ་རྗེ་གུར་ལས་བྱུང་བ་བཞིན་ལན་གསུམ་བྱ། དེ་ནས་ཚོགས་ཞིང་མི་དམིགས། གསུམ་པ་ནི། ཐོག་མར་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འགྱུར་ཅིག །ཅེས་སོགས་ཚད་མེད་བཞི་བསྒོམ། དེ་ནས་མངོན་བྱང་ལྔས་བསྐྱེད་རིམ་བསྒོམ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་རང་བཞིན་གྱི་སྟོང་ཞིང་བདག་མེད་པར་གྱུར། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ལྔའི་སྟེང་དུ་རི་བོ་མཆོག་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་འབུམ་ལྡན་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་ལས་འོད་འཕྲོས། སྲུང་བའི་འཁོར་ལོ་ཡངས་པོར་གྱུར་བའི་དབུས་སུ་བྷཱུྃ་ཁ་དོག་ལྔ་ལྡན་འོད་དུ་ཞུ་བ་ལས། གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་རྩིགས་པ་རིམ་པ་ལྔ་ལས། རྟ་བབས་བཞི་ཏོག་དང་བཅས་པ། རྡོ་ར་མེ་རི་དང་བཅས་པ། གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ། བཾ་ཡིག་དམར་པོ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས། གཞལ་དུ་མེད་པའི་སེམས་ཅན་གྱི་དོན་བྱས་ཇོ་བོ་སྤྱན་རས་གཟིགས་
XXX ཀྱི་སར་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་པདྨའི་སྡོང་པོ་དཀར་པོ། ལྟེ་བ་ཧྲཱིཿདང་བཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྱན་དྲངས་པདྨ་ཧྲཱིཿདང་བཾ་ལ་ཐིམ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། ཞལ་གཅིག་ཕྱག་བཞི་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷའི་དར་སྣ་ཚོགས་ཀྱིས་སྟོད་གཡོགས་དང་སྨད་གཡོགས་དང༌། ནོར་བུའི་སྐེ་རགས་གྲོལ་ཐབས་སུ་འཆིང་བུ། ཕྱག་དང་པོ་གཉིས་ཐུགས་ཐལ་མོ་སྦྱར་བའི་བར་ན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་འཛིན་པ། གཡས་ཀྱི་གཉིས་པས་ནོར་བུ་རིན་པོ་ཆེའི་ཕྲེང་བ་འཛིན་པ། གཡོན་པས་པདྨ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་ཅིང་རབ་རྒྱས་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞལ་འཛུམ་བག་དང་བཅས་པ། སྤྱན་དཀྱུས་དང་སྨིན་དཀྱུས་རིང་བ་མཛོད་སྤུ་དཀར་པོས་བརྒྱན་པ། དབུ་སྐྲ་རལ་པའི་ཅོད་པན་ནག་པོ་གྱེན་ལ་བཅིངས་ཤིང་རལ་པའི་ཟར་བུ་རྐེད་སོར་གཡོགས་པ་མེ་ཏོག་གི་ཕྲེང་བས་སྐྲ་ཆིངས་ཅན། ཨུཏྤལ་སྔོན་པོ་གཉིས་ཀྱིས་སྙན་གོང་བརྒྱན་པ། རི་དྭགས་ལྤགས་པས་ཕྲག་པ་གཡོན་པ་བཀབ་པ། རིན་པོ་ཆེ་སྣ་ལྔས་རྩེ་ཕྲན་ལྔ་དང༌། སྙན་ཆ་དང༌། མགུལ་རྒྱན་དང༌། དོ་ཤལ་དང༌། ཕྱག་གདུབ་དང༌། ཞབས་གདུབ་དང༌། དཔུང་རྒྱན་དང༌། འོག་པག་དང༌། མུ་ཏིག་སྣ་ལྔས་ཆུན་པོ་དང༌། དར་གྱི་ཅོད་པན་གྱིས་བརྒྱན་པ། འོད་ཟེར་སྣ་ལ་འཁྲིགས་པའི་དབུས་ན་བཞུགས་པ། དེའི་པང་ན་ཡུམ་གསང་བ་ཡེ་ཤེས་སྐུ་མདོག་པདྨ་རཱ་ག་ལྟར་
XXX དམར་བ། ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ཡབ་ཀྱི་རྐེད་པ་ལ་འཁྲིལ་བ། ཕྱག་གཡས་པས་གསེར་གྱི་ཌཱ་མ་རུ་ནམ་མཁར་འཁྲོལ་བ། གཡོན་པས་ཀ་པཱ་ལ་བདུད་རྩི་དམར་པོའི་རྒྱུན་གྱིས་བཀང་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། ཞལ་འཛུམ་ཞིང་ཅུང་ཟད་བཞད་པ། ཁྲོ་འཛུམ་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་རལ་པའི་ཐོར་ཅོག་དང་ཟར་བུ་རྐེད་སོར་གཡོགས་པས། ཐོད་སྐམ་རིན་པོ་ཆེའི་རྩེ་ཕྲན་གྱིས་མཚན་པ་ལྔས་དབུ་བརྒྱན་ཅིང༌། དཀར་འཛིན་དང་ཆུ་འཛིན་རྒྱས་པ། ཞི་བ་འཛུམ་པ། གཞོན་ཅིང་སྒེག་པ། བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ་འོད་ཟེར་སྣ་ལྔ་འཕྲོ་བའོ། །དེའི་གནས་ལྔར་པད་ཟླའི་སྟེང་དུ་སྤྱི་བོར་ཨོཾ་ལས་རྣམ་སྣང་སྤྱན་རས་གཟིགས་ཡབ་ཡུམ་དཀར་པོ། མགྲིན་པར་ཧྲཱི་ལས་པདྨ་སྤྱན་རས་གཟིགས་ཡབ་ཡུམ་དམར་པོ། སྙིང་གར་ཧཱུྃ་ལས་མི་བསྐྱོད་པ་སྤྱན་རས་གཟིགས་ཡབ་ཡུམ་སྔོན་པོ། ལྟེ་བར་ཏྲཱཾ་ལས་རིན་འབྱུང་སྤྱན་རས་གཟིགས་ཡབ་ཡུམ་སེར་པོ། གསང་གནས་སུ་ཨཱཿལས་དོན་གྲུབ་སྤྱན་རས་གཟིགས་ཡབ་ཡུམ་ལྗང་གུ། དེ་ཐམས་ཅད་ཀྱང་གཙོ་བོའི་ཆ་ལུགས་སུ་བཞུགས་པ། དེའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་པོ། ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་ལྗང་གུ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་ཅུང་ཟད་ཙམ་གཙིགས་པ། གཡས་གྲི་གུག་གཡོན་ཐོད་ཁྲག །གྲུ་ཁུག་ཏུ་ཁ་ཊྭཱཾ་ག །ཞབས་གཉིས་གཡོན་བརྐྱང་གཡས་བསྐུམ་པའི་གར་གྱིས། མེ་རིའི་ཀློང་ན་བཞུགས་ཤིང་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་
XXX པའོ། །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། སྙིང་གར་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་ཆོས་ཀྱི་དབྱིངས་ནས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ དབྱེར་མེད་གཅིག་ཏུ་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་བཞིན་གཤེགས་པ་རིགས་ལྔས་དབང་བསྐུར་དུ་གསོལ། ཞེས་རིགས་ལྔས་དབང་བསྐུར། བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་གང༌། ལྷག་མ་ཡར་འཁྱིལ་བ་ལས་ཚེ་དཔག་མེད་ཀྱིས་དབུ་བརྒྱན། རང་གི་སྙིང་གར་པད་ཟླའི་སྟེང་དུ། རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བའི་ཐུགས་ཀར་ཧྲཱིཿགནས་པའི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་སྤྱན་རས་གཟིགས་རིགས་ལྔ་ཞིང་རྡུལ་གྱི་གྲངས་དང་མཉམ་པས་གང༌། ཕྱིར་འཕྲོས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཡབ་ཡུམ་གྱི་སྐུར་གྱུར། ཐམས་ཅད་ཞལ་ནས་གསང་སྔགས་འདྲེན་པར་བསམས་ལ། སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ། ཞེས་མ་ཡེངས་པའི་སེམས་ཀྱིས་འདྲེན་ནོ། །མཐར། ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་གིས་བདེན་པས། བདག་དང་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་བོ། །འདི་ནི་བསྙེན་པ་བྱ་བ་སྟེ། དུས་ཟླ་བ་གསུམ། གྲངས་ཀྱི་བསྙེན་པ་བྱེ་བ་གསུམ། མཚན་མའི་རྟགས་རབ་མངོན་སུམ་དུ་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཞལ་མཐོང་བ་དང༌། ལུང་སྟོན་པ་འབྱུང༌། འབྲིང་ཉམས་སྣང༌། ཐ་མ་རྨི་ལམ་དུ་མི་དཀར་པོ་དང༌། བུད་མེད་དམར་མོས་དངོས་གྲུབ་སྟེར་བ་དང༌། ཁྲོ་མ་འདུ་བ་ལ་སོགས་པའི་
XXX རྟགས་འབྱུང་ངོ༌། ། ༈ གཉིས་པ་མདུན་བསྐྱེད་ནི། རྡུལ་ཚོན་ནམ། ཚོམ་བུའི་དཀྱིལ་འཁོར་ལ། ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ལྔའི་སྟེང་དུ་རི་བོ་མཆོག་རབ། ཅེས་པ་ནས་སྔགས་འདྲེན་པའི་བར་བདག་བསྐྱེད་ལྟར་དུ་བསྒོམ་བཟླས་བྱའོ། །གསུམ་པ་བུམ་བསྐྱེད་ནི། རྣལ་རྒྱལ་བུམ་དང་ལས་བུམ་གཉིས། སྙིང་པོ་བཞུགས་པ། མགུལ་ཆིངས་ཁ་རྒྱན་རྣམས་ཚུལ་བཞིན་བཤམས་ལ། ཨོཾ་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པས་བགེགས་བསྐྲད། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགུལ་པ་རིང་བ། མཆུ་འཕྱང་བ། ལྷའི་དར་གྱིས་མགུལ་པ་དཀྲིས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པའི་ནང་དུ་འོ་མའི་རྒྱ་མཚོ་ལས་སྐྱེས་པའི་དབུས་སུ་པཾ་ལས་པདྨའི་སྡོང་པོ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདང་བཾ་ལས་འོད་ཟེར་འཕྲོས། གཞལ་དུ་མེད་པའི་སེམས་ཅན་གྱི་དོན་བྱས། ཇོ་བོ་སྤྱན་རས་གཟིགས་ཀྱི་སར་བཀོད། འོད་ཟེར་དེ་ཚུར་འདུས་ཡོངས་སུ་གྱུར་པ་ལས། པདྨའི་སྡོང་པོ་དཀར་པོ་ལྟེ་བར་ཧྲཱིཿདང་བཾ་གྱིས་མཚན་པ། ཞེས་པ་ནས། ཞལ་ནས་སྔགས་འདྲེན་པར་བསམ། ཞེས་པའི་བར་བདག་སྐྱེད་ལྟར་བསྐྱེད་ལ། རང་གི་སྙིང་ཁར་ཞེས་པའི་སྐབས་སུ། བུམ་སྐྱེད་ཀྱི་ལྷའི་ཁར་ཞེས་འདོན་པ་དང་དམིགས་པ་བསྒྱུར། ཐམས་ཅད་ཞལ་ནས་སྔགས་འདྲེན་པར་བསམ་ཞིང༌། ཞལ་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ། ཞེས་པ་བརྒྱ་རྩ་བརྒྱད་འདྲེན། ཨོཾ་བཛྲ་ཨུཏྟ་ཀ་སྭཱ་ཧཱ། ཞེས་པ་ཡང་བརྒྱ་འདྲེན་ནོ། །མཐར། ཇོ་མོ་སྤྱན་རས་གཟིགས། ཅེས་པ་ནས། མཛད་དུ་གསོལ། ཞེས་
XXX གསོལ་བ་གདབ་བོ། །དེ་ནས། ཨརྒྷཾ་ལ་སོགས་པས་མཆོད་ནས། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་ལྟ་བུར་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་པ་དང༌། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །སྤྱན་རས་གཟིགས་སུ་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ལས་བུམ། ཨོཾ་པདྨནྟ་ཀྲྀ་ཏ་ཅེས་སོགས་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨའི་དབྱུག་ཏོ། གཡོན་སྡིགས་མཛུབ་མཛད་པ། གཡས་བསྐུམ་གཡོན་བརྐྱང་སྟག་ལྤགས་ཀྱིས་ཤམ་ཐབས་ཅན། ཁྲོ་ཞལ་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་ངན་ར་སེར་གྱེན་ལ་བརྫེས་པ། སྤྱི་བོར་རྟ་མགོ་ལྗང་ཞུར་རྟ་སྐད་ཕྱོགས་བཅུར་སྒྲོགས་པ། རྔོག་མ་དམར་པོ་མེ་ལྟར་འབར་བ། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་ལས་འོད་ཟེར་འཕྲོས། རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ་ཿས་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། རིགས་ལྔས་དབང་བསྐུར། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་
XXX ཐུགས་ཀར་པད་ཉིའི་སྟེང་དུ་ཧྲཱིཿའི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། ཨོཾ་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་བརྒྱ་རྩ་བརྒྱད་འདྲེན། མཆོད་མཐར་མཆོད་ནས། མ་ཆགས་པདྨ་རིགས་ཀྱི་རྣམ་འཕྲུལ་ལས། །ཀླུ་རྒྱལ་ཚུལ་གྱིས་གདུག་པ་ཀུན་འདུལ་བ། །དབང་ཆེན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཁྲོ་རྒྱལ་རྟ་མགྲིན་མགོན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་བོ། ། ༈ གཉིས་པ་དབང་བསྐུར་ལ་དོན་གསུམ་སྟེ། སྔོན་འགྲོ། དཀྱིལ་འཁོར་དུ་གཞུག་པ། དབང་བཞི་བསྐུར་བ། མཇུག་རྗེས་གནང་སྦྱིན་པའོ། །དང་པོ་སྔོན་འགྲོ་དཀྱིལ་འཁོར་དུ་གཞུག་པ་ལ་དོན་བཅུ་གསུམ་སྟེ། གསོལ་བ་བཏབ་པ། སྡོམ་པ་བཟུང་བ། མིག་དར་བཅིངས་པ། མེ་ཏོག་སྦྱིན་པ། བསྲུང་བར་བྱ་བ། སེམས་སྐྱེད་པ། ཕྱག་བྱ་བ། དམ་ལ་བཞག་པ། ཡེ་ཤེས་ཕབ་ཅིང་གནང་བ་དྲི་བ་དང༌། མེ་ཏོག་དོར་བར་དང༌། སྤྱན་དབྱེ་བ་དང༌། ལྷ་ངོ་བསྟན་པ་དང༌། ཆེད་དུ་བརྗོད་པའོ། །དང་པོ་ནི་སློབ་མ་རྣམས་ཁྲུས་བྱ། མཎྜལ་ཕུལ། གསོལ་བ་གདབ་པ་ནི། དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་སྟེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཅེས་སོགས། གཉིས་པ་ནི། དང་པོ་ཐུན་མོང་གི་སྡོམ་པ་བཟུང་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཅེས་ཐུན་མོང་གི་སྡོམ་པ་བཟུང༌། དེ་ནས་ཁྱད་པར་སྡོམ་པ་བཟུང་བ་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །སྤྱན་རས་གཟིགས་ཀྱི་ལྷ་ཚོགས་རྣམས། །མ་ལུས་བདག་ལ་དགོངས་སུ་གསོལ། །ཇི་
XXX ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམ་སྟེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །འགྲོ་ཀུན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བརྗོད་ལ་སྡོམ་པ་བཟུང་ངོ༌། །གསུམ་པ་ནི་མིག་དར་བཅིངས་ལ། ཨོཾ་ཙཀྵུ་བནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ། བཞི་པ་མེ་ཏོག་ཕྲེང་བ་གཏད་ལ། ཨོཾ་ཨཱཿཁཾ་བཱི་ར་ཧཱུྃ་སྭཱ་ཧཱ། ལྔ་པ་
XXX བསྲུང་བར་བྱ་བ་ནི། རྟ་མགྲིན་གྱི་སྙིང་པོས་བསངས་ལ། རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་སུ་མོས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། སྙིང་གར་ཧཱུྃ་སྔོན་པོ་བསམ་ལ། ཨོཾ་ཨཱཿཧཱུྃ། ཞེས་དྲིས་ཐིག་ལེ་བྱ། དྲུག་པ་ནི། སྙིང་གར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་ཞིག་བསྒོམ་ལ། ངག་ཏུ། སརྦ་ཏ་ཐཱ་ག་ཏ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡཱ་མི། ཞེས་བརྗོད་དོ། །རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཟུང་སྟེ། ཨོཾ་སུ་ར་ཏེ་ས་མ་ཡསྟྭཾ་ཧོ། སིདྡྷ་བཛྲ་ཡ་ཝཱ་སུ་ཁཾ། ཞེས་པ་བརྗོད་དོ། །བདུན་པ་ཕྱག་བྱར་ནི། ཁྲོ་བོ་རྟ་མགྲིན་གྱིས་ཁྲིད་ནས་དཀྱིལ་འཁོར་གྱི་ནང་དུ་ཁྲིད་པར་མོས་ཏེ། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བར་མོས་ལ། ཨོཾ་ན་མོ་ཏེ་ཧཱུྃ། ཨོཾ་ན་མོ་མེ་ཧཱུྃ། ན་མོ་ན་མ་ཧཱུྃ། ཨོཾ་ན་མོ་ལོ་ཀེ་ཤྭ་ར་ཡཱ། ཞེས་ཕྱག་བྱའོ། །བརྒྱད་པ་དམ་ལ་བཞག་པ་ལ་བཞི། དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་ན་སངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་གྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱི་དཀྱིལ་འཁོར་འདི་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་སོ། །གཉིས་པ་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་ནས། ཨོཾ་དེ་རིང་སྤྱན་རས་གཟིགས་དབང་རང༌། །ཁྱོད་ཀྱིས་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །ཞེས་བརྗོད། གསུམ་པ་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། དམ་ཚིག་གི་ཆུ་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་
XXX བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཨ་མྲྀ་ཏ་ཨུ་ད་ཀ་ཋ། །ཞེས་ཆུ་བླུད་དོ། །བཞི་པ་སློབ་དཔོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། དེང་ནས་བཟུང་སྟེ་ཁྱོད་ཀྱི་ནི། །སྤྱན་རས་གཟིགས་དབང་ང་ཡིན་གྱི། །ང་ཡི་འདི་གྱིས་གང་བསྒོ་བ། །ཁྱོད་ཀྱིས་ཀྱང་ནི་བྱ་དགོས་སོ། །ཞེས་དམ་ཚིག་བསྒྲག་གོ །དགུ་པ་ཡེ་ཤེས་དབབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་བརླབ་ཏུ་གསོལ། སྤྱན་རས་གཟིགས་དབང་བདག་ལ་དབབ་པར་གྱུར་ཅིག །ཅེས་བརྗོད་ནས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་སྣང་བ་མཐའ་ཡས་སུ་བསྒོམས་པའི་རྐང་ཞབས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། བ་དན་གཡོ་བ་ཡཾ་གྱིས་མཚན་པ། ཛྷཻཿཛྷཻཿདམར་པོ་གཉིས་གཉིས་ཀྱིས་འདེགས་པ། སུམ་མདོར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དང་མེ་འབར་བས་མཚན་པ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་རྡོ་རྗེས་མཚན་པར་ཉི་མ་ལ་ཧཱུྃ་སྔོན་པོས་མཚན་པ། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་བུམ་པ་ཟླ་བ་ལ་ཨཱཿདམར་པོས་མཚན་པ། མགོར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་བ་ལ་ཧཾ་དཀར་པོས་མཚན་པ། རྐང་ཞབས་ཀྱི་ཛྷཻཿགྱི་འོད་ཟེར་རྐང་པའི་རྩ་བོ་ཆེ་ནས་ཞུགས། སུམ་མདོར་མེ་དང་འདྲེས་ནས་ཆེར་འབར། སྙིང་གའི་སའི་དཀྱིལ་འཁོར་དམར་ལམ་ལམ་པར་བསྲེགས། མགྲིན་པའི་ཆུའི་དཀྱིལ་འཁོར་དཀར་བུན་བུན་པར་བསྐོལ། སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན་བབས། ཧཱུྃ་ཧཾ་ལས་འོད་ཟེར་འཕྲོས། བ་སྤུའི་རྩེ་ནས་ཕྱིར་འཕྲོས་པས། སྤྱན་རས་གཟིགས་དང་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་རྣམས་སྤྱན་དྲངས་ནས་མཚོ་ལ་ཁ་བ་བབས་པ་ལྟར་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པར་བསྒོམ་ལ། གུ་གུལ་དང་སྤོས་ཀྱིས་འདུག །ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་
XXX ཀི་ནི་ཧ་རི་ནི་ས་ཧཱུྃ། ཨ་བེ་ཤ་ཡ། སྟཾ་བྷ་ཡ། ར་ར་ར་ར། ཙ་ལ་ཡ། ཙ་ལ་ཡ། ཧཱུྃ་ཧཱཿ ཨ་ཿཛྷཻཿཞེས་ཡེ་ཤེས་གདབ་བོ། །དེ་ནས་དཀྱིལ་འཁོར་ཁ་དོག་འདྲི་ཞིང༌། ལས་བཞི་གྲུབ་པར་ལུང་བསྟན་ནོ། །བཅུ་པ་ནི། དེ་ནས་མེ་ཏོག་ཕྲེང་བ་ཏྲཾ་གྱིས་སྔགས་པ་གསར་ཞིང་མ་རྙིང་པ། ཨོཾ་ཨཱཿཧཱུྃ་གིས་འོད་གསལ་བར་བྱས། སྤྱན་རས་གཟིགས་ཡབ་ཡུམ་གྱི་དབུ་ལ་དོར་བར་མོས་ལ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པ་འདི། །ལྷ་རྣམས་རིགས་ཀྱི་རིམ་པ་འདི། །བསོད་ནམས་ཇི་ལྟར་དེ་ལྟར་ཞོག །འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་གྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཨཱཿཁཾ་བཱི་ར་ཧཱུྃ་པྲ་ཏཱིཙྪ་ཀུ་སུ་མཱཉྩ་ལིཾ་ནཱ་ཐ་ཧོཿ ཞེས་མེ་ཏོག་གཏོར། སླར་པྲ་ཏི་གྲིཧྞ་དཾ་ཨི་མཾ་ས་ཏྭ་ཧཱ་བ་ལ། ཞེས་མེ་ཏོག་ཕྲེང་བ་མགོ་ལ་བཅིང་ངོ༌། །བཅུ་གཅིག་པ་སྤྱན་དབྱེ་བ་ནི། ཨོཾ་དེ་རིང་སྤྱན་རས་གཟིགས་དབང་རང༌། །ཁྱོད་ཀྱི་མིག་ནི་ཕྱེ་བར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུྃ་ཨཱཿསྭཱ་ཧཱ། བཅུ་གཉིས་པ་ལྷ་ངོ་བསྟན་པ་ནི། ཀྱེ་རྡོ་རྗེ་ལྟོས་ཤིག །ཅེས་བརྗོད་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་ངོ་བསྟན་པས་མཐོང་བར་མོས་ཏེ། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱི་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱི། །ཐབས་དང་ཤེས་རབ་དང་ལྡན་པས། །གསང་སྔགས་རྣམས་ལ་བསྒྲུབ་པར་གྱིས། །ཞེས་བརྗོད་ཅིང༌། བཅུ་གསུམ་པ་ཆེད་དུ་བརྗོད་པ་ནི། ཨོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །
XXX རྣལ་འབྱོར་གྱི་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་ངོ༌། །གསང་བའི་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ཞེས་ཆེད་དུ་བརྗོད་པར་བྱའོ། ། ༈ གཉིས་པ་དངོས་གཞི་དབང་བསྐུར་བ་ལ་བཞི་སྟེ། བུམ་དབང་དང༌། གསང་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། དབང་བཞི་པ་ཚིག་དབང་རིན་པོ་ཆེའོ། །དང་པོ་ལ་གཉིས་ཏེ། རང་དོན་སྒྲུབ་པ་རྡོ་རྗེ་སློབ་མའི་དབང་དང༌། གཞན་དོན་སྒྲུབ་པ་རྡོ་རྗེ་སློབ་དཔོན་གྱིས་དབང་ངོ༌། །དང་པོ་ལ་ལྔ་སྟེ། མི་བསྐྱོད་པ་ཆུའི་དབང་དང༌། རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་དང༌། སྣང་བ་མཐའ་ཡས་རྡོ་རྗེའི་དབང་དང༌། དོན་ཡོན་གྲུབ་པ་དྲིལ་བུའི་དབང་དང༌། རྣམ་པར་སྣང་མཛད་མིང་གི་དབང་ངོ༌། ། ༈ དང་པོ་ལ་མི་བསྐྱོད་པ་ཆུ་ཡི་དབང་ལ་གཉིས་ཏེ་གསོལ་བ་གདབ་པ་དང་དབང་བསྐུར་བ་དངོས་སོ། །དང་པོ་གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་གདབ་བོ། །གཉིས་པ་ནི། རྟ་མགྲིན་གྱི་སྔགས། ལས་བུམ་གྱི་ཆུས་དབང་རྫས་དང་སློབ་པ་རྣམས་བསང་ལ། སློབ་དཔོན་དང་སློབ་མ་དབང་རྫས་གསུམ། སྭཱ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་མི་བསྐྱོད་པ་སྤྱན་རས་གཟིགས་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་ཞབས་གཉིས་སྐྱིལ་ཀྲུང་ཅན། དེའི་པང་ན་ཡུམ་གསང་བ་ཡེ་ཤེས་སྔོན་མོ། རྡོ་རྗེ་དང་བུམ་པ་འཛིན་པས་ཡབ་ལ་སྦྱོར་བ། ཡབ་ཡུམ་གཉིས་ཀ་ཡང་མཚན་དཔེའི་འོད་དང་ལྡན་ཞིང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སྤྱི་མགྲིན་སྙིང་ཁར། ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས། རང་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དབྱེར་མེད་དུ་གྱུར་པར་བསམ། སླར་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་
XXX ཀྱི་བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར། རྡོ་རྗེའི་སྒེག་མ་རྣམས་ཀྱིས་གླུ་ལེན་ཞིང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མེ་ཏོག་མངོན་པར་གཏོར་ཞིང་བཀྲ་ཤིས་བརྗོད་པར་བསམ་ལ། སངས་རྒྱས་རབ་བདུན་པའམ། ཕུན་སུམ་ཚོགས་པའི་བཀྲ་ཤིས་བརྗོད། དེ་ནས་དབང་བུམ་གྱིས་སྤྱི་བོ་ནས་དབང་བསྐུར་རོ། །རྡོ་རྗེ་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱིས་བུམ་པའི་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ལ་ཨུ་ད་ཀ་ཨ་བྷི་ཥིཉྩ་མཾ་ཞེས་དབང་བསྐུར། སླར་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཐུགས་ཀ་ནས་རྡོ་རྗེ་མཁའ་འགྲོ་སྔོན་མོ་བུམ་པ་འཛིན་པ་ཞིག་ཆད་ནས། བུམ་ཆུས་དབང་བསྐུར་བར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། བཛྲ་ཌཱ་ཀི་ནི་ཨ་བྷི་ཥིཉྪ་མཾ། ཞེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱིས་ཕྱག་བྱས་རིགས་ཀུན་གྱི་ནི་བདག་ནི་བདག་པོ་མཆོག །སེམས་ཅན་ཐམས་ཅད་བསྐྱེད་མཛད་བདེ་བ་ཆེན་པོ་སྟེར། །དེང་འདིར་དབང་བསྐུར་མཆོག་ཐོབ་ཁྱེད་ལ་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད། སྒེག་མོ་རྣམས་ཀྱིས། ཨོཾ་སརྦ་བཛྲ་སུ་སང་གྲ་ཧེ། བཛྲ་མ་ནུཏྟ་ར་ནི། བཛྲ་དྷརྨཱ་ཀཱ་ཡ་ནི། བཛྲ་ཀརྨ་ཀ་རོད་བྷ་ཝེ། ཞེས་རྡོ་རྗེའི་གླུ་བླངས། ཁྲོ་བོ་རྣམས་ཀྱིས། །ཨོཾ་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བགེགས་བསྐྲད། གུ་གུལ་ལ་སོགས་མེ་ཏོག་གི་ཆར་ཕབ། རྔ་བོ་ཆེ་ལ་སོགས་པ་རོལ་མོའི་སྒྲ་བསྒྲག །བདུད་རྩིའི་རྒྱུན་དང་སྤྱན་རས་གཟིགས་ཀྱི་སྐུ་ཞིང་རྡུལ་གྱི་གྲངས་དང་མཉམ་པས་ལུས་ཀྱི་ནང་གང༌། ལྷག་མ་ཡར་འཁྱིལ་བ་ལས་མི་བསྐྱོད་པས་དབུར་བརྒྱན་ཅིང་ཁྱེད་རང་རྣམས་མི་བསྐྱོད་པ་སྤྱན་
XXX རས་གཟིགས་ཀྱི་ངོ་བོར་གྱུར་པ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར། བསམ་ལ་ཉེར་སྤྱོད་ལྔས་མཆོད། རོལ་མོ་བྱ། ཨོཾ་ན་མཿསརྦ་ཏ་ཐ་ག་ཏ་་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། པཱདྱཾ༴ བཛྲ་པུཥྤེ་པཱུ་ཛ་ཨཱཿཧཱུྃ། བཛྲ་དྷཱུ་པེ༴ བཛྲ་ཨཱ་ལོ་ཀེ༴ བཛྲ་གནྡྷེ༴ བཛྲ་ནཻ་ཝི་ཏེ༴ བཛྲ་ཤཔྟ་པཱུ་ཛ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་མཆོད། དེས་མི་བསྐྱོད་པ་ཆུའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང༌། རྣམ་པར་ཤེས་པའི་ཕུང་པོར་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། སངས་རྒྱས་མི་བསྐྱོད་པ་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་གྱུར་སྙམ་དུ་མོས་པར་མཛོད། ཅེས་དབང་གི་རྟོགས་པ་བརྗོད། ༈ གཉིས་པ་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱིས་དབང་བསྐུར་གཉིས། གསོལ་བ་འདེབས་པ་དང་དབང་བསྐུར་བའོ། །དང་པོ་ནི། རིན་ཆེན་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །རིན་ཆེན་རྡོ་རྗེ་དེང་བདག་སྩལ། །ཞེས་གསོལ་བ་གདབ་བོ། །གཉིས་པ་ནི། སློབ་མ་དང་དབང་རྫས་རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས་ཡབ་ཡུམ་བསྐྱེད་པའི་གནས་གསུམ་གྱི། ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས་པས་རང་འདྲ་བའི་ཡེ་ཤེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿདབྱེར་མེད་དུ་གྱུར། དེ་ཉིད་འོད་དུ་ཞུ་བ་ལས་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བར་མོས་ལ། དབུ་རྒྱན་གྱིས་དབང་བསྐུར་བ་ནི། རིན་ཆེན་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱིས་དབུ་རྒྱན་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་མུ་ཀུ་ཊ་ཨབྷི་ཥིཉྩ་ཧཱུྃ་སུ་ར་ཏི་ཏཾ་ཨ་ཧཾ། བཛྲ་ཏུ་ཥྱ་ཧོ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་མི། ཞེས་དབང་བསྐུར། སླར་མདུན་སྐྱེད་སྤྱན་རས་གཟིགས་ཡབ་ཡུམ་
XXX གྱི་ལྟེ་བ་ནས། རིན་ཆེན་མཁའ་འགྲོ་མ་སེར་མོ་དབང་བུམ་འཛིན་པ་ཞིག་ཆད་ནས། བུམ་ཆུས་དབང་བསྐུར་བར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། རཏྣ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་མཾ། ཞེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྔ་མར་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སྒེག་མོས་གླུ་བླངས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། མེ་ཏོག་གི་ཆར་ཕབ། རོལ་མོའི་སྒྲ་བསྒྲག །དབང་གི་ཆུས་ལུས་ཀྱི་ནང་གང༌། ལྷག་མ་ཡར་འཁྱིལ་པ་ལ། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། །དེས་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་ཐོབ། ཉོན་མོངས་པ་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་དབང་གིས་རྟོགས་པ་བརྗོད་པའོ། ། ༈ གསུམ་པ་སྣང་བ་མཐའ་ཡས་རྡོ་རྗེས་དབང་སྐུར་ལ་གཉིས། དང་པོ་གསོལ་བ་འདེབས་པ་ནི། པདྨ་ཅན་གྱི་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །པདྨ་རྡོ་རྗེ་དེང་བདག་སྩོལ། །གཉིས་པ་དབང་བསྐུར་བ་ནི། སློབ་མ་དང་དབང་རྫས་སྟོང་པའི་ངང་ལས། ཛིཾ་ལས་པདྨ་ཛིཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། སྣང་བ་མཐའ་ཡས་སྤྱན་རས་གཟིགས་ཡབ་ཡུམ་དུ་བསྐྱེད། ཡེ་ཤེས་པ་བསྟིམ། རིགས་ལྔ་ནས་དབང་རྫས་སྣང་བ་མཐའ་ཡས་འོད་དུ་ཞུ་བ་ལས་བྱུང་བ་རྡོ་རྗེའི་དབང་བསྐུར་བར་བསམ་ལ། པདྨའི་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར། སླར་མདུན་བསྐྱེད་ཀྱི་མགྲིན་པ་ནས་པདྨ་མཁའ་འགྲོ་མ་དམར་མོ་དབང་བུམ་འཛིན་པ་ཞིག་ཆད་ནས། བུམ་ཆུས་དབང་བསྐུར་བར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། པདྨ་ཌཱ་
XXX ཀི་ནི་ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། རྡོ་རྗེའི་གླུ་ལེན། ཁྲོ་བོས་བགེགས་བསྐྲད། མཆོད་པས་མཆོད་པ་གོང་དང་འདྲ། རྟོགས་པ་བརྗོད་པ་ནི། དེས་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། །སྣང་བ་མཐའ་ཡས་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས། ཞེས་རྟོགས་པའི་བརྗོད་དོ། ། ༈ བཞི་དོན་ཡོད་གྲུབ་པ་དྲིལ་བུས་དབང་བསྐུར་བ་ལ་གཉིས། དང་པོ་གསོལ་གདབ་པ་ནི། ལས་ཀྱི་རིགས་མཆོག་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ལས་ཀྱི་རྡོ་རྗེ་དེང་བདག་སྩོལ། །གཉིས་པ་དབང་བསྐུར་བ་ནི། སློབ་མ་དང་དབང་རྫས་སྟོང་པའི་ངང་ལས། ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། དོན་ཡོད་གྲུབ་པ་སྤྱན་རས་གཟིགས་ཡབ་ཡུམ་དུ་བསྐྱེད། ཡེ་ཤེས་པ་བསྟིམ། སླར་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། དོན་ཡོད་གྲུབ་འོད་དུ་ཞུ་བ་ལས་བྱུང་བའི་དྲིལ་བུས་དབང་བསྐུར་བར་བསམ་ལ། ལས་ཀྱི་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱི་དྲིལ་བུའི་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་བཛྲ་ཨ་དྷཱི་པ་ཏི་སྟཾ་ཨ་བྷི་ཥིཉྩ་མཾ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་གཎྜེ་ཨཱ་ཨཿ ཞེས་དབང་བསྐུར། སླར་མདུན་སྐྱེད་ཀྱི་གསང་བའི་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཐུགས་ཀ་ནས། ལས་ཀྱི་མཁའ་འགྲོ་མ་ལྗང་གུ་དབང་བུམ་འཛིན་པ་ཞིག་ཆད་ནས་བུམ་ཆུས་དབང་བསྐུར་བར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ།
XXX ཀརྨ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར། བཀྲ་ཤིས་སོགས་གོང་དང་འདྲ། རྟོགས་པ་བརྗོད་པ་ནི། དེས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཕུང་པོ་གནས་གྱུར། །བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར། དོན་ཡོད་གྲུབ་པ་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱས་པའོ། །ཞེས་རྟོགས་བརྗོད་དོ། ། ༈ ལྔ་པ་རྣམ་པར་སྣང་མཛད་སྤྱན་རས་གཟིགས་མིང་གིས་དབང་བསྐུར་བ་ལ་གཉིས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །བྱང་ཆུབ་རྡོ་རྗེ་དེང་བདག་སྩོལ། །གཉིས་པ་དབང་བསྐུར་བ་ནི་སློབ་མ་དང་དབང་རྫས། སྭབྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་སྤྱན་རས་གཟིགས་ཡབ་ཡུམ་དུ་བསྐྱེད། ཡེ་ཤེས་པ་བསྟིམ། རིགས་ལྔའི་འཁོར་བཅས་ཀྱིས་མིང་གིས་དབང་བསྐུར་བར་བསམ་ལ། སངས་རྒྱས་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་མིང་གི་དབང། །དེང་འདིར་ཁྱོད་ལ་བསྐུལ་བར་བྱ། །ཨོཾ་བཛྲ་སཏྭ་ཏྭཾ། ཨ་བྷི་ཥིཉྩ་མཾ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཞེས་པདྨའི་རྡོ་རྗེ་ལ་སོགས་ཀྱི་མཐར། སྔགས་ཀྱང་བརྗོད་དོ། །སླར་མདུན་བསྐྱེད་ཀྱི་སྤྱི་བོའི་རྣམ་སྣང་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཐུགས་ཀ་ནས་སངས་རྒྱས་མཁའ་འགྲོ་མ་དཀར་མོ་དབང་བུམ་འཛིན་པ་ཞིག་ཆད་ནས་བུམ་ཆུས་དབང་བསྐུར་བར་བསམ་ལ། ཨོཾ་པ་ཎི་པདྨེ་ཧཱུྃ། བུདྡྷ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་མཾ། ཞེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། བཀྲ་ཤིས་སོགས་གོང་དང་འདྲ། རྟོགས་པ་བརྗོད་པ་ནི། དེས་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག །
XXX གཟུགས་ཀྱི་ཕུང་པོ་གནས་འགྱུར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། སངས་རྒྱས་རྣམ་པར་སྣང་མཛད་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱས་པའོ། །ཞེས་རྟོགས་པ་བརྗོད་དོ། །དེ་དག་གིས་མ་རིག་པའི་གཉེན་པོ་རིག་པའི་དབང་ལྔ་ཐོབ་པའོ། ། ༈ གཉིས་པ་གཞན་དོན་བྱེད་པའི་རྡོ་རྗེ་སློབ་དཔོན་གྱི་དབང་ལ་གཉིས། དང་པོ་གསོལ་བ་གདབ་པ་ནི། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་གསོལ་བ་གདབ། གཉིས་པ་དབང་བསྐུར་བ་ནི། སློབ་མ་དང་དབང་རྫས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་ཞབས་གཉིས་སྐྱིལ་ཀྲུང་ཅན། ཡུམ་རྡོ་རྗེ་སྙེམས་མ་རྡོར་དྲིལ་འཛིན་པ་དང་མཉམ་པ་སྦྱར་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་འཕྲོས། མདུན་བསྐྱེད་ལ་ཕོག །མདུན་བསྐྱེད་ཀྱི་སྐུ་གཅིག་ལ་མར་མེ་སྟོང་ཆད་པའི་རྣམ་པར། སྐུ་གཅིག་ལ་སྐུའི་ཚོགས་དཔག་ཏུ་མེད་པ་ཆད་ནས་སློབ་མའི་ལུས་ལ་ཐིམ་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་དོ། །རོལ་མོ་བྱ། སྤྱན་རས་གཟིགས་ཀྱི་སྐུས་སྤྱི་བོར་དབང་བསྐུར་ཞིང༌། སྤྱན་རས་གཟིགས་དབང་སྐུ་ཡི་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །སྤྱན་རས་གཟིགས་སུ་ཁྱོད་གྱུར་ཅིག །ཅེས་བྱའོ། །སླར་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་བཅས་ཀྱིས་དབང་བསྐུར་བར་བསམས་ལ། ལག་པ་གཉིས་སུ་རྡོ་རྗེ་དྲིལ་བུ་གཏད་དོ། །རྡོ་རྗེ་ཚེ་དང་དྲིལ་བུ་ཆེ། །
XXX ཟུངས་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་གཉིས་དུ་གྱིས། །ཞེས་བརྗོད་དོ། །དེས་ནས་བུམ་ཆུས་དབང་བསྐུར་བ་ནི། གསང་གསུམ་དམ་ཚིག་ལས་བྱུང་བ། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡི། །དག་པ་བཟང་པོས་དབང་བསྐུར་རོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཾ། དེ་ནས་མེ་ཏོག་གཏོར་ལ། ཁམས་གསུམ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་རོ། །ཅེས་བརྗོད་དོ། །གཉིས་པ་གསུང་གི་རྗེས་གནང་ནི། སྔགས་ཕྲེང་བླ་མ་སྤྱན་རས་གཟིགས་ཀྱི་ཞལ་ནས་སློབ་མའི་ཞལ་དུ་ཞུགས་ནས། སྙིང་གའི་ཧྲཱིཿལ་ཐིམ་པར་བསམ། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ། ཞེས་ལན་གསུམ་བརྗོད་ལ། ཤེལ་ཕྲེང་སྤྱི་བོར་བཞག་ཅིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་དོ། །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། སེམས་ཀྱི་རང་བཞིན་འོད་གསལ་མེ་ལོང་གཡའ་དག་པ་ལྟ་བུ་རྣམ་པར་རྟོག་པའི་ཚོགས་ཐམས་ཅད་དང་བྲལ་བ། གསལ་སྟོང་སོ་སོ་རང་རིག་པའི་ངང་ལ་མཉམ་པར་བཞག་སྟེ། མེ་ལོང་བསྟན་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིག་གསལ་ལ་རྙོགས་པ་མེད། །རྒྱུ་དང་ལས་ལ་ཡང་དག་འབྱུང༌། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་བརྗོད་དོ། །དེ་ཉིད་ཀྱི་དཀྱིལ་འཁོར་བཞི་ལས་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར། བླ་མ་བཞི་ལས་སྤྲུལ་སྐུའི་བླ་མ་ལ། དབང་བཞི་ལས་བུམ་པའི་དབང་ཐོབ། སྒྲིབ་པ་བཞི་ལས་གཙོ་ཆེན་ལུས་ཀྱི་སྒྲིབ་པ་དག །རིམ་པ་བཞི་ལས་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། དགའ་བ་བཞི་ལས་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེ། འབྲས་བུ་བཞི་
XXX ལས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་རྡོ་རྗེའི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་དབང་གི་རྟོགས་པ་བརྗོད་དོ། ། ༈ གཉིས་པ་གསང་དབང་གི་དོན་དུ་མཎྜལ་ཕུལ། གཞོན་ནུ་མ་དམ་ཚིག་དང་ལྡན་པ་བླ་མ་ལ་ཕུལ་ལ། མིག་དར་བཅིངས། གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་སོགས། གསང་བའི་དབང་བསྐུར་བདག་ལ་སྩོལ། །ཞེས་གསོལ་བ་གདབ། འཕགས་པ་སྤྱན་རས་གཟིགས་ཡབ་ཡུམ་སྙོམས་པར་འཇུག་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་བླ་མ་ཡབ་ཡུམ་གྱི་བདེ་བ་ཆེན་པོའི་སྒྲ་དང་སྙིང་ཁའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་རང་གི་སྤྱི་བོར་བྱོན། ཡབ་ཡུམ་སྙོམས་པར་ཞུགས་པས་ཆགས་པ་ཆེན་པོས་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རང་བཞིན་དུ་གྱུར། བླ་མའི་སྤྱི་བོ་ནས་ཐིམ། ཨ་ཝ་དྷུ་ཏིའི་ལམ་བརྒྱུད། ཐབས་ཀྱི་རྡོ་རྗེ་ནས་འཐོན། ཡུམ་གྱི་མཁར་བབས་པའི་བྱང་སེམས་སློབ་མའི་ཁར་བླུགས་པ་མོས་ཤིང༌། ཞེས་ཀ་པཱ་ལའི་བདུད་རྩི་སློབ་མའི་ཁར་བླུད་ཅིང༌། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་གུ་ཧྱ་ཨ་བྷི་ཥིཉྩ་ཨཱཿ ཅེས་བརྗོད་ལ་བྱང་སེམས་སྦྱིན་ནོ། །སློབ་མས་སངས་རྒྱས་ཐམས་ཅད་འདུས་པའི་བློས། ཨ་ཧོ་མ་ཧཱ་སུ་ཁ། ཞེས་བཏུང་བས། ངག་ནས་བརྒྱུད་དེ་བདེ་བ་ཆེན་པོས་རང་གི་རྒྱུད་ཡོངས་སུ་གང་བར་སྒོམས་ཤིག །ཅེས་བརྗོད། མིག་དར་བསལ། དེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། བླ་མ་བཞི་ལས་ལོངས་སྤྱོད་རྫོགས་སྐུའི་བླ་མ་ལ། དབང་བཞི་ལས་གསང་
XXX དབང་ཐོབ། སྒྲིབ་པ་བཞི་ལས་གནས་སྐབས་སུ་ངག་གི་སྒྲིབ་པ་དག །རིམ་པ་བཞི་ལས་རང་བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང༌། དགའ་བ་བཞི་ལས་མཆོག་དགའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་བཞི་ལས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས། །ཞེས་རྟོགས་པ་བརྗོད་པའོ། ། ༈ གསུམ་པ་ཤེས་རབ་ཡེ་ཤེས་དབང་བསྐུར་བ་ནི། མཎྜལ་ཕུལ། མིག་དར། ཤེས་རབ་མ་ཉི་ཤུ་རྩ་གཉིས་པ་བླ་མ་ལ་འབུལ་བར་མོས་ཤིང༌། གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ཞེས་པ་ནས། ཤེས་རབ་ཡེ་ཤེས་དབང་བསྐུར་སྩོལ། །ཞེས་པས་གསོལ་བ་གདབ། བླ་མས་རིག་མ་མཚན་བཟང་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་མངོན་པར་བརྒྱན་པ་ཞིག་བྱིན་པར་མོས་ལ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟན་བྱར་སངས་རྒྱས་རྣམས་ཀྱིས་གསུངས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་ཆེན་པོར་སྤྱོད་པར་གྱིས། །ལྷ་མོ་དེ་ཉིད་ཀྱིས་དྲི་ཞིམ་པའི་ཆུ་སྐྱེས་མངོན་པར་སྟོན་བཞིན་པས། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་དུ་ནང་གནས་ཏེ། །སངས་རྒྱས་བསྟན་པ་ལ་སོགས་པ། །བྱ་བ་ཇི་བཞིན་པདྨས་བྱེད། །བདེ་ཆེན་རྒྱལ་པོ་ང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོཀྵ་ཧོཿ ཞེས་གསུངས་པར་བསམ། དེ་ནས་སློབ་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་ཐལ་མོ་སྦྱར་ནས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱི་ནོར་བུའི་ཕྲེང་བ་དང་པདྨ་དཀར་པོ་འཛིན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་མངོན་པར་བརྒྱན་པ་བསྐྱེད་དོ། །རིག་
XXX མ་དེ་ཉིད་བཾ་ལས་མཁའ་འགྲོ་མ་གསང་བ་ཡེ་ཤེས་སྐུ་མདོག་བྱི་རུའི་མདོག་ལྟར་དམར་བ། ཞལ་འཛུམ་ཞིང་བདེ་བ་ཆེན་པོས་རྒྱུད་ཡོངས་སུ་གང་བ། ཕྱག་གཡས་གསེར་གྱི་ཌཱ་མ་རུ་ནམ་མཁར་འཁྲོལ་ཞིང༌། གཡོན་བདུད་རྩི་དམར་པོས་བཀང་བའི་ཐོད་པ་ཡབ་ཀྱི་ཞལ་དུ་སྟོབ་པ། ཞབས་གཉིས་ཡབ་ཀྱི་རྐེད་པར་འཁྲིལ་བ། རུས་པའི་རྒྱན་ཆ་ལྔས་བརྒྱན་པར་བསྐྱེད་པའི་ཡབ་ཡུམ་གཉིས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་སྭཱ། གསང་བར་ཧཱ། ཡབ་ཀྱི་གསང་བ་མི་དམིགས་པ་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནོར་བུའི་བུ་ག་ཕཊ་སེར་པོས་བཀག་པ། ཕྱག་རྒྱའི་གསང་བ་མི་དམིགས་པ་ལས་ཨཱཿལས་སྐྱེས་པའི་ཆུ་བསྐྱེད་དམར་པོ་ཟེའུ་འབྲུ་ཨཱཿདམར་པོས་མཚན་པར་བསྒོམ་ལ། ཡབ་ཡུམ་སྙོམས་པར་འཇུག་པས། ཨོཾ་ཤྲི་ཤྲི་ཤྲི་ཧ་ཧ་ཧ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་བདེ་བ་ཆེན་པོའི་སྒྲས། ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་ཐམས་ཅད་བསྐུལ་ནས། རང་གི་སྤྱི་བོར་བྱོན་ནས་སྙོམས་འཇུག་མཛད། །ཆགས་པ་ཆེན་པོས་འོད་དུ་ཞུ་ནས། སྤྱི་བོའི་ཧཾ་གི་བྱང་སེམས་དང་དབྱེར་མེད་པར་སྤྱི་བོ་ནས་མགྲིན་པར་བབས། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། མགྲིན་པ་ནས་སྙིང་ཁར་བབས། མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། སྙིང་ཁ་ནས་ལྟེ་བར་བབས། ཁྱད་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། ལྟེ་བ་ནས་གསང་བར་བབས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ། དེ་ནས་ཧཱུྃ་ཞེས་འོག་རླུང་སྟེང་དུ་དྲངས་པས། མས་བརྟན་གྱི་དགའ་བ་བཞི་མངོན་དུ་གྱུར་པར་བསྒོམ་ལ། ལྷན་སྐྱེས་བདེ་སྟོང་ཕྱག་རྒྱ་ཆེན་པོའི་
XXX ངང་ལ་མཉམ་པར་བཞག་གོ །དེ་དག་གི་དཀྱིལ་འཁོར་བཞི་ལས་ཡི་གེ་བྷ་གའི་དཀྱིལ་འཁོར་དུ། བླ་མ་བཞི་ལས་ཆོས་སྐུའི་བླ་མ་ལ། དབང་བཞི་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྒྲིབ་པ་བཞི་ལས་གཙོ་བོར་ཡིད་ཀྱི་སྒྲིབ་པ་དག །ལམ་རིམ་པ་བཞི་ལས་དོན་དམ་འོད་གསལ་གྱི་རྫོགས་རིམ་བསྒོམ་པ་ལ་དབང༌། དགའ་བ་བཞི་ལས་ཁྱད་པར་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་བཞི་ལས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས་པའོ། །ཞེས་རྟོགས་པ་བརྗོད་དོ། ། ༈ བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། མཎྜལ་ཕུལ་ལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད་ཅིག །བདག་ཉིད་ཚེ་ཁྱོད་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད། གདོང་གཡོགས་བཅིངས། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། འདི་སྐད་བརྗོད་དོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན། ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད། རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ལ་མཉམ་པར་བཞག་ཅིང༌། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཐབས། །ཞེས་གསུངས་པ་དང༌། བཞི་པ་ཡང་ནི་དེ་དེ་བཞིན་ནོ། །ཅེས་གསུམ་པ་དཔེ་དང༌། བཞི་པ་དོན་དུ་བསྟན་པ་དང༌། གསུམ་པ་རྒྱུ་དང༌། བཞི་པ་འབྲས་བུ་བསྟན་པ་དང༌། གསུམ་པ་མྱུ་གུ་ལྟ་བུ། བཞི་པ་འབྲས་བུ་ལྟ་བུར་བསྟན་པ། ཡན་ལག་བདུན་ལྡན་ཕྱག་རྒྱ་ཆེན་པོའི་དོན་བཤད་ལ་ངོ་སྤྲད་པར་བྱའོ། །དེ་ནས་གདོང་གཡོགས་བསལ། དེས་དཀྱིལ་འཁོར་བཞི་ལས་དོན་དམ་པའི་དཀྱིལ་འཁོར་དུ། བླ་མ་བཞི་ལས་
XXX ངོ་བོ་ཉིད་སྐུའི་བླ་མ་ལས། དབང་བཞི་ལས་ཚིག་དབང་རིན་པོ་ཆེ་ཐོབ། སྒྲིབ་པ་བཞི་ལས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག །རིམ་པ་བཞི་ལས་ཟུང་འཇུག་རབ་ཏུ་མི་གནས་པ་བསྒོམ་པ་ལ་དབང༌། དགའ་བ་བཞི་ལས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་བཞི་ལས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བརྗོད། འདི་ཉིད་ཏིང་ངེ་འཛིན་གྱི་དབང་གཙོ་ཆེ་བས་འདི་དག་འགྲུབ་བོ། །གལ་ཏེ་རྒྱས་པར་སྤྲོ་ན། གསུམ་པ་མཇུག་རྗེས་གནང་སྦྱིན་པ་ནི། བརྟུལ་ཞུགས་སྦྱིན་པ། གཞན་དོན་ཆོས་འཆད། ལུང་བསྟན་དབུགས་དབྱུང༌། གཟེངས་བསྟོད་པ་རྣམས་བྱས་ཀྱང་འགལ་བ་མེད་དོ། །བདག་འཇུག་ཀྱང་ཆོ་ག་རིམ་འདི་ཉིད་ཀྱིས་ལེན་པར་བྱའོ། །དེ་ནས་མཎྜལ་ཕུལ་ལ། དེང་ནས་བཟུང་སྟེ་ཁྱོད་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། །ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །དེ་དག་གིས་དབང་བསྐུར་བར་སོང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་དང་བསྟོད་པ་བྱ། ཚོགས་ལ་རོལ་ཞིང་ལྷག་གཏོར་བཏང༌། བཟོད་པར་གསོལ་ཞིང་ཡི་གེ་བརྒྱ་པས་ཁ་སྐང༌། བསྔོ་བ་སྨོན་ལམ་བྱ། ཡེ་ཤེས་པ་བརྟེན་ལ་བསྟིམ། དམ་ཚིག་རང་ལ་བསྟིམ། དམིགས་མེད་ཀྱི་རྒྱས་གདབ། བཀྲ་ཤིས་བརྗོད། རྡུལ་ཚོན་རོལ་མོ་དང་བཅས་པས་འབབ་ཆུའི་གཞུང་ལ་དོར། ལས་ཀྱི་མཐའ་མི་མངོན་པར་བྱའོ། །དེ་དག་གིས་རྗེས་ཀྱི་རིམ་པ་སོང་ངོ༌། ། ༈ སྤྱན་རས་གཟིགས་མགོན་བྱིན་རླབས་ཆུ་གཏེར་ལས། །བླ་མེད་རྒྱུད་ཀྱི་དབང་བཞིའི་ཆུ་ཀླུང་འབབ། །འགྲོ་ཀུན་གནས་སྐབས་དྲི་མ་བཞི་དག་ནས། །དགའ་བཞི་སྐུ་བཞིའི་རྒྱ་མཚོ་རྒྱས་གྱུར་ཅིག །འདི་ནི་ཁྲིད་ཞུ་བའི་ཐོག་མར་མ་གཏོགས་པ། དམ་ཚིག་མི་བསྲུང་བའི་མི་དང༌། གང་བྱུང་དུ་དབང་བསྐུར་འདི་བྱས་ན་མཁའ་འགྲོའི་བཀའ་ཆད་འབྱུང་བས་མི་བྱའོ། །དབང་ཞུས་ནས་དམ་ཚིག་བསྲུང་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་
XXX ཤེས་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་མངོན་དཀྱིལ་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི། དཔལ་ལྡན་བླ་མའི་མན་ངག་བཞིན་རྒྱུད་སྡེའི་ཆོ་ག་དང་རྗེས་མཐུན་པར། རྣལ་འབྱོར་པ་འོད་དཔག་རྡོ་རྗེ་ཞེས་བྱ་བས། འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་རི་བོ་པོ་ཏ་ལར་བཀོད་པའོ། །འདིས་ཀྱང་རྡོ་རྗེ་ཐེག་པའི་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག། །།དགེ་ལེགས་འཕེལ།

༄༅། འདུས་པ་ཆེན་པོ་མདོའི་ངང་སྒོམ་གྱི་ཁྲིད་རིམ་ཁོལ་ཕྱུང་དུ་བཀོད་པ་ཤེལ་དཀར་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།

༡༠༥འདུས་པ་ཆེན་པོ་མདོའི་ངང་སྒོམ་གྱི་ཁྲིད་རིམ་ཁོལ་ཕྱུང་དུ་བཀོད་པ་ཤེལ་དཀར་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
༡༠༦ན་མོ་གུ་རུ་བྷྱཿ སྲིད་ཞིའི་སྤྱི་དཔལ་བླ་མེད་བཅོམ་ལྡན་འདས། །ཁམས་གསུམ་སྒྲོལ་བྱེད་དམིགས་མེད་ཐུགས་རྗེའི་རྒྱལ། །གདོད་ནས་རྣམ་གྲོལ་སྒྱུ་འཕྲུལ་རོལ་མོ་ཡིས། །འཁོར་འདས་ཀུན་ཏུ་ཁྱབ་པ་དེ་ལ་འདུད། །གང་ཞིག་འདེགས་ཡུལ་གདུལ་བྱ་གསུམ་སྣང་བར། །འདེགས་བྱེད་རྩལ་ལྡན་ཐེག་པ་གསུམ་པོ་ཡིས། །འདེགས་ཐབས་གསུམ་ལས་གཉེན་པོ་ཐབས་ཀྱི་མཆོག །དོན་དམ་ངེས་པའི་ཐེག་པའི་སྒོམ་རིམ་སྤྲོ། །དེའང་གདུལ་བྱ་འཁོར་བ་ལས་ངེས་པར་འབྱུང་བར་འདོད་པ་ལ་འདུལ་བའི་ཐབས་གཉེན་པོ་ཐབས་ཀྱི་ཐེག་པ་བསྟན་ཅིང་། དེ་ལའང་བློའི་རིམ་པ་ལྟར་ཉོན་མོངས་སྤོང་བ་དང་སྦྱོང་བ་དང་དབང་དུ་བྱེད་པའི་ཁྱད་པར་གྱིས་ཐེག་པ་རིམ་པ་དགུར་སྣང་བ་སྟེ། གདུལ་བྱ་བློ་རབ་འབྲིང་ཐ་གསུམ་རེ་རེ་ལའང་ནང་གསེས་སུ་ཐ་མའི་ཐ་མ་ནས་རབ་ཀྱི་རབ་ཏུ་གྱུར་པའི་བར་གསུམ་གསུམ་དུ་དབྱེ་བས་དགུའི་རིམ་པ་དང་མཐུན་པའོ། །གདུལ་བྱ་ཤིན་ཏུ་སྐལ་བ་དམན་པ་ལམ་སྟེགས་ལ་སྦྱོར་བའི་ཐབས་སུ་ལྷ་དང་
༡༠༧མིའི་ཐེག་པ་སྔོན་དུ་འགྲོ་བ་དོན་གྱིས་ཐོབ་པས་དེ་དག་ལམ་སྦྱོང་ཞིང་ཉམས་སུ་ལེན་པའི་ཚུལ་རྒྱ་ཆེར་མཆིས་པ་ལས། འདིར་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དག་མཉམ་ཆེན་པོར་གཏན་ལ་ཕབ་སྟེ་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་དབང་སྒྱུར་བས་སྔགས་ནང་པ་དབང་སྒྱུར་ཐབས་ཀྱི་ཐེག་པ་རྒྱུད་ལུང་མན་ངག་གཙོར་བཏོན་པ་གསུམ་གྱི་ནང་ཚན། རྫོགས་པ་ཨ་ནུ་ཡོ་ག་འདུས་པ་མདོའི་བཀའ་སྲོལ་ལས་བྱུང་བའི་ཁྲིད་རྣམས་སྟོན་པ་ཡིན་ལ། ལུགས་སྲོལ་འདིར་ཐོས་པའི་ཤེས་རབ་ཅན་ལ་དབང་བསྐུར་དུ་བྱེད་པ། བསམ་པའི་ཤེས་རབ་ཅན་ལ་བཤད་པ་བྱེད་པ། སྒོམ་པའི་ཤེས་རབ་ཅན་ལ་ཁྲིད་དུ་འདེབས་པའི་ལུགས་གསུམ་དུ་གསུངས་པ་ལས་སྐབས་འདིར་ཁྲིད་ཀྱི་ལུགས་སུ་འདེབས་པ་སྟེ། འདི་དག་སོ་སོ་ལ་ཨ་ནུ་ཡོ་ག་རང་གི་ཁྱད་པར་གྱི་ཆོས་ཐེག་དགུའི་སྨིན་བྱེད་སོ་སོའི་རྗེས་འབྲེལ་དུ་གདམས་ངག་འབོགས་དགོས་པ་ཡིན་ཀྱང་དེ་དག་དམིགས་བསལ་མ་ཐོབ་ཀྱང་བཀའ་གཏེར་གཞན་དག་ལས་
༡༠༨འབྱུང་བའི་ཐེག་དགུའི་དབང་རིམ་རྒྱས་བསྡུས་གང་རུང་ཐོབ་ན་སྤྲོས་པ་ཆེ་ཆུང་ཙམ་ལས་འདི་དང་དོན་མཚུངས་པ་ཡིན་པས་ཉམས་སུ་ལེན་ཆོག་པ་ཡིན་ནོ། །ཁྲིད་རིམ་ཐམས་ཅད་ཀྱི་ཐོག་མར་ལམ་ལ་འཇུག་པའི་སྒོར། ཚེ་འདི་དང་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་ཡིད་ངེས་པར་འབྱུང་བའི་སྐྱོ་ཤས་དང་། ལས་འབྲས་བསླུ་བ་མེད་པར་ཡིད་ཆེས་པའི་ངེས་ཤེས་དྲག་པོ་དང་ལྡན་པའི་སྒོ་ནས། གསུམ་ལ་སྐྱབས་སུ་འགྲོ་བའི་གདམས་པ་བཟུང་ནས་ལམ་ཁྱེར་བཞི་ལས། དང་པོ་སྐྱབས་འགྲོའི་བསླབ་བྱ་ལམ་དུ་ཁྱེར་བ་ནི། དོན་དམ་པར་བདག་དང་། སེམས་ཅན་དང་། སྡུག་བསྔལ་གསུམ་རང་བཞིན་གྱིས་མི་དམིགས་ནའང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་འཁོར་བ་འདིར་སྡུག་བསྔལ་གྱིས་མནར་ཞིང་། སྐྱབས་མེད་མགོན་མེད་ཡིན། དེ་རྣམས་ཀྱི་སྡུག་བསྔལ་བླ་མ་དཀོན་མཆོག་གིས་སྐྱོབ་ནུས་པར་ངེས་ཤེས་ཁྱད་པར་ཅན་བསྐྱེད་ནས། དེའི་ཕན་ཡོན་དྲན་པས་རྟག་ཏུ་རང་ཉིད་སྐྱབས་འགྲོར་འབད་ཅིང་། སྙིང་རྗེ་ཆེན་པོས་སྐྱེ་བོ་གཞན་རྣམས་སྐྱབས་སུ་འགྲོར་གཞུག །བླ་མ་དང་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པས་དད་པ་སྒོམ་ཞིང་གསོལ་བ་འདེབས། བཀའ་དྲིན་དྲན་པས་ཕྱག་མཆོད་དང་བསྟོད་པ་བྱ། ཉེས་དམིགས་དྲན་པས་སྲོག་ལ་བབས་ཀྱང་སྐྱབས་ཡུལ་མི་སྤོང་། ཡིད་ཆེས་དྲན་པས་བདེ་སྡུག་ཅི་བྱུང་ཡང་བླ་མ་དང་དཀོན་མཆོག་ལ་མི་འཁང་ཞིང་གཞན་ལ་བློ་མི་གཏོད། དཀོན་མཆོག་གསུམ་གྱི་རྟེན་ལའང་དཀོན་མཆོག་དངོས་སུ་འདུ་ཤེས་པས་ཕྱག་མཆོད་འབུལ་ཞིང་། འོ་བརྒྱལ་སར་མི་འཇོག །གཏའ་མར་འཇོག་པ་དང་བཙོངས་ཏེ་གླུད་ཟ་བ་སོགས་མ་གུས་པའི་ལས་ཐམས་ཅད་སྤང་བར་བྱ་སྟེ། དགག་སྒྲུབ་ཀྱི་བསླབ་བྱ་རྒྱས་པ་ཁྲིད་རིམ་
༡༠༩སྤྱི་ལྟར་ཤེས་པར་བྱ། གཉིས་པ་དམ་ཚིག་ལམ་དུ་ཁྱེར་བ་ནི་དབང་དང་དངོས་གྲུབ་ཐོབ་པའི་གེགས་བརྒྱད་སྤངས་དགོས་ཏེ། དེའང་འདི་ལྟར། སྔོན་འབྱུང་སྟོན་པ་སློབ་དཔོན་ལ། །བཀའ་གཅག་བརྙས་པ་བྱེད་པ་ནི། །དབང་དང་དངོས་གྲུབ་དང་པོའི་གེགས། །བླ་མེད་འགྲོ་བའི་རྡོ་རྗེ་སྤུན། །འཁུ་ལྡོག་གདུང་བའི་སེམས་མེད་ན། །དབང་དང་དངོས་གྲུབ་གཉིས་པའི་གེགས། །བྱང་ཆུབ་སེམས་ལ་འདུད་མེད་ཅིང་། །ཐར་ལམ་འདྲེན་པའི་ལྷ་སྤོང་བ། །དངོས་གྲུབ་འབྱུང་བའི་གེགས་གསུམ་པ། །སྙིང་རྗེའི་ཡུལ་གྱུར་སེམས་ཅན་ལ། །ཐག་པ་གཅོད་པ་གེགས་བཞི་པ། །གསང་སྔགས་གསང་བའི་ལྟ་སྤྱོད་རྣམས། །ཡོངས་ལ་སྦྱིན་པ་ལྔ་པའི་གེགས། །ཐར་ལམ་སྟོན་ལ་འདུད་མེད་ཅིང་། །སེར་སྣས་བཅིངས་པ་དྲུག་པའི་གེགས། །གཟུ་ལུམས་དབང་མེད་ལས་ལ་སྤྱོད། །དངོས་གྲུབ་འབྱུང་བའི་གེགས་བདུན་པ། །འདོད་པ་ཁེ་གྲགས་ལྷུར་ལེན་ཅིང་། །གསང་བའི་དམ་ཚིག་སྤོང་བ་ནི། །འདི་ནི་བརྒྱད་པའི་གེགས་སུ་བསྟན། །ཉམས་པ་འདི་དག་སུས་སྤོང་པ། །དངོས་གྲུབ་དབང་གི་སྣོད་དུ་བཤད། །ཅེས་གསུངས་པས་དེ་རྣམས་དབང་དང་དངོས་གྲུབ་ཐོབ་པ་གཉིས་ཀའི་གེགས་སུ་གྱུར་པ་ཡིན་པས་རྟག་ཏུ་མི་འབྱུང་བ་ལ་བརྩོན་པར་བྱ། གསུམ་པ་ལྷ་དང་བཞི་པ་སྙིང་པོ་ལམ་དུ་ཁྱེར་བ་ནི། འདུས་མདོ་ལས། ངན་སོང་གནས་འདྲེན་གྱི་དབང་དང་འབྲེལ་བའི་དབང་དུ་མཛད་དེ། གསང་བདག་བསྒོམ་ཞིང་དེའི་སྙིང་པོ་བཟླ་བར་གསུངས་ཀྱང་འདིར་སྤྱི་ཙམ་དུ། མདུན་གྱི་ནམ་མཁར་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་སྤྲིན་གཏིབས་པ་ལྟར་བསམ་ལ་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་འགྲོའི་ཚིག་བརྒྱ་སྟོང་ལ་སོགས་པ་བརྗོད། རྗེས་འབྲེལ་
༡༡༠དུ། གནས་ལུགས་མ་རྟོགས་པའི་སེམས་ཅན་རྣམས་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྙིང་ནས་བསྐྱེད་པ་དང་། བྱིན་རླབས་ཀྱི་འཇུག་སྒོ་བླ་མའི་རྣལ་འབྱོར་བསྒོམ་ཞིང་མོས་གུས་དྲག་པོས་གསོལ་འདེབས་དང་ལམ་དབང་ལེན་པ་རྣམས་ཀྱིས་ཐུན་ཐམས་ཅད་ཀྱི་མགོ་བཟུང་བར་བྱ་བ་ཡིན་ནོ། །ཁྲིད་དངོས་ལ། སྒྱུ་འཕྲུལ་རྩ་རྒྱུད་ལས། ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པས་དང་པོ་ལྷ་མིའི་ཐེག་པས་རང་གི་འབྲས་བུའི་མི་མཐུན་ཕྱོགས་ངན་སོང་གིས་འཇིགས་ཏེ་མཐོ་རིས་ཀྱི་བདེ་འབྲས་དོན་དུ་གཉེར་ནས་མངོན་མཐོའི་རྟེན་སྒྲུབ་པ་སྐྱེས་བུ་ཆུང་ངུའི་ལམ་དང་། ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་ནི་འཁོར་བས་འཇིགས་ནས་རང་དོན་དུ་ཞི་བདེའི་འབྲས་བུ་མྱང་འདས་དོན་དུ་གཉེར་བ་སྐྱེས་བུ་འབྲིང་གི་ལམ་དང་། བྱང་སེམས་ཐེག་པ་ནི་སྲིད་ཞིའི་མཐའ་གཉིས་ལ་འཇིགས་ནས་མི་གནས་པའི་མྱང་འདས་དོན་དུ་གཉེར་བ་སྐྱེས་བུ་ཆེན་པོའི་ལམ་སྟེ་བཞི་པོ་རྣམས་ཀྱིས་ངེས་པར་འབྱུང་བའི་མཐར་ཐེག་པ་གཅིག་པུ་པ་སྔགས་ཀྱི་ཐེག་པ་ལ་རིམ་གྱིས་ཁྲིད་པར་བྱེད་དེ། དེའང་སྐྱེས་བུ་ཆེན་པོའི་ལམ་གཞིར་བཞག་པའི་བདེ་མྱུར་གྱིས་ཁྱད་པར་དུ་བྱས་པས་མི་ཚེ་བཅུ་དྲུག་ནས་ཚེ་གཅིག་གིས་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་པ། སྔགས་ཕྱི་པ་བྱ་སྤྱོད་རྣལ་འབྱོར་གསུམ། ནང་རྒྱུད་ཡོ་ག་རྣམ་གསུམ་ལྟ་སྤྱོད་གོང་ནས་གོང་དུ་འཕགས་པའི་ཚུལ་གྱིས་ཉམས་སུ་བླང་བར་བྱ་བ་ཡིན་ནོ། །ཐེག་རིམ་དགུ་པོའ་ཁྲིད་རྣམས་ཀྱང་སྤྱིར་ཐེག་པ་ལམ་ཁྱེར། ལྷ་ལམ་ཁྱེར། སྙིང་པོ་ལམ་ཁྱེར། བསླབ་བྱ་ལམ་ཁྱེར་བཞི་ལ་རྟེན་བྱས་ནས་བྱེ་བྲག་སོ་སོའི་ངང་སྒོམ་ཉམས་སུ་ལེན་དགོས་ཤིང་། ལམ་ཁྱེར་བཞིའི་དང་པོ་ཐེག་པ་ལམ་དུ་ཁྱེར་བ་ལ། བདེ་འདུས་
༡༡༡སྤྱི་ཆིངས་ལས། འཇུག་སྒོ་ལྟ་བ་ཚུལ་ཁྲིམས་དང་། །སྒོམ་པ་ཕྲིན་ལས་འབྲས་བུ་རྣམས། །རིམ་པ་བཞིན་དུ་ཤེས་བྱ་སྟེ། །ཞེས་པ་ལྟར་དོན་ཚན་དྲུག་རེས་བསྟན་པ་ལྟར་རིམ་པ་བཞིན་དུ་འཆད་པར་བྱ་བ་ཡིན་ནོ། །དེ་ལྟར་སྨོས་པའི་ཁྲིད་རིམ་དངོས་ལ་བཅུ། ལྷ་མི། ཉན་ཐོས། རང་རྒྱལ། བྱང་སེམས། བྱ་སྤྱོད། རྣལ་འབྱོར། མ་ཧཱ། ཨ་ནུ། ཨ་ཏི། ཞར་བྱུང་ཚེ་ཁྲིད་བཅས་པའོ། །དང་པོ་ལྷ་མིའི་ཐེག་པ་ནི། སློབ་དཔོན་སངས་རྒྱས་གསང་བས། གཞི་ཡི་ཐེག་པ་དང་པོར་ཞོག །ཅེས་གསུངས་པ་ལྟར་ཐེག་པ་ཐམས་ཅད་ཀྱི་གཞིའམ་ཕྱི་མོར་གྱུར་པ་སྔོན་དུ་འགྲོ་བ་སྟེ། དེ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལམ་ཁྱེར་བཞིའི་ཐོག་མ་ཐེག་པ་ལམ་དུ་ཁྱེར་བ་ལ། འཇུག་པའི་སྒོ་ནི། ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་མཐོ་རིས་ཀྱི་བདེ་འབྲས་འདོད་པས་མི་དགེ་བཅུ་སྤོངས་པའི་སྒོ་ནས་འཇུག་སྟེ། དེ་ལ་མི་དགེ་བཅུ་ནི། ལུས་ཀྱི་ལས་སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་ལོག་དང་གསུམ། ངག་གི་ལས་རྫུན་ཕྲ་མ། ངག་འཁྱལ། ཚིག་རྩུབ་དང་བཞི། ཡིད་ཀྱི་ལས། བརྣབ་སེམས། གནོད་སེམས། ལོག་ལྟ་དང་གསུམ་སྟེ། སློབ་དཔོན་རྟ་དབྱངས་ཀྱིས། ལུས་ཀྱི་དབྱེ་བ་རྣམ་གསུམ་སྟེ། །ངག་གི་དབྱེ་བ་རྣམ་པ་བཞི། །ཡིད་ཀྱི་རབ་ཏུ་དབྱེ་བ་གསུམ། །མི་དགེ་བཅུ་རུ་དེ་དག་འདོད། །ཅེས་གསུངས་སོ། །ལྟ་བ་ནི། འཇིག་རྟེན་ཕ་རོལ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་སོ། །ཚུལ་ཁྲིམས་ནི། མི་དགེ་བཅུ་སྤོང་གི་གཏན་ཁྲིམས་
༡༡༢སམ། དུས་ཁྲིམས་ཡན་ལག་བརྒྱད་པའི་གསོ་སྦྱོང་ངོ་། །སྒོམ་པ་ནི། སྤྱིར་རང་གི་འབྲས་བུ་འབྱིན་ནུས་ཀྱི་བར་དུ་གོམས་པར་བྱེད་པ་ཡིན་ལ། བྱེ་བྲག་ཁམས་གོང་མར་སྐྱེ་བ་ལ། རང་རང་གི་ས་འོག་མ་ལ་རགས་པར་ལྟ་ཞིང་། རང་ས་ལ་ཞི་བར་ལྟ་བས། ས་འོག་མའི་ཆགས་པ་བྲལ་བྱེད་ཀྱི་ལམ་ཚད་མེད་བཞི་དང་། བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་བརྒྱད་སྒོམ་པའོ། །སྤྱོད་པ་ནི། ཟག་པ་དང་བཅས་པའི་དགེ་བཅུའི་ལས་ལམ་འཁོར་བཅས་ལ་སྤྱོད་པ་སྟེ། དེའང་ལུས་ཀྱི་ལས། སེམས་ཅན་གྱི་སྲོག་སྐྱོབ་པ། སྦྱིན་པ་གཏོང་བ། ཚུལ་ཁྲིམས་བསྲུང་བ་དང་གསུམ། ངག་གི་བདེན་པར་སྨྲ་བ། མི་མཛའ་བསྡུམ་པ། ཞི་ཞིང་ངེས་པར་སྨྲ་བ། གཞན་གྱི་ཡོན་ཏན་བརྗོད་པ་དང་བཞི། ཡིད་ཀྱི་ཆོག་ཤེས་པ། གཞན་ལ་བྱམས་པ། ལས་འབྲས་ལ་ཡིད་ཆེས་བསྐྱེད་པ་དང་གསུམ་མོ། །འབྲས་བུ་ནི། དགེ་བའི་ལས་སྟོབས་ཆེ་ཆུང་གིས་གླིང་བཞིའི་མི་དང་འདོད་ལྷ་རིས་དྲུག་སྟེ། མཐར་ཐུག་མིའི་འཁོར་ལོས་བསྒྱུར་རྒྱལ་དང་། འདོད་ལྷའི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་བར་བགྲོད་ཅིང་། གཟུགས་ལ་ཆགས་བྲལ་མ་ཐོབ་ཅིང་བསམ་གཏན་བཞིའི་རོ་ལ་ཆགས་པས་གཟུགས་ཁམས་ཀྱི་ལྷ་དང་། གཟུགས་མེད་པའི་སྙོམས་འཇུག་མིང་བཞི་ལ་ལྡན་པའི་ཏིང་ངེ་འཛིན་ལ་བདག་ཏུ་བཟུང་བས་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷར་སྐྱེ་བ་ཡིན་ནོ། །འདི་སོགས་ཐེག་པ་འོག་མའི་རང་འབྲས་རྣམས་སྐབས་འདིར་ཆེད་དུ་བསྒྲུབ་པར་བྱ་བ་མ་ཡིན་ཀྱང་སོ་སོའི་རང་སྐལ་ཙམ་དུ་བཤད་པའོ། །གཉིས་པ་ལྷ་ལམ་ཁྱེར་ནི། ངན་སོང་སྦྱོང་བའི་ལྷ་ཀུན་རིག་རྣམ་སྣང་། ལས་སྒྲིབ་སྦྱོང་བའི་ལྷ་མི་འཁྲུགས་པ། དུས་བཟང་གསུམ་ལ་སྟོང་གི་ལྷ་མུ་གེའི་སྐལ་བ་ལས་ཐར་བྱེད་ཤཱཀྱ་ཐུབ་པ།
༡༡༣ཉའི་ལྷ་མཚོན་གྱི་སྐལ་བ་ལས་ཐར་བྱེད་སྣང་བ་མཐའ་ཡས། ཚེས་བརྒྱད་ཀྱི་ལྷ་ནད་སྐལ་ལས་ཐར་བྱེད་སྨན་བླ་སྟེ་ལྷ་དེ་དག་སོ་སོའི་སྐུའི་རྣམ་པ་དྲན་ཅིང་ཡོན་ཏན་ལ་དད་ཅིང་མོས་པས་རྒྱལ་བའི་བཀའ་ལས་མི་འདའ་བར་བསླབ་པར་བྱའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། རྣམ་སྣང་གི་དུརྒ་མི་འཁྲུགས་པའི་ཀཾ་ཀ་ནི། ཐུབ་པའི་མུ་ནི། སྣང་མཐའི་པདྨ་དྷ་རི། སྨན་བླའི་བྷཻ་ཥ་ཛྱའི་གཟུངས་རྣམས་བཟླ་ཞིང་། གཟུངས་མི་ཤེས་ན་ལྷ་སོ་སོའི་མཚན་ནས་བརྗོད་པའི་སྐྱབས་འགྲོ་ལ་འབད་དོ། །དེ་ཡང་དུས་བཟང་གི་ལྷ་གསུམ་ནི་དུས་དེ་དང་དེའི་ཚེ་སྔ་དྲོ་གསོ་སྦྱོང་བླངས་ནས་སོ་སོའི་ལམ་ཁྱེར་གཉིས་ལ་བསླབ་པ་ཡིན་པས། རྒྱུན་དུ་རྣམ་སྣང་དང་མི་འཁྲུགས་པའི་ལམ་ཁྱེར་ལ་གཙོ་བོར་དྲིལ་བས་ཆོག་གོ །བཞི་པ་བསླབ་བྱ་ལམ་དུ་ཁྱེར་བ་ནི། སྤྱིར་ངོ་ཚ་ཁྲེལ་ཡོད་ཀྱིས་ཀུན་ནས་བསླངས་ཏེ་ལུས་ངག་གི་བྱ་བ་ཡ་རབས་ཀྱི་ཚུལ་དང་མཐུན་པའི་སྤྱོད་པ་གསུམ་ལ་བསླབ་དགོས་ཏེ། དམ་པའི་རྒྱན་ལས། བཀུར་བར་འོས་པ་ལེགས་ཁུར་ཞིང་། །མགོན་མེད་རྣམས་ལ་ལྷག་པར་བྱམས། །བྱས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མཛད་སྤྱོད་ཡིན། །ཞེས་གསུངས་པ་ལྟར་རོ། ཁྱད་པར་མི་ཆོས་བཅུ་དྲུག་ལ་བསླབ་སྟེ། འབྱེད་པ་ལེའུ་ཆུང་ལས། དཀོན་མཆོག་གསུམ་ལ་དད་པ་སྐྱོ་ངལ་མེད་པར་བྱེད་པ་དང་། དོན་དམ་པར་དམ་པའི་ཆོས་བཙལ་བ་དང་། གཙུག་ལག་བཟང་པོ་ལ་མཁས་པར་སློབ་པ་དང་། ཅི་ལའང་དྲན་ཅིང་ཚོད་ཟིན་པ་བྱ་བ་དང་། མ་བཅོལ་བའི་ལས་ལ་གཏོགས་འདོད་མི་བྱེད་པ་དང་། མིག་མཐོ་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་སྙེགས་པ་དང་། དུས་གསུམ་གྱི་ཕ་མ་ལ་དྲིན་ལན་བསླན་པ་དང་། ཕུ་ནུ་དང་ཕ་ཚན་ནང་དུ་ཤོངས་
༡༡༤ཡངས་ཆེ་བ་དང་། རིམ་པས་རྒན་པ་ལ་བཀུར་སྟི་བྱ་བ་དང་། ཁྱིམ་མཚེས་ལ་བྱམས་པར་བྱ་བ་དང་། གཉེན་གྲོགས་ཀྱི་དགེ་བཤེས་ལ་དཀའ་ལས་ཀྱི་ཕན་འདོགས་པ་དང་། སྲིད་ཀྱིས་འབྲེལ་བའི་ཉེ་རིང་ལ་ཆབ་གང་མཐར་དབྱུང་བ་དང་། རིག་བྱེད་བཟོ་ལ་མཁས་པས་གཞན་ལ་ཕན་པ་དང་། ལྟོས་པའི་མི་དྲིན་གྱིས་སྐྱབས་འོག་ཏུ་གཞུག་པ་དང་། ངན་བྱེད་ཀྱི་གྲོས་བཀག་ནས་རྒྱལ་ཁམས་བདེ་ཡངས་ཀྱི་གྲོས་གཞི་འདིང་བ་དང་། ལས་མཐའ་ཆོས་ལ་གཏད་དེ་ཕྱི་མར་བུ་སྨད་ཀྱིས་བྱང་ཆུབ་ཀྱི་གཞི་ཐོབ་པར་བྱའོ། ཞེས་པ་ལྟར་མིའི་ཆོས་ལུགས་གཙང་མ་ལ་བསླབ་པར་བྱ་དགོས་སོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། རང་གི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྟག་ཏུ་ཞུགས་པར་མོས་ལ། དེ་ཉིད་ཡང་ནས་ཡང་དུ་གསལ་གདབ་ཅིང་རྗེས་སུ་དྲན་པའི་སྒོ་ནས་རང་གི་བྱ་བྱེད་ཀྱི་བླང་དོར་ཐམས་ཅད་དེས་བསྟན་པའི་བཀའ་ལས་མི་འདའ་བར་བསླབ་པར་བྱའོ། ཞེས་དྲན་པ་དང་ཤེས་བཞིན་གྱིས་མཉམ་པར་འཇོག །དེ་ནས་སེམས་ཅན་ཐམས་ཅད་བདེ་བ་ཚད་མེད་པ་དང་ལྡན་པར་གྱུར་ཅིག་སྙམ་དུ་དྲན་པ་རྩེ་གཅིག་ལ་མཉམ་པར་འཇོག་པ་སོགས་ཚད་མེད་བཞི་སྒོམ་པར་བྱ། དེ་ནས་ངང་སྒོམ་ཆུང་ངུ་ནས་འབྱུང་བ་ལྟར་བསམ་གཟུགས་ཀྱི་ཏིང་ངེ་འཛིན་སྒོམ་སྟེ། འདི་ལྟར། འདོད་ཡོན་གྱི་ཉེས་དམིགས་དང་བསམ་གཏན་གྱི་ཕན་ཡོན་ཤེས་པར་བྱས་ནས། སྟན་བདེ་བ་ལ་ལུས་གནད་གཡོ་མེད་དུ་བཅིངས། དམིགས་པའི་གནད་སེམས་ཕྱིར་མི་གཡེང་བར་ནང་དུ་བླན་ཏེ་དམིགས་པ་ལ་དང་པོར་རྩེ་གཅིག་ཏུ་འཇོག །དེ་ནས་རྣམ་རྟོག་སྐྱེར་མི་འཇུག་པར་དེ་ཉིད་ཀྱི་སྟེང་དུ་མ་བཅོས་པར་འཇོག་པ་ནི་རྒྱུན་དུ་འཇོག་པ་ཞེས་བྱ་ཞིང་། དེ་ནས་རིམ་པར་
༡༡༥བསླན་ཏེ་འཇོག་པ། ཉེ་བར་འཇོག་པ། འདུལ་བར་བྱེད་པ། ཞི་བར་བྱེད་པ། ཉེ་བར་ཞི་བར་བྱེད་པ། རྩེ་གཅིག་ཏུ་བྱེད་པ། མཉམ་པར་འཇོག་པ་སྟེ་སེམས་གནས་པའི་ཐབས་དགུ་ལ་མན་ངག་དང་ལྡན་པས་མཉམ་པར་གཞག་པས། འདོད་ཡོན་ལ་ཆགས་སྡང་དང་བྲལ་བའི་ཏིང་ངེ་འཛིན་རྩེ་གཅིག་པ་དང་། ལུས་སེམས་ལ་ཤིན་སྦྱངས་ཐོབ་པའི་དགའ་བདེ་སྐྱེ་ཞིང་། འདོད་ཡོན་ཕྲ་མོས་གོས་མ་གོས་ཀྱི་རྟོག་དཔྱོད་དང་བཅས་པ་སྟེ་བསམ་གཏན་དང་པོའོ། །དེ་ཉིད་བརྟན་ནས་ནང་དུ་ཤེས་པ་རང་ལུགས་སུ་བཞག་སྟེ་སྦྱངས་པས། སྔར་གྱི་རྟོག་དཔྱོད་ཀྱི་ཞེན་པ་ནུབ་ཅིང་ལུས་སེམས་ལ་དགའ་བདེ་སྔར་ལས་ལྷག་པ་སྐྱེས་པ་ནི་བསམ་གཏན་གཉིས་པའོ། །དེ་ནས་དགའ་བ་ལ་ཞན་མེད་ཀྱི་རྣལ་འབྱོར་སྒོམས་པས་ལུས་ཀྱི་དགའ་བདེའི་ཞེན་པ་ནུབ་ནས་སེམས་བདེ་གཡོ་མེད་ཀྱིས་ཁྱབ་པའི་ཏིང་ངེ་འཛིན་ནི་བསམ་གཏན་གསུམ་པའོ། །དེ་ནས་སེམས་ཀྱི་བདེ་བ་ལ་ཆགས་ཞེན་མེད་པའི་རྣལ་འབྱོར་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་ཅན་བསྒོམས་པས་རླུང་གི་གཡོ་བ་འགགས་ཤིང་བདེ་བའི་ཞེན་པ་ནུབ་ནས་སེམས་གསལ་དྭངས་ལ་རྩེ་གཅིག་ཏུ་གནས་པ་ནི་བསམ་གཏན་བཞི་པའོ། །དེ་ལྟར་སློབ་དཔོན་སངས་རྒྱས་གསང་བས། ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པས་སོ་སོར་བདག་འཛིན་ཅིང་། །གཟུགས་རྣམས་ཀུན་ལ་བདག་ཏུ་རྟོག །འདི་ནི་ཚངས་གནས་རིམ་པར་སྐྱེ། །ཞེས་གསུངས་སོ། །དེ་ནས་བསམ་གཏན་གཞིའི་འདུ་ཤེས་ལ་ཡིད་བྱུང་ནས། གཟུགས་མེད་པའི་སྙོམས་འཇུག་བཞི་སྒོམ་སྟེ། དེ་ལ་གཟུགས་སྣང་སྣ་ཚོགས་པ་འདི་དག་ནམ་མཁའ་དང་འདྲ་བའོ་ཞེས་སྣང་མེད་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བཞག་པས་སྣང་བ་ཐམས་ཅད་རིམ་གྱིས་
༡༡༦ནུབ་ནས་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི་ངང་ལ་གནས་པ་ནི་ནམ་མཁའ་མཐའ་ཡས་སོ། །དེ་ལས་འདས་ནས་སེམས་རང་གི་ངོ་བོ་ལ་གཡོ་མེད་དུ་བཞག་པས་སྔར་གྱི་སྟོང་འཛིན་གྱི་འདུ་ཤེས་དེ་ཡང་ནུབ་ནས་རྣམ་ཤེས་རིག་ཙམ་མཐའ་དབུས་མེད་པ་ལ་གནས་པ་ནི་རྣམ་ཤེས་མཐའ་ཡས་སོ། །དེ་ནས་རྣམ་ཤེས་ཀྱི་ངོ་བོ་ཡང་སྟོང་ཉིད་དངོས་མེད་ཅི་ཡང་མེད་པའོ་ཞེས་རྩེ་གཅིག་ཏུ་བསྒོམས་པས་རྣམ་ཤེས་ཀྱི་འཛིན་པའང་རིམ་གྱིས་ནུབ་ནས་གཟུགས་སེམས་ཀྱི་མཚན་མ་ཅུང་ཟད་ཀྱང་མེད་པའི་ངང་ལ་གནས་པ་ནི་ཅི་ཡང་མེད་པའོ། །དེ་ལས་འདས་ནས་ཆོས་གང་ལའང་ཡོད་པ་དང་མེད་པའི་འཛིན་པ་དོར་ཏེ་ཅི་ཡང་ཡིད་ལ་རྩོལ་མེད་དུ་བཞག་པས། ཅི་ཡང་མེད་པའི་འཛིན་པའང་གྲོལ་ནས་འཇིག་རྟེན་པའི་མི་རྟོག་རབ་ཀྱི་རྩེ་མོར་ཕྱིན་པ་ནི་སྲིད་རྩེའི་སྙོམས་འཇུག་གོ །དེ་ལྟར་ཡང་སྔ་མ་ལས། མཉམ་དང་གཟུགས་མེད་མ་རྟོགས་ནས། །མིང་གཞི་ཡིན་པར་མ་ཤེས་ཏེ། །སྐྱེ་མཆེད་བཞི་ལ་གནས་གྱུར་ན། །སྲིད་པའི་རྩེ་མོའ་ས་རུ་སྐྱེ། །ཞེས་གསུངས་སོ། །དེས་ན་ཇི་སྐད་དུ། འཇིག་རྟེན་དང་པོ་བསམ་གཏན་བཞི། །སྙོམས་འཇུག་བཞི་གོལ་ས་དགུ་སྟེ། །ཞེས་པས་བསམ་གཟུགས་བརྒྱད་ཀྱི་སྟེང་དུ་འདོད་ཁམས་ཀྱི་ས་གཅིག་སྟེ་གོལ་ས་དགུར་ལམ་རིམ་དུ་གསུངས་མོད། དེ་ལྟར་ནའང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་རྟེན་དུ་འགྱུར་བ་མི་འགལ་ཞིང་། ཁྱད་པར་དུའང་ལམ་གོང་མིའི་ཡོན་ཏན་གྱི་རྟེན་དུ་འགྲོ་བ་ལ་བསམ་གཏན་བཞིའི་ཏིང་ངེ་འཛིན་བཟང་པས་དེ་ཉིད་བསྒོམ་པ་ལ་ཐོག་མར་འབད་པར་བྱའོ། །གཉིས་པ་ཉན་ཐོས་ཀྱི་ཐེག་པའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མ་ཐེག་པ་ལམ་དུ་ཁྱེར་བ་ལ་འཇུག་པའི་སྒོ་ནི། འཁོར་བའི་ཉེས་
༡༡༧དམིགས་མཐོང་ནས་རང་ཉིད་ཞི་བདེ་འདོད་པས། འཕགས་པའི་བདེན་པ་བཞིས་བསྡུས་པའི་རྣམ་པ་བཅུ་དྲུག་ལ་དམིགས་པའི་རྒྱུ་འབྲས་སྤང་བླང་གི་སྒོ་ནས་འཇུག །ལྟ་བ་ནི། གཟུང་ཡུལ་དངོས་པོ་རགས་སྣང་དང་འཛིན་པ་སེམས་ཀྱི་རྒྱུན་འདི་རང་བཞིན་མེད་པར་འདོད་པས་གང་ཟག་གི་བདག་མེད་རྟོགས་ནའང་། རགས་སྣང་རྩོམ་གཞི་རྡུལ་ཕྲན་བྱེ་སྨྲས་ཆ་ལྡན་སིལ་བུ་དང་། མདོ་སྡེ་པས་རེག་ལ་མ་འབྱར་བའི་ཆ་མེད། འཛིན་སེམས་སྐད་ཅིག་མ་བྱེ་མདོ་གཉིས་མཐུན་པར་དུས་ཀྱི་ཆ་དང་བྲལ་བར་འདོད་པས་ན། གཟུང་འཛིན་ཕྲ་བ་དོན་དམ་བདེན་པར་ལྟ་བས་ཆོས་ཀྱི་བདག་མ་རྟོགས་པ་སྟེ། ལྟ་རིམ་ལས། ཆོས་ཙམ་ལྟ་བའི་ཉན་ཐོས་པ། །མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། །ཤེས་པ་སྐད་ཅིག་སྣང་བྱེད་མཐུན། །ཞེས་གསུངས། །ཚུལ་ཁྲིམས་ནི། སོ་ཐར་རིགས་བརྒྱད་གང་རུང་སྟེ། །མཛོད་ལས། སོ་སོ་ཐར་ཞེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤང་བ་ནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེ་དང་དགེ་སློང་ཉིད། །ཅེས་སོ། །སྒོམ་པ་ནི། ཉན་ཐོས་ཀྱི་སྡེ་སྣོད་ཐོས། ཐོས་དོན་བསམ། བསམ་པའི་དོན་སྒོམ་པ་ལ་འཇུག་པ་སྟེ། དེ་ལ་ཞི་གནས་ནི། ཉོན་མོངས་པ་གང་དང་གང་ཤས་ཆེ་བ་དེ་དང་དེའི་གཉེན་པོར་རིམ་བཞིན། འདོད་ཆགས་ལ་མི་སྡུག་པ། ཞེ་སྡང་ལ་བྱམས་སྙིང་རྗེ། གཏི་མུག་ལ་རྟེན་འབྲེལ་གྱི་རབ་དབྱེ། རྣམ་རྟོག་ལ་དབུགས་འབྱུང་རྔུབ་བགྲང་བ། ང་རྒྱལ་ལ་ཁམས་ཀྱི་རྣམ་པའི་རབ་དབྱེ་རྣམས་སྒོམ་པས་སེམས་ལས་སུ་རུང་བར་བྱས་རྗེས། ལྷག་མཐོང་ནི། བདེན་བཞིའི་
༡༡༨རྣམ་པ་བཅུ་དྲུག་སྒོམས་པས། ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤོང་བ་སོགས་ཡེ་ཤེས་བཅུ་དྲུག་གིས་སྤོང་སྟེ། བདེན་བཞི་རེ་རེ་ལའང་། ཆོས་ཤེས། ཆོས་བཟོད་དང་། རྗེས་ཤེས། རྗེས་བཟོད་དེ་བཅུ་དྲུག་གོ །སྤྱོད་པ་ནི། སྦྱང་ཡོན་བཅུ་གཉིས་ལ་གནས་པས་རང་དོན་གཙོ་བོར་སྤྱོད་པའོ། །འབྲས་བུ་ནི། ལམ་ལྔ་བྱང་ཕྱོགས་སོ་བདུན་གྱི་རིམ་པས་བགྲོད་པའི་འཕགས་ལམ་ནི་དགེ་སྦྱོང་གི་འབྲས་བུ་བཞི་སྟེ། རྒྱུན་ཞུགས་དང་། ལན་གཅིག་ཕྱིར་འོང་དང་། ཕྱིར་མི་འོང་དང་། དགྲ་བཅོམ་པ་སྟེ་སྐྱེས་བུ་ཟུང་བཞི་དང་། རེ་རེ་ལའང་ཞུགས་གནས་གཉིས་གཉིས་སུ་བྱེ་བས་ཡ་བརྒྱད་དུ་འདོད་དོ། །དེའང་ཉན་ཐོས་ཀྱི་རྟོགས་བྱ་ཐམས་ཅད་འདིར་ཡང་རྟོགས་དགོས་མོད། ཐོབ་བྱ་རྣམས་ནི་ཐེག་ཆེན་གྱི་གོལ་ས་ཡིན་པའི་ཕྱིར། ལམ་སྟེགས་སུ་མངོན་དུ་བྱེད་དགོས་པ་མ་ཡིན་ནོ། །གཉིས་པ་ལྷ་ལམ་ཁྱེར་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མདུན་དུ་སྤྱན་དྲངས་ཏེ། བཞུགས་པ་ལས་དམིགས་ནས་ཕྱག་མཆོད་འབུལ་བ་སོགས་ཀྱིས་ཚོགས་བསག་གོ །གསུམ་པ་སྙིང་པོ་ལམ་ཁྱེར་ནི། ལྷ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཀྱིས་ལུས་སེམས་ཀྱི་སྐྱོན་སྦྱངས་ཤིང་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། མུ་ནིའི་གཟུངས་བཟླ་བའོ། །བཞི་པ་བསླབ་བྱ་ལམ་ཁྱེར་ནི། མི་དགེ་བཅུ་དགྲ་ལྟར་སྤོང་ཞིང་། དགེ་བཅུ་འཆི་གསོས་ཀྱི་སྨན་མཆོག་ལྟར་བརྟེན་པར་བྱའོ། །དེའང་ཐུན་མོང་དུ་འདུ་ཤེས་བཅུ་སྟེ། སྲོག་གཅོད་པ་ལ་བཙན་དུག་ལྟ་བུའི་འདུ་ཤེས་དང་། ཉོན་མོངས་པ་ལ་དུག་སྦྲུལ་ལྟ་བུའི་འདུ་ཤེས་དང་། ཁ་ཟས་ལ་རྒན་རྒོན་བུ་ཤ་ཟ་བ་ལྟ་བུའི་འདུ་ཤེས་དང་། གོས་ལ་སྨད་དཀྲིས་ལྟ་བུའི་འདུ་ཤེས་དང་། སྙེད་བཀུར་ལ་རྒྱ་དང་
༡༡༩རྙི་ལྟ་བུའི་འདུ་ཤེས་དང་། བླ་མ་དང་དཀོན་མཆོག་ལ་ནོར་བུ་རིན་པོ་ཆེ་ལྟ་བུའི་འདུ་ཤེས་དང་། ཆོས་ལ་ལམ་བཟང་པོ་ལྟ་བུའི་འདུ་ཤེས་དང་། སངས་རྒྱས་ཀྱི་བསྟན་པ་ལ་གསེར་ལྟ་བུའི་འདུ་ཤེས་དང་། ཚུལ་ཁྲིམས་ལ་རྒྱན་ལྟ་བུའི་འདུ་ཤེས་དང་། ཆོས་ཉིད་མངོན་དུ་གྱུར་པ་ལ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་འདུ་ཤེས་རྣམས་ལ་བསླབ་པར་བྱའོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ལ། ཐོག་མར་ཞི་གནས་ནི། ཚེ་འདི་དང་འཁོར་བ་ལ་ཡིད་འབྱུང་བའི་སྐྱོ་ཤས་ཀྱིས་འདུ་འཛི་དང་མི་དགེ་བའི་སེམས་སྤངས་ཏེ། བསྒོམ་བྱའི་ངོ་བོ་ནི། རང་གི་དཔྲལ་བར་རུས་པའི་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་བསྒོམ། དེ་ལ་ཤེས་པ་གཏད་དེ་བཞག་པས། ཐིག་ལེ་དེ་ཇེ་ཆེ་ཇེ་ཆེར་འཕེལ་བས་སྣང་བ་ཐམས་ཅད་ཀེང་རུས་སུ་སྐྱ་ཁྲོལ་གྱིས་སོང་བ་ལ་རྩེ་གཅིག་ཏུ་མཉམ་པར་གཞག་དེ་ལས་ཡང་སྡུད་པའི་སྦྱོར་བས་རང་ལུས་ཙམ་ཀེང་རུས་སུ་དམིགས་ནས་བསྒོམ་སྟེ། མཛོད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལ། །རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པ་ལས་དང་པོ། །ཞེས་པས་འདི་ནི་ལས་དང་པོ་པའི་མི་སྡུག་པ་སྒོམ་ཚུལ་ཏེ། དེ་ལ་བརྟེན་ནས་སྤྲོ་བ་སྔར་བཞིན་ལས་བསྡུ་བ་ན་རྐང་རུས་བོར་བ་ནས་ཐོང་ཕྱེད་ཀྱི་བར་དང་། ཤིན་ཏུ་བརྟན་ནས་ཐོད་ཕྱེད་ཀྱང་བསྡུས་ལ་སྨིན་མ་གཉིས་ཀྱི་བར་དུ་སེམས་འཛིན་པ་སྟེ། དེ་ལས། རྐང་རུས་ནས་ནི་ཐོད་ཕྱེད་བར། །བཏང་བས་སྦྱང་བ་བྱས་པར་བཤད། །སྨིན་མའི་བར་དུ་སེམས་འཛིན་པས། །ཡིད་ལ་རྫོགས་པ་བྱེད་པ་ཡིན། །ཞེས་གསུངས། དེ་ལྟར་མི་སྡུག་པའི་ཏིང་ངེ་འཛིན་གྱིས་ཆགས་སྡང་འགགས་ནས་སེམས་ལས་སུ་རུང་བ་དང་། དེ་ནས་ལྷག་མཐོང་སྒོམ་སྟེ། ལམ་ལྔར་བྱང་ཕྱོགས་སོ་བདུན་ནམ། བདེན་གཞི་
༡༢༠རྣམ་པ་བཅུ་དྲུག་ཏུ་ཕྱི་ནས་བསྒོམ་པ་ཡིན་ནའང་། འདིར་ལམ་གོང་མའི་སྟེགས་སུ་གང་ཟག་གི་བདག་མེད་བསྒོམ་པའི་ལྟ་ཁྲིད་ཙམ་ཞིག་བསྟན་པར་བྱའོ། །དེ་ཡང་རང་ལུས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་ལ་བདག་ཏུ་སྒྲོ་བཏགས་ནས་ངར་འཛིན་འཇུག་པས། དེ་སུན་དབྱུང་བའི་དོན་དུ་འདི་ལྟར་བསྒོམ་སྟེ། ངའོ་ཞེས་རྣམ་པར་བཏགས་པའི་ཡུལ་ལ་དམིགས་ན་ང་ཞེས་བྱ་བ་གྲུབ་པ་མེད་དེ། ལུས་རྣམས་རྡུལ་ཕྲན་གྱི་བར་དུ་བཤིག་ཅིང་། སེམས་ཀྱང་སྐད་ཅིག་གི་བར་དུ་རྣམ་པར་བཤིགས་པ་ན། ལུས་སེམས་གཉིས་ཀྱང་ང་མ་ཡིན་ལ། དེ་གཉིས་ཀྱི་ཚོགས་པའང་མ་གྲུབ་པས་ང་མ་ཡིན། དེ་གཉིས་ལས་ལོག་པའང་མེད་པའི་ཕྱིར། གང་ཟག་མེད་པར་རྟོགས་པ་ན། དེའི་ངང་ལ་མཉམ་པར་གཞག་པར་བྱའོ། །དེ་ལྟར་གཏན་ལ་ཕབ་སྟེ་སྒོམ་པས། ངའམ་བདག་ཏུ་འཛིན་པ་ལོག་པས་ནི། ང་ཡིར་འཛིན་པའམ་བདག་གིར་འཛིན་པ་མི་འབྱུང་ཞིང་། དེ་ལྟར་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་དང་བདག་གིར་འཛིན་པ་ལོག་པས་ནི་ཉོན་མོངས་པ་ལྡོག །དེ་ལོག་པས་ལས་ཟད་པར་འགྱུར་ལ། ལས་དང་ཉོན་མོངས་པ་ཟད་པས་ནི་སྐྱེ་བ་ཟད་པར་འགྱུར་བས་ན་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། དབུ་མ་ལས། ལས་དང་ཉོན་མོངས་ཟད་ལས་ཐར། །ཞེས་གསུངས་པ་ལྟར་ཡིན་པས་བརྩོན་པས་བསླབ་པར་བྱའོ། །གསུམ་པ་རང་རྒྱལ་ཐེག་པའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མར་ཐེག་པ་ལམ་དུ་ཁྱེར་བ་ལ། འཇུག་པའི་སྒོ་ནི། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག་སྟེ། རྒྱུ་དང་འབྲེལ་བ་ས་བོན་ནས་འབྲས་བུའི་བར་དྲུག །རྐྱེན་དང་འབྲེལ་བ་འབྱུང་ལྔ་དུས་ཀྱི་འགྱུར་བ་དང་དྲུག་གིས་ཕྱིའི་རྟེན་འབྲེལ་བཅུ་གཉིས། རྒྱུ་ཡོད་ན་འབྲས་བུ་འབྱུང་བའི་ལུགས་འབྱུང་
༡༢༡དང་། ལོག་ན་ལྡོག་པའི་ལུགས་ལྡོག་དཔེར་བྱས་ཏེ། ནང་གི་རྟེན་འབྲེལ་དུར་ཁྲོད་ཀྱི་རུས་པ་ལ་བརྟེན་ནས། དེ་རྒ་ཤི་ལས་བྱུང་བ་སོགས་རིམ་གྱིས་བརྟགས་པས། འདི་ལྟར་འཁོར་བའི་རྩ་བ་མ་རིག་པར་རྟགས་ཏེ། དེ་ལོག་ན་འདུ་བྱེད་ནས་རྒ་ཤིའི་བར་ལྡོག་པར་ཤེས་ནས་འཇུག་སྟེ། དེའང་བསྐལ་ཆེན་བརྒྱའི་བར་ཚོགས་བསགས་ལ། སྲིད་པ་ཐ་མའི་ཚེ་མཁན་སློབ་མེད་པར་རང་བྱུང་གི་དགེ་སློང་དུ་གྱུར་ནས་དུར་ཁྲོད་དུ་ཕྱིན་པ་ན། རུས་པ་མཐོང་མ་ཐག་རྟེན་འབྲེལ་འབྱུང་ལྡོག་གི་འགྲོས་རྟོགས་པའི་སྒོ་ནས་སོ། །ལྟ་བ་ནི། གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་བསྣན་པས་བདག་མེད་ཕྱེད་དང་གཉིས་རྟོགས་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས། ཚུལ་ཁྲིམས་ནི། ཉན་ཐོས་དང་འདྲའོ། །སྒོམ་པ་ནི། ཉན་ཐོས་ཀྱི་བདེན་བཞི་རྣམ་པ་བཅུ་དྲུག་གི་སྟེང་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་བསྣན་ནས་སྒོམ། སྤྱོད་པ་ནི། རང་དོན་གཙོ་བོར་སྤྱོད་ཅིང་། གཞན་ལ་ཆོས་སྟོན་པ་ན་ངག་གི་རྣམ་རིག་ལ་མི་བརྟེན་པར་རྫུ་འཕྲུལ་གྱི་བཀོད་པས་ལུས་ཀྱི་རྣམ་རིག་གིས་སྟོན་ནོ། །འབྲས་བུ་ལ་མཚམས་སྦྱོར་བྱེད་རང་རྒྱལ་དུ་སྨོན་ལམ་བཏབ་པ་ལྟར། བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་ཆེན་པོ་དང་ཆུང་ངུ་རྣམས་རིམ་པར་ལམ་ལྔ་དང་། བཞི་དང་། གསུམ་སྟན་ཐོག་གཅིག་ཏུ་མངོན་དུ་རྫོགས་ནས་རང་རྒྱལ་དགྲ་བཅོམ་གྱི་གོ་འཕང་ལ་སྦྱོར་བ་སྟེ། ཐོབ་བྱ་དེ་ཉིད་འདིའི་ལམ་སྟེགས་སུ་མངོན་དུ་བྱེད་མི་དགོས་ཀྱང་། རྟོགས་བྱ་ཐམས་ཅད་འདིར་ཡང་རྟོགས་དགོས་པ་ཡིན་ནོ། །གཉིས་པ་ལྷ་ལམ་ཁྱེར་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ་
༡༢༢ལ་འཁོར་འཕགས་པ་རང་སངས་རྒྱས་ཀྱི་དགེ་འདུན་དང་བཅས་པ་སྤྱན་དྲངས་ཏེ་བཞུགས་པའི་སྤྱན་སྔར་ཚོགས་བསགས་པའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། ལྷ་དེ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཟེར་དཀར་པོས་ལུས་སེམས་ཀྱི་སྐྱོན་སྦྱངས་ཤིང་། རྒྱུད་བྱིན་གྱིས་རླབས་པར་བསམས་ལ། མུ་ནི་དང་རྟེན་འབྲེལ་སྙིང་པོའི་གཟུངས་བཟླ་བའོ། །བཞི་པ་བསླབ་བྱ་ལམ་ཁྱེར་ནི། སྤྱིར་ཉན་ཐོས་ལྟར་དགེ་མི་དགེའི་ལས་ཀྱི་བླང་དོར་མ་ནོར་བར་བྱ་ཞིང་། ཁྱད་པར་མཁས་པར་བྱ་བའི་ཆོས་དྲུག་ལ་མཁས་པར་སློབ་པ་སྟེ། ཆོས་དྲུག་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་དང་། བདེན་པ་རྣམས་སོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། རང་གི་སྤྱི་བོར་ཐིག་ལེ་དམར་པོ་དང་། དེ་ལས་ཁྲུ་གང་ཙམ་གྱིས་མཐོ་བར་ཐིག་ལེ་དཀར་པོ་སྟེ། གཉིས་ཀ་ཆེ་ཆུང་སྲན་མ་ཙམ་དུ་བསྒོམ། དེ་ལྟར་གསལ་ཐེབས་པ་དང་། ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས། དེ་ཇེ་ཆེ་ཇེ་ཆེར་འཕེལ་ནས་སྣང་བ་ཐམས་ཅད་དམར་ལམ་གྱིས་སོང་བ་ལ་རྩེ་གཅིག་ཏུ་མཉམ་པར་གཞག །ཡང་ཐིག་ལེ་དཀར་པོ་ལ་ཤེས་པ་གཏད་པས། དེ་ཇེ་ཆེ་ཇེ་ཆེར་འཕེལ་ནས་སྣང་བ་ཐམས་ཅད་དཀར་ལམ་གྱིས་སོང་བ་ལ་རྩེ་གཅིག་ཏུ་འཇོག་སྟེ། དམར་དཀར་གཉིས་པོ་དེ་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་ཆོས་སུ་ཤེས་པར་བྱ། དེ་ནས་དཀར་དམར་གཉིས་འདྲེས་པ་སྤྱི་བོ་ནས་བབས་ཏེ་སྙིང་གར་ཐིམ་པའི་ངང་ལ་མ་བཅོས་པ་མཉམ་པར་གཞག་གོ །དེ་བརྟན་ནས་ལྟ་ཁྲིད་ནི། ལུས་སེམས་རྡུལ་ཕྲན་དང་སྐད་ཅིག་མའི་བར་དུ་བཤིགས་པ་ཉན་ཐོས་ལྟར་ལས། དོན་དུ་སྣང་བ་རྡུལ་ཕྲན་དུ་བསིལ་བ་དེ་ཡང་རྣམ་པར་བཤིགས་པས་མཐའ་མེད་དུ་གྱུར་ནས་ཅིར་ཡང་མ་གྲུབ་པའི་ངང་ལ་མཉམ་པར་གཞག །དེ་ལྟར་
༡༢༣བསྒོམས་པས་གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ། གཟུང་བ་ཆོས་ཀྱི་བདག་མེད་ཀྱང་རྟོགས་པར་འགྱུར་བ་ཡིན་ནོ། །བཞི་པ་བྱང་སེམས་ཀྱི་ཐེག་པའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་བ། །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མར་ཐེག་པ་ལམ་དུ་ཁྱེར་བ་ལ། འཇུག་སྒོ་ནི། བདེན་པ་གཉིས་ཀྱི་སྒོ་ནས་འཇུག་སྟེ། དོན་དམ་པར་ཆོས་ཐམས་ཅད་དབྱིངས་རང་བཞིན་གྱི་སྤྲོས་པ་དང་བྲལ་བའི་གཤིས་ལུགས་རྟོགས་པའི་ངང་ནས། ཀུན་རྫོབ་ཏུ་རྟེན་འབྲེལ་མ་འགགས་པའི་འཆར་སྒོ་སྒྱུ་མ་ལྟར་སྣང་ཙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ཏེ། དགེ་མི་དགེ་ལ་འཇུག་ལྡོག་གི་ཚུལ་གྱིས་ཐབས་ཤེས་ཟུང་འབྲེལ་གྱི་སྤྱོད་པས་འཇུག་གོ །ལྟ་བ་ནི། བདག་མེད་གཉིས་རྟོགས་པའོ། དེའང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་མེད་བཞིན་དུ་སྣང་བ་ཆུ་ཟླ་ལྟར་རྟོགས་ཤིང་། དོན་དམ་པར་སྤྲོས་པ་ཐམས་ཅད་ཞི་བའི་ཚུལ་དུ་རྟོགས་པས་ན་བདེན་གཉིས་ཀྱི་གནས་ལུགས་རྟོགས་པ་སྟེ། ལམ་རིམ་ལས། མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་ལ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡིན། །ཞེས་གསུངས། ཚུལ་ཁྲིམས་ནི་གསུམ་སྟེ། ཉེས་སྤྱོད་ལས་ལྡོག་པ་སྡོམ་པའི་ཚུལ་ཁྲིམས། བསམ་སྦྱོར་ཐམས་ཅད་གཞན་དོན་དུ་སྤྱོད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། ཕྱིན་དྲུག་གིས་བསྡུས་པའི་ལེགས་སྤྱོད་སྒྲུབ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སོ། །སྒོམ་པ་ནི། སྤྱིར་སློབ་པའི་ལམ་བཞིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། མཐར་ལམ་དུ་གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ལ་སོགས་པ་སྒོམ་པ་ཡིན་མོད། སྙིང་པོར་དྲིལ་ན། ཞི་ལྷག་ཟུང་དུ་འབྲེལ་བའི་རྣམ་པར་མི་རྟོག་པའི་ལམ་སྒོམ་པ་སྟེ། སྤྱོད་འཇུག་ལས།
༡༢༤ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱ་སྟེ། །ཞེས་སོ། །སྤྱོད་པ་ནི། ཕར་ཕྱིན་བཅུ་དང་བསྡུ་བའི་དངོས་པོ་བཞི་གཞན་དོན་དུ་སྤྱོད་པའོ། །འབྲས་བུ་ནི། རང་ལམ་གྱིས་བསྐལ་པ་གྲངས་མེད་གསུམ་ནས་མི་སློབ་པའི་ལམ་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འདོད་མོད། སྔགས་ཀྱི་ཐེག་པ་ལས་ནི། ཕར་ཕྱིན་ཐེག་པའི་ལམ་གྱིས་མཐར་ཕྱིན་པར་བསྒྲུབས་ཀྱང་ས་བཅུ་པའི་བྱང་སེམས་ཀྱི་གོ་འཕང་ལས་ལྷག་པ་མི་ཐོབ་ཀྱང་། སྐབས་དེར་སྔགས་ལམ་ལ་ངེས་པར་ཞུགས་ནས་སངས་རྒྱས་ཐོབ་པས་ན། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་གསུངས་སོ། །གཉིས་པ་ལྷ་ལམ་ཁྱེར་ནི། དོན་དམ་པར་འཕགས་བཞིའི་ཡུམ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལ་བསལ་བཞག་མེད་པར་བསྦྱངས་པས་ཡེ་ཤེས་ཀྱི་ཚོགས་དང་། ཀུན་རྫོབ་ཏུ་བརྡའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བའི་སྐུའི་རྣམ་པ་གསལ་བཏབ་ནས། ཕྱག་མཆོད་འབུལ་བ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་བསགས་པའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། ལྷ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས། འཕགས་པ་རྣམས་སེམས་ཅན་གྱི་དོན་ལ་བསྐུལ་ཞིང་། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ལམ་དང་འབྲས་བུའི་བདེ་བ་ལ་བཀོད། འོད་ཟེར་དེས་བདག་ལ་རེག་པས་གཞན་དོན་སྒྲུབ་པའི་མཐུ་ཐོབ་པར་བསམ་ལ། ཏདྱ་ཐཱ། ག་ཏེ་ག་ཏེ་སོགས་བཟླ་བའོ། །བཞི་པ་བསླབ་བྱ་ལམ་ཁྱེར་ནི། འདི་བྱང་ཆུབ་སེམས་དཔའི་མཛད་པ་ཉི་ཤུའི་དབང་ཡིན་པས། དེ་དང་རྗེས་སུ་མཐུན་པར་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་དགོས། དེ་ལ་སྤང་བྱ་བྱང་སྡོམ་གྱི་མི་མཐུན་ཕྱོགས་རྩ་བའི་ལྟུང་བ་ནི། བསླབ་བཏུས་
༡༢༥ལས། རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ངེས་པ་ལྔ། ཕལ་པ་ལ་ངེས་པ་བརྒྱད། ཐུན་མོང་དུ་སྨོན་སེམས་བཏང་བ་དང་བཅུ་དགུ་གསུངས། སྡོམ་པ་ཉི་ཤུ་པར། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོ་བས་གཞན་ལ་འཚོགས་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་རྩ་ལྟུང་བཞིར་བཤད། ཉེས་བྱས་ཕྲ་བ་ནི་བསླབ་བཏུས་སུ་བརྒྱད་ཅུ་དང་། སྡོམ་པ་ཉི་ཤུ་པར་ཞེ་དྲུག་གསུངས་ཏེ། དེའང་བག་ཡོད། དྲན་པ། ཤེས་བཞིན་གསུམ་དང་ལྡན་པས་ལྟུང་བ་དེ་དག་གིས་མི་གོས་པ་ལ་བསླབ་པ་དང་། ཉིན་མཚན་དུས་དྲུག་ཏུ་རྒྱུན་བཤགས་བྱ་ཞིང་། སྨོན་པའི་བསླབ་བྱ་བདག་གཞན་མཉམ་པ་དང་། བདག་གཞན་བརྗེ་བ་དང་། གཞན་གཅེས་པར་འཛིན་པའི་བྱང་ཆུབ་ཀྱི་སེམས་གསུམ་སྒོམ་པ་དང་། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། བསམ་གཏན་གྱི་འདུག་སྟངས་ཆོས་བདུན་དང་ལྡན་པས། རང་གི་སྙིང་དཀྱིལ་དུ་ཐིག་ལེ་ཅོག་སྒོང་ཙམ་པ་འོད་ཀྱི་རྣམ་པ་ཁ་དོག་གང་ཡང་མ་ངེས་པ་ཞིག་བསྒོམ། དེ་ཡང་། ཐིག་ལེ་སྟོང་པ་སྐྱེ་བ་མེད། །ཅེས་པས་ཐིག་ལེ་དེ་ལ་བརྟགས་པ་ན་ཁ་དོག་གི་རྣམ་པ་མ་འགགས་པར་ཅིར་ཡང་སྣང་ལ། ཁ་དོག་དེ་དག་ལ་བརྟགས་པས་གང་དུའང་མ་གྲུབ་པའི་ངང་ལ་རྩེ་གཅིག་ཏུ་འཇོག་གོ །དེ་ལྟར་དཔྱད་ཅིང་བསྒོམས་པས་བློ་གནས་པ་ན། དཔེ་དེ་དང་འདྲ་བར། བསྒོམ་བྱ་སྒོམ་བྱེད་སྒོམ་པ་ལ་སོགས་པའི་བྱ་བྱེད་ཀྱིས་མཚོན། ཕྱི་ནང་གི་སྣང་བའི་དངོས་པོ་འདི་དག་རྟེན་འབྲེལ་ཙམ་དུ་མ་འགགས་པར་ཤར་ཡང་།
༡༢༦སྣང་ཙམ་ཉིད་ནས་དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པ་རྨི་ལམ་གྱི་སྣང་བ་ལྟ་བུ་དང་། དེ་ལྟར་ཉམས་སུ་མྱོང་མཁན་རང་སེམས་ཀྱི་ངོ་བོ་ལ་ཆེར་གྱིས་བལྟས་ཤིང་བཙལ་བ་ན་དབྱིབས་ཁ་དོག་སོགས་ཅིའི་ངོ་བོར་མ་གྲུབ་པས་འཛིན་མེད་སྟོང་པར་ཐག་བཅད་ནས། ཡུལ་དངོས་མེད་སྟོང་གཟུགས་དང་། ཡུལ་ཅན་འཛིན་སེམས་སྐད་ཅིག་ཆ་མེད་དོ། །ཞེས་མྱོང་མཁན་གྱི་གཉེན་པོ་ཁོ་རང་གི་ངོ་བོ་ལའང་ཆེ་རེ་བལྟས་པས་གཏད་མེད་དུ་སངས་ཏེ། གཟུང་འཛིན་གང་དུའང་མ་གྲུབ་པའི་སྟོང་གསལ་ནམ་མཁའ་ལྟ་བུའི་རིག་པ་སྨྲ་བསམ་བརྗོད་མེད་བློ་བྲལ་དུ་འཆར་ན། དེ་ཀའི་ངང་ལ་བསལ་བཞག་མེད་པར་གློད་པས་བདག་མེད་གཉིས་ཀྱི་དོན་རྟོགས་པར་འགྱུར་ལ། དེ་ལྟར་མཉམ་གཞག་ཏུ་བདག་མེད་གཉིས་རྟོགས་པ་དེ་རྗེས་ཐོབ་ཏུ་དྲན་ཤེས་ཀྱིས་བསྐྱང་བ་ནི། སྣང་བ་གང་ཤར་ཀྱང་མེད་པ་གསལ་སྣང་སྒྱུ་མ་ལྟ་བུར་ཐག་བཅད་ནས་དེ་ཉིད་ལྷ་རྗེས་དྲན་གྱི་སྒོར་དག་པའི་སྣང་བ་ཡུམ་ཤེར་ཕྱིན་གྱི་སྐུའི་རྣམ་པར་ཝལ་གྱིས་གསལ་བཏབ་ནས་རྒྱུན་ཆགས་སུ་བསྐྱང་བར་བྱ་བ་ཡིན་ནོ། །ལྔ་པ་བྱ་སྤྱོད་ཐུན་མོང་གི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མར་ཐེག་པ་ལམ་དུ་ཁྱེར་བ་ལ། འཇུག་སྒོ་ནི། ཁྲུས་དང་གཙང་སྦྲའི་སྤྱོད་པ་དང་དག་པ་གསུམ་གྱི་སྒོ་ནས་འཇུག་གོ །ལྟ་བ་ནི། དོན་དམ་མཐའ་བཞི་དང་བྲལ་བའི་དག་པ་སྟོང་གསལ་གྱི་ཡེ་ཤེས་ཆེན་པོར་རྟོགས་པས། དེའི་ཡོན་ཏན་ཀུན་རྫོབ་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་དག་པར་འདོད་དེ། ལམ་རིམ་ལས། གཉིས་མེད་མཉམ་པ་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །ཞེས་སོ། །ཚུལ་ཁྲིམས་ནི། གསང་བ་སྤྱི་རྒྱུད་དུ་སྤྱིའི་དམ་ཚིག་གསུམ་དང་། བྱེ་བྲག་གི་དམ་ཚིག་བཅུ་གསུམ་དུ་བཤད་པ་སོགས་
༡༢༧སོ། །སྒོམ་པ་ནི། བྱ་རྒྱུད་ཙམ་པོ་རྣམས་སུ་བདག་ཉིད་ལྷར་སྒོམ་པ་མི་འབྱུང་ཡང་། འདིར་བྱ་རྒྱུད་ཁྱད་པར་ཅན་སྤྱོད་རྒྱུད་དང་ཐུན་མོང་པའི་སྒྲུབ་ཚུལ་ལ། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །ཞེས་པ་ལྟར་ལྷ་དྲུག་གི་སྒོ་ནས་དམ་ཚིག་པ་བསྐྱེད་པ་བྲན་ནམ་འབངས་ལྟ་བུའི་མདུན་དུ། ལྷ་ཡེ་ཤེས་པ་སྤྱན་དྲངས་པ་རྗེ་དཔོན་རྒྱལ་པོ་ལྟ་བུར་བལྟས་ཏེ་མཆོད་ལ། དམ་ཚིག་གི་ཕྱག་རྒྱས་བཏབ་ནས། བཟླས་བརྗོད་ལ་སོགས་པ་བྱེད་པའམ། བློ་ཆེན་སྤྱོད་རྒྱུད་ཁྱད་པར་ཅན་ཡོ་ག་ཙམ་པོ་དང་ཐུན་མོང་གི་སྒྲུབ་ཚུལ་དམ་ཚིག་པ་དང་མདུན་གྱི་ཡེ་ཤེས་པ་གཉིས་གྲོགས་པོའི་ཚུལ་དུ་མཆོག་དམན་མེད་པར་ལྟ་བ་གང་རིགས་ཀྱི་སྒོ་ནས་དངོས་གྲུབ་སྒྲུབ་པའོ། །སྤྱོད་པ་ནི། བྱ་བ་དྲུག་སྟེ། འཇུག་པའི་དུས་དང་། ཟས་དང་། གོས་དང་། གཙང་སྦྲ་དང་། དམིགས་རྟེན་དང་། བཟླས་བརྗོད་སྔགས་ཀྱི་བྱ་བ་རྣམས་སོ། །འབྲས་བུ་ནི། རིགས་གསུམ་རྡོ་རྗེ་འཛིན་པའི་ས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་གོ་འཕང་མི་ཚེ་བདུན་དང་རིང་ནའང་བསྐལ་པ་གསུམ་མམ་བརྒྱད་ནས་ཐོབ་པར་འདོད་མོད། འདིར་ཡང་གསང་སྔགས་བླ་མེད་ལས་ནི། བྱ་སྤྱོད་ཀྱི་ཐེག་པའི་རང་ལམ་གྱིས་ས་བཅུ་པའི་བྱང་སེམས་ལ་སངས་རྒྱས་སུ་བརྗོད་པ་ལས། མཐར་ཐུག་གི་རྫོགས་པའི་སངས་རྒྱས་ཐོབ་པར་མི་བཞེད་དོ། །ཡང་ཨུ་པ་ཡའི་ཐེག་པའི་ཁྱད་པར་ནི། ལྟ་རིམ་ལས། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཞེས་ཀྲི་ཡོག་གཉིས་ཀ་ལ་བརྟེན་པའི་ཐེག་པ་ཡིན་པར་མ་ཟད། འདིར་ཤིང་རྟ་ཆེན་པོ་སློབ་དཔོན་བདེ་བ་གསལ་མཛད་དང་། སློབ་དཔོན་སངས་རྒྱས་གསང་བའི་བཞེད་པས་ཕྱི་རྒྱུད་ལ་ཀྲི་ཡོག་གཉིས་སུ་འབྱེད་པའི་ལུགས་ཡིན་པས་ལོགས་སུ་འཆད་མི་དགོས་པར་བཞེད་
༡༢༨དོ། །གཉིས་པ་ལྷ་ལམ་ཁྱེར་ནི། ཆོས་ཅན་སྣང་བ་ཀུན་རྫོབ་ཀྱི་བདེན་ངོར་ལྷ་དྲུག་གི་སྒོ་ནས་རིགས་གསུམ་མགོན་པོའི་སྐུར་བསྒོམས་ལ། ཡེ་ཤེས་པ་སྤྱན་དྲངས་ནས་རྗེ་ཁོལ་ལམ་གྲོགས་པོ་ལྟ་བུའི་ཚུལ་གྱིས་སྒྲུབ་ཅིང་། ལྷ་སྒོམ་པ་དེའང་མི་དམིགས་པ་མཐའ་བཞི་དང་བྲལ་བའི་སྟོང་གསལ་གྱི་ངང་ལ་འཇོག་པ་ནི་དོན་དམ་བདེན་པའི་ཉམས་ལེན་ཏེ། བདེན་གཉིས་སྔ་ཕྱི་རེས་འཇོག་ཏུ་ཉམས་སུ་ལེན་པའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། བདག་མདུན་གྱི་ལྷ་གཉིས་ཀའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་སྔགས་ཕྲེང་བཀོད་པ་སྒྲ་གདངས་སྒྲོག་པ་ལ་རྩེ་གཅིག་ཏུ་དམིགས་ཏེ། ༀ་ཝཱ་གཱི་ཤྭ་རི་མུཾ། ༀ་མ་ཎི་པདྨེ་ཧཱུྃ། ༀ་བཛྲ་པཱ་ཎི་ཧཱུྃ། ཞེས་བཟླས་པས་ཐུགས་རྒྱུད་བསྐུལ་བའོ། །བཞི་པ་དབང་ལམ་ཁྱེར་ནི། ཀྲི་ཡའི་དབང་ཉི་ཤུ་རྩ་དྲུག་སྟེ། དེ་དང་རྗེས་སུ་འབྲེལ་བའི་ཀྲི་ཡའི་དམ་ཚིག་བཅུ་གསུམ་སོགས་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་བསླབ་དགོས་པ་ཡིན་ནོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར། ཀུན་རྫོབ་སྣང་ཚོད་དུ་བདེན་པར་མི་འཇོག་པར་བཏགས་ཡོད་ཙམ་དུ་སྣང་བ་དེ་ལྷར་བསྒྱུར་ནས་ཉམས་སུ་ལེན་པ་སྟེ། བློ་ཆུང་ན་རང་རྣམ་སྨིན་གྱི་ལུས་འདི་དྭངས་གསལ་སྒྲིབ་ཐོགས་མེད་པ་འཇའ་ཚོན་ལྟ་བུའི་ལུས་སུ་བསམ་པའམ། བློ་ཆེ་ན་དེ་ཉིད་འཇམ་དཔལ་དབྱངས་ལྟ་བུའི་ལྷའི་སྐུར་བསྒོམ་མོ། །དམིགས་པའི་གཞི་དེ་གཉིས་གང་རིག་གསལ་ཐེབས་པ་དང་། དེའི་སྤྱི་བོར་ཡས་ནས་མར་ཐིག་ལེ་དཀར་དམར་མཐིང་གསུམ་བརྩེགས་མར་བསམས་པ་ལ་མཉམ་པར་གཞག །དེ་བརྟན་པ་དང་། ཐིག་ལེ་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྡིག་སྒྲིབ་སྦྱངས། དེ་བཞིན་གཤེགས་པ་རྣམས་ལ་སྐུ་མཉེས་པའི་མཆོད་པ་ཕུལ། འོད་དེ་ཚུར་འདུས་ནས་རང་
༡༢༩གི་སྤྱི་བོར་ཐིམ་པས། སྤྱི་བོར་འཇམ་དབྱངས་གསེར་བཙོ་མའི་མདངས་ཅན་རལ་གྲི་དང་ཨུཏྤ་ལ་གླེགས་བམ་གྱིས་མཚན་པ་ཞིག་སྒོམ། ཡང་ཐིག་ལེ་དམར་པོ་ལས་འོད་འཕྲོས། སེམས་ཅན་གྱི་ངག་སྒྲིབ་སྦྱངས། འཕགས་པའི་གསུང་མཆོད། ཚུར་འདུས་པས་རང་གི་མགྲིན་པར་སྤྱན་རས་གཟིགས་དཀར་པོ་ཕྱག་བཞིའི་དང་པོ་གཉིས་ཐལ་སྦྱར། འོག་མ་གཉིས་ཤེལ་འཕྲེང་དང་པད་དཀར་འཛིན་པ་ཞིག་སྒོམ། ཡང་ཐིག་ལེ་མཐིང་ག་ལས་འོད་འཕྲོས། སེམས་ཅན་གྱི་ཡིད་སྒྲིབ་སྦྱངས། འཕགས་པ་རྣམས་ཀྱི་ཐུགས་མཆོད། ཚུར་འདུས་པས་རང་གི་སྙིང་གར་ཕྱག་རྡོར་སྔོན་པོ་རྡོ་རྗེ་དང་སྡིགས་མཛུབ་ཅན་ཁྲོས་པའི་ཉམས་དང་ལྡན་པ་ཞིག་སྒོམ། དེ་ལྟར་ལུས་ངག་ཡིད་གསུམ་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་ནས་མཉམ་པར་འཇོག་པ་ནི་མཚན་བཅས་སོ། །མཚན་མེད་ནི། ལྷའི་སྣང་བ་དེ་ཡང་མི་དམིགས་པར་སྦྱངས་ནས། སེམས་ཉིད་དག་པ་སྟོང་གསལ་གྱི་ཡེ་ཤེས་མཐའ་བཞི་དང་བྲལ་བའི་ངང་ལ་བསལ་བཞག་མེད་པར་བསྐྱང་བར་བྱ་སྟེ། ལ་ཤན་ལས། སྣང་སྟོང་རིམ་གྱིས་བརྟན་པར་བྱེད། །ཅེས་པ་ལྟར་བདེན་གཉིས་རེས་འཇོག་ཏུ་ཉམས་སུ་ལེན་པ་ཡིན་ནོ། །དྲུག་པ་ཡོ་གའི་ཐེག་པའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མ་ཐེག་པ་ལམ་དུ་ཁྱེར་བ་ལ། འཇུག་སྒོ་ནི། མཚན་བཅས་དང་མཚན་མེད་ཀྱི་ཏིང་འཛིན་གྱི་སྒོ་ནས་འཇུག །ལྟ་བ་ནི། དོན་དམ་མཚན་མ་མེད་པའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བར་རྟོགས་པས། དེའི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རང་སྣང་བར་འདོད་དེ། ལྟ་རིམ་ལས། ཡོ་ག་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྷར་སྣང་བ། །དེ་ཕྱིར་
༡༣༠སྐྱེ་བོ་ལྟར་སྣང་འཁྲུལ། །ཞེས་གསུངས། ཚུལ་ཁྲིམས་ནི། བཤད་རྒྱུད་གཙོ་བོར་བྱས་པ་རིགས་ལྔའི་དམ་ཚིག་དང་། རྩ་རྒྱུད་གཙོ་བོར་བྱས་པ་ལྷ་ལྔའི་དམ་ཚིག་གཉིས་གསུངས་ཤིང་། དེ་ཡང་རྟེན་གྱི་གང་ཟག་གི་བློ་རིམ་དང་འཚམས་པར་བསླབ་པ་སྟེ། རྩེ་མོ་ལས། གལ་ཏེ་རབ་ཏུ་བྱུང་བ་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའོ། །ཁྱིམ་པའི་ཚུལ་དུ་བྱ་བ་ནི། །རིགས་ལྔ་རྒྱལ་པོ་རྟག་ཏུ་བསྲུང་། །ཞེས་སོ། །སྒོམ་པ་ནི། འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་པ་ལམ་བྱེད་མངོན་བྱང་ལྔ་སོགས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་བསྒོམ་ཞིང་། ཐུན་མཐར་ཕྱག་རྒྱ་བཀྲོལ་ནས་ཡེ་ཤེས་པ་གཤེགས། སུ་གསོལ་བ་ལ་སོགས་པ་སྟེ། དེའང་རང་ཤར་ལས། ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའ་ཚུལ་དུ་འདོད། །ཅེས་པས་བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་གཉིས་མཆོག་དམན་མེད་པར་བལྟ་བ་སྤྱོད་རྒྱུད་ཁྱད་པར་ཅན་ནམ་ཡོ་ག་ཙམ་པོའ་སྒྲུབ་ཚུལ་དང་། བློ་ཆེན་བདག་ཉིད་དམ་ཚིག་པར་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་སྟེ་གཉིས་སུ་མེད་པར་སྒྲུབ་པ་ཡོ་ག་ཁྱད་པར་ཅན་གྱི་རྣལ་འབྱོར་གང་རུང་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པའོ། །སྤྱོད་པ་ནི། ལས་ཚོགས་ཀྱི་སྐབས་འགའ་རེ་མ་གཏོགས་གཙང་སྦྲ་དང་དཀའ་སྤྱད་སོགས་ལ་གཙོ་བོར་མི་བརྟེན་ཅིང་། དེ་དག་གི་གྲོགས་དང་ལྡན་པས་ལྷའི་ཏིང་ངེ་འཛིན་ལ་གཙོ་བོར་བརྟེན་ནས་རང་བཞན་གྱི་དོན་སྤྱོད་པ་སྟེ། རྩེ་མོ་ལས། ལྷ་ཡི་ཏིང་འཛིན་ལ་གནས་ཏེ། །སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པ་མཆོག །ཅེས་སོ། །འབྲས་བུ་ནི། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་རིགས་ལྔ་སྟུག་པོ་བཀོད་
༡༣༡པའི་ས་མི་ཚེ་གསུམ་མམ་བཅུ་དྲུག་ན་རང་ལམ་གྱི་ས་ཐོབ་པར་འདོད་མོད་ཀྱང་། བླ་མེད་ལས་ནི་དེ་ཉིད་རྫོགས་པའི་སངས་རྒྱས་སུ་མི་བཞེད་དོ། །གཉིས་པ་ལྷ་ལམ་ཁྱེར་ནི། ཆོས་ཅན་སྣང་བ་ཀུན་རྫོབ་ཀྱི་བདེན་ངོར་རིགས་ལྔས་གཙོ་བྱས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཕྱག་རྒྱ་བཞི་ལྡན་དུ་བསྒོམ་ཞིང་། མཐར་དེའང་མི་དམིགས་པ་སྟོང་ཉིད་ཀྱི་ངང་ལ་འཇོག་པ་ནི་དོན་དམ་བདེན་པའི་ཉམས་ལེན་ཏེ། བདེན་གཉིས་རེས་འཇོག་ཏུ་ཉམས་སུ་ལེན་པའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། ལྷའི་ཐུགས་ཀར་ཟླ་དཀྱིལ་ལ་སྔགས་ཕྲེང་བཀོད་པ་ལས་འོད་ཟེར་སྤྲོ་བསྔས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་སྦྱངས་བར་བསམ་ཞིང་། ༀ་བུདྡྷཱ་བཻ་རོ་ཙ་ན་ༀ། ༀ་བཛྲ་ཨཱཀྵོ་བྷྱ་ཧཱུྃ། ༀ་རཏྣ་སཾ་བྷ་བ་ཏྲཱཾ། ༀ་པདྨ་ཨ་མི་ཏཱ་བྷ་ཧྲཱིཿ ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱ༔། ཞེས་བཟླས་པས་ཐུགས་རྒྱུད་བསྐུལ་བའོ། །བཞི་པ་དབང་ལམ་ཁྱེར་ནི། ཡོ་གའི་དབང་དྲུག་ཅུ་རྩ་གཉིས་ཏེ། དེ་དང་རྗེས་སུ་འབྲེལ་པའི་རིགས་ལྔ་དང་ལྷ་ལྔའི་དམ་ཚིག་སོགས་བསླབ་བྱ་རྣམས་ལ་བརྩོན་པས་སློབ་པ་ཡིན་ནོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་འམ། རྣམ་སྣང་གི་སྐུར་བསྒོམ། དེ་གསལ་བ་དང་རང་གི་སྙིང་དཀྱིལ་དུ་དྭངས་མ་མི་ཤིགས་པ་ལྔ་གདོད་ནས་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པ་ཉིད་རྣམ་པ་ཐིག་ལེ་སྲན་མ་ཙམ་པ་འོད་ལྔའི་གོང་བུ་ཅན་ཞིག་གསལ་བཏབ་སྟེ། ཐེབས་པ་ན་རང་གི་སྤྱི་བོར་ཐིག་ལེ་དཀར་པོ་རིལ་མ་ཙམ་ཞིག་བསྒོམ། དེ་ཡང་། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །ཞེས་པས་ཐིག་ལེ་དཀར་པོ་དེ་མར་བབས་ནས་སྙིང་དཀྱིལ་གྱི་དྭངས་མ་མི་ཤིགས་པའི་ཐིག་ལེ་ལ་ཕྲུག་གིས་འདྲེས་ཏེ་གཉིས་སུ་མེད་པའི་ངང་ལ་བསལ་བཞག་མེད་
༡༣༢པར་བཞག་པས། ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་གསལ་དུ་ལྷག་གེ་འཆར་ཏེ། དོན་དམ་མཚན་མ་མེད་པའི་ངོ་བོ་ཉིད་དོ། །དེའི་བྱིན་རླབས་ཀྱིས་གང་ཤར་གྱི་སྣང་བ་ཐམས་ཅད་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་པ་ལྟར་ལམ་དུ་ཁྱེར་བས་ལྷའི་རྣམ་པར་སྣང་བ་ནི་ཀུན་རྫོབ་ཡེ་ཤེས་ཀྱི་སྣང་བ་སྟེ། དེ་ལྟར་གཉིས་སུ་མེད་པའི་ངང་ལ་བློ་མ་བཅོས་པར་གནས་པ་ནི་དབང་ཆགས་པའི་རྟེན་ཡིན་པར་གསུངས་སོ། །དེ་ནས་འཆད་འགྱུར་གྱི་ཡོ་ག་གསུམ་ནི་སོ་སོ་རང་རང་གི་རྒྱུད་གཞུང་ལས་ཕྱུངས་བ་མ་ཡིན་ཏེ། ཨ་ནུ་ཡོ་གའི་ནང་གསེས་ལས་ཕྱེ་བའི་ཟབ་པའི་བསྐྱེད་རིམ་གཙོར་བཏོན་པ་རྣམས་ཐེག་པ་འོག་མ་མ་ཧཱ་དང་ཆ་མཐུན་པར་བཀྲལ་བ་ཨ་ནུའི་མ་ཧཱ་དང་། ཟབ་མོའི་བསྐྱེད་རྫོགས་རང་གཞུང་ལྟར་བཀྲལ་བ་ཨ་ནུ་རང་གཞུང་དང་། ཤིན་ཏུ་ཟབ་པའི་རྫོགས་རིམ་གཙོ་བོར་སྟོན་པའི་ཆ་རྣམས་ཐེག་པ་གོང་མ་ཨ་ཏི་དང་མཐུན་པར་བཀྲལ་བ་ཨ་ནུའི་ཨ་ཏི་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་དབྱེ་བ་ལྟར་འཆད་པར་བྱ་སྟེ། དེ་ལ་བདུན་པ་མ་ཧཱ་ཡོ་གའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མ་ཐེག་པ་ལམ་དུ་ཁྱེར་བ་ལ། འཇུག་སྒོ་ནི། ཤེས་རབ་སྟོང་པ་ཆེན་པོ་དང་། ཐབས་སྙིང་རྗེ་སྒྱུ་མ་དང་ཕྱག་རྒྱ་ཕྲ་རགས་ཏེ། ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་འཇུག །ལྟ་བ་ནི། ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རྟོགས་པ་སྟེ། སྒྱུ་འཕྲུལ་ལམ་རྣམ་བཀོད་ལས། ལྷག་པའི་མཉམ་ཉིད་དབྱེར་མེད་དོན། །མིང་གྲངས་ཅིར་ཡང་བསྟན་མོད་ཀྱང་། །དོན་དུ་སྨྲ་བསམ་ཡུལ་ལས་འདས། །ཞེས་གསུངས། ཚུལ་ཁྲིམས་ནི། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། ཡན་ལག་གི་དམ་ཚིག་ལྔ་ཚན་ལྔ་སྟེ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་རྣམས་བསྲུང་ཞིང་སྒྲུབ་པ་ལས་མི་འདའ་བར་སྡོམ། སྒོམ་པ་ནི་
༡༣༣ཐབས་བསྐྱེད་པའི་རིམ་པ་གཙོ་བས་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་མ་དག་པའི་སྣང་བ་དབྱིངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་འཁོར་ལོ་དང་། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་སྒོམ། སྤྱོད་པ་ནི། གཙང་རྨེའི་རྟོག་པ་ལྡོག་པའི་ཕྱིར་བླང་དོར་མེད་པའི་ཐབས་ཀྱིས་དམ་རྫས་ལྔ་སོགས་ལ་སྤྱོད། འབྲས་བུ་ནི། ཚེ་འདིའམ་བར་དོར་ལམ་གཞན་ལ་མ་ལྟོས་པར་པདྨ་ཅན་གྱི་ས་ནོན་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའོ། །གཉིས་པ་ལྷ་ལམ་ཁྱེར་ནི། འདིར་ནང་དབང་དང་སྒྲུབ་དབང་གཉིས་དཀྱིལ་འཁོར་གཅིག་ཏུ་བསྐུར་བའི་ལུགས་ལ་ལྷ་ཐ་དད་པ་མེད་པས། རྒྱུད་ལུང་འདྲ་བར་སྔར་མེ་ཏོག་གང་ལ་ཕོག་པའི་ལྷའམ། ཡང་ན་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཉིད་ཡི་དམ་གྱི་ལྷ་ཡིན་པར་ངོ་སྤྲད། དེ་ཡང་རང་སེམས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཉིད་གདོད་ནས་ལྷ་ཡབ་ཡུམ་ཟུང་འཇུག་གི་ངོ་བོ་ཡིན་པ་ལ་ཡིན་པར་ཤེས་པས། སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་རོལ་པར་ལམ་དུ་ཁྱེར་རོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། མེ་ཏོག་ཕོག་པའི་ལྷའི་སྙིང་པོའམ། ཡང་ན་སྤྱི་སྔགས་གུ་ཧྱ་ཛྙཱ་ན་ཉིད་བཟླ་བྱའི་སྔགས་སུ་ངོ་སྤྲད། དེ་ཡང་སྒྲར་གྲགས་ཐམས་ཅད་གྲགས་སྟོང་གཞོམ་མེད་ཀྱི་སྔགས་སྒྲར་ལམ་དུ་ཁྱེར་རོ། །བཞི་པ་དབང་ལམ་ཁྱེར་ནི། ཆུ་བོ་བཞིས་བསྡུས་པའི་དབང་མཆོག་སུམ་ཅུ་རྩ་དྲུག་སྟེ། དེ་དང་རྗེས་སུ་འབྲེལ་བའི་བསླབ་བྱ་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་ཀྱི་བསྲུང་མཚམས་ལས་མི་འདའ་བ་ལ་སོགས་པ་སྟེ། མདོ་འགག་སྣང་གྲགས་འགྱུ་གསུམ་ཐམས་ཅད་དབྱིངས་སྐྱེ་བ་མེད་པ་ཉིད་ཅིར་ཡང་མ་འགགས་པའི་ཡེ་ཤེས་ཀྱི་རོལ་རྩལ་དུ་ཐག་བཅད་ནས། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་
༡༣༤དང་། སྒྲར་གྲགས་ཐམས་ཅད་སྔགས་ཀྱི་སྒྲ་གདངས། དྲན་རྟོག་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་བལྟ་ཞིང་སྒོམ་པའི་སྤྱོད་པ་ལས་མཉམ་རྗེས་ཐམས་ཅད་དུ་མི་འདའ་བས་གང་ཤར་དག་སྣང་དུ་སྦྱོང་བའི་ཐབས་ལ་བསླབ་ཅིང་། དེ་སྟོན་པའི་བླ་མ་དམ་པ་ལ་དད་གུས་དང་དེ་ལྟར་ཉམས་སུ་ལེན་པའི་མཆེད་རྣམས་ལ་དུང་སེམས་རྒྱུན་མི་ཆད་པར་བྱའོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ལ་གཉིས། ལྷ་སྒོམ་པ་དང་། མན་ངག་སྒོམ་པའོ། །དང་པོ་ལྷ་སྒོམ་པའི་ཐབས་ནི། ངང་སྒོམ་ཆུང་ངུ་སྟེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བདག་གི་ཕུང་ཁམས་སྐྱེ་མཆེད་དུ་འདུ་ཞིང་། དེ་ཐམས་ཅད་ལྷའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པའོ་ཞེས་དར་ཅིག་མཉམ་པར་གཞག །དེའི་ངང་ལས་མེ་ཏོག་གང་ལ་ཕོག་པའི་ལྷའམ་དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་ལྟ་བུ་གང་བསྒོམས་ཀྱང་རུང་སྟེ། རང་གི་བསྐྱེད་སྔགས་ཆོས་ཉིད་ཀྱི་རང་སྒྲར་བསྒྲགས་པའི་རྐྱེན་གྱིས་དྭངས་པའི་མཚོ་ལ་གཟུགས་བརྙན་ཤར་བ་ལྟར་བཀྲ་ལམ་གྱིས་གསལ་བཏབ་ནས་ལྷའི་སྣང་ཞེན་ལ་ཡུན་རིང་དུ་བསླབ། དེ་གསལ་བརྟན་དུ་གྱུར་པ་ན། དེའི་སྤྱི་བོར་ཐིག་ལེ་དམར་པོ་དང་། དེ་ལས་ཁྲུ་གང་ཙམ་གྱིས་མཐོ་བར་ཐིག་ལེ་དཀར་པོ་སྟེ། གཉིས་ཀ་སྲན་མ་ཙམ་པ་འོད་འབར་བ་ཞིག་སྒོམ། དེ་གསལ་བ་དང་སྣ་བུག་གཡོན་ནས་འོད་ཀྱི་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་འཕྲོས། སྤྱི་བོའི་ཐིག་ལེ་དམར་པོ་ལ་ཕོག་པས། དེ་ལས་ཀྱང་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། སངས་རྒྱས་མཆོད་ཅིང་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཞུ་བ་འོད་དང་འགྲོགས་ཏེ་ཚུར་འདུས་ཐིག་ལེ་དམར་པོ་ལ་ཐིམ་པས། དེ་ཡང་འོད་དུ་ཞུ་སྟེ་ལྟེམ་མེ་གནས་པར་བསམ། ཡང་སྣ་བུག་གཡས་ནས་འོད་
༡༣༥ཀྱི་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་འཕྲོས། དེའི་སྟེང་གི་ཐིག་ལེ་དཀར་པོ་ལ་ཕོག་པས། དེ་ལས་འོད་ཟེར་སྤྲོས་ཏེ་དོན་གཉིས་བྱས། འཁོར་འདས་ཞུ་བ་དང་འགྲོགས་ཏེ་ཚུར་འདུས་ཐིག་ལེ་དཀར་པོ་ལ་ཐིམ་པས། དེ་ཡང་འོད་དུ་ཞུ་སྟེ་ཐིག་ལེ་དཀར་པོ་དམར་པོ་ལ་ཞུགས་པ་ཚངས་བུག་ནས་སྙིང་དཀྱིལ་དུ་བསྟིམ་ཞིང་བདེ་སྟོང་གཉིས་མེད་ཀྱི་ངང་ལ་བློ་སྐྱུར་ཏེ་བཞག་གོ །གཉིས་པ་མན་ངག་སྒོམ་པ་ནི། ངང་སྒོམ་འབྲིང་པོ་སྟེ། དེ་ལའང་གཉིས་ལས། སྟེང་སྒོ་སྒོམ་ཐབས་ནི། རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་ཨ་བ་དྷཱུ་ཏི་མདའ་སྨྱུག་འབྲིང་བོ་ཙམ་པ་ཕྱི་དཀར་ལ་ནང་དམར་བ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དྲང་ཐལ་ལེར་གནས་པ། དེ་ལས་སྤྱི་བོ། མགྲིན་པ། སྙིང་ག ལྟེ་བ་རྣམས་སུ་འཁོར་ལོའི་རྩ་འདབ་དངོས་སུ་སྒོམ་པའམ། མ་བསྒོམས་ཀྱང་རུང་སྟེ། དབུ་མ་བསྒོམས་པས་དེ་འཁོར་ལོ་བཞི་ཀའི་ལྟེ་བ་ཡིན་པའི་ཕྱིར། དོན་ལ་བསྒོམས་པར་འགྱུར་བ་ཡིན། ལྟེ་འོག་སོར་བཞིའི་ཐད་དུ་མེའི་འཁོར་ལོ་དང་། དེའི་འོག་ཏུ་གཤང་ཁ་རླུང་གི་འཁོར་ལོ་རྣམས་ཀྱང་གསལ་བཏབ། དེ་ཡང་དབུ་མ་སྲོག་ཤིང་། རླུང་མེའི་འཁོར་ལོ་ཁྲི་འཕང་། ལྟེ་བ་བང་རིམ། སྙིང་འཁོར་བུམ་པ། མགྲིན་པ་བྲེ་དང་ཆོས་འཁོར། སྤྱི་བོའི་འཁོར་ལོ་གདུགས་ཏེ། ལུས་མཆོད་རྟེན་གྱི་ངོ་བོར་མོས་པར་བྱ། དེ་ནས་སྤྱི་བོར་མི་ཤིགས་པའི་ཐིག་ལེ་ཧཾ་གི་རང་བཞིན་སྲན་མ་ཙམ་པ་ཞིག་གསལ་བཏབ་ལ། འཇམ་རླུང་རང་བབས་སུ་བཟུང་བས། གཏུམ་མོ་འབར་བའི་འོད་གྱེན་དུ་སོང་བ་སྤྱི་བོའི་ཐིག་ལེ་ལ་ཕོག་པས་དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། སངས་རྒྱས་ཀྱི་མཛད་པ་སྒྲུབས། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཞུ་ནས་ཚུར་འདུས་ཏེ། སྤྱི་བོའི་ཐིག་ལེ་ལ་
༡༣༦ཐིམ། དེ་ཡང་ཞུ་བ་ལས་རང་གི་རྩ་བའི་བླ་མ་སྐུ་བདེ་བའི་ཉམས་རྒྱས་ཤིང་གཟི་བྱིན་འབར་བ་གྱུར་པ་ཏོག་གི་ཚུལ་དུ་བཞུགས་པར་བསྒོམ། དེ་ལ་སེམས་ཡུན་རིང་དུ་བཟུང་བས། བླ་མ་ཡང་བདེ་བ་ཆེན་པོའི་ངོ་བོར་ལྟེམ་གྱིས་ཞུ་བ་ཚངས་བུག་ནས་བབས་ཏེ། སྙིང་གར་སིབ་ཀྱིས་ཐིམ། བླ་མའི་ཐུགས་དང་རང་སེམས་རོ་གཅིག་ཏུ་འདྲེས་པའི་ངང་ལ་མ་བཅོས་པར་སྐྱུར་བས་སྣང་བ་ཐམས་ཅད་བདེ་བར་འཆར་རོ། །གཉིས་པ་འོག་སྒོ་བདེ་བ་སྒོམ་ཐབས་ནི། རང་གི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་པ། དེའི་སྟེང་གི་མདའ་གང་ཙམ་དུ་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་གསལ་བཏབ་ལ། འཇམ་རླུང་ཅུང་ཟད་བཟུང་ཞིང་། སྤྱི་བོའི་ཐིག་ལེ་དམར་པོ་ལ་ཤེས་པ་གཏད་པས། དེ་ཆགས་པའི་རང་བཞིན་དུ་འདར་ཕྲི་ལི་ལི་གཡོ་ཞིང་འབར་བས་རྐྱེན་བྱས་ཏེ། ཐིག་ལེ་དཀར་པོ་དེའང་འདར་བཞིན་དུ་ལྟེམ་གྱིས་ཞུ་ནས་ཐིག་ལེ་དམར་པོ་ལ་རོ་གཅིག་ཏུ་འདྲེས། དེ་ཚངས་བུག་ནས་བདེ་ཕྲི་ལི་ལི་བབས་པ་སྙིང་དཀྱིལ་དུ་ཐིམ་པའི་ངང་ལ་མ་བཅོས་པར་བཞག་བས་བདེ་སྟོང་དབྱེར་མེད་ཀྱི་ཉམས་འཆར་རོ། །བརྒྱད་པ་ཨ་ནུ་ཡོ་གའི་ཐེག་པའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མ་ཐེག་པ་ལམ་དུ་ཁྱེར་བ་ལ། །འཇུག་སྒོ་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་སྒོ་ནས་འཇུག །ལྟ་བ་ནི། ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་རང་བཞིན་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་འདོད་དེ། སྤྱི་མདོ་ལས་ཐམས་ཅད་དེ་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་གསུངས། ཚུལ་ཁྲིམས་ནི།
༡༣༧བསྲུང་མཚམས་མེད་པ་ཆོས་ཉིད་ཀྱི་དམ་ཚིག་དང་། བསྲུང་མཚམས་ཅན་སྙིང་རྗེའི་དམ་ཚིག་རྣམས་བསྲུང་ཞིང་སྒྲུབ་པ་ལས་མི་འདའ་བར་སྡོམ། སྒོམ་པ་ནི། དོན་གྱི་རྗེས་སུ་འཇུག་པ་མཚན་མེད་རྣམ་པར་མི་རྟོག་པ་དང་། ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་ལྷའི་ཏིང་ངེ་འཛིན་སྒོམ། སྤྱོད་པ་ནི། དབྱིངས་དང་ཡེ་ཤེས་མཉམ་པ་ཉིད་ཀྱི་ངང་ནས་སྤྱོད། འབྲས་བུ་ནི། ཚེ་གཅིག་གིས་ལམ་གཞན་ལ་མ་ལྟོས་པར་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གཉིས་པ་ལྷ་དང་། གསུམ་པ་སྙིང་པོ་དང་། བཞི་པ་དབང་ལམ་ཁྱེར་རྣམས་ནི་སྔ་མ་དང་མཚུངས་སོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ལ་གཉིས། ལྷ་སྒོམ་པ་དང་། མན་ངག་སྒོམ་པའོ། །དང་པོ་ནི། ངང་སྒོམ་ཆུང་ངུ་སྟེ་སྔ་མ་ལྟར་རོ། །གཉིས་པ་ནི། ངང་སྒོམ་ཆེན་པོ་སྟེ། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་ཕུག་རོན་གྱི་སྒོ་ང་ཙམ་པ་འོད་འབར་བ་ཞིག་སྒོམ་དེ་གསལ་ཐེབས་པ་དང་། དེ་ལས་འོད་ཀྱི་ཐིག་ལེ་སྐར་མདའ་འཕངས་པ་ལྟར་ཡར་སྤྱི་གཙུག་ནས་ཐོན། དེ་ལས་ཀྱང་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ་འཕྲོས་པས་བློས་འཁྱུད་ཚད་ཀྱི་ནམ་མཁའི་ཁྱོན་གང་བ་ལ་སེམས་བཟུང་། ཡང་མཁའ་ཁྱབ་ཀྱི་ཐིག་ཕྲན་རྣམས་ཚུར་འདུས། འཕྲོ་གཞིའི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་པའི་ངང་ལ་བལྟ་བྱ་ལྟ་བྱེད་མེད་པར་བཞག་པས། ཡུལ་དབྱིངས་དང་ཡུལ་ཅན་རིག་པའི་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོར་ལྷག་ལྷག་འཆར་ཏེ། དེ་ཀའི་ངང་ལ་ཞེན་འཛིན་མེད་པར་བསྐྱང་བར་བྱ་བ་གནད་དོ། །དགུ་པ་ཨ་ཏི་ཡོ་གའི་ཁྲིད་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ལ་ལམ་ཁྱེར་བཞིའི་ཐོག་མ་ཐེག་པ་ལམ་ཁྱེར་ལ། འཇུག་སྒོ་ནི། ཅིར་ཡང་
༡༣༨འཇུག་ཏུ་མེད་པའི་སྒོ་ནས་འཇུག །ལྟ་བ་ནི། རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་སུ་གྲུབ་པ་མེད་པས་ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་དེ། སེམས་ལུང་ཆེན་པོའི་མདོ་ལས། རང་བྱུང་ཡེ་ཤེས་བཙལ་མེད་པས། །རྩོལ་མེད་དམ་པ་ཞི་བ་ཡིན། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས། ཚུལ་ཁྲིམས་ནི། མེད་པ་དང་ཕྱལ་བ་ལ་སོགས་པའི་དམ་ཚིག་ལས་མི་འདའ་བར་སྡོམ། སྒོམ་པ་ནི། རང་བྱུང་གི་ཡེ་ཤེས་ལ་གང་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་དམིགས་གཏད་དང་བྲལ་བའི་སྒོམ་པ་སྟེ། ཀུན་འདུས་ལས། མ་བཅོས་བྱང་ཆུབ་དེ་བཞིན་ཉིད། །སྒོམ་དུ་མེད་པའི་ཆོས་ཉིད་ལ། །སྒོམ་པ་དམིགས་སུ་མེད་པ་སྟེ། །ཏིང་འཛིན་ཞེས་ནི་གདགས་སུ་མེད། །ཅེས་གསུངས། སྤྱོད་པ་ནི། ཅིར་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་བླང་དོར་མེད་པའོ། །འབྲས་བུ་ནི། མ་བསྒྲུབས་ལྷུན་གྱིས་གྲུབ་པའི་འབྲས་བུ་ཡེ་ཤེས་བླ་མའི་ས་ལ་གནས་པའོ། །གཉིས་པ་ལྷ་ལམ་ཁྱེར་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་བདེ་བ་ཆེན་པོའི་རོལ་པ་ལྷ་སྐུ་ཡབ་ཡུམ་གྱི་རྣམ་པར་ཤར་བ་ན་མ་འདྲེས་ཡོངས་རྫོགས་སུ་ལམ་དུ་ཁྱེར་རོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་གྱི་གདངས་སུ་འཆར་བས། ཨས་སྣང་སྲིད་ཐམས་ཅད་སྐྱེ་མེད་དུ་ངོ་སྤྲད། ཧཱུྃ་གིས་འགག་མེད་དུ་ངོ་སྤྲད། ༀ་གྱིས་གཉིས་མེད་དུ་ངོ་སྤྲད་དེ། སྤྱི་མདོ་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སྣ་ཚོགས་ཡི་གེ་ཧཱུྃ་དུ་གསལ། །རྒྱལ་བ་ཡི་གེའི་རང་བཞིན་ཏེ། །ཕྱག་རྒྱ་ཡི་གེ་ༀ་ལ་རྫོགས། །ཐམས་ཅད་ཡི་གེའི་རང་བཞིན་ཏེ། །མ་སྐྱེས་གསང་བའི་ཡི་གེ་ཨཿ ཞེས་པ་ལྟར་ལམ་དུ་ཁྱེར་རོ། །བཞི་པ་དབང་ལམ་དུ་ཁྱེར་བ་ནི། གསང་དབང་རྫོགས་པའི་ཆུ་བོ་རྣམ་པ་གཉིས་ཏེ། དེ་དང་རྗེས་སུ་འབྲེལ་བའི་རྫོགས་རིམ་
༡༣༩ཟབ་མོའི་ལམ་རྣམས་ལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བསླབ་པར་བྱའོ། །གཉིས་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ལ་གཉིས་ལས། དང་པོ་ཀུན་རྫོབ་བྱང་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་ལ། ཐོག་མར་སྒྲོལ་མ་བཟུང་བའི་མན་ངག་ལ་བསླབ་སྟེ། རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་སྐུའི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ། གཡས་གཡོན་དུ་རོ་རྐྱང་གཉིས་ཡས་སྣེ་སྣ་བུག་ལ་ཟུག་ཅིང་། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་དབུ་མར་ཆུད་པར་མོས་ལ། སྤྱི་བོར་བླ་མ་ཡབ་ཡུམ་བསྒོམས་ཏེ་གསོལ་བ་བཏབ། དེ་ནས་ནད་གདོན་སྡིག་སྒྲིབ་རྣམས་སང་གིས་དག་པར་མོས་ཏེ་རླུང་རོ་བསལ། བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་རླུང་གི་རྣམ་པར་རྔུབས་ཏེ། སྲོག་ཐུར་ལྟེ་འོག་ཏུ་ཁ་སྦྱར་ལ་མ་ཡེངས་པར་བཟུང་བས་རླུང་དབུ་མའི་ནང་དུ་ཞུགས་ནས་གསལ་བདེ་མི་རྟོག་པའི་ཉམས་སྐྱེས་པར་བསྒོམ། ཅུང་ཟད་མི་བདེ་ན་གཞིལ་བར་བྱ་ཞིང་། མི་ཐུབ་པ་ན་སང་གིས་གཏོང་བ་གནད་དོ། །དེ་ལྟར་སྦྱངས་པའི་ཡོན་ཏན་ནི། རྡོ་རྗེ་བཞད་པས་མཛད་པའི་འདིའི་མན་ངག་ལས། རྟེན་པའི་སྒྲོལ་མ་ཟིན་ན། རིག་པའི་ཕུར་བུ་ཐེབས་པས། དེ་ལས་མི་དམིགས་པར་ཡང་འགྱུར་ལ། དེས་ཉི་ཟླ་འཛིན་ཅིང་འགྲིམས་པར་འགྱུར་རོ། །ཞེས་སོ། །གཉིས་པ་བདེ་བ་ཐིག་ལེའི་མན་ངག་ལ་གཉིས་ལས། དང་པོ་སྟེང་སྒོ་འཇུ་འདུལ་གྱི་མན་ངག་ནི། གཞན་སྔར་ལྟར་ལས། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་དང་། ལྟེ་འོག་ཏུ་མེ་འཁོར་གྱི་དབུས་སུ་མེའི་དྭངས་མ་རཾ་ཡིག་འབར་བ། གཤང་ཁར་རླུང་གི་འཁོར་ལོ། སྤྱི་བོར་ཧཾ་ཡིག་དཀར་པོ་བདེ་བའི་རང་བཞིན་ཅན་རྣམས་སྒོམ། དེ་ནས་རླུང་སྔར་ལྟར་བཟུང་བས། སྟེང་རླུང་རོ་རྐྱང་བརྒྱུད་དེ་འོངས་པ་
༡༤༠དང་གཤང་ཁའི་རླུང་དཀྱིལ་གཡོས་པ་གཉིས་མེ་དཀྱིལ་གྱི་རཾ་ལ་ཕོག་པས། མེ་ལྕེ་ཚ་བ། རྣོ་བ། ཕྲ་ཞིང་གསལ་བ་དབུ་མའི་ནང་ནས་ཡར་འབར་བས་ཧཾ་ལ་རེག །སྤྱི་བོའི་བླ་མ་བདེ་དྲོད་ཀྱིས་མཆོད། དགྱེས་པ་ཆེན་པོས་བདུད་རྩིར་ཞུ་བ་ཧཾ་ལ་ཐིམ། ཧཾ་ལས་བྱང་སེམས་དྭངས་གསལ་བདེ་བའི་རང་བཞིན་ཕྲ་མོ་བ་ཐག་ལྟར་བབས་པ་རཾ་ལ་ཐིམ་པས་མེའི་གསོས་བྱས་ཏེ་ཆེས་ཆེར་འབར། དེས་ཟླ་བ་བདུད་རྩིར་བཞུ་བའི་དྭངས་མས་ལུས་ཀུན་གང་བའི་འབར་འཛག་ལ་སེམས་རྩེ་གཅིག་ཏུ་བཟུང་བས་ལུས་བདེ་བ་ཆེན་པོར་ངང་གིས་འཆར་རོ། །གཉིས་པ་འོག་སྒོ་ཁམས་གསུམ་རོལ་བའི་མན་ངག་ནི། བདག་ཉིད་རིགས་འདུས་རྡོ་རྗེ་སེམས་དཔའི་གནས་ལྔར་རིགས་ལྔ་དང་། ཡན་ལག་བཞིར་སྒོ་བ་བཞི། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་གང་ཡིན་ཀྱང་རུང་སྟེ། རྡོ་རྗེ་དབྱིངས་ཕྱུག་མར་གསལ་བའི་གནས་ལྔར་ཡུམ་ལྔ་དང་། ལག་པ་གཉིས། ཞལ་དང་བྷ་ག་རྣམས་སུ་གསང་ཡུམ་བཞི། མཁའ་གསང་ཧཱུྃ་ལས་རྡོ་རྗེ་འབྲུ་གསུམ་དང་། ཨཿལས་པདྨ་ཟེའུ་འབྲུར་ཧྲཱིཿས་མ་ཚན་པར་བྱིན་གྱིས་རླབས། ཡུམ་གྱི་པདྨའི་དབུས་སུ་ཧེ་རུ་ཀ་ལྷ་དགུའི་དཀྱིལ་འཁོར་གསལ་བཏབ། དེ་ནས་རྗེས་ཆགས་ཀྱི་སྤྱོད་པ་སྔོན་དུ་འགྲོ་བས་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་ཏེ། སྙོམས་འཇུག་གི་སྒྲས་བཀུག་པའི་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་འདོད་ཆགས་ཆེན་པོས་ཞུ་བ་བདག་ཉིད་རིག་མར་བཅས་པ་ལ་ཐིམ། རྗེས་ཆགས་ཀྱི་མེས་དཀར་ཆ་ཞུ་བའི་བྱང་སེམས་རིམ་པར་བབས་པས་མགྲིན་པ་ལ་སོགས་པའི་གནས་བཞིར་དགའ་བཞི་ངང་གིས་སྐྱེ་བར་འགྱུར་ལ། རེ་རེ་ལའང་བཟུང་ལྡོག་དགྲམ་པའི་གནད་རེ་ཚང་བར་བྱ་ཞིང་། དེ་ཡང་བྱང་སེམས་རྡོ་རྗེ་ནོར་བུར་འོངས་པ་ན་དེས་པདྨའི་དཀྱིལ་འཁོར་མཆོད་ནས་འཛག་
༡༤༡མེད་དུ་བཟུང་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བ་ལ་མཉམ་པར་གཞག །སླར་ཡང་ཧཱུྃ་འདྲེན་དྲག་པོ་དང་འགྱུར་བཞི་ལ་སོགས་པས་ཉི་ཟླ་གཉིས་འདྲེས་གྱེན་དུ་དྲངས་པས་ལྟེ་བ་ལ་སོགས་པར་མས་བརྟན་གྱི་དགའ་བཞིའི་ཐ་མ་སྤྱི་བོར་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་ཞིང་། རེ་རེའི་མཐར་ཡང་གཅུད་ཅིང་སྤྲུགས་པས་ཁྱབ་པར་དགྲམ་མོ། །བདེ་བ་ཐིག་ལེའི་མན་ངག་གི་སྐབས་འདིར་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེ་བའི་རིམ་པ་ལ། ཐབས་ལམ་རང་གི་སེམས་བཅུ། སྐབས་བཅུ་དཔེ་རྟགས་བཅུ་དང་སྦྱར་ནས་འབྲས་བུ་ལ་བགྲོད་པ་སྟེ། སྤྱི་མདོའི་ལྗོན་ཤིང་གི་ལེའུ་ལྟར་ཤེས་པར་བྱའོ། །དེ་ཡང་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཞག་སོ་སོར་བཅད་དེ་བསྐུར་བའི་ཚེ་རླུང་ཐིག་གི་མན་ངག་གཉིས་པོ་འདི་དབང་སྔ་མའི་རྗེས་སུ་སྦྱར་ན་འབྲེལ་ཆགས་ཤིང་། དམིགས་ཐུན་གཅོད་ལུགས་ཀྱང་ཡང་ལྕི་སྙོམས་པས་བདེ་བ་ཡིན་ནོ། །གཉིས་པ་དོན་དམ་བྱང་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་ལ། རྟེན་བཅས་དང་། རྟེན་མེད་གཉིས་ལས། དང་པོ་རྟེན་ཅན་ལ་མན་ངག་ལུགས་གསུམ་སྟེ། གླན་རྡོར་འོད་ཀྱི་ཕྱག་བཞེས་འགོས་ཀྱི་ཡི་གེར། དབང་གི་དམིགས་པར་བཤད་མ་ཐག་པ་ལྟར། སྙིང་གར་པད་འདབ་བཅུ་དྲུག་ལ་བཀོད་པའི་ཨ་ཡིག་བཅོ་བརྒྱད་རིམ་གྱིས་བསྡུས་ཏེ། བདེ་གསལ་རྩིས་གདབ་མེད་པའི་ངང་ལ་འཇོག་པ་དང་གཅིག །ཟུར་ཧཾ་གྱི་ཕྱག་བཞེས་སྨྱལ་པའི་ཡི་གེར། སྙིང་གར་གཞིའི་ཐིག་ལེ་དཀར་པོ་ལྔ་ཚོམས་སུ་བསྒོམ་པའི་ཁྱད་པར་ཙམ་མ་གཏོགས། གཞན་དེ་ལས་འོད་ཀྱི་ཐིག་ཕྲན་སྤྲོ་བསྡུ་སོགས་སྔར་སྒྲུབ་དབང་དང་འབྲེལ་བ་ཨ་ནུའི་ངང་སྒོམ་དུ་བཤད་པ་ཇི་ལྟ་བ་བཞིན་མཛད་པ་དང་གཉིས། སློབ་དཔོན་རྡོ་
༡༤༢རྗེ་བཞད་པའི་མན་ངག་ལས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་འོད་གསལ་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པ་དང་གསུམ་ལས། འདིར་ཕྱི་མ་ལྟར་འཆད་དེ། ལུས་གནད་དང་ལྟ་སྟངས་མི་གཡོ་བར་བཅིངས་ལ། རང་གི་སྙིང་མཆོང་གུར་ཕུབ་པ་ལྟ་བུ་ཁོང་སྟོང་གི་དབུས་ན་རྩ་བརྒྱད་པོ་པདྨ་དཀར་པོ་འདབ་མ་བརྒྱད་པའི་རྣམ་པར་གྱེས་པའི་ལྟེ་བ་ལ། རྩའི་དྭངས་མ་ཤེལ་གྱི་བ་ཐག་ལྟ་བུའི་ནང་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་འོད་ལྔའི་གོང་བུ་ཡུངས་འབྲུ་ཙམ་པ་དྭངས་གསལ་འབར་བའི་རྣམ་པ་ཅན་ལ་སེམས་གཏད་དེ། མ་ཡེངས་པར་སལ་ལེ་མཉམ་པར་གཞག་པ་ན། རླུང་སེམས་ཀྱི་དྭངས་མ་ཐམས་ཅད་དེར་ཐིམ་པས། དབྱིངས་རིག་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་ཞིང་། དེས་ཡུལ་དང་ཡུལ་ཅན་གྱི་འཛིན་པ་ཞིག་སྟེ་ཁམས་གསུམ་བདེ་བ་ཆེན་པོར་གྲོལ་བར་འགྱུར་རོ། །གཉིས་པ་རྟེན་མེད་ཀྱི་མན་ངག་ནི། ལུས་མི་གཡོ། ངག་མི་བརྗོད། སེམས་དུས་གསུམ་ཀྱི་སྤྲོས་པ་ཐམས་ཅད་བཅད་ནས་སྤྲིན་མེད་ཀྱི་ནམ་མཁའ་ལྟར་རྣམ་པར་མི་རྟོགས་པའི་ངང་ལ་བཞག་པས། གང་ཡང་ཡིད་ལ་མི་བྱེད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་ནི། ཀུན་ཏུ་བཟང་མོ་ཆོས་ཉིད་དོན་གྱི་ཡེ་ཤེས་ཏེ། དབྱིངས་སྐྱེ་བ་མེད་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་རོ། །གསལ་རིག་རྗེན་ནེ་བའི་སྣང་ཆ་ནི། ཀུན་ཏུ་བཟང་པོ་ཆོས་སྐུ་གཞིའི་ཡེ་ཤེས་ཏེ། ཡེ་ཤེས་འགག་བ་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེ་གཉིས་དབྱེར་མེད་པའི་རིག་པ་ནི། དབྱིངས་དང་ཡེ་ཤེས་ཟུང་འཇུག་གཉུག་མའི་ཡེ་ཤེས་ཏེ། སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ཡང་སྤྱི་མདོ་ལས། ཀྱེ་འདུས་བའི་ཚོགས་རྒྱལ་བའི་སྲས་
༡༤༣རྣམས། རང་རང་གི་དེ་ཁོ་ན་ཉིད་མཐོང་བར་འདོད་ན། དཀྱིལ་འཁོར་ཆེན་པོ་གསུམ་གྱི་སྒོ་འབའ་ཞིག་ཏུ་འཇུག་པར་བྱའོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འབའ་ཞིག་གི་སྒོར་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་ཆེན་པོ་གསུམ་དང་རང་རང་གི་དེ་ཁོ་ན་ཉིད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འདུས་པའི་ཕྱིར་རོ། །ཞེས་གསུངས་སོ། །བཅུ་པ་མཐའ་རྒྱས་འཆི་མེད་ཚེའི་ཁྲིད་ཀྱི་གདམས་ངག་ངང་སྒོམ་ནི། །ཞོག་པ་སྐྱ་རེངས་དང་པོ་འཆར་བའི་ཚེ། རང་ཉིད་སྟན་བདེ་བ་ལ་བསམ་གཏན་གྱི་འདུག་སྟངས་གྱིས་ཁ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྣང་མཐའ་ཚེ་དཔག་མེད་དུ་ལམ་གྱིས་བསྒོམ། དེའང་མི་དམིགས་པའི་ངང་ལས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་རང་ཉིད་ཨ་ལས་བཅོམ་ལྡན་འདས་སྣང་མཐའ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་གསལ་འཚེར་འབར་བ། ཕྱག་གཡས་པདྨ་དཀར་པོ་དང་། གཡོན་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ་རང་འདྲའི་ཡུམ་གོས་དཀར་མོ་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བ། གཉིས་ཀ་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་ཉམས་དགུའི་སྒེག་པའི་ཡབ་ཀྱི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་བའི་དབུས་སུ་ཚེ་རྟེན་བྱང་ཆུབ་སེམས་ཀྱི་རང་བཞིན་ཐིག་ལེ་དམར་པོ་གསལ་འཚེར་འབར་བའི་རྣམ་པར་སྒོམ། རླུང་རོ་བསལ་བས་ནད་གདོན་སོགས་ཚེའི་འགལ་རྐྱེན་ཐམས་ཅད་སང་གིས་སོང་བར་བསམས། དེ་ནས་ཤར་ཕྱོགས་ཀྱི་ནམ་མཁའི་མཐས་གཏུགས་པའི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་ཚེ་དང་བསོད་ནམས་ཐམས་ཅད་རླུང་དང་ལྷན་
༡༤༤ཅིག་རྔུབས་ནས་ཐུབ་ཐང་དུ་བཟུང་བས། དབུ་མའི་ནང་དུ་སིབ་ཀྱིས་སོང་ནས་ཙིཏྟ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་བསམས། མི་ཐུབ་པ་ན་སྣ་ནས་དལ་བུས་སང་གིས་བཏང་ངོ་། །དེ་བཞིན་དུ་ཕྱོགས་མཚམས་གཞན་ལའང་སྦྱར་ཏེ། རབ་ལོ། འབྲིང་ཟླ་བ། ཐ་མ་ཞག་བཅོ་ལྔའམ། ཞག་བདུན་འབད་པས་ཚེ་བསྲིང་བར་འགྱུར་ཏེ། རྩ་རྒྱུད་ལས། རྣལ་འབྱོར་རིག་འཛིན་གང་ཞིག་རྣམས། །མི་འཕོ་བར་ནི་གནས་འདོད་པས། །ལོ་གཅིག་གམ་ནི་ཟླ་གཅིག་གམ། །དེ་བཞིན་ཞག་གི་རྣམ་གྲངས་ཀྱང་། །བཅོ་ལྔའམ་ཡང་ན་བདུན་པར་དུ། །ཐོ་རེངས་ཐུན་ཐ་དང་པོའི་ཚེ། །ཞེས་པ་ནས། དེ་ལྟར་མང་པོ་སྒྲུབ་པ་དེས། །དཔལ་ཚེ་གཟི་བྱིན་ཐམས་ཅད་ཐོབ། །ཅེས་དང་། བཤད་རྒྱུད་རྡམ་གློག་ལས་ཀྱང་། ཕྱོགས་བཅུར་དེ་ལྟར་གོམས་བྱས་ན། །དཔལ་ཆེན་གཟི་བྱིན་ཐམས་ཅད་ཐོབ། །ཅེས་གསུངས་པ་ལྟར་བྱ་སླ་ལ་ཐབས་ཟབ་ཅིང་དགོས་པ་ཆེན་པོ་དང་ལྡན་པ་ཡིན་ནོ། །ཐེག་རིམ་འདི་རྣམས་དེ་དང་དེ་སྟོན་པའི་མདོ་རྒྱུད་སོ་སོ་ནས་བསྡུས་ཏེ་གཞུང་གཅིག་ཏུ་བྱས་པ་མ་ཡིན་གྱི། ཨ་ནུ་དང་ཨ་ཏི་གཉིས་ཀའི་རྒྱུད་ལུང་རྣམས་ནས་རང་གཞུང་སོ་སོའི་ས་ལམ་བགྲོད་པའི་ཁྱད་པར་གྱིས་ཐེག་དགུའི་སྨིན་གྲོལ་གྱི་གདམས་པ་མང་དུ་འབྱུང་བ་ལས་འདིར་ཨ་ནུ་ཡོ་ག་རང་ལུགས་ཀྱི་ས་དང་པོ་འགྱུར་བ་མ་ངེས་པ་ནས་ས་བཅུ་པ་རྫོགས་པ་སྤྱིར་ཆིབ་ཀྱི་བར་ནོན་པར་བྱ་བའི་ཕྱིར་དུ་ལྷ་མི་ནས་བརྩམས། རྫོགས་རིམ་ཨ་ཏིའི་བར་ཐེག་པའི་རིམ་པ་བཅུར་བྱུང་བ་དེ། བྱ་སྤྱོད་གཅིག་ཏུ་བསྡུས་ནས་ཐེག་པ་དགུ་ཞེས་གྲགས་ཤིང་། ལམ་སྟེགས་ཀྱི་ཐེག་པ་སོ་སོའི་ལམ་དང་ཚུལ་འདྲ་རུང་དུ་བྱུང་ཡང་འབྲས་བུའི་ཐེག་པའི་ཐབས་མཁས་ཀྱིས་ཟིན་པས་དབང་དང་གདམས་ངག་འདི་ལ་བརྟེན་ནས་ལམ་སོ་སོའི་ཉམས་རྟོགས་
༡༤༥མཐར་ཕྱིན་པའི་མཐུས། ཐེག་པ་རང་རང་གི་སྤང་ཐོབ་དང་རིགས་མཚུངས་པའི་ཡོན་ཏན་དེ་དང་དེ་དག་སྐྱེ་བའི་མྱུར་ལམ་ཁྱད་པར་ཅན་དུ་འགྱུར་པས། སྔར་དབང་གི་ས་བོན་རྒྱུད་ལ་ཐེབས་པ་དེ་ཉིད་སོ་སོའི་ལམ་ཁྱེར་དང་གདམས་ངག་ངང་སྒོམ་གྱིས་ལེགས་པར་བསྐྱངས་པས་འབྲས་བུ་ཕྱི་དུས་ལ་མ་འགྱང་བར་བདེ་མྱུར་གྱི་སྒོ་ནས་ས་ལམ་བགྲོད་ཅིང་མཐར་ཐུག་གི་འབྲས་བུ་སྐུ་བཞིའི་བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་མངོན་དུ་བྱེད་པར་འགྱུར་ཏེ། ཇི་སྐད་དུ། ཨ་ནུ་ཡོ་གའི་ཐེག་པ་ནི། །བར་མ་ཆོད་པ་ཚེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་འབྱུང་ངོ་། །འགྲོ་བའི་ཁམས་དབང་མོས་པ་ཐ་དད་པས། །རྒྱལ་བས་ཐབས་མཁས་ཚུལ་གྱིས་ལགས་གསུངས་པ། །ཐེག་སྒོ་སོ་སོའི་རང་འབྲས་ལེགས་པར་གྲུབ། །མཐར་ཐུག་འཁོར་ལོ་ཚོགས་ཆེན་སར་ཕྱིན་ཤོག །ཆོས་དབྱིངས་སྐྱེ་བ་མེད་པ་ཡི་ཇི་བཞིན། །ཡེ་ཤེས་འགགས་མེད་རང་བཞིན་ལྷུན་གྱིས་གྲུབ། །ཟུང་འཇུག་བདེ་ཆེན་རྩ་བ་བྱང་ཆུབ་སེམས། །དཀྱིལ་འཁོར་རྣམ་གསུམ་གཅིག་ཏུ་འགྲུབ་གྱུར་ཅིག །ཅེས་ལུང་ཨ་ནུ་ཡོ་ག་རང་རྐང་ཚུགས་པའི་ཁྲིད་ཡིག་བཀའ་གཏེར་སྤྱི་ལ་དཀོན་པས་ཆོས་ཀྱི་རྒྱུན་དང་འབྲེལ་ཐོགས་ཙམ་ལ་ཕན་པར་རེ་བའི་ལྷག་པའི་བསམ་པས་མཚམས་སྦྱར་ཏེ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་ངག་གི་དབང་ཕྱུག་དྷརྨ་ཤྲཱིའི་གསུང་རབས་ལས་ཁོལ་ཕྱུང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

༄༅། ཐུགས་རྗེ་ཆེན་པོའི་སྨར་ཁྲིད་བཞུགས་སོ༎

༢༧ ཐུགས་རྗེ་ཆེན་པོའ་སྨར་ཁྲིད་བཞུགས་སོ། །
༢༨ རབ་དཀར་ཡོན་ཏན་རྒྱུ་སྐར་གྱི། །ཐིག་ལེའི་སྡེས་བཀུར་རྒྱལ་བ་སྤྱིའི། །སྙིང་རྗེས་གང་བ་སྤྱན་རས་གཟིགས། །འགྲོ་བའི་ཡིད་མཁར་རོལ་དེས་སྐྱོངས། །འདིར་དགེ་སློང་མ་དཔལ་མོའ་ཞལ་སྐྱིན་མོ་ཐུགས་རྗེ་ཆེན་པོའ་སྨར་ཁྲིད་འཆད་པ་ལ། བརྒྱུད་པའི་ལོ་རྒྱུས་དང་། གདམས་པ་གཉིས་ལས། དང་པོ་ནི། ཨུ་རྒྱན་གྱི་ཡུལ་ཆེན་པོར་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་མཚན་བཟུང་བ་དགུ་བྱུང་བའི་ནང་ནས་མཆོག་ཏུ་གྱུར་བ་ཆེ་འབྲིང་ཆུང་གསུམ་གྱི་འབྲིང་བོ། རབ་ཏུ་བྱུང་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པའི་མཚན་ལྭ་བའི་ན་བཟའ་ཅན། དེའི་ལྕམ་ལྷ་མོ་ཆེན་མོ་ལིཀྵིཾ་ཀ་ར་ཞེས་སམ་ལེགས་སྨིན་ཀ་ར་ཞེས་པ་བུད་མེད་རིན་པོ་ཆེའི་མཚན་ཉིད་ཅན་དུ་གྲགས་པ། ཕྱོགས་ཀྱི་རྒྱལ་པོ་རྣམས་ཀྱིས་སློང་པ་ནི། གཅིག་ལ་བྱིན་ན་ལྷག་མ་དགྲར་འགྱུར་བར་ཤེས་ནས་ཡབ་ཡུམ་གྱིས་གནང་བ་བྱིན་ནས་རབ་ཏུ་བྱུང་བས་མཐར་གྱིས་དགེ་སློང་མར་གྱུར་ཏེ། རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པ། དེར་བསྙུན་མཛེའི་རྐྱེན་གྱིས་བསྐུལ་བས། ཇོ་བོ་དཔལ་
༢༩ གྱི་སྙིང་པོ་ལས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་བླངས་ནས། ཁ་སར་པ་ཎི་རང་བྱུང་གི་ལྷ་ཁང་དུ་བསྙེན་དུ་བྱོན་པས། ནང་དུ་དཀོར་གཉེར་གྱིས་གཏོར་མ་འདོད་པར། ལྷ་ཁང་གི་རྒྱབ་ཏུ་རྩའི་སྤྱིལ་བོ་བཅས་ནས་བསྒྲུབས་པས་འཕགས་པ་གྲུབ་སྟེ། ལྷ་ཁང་གི་སྒོ་ངང་གིས་དཔལ་མོ་གནས་པའི་ཕྱོགས་སུ་འགྱུར་ཞིང་། །མཐར་གྲུབ་ཆེན་ཕག་ཚང་པ་དང་ལྷན་ཅིག་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པས། དགེ་སློང་མའི་བསླབ་པ་ལས་ཉམས་སོ་ཞེས་གྲགས་པ་ངན་པ་བྱུང་བ་བཟློག་པའི་ཕྱིར། བཅོམ་ལྡན་འདས་མ་ཕག་མོ་དབུ་བཅད་མའི་ཚུལ་དུ་ཀུན་གྱིས་མཐོང་བར་མཁའ་སྤྱོད་ལ་གཤེགས་པ་ཡིན་ནོ། །དེས་པཎྜི་ཏ་དཔལ་གྱི་བཟང་པོ། དེས་ཏིང་འཛིན་བཟང་པོ། དེས་ཀྱང་ལྷག་པའི་ལྷ་འོད་དཔག་ཏུ་མེད་པའི་ཐུགས་རྗེའི་སྒྱུ་མ་ཇོ་བོ་རྗེ་ལྷ་གཅིག་ལ་གདམས་ཤིང་། དེ་ལས་རིམ་པར་བརྒྱུད་དེ། ཆོས་ཀྱི་རྗེ་གཙང་པ་རྒྱ་རས་པ་དཔོན་སློབ་ཀྱིས་ཉམས་སུ་གདར་བྱར་གྱུར་ཏོ། །གཉིས་པ་ལ།
༣༠ སྔོན་འགྲོ། དངོས་གཞི་གཉིས་ལས། དང་པོ་ནི། དལ་འབྱོར་རྙེད་དཀའ་ཞིང་མྱུར་དུ་འཇིག་པ་དང་། ལས་དང་འབྲས་བུའི་འབྲེལ་པ་ལ་ཡིད་ཆེས་པས་འཁོར་བས་འཇིགས་ཤིང་། ཐར་པ་ཆེན་པོ་ཐོབ་པར་འདོད་པའི་དད་པ་ཅན་དག་གིས་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། སེམས་ཅན་ཐམས་ཅད་བུ་ཆུང་དུ་མའི་མ་དང་མཚུངས་པར་ལྟ་བས་ཚད་མེད་པའི་མིང་ཐོབ་པ་ལ་བསླབ་པར་བྱའོ། །གཉིས་པ་དངོས་གཞི་ལ། བསྐྱེད་རིམ། རྫོགས་རིམ། ལས་ཁ་ཚར་བ་བསྟན་པ་གསུམ་ལས། དང་པོ་ལ། གཙོ་རྐྱང་དུ་སྒྲུབ་པ་གཙོ་འཁོར་སྦྲགས་ཏེ་སྒྲུབ་པ། སེམས་དཔའ་སུམ་བརྩེགས་སུ་སྒྲུབ་པ། རིགས་དྲུག་གིས་ས་བོན་སྲེག་པ། རིགས་ལྔར་སྒྲུབ་བ། ཞིང་ཁམས་སྦྱང་བ། ཚེ་རུ་སྒྲུབ་པ་དང་བདུན་ལས་དང་པོ་ནི། ཤེས་རབ་ཀྱི་མིག་གིས་གང་ཟག་གི་བདག་མེད་རྙེད་པ་བདག་གི་དེ་ཁོ་ན་ཉིད་དེ། དེ་ལ་གནས་ནས། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་ཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། དེའི་གསལ་སྣང་། བྷྲཱུཾཿལས་པོ་ཊ་ལའི་རི་སྤོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་བརླབས་པའི་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་མཚན་ཉིད་ཚང་ལ་ཡིད་དུ་འོང་བ་ཐམས་ཅད་ཀྱིས་བལྟ་ན་སྡུག་པར་བྱས་པའི་ནང་དུ། པཾ་ལས་པདྨའི་སྡོང་པོ་ཟེའུ་འབྲུའི་ནང་དུ་ཟླ་བ་ཕྱེད་ཙམ་དིམ་པའི་གདན་ལ་ཧྲཱིཿ དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཁ་བ་གསར་བའི་མདངས་ལྟར་དཀར་
༣༡ བ། རྩ་བའི་ཕྱག་གཉིས་ཐལ་མོ་སྦྱར་ཞིང་། འོག་མ་གཉིས་བགྲང་འཕྲེང་དང་ཆུ་སྐྱེས་འཛིན་པ། ཤིན་ཏུ་ཞི་བའི་སྐུ་མཛེས་སྡུག་གི་རི་མོ་རྫོགས་པ། མཚན་དཔེའི་བྱིན་གྱིས་མཚར་ཞིང་། རིན་པོ་ཆེའི་རྒྱན་དང་། དར་གྱི་ན་བཟས་ཀླུབས་ནས་ཁ་དོག་ལྔ་བའི་འཇའི་སྣལ་མས་ཁོར་ཡུག་ཏུ་བྱས་པའི་ནང་ན་བཞུགས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྟོད་དུ་ཧཱུྃ། ཆ་སྨད་དུ་ཟླ་བ་ལ་ཧྲཱིཿ དེ་ལས་འཕྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེའི་སྤྱི་གཟུགས་ཅན་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ། བདག་ཉིད་དང་གཉིས་སུ་མེད་པར་བསྲེས། སླར་ཡང་དེ་བཞིན་གཤེགས་པ་ལྔ་སྤྱན་དྲངས་པ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་བརྩིའི་གང་བས་དབང་བསྐུར་བའི་རྒྱུན་སྤྱི་བོར་ལུད་པ་ལས། རལ་པའི་ཟུར་ཕུད་ཀྱི་དབུས་སུ་རྩ་བའི་བླ་མ་འོད་དཔག་མེད་མཆོག་གི་སྤྲུལ་པའི་སྐུ་ཡི་ཆ་བྱད་ཅན་གྱི་རྒྱས་བཏབ་པ་ལ་སེམས་བཟུང་སྟེ། རེག་པའམ་མཐོང་བ་ཙམ་གྱིས་བར་དུ་བསླབ་པར་བྱའོ། །དེ་ནས་ངལ་ན་ས་བོན་གྱི་མཐར། ༀ་མ་ཎི་པདྨེ་ཧཱུྃ། ཞེས་པའི་སྔགས་གཡས་བསྐོར་དུ་གསལ་བཏབ་སྟེ་འོད་ཀྱི་སྤྲོ་བསྡུ་ལ་དམིགས་ཏེ་བཟླ་བར་བྱའོ། །དེ་ལས་དུབ་ན་སྣོད་བཅུད་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་འདུ་བ་ལྟར་སྐད་ཅིག་གིས་སྟོང་པ་ཉིད་ལ་བཅུག་སྟེ། དེའི་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་གཏང་བར་བྱའོ། །གཉིས་པ་ནི། གཞན་འདྲ་བ་ལས། པཾ་ལས་རྩ་བ་གཅིག་ལས་སྡོང་པོ་གསུམ་དུ་གྱེས་པའི་པདྨའི་གེ་སར་གྱི་ནང་དུ་ཕྱེད་རྩམ་དིམ་པའི་ཟླ་བ་ལ་དབུས་སུ་ཧྲཱིཿ གཡོན་གཡས་སུ་ཐིག་ལེ་དཀར་སེར་གསལ་བཏབ་ནས། གཙོ་བོ་བསྐྱེད་པའི་བར་སྔར་བཞིན་ལ། གཡོན་གྱི་ཐིག་ལེ་།།།་
༣༢ ཡུམ་གྱི་ཡི་གེ་དྲུག་མ། ལྷའི་བུ་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། དཀར་མོ་རྒྱན་དང་ཕྱག་རྒྱ་བཅོམ་ལྡན་འདས་དང་མཚུངས་པ་ལ་ཕྱེད་སྐྱིལ་གྱིས་བཞུགས་པ་གཡས་ཀྱི་ཐིག་ལེ་སྲས་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི། རྩ་བའི་ཕྱག་ཐལ་སྦྱར་དང་། ནོར་བུ་དང་ཆུ་སྐྱེས་འཛིན་པ། རྒྱན་གྱི་སྤྲས་ཏེ་ཕྱེད་སྐྱིལ་གྱིས་བཞུགས་ཏེ། གཉིས་ཀའང་བཅོམ་ལྡན་འདས་ལ་གུས་པས་མངོན་པར་ཕྱོགས་པའོ། །ལྷ་གསུམ་ཀའི་སྤྱི་བོར་ༀ་ནས་བཟླས་པའི་བར་སྔར་བཞིན། བཟླ་དུས་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་པ། ཡུམ་སྲས་ཀྱི་ཐུགས་ཀ་ནས་སླར་འཁོར་བའི་སྤྲོ་བསྡུ་ལ་དམིགས་པར་བྱའོ། །གསུམ་པ་ནི། ལྷ་གསུམ་བསྐྱེད་པ་ནས་རྒྱས་བཏབ་ཀྱི་བར་སྔར་བཞིན་ལ་གཙོ་བོའ་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཁའ་ལ་སྤྱོད་པའི་སྤྱན་རས་གཟིགས། ཕྱག་གཡས་མཆོག་སྦྱིན། གཡོན་ཐུགས་ཀར་ཆུ་སྐྱེས་ཀྱི་སྡོང་བུ་འཛིན་པ། ཤིན་ཏུ་བཞེངས་སྐུ་དྲང་སྲོང་གི་ཆ་བྱད་ཅན་པད་ཟླ་ལ་བཞུགས་པ། དེའི་ཡང་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། ཟླ་བ་ལ་ཧྲཱིཿཡིག་སྔགས་ཀྱིས་བསྐོར་བ་ལ་གསལ་བཏབ་ནས་ལྷ་གསུམ་ཀའི་ཐུགས་ཀ་ནས་རང་དང་འདྲ་བའི་ལྷ་འོད་ཟེར་གྱི་སྣ་ལ་བཞུགས་པ་སྤྲོས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་བསམ་མོ། །བཞི་པ་ནི། བདག་ཉིད་ཀྱི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་སུ་དམར་སྐྱ། སྙིང་གར་མིའི་ནྲྀ་སྔོན་པོ། ལྟེ་བར་དུད་འགྲོའི་ཏྲི་སེར་པོ། ཆུ་ལམ་དུ་ཡི་དྭགས་ཀྱི་པྲེ་ལྗང་ཁུ། བཤང་ལམ་དུ་དམྱལ་བའི་དུ་དུད་ཁ་རྣམས་དང་། མདུན་དུ་བཅོམ་ལྡན་འདས་གཙོ་རྐྱང་སྤྱན་རས་གཟིགས་གཙོ་རྐྱང་བཞིན་བསྐྱེད། བཟླས་པའི་དུས་བཅོམ་ལྡན་
༣༣ འདས་ཀྱི་གནས་དྲུག་ཏུ་ཟླ་བའི་དཀྱིལ་འཁོར་ལ། ༀ །མ །ཎི པད །མེ །ཧཱུྃ། ཞེས་པའི་ས་བོན་ལ་རིག་པའི་རྒྱལ་པོ་དེ་ཉིད་ཀྱིས་བསྐོར་བ། དཀར་དམར་སྔོ་སེར་ལྗང་མཐིང་ག་གསལ་བཏབ་སྟེ་སྔགས་དྲག་པོའ་བྫབ་ཏུ་བཟླ་དུས། བཤང་བའི་དུ་ལས་འོད་ཟེར་ནག་པོ་འཕྲོས་པས། རང་གཞན་གྱིས་ཐོག་མ་མེད་པ་ནས་བསགས་པའི་དམྱལ་བ་མྱོང་འགྱུར་གྱི་ལས་ངན་བག་ཆགས་དང་བཅས་པ་བསྡུས། དམྱལ་བའི་གནས་གཟུགས་སྡུག་བསྔལ་དང་བཅས་པ་བསྒྱུར་ནས། ཅུང་ཟད་གསལ་བཏབ་པའི་མཐར། མདུན་བསྐྱེད་ཀྱི་ཧཱུྃ་ཡིག་ལས་ཡེ་ཤེས་ཀྱི་མེ་ལྕེ་འཕྲོས། བཤང་བའི་ལམ་དུ་ཞུགས། དམྱལ་བའི་གནས་གཟུགས་སྡུག་བསྔལ་རྣམས་བསྲེགས་ནས། ཧཱུྃ་ཡིག་ནག་པོ་གཅིག་ཏུ་གྱུར། དེ་བཞིན་དུ་གནས་ལྔ་ལའང་རིགས་འགྲེའོ། །མཐར་མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་བདག་ཉིད་ལ་བསྟིམ་མོ། །ལྔ་པ་ནི། རང་གི་བཤང་ལམ་གྱི་ཧཱུྃ་ཡིག་ལས་མེ་འབར། རྣམ་སྨིན་གྱི་ལུས་སྦྱངས་ནས། སྤྱན་རས་གཟིགས་ཀྱི་སྐུར་བྱས་པའི་སྤྱི་བོར་ༀ་ལས་སྐུའི་སྤྱན་རས་གཟིགས་དཀར་པོ། མགྲིན་པར་མ་ལས་གསུང་གི་དམར་པོ། སྙིང་གར་ཎི་ལས་ཐུགས་ཀྱི་སྔོན་པོ། ལྟེ་བར་པད་ལས་ཡོན་ཏན་གྱི་སེར་པོ། གསང་གནས་སུ་མེ་ལས་ཕྲིན་ལས་ཀྱི་སྤྱན་རས་གཟིགས་ལྗང་ཁུ་རྣམས་ཀྱི་ཐུག་ཀར་ཟླ་བ་ལ་ས་བོན་སྔགས་ཕྲེང་དང་བཅས་པ་རང་གི་ཁ་དོག་དང་མཐུན་པར་གསལ་བཏབ། སྔགས་བཟླ་བའི་དུས། སྤྱི་བོ་ལས་འོད་ཟེར་དཀར་པོ་འཕྲོས། བདག་གི་ལུས་ཐམས་ཅད་གང་། བ་སྤུའི་བུ་ག་རྣམས་ནས་ཕྱིར་སོང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བདག་གཞན་ཐམས་ཅད་ཀྱི་ཉོན་མོངས་པ་གཏི་མུག་དང་དེའི་
༣༤ དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། སྤྱན་རས་གཟིགས་ཀྱི་སྐུའི་དངོས་གྲུབ་ཐོབ་པར་བསམས་ལ་བཟླའོ། །དེ་བཞིན་དུ་མགྲིན་པར་འདོད་ཆགས་གསུང་གི །སྙིང་གར་ཞེ་སྡང་ །ཐུགས་ཀྱི་ལྟེ་བར་ང་རྒྱལ་ཡོན་ཏན་གསང་གནས་སུ་ཕྲག་དོག །ཕྲིན་ལས །དྲུག་པ་ནི། སེམས་གཡོ་བ་མེད་པའི་རྒྱུན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ཅིང་། དེ་ལས་མི་གནས་པར་འཕྲོ་ན། འཕྲོ་མཁན་གྱི་ཤེས་པ་ལ་སོ་སོར་བརྟགས་ཏེ་ཕྱིན་ཅི་ལོག་ལས་ཕྱུང་ནས་ཡང་དག་པའི་ངང་དུ་བཞག་གོ །འདི་ནི་ངོ་བོའ་སྒོ་ནས་ཞིང་ཆོས་སྐུར་སྦྱར་བཞེས་བྱའོ། །དེ་ལས་ལངས་པའི་རྗེས་ཐོག་ཏུ་གང་ཤར་གྱི་སྣང་བ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུར་རྟོགས་པས་ལྷག་པར་མོས་པར་བྱེད་པ་སྣང་ཚད་སྐུའི་འཁྱེར་སོ་ཞེས་བྱའོ། །སྒྲ་ལྷང་ལྷང་གྲགས་པ་ཐམས་ཅད་ཡིག་དྲུག་པར་རྟོགས་པས་ལྷག་པར་མོས་པར་བྱེད་པ་གྲགས་ཚད་གསུང་གི་འཁྱེར་སོ་ཞེས་བྱའོ། །ཡིད་ཀྱི་རབ་ཏུ་གཡོ་བ་ཐམས་ཅད་སྒྱུ་མ་ཙམ་དུ་རྟོགས་པས་ལྷག་པར་མོས་པ་འཆར་ཚད་ཐུགས་ཆོས་ཉིད་ཀྱི་འཁྱེར་སོ་ཞེས་བྱའོ། །འདི་ནི་རྣམ་པའི་སྒོ་ནས་ཞིང་ལོངས་སྐུར་སྒྱུར་བཞེས་བྱའོ། །ཐོ་རངས་ཀྱི་ཚེ། བདག་ཉིད་འཕགས་པའི་སྐུར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ཤི་གསོས་ཀྱི་བདུད་རྩི་ལྟ་བུ་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ། མྱ་ངན་དང་ཡིད་མི་བདེ་བ་ཐམས་ཅད་དག་པ་དང་། སྔ་གྲོ་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། སྣང་མི་སྣང་བའི་རྒྱུ་མི་རྒྱུའི་འགྲོ་བ་ཐམས་ཅད་རང་དབང་དང་བྲལ་བར་བདག་གི་དབང་དུ་གྱུར་པ་དང་། དགོངས་མོ་སྔགས་འཕྲེང་སྔོན་པོ་ལས་འོད་ཟེར་འཕྲོས་པས། བདག་གཞན་ཐམས་ཅད་
༣༥ ཀྱི་འདོད་ཆགས་ཞེ་སྡང་གཏི་མུག་གི་དགྲ་བོ་སྟོང་པ་ཉིད་ཀྱི་འབྲུག་ཁུང་དུ་བཀུག །འདོད་ཆགས་མི་སྡུག་པ་དང་། ཞེ་སྡང་བྱམས་པ་དང་། གཏི་མུག་སོ་སོར་རྟོགས་པའི་མཚོན་ཆས་བསད། སོ་སོ་རང་རིག་པའི་ཕོ་ཉས་ཟོས་པས་ཚིམ་པར་བསམ་པ་དང་། སྲོད་ལ་འོད་ཟེར་སེར་པོ་འཕྲོས་པས། བདག་གཞན་གྱི་བསོད་ནམས་དང་འབྱོར་བ་ཕུན་སུམ་ཚོགས་པ་རྒྱས་པར་བསམ། བདག་སངས་རྒྱས་པའི་ཞིང་དུ་སེམས་ཅན་ཐམས་ཅད་ཞི་རྒྱས་དབང་དྲག་བཞི་ལ་དབང་འབྱོར་པ་ཤ་སྟག་འབྱུང་བར་གྱུར་ཅིག་ཅེས་བསྔོ་བ་ཞིང་སྤྲུལ་སྐུར་སྦྱང་བའོ། །བདུན་པ་ནི། སྤྱི་བོའ་བླ་མ་འོད་དཔག་མེད་པའི་ཕྱག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་པའི་འཆི་བ་མེད་པའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ་ལ་དམིགས་ནས། སྔགས་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། བདུད་རྩི་ཆིལ་ཆིལ་ལུད་པ་བདག་སྤྱན་རས་གཟིགས་སུ་གསལ་བའི་སྤྱི་བོ་ནས་བཞུགས་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ནད་ཐམས་ཅད་དུད་ཁུའི་རྣམ་པ་དང་། གདོན་བགེགས་འཆི་བདག་ལ་སོགས་པའི་བདུད་བཞི་མི་སྡུག་པའི་གཟུགས་སུ་རྐང་པའི་མཐེ་བོང་ནས་དོན་པས། ལུས་དྲི་མ་མེད་པར་གྱུར་པ་འཆི་མེད་ཀྱི་བདུད་རྩིས་གང་བས། གསེར་འགྱུར་གྱི་རྩིས་ལྕགས་བསྲེགས་པ་ལ་རེག་པ་བཞིན། ལུས་ངག་ཡིད་གསུམ་འཆི་བ་མེད་པ་སྐུ་གསུང་ཐུགས་རྡོ་རྗེར་གྱུར་པར་བསམ་མོ། །གཉིས་པ་རྫོགས་རིམ་ལ། ཞི་གནས་དང་། ལྷག་མཐོང་གཉིས་ལས། དང་པོ་ནི། ཀླུའི་དབང་པོ་གཉིད་ཀྱིས་ལོག་པ་ལྟ་བུར་ལུས་དྲང་པོར་བསྲང་། མིག་གཉའ་ཤིང་གང་ཙམ་གྱི་ཐད་དུ་གཡོ་བ་མེད་པར་གཏད། དེ་ནས་སེམས་དང་པོར་ནང་ཉིད་ལ་བསྒྲིམས་ནས། དམིགས་པ་
༣༦ གང་ལ་སེམས་གཏང་ན་གནས་པ་སྐྱེ་བར་འགྱུར་བ་དེ་བསྒོམ་སྟེ། ཀླུའི་བྱང་ཆུབ་ལ་མགོ་ལ་མ་ཧེའི་ར་སྐྱེས་པ་སྒོམ་དུ་བཅུག་པས་སེམས་ཟིན་པ་བཞིན་ནོ། །གལ་ཏེ་མི་གནས་པར་འཕྲོ་ན། ཐོལ་སྐྱེས་རྦད་གཅོད་ཀྱིས་འགྱུ་པའི་འཕྲང་དགག་པར་བྱའོ། །གཞན་དུ་དྲན་པའི་སོ་བ་བཀོད་ནས་དམིགས་པའི་རྒྱུན་ལ་བརྟགས་པས། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པར་འགྲུབ་སྟེ་ཞི་གནས་ཞེས་བྱའོ། །དེའི་ངང་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒྲུབ་པར་བྱའོ། །གཉིས་པ་དཔྱོད་པ་ལ། སྤྱོད་ལམ་ལ་རྣམ་པར་དཔྱོད་པ་དང་། དམིགས་པ་རྣམ་པར་སྤྱོད་པ་དང་། ཉོན་མོངས་པ་རྣམ་པར་སྤྱོད་པའི་ཚུལ་གསུམ་ལས། དང་པོ་ནི། འགྲོ་བ་དང་། འཆགས་པ་དང་། ཉལ་བ་དང་། འདུག་པའི་གནས་སྐབས་ཐམས་ཅད་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མ་ཡེངས་པར་ཡོངས་སུ་དཔྱོད་པར་བྱེད་པའོ། །གཉིས་པ་ནི། ཚོགས་དྲུག་གི་སྣང་བ་དགག་སྒྲུབ་ཀྱི་བཟོ་བཅོས་མི་བྱ་བར་ལྷུག་པར་འཇོག་པ་སྟེ། དེས་མི་འཆིང་ཞིང་གྲོལ་བར་འགྱུར་བ་སྒྱུ་མ་མཁན་ལ་སྒྱུ་མ་བཞིན་ནོ། །གསུམ་པ་ནི། ཉོན་མོངས་པ་དུག་གསུམ་མམ་ལྔ་ལ་སོགས་པ་གང་ཤར་ཡང་དེ་ཉིད་དངོས་བཟུང་ནས། དེའི་རང་ངོ་ལ་སོ་སོར་རང་གི་རིག་པས་བརྟགས་ནས། ཆེད་དུ་སྤང་མ་དགོས་པར་རང་ཞིར་འགྱུར་ཏེ། ཚུལ་འདིས་ཉོན་མོངས་པ་ཐམས་ཅད་བྱང་ཆུབ་ཐོབ་པའི་ཐབས་ཀྱི་མཆོག་ཏུ་འགྱུར་རོ། །གསུམ་པ་ལས་ཁ་ཚར་བསྟན་པ་ལ། ཐོག་མར་ལྡང་བའི་ཚེ་རང་ཉིད་འཕགས་པ་སྤྱན་རས་གཟིགས་དང་། གོས་དང་རྒྱན་ཐམས་ཅད་ན་བཟའ་དང་རྒྱན་དུ་ཤེས་པས་བགོ་ཞིང་། བྱ་སྤྱོད་ཐམས་ཅད་གཞན་དོན་གྱི་བསམ་པས་སྤྱོད་པའོ། །ཆུ་སྦྱིན་ནི། ལག་པ་གཙང་མར་བཀྲུས་
༣༧ རྩམ་པའི་དྲིས་མ་རེག་པར་བྱས་ལ། མ་ཎི་ངག་ཏུ་བརྗོད་ཅིང་ཆུ་སྦྱིན་པ་དང་། ཡིད་ཀྱི་དམིགས་པ་རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡི་དྭགས་ཀྱི་ཚོགས་མདུན་དུ་བཀུག །ཕྱག་མཐིལ་ནས་བདུད་རྩི་འོ་མ་ལྟ་བུའི་རྒྱུན་བྱིན་པས་ངོམས་ཤིང་ཚིམས་པས་སྡུག་བསྔལ་དང་། མྱ་ངན་དང་། ཡིད་མི་བདེ་བ་ལས་ཐར་པར་བསམས་ལ་མཐར་རང་གནས་སུ་སོང་བར་བལྟའོ། ། གདབ་པ་ནི། ས་རྐོ་བ། འབི་འབི་རིན་པོ་ཆེ་ལྔའི་རང་བཞིན་དུ་བྱིན་གྱིས་རླབས་པ། འདེབས་པ། ཡེ་ཤེས་པ་བསྟིམ་པ། རབ་གནས་ཐམས་ཅད་ཡི་གེ་དྲུག་པའི་རིག་སྔགས་ཀྱིས་འགྲུབ་བོ། །ཟས་ཀྱི་རྣལ་འབྱོར་ནི། རང་ཉིད་ལྷར་གསལ་བའི་གནས་ལྔར་རིགས་ལྔ་གསལ་བཏབ། སྤྱི་བོའ་བླ་མ་དང་བཅས་པས་བཟའ་བཏུང་འཆི་མེད་ཀྱི་བདུད་རྩིར་གྱུར་པ་ལོངས་སྤྱོད་པས་ཚིམ་པར་བསམ་པས་སོ། །ནམ་གུང་ཤེས་བྱ་བུམ་པར་བཅུག་པའི་རྣལ་འབྱོར་ནི། རང་ཉིད་འཕགས་པར་གསལ་བཏབ་པའི་སྙིང་གར་ཡེ་ཤེས་སེམས་དཔའ། དེའི་འོད་ཀྱིས་སྣང་བ་ཐམས་ཅད་སྒྲིབ་བྲལ་དུ་སྦྱང་བར་བྱ་སྟེ། སེམས་མ་ཡེངས་པའི་དྲན་པ་ལ་བཅིངས་པ་ཉིད་ཀྱིས་སོ། །འདའ་ཁ་མ་འཕོ་བའི་རྣལ་འབྱོར་ནི། རང་སྤྱན་རས་གཟིགས་དང་། སྤྱི་བོར་བླ་མ་འོད་དཔག་མེད་གསལ་བཏབ་པའི་སྐུ་ལུས་ཀྱི་དབུས་སུ་ཡེ་ཤེས་ཀྱི་དབུ་མ། རང་གི་ལྟེ་བའི་ཐད་དུ་རྣམ་པར་ཤེས་པ་ཐིག་ལེ་ཙ་ན་ཀའི་ཚད་ཙམ་དུ་ཕྲ་བ་བལྟས་ཏེ། རླུང་བཟུང་། མཐར་འོག་གི་རླུང་དྲག་ཏུ་བསྐུལ་བས་སྣའི་སྒོར་ཤུགས་དང་བཅས་ཏེ་འབྱིན་པ་བསྟུན། ཡིད་ཀྱི་ཐིག་ལེ་དབུ་མའི་ནང་ནས་བླ་མའི་ཐུགས་ཀར་རྩལ་པོ་ཆེས་འདའ་འཕངས་བ་བཞིན་སོང་བར་བསམས་ཏེ། མཐར་
༣༨ དམིགས་པ་མེད་པ་ལ་ཡུད་ཙམ་གཞག་ཅིང་། དེའི་ཚེ་རླུང་ནང་དུ་མི་རྔུབས་པའོ། །ཐམས་ཅད་ཀྱི་མཐར་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱང་ཆུབ་ཆེན་པོར་བསྔོ་བ་ནི། བསྔོ་བ་སྨོན་ལམ་གྱི་རྣལ་འབྱོར་རོ། །དེ་ལྟར་ཐུགས་རྗེ་ཆེན་པོའ་སྣར་ཁྲིད་ཤིན་ཏུ་ཉུང་ངུར་བསྡུས་པའི་ཡི་གེ་འདིའང་། འཕྱོངས་རྒྱས་ནས་སྡེ་བ་ཧོར་ཕྲུག་མགོན་པོ་ཚེ་འཕེལ་གྱིས་བསྐུལ་བའི་ངོར། དགེ་སློང་པདྨ་དཀར་པོས། དགེ་བའི་བཤེས་གཉེན་མང་པོས་བྱིན་གྱིས་བརླབས་པའི་ཐང་པོ་ཆེའི་ཆོས་སྐྱོང་བའི་ཕོ་བྲང་ཐོབ་རྒྱལ་ལྷ་རྩེར་སྦྱར་བའོ།། །།

།ཕྱག་རྒྱ་ཆེན་ལས་ནི་པོ་གངྒཱ་མའི་བློ་དམན་འགྲེལ་ལས་པ་བཞུགས་སོ།

༣༧།ཕྱག་རྒྱ་ཆེན་ལས་ནི་པོ་གངྒཱ་མའི་བློ་དམན་འགྲེལ་ལས་པ་བཞུགས་སོ། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་ཏཻ་ལོ་པ་དེ་ཉིད་ཀྱིས་གསུངས་པའི་ཕྱག་རྒྱ་ཆེན་པོའ་མན་ངག་གངྒཱ་མ་འདི་ཉིད་ཀྱི་དོན་ཅུང་ཞིག་བདག་གིས་དབྱེ་ཞིང་བཤད་པར་བགྱིའོ། །དེ་ལ་དང་པོ་ནི་དོན་རྣམ་པ་གསུམ་གྱིས་སྟོན་ཏེ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ཀླད་ཀྱི་དོན་ནི་གཞུང་ན་གསལ་ལོ། །གཉིས་པ་གཞུང་གི་དོན་ནི། ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་ཞེས་པ་ནས། མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག་ཅེས་པའི་བར་གྱིས། ཕྱག་རྒྱ་ཆེན་པོ་སྤྲོས་པའི་མཐའ་ཐམས་ཅད་དང་
༣༨བྲལ་བ་དེ་ཉིད་ཀྱི་ངོ་བོ་སྟོང་ཞིང་དངོས་པོ་གཟུང་བའི་ཡུལ་དུ་མ་གྲུབ་པའི་ཕྱིར་བསྟན་དུ་མེད་ཅིང་དཔེ་ནི་ནམ་མཁའ་ལྟ་བུ་ཡིན་ཏེ། ནམ་མཁའ་ནི་ངོ་བོ་སྟོང་པ། རང་བཞིན་གསལ་བ། མཚན་ཉིད་འགག་པ་མེད་པ། དབྱིངས་ཀུན་ལ་ཁྱབ་པ་སྟེ། དེ་ཡང་བྲམ་ཟེ་ཆེན་པོའ་ཞལ་ནས་ཀྱང་། །ཕྱག་རྒྱ་ཆེན་པོ་སྐད་པ་དེ། །ནམ་མཁའི་རང་བཞིན་ལྟ་བ་འདྲ། །བསྒོམ་ཡང་ཕར་ལ་མི་བསྒོམ་ཞིང་། །ཡེངས་ཀྱང་ཚུར་ལ་མི་ཡེངས་པར། །མ་བཅོས་གཉུག་མའི་ངང་ཉིད་དོ། །ཞེས་གསུངས་སོ། །བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད་ཅེས་པ་ནས། །རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ་ཅེས་པའི་བར་གྱིས་ནི། དཔེར་ན་མི་ཉེས་པ་ཅན་སྡུག་བསྔལ་དེ་ལས་ཐར་བ་བཞིན་དུ། གང་ཟག་ཐ་མལ་པ་ཞིག་གིས་ཕྱག་རྒྱ་ཆེན་པོའ་མཚན་ཉིད་གོ་བ་ཙམ་དུ་གྱུར་ན་ཡང་དགའ་བ་ཆེན་པོ་དང་ལྡན་ཏེ། དེ་བས་ཀྱང་སྤྲོས་པ་དང་བྲལ་བའི་མཚན་ཉིད་དགའ་བ་དང་མི་དགའ་བ་དང་། བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་གང་གིས་ཀྱང་མི་གནོད་པའི་དོན་དེ་ཉིད་ཤེས་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྩ་བ་རང་གི་སེམས་ཉིད་ཡིན་པར་གསུངས་ཏེ། ས་ར་ཧའི་ཞལ་ནས། སེམས་ཉིད་གཅིག་བུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་ཞིང་། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་མཛད་པ། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དཔེར་ན་ས་རླངས་སྤྲིན་ནི་ནམ་མཁའི་དབྱིངས་སུ་དེངས་ཞེས་པ་ནས། རང་སེམས་མཐོང་བས་རྟོག་པའི་རྦ་རླབས་དྭངས་ཞེས་པའི་བར་གྱིས་ནི། །རྣམ་པར་རྟོག་པ་གང་ནས་ཀྱང་མ་འོངས་པ། གང་དུ་ཡང་མི་འགྲོ་བ་སྔ་ཕྱི་མེད་པ། དེ་ལྟ་བུའི་རིག་པ་དེ་ས་རླངས་ཀྱི་སྤྲིན་དང་འདྲ་བར་འབྱུང་བ་ཡིན། །དེ་ཡང་ས་རླངས་ཀྱི་སྤྲིན་དེ་ཡང་། དང་པོ་ཆར་པ་བབས་པ་ལས་བྱུང་ཡང་། ས་རླངས་མེད་པའི་སྔོན་དུ་ཆར་བ་མ་གྲུབ་ཅིང་།
༣༩གཅིག་དང་གཅིག་དུས་མཉམ་ཡིན་པའི་ཕྱིར་ན། དེ་བཞིན་དུ་རང་གི་སེམས་ལས་བྱུང་བའི་རྟོགས་པའི་ཚོགས་ཀྱང་། ཕྱག་རྒྱ་ཆེན་པོ་དང་དུས་མཉམ་དུ་བྱུང་བ་ཡིན་པར་ཤེས་པར་གྱིས། དེ་ཡང་ཕྱག་རྒྱ་ཆེན་པོ་དེ་སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་ནོ། །རང་གི་སེམས་ཉིད་དེ་ཉིད་མཐོང་ན་ནི། །རྟོག་པའི་རྦ་རླབས་ཐམས་ཅད་དྭངས་ནས་གཉིས་མེད་བདེ་བ་ཆེན་པོའ་གནས་སུ་རང་རིག་པའི་ཡེ་ཤེས་སེམས་ཉིད་ཕྱག་རྒྱ་ཆེན་པོ་རྟོགས་པའོ། །དཔེར་ན་ནམ་མཁའི་རང་བཞིན་ཁ་དོག་དབྱིབས་ལས་འདས་ཞེས་པ་ནས། །དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། །ཞེས་པའི་བར་གྱིས་ནི། ནམ་མཁའི་རང་བཞིན་ཞེས་མིང་དུ་བཏགས་པ་དཀར་བ་དང་། ནག་པ་དང་། སེར་བ་དང་། ལྗང་བ་དང་། གང་དུ་ཡང་མ་གྲུབ་པ་ཡིན། དེ་བཞིན་རང་གི་སེམས་ཀྱི་སྙིང་པོ་དེ་ཉིད་ཀྱང་སེམས་ཞེས་བརྗོད་ཀྱང་། དངོས་པོ་ཟླུམ་པོ་དང་། འཇོང་མོ་དང་། གྲུ་བཞི་དང་སོག་ཀ་ལ་སོགས་པ་རྣམས་ཀྱི་རྣམ་པ་མ་གྲུབ་ཅིང་། ཁ་དོག་ཀྱང་གོང་དང་མཚུངས་པ་དང་། ཐམས་ཅད་མ་གྲུབ་པ་ཡིན་ཞིང་། ནམ་མཁའ་ལ་དབྱིབས་དང་དཀར་ནག་མ་གྲུབ་ཞེས་པ་ནི་གོང་དུ་བསྟན། དེ་བཞིན་དུ་རང་གི་སེམས་ཉིད་དེ་མཐོང་ན་དགེ་བ་དང་སྡིག་པ་གང་གིས་ཀྱང་གནོད་པ་མ་བསྐྱལ། ཕན་མ་བཏགས་མི་འདོགས། །འདོགས་པར་མི་འགྱུར་བ་ཡིན། དེ་ཡང་རང་གི་སེམས་མ་གཏོགས་པ། སངས་རྒྱས་གཞན་ན་ཡོད་པར་མ་གསུངས། དེ་ཡང་མདོ་ལས། །སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །དཔེར་ན་གསལ་དྭངས་ཉི་མའི་སྙིང་པོ་དེ་ཞེས་པ་ནས། །བསྐལ་པའི་འཁོར་བས་སྒྲིབ་པར་མི་ནུས་སོ་ཞེས་པའི་བར་གྱིས་ནི། དཔེར་ན་ཉི་མ་དེ་ཉིད་གདོད་མ་ནས་གསལ་བའི་རང་བཞིན་
༤༠ཅན་ཡིན་པས། མུན་པ་ཤིན་ཏུ་གནག་པའི་རང་བཞིན་ཅན་དེ་ཉིད་བསྐལ་པའི་བར་དུ་བསགས་པར་གྱུར་ཀྱང་། ཉི་མའི་འོད་གསལ་བ་སྐད་ཅིག་མ་ཉིད་ཀྱིས་མུན་པའི་ཚོགས་བཅོམ་ཞིང་གསལ་བར་གྱུར་པ་དེ་བཞིན་དུ་རང་གི་སེམས་ཀྱི་ངོ་བོ་འོད་གསལ་བ་དེ་ཉིད་སྐད་ཅིག་མ་ཉིད་ལ་རྟོགས་ན། བསྐལ་པར་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་ཐམས་ཅད་སྐད་ཅིག་ཉིད་ལ་སེལ་བར་འགྱུར་ཞིང་། བྱང་སྟེ་དག་པར་འགྱུར་བའི་ཕྱིར་ན། འཁོར་བར་བསྒྲིབ་བར་མི་ནུས་ཞེས་བྱ་བའི་དོན་ནོ། །དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བརྟགས་ཀྱང་། །ཞེས་པ་ནས། །བརྗོད་པས་འདི་འདྲར་གྲུབ་ཅེས་ཐ་སྙད་འགགས་གཞི་མེད་ཅེས་པའི་བར་གྱིས་ནི། ནམ་མཁའ་སྟོང་པ་ཞེས་བརྗོད་ཀྱང་། ནམ་མཁའ་ལ་དབྱིབས་གྲུ་བཞི་དང་། ཟླུམ་པོ་དང་འཇོང་མོ་ལ་སོགས་པ་གང་དུའང་མ་གྲུབ་ཅིང་། བརྗོད་དུ་མེད་པ་དང་མཚུངས་པར། སེམས་ཀྱི་ངོ་བོ་ལ་ཡང་། མིང་ཙམ་དུ་སེམས་ཞེས་བརྗོད་ཀྱང་། དབྱིབས་དང་ངོ་བོ་འདི་ལྟ་བུ་ཞེས་བརྗོད་དུ་མེད་པའི་ཕྱིར་རོ། །དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ་ཞེས་པ་ནས། དེ་ཡི་ངང་ལ་བཏང་བཞག་མེད་པར་གློད་ལ་ཞོག །ཅེས་པའི་བར་གྱིས་ནི། རང་གི་སེམས་ཉིད་གོང་དུ་ཇི་ལྟར་བརྗོད་པ་དང་འདྲ་བར། དབྱིབས་དང་ངོ་བོ་གང་ཡང་མ་གྲུབ་པ་དེ་ཉིད། ཆོས་ཐམས་ཅད་ཀྱི་ངོ་བོ་ཡིན་པ་སྟེ། དེ་རྟོགས་པར་བྱེད་པའི་ཐབས་ལ་རི་ཁྲོད་དགོན་པ་ལ་སོགས་པར་གཅིག་པུར་སྨྲ་བརྗོད་མེད་པའི་ངང་ལས། སྒྲ་ཐམས་ཅད་ཆོས་ཀྱི་དབྱིངས་བྲག་ཅ་ལྟ་བུའི་ངང་ལ་མཉམ་པར་བཞག་ཅིང་། ཡིད་ལ་ཅི་ཡང་མི་བསམ་པ་དེ་ཉིད་དོན་གྱི་ངོ་བོ་ཉིད་ཡིན་ཏེ། བསམ་པའི་ཡུལ་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་གོང་དུ་བརྗོད་པ་ལྟ་བུའི་དོན་དེ་ཉིད་མ་རྟོགས་ན། སྨྱུག་མའི་དོང་བུ་ལྟ་བུར་སྙིང་པོ་མེད་པས་ཏེ། དེ་ཡང་སྙིང་པོ་མེད་ཅེས་བརྗོད་ཀྱང་དོན་གྱི་ངོ་བོ་ལ་
༤༡ཡོད་པ་དང་མེད་པའི་ཐ་སྙད་མ་གྲུབ་པ་ཡིན་པའི་ཕྱིར་ན། སྤྲོས་པའི་མཐའ་དང་བྲལ་བའི་ངང་ལ་འཇོག་པའོ། །སེམས་ལ་གཏད་པོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་འཐོབ། །ཅེས་བྱ་བའི་དོན་ནི། སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཉིད། འདུས་བྱས་ཀྱི་ཆོས་གང་ལ་ཆགས་ཀྱང་། ཕྱག་རྒྱ་ཆེན་པོ་དེ་ཉིད་མི་རྟོགས་ཤིང་། འཁྲུལ་པའི་རྒྱུ་ཡིན། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གང་ལ་ཡང་མ་ཆགས་ཤིང་། དོན་དེ་ཉིད་ཀློང་དུ་གྱུར་ན། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ཞིང་། དེ་ཉིད་གོམས་ཤིང་འདྲིས་ན་བྱང་ཆུབ་ཐོབ་ཅེས་བྱ་བའི་དོན་ཡིན་ནོ། །སྔགས་སུ་སྨ་དང་ཕ་རོལ་ཕྱིན་པ་དང་ཞེས་པ་ན། །ཞེས་འདོད་འབྱུང་བས་འོད་གསལ་མ་མཐོང་བསྒྲིབས། །ཞེས་པའི་བར་གྱིས་ནི། བཀའ་བསྟན་བཅོས་གསང་སྔགས་གསར་རྙིང་། ཐེག་པ་ཆེ་ཆུང་ལ་སོགས་པ་རྣམས་ཀྱི་དོན་དམ་པའི་དེ་ཉིད་ཁོང་དུ་མ་ཆུད་ཅིང་། དེ་ཉིད་ལ་ཆགས་པ་ཡིས་འཁོར་བའི་རྒྱུ་མ་གཏོགས་པ་ཕྱག་རྒྱ་ཆེན་པོ་རྟོགས་པའི་གྲོགས་སུ་མི་འགྱུར་བ་ཡིན་ཏེ། དེ་ཡང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་གསང་བ་སྙིང་པོ་དེ་ཉིད་ལས། མ་རྟོགས་པ་དང་ལོགས་པར་རྟོག །དགོངས་པ་འདུལ་བ་གསང་བ་དང་། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ། །ཞེས་གསུངས་པའི་དོན་འདི་ལྟ་བུ་ལ་དགོངས་པ་ཡིན་ཏེ། དེ་ཡང་གྲུབ་མཐའ་སོ་སོ་ལ་ཞེན་ཅིང་མ་རྟོགས་པས་འཁྲུལ་ཞིང་། རིགས་དྲུག་གི་ས་བོན་མ་གཏོགས་པ་ཕྱག་རྒྱ་ཆེན་པོ་རྟོགས་པ་ལ་སྤུ་ཙམ་ཡང་མི་ཕན་པ་སྟེ། དེའི་ཕྱིར་ན་སོ་སོ་རང་རང་གི་གྲུབ་མཐའ་ལ་ཆགས་པ་དང་ཞེན་པ་མ་བྱས་ན། ཕྱག་རྒྱ་ཆེན་པོ་རྟོགས་ཤིང་། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་རོ། །རྟོག་པའི་བསྲུང་སྡོམ་དམ་ཚིག་དོན་ལས་ཉམས། །ཞེས་པ་ནས། །དམ་ཚིག་མི་འདའ་མུན་པའི་སྒྲོན་མ་ཡིན། །ཞེས་པའི་
༤༢བར་གྱིས་ནི། གོང་དང་མཚུངས་པ་ལྟ་བུར་འཇིག་རྟེན་པའི་སྣང་ངོ་ལ་བསོད་ནམས་ཀྱི་ཚོགས་གསོག་པའི་རྟེན་འབའ་ཞིག་བསྒྲུབ་ཅིང་འདི་ཡིས་སངས་རྒྱ་བར་བྱེད་ཟེར་ཡང་། སྙིང་པོའ་དོན་ཡིད་ལ་མ་བྱེད་པ། དགེ་བས་ཕན་པ་སྤུ་ཙམ་མ་བྱས། །སྡིག་པས་གནོད་པ་སྤུ་ཙམ་ཡང་མ་བསྐྱལ་ཞིང་། ཞེན་པ་དང་འདོད་པ་ཀུན་དང་བྲལ་བའི་འོད་གསལ་བ་དེ་ཉིད་ཁོང་དུ་ཆུད་ཅིང་རྟོགས་ན་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མ་རོ་གཅིག་པར་འགྱུར་ཞིང་རང་གི་ཡིད་ལ་བྱུང་བའི་རྟོགས་པའི་ཚོགས་ཐམས་ཅད་ནི། མཉམ་པ་ཉིད་ཆོས་ཀྱི་སྐུའི་གྲོགས་སུ་འགྱུར་བ་མ་གཏོགས་པ་གནོད་པར་མི་འགྱུར་བ་ཡིན་ཏེ། དེ་ཡང་རང་གི་སེམས་ལ་རྣམ་པར་རྟོག་པ་གང་བྱུང་ཡང་། དཔེར་ན་མཚོ་ཆེན་པོ་རླུང་གིས་བསྐྱོད་ན་པ་ཏྲ་དག་འབྱུང་ཞིང་ཡལ་བའི་དཔེ་དང་མཚུངས་པ་བཞིན་དུ། སེམས་ཀྱི་རྣམ་པར་རྟོག་པ་ཡང་གཅིག་གི་རྟིང་ལ་གཅིག་འབྱུང་ཞིང་། ཕྱི་མ་སྐྱེ་ཞིང་སྔ་མ་འགག་ཀྱང་། རྩ་བ་རང་གི་སེམས་མ་གཏོགས་པ། །གཞན་གང་ཡང་མ་ཡིན་པའི་ཕྱིར་ན། དེ་ཉིད་ཀྱི་ངང་ལས་མ་གཡོས་པ་མི་དམིགས་པར་མཉམ་པར་བཞག་ཅིང་། དོན་དེ་ཉིད་ལས་མ་འདས་ན། ཆོས་ཐམས་ཅད་ཀྱི་སྒྲོན་མེ་དོན་དམ་པ་ཉིད་ཁོང་དུ་ཆུད་པར་འགྱུར་ཞིང་། དཔེར་ན་མུན་པ་ལ་སྒྲོན་མེ་བཏེགས་པ་བཞིན་དུ་འགྱུར་རོ། །ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། །སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར། །ཞེས་པའི་དོན་ནི་ཞེན་པ་ཅེས་བྱ་བ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་དང་། ལྷ་དང་བླ་མ་ལ་སོགས་པ་གང་ལ་ཡང་ཆགས་པ་དང་ཞེན་པའི་སེམས་ཀུན་དང་བྲལ་ཞིང་མཐའ་རྣམ་པ་གཉིས་ལ་མ་གནས་ན། སྡེ་སྣོད་ཀྱི་ཆེས་མ་ལུས་པ་མཐོང་བར་འགྱུར་རོ། །དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར།
༤༣ཞེས་པ་ནས། །བྱིན་རླབས་སྙིང་ལ་ཞུགས་ན་རང་སེམས་གྲོལ་བར་འགྱུར། ཞེས་པའི་བར་གྱིས་ནི་སེམས་ཀྱི་གནས་ལུགས་ཕྱག་རྒྱ་ཆེན་པོའ་དོན་དེ་ཉིད་ལ་མོས་ཤིང་ཉམས་སུ་བླངས་ན་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ཞིང་། སྡིག་སྒྲིབ་ཞེས་བྱ་བ་ཐམས་ཅད་ཀྱང་སྲེག་པར་བྱེད་པས་ན་བསྟན་པའི་སྒྲོན་མེ་ཞེས་བྱ་བར་ཡང་བཤད་པ་ཡིན་ཞིང་། ཕྱག་རྒྱ་ཆེན་པོའ་དོན་དེ་ཉིད་ལ་མི་མོས་པའི་བླུན་པོ་རྣམས་ནི། འཁོར་བའི་ཆུ་བོ་ཆེན་པོ་ལས་རྟག་ཏུ་མི་ཐར་ཞིང་ངན་སོང་གི་གནས་ན་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཉམས་སུ་མྱོང་བར་འགྱུར་ཞིང་། སྙིང་རྗེ་བའི་གནས་དང་ལྡན་པ་ཡིན་པས་ན། འགྲོ་བ་ཐམས་ཅད་ཀྱིས་དེ་དག་ལས་ཐོན་པར་བྱ་བའི་ཆེད་དུ། མི་ལུས་ཐོབ་པའི་དུས་སུ། བླ་མ་མཁས་པ་བྱིན་རླབས་དང་ལྡན་པ་ལ་བསྙེན་ཞིང་། དེ་ཉིད་ཀྱི་བྱིན་རླབས་རང་ཉིད་ལ་ཞུགས་ན་ཕྱག་རྒྱ་ཆེན་པོའ་དོན་དེ་ཉིད་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ནོ། །ཀྱེ་ཧོ་འཁོར་བའི་ཆོས་འདི་དོན་མེད་སྡུག་བསྔལ་རྒྱུ། །བྱས་པའི་ཆོས་ལ་སྙིང་པོ་མེད་པས་དོན་ལྡན་སྙིང་པོ་ལྟོས། །ཅེས་པ་ནས། །རེ་དོགས་མེད་ན་འབྲས་བུ་མངོན་དུ་གྱུར་ཞེས་པའི་བར་གྱིས་འཁོར་བའི་ཆོས་ཅན་ཞེས་བྱ་བ་ནི། བསོད་ནམས་ཀྱི་ཚོགས་ལ་བརྟེན་པའི་འདུས་བྱས་ཀྱི་དགེ་བའི་རྩ་བ་རྣམས་ལ་ཟེར་བ་ཡིན་ཏེ། དེ་ཉིད་ཀྱི་ས་ཕྱག་རྒྱ་ཆེན་པོའ་དོན་གསལ་བ་སྟོང་པའི་མཚན་ཉིད་ཅན་དེ་ཉིད་མི་རྟོགས་པ་ཡིན་པས་ན། །དོན་དང་ལྡན་པའི་སྙིང་པོ་དེ་ཉིད་ལ་ལྟོས། །ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་དོན་དེ་ཉིད་ཉམས་སུ་མྱོང་བ་ནི་གཟུང་བ་དང་འཛིན་པའི་ཡུལ་ཀུན་ལས་འདས་པ་དེ་ཉིད་རྟོགས་ན་ནི་ལྟ་བའི་རྒྱལ་པོ་ཡིན་ཞིང་། །དེ་མ་ཡེངས་པར་སྤྱོད་པ་གང་གིས་ཀྱང་མི་གནོད་ཅིང་། དོན་དེ་ཉིད་བསྒོམས་ན་བསྒོམ་པའི་རྒྱལ་པོ་ཆེན་པོ་ཡིན་ཞིང་། དེ་གཉིས་ཀའི་བྱ་བ་དང་རྩོལ་སྒྲུབ་ལས་འདས་པ་དེ་ཉིད་ནི་སྤྱོད་པའི་རྒྱལ་པོ་ཆེན་པོ་ཡིན་ཞིང་། དེ་རྣམས་ཐམས་ཅད་ལ་རེ་དོགས་
༤༤མེད་པ་དེ་ནི་འབྲས་བུ་མངོན་དུ་གྱུར་པའོ། །དམིགས་པའི་ཡུལ་འདས་སེམས་ཀྱི་རང་བཞིན་གསལ། །ཞེས་པ་ནས། །བསྒོམ་པའི་ཡུལ་མེད་གོམས་ན་བླ་མེད་བྱང་ཆུབ་འཐོབ། །ཅེས་པའི་བར་གྱིས་ནི། དམིགས་པའི་ཡུལ་ཞེས་བྱ་བ་ནི། ལྷ་བསྒོམ་པ་དང་སྔག་བགྲང་པ་ལ་སོགས་པ་དམིགས་པའི་ཡུལ་དེ་དག་ཐམས་ལས་འདས་ན། སེམས་ཀྱི་རང་བཞིན་དམིགས་པ་མེད་པ་དེ་ཉིད་དོན་གསལ་བས་བགྲོད་པའི་ལམ་ཐེག་པ་ཆུང་ངུ་ལ་སོགས་པ་ཐམས་ཅད་མེད་པར་སངས་རྒྱས་པ་ཞེས་བྱ་བའི་ལམ་ཟིན་ཅིང་བསྒོམ་དུ་མེད་པས་ཡུལ་མེད་པ་དེ་ཉིད་གོམས་ན་བླ་ན་མེད་པའི་བྱང་ཆུབ་ཅེས་བྱ་བ་ཐོབ་པར་འགྱུར་རོ། །ཀྱེ་མ་འཇིག་རྟེན་ཆོས་ལ་ལེགས་རྟོག་དང་ཞེས་པ་ནས། །དེ་བཞིན་སེམས་ཀྱི་རྩ་བ་བཅད་ན་འཁོར་བའི་ལོ་འདབ་སྐམ། །ཅེས་པའི་བར་གྱིས། །འཇིག་རྟེན་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་ན་ཡང་། འདི་ནི་འཁོར་བའི་འཇིག་རྟེན་བྱ་བ་ལ་འཇུག་པ་ཡིན་ཏེ། དེ་ཡང་འཇིག་རྟེན་པའི་ཆོས་འདི་རྣམས་ཐམས་ཅད་བརྟག་མི་ཐུབ་པ་ཡིན་ཏེ། སྒྱུ་མའི་དཔེ་བརྒྱད་དང་འདྲ་བ་ལྟ་བུར་སྣང་ཡང་། རྨི་ལམ་ལ་སོགས་པ་སྒྱུ་མའི་དཔེ་རྣམས་ཀྱང་དོན་ངོ་བོ་ཆོས་ཀྱི་དབྱིངས་ལ་ཡོད་པ་མ་ཡིན་པས། དེའི་ཕྱིར་ན། འཁོར་བའི་ཆོས་ཐམས་ཅད་ལ་སྐྱོ་བ་ཆེན་པོ་བསྐྱེད་ལ། འཇིག་རྟེན་གྱི་བྱ་བ་ཐམས་ཅད་དང་། འཁོར་དང་ཡུལ་དང་། ཆགས་པ་དང་སྡང་བ་ལ་སོགས་པའི་སེམས་སྤངས་ལ་གཅིག་པུར་ནགས་ཀྱི་འདབ་ལ་སོགས་པ་དང་། རི་ཁྲོད་དགོན་པ་ཤིན་ཏུ་དབེན་ཞིང་ཉམས་དགའ་བར་དེ་ལྟ་བུར་བསྒོམ་ཞིང་། བསྒོམ་དུ་མེད་པའི་ངང་ལས་མ་གཡོས་པར་བྱས་ན་འཁོར་བ་དང་མྱ་ངན་ལས་འདས་པའི་རྟོག་པ་དང་། གཟུང་བ་དང་འཛིན་པའི་ཡུལ་ཐམས་ཅད་སྤངས་ནས། ཕྱག་རྒྱ་ཆེན་པོའ་དོན་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཐོབ་པར་འགྱུར་བ་ཡིན་ཏེ། དེ་ཡང་དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་དང་། ལོ་མ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་
༤༥ལྡན་པ་ཆེན་པོ་གཅིག་གི་རྩ་བ་བཅད་པར་འགྱུར་ན། ཡལ་ག་ཁྲི་དང་འབུམ་ལ་སོགས་པ་སྐམ་པར་འགྱུར་བ་ཡིན་པས་ན། དཔེ་དེ་བཞིན་དུ་སེམས་ཀྱི་རྩ་བ་བཅད་ན། འཁོར་བ་དང་མྱ་ངན་ལས་འདས་པ་དང་རྣམ་པར་རྟོག་པའི་ཚོགས་རྣམས་ཀྱི་ལོ་འདབ་སྐམ་པར་འགྱུར་རོ། །དཔེར་ན་བསྐལ་པ་སྟོང་དུ་བསགས་པའི་མུན་པ་ཡང་། །ཞེས་པ་ནས། །བསྐལ་པར་བསགས་པའི་སྡིག་སྒྲིབ་ཐམས་ཅད་སེལ། །ཞེས་པའི་བར་ལ། དཔེ་ནི་མུན་པ་ཤིན་ཏུ་གནག་པའི་མཚན་ཉིད་ཅན་དེ་ཉིད། །བསྐལ་པ་སྟོང་དུ་བསགས་པར་གྱུར་ནའང་སྒྲོན་མེ་གཅིག་གིས་མུན་པའི་ཚོགས་ཐམས་ཅད་བསལ་བ་བཞིན་དུ། ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། སྡིག་པ་བསམ་གྱིས་མི་ཁྱབ་པ་བྱས་ཀྱང་། རང་གི་སེམས་ལ་ཤར་བའི་འོད་གསལ་ཕྱག་རྒྱ་ཆེན་པོ་སྐད་ཅིག་གིས། བསྐལ་པར་བསགས་པའི་སྡིག་པ་དང་སྒྲིབ་པའི་ཚོགས་ཐམས་ཅད་སེལ་བའོ། །ཀྱེ་ཧོ་བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །ཞེས་པ་ནས། རེ་མེད་རང་གྲོལ་འབྲས་བུའི་མཆོག་ཡིན་ནོ། །ཞེས་པའི་བར་གྱིས། བློ་ཡི་ཆོས་ཞེས་བྱ་བ་ནི། ཐེག་པ་ཆུང་ངུའི་ཆོས་རྣམས་ལ་ཟེར་བ་ཡིན་ཏེ། དེ་ཡང་བྱས་པའི་ཆོས་ཡིན་པས་ན། བྱར་མེད་པའི་དོན་ཕྱག་རྒྱ་ཆེན་པོ་དེ་ཉིད་མི་རྟོགས་པས་ན། བློ་ལས་འདས་པ་བྱ་རུ་མེད་པ་དེ་ཉིད་ཐོབ་པར་འདོད་ན། རང་གི་སེམས་ཉིད་ཀྱི་ངང་ལས་མ་གཡོས་ན། རྟོག་པའི་ཚོགས་ཐམས་ཅད་འགགས་ནས། བླ་ན་མེད་པ་ཐམས་ཅད་ཆོས་ཀྱི་ཕྱག་རྒྱར་རྟོགས་ཤིང་། ཀུན་གྱི་གཞི་སེམས་ཉིད་སྐྱེ་བ་མེད་པ་ཀློང་དུ་འགྱུར་ཞིང་རང་གི་སྣང་བ་ལས་བྱུང་བའི་བློའི་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོར་རྟོགས་པ་ཡིན་ཏེ། མུ་མཐའ་མེད་པ་དེ་ཉིད་ཉམས་སུ་མྱོང་ན་ལྟ་བའི་རྒྱལ་པོ་ཡིན་ཏེ། མུ་མེད་ཅིང་མ་ཡེངས་པ་ནི་བསྒོམ་པའི་རྒྱལ་པོ་ཡིན་ནོ། །མཐའ་དང་བྲལ་ཞིང་དགག་སྒྲུབ་མེད་པ་ནི་སྤྱོད་པའི་རྒྱལ་པོ་ཆེན་པོ་ཡིན་ནོ། །རེ་བ་དོགས་པ་མེད་པར་
༤༦ཐམས་ཅད་ཀློང་དུ་གྱུར་པ་ནི་འབྲས་བུའི་མཆོག་ཡིན་ནོ། །ཡང་། །ལས་ནི་དང་པོ་གཅོང་རོང་ཆུ་དང་འདྲ། །ཞེས་པ་ནས། །རིག་པ་ངང་ལ་མི་གནས་བར་དུ་གཅུན་ཞེས་པའི་བར་ནི། ལས་དང་པོ་པ་ནི། ཐེག་པ་ཆུང་ངུ་ནས་རིམ་གྱིས་འཛིགས་དགོས་ཤིང་། །ལས་དང་པོ་གཅོང་རོང་གི་ཆུ་དང་འདྲ་ཞིང་། ཚོགས་བསགས་པས་དགེ་བར་ལྟ་ཞིང་། གནོད་པ་དང་ལོག་པའི་སེམས་སྐྱེས་ན་སྡིག་པར་ལྟ་བ་སྟེ། དེ་རྣམས་ཀྱི་འཛིན་པ་གྲོལ་ནས་གསང་སྔགས་ཀྱི་ལམ་ལ་ཞུགས་པའི་དུས་སུ། དཔེར་ན་ཆུ་བོ་ཆེན་པོ་གངྒཱ་ལ་སོགས་པ་དང་། ཆུ་བོ་ཆེན་པོ་རྣམས་དལ་ཞིང་གཡོ་བ་བཞིན་དུ་ཚེགས་ཆུང་ངུས་དགེ་བ་དང་སྡིག་པ་གང་གིས་ཀྱང་ཕན་མ་བཏགས་གནོད་པ་མི་བསྐྱེལ་བའོ། །དེ་ནས་དེ་ལྟ་བུ་ཀུན་མི་དམིགས་པའི་ཀློང་དུ་གྱུར་བ་ནི། །ཆུ་ཐམས་ཅད་འདྲེས་པའི་རྒྱ་མཚོ་དང་འདྲ་བའོ། །བློ་དམན་པའི་སྐྱེས་བུ་འགའ་ཞིག་གིས་དེ་ལྟ་བུའི་དོན་མ་རྟོགས་ཀྱང་། རླུང་གི་གནད་བཟུང་ཞིང་བསྒོམ་པའི་ཐབས་དུ་མ་ཡིས། ཕྱག་རྒྱ་ཆེན་པོའ་དོན་མ་རྟོགས་ཀྱི་བར་དུ། རིག་པ་གནད་དུ་གཅུན་ཞིང་རྟོགས་པའི་དུས་སུ་ཕྱག་རྒྱ་བཞི་ལ་གནས་ཤིང་ཉམས་སུ་ལེན་དགོས་པའོ། །ལས་ཀྱི་ཕྱག་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར། །ཞེས་པ་ནས། དེ་ལ་ཆགས་ཞེན་མེད་ན་བདེ་སྟོང་ཡེ་ཤེས་འཆར་ཞེས་པའི་བར་ལ། མན་ངག་འདི་གྲོལ་ལམ་གྱི་དབང་དུ་བྱས་ནས་འདིར་ཞིབ་ཏུ་མ་སྨོས་སོ། །ཚེ་རིང་སྐྲ་དཀར་མེད་ཅེས་པ་ནས། །ཐུན་མོང་དངོས་གྲུབ་མྱུར་ཐོབ་མཆོག་ལ་གཞོལ་བར་འགྱུར། །ཞེས་པའི་བར་ནི་ཡོན་ཏན་ནོ། །འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །ཅེས་པ་ནི་སྨོན་ལམ་མོ། །རྫོགས་སོ་ཅེས་པ་ཡན་ཆད་ནི་མཇུག་གི་དོན་ཡིན། ཕྱག་རྒྱ་ཆེན་པོ་གངྒཱ་མའི་དོན་ཅུང་ཞིག་གསལ་བར་ཕྱེ་བ་རྫོགས་སོ། །ལུག་ལོ་ཟླ་བ་བརྒྱད་པ་ལ་མཚུར་ཕུའི་བཀྲ་ཤིས་གསལ་མར་རང་བྱུང་རྡོ་རྗེས་མཛད་པའོ། །བཀྲ་ཤིས་དཔལ་
༤༧འབར་འཛམ་གླིང་རྒྱན་དུ་ཤོག །ཤུ་བྷམ་སྟུ་སརྦ་ཛ་ག་ཏཱཾ།

༄༅། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དབང་ཆོག་རིན་ཆེན་འོད་འཕྲོའི་མཆོད་བསྒྲིག་དཀྱིལ་འཁོར་སྟོན་པ་བཅས་བཞུགས་སོ༎

XXX འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དབང་ཆོག་རིན་ཆེན་འོད་འཕྲོའི་མཆོད་བསྒྲིག་དཀྱིལ་འཁོར་སྟོན་པ་བཅས་བཞུགས་སོ། །
XXX གཏོར་མ་ཕུལ་བའི་རྗེས་སུ་བསྟོད་པ་ནི། རྣམ་པར་སྣང་མཛད་གཏི་མུག་རྣམ་དག་པས། །གཟུགས་ཕུང་གནས་འགྱུར་ཆོས་དབྱིངས་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །རྣམ་སྣང་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་དཔའ་ཞེ་སྡང་རྣམ་དག་པས། །རྣམ་ཤེས་གནས་འགྱུར་མེ་ལོང་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །མི་བསྐྱོད་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །རིན་ཆེན་འབྱུང་ལྡན་ང་རྒྱལ་རྣམ་དག་པས། །ཚོར་ཕུང་གནས་འགྱུར་མཉམ་མེད་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །རིན་འབྱུང་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །སྣང་བ་མཐའ་ཡས་འདོད་ཆགས་རྣམ་དག་པས། །འདུ་ཤེས་གནས་འགྱུར་སོར་རྟོགས་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །སྣང་མཐའ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །དོན་ཡོད་གྲུབ་པ་ཕྲག་དོག་རྣམ་དག་པས། འདུ་བྱེད་གནས་འགྱུར་བྱ་གྲུབ་ཡེ་ཤེས་
XXX བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །དོན་གྲུབ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཞི་བའི་ཕྲིན་ལས་སྒྲུབ་མཛད་པའི། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྒྱས་པའི་ཕྲིན་ལས་སྒྲུབ་མཛད་པའི། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །དབང་གི་ཕྲིན་ལས་སྒྲུབ་མཛད་པའི། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །མངོན་སྤྱོད་ཕྲིན་ལས་སྒྲུབ་མཛད་པའི། །ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད། །ཆུ་ཁམས་རྣམ་པར་དག་པ་ལ། །རྡོ་རྗེའི་ལྷ་རྣམས་འབྱུང་བའི་གཞི། །མཱ་མ་ཀི་ལ་ཕྱག་འཚལ་བསྟོད། །བདེ་སྟོང་གཉིས་སུ་མེད་པ་ཡི། །གསང་བའི་མཁའ་འགྲོ་ལ་ཕྱག་འཚལ། །ཞི་རྒྱས་དབང་དྲག་གྲུབ་མཛད་མ། །རིགས་བཞིའི་མཁའ་འགྲོ་ལ་ཕྱག་༴ ཁྱེད་ལ་ཕྱག་འཚལ་བསྟོད་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དོན་གཉིས་འགྲུབ་པར་མཛད་དུ་གསོལ། །དེ་ནས་དཀྱིལ་འཁོར་བསྟན་པ་ནི། ངག་ཏུ། ཐར་པ་ཆེན་པོའི་ཕོ་བྲང༌། རྣམ་པར་སྣང་མཛད་ཀྱི་རང་བཞིན། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། གྲུ་
XXX བཞི་སྒོ་བཞི། རྟ་བབས་བང་རིམ་རྡོ་རྗེའི་ར་བ་མེ་རི་དང་བཅས་པ་འདི། རང་གི་སེམས་ཀྱི་དཀྱིལ་འཁོར་ཡིན་ལ། སེམས་ཉིད་ཀྱི་རྟོགས་པ་མི་འདྲ་བ་ལ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་ཤར་ལ་དེ་མཚོན་པའི་བརྡར་དཀྱིལ་འཁོར་གྱི་སྒོ་དང༌། རྒྱན་ལ་སོགས་པའོ། །དཀྱིལ་འཁོར་དེ་ཁོ་ན་ཉིད་དོ། །དེ་ཡང་སེམས་ཉིད་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་ཤར་ལ། དེའི་རང་བཞིན་བཅོམ་ལྡན་འདས་རྗེ་བཙུན་སྤྱན་རས་གཟིགས་ཡབ་ཡུམ་སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་ཤར་བའོ། །དེའི་གསལ་སྟོང་མ་འགག་པའི་ས་ལ་སོགས་པ། རིགས་ལྔ་སྤྱན་རས་གཟིགས་ཡབ་ཡུམ་དང༌། ཌཱ་ཀི་མ་བཞི་ལ་སོགས་པར་ཤར་བའོ། །དེ་དག་རྣམས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་གྱི་ཞལ་མངོན་སུམ་དུ་གཟིགས་པའི་མོས་པ་མཛོད་ཅིག ། ༈ ན་མོ་གུ་རུ། མི་ཏྲའི་སྙན་བརྒྱུད་ཐུགས་རྗེ་ཆེན་པོའི་ཚོགས་འཁོར་བྱ་བ་ནི། དུས་ནི་བསྙེན་སྒྲུབ་ཀྱི་དུས་སམ། དབང་བསྐུར་རབ་གནས་ཀྱི་དུས་སམ། ལམ་མཆོག་ཕྲིན་ལས་ཀྱི་དུས་སམ། ཉ་སྟོང་བརྒྱད་གསུམ་དུས་བཟང་གི་དུས་སམ། དེ་རྣམས་གང་ཡང་རུང་སྟེ། དབེན་པའི་གནས་སུ། ཚོགས་ཀྱི་མཎྜལ་དབང་བསྐུར་ལྟར་བཤམས། མ་འཛོམས་ན་རས་སམ། ཕྱིང་པ་དྲི་མ་མེད་པའི་སྟེང་དུ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད། བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་རྟེན་བཀྲམ། མཆོད་པ་དང་གཏོར་མ་རྣམས་ལྷ་གྲངས་དང་མཉམ་པར་པའམ། ལྔའམ་གསུམ་ལས་མི་ཉུང་བར་བཤམས། ཚོགས་ཀྱི་ཡོ་བྱད་ཀ་པཱ་ལ་ཆང་གིས་བཀང་ལ་མདུན་དུ་བཞག །བདག་ཉིད་ལྷར་གནས་པས། ཕྱི་རྒྱུན་གྱི་འབྱུང་པོ་ལ་གཏོར་མ་སྦྱིན་ཞིང་བགེགས་བསྐྲད། མཚམས་བཅད། སྲུང་འཁོར་བསྒོམ། དེ་ནས་ཡན་ལག་བདུན་པ་དང་གསོལ་བ་གདབ་པར་བྱའོ། །མདུན་གྱི་མཎྜལ་ལ་ཚོགས་ཀྱི་མཎྜལ་བསྐྱེད། ཕྱི་ནང་གི་མཆོད་པ་ཐམས་ཅད་སྤྱན་རས་གཟིགས་ལྟར་བྱིན་གྱིས་བརླབས། ཁྱད་པར་དུ། ལས་ཚོགས་ལ། རང་གི་ས་བོན་གཉིས་ལས་བྱུང་བའི་རཾ་ཀྱིས་ཉེས་སྐྱོན་ཐམས་ཅད་བསྲེག །ཡཾ་ལས་རླུང་གིས་གཏོར། ཁཾ་ལས་ཆུས་བཤལ། དེ་ནས་ཏྲཾ་ལས་སྣ་ཚོགས་རྡོ་རྗེ་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་
XXX ནང་དུ། བཅུད་ཀྱི་སྙིང་པོ་ཡི་གེ་བྷཱུཾ་གསུམ་བསམ། ཧཱུྃ་ཉེར་གཅིག་བརྗོད་པས། ཡི་གེ་བྷཱུྃ་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ། དེ་ནས་ལག་མཆོད་བྱ་བ་ནི། མདུན་གྱི་ཀ་པཱ་ལར་གཡོན་དུ་ཆོས་འབྱུང་སྲིན་ལག་གིས་དཀྲུག་ཅིང༌། ལན་བདུན་གྱིས་ཡེ་ཤེས་ཀྱི་བདུད་རྩི་བྱིན་གྱིས་བརླབས་ལ། དེ་ནས་ལག་པ་གཡས་པའི་སྲིན་ལག་གི་གཡོན་པའི་ཐིལ་ཏུ་ཡི་གེ་ལྔ་བྱས་ལ་དབུས་མར་ཇོ་བོ་ཡབ་ཡུམ། ཕྱོགས་བཞི་ཌཱ་ཀི་བཞི་བསྐྱེད་ལ། རྣམ་ལྔ་འབུལ། གཡས་ཀྱི་སྲིན་ལག་གིས་བདུད་རྩི་མཆོད་ཅིང༌། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ་སུ་ར་སྟྭཾ་ཨ་མྲྀ་ཏ་ཁཱ་ཧི། ཞེས་མང་དུ་འབུལ་བསྟོད་དང༌། དེ་འོད་དུ་ཞུ་བར་བསམས་ལ། ལག་པ་བདུད་རྩིའི་སྟེང་དུ་སྦུབས། ལག་པ་དེ་ཉིད་བདག་གི་གནས་གསུམ་དུ་བྱུགས། དེ་ནས་གཡོན་པས་དྲིལ་བུ་གསིལ་ཞིང༌། གཡོན་པས་རྡོ་རྗེས་བདུད་རྩི་དེ་དཀྱིལ་འཁོར་གྱི་ལྷ་ལ་གཏོར་ཞིང་མཉམ་པར་བསམས། ཚོགས་གཏོར་ཟག་མེད་ཀྱི་བདུད་རྩི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་བྱིན་གྱིས་རླབས། རང་ལ་གཏོར་བས་བ་སྤུའི་བུ་ག་ཇོ་བོ་ཡབ་ཡུམ་གྱིས་བསྟིམ་པར་བསམས་ལ། ཚོགས་མགྲོན་ལ་གཏོར་མས་དཔའ་བོ་དཔའ་མོར་བསམས། དེ་དག་གི་དུས་སུ། རྩ་སྔགས་ལ་འབྲུ་གསུམ་བཏགས་ལ་བཟླའོ། །དེ་ནས་སྤྱན་དྲངས་པ་ནི། སྤོས་ཆེན་དང་གསུར་ཆེན་དང༌། རོལ་མོའི་སྒྲ་སྣ་ཚོགས་སྒྲོགས་བཞིན་པས། ཧཱུྃ། སྐུ་གསུམ་དབྱེར་མེད་གཞལ་ཡས་ནས། །དུས་གསུམ་སངས་རྒྱས་ངོ་བོ་ཉིད། །སེམས་ཅན་སྨིན་མཛད་ཐུགས་རྗེ་ཅན། །བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ། །རང་བཞིན་གནས་མཆོག་གཞལ་ཡས་ནས། །སྐུ་གསུམ་ལྷ་ཚོགས་འཁོར་གྱིས་བསྐོར། །སྙན་བརྒྱུད་ལྷ་ཚོགས་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ། །ཐུགས་རྗེ་ཅན་གྱིས་འགྲོ་ལ་གཟིགས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །མཁའ་སྤྱོད་ཨོ་རྒྱན་གཞལ་ཡས་ནས། །བྱིན་རླབས་དངོས་གྲུབ་སྟེར་མཛད་པའི། །ལས་དང་ཡེ་ཤེས་ལ་སོགས་པའི། །དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ། །རང་བཞིན་དུར་ཁྲོད་གཞལ་ཡས་ནས། །
XXX སངས་རྒྱས་བསྟན་པ་རྒྱས་མཛད་པའི། །ཕྱི་ནང་བར་ཆད་སེལ་མཛད་པའི། །ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ། བཞུགས་སུ་གསོལ་བ་ནི། ཧཱུྃ། རིན་ཆེན་སྣ་ཚོགས་ཕོ་བྲང་འདིར། །སྣ་ཚོགས་པདྨའི་གདན་སྟེང་དུ། །ཡིད་འོང་མཛེས་པའི་གཞལ་ཡས་སུ། །གསང་སྒྲུབ་ལྷ་ཚོགས་བཞུགས་སུ་གསོལ། །དེ་ནས་ཕྱག་འཚལ་བ་ནི། ཧཱུྃ། ཆོས་ཉིད་མཉམ་ཉིད་ངང་ལས་མ་གཡོས་ཀྱང༌། །ལོངས་སྤྱོད་རྫོགས་སྐུ་འཇའ་ཚོན་ལྟར་སྤྲུལ་ནས། །ཐུགས་རྗེས་འགྲོ་བ་མ་ལུས་འདྲེན་མཛད་པ། །སྤྱན་རས་གཟིགས་དབང་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་ཕྱིའི་མཆོད་པ་འབུལ་བ་ནི། ཧཱུྃ། ཡོན་ཆབ་མེ་ཏོག་སྤོས་དང་དྲི། །སྣང་གསལ་ཞལ་ཟས་སྣ་ཚོགས་དང༌། །རོལ་མོ་སིལ་སྙན་མཆོད་པ་ནི། །སྤྱན་རས་གཟིགས་ལ་འབུལ་གྱིས་བཞེས། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །ཞིམ་པའི་དྲི་དང་མངར་བའི་རོ། །རེག་བྱ་འདོད་ཡོན་མཆོད་པ་འདི། །སྤྱན་རས་གཟིགས་ཀྱིས་བཞེས་སུ་གསོལ། །ཤ་ལྔ་བདུད་རྩི་ལྔ་དང་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལྔ། །དབང་པོ་ཡུལ་ལྔ་འབྱུང་བ་ལྔ། །སྤྱན་རས་གཟིགས་དབང་བཞེས་སུ་གསོལ། །དགའ་བ་བཞི་དང་བདེ་བ་བརྒྱད། །སྐད་ཅིག་བཞི་དང་ཡེ་ཤེས་ལྔ། །ཟུང་འཇུག་དགའ་བདེའི་མཆོད་པ་འདི། །སྤྱན་རས་གཟིགས་ཀྱིས་བཞེས་སུ་གསོལ། །ཚོགས་ཀྱི་ཡོ་བྱད་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ཚོགས་ལས་བསྡུས་པ་ནི། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། བྱིན་རླབས་ཀྱི་རྩ་བ་དཔལ་ལྡན་བླ་མ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁ་ཧི། །དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྲུང་མ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཞེས་ཚོགས་བལྟ་བར་བྱ། དེ་ནས་དངོས་གྲུབ་དྲངས་ཏེ། ཐབས་ཤེས་རབ་ཀྱི་རྫས་ལག་པ་གཡས་གཡོན་བཟུང་ལ། ཀྱེ། གཟིགས་ཤིག་མཛེས་
XXX ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་རྡོ་རྗེ་གླུས་སློབ་དཔོན་ནས་བཟུང་སྟེ། མཆེད་ལྕམ་ལ་དྲངས། སློབ་དཔོན་གྱིས་པད་སྐོར་བྱས་ཤིང༌། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བ། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོ་ཞེས་བླངས། དེ་ནས་སློབ་དཔོན་གཉིས་འགྱུར་རོ། །དེ་ནས་ལྷག་མ་མཆེད་ལྕམ་རྣམས་ཀྱིས་རོལ་བར་བྱའོ། །དེ་ནས་ལྷག་མ་བསྡུས་ནས། རྡོ་རྗེ་སློབ་དཔོན་གྱི་ཆོས་འབྱུང་གི་ཕྱག་རྒྱ་བཅས་ནས་ཆུས་བྲན། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཨུ་རྩི་ཏ་བ་ལིཾ་ཏ་སོགས་ཀྱིས་ཕྱི་རོལ་དུ་དོར། རྗེས་ཀྱི་ཆོ་ག་ནི། ཉེར་སྤྱོད་ཀྱི་མཆོད་པ་གང་རུང་དང་ལྷ་ཚོགས་ལ་བསྟོད་ཅིང་བཤགས་སྡོམ་བྱ། ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། །ཤིས་པ་གང་རུང་བརྗོད། རྗེས་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ། སྤྱན་རས་གཟིགས་སྙན་བརྒྱུད་ཀྱི་མཆོད་བསྒྲིག་གི་རིམ་པ་འདི་ནི་ཤིན་ཏུ་གསལ་བར་བཀོད་པ་འདིས། འགྲོ་བ་སེམས་ཅན་དུ་མ་ལ་ཕན་ཐོགས་པར་གྱུར་ཅིག །དགེ་ལེགས་འཕེལ།

༄༅། ན་རག་དོང་སྤྲུགས་ཀྱི་ཁྲིད་ཡིག་ཟབ་ལམ་སྣང་བྱེད་ཅེས་བྱ་བ་བཞུགས་སོ༎

༡༤༧ན་རག་དོང་སྤྲུགས་ཀྱི་ཁྲིད་ཡིག་ཟབ་ལམ་སྣང་བྱེད་ཅེས་བྱ་བ་བཞུགས་སོ། །
༡༤༨ༀ་སྭ་སྟི། རྣམ་འགྱུར་ཆོས་ཀུན་ལྷག་པའི་བདེན་པ་གཉིས། །དབྱེར་མེད་ཆོས་སྐུ་ཆེན་པོར་བྱང་ཆུབ་པ། །བླ་མ་རྡོ་རྗེ་སེམས་དཔའི་ཞབས་བཏུད་ནས། །དོང་སྤྲུགས་ཁྲིད་ཡིག་ཟབ་ལམ་སྣང་བྱེད་བརྩམ། འདིར་བསྐྱེད་རྫོགས་གསུམ་གྱི་སྒོར་ཞུགས་བའི་རྣལ་འབྱོར་པ་རྣམས་ཀྱི་སྤྱི་ཁྲུས་ན་རག་དོང་སྤྲུགས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པའི་རིམ་པ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ་འགལ་རྐྱེན་གྱི་སྤྲོས་པ་བཅད་པ་དང་། མཐུན་རྐྱེན་གྱི་ཡན་ལག་མངོན་དུ་བྱ་བ་གཉིས་ཀྱི། དང་པོ་ནི། འཁོར་བའི་བྱ་བ་ངན་པ་ལ་ཞེན་པའི་གཉེན་པོར་དལ་འབྱོར་རྙེད་དཀའ་བསམ་པ་དང་། ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པ་དང་། ལེ་ལོ་སྙོམ་ལས་ཀྱི་གཉེན་པོར་འཆི་བ་མི་རྟག་པ་བསམ་པ་དང་། སྲིད་པའི་བདེ་བ་ལ་ཆགས་ཤིང་ཞེན་པའི་གཉེན་པོར་འཁོར་བའི་སྡུག་བསྔལ་བཟོད་བླག་མེད་པར་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ཏེ་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པར་བསྐྱེད་པར་བྱའོ། །གཉིས་པ་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལའང་སྐྱབས་འགྲོ་དང་སེམས་བསྐྱེད་
༡༤༩གཉིས་ལས། དང་པོ་ནི། གནས་ཁང་དག་པའི་ཞིང་དུ་མོས་ཏེ། མདུན་གྱི་ནམ་མཁར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསམས་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུན་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། ན་མོ་བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་རྣམ་རྟོག་གཞན་གྱི་སེལ་མ་ཞུགས་པར་མང་དུ་བཟླ། བླ་མ་འོད་དུ་ཞུ་ནས་རང་ལ་བསྟིམས་ཏེ་འཁོར་གསུམ་མི་དམིགས་པའི་ངང་ནས་བླ་མའི་རྡོ་རྗེ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག །གཉིས་པ་སེམས་བསྐྱེད་ལའང་ཀུན་རྫོབ་དང་དོན་དམ་གཉིས་ལས། དང་པོ་ནི། རང་བཞིན་སེམས་ཅན་ཐམས་ཅད་གདོད་མ་ནས་རང་བཞིན་རྣམ་དག་གི་སངས་རྒྱས་ཡིན་ཀྱང་། དེ་ལྟར་
༡༥༠མ་རྟོགས་པའི་དབང་གིས་འཁོར་བར་སྡུག་བསྔལ་བ་རྣམས་ཚུགས་ཐབས་མེད་པའི་སྙིང་རྗེ་ཆེན་པོས། དེ་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་བསྒོམ་པར་བྱའོ་སྙམ་པས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བཟླ་ཞིང་དོན་བསམས་ལ། གཉིས་པ་སེམས་བསྐྱེད་པ་ནི། དེ་ལྟར་སེམས་བསྐྱེད་པའི་སེམས་དེ་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་ཅུང་ཟད་འཕྲོ་ན། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །དེ་བཞིན་དུ་འགག་པ་དང་། གནས་པ་དང་། དམིགས་པ་དང་། འགྲོ་འོང་རྣམས་བཅུག་སྟེ། ཚིག་དང་མཐུན་པར་དོན་བསམ་ཞིང་སླར་ཡང་མཉམ་པར་འཇོག་གོ །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། མཆོད་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་སྟོབས་སུ་བྱ་བ་དང་། དབང་གི་ཡེ་ཤེས་གསལ་བཏབ་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་སྟོབས་སུ་བྱ་བ་གཉིས་ཀྱི། དང་པོ་ནི། རང་ཉིད་གཉུག་མའི་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་རེག་པས་སྣོད་བཅུད་ཐམས་ཅད་མི་དམིགས་པར་སྦྱངས། སྟོང་པའི་ངང་ལས་གནས་ཁང་དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་བར་གྱུར། རང་གི་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་རང་གི་རྩ་བའི་བླ་མ་དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དུས་གསུམ་གྱི་བླ་མ་དཀོན་མཆོག་གསུམ་ཡི་
༡༥༡དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྱན་དྲངས་ནས་བླ་མ་ལ་བསྟིམ། དེ་ལ་ཕྱི་མཆོད་ཀུན་བཟང་། ཞབས་བསིལ། བཞི་བསྣོལ་རྣམས་དབུལ། ནང་མཆོད་ནི། བདུད་རྩི་བྱིན་གྱིས་བརླབས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་མཐེབ་སྲིན་གྱིས་ཕུལ་བས་བདུད་རྩི་རོ་བརྒྱ་དང་ལྡན་པའི་རྒྱུན་བླ་མ་ཡབ་ཡུམ་གྱི་ཞལ་དུ་གསོལ་བར་བསམ། གསང་མཆོད་ནི། རང་གི་ཐུགས་ཀ་ནས་རིག་མ་མཚན་ཉིད་དང་ལྡན་པ་སྤྲོས་ཏེ། བླ་མའི་ཡུམ་ལ་ཐིམ་ནས་སྙོམས་འཇུག་མཛད་པའི་བདེ་བའི་ཉམས་བསྐྱངས་ཏེ་མཉམ་པར་གཞག །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། རང་ཉིད་ཀྱང་བླ་མའི་ཡུམ་ལ་ཐིམ་ནས་སྙོམས་པར་ཞུགས་ཏེ་བདེ་བའི་ཉམས་སྐྱེས་པ་དེ་ཁའི་ངང་ལ་ཁྲུག་ཆིལ་གྱིས་གྱུར་པར་བ་ལྟའོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་སྟོབས་སུ་བྱ་བ་ནི། བླ་མའི་ཐུགས་ཀ་ནས་རང་ཉིད་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ངོ་བོ་རྡོ་རྗེ་སེམས་དཔའ་ལ་རྣམ་པ་ཐ་མལ་པའི་ཚུལ་དུ་འཐོན་པར་བསམས་ལ། བཛྲ་ས་མཱ་ཛཿས་མདུན་གྱི་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་གི་སྤྱི་བོར་སྤྱན་དྲངས་ལ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་ར་ག་ཡཱ་མི། ཨ་ནུ་ར་གོ྅ཧཾ། ཞེས་བརྡ་བཞིས་བསྐུལ་བས་ཡབ་ཡུམ་སྦྱོར་བ་མཛད། སྥ་ར་ཎ་ཕཊ་ཅེས་སྦྱོར་མཚམས་ནས་འོད་ཟེར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་མ་དག་པའི་རྒྱུད་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་བསྐུལ་ཏེ། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་ཐབས་ཀྱི་ཆ་ཐམས་ཅད་ཡབ་དང་། ཤེས་རབ་ཀྱི་ཆ་ཐམས་ཅད་ཡུམ་ལ་བསྡུས་ནས། བླ་མ་ཡབ་ཡུམ་སངས་རྒྱས་ཀུན་གྱི་ངོ་བོར་མོས་ལ་བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱིས་གསོལ་བ་གདབ་པ་ནི། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། །བླ་མ་སྤྲུལ་པའི་སྐུ་
༡༥༢ལ་གསོལ་བ་འདེབས། །རྒྱལ་བ་དགོངས་བརྒྱུད་བླ་མ་ལ་གསོལ་བ་འདེབས། །རིག་འཛིན་བརྡ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །གང་ཟག་སྙན་བརྒྱུད་བླ་མ་ལ་གསོལ་བ་འདེབས། །དབྱེར་མེད་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། འགལ་རྐྱེན་སྤྲོས་པ་ཆོད་པར་བྱིན་གྱིས་རློབས། །མཐུན་རྐྱེན་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །སེམས་ལྔ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །དབང་བཞི་ཉམས་སུ་ལོངས་པར་བྱིན་གྱིས་རློབས། །ཏིང་འཛིན་རྣམ་གསུམ་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །ཅིར་སྣང་ལྷ་སྐུའི་འཁོར་ལོར་འཆར་བར་བྱིན་གྱིས་རློབས། །གྲགས་པ་བརྗོད་བྲལ་སྔགས་སྒྲར་འཆར་བར་བྱིན་གྱིས་རློབས། །འགྱུ་བ་རང་རིག་བདེ་བ་ཆེན་པོར་འཆར་བར་བྱིན་གྱིས་རློབས། །ཉམས་ཆགས་རྟོག་སྒྲིབ་དབྱིངས་སུ་དག་པར་བྱིན་གྱིས་རློབས། །སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ལྷག་པ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། སྐུ་ལྔ་ཡེ་ཤེས་ལྔ་ལྡན་ཀུན་བཟང་རྡོ་རྗེ་སེམས་དཔའི་གོ་འཕང་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་ཅི་མང་བཏབ་པས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྒོ་གསུམ་གྱི་དྲི་མ་དག །བུམ་གསང་ཤེས་རབ་གསུམ་ཐོབ་ནས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པའི་རྟེན་འབྲེལ་བསྒྲིགས། བླ་མ་ཡབ་ཡུམ་བདེ་བའི་ངོ་བོར་ཞུ་བ་རང་གི་སྙིང་གར་བབས་པས་སྒོ་གསུམ་ཕྲ་བའི་སྒྲིབ་པ་དག །གཉིས་སུ་མེད་པ་ཡེ་ཤེས་རྡོ་རྗེའི་རང་བཞིན་ཚིག་དབང་རིན་པོ་ཆེ་རང་འཁྲུངས་སུ་ཐོབ་པས་ཡེ་ཤེས་རྡོ་རྗེའི་དངོས་གྲུབ་ལ་དབང་འབྱོར་བར་བསམས་ལ་དར་ཅིག་གློད་དེ་མཉམ་པར་གཞག་གོ །གཉིས་པ་དངོས་གཞི་ལ་
༡༥༣བཞི་ལས། རྡོ་རྗེ་སེམས་དཔའ་བུམ་པའི་དབང་གི་ཉམས་ལེན་སྒོམ་བཟླས་ལ་བརྟེན་ནས་ཉམས་ཆག་དང་རྟོག་སྒྲིབ་སྦྱོང་བའི་མན་ངག །མཁའ་འགྲོ་མ་གཏོར་མའི་དབང་གི་ཉམས་ལེན་གཏན་པ་མེད་པའི་མཆོད་སྦྱིན་ཆེན་པོ་ལ་བརྟེན་ནས་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་དང་གཉིས་སུ་མེད་པར་བྱ་བའི་མན་ངག །རིག་པའི་རྩལ་དབང་གི་ཉམས་ལེན་ལྷག་པའི་ཡེ་ཤེས་ངོས་བཟུང་བའི་མན་ངག །དམ་པ་རིགས་བརྒྱ་ཕྱག་རྒྱའི་དབང་གི་ཉམས་ལེན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དག་པའི་སྣང་བ་རབ་འབྱམས་སུ་བསྟན་པའི་མན་ངག་གོ །དང་པོ་ནི། ཤཱུ་ནྱ་ཏཱའི་སྔགས་ཀྱིས། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བའི་ངང་ལ་དར་ཅིག་མཉམ་པར་འཇོག་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་ཡིན་ལ། དེ་ལྟར་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་པ་ནི་ཀུན་སྣང་གི་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཨ་ཡིག་དཀར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་པ་ནི་རྒྱུ་ཡི་ཏིང་ངེ་འཛིན་ཏེ། ཐོག་མར་དེ་གསུམ་ལ་ཉམས་ལྔའི་རིམ་པ་དང་སྦྱར་ནས་བསྒོམ། དེ་ནས་རང་གི་སེམས་ཉིད་ལས་ཧཱུྃ་གི་སྒྲ་གདངས་ནམ་མཁའ་གང་བར་སྤྲོས་པ་ལས་རྡོ་རྗེའི་ས་གཞི་རྭ་གུར་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པའི་སྲུང་བའི་འཁོར་ལོར་གྱུར་པའི་ནང་དུ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཨ་
༡༥༤དཀར་པོ་བབས། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག་སྔོན་པོ་གསལ་ཞིང་འབར་བ་དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སླར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཐབས་ཀྱི་ཆ་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་འཛིན་གྱི་རྣམ་པར་རོལ་པའི་ཉམས་ཅན། མཚན་དང་དཔེ་བྱད་ཀྱིས་འབར་བ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བརྟེན་པར་བཞུགས་པ། ཡབ་ཀྱི་ཐུགས་ཀ་ནས་མཱུྃ་གཅིག་ཆད། འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་དྲིལ་བུ། དེ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཤེས་རབ་ཀྱི་ཆ་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་པང་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རྡོ་རྗེ་རང་གི་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཤིང་། ཞི་བའི་ཉམས་དགུས་རྒྱས་པ། འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེའང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་བའི་ཀློང་ན་བཞུགས་པ། ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་དང་མཱུྃ་ཡིག་སྔོན་པོ་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་
༡༥༥དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཆུ་ལ་ཆུ་བཞག་པ་ལྟར་རང་ལུས་ལ་དབྱེར་མེད་དུ་ཁྲུག་གིས་བསྲེ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རིགས་ལྔ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད་པའི་དགྱེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་ལུས་ཐམས་ཅད་གང་། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུ་ལྷག་མ་སྤྱི་བོར་བརྟན་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ། སླར་ཡང་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་གསུམ་ལས་འཕྲོས་པའི་འོད་ཟེར་གྱིས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་ཏེ་ཡི་གེ་སོ་སོ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པར་གྱུར། ཡི་གེ་སོ་སོ་ཡོངས་སུ་གྱུར་པ་ལས་སྤྱི་བོར་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ། མགྲིན་པར་གསུང་རྡོ་རྗེ་དམར་པོ་པདྨ་སྙིང་གར་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་འཛིན་པ་རྣམས་ཀྱི་རྒྱས་བཏབ་པར་བསམ། སླར་ཡང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་མཁའ་ཁྱབ་ཏུ་སད་པར་བྱས་ཏེ་རང་ལ་དབྱེར་མེད་དུ་ཁྲུག་གིས་འདྲེས་པར་བསམ་པ་ཡང་ནས་ཡང་དུ་བཟླ་བ་ཡེ་ཤེས་སེམས་དཔའ་བསྐྱར་བསྣན་གྱི་སྦྱོར་བའོ། །དེ་ནས་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཞག །མི་གསལ་ན་འཕྲོ་བཅད་ལ་ཝལ་
༡༥༦གྱིས་གསོལ་འདེབས། གསལ་ན་དེ་ཀའི་རྒྱུན་ལ་ཡུད་ཙམ་སེམས་བཞག་སྟེ་འཕྲོ་བཅད། ཡང་བསྒོམ་པ་སོགས་ཡང་ཡང་གསལ་བཏབ་ལ་སེམས་གཟུང་། ལྷ་སྐུའི་རྣམ་པ་སྤྱི་དང་བྱེ་བྲག་སོ་སོར་སྦྱངས་བས་གསལ་སྣང་ཐོབ་མཚམས་ནས་ལྷ་སྐུ་དྭངས་གསལ་རྙོག་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ཤར་བ་ལྟ་བུ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག །རེས་ཞུ་བདེ་དྲངས་ནས་དེ་ཀའི་རང་ངོ་ལ་ཆེ་རེ་བལྟས་ཏེ་བདེ་སྟོང་གི་ལྷ་སྐུར་འཆར་བ་ལ་སློབ་ཅིང་། ཡང་རང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་ལྷའི་སྐུར་རྣམ་པར་དག་པའི་ངེས་ཤེས་བསྐྱེད་ལ་བསྐྱང་བར་བྱ་སྟེ། ཉམས་ལྔ་ཅི་རིགས་མ་སྐྱེས་ཀྱི་བར་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །གལ་ཏེ་སྒོམ་པས་སྐྱོ་ན་ཐུགས་ཀའི་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་སྐོར་དུ་འཁོར་བ་ལ་སེམས་བཟུང་ཏེ་བཟླས་པས། སྔགས་ཕྲེང་ལས་བྱུང་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་བསྐུལ། བདག་དང་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ལས་དང་ཉོན་མོངས་པ་ཐམས་ཅད་སྦྱངས། ན་ར་ཀ་སོགས་ངན་སོང་གི་གནས་རྣམས་དོང་ནས་སྤྲུགས་ཏེ། སེམས་ཅན་སངས་རྒྱས་གྱི་ཞིང་དུ་བསྒྲལ། འོད་ཟེར་རྣམས་སླར་འདུས་ཏེ་སྔགས་ཕྲེང་ལ་ཐིམ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་སྦྱངས་ཏེ། ཡིག་བརྒྱ་ཉེར་གཅིག་ལས་མི་ཉུང་བ་བཟླའོ། ཐུན་བསྡུ་བ་ན་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་འོད་དུ་ཞུ་བ་སྤྱི་བོའ་རིགས་བདག་ལ་ཐིམ།
༡༥༧རིགས་བདག་ཀྱང་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ། ཧཱུྃ་གི་ཨཱུ་ཧ་ལ། ཧ་མགོ་ལ། མགོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། དེ་ཡང་མི་དམིགས་པར་ཐིམ་ནས་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་གློད་དེ་མཉམ་པར་གཞག་གོ ཐུན་ལས་ལྡང་བ་ན་རྡོ་རྗེ་སེམས་དཔའ་སྣང་སྟོང་རྒྱུ་མ་ལྟ་བུའི་སྐུར་ལངས་ཏེ། སྣང་གྲགས་འགྱུ་གསུམ་ལ་ལྷ་སྔགས་འོད་གསལ་གྱི་འཁོར་ལོའི་རྒྱས་བཏབས་ཏེ། སྤྱོད་ལམ་ཐམས་ཅད་ལྷའི་སྐུ་གསུང་ཐུགས་ཀྱི་རོལ་པས་སྤྱད་པར་བྱའོ། །གཉིས་པ་ནི། རྣམ་པར་མི་རྟོག་པ་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་ལས་དེ་ལྟར་མ་རྟོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྐྱེད། དེའི་ངང་ལས་སྣོད་ཀྱི་འཇིག་རྟེན་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ནམ་མཁའ་དང་མཉམ་པ། དེའི་ནང་དུ་རྒྱ་ཚད་མེད་པའི་ཟླ་བའི་དཀྱིལ་འཁོར་སྐྱ་ཆི་ལེ་བ། དེའི་སྟེང་དུ་བཅུད་རང་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་དམ་ཚིག་གི་རྫས་ཤ་ལྔ་བདུད་རྩི་ལྔའི་ངོ་བོར་ཕུང་གིས་སོང་བ་ལས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་ངོ་མཉམ་པའི་བདུད་རྩིའི་དྭངས་མ་ཆུ་བོའི་རྒྱུན་བཞིན་དུ་བབས་པ་རོ་གཅིག་ཏུ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་མེར་གྱིས་སོང་བར་བསམ། དེ་ནས་མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པའི་མཆོད་ཡུལ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱང་དག་པའི་སྣང་བ་འབའ་ཞིག་ཏུ་སད་པས་འཁོར་འདས་ཐམས་ཅད་མཆོད་
༡༥༨ཡུལ་དུ་དག་པའི་སྐུ་གསུང་ཐུགས་ཀྱི་གསང་བར་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་རང་གི་ལུས་ངག་ཡིད་གསུམ་རོ་གཅིག་པ་བདེ་བ་ཆེན་པོར་འབར་བ་ལ་སེམས་མཉམ་པར་གཞག་སྟེ། ངག་ཏུ་རྩ་བརྒྱུད་ཀྱི་བླ་མ་དམ་པ་ཡི་དམ་ཞི་ཁྲོ་རབ་འབྱམས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་། རིགས་དྲུག་གི་སེམས་ཅན་ལྷའི་འཁོར་ལོར་དག་པ་དང་བཅས་པ་ཐམས་ཅད་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བསྔོས་ལ་ལུས་ངག་ཡིད་གསུམ་གྱི་ཉམས་བྱུང་རྒྱལ་དུ་བསྐྱང་བར་བྱ་སྟེ། སྲིད་ཞི་རོ་མཉམ་པའི་སྦྱོར་བའོ། །གསུམ་པ་ནི། སྟན་བདེ་བ་ལ་ལུས་གན་རྐང་པ་སྐྱིལ་ཀྲུང་། ལག་མཉམ་གཞག །སྒལ་ཚིག་བསྲང་མགྲིན་པ་ཅུང་ཟད་དགུག་ལྕེ་ཡ་སྐན་ལ་སྦྱར། སོ་མཆུ་ལ་བར་ཡོད་པར་བྱ། མིག་རྫི་མ་འཐབ་རྡེག་དང་མིག་འབྲས་མི་འགུལ་བར་ཆེ་རེ་བལྟའོ། །ངག་གནད་རླུང་རང་བབས་སུ་གཞག །སེམས་གནད་རང་གི་སྙིང་གར་ཟླ་བ་ལ་ཀུན་ཏུ་བཟང་མོ་མཐིང་ག་རྡོར་སྐྱིལ་མཉམ་གཞག་གི་ཕྱག་རྒྱ་ཅན། སྐུ་དྭངས་ཤིང་སྒྲིབ་པ་མེད་པ་འོད་ཀྱི་རང་བཞིན་ཅན་གཅིག་གསལ་བཏབ་པ་ལ་ཆེད་འཛིན་མེད་པར་ཡིད་གཏད་དེ། མ་སྒྲིམ། མ་གློད། དུས་གསུམ་གྱི་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པར་རང་བབས་སུ་འཇོག་ཅིང་། དེ་ཁའི་རང་ངོ་ལ་ཆེ་རེ་བལྟ། དེ་ལྟར་བལྟས་པས་གང་དུའང་ངོས་བཟུང་མེད་ཅིང་བློའི་ཡུལ་ལས་འདས་པའི་གསལ་རིག་རྗེན་པ་སྤྲོས་པ་དང་བྲལ་བ་ཞིག་འཆར་བས། དེ་ཀ་ཡེ་ཤེས་ལྔའི་རང་བཞིན་ཀུན་ཏུ་བཟང་པོའི་ཐུགས་ཏེ། དེ་གའི་རང་ལ་རྩོལ་བྲལ་བསལ་བཞག་མེད་པར་
༡༥༩བསྐྱང་བར་བྱ་སྟེ། །ནམ་མཁའ་ཆེ་ལས་སྔར་རྗེས་མི་བཅད་ཞེན་པའི་འདུ་ཤེས་དོར། །ཕྱིས་སྔུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །བར་དུ་འཛིན་མེད་ནམ་མཁའི་ངང་ལ་བཞག །ཅེས་དང་དབང་ཚིག་ལས། །རིག་པ་སེམས་ཀྱི་ངོ་བོ་ཉིད། །སྤྲོས་མེད་རྣམ་དག་ཡེ་ཤེས་ཡིན། །ཀུན་གཞི་ཡེ་ནས་མ་བཅོས་པ། །བདེ་ཆེན་རང་ཤར་ཀློད་དེ་ཞོག་ཅེས་གསུངས་པས་སོ། །གཞན་ཡང་དེའི་ཚེ་སེམས་ཀྱི་གཤིས་སྣང་རིག་ངོས་བཟུང་བྲལ་བ་ལ། རང་གདངས་བདེ་ཆེན་དུ་མ་འགགས་ཤིང་། རྩལ་ཅིར་ཡང་འཆར་བ། བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་ཡུལ་མེད་རང་གསལ་དུ་ཕྱམ་བརྡལ་བ་སྟེ། དེ་ལས་སྣང་སྟོང་དབྱེར་མེད་ཆོས་སྐུ་ལས། །རིག་སྟོང་བདེ་བ་ཆེན་པོར་ཤར། །ཟུང་འཇུག་སྤྲོས་དང་བྲལ་བ་དེ། །ཀུན་ཏུ་བཟང་པོའི་ངོ་བོའོ། །ཞེས་གསུངས། དེ་ཀ་ལ་གནས་ན་ལེགས། གལ་ཏེ་རྣམ་རྟོག་འཕྲོ་ན་གང་ཤར་དེ་ཀའི་རང་ངོ་ལ་ཆེ་རེ་བལྟས་པས། སྐྱེས་ཟིན་སྐྱེ་འགྱུར་སྐྱེ་བཞིན་པའི་རྟོག་པ་ཐམས་ཅད་ཝལ་ཁྱུག་གིས་སོངས་ནས། རང་ཤར་རང་གྲོལ་གྱི་ཡེ་ཤེས་གསལ་ལ་མི་རྟོག་པར་རྗེན་ལྷག་གིས་འཆར་ཏེ། དེ་གའི་ངང་ལ་ཆེད་འཛིན་མེད་པར་ཤེགས་སེ་རང་ལུགས་སུ་བསྐྱང་བར་བྱའོ། །དེ་ལྟར་མཉམ་རྗེས་ཐམས་ཅད་ལ་དྲན་པ་བདག་པོར་གྱུར་པའི་སྒོ་ནས་སྐད་ཅིག་ཀྱང་ཡེངས་པ་མེད་པར་བྱར་མེད་བློ་འདས་གཉུག་མའི་ཡེ་ཤེས་ཀྱི་ངང་ལ་གནས་ཤེས་པའི་ཐག་ཆོད་སྐྱེ་ཞིང་། དགེ་སྦྱོར་རྐྱེན་ཐུབ་སྐྱོང་བདེ་མོར་འགྲོ་བ་ལ་ཚེགས་མེད་དོ། །བཞི་པ་ནི། འདི་ལྟར་སྣང་བ་སྣ་ཚོགས་སུ་སྣང་བ་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་
༡༦༠བཅུད་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ནམ་གཤིས་ཚུལ་ཡེ་གདོད་མ་ནས་རྣམ་པར་དག་པ་ཡིན་ཀྱང་། དེ་ལྟར་མ་རྟོགས་ཏེ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་འདི་དག་ལ་བཅོས་མིན་གྱི་སྙིང་རྗེ་ཆེན་པོ་བསྐྱེད། དོན་དམ་པར་འཁོར་འདས་རྒྱུད་ཚུལ་གཅིག་ཏུ་ཤེས་པས་སྣོད་བཅུད་དག་སྣང་གི་འཁོར་ལོ་སངས་རྒྱས་ཐམས་ཅད་དང་རོ་གཅིག་ཏུ་བལྟ། དེ་ཐམས་ཅད་རང་གི་སེམས་ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་རང་བཞིན་ནི་གཅིག་ཏུ་ཤེས་པས་ཆོས་ཐམས་ཅད་ཞི་ཁྲོ་རིགས་བརྒྱའི་འཁོར་ལོར་དག་ཅིང་། དེ་ཡང་གསང་ཆེན་རིག་གཅིག་ཏུ་རྣམ་པར་དག་པ་ལས། བཟླས་བརྗོད་ཏིང་ངེ་འཛིན་སོགས་ཅི་བྱེད་ཐམས་ཅད་ཀྱང་འཁོར་འདས་རྒྱ་ཐེག་གི་རོལ་པ་ཆེན་པོར་སྤྱད་པར་བྱ་བ་ཡིན་ནོ། །གསུམ་པ་ནི། དེ་ལྟར་སློབ་བུའི་བློའི་རིམ་པ་དང་སྦྱར་ཏེ་ཁྲིད་པ་ལས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔའི་ཉམས་དང་རྟོགས་པ་སྐྱེས་རིམ་ནས་ངོ་སྤྲོད་པ་དང་། གེགས་སེལ་བོགས་འདོན་རྣམས་ཉམས་མྱོང་ཅན་གྱིས་ལེགས་པར་གདམས་ཏེ་ཁྲིད་པས་ཉམས་རྟོགས་ཡར་ངོའི་ཟླ་བ་ལྟར་འཕེལ་ཏེ། རིམ་པར་ཚོགས་སྦྱོར་གྱི་ལམ་བགྲོད་ནས་སློབ་པའི་ཟུང་འཇུག་རིག་འཛིན་བཞི་དང་། མི་སློབ་པའི་ཟུང་འཇུག་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་སྦྱོར་བར་གདོན་མི་ཟའོ། །ངག་བརྗོད་བསམ་པའི་ཡུལ་འདས་དབང་བཞིའི་དོན། །ཚུལ་བཞིན་ཉམས་བླངས་ལྷག་པ་ཆོས་ཀྱི་སྐུ། །ཟུང་འཇུག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །གོ་འཕང་བླ་མེད་ཐོབ་ཕྱིར་འདི་བསྔོའོ། །ཞེས་ན་རག་དོང་སྤྲུགས་དབང་དོན་ཇི་ལྟར་ཉམས་སུ་ལེན་པའི་ཁྲིད་ཡིག་འདི་ཡང་བློ་ལྡན་དགེ་སློང་ཨོ་རྒྱན་བསོད་ནམས་ཀྱིས་བསྐུལ།
༡༦༡བའི་ངོར། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་འཚོ་བའི་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨཱ་ཤྲཱིས་སྦྱར་བའི་ཡི་གེ་པ་ནི་ལེགས་གླིང་ཆོས་མཛད་དགེ་སློང་འགྱུར་མེད་མཆོག་གྲུབ་ཀྱིས་བགྱིས་པ་དགེ་ལེགས་འཕེལ། །
༡༦༢

༄༅། །བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ལམ་མདོར་བསྡུས་པ་ཡིད་བཞིན་ནོར་བུའི་སྙིང་པོ་།

༦༤ ༈ བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ལམ་རིམ་མདོར་བསྡུས་པ་ཡིད་བཞིན་ནོར་བུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་འཁོར་ལོ་བདེ་མཆོག་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །སྙན་བརྒྱུད་ཡིད་བཞིན་ནོར་བུ་ཡི། །ཉམས་ལེན་སྙིང་པོ་ཅུང་ཟད་དབྱེ། །དེ་ལ་རྟེན་གྱི་གང་ཟག་བརྒྱུད་པ་ཡིད་བཞིན་ནོར་བུ་འདི་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པ། །སྨིན་ལམ་ཡིད་བཞིན་ནོར་བུས་རྒྱུད་སྨིན་ཅིང་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་རྣམ་པར་དག་པ་ལ་གནས་པས། གྲོལ་ལམ་ཡིད་བཞིན་ནོར་བུ་ཉམས་ཁྲིད་དུ་ཐོབ་ནས་རྒྱུན་དུ་མདོར་བསྡུས་པའི་ཚུལ་གྱིས་ཉམས་སུ་བླང་པ་ལ་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ནི། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་ཞིང་ཡིད་དང་མཐུན་པར་སྟན་བདེ་བ་ལ་འདུག་ནས་འདི་ལྟར་ངེས་པར་བྱ་སྟེ། ད་ལན་རྙེད་དཀའ་ཞིང་ཕན་འདོགས་ཆེ་བའི་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་འདི་ལྟ་བུ་ཞིག་
༦༥ཐོབ་ཀྱང་དོ་ནུབ་ཙམ་ཡང་མི་འཆི་བའི་གདིང་ནི་མེད་ཅིང་། ཤི་བའི་འོག་ཏུ་ལས་དཀར་ནག་འབའ་ཞིག་གི་རྗེས་སུ་འབྲངས་ཏེ་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས། སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་རང་གཞན་སེམས་ཅན་ཐམས་ཅད་བསྒྲལ་བའི་སླད་དུ་བླ་མ་དང་དཀོན་མཆོག་ལ་སྐྱབས་དང་ར་མདར་ཞུ་བའི་འདུན་པས། གནས་ཡུལ་དག་པའི་ཞིང་དུ་གྱུར་པའི་མདུན་གྱི་ནམ་མཁར་སེང་ཁྲི་པད་ཉི་ཟླ་བའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་ལ་བརྒྱུད་པའི་བླ་མས་བསྐོར་བ། །དེའི་མདུན་དུ་པད་ཉི་རོའ་གདན་ལ་དཔལ་འཁོར་ལོ་བདེ་མཆོག་གཙོ་བོར་གྱུར་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གཡས་སུ་སེང་ཁྲི་པད་ཟླའི་གདན་ལ་སྟོན་པ་་རྒྱལ་པོ་ལ་དུས་གསུམ་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན་རྣམ་གྱིས་བསྐོར་བ། རྒྱབ་ཏུ་རིན་པོ་ཆེའི་ཁྲིའི་སྟེང་དུ་ཆོས་དཀོན་མཆོག་གླེགས་བམ་བྲག་རི་བརྩེགས་པའི་རྣམ་པ་ཅན། གཡོན་དུ་པད་ཟླའི་གདན་ལ་ཉེ་སྲས་བརྒྱད་དང་མཆོག་ཟུང་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན། བར་མཚམས་དང་འོག་གི་ཆར་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་མངོན་སུམ་ལྟ་བུར་གསལ་བའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་དམིགས་ཏེ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ། རྫོགས་པའི་སངས་རྒྱས་རྣམས་ལ་་དམ་པའི་ཆོས་རྣམས་འཕགས་པའི་དགེ་འདུན་
༦༦རྣམས་ལ་།མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་དང་། སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། དེའི་མཐུ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། མཐར་སྐྱབས་ཡུལ་རྣམས་གཅིག་ཅར་དུ་འོད་དུ་ཞུ་ནས་རང་གཞན་ཐམས་ཅད་ལ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པར་བསམ། རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པས་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་གཉིས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་མཚན་དཔེའི་གཟི་འོད་འབར་བའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉིས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་སྦྱོར་མཚམས་དང་སྐུ་ལས་བདུད་རྩིའི་རྒྱུན་བབས། །རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར། ཧེ་རུ་ཀའི་ཡི་གེ་བརྒྱ་བ་དང་། ༀ་བཛྲ་ས་ཏྭ་ཧཱུྃ། ཅི་ནུས་བཟླ། བཤགས་སྡོམ་སྤྱི་ལྟར་མཐར། རྡོ་རྗེ་སེམས་དཔའི་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། །བླ་མའི་རྣལ་འབྱོར་ནི། རང་སྐད་ཅིག་གིས་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་
༦༧མདུན་གྱི་ནམ་མཁར་སེང་ཁྲི་པད་ཉི་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། །དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་དང་འཁྲིལ་བ། །དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། །ཞི་འཛུམ་མཚན་དཔེའི་ཉམས་འགྱུར་ཡོངས་སུ་རྫོགས་པར་གསལ་བའི་སྤྱི་བོར་ༀ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་མཆོད་འོས་ཐམས་ཅད་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། །སྐྱབས་གནས་ཀུན་འདུས་བླ་མ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་བཞུགས་གསོལ་འདེབས། །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །མཎྜལ་རྒྱས་བསྡུས་གང་ཤེས་ཕུལ། །སྡོམ་བཟུང་རྒྱས་པའམ། བསྡུ་ན། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་གིས་དེང་ནས་བྱང་ཆུབ་བར། །ཐུན་མོང་མཆོག་གི་སྡོམ་པ་རྣམས། །བསམ་སྦྱོར་བརྟན་པོས་བཟུང་ཞིང་བསྲུང་། །སྤྲོ་ན་བརྒྱུད་འདེབས་དང་། གང་ལྟར་ཡང་། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཆོས་རྗེ་སངས་རྒྱས་བཀའ་དྲིན་ཅན་ལ། །བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ། ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་མཐར། །དཔལ་ལྡན་བླ་མ་རིན་པོ་ཆེས། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱི་རློབས། །ཞེས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ། །རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་
༦༨དུ་གྱུར། །དབང་བཞི་ཐོབ། སྒྲིབ་བཞི་དག །སྐུ་བཞིའི་གོ་འཕང་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་བསམ་ལ་སེམས་འཛིན་མེད་དུ་བཞག །གཉིས་པ་དངོས་གཞི་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་བཞི་ལས། །དང་པོ་གཙོ་བོར་བུམ་དབང་གི་ལམ་ལ་ཡབ་བཀའ་དང་། །ཡུམ་བཀའ་གཉིས། དང་པོ་ལ་མཉམ་བཞག་དང་། རྗེས་ཐོབ་གཉིས་ཀྱི། །དང་པོ་ལའང་དབང་པོའ་རིམ་པ་དང་མཐུན་པར་རྒྱས་འབྲིང་བསྡུས་གསུམ་གང་མོས་ཉམས་སུ་ལེན་པར་གསུངས་པས། །འདིར་རེ་ཞིག་བསྡུས་པ་ལྷན་སྐྱེས་ཡབ་ཡུམ་གྱི་རྣལ་འབྱོར་ལྟར་ཉམས་སུ་བླང་བ་ལ་གསུམ་ལས། །དང་པོ་སྤྲུལ་སྐུ་བསྐྱེད་རིམ་གྱི་རྣལ་འབྱོར་ནི། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་་ཀོ྅ཧཾ། སྐད་ཅིག་གིས་སྟོང་པའི་ངང་ལས། །ནམ་མཁའི་ཁམས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་ཕྱི་དཀར་ལ་ནང་དམར་བ་ཁ་སྦྱོར་གྱི་ནང་དུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་ལྔ་པ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ལྟེ་བ་མཐིང་ནག་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། །འོག་རྡོ་རྗེའི་ས་གཞི། །སྟེང་རྡོ་རྗེའི་གུར་དང་བླ་བྲེ། །ཕྱོགས་མཚམས་རྡོ་རྗེའི་རྭ་བ་དང་དྲཱ་བ་ལས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར་བསམས་ལ། ༀ་བཛྲ་རྐྵ་རྐྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་བྱིན་གྱིས་བརླབ་ཏེ་སྲུང་འཁོར་བསྒོམ། །དེའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་དུ། །པཾ་ལས་པདྨ། རཾ་ལས་ཉི་མ། འཇིགས་བྱེད་དང་དུས་མཚན་གན་རྐྱལ་དུ་འགྱེལ་བའི་གདན་གྱི་སྟེང་དུ་རང་གི་རྣམ་ཤེས་ཧཱུྃ་སྔོན་པོ་སྐད་ཅིག་གིས་ཡོངས་སུ་གྱུར་པ་ལས། །བདག་ཉིད་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། །ཞབས་
༦༩གཉིས་གཡས་བརྐྱང་ཞིང་གཡོན་ཅུང་ཟད་བསྐུམ་པའི་རོལ་སྟབས་ཀྱིས་འཇིགས་བྱེད་དུས་མཚན་གྱི་གདན་ལ་བཞུགས་པ། ཁྲོ་གཉེར་གསོ་བའི་ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་རལ་བའི་ཅོད་པན་གྱི་རྩེར་སྣ་ཚོགས་རྡོ་རྗེ་དང་ནོར་བུའི་ཕྲེང་བ་ཟླ་ཚེས་རྡོ་རྗེས་མཚན་པ། ཐོད་སྐམ་གྱི་རྩེར་རིན་ཆེན་འབར་བས་སྤྲས་པ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཆང་བ། གཅེར་བུ་ཁྲག་ཞག་ཐལ་ཆེན་བྱུགས་པའི་སྐུ་ལ་སྦྲུལ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས་གསོལ་བ། སྒེག་པ་ལ་སོགས་གར་དགུའི་ཉམས་དང་ལྡན་པའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་སྤྱན་གསུམ་ཕྱག་གཉིས་གཡས་གྲི་གུག་སྡིགས་མཛུབ་དང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། དབུ་སྐྲ་སིལ་བུའི་སྟོད་ཆ་གྱེན་དུ་བརྫེས་པའི་རྩེར་འཁོར་ལོ་དང་མེ་ཏོག་གི་ཕྲེང་བས་མཛེས་ཤིང་ལྷག་མ་ཐུར་དུ་གྲོལ་བས་སྐེད་པ་ནོན་པ་མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན་གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་། ཞབས་གཉིས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་ཡབ་ཀྱི་སྐུ་ལ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྐུ་དང་ཕྱག་མཚན་ཡིག་འབྲུ་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པ་ཁྱམས་དང་དུར་ཁྲོད་དུ་འཕྲོས་པས་འཁོར་གྱི་ལྷར་གྱུར་པ་ནི། ཁྱམས་ཀྱི་བར་སྣང་སྟེང་འོག་རྣམས་སུ་འཇའ་འོད་སྤྲིན་གྱི་གུར་ཁང་གི་ངོས་ལ། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། འདོད་ཡོན་རྣམ་ལྔའི་མཆོད་པ་བཀོད་ལེགས་དུ་མ་ཐོགས་ནས་མཆོད་པ་ལ་བརྩོན་པའི་ལྷ་ཡི་བུ་དང་བུ་མོས་གང་བ། དུར་ཁྲོད་རྣམས་སུ་ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་ལ་སོགས་པ་སྟེ་གཟུགས་བརྙན་དང་ཆ་ལུགས་
༧༠སྣ་ཚོགས་འཆང་ཞིང་སྟོན་པའི་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་གང་བར་བསམ་པ་ནི་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་གོ་།བཅོམ་ལྡན་འདས་ལ་སོགས་པའི་ཡབ་ཐམས་ཅད་ཀྱི་ཐུགས་ཀར་ༀ་ཧ་ལས་རྡོ་རྗེ་སེམས་དཔའ་དཀར་པོ། །དཔྲལ་བར་ན་མ་ཧི་ལས་རྣམ་པར་སྣང་མཛད་དཀར་པོ། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་ལས་པདྨ་གར་དབང་དམར་པོ། ཕྲག་པར་བཽ་ཥཊ་ཧེ་ལས་མི་བསྐྱོད་པ་སྔོན་པོ། །མིག་ཏུ་ཧཱུྃ་ཧཱུྃ་ཧོ་ལས་རྡོ་རྗེ་ཉི་མ་སེར་པོ། ལྷུ་ཚིགས་ཐམས་ཅད་་ལ་རྒྱུད་ལས་་ཕཊ་ཕཊ་ལས་རྟ་མཆོག་ལྗང་ཁུ་རྣམས་གཡས་རྡོ་རྗེ་འཕྱར་ཐབས་སུ་འཛིན་ཅིང་གཡོན་དྲིལ་བུ་སྡིགས་མཛུབ་དང་བཅས་པས་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཾ་ག་འཆང་བ། ཕཊ་ཧཾ་ཞེས་གསུངས་ཀྱང་དཔེ་སྔ་མ་ལ་འདི་ལྟར་སྣང་། གཅེར་བུ་དཔའ་བོའ་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། ཞབས་གཡས་བརྐྱང་ཞིང་གཡོན་ཅུང་ཟད་བསྐུམ་པའི་རོལ་སྟབས་ཀྱིས་པད་ཉི་རོའ་གདན་ལ་བཞུགས་པའོ། །རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་ཐམས་ཅད་ཀྱི་ལྟེ་བར་ༀ་བཾ་ལས་ཕག་མོ་དམར་མོ། །སྙིང་གར་ཧཾ་ཡཾ་ལས་གཤིན་རྗེ་མ་སྔོན་མོ། །མགྲིན་པར་ཧྲཱིཾ་མཾ་ལས་རྨོངས་བྱེད་མ་དཀར་མོ། །དཔྲལ་བར་ཧྲཱིཾ་ཧྲཱིཾ་ལས་སྐྱོད་བྱེད་མ་སེར་མོ། །སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལས་སྐྲག་བྱེད་མ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ལས་གཏུམ་མོ་དུད་ཁ་སྟེ་ཐམས་ཅད་གཡས་གྲི་གུག་འཕྱར་ཐབས་སུ་འཛིན་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའི་གྲུ་མོ་ན་ཁ་ཾ་ག་འཆང་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་པད་ཉི་རོའ་གདན་ལ་བཞུགས་པ། དཔའ་བོ་དང་དཔའ་མོ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་བསམ། དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་
༧༡སྔོན་པོས་མཚན་པར་བསམ་པ་ནི་གོ་ཆ་བགོ་ཞིང་སྒོ་གསུམ་བྱིན་གྱིས་བརླབས་པ་སྟེ་ཉེ་བར་བསྙེན་པའི་ཡན་ལག་གོ། །དེ་དག་ལས་འོད་འཕྲོས། །ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལ་ཕོག་པས་གཞལ་ཡས་ཁང་དུ་གྱུར། །ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས། ཕོ་ཐམས་ཅད་འཁོར་ལོ་སྡོམ་པ། མོ་ཐམས་ཅད་རྡོ་རྗེ་ཕག་མོར་གྱུར། དེ་ཐམས་ཅད་དང་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་བདེ་མཆོག་ཡབ་ཡུམ་གྱི་རྣམ་པར་ཚུར་འདུས་ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། །དེའི་རྐྱེན་གྱིས་སྤྱི་བོར་བཀའ་བརྒྱུད་བླ་མ། །སྙིང་གར་འཁོར་ལོ་སྡོམ་པ། །ཡན་ལག་ཚིགས་བཞི་དང་རྩ་དང་བ་སྤུའི་བུ་ག་ཐམས་ཅད་ལ་དཔའ་བོ་དང་རྣལ་འབྱོར་མ་ཆོས་སྐྱོང་སྲུང་མའི་ཚོགས་ཏེ། མདོར་ན་ལུས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ཐམས་ཅད་གསལ་ཞིང་རྫོགས་པར་གྱུར་བར་བསམ་པ་ནི་སྣོད་བཅུད་སྦྱང་སྒྱུར་དང་ཡེ་ཤེས་པ་གཞུག་པ་སྒྲུབ་པའི་ཡན་ལག་གོ། ཕཻཾ་ཕཻཾ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ༀ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་ཨཱརྒྷཾ་སོགས་ཀྱིས་མཆོད། བཅོམ་ལྡན་འདས་རིགས་ལྔ་འཁོར་དང་བཅས་པས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རྡོ་རྗེ་འཆང་ཡབ་ཡུམ་གྱིས་དབུར་བརྒྱན་པར་བསམ་པ་ནི་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་འདེབས་པ་སྒྲུབ་པ་ཆེན་པོའ་ཡན་ལག་གོ་།དེ་ལྟར་ཡན་ལག་བཞིའི་ཚུལ་གྱིས་ལྷ་ཡི་སྐུ་གསལ་བཏབ་ནས་སེམས་འཛིན་པའི་ཚུལ་ལ་གསུམ་ལས། དང་པོ་རྣམ་པ་གསལ་བ་ནི། །ཐོག་མར་སྤྱན་དབུས་མ་ལྟ་བུ་ལ་མཚོན་ན་དཀར་ནག་
༧༢སོ་སོར་མ་འདྲེས་ཤིང་སྐབས་ཕྱེད་པ། སྤྱན་རྩ་དམར་ཞིང་སྡང་མིག་ཏུ་གཟིགས་པ། གསལ་ཞིང་དོད་ལ་ངོས་གཟུང་མེད་པ་ལ་ཡིད་གཏད་དེ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པ་རྩེ་གཅིག་ཏུ་བསྒོམ། མི་གསལ་ན་ངག་ཏུ་བརྗོད་པའི་མ་བྲིས་པའི་སྤྱན་དབུས་མ་ལ་བལྟ་ཞིང་ཡིད་ཡུལ་དུ་འཆར་བ་ན་སེམས་བཟུང་། ཚུལ་དེ་བཞིན་གྱིས་སྤྱན་གསུམ་སྨིན་མ་དང་བཅས་པ་དང་། །ཞལ་ཡོངས་རྫོགས་སོགས་ནས་མཐར་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གསལ་རྫོགས་མ་འདྲེས་པར་སེམས་བཟུང་བ་དང་། དེ་ལས་ཀྱང་དུ་མར་སྤྲོ་ཞིང་གཅིག་ཏུ་བསྡུ་བ་དང་། སྐུ་ཆེ་ཆུང་མ་ངེས་པར་བསྒོམ་པ་སོགས་ཀྱིས་རྩལ་སྦྱངས་ཤིང་གསལ་བརྟན་ཐོབ་པར་བྱའོ། །གཉིས་པ་རྣམ་དག་དྲན་པ་ནི་དོན་དམ་པར་སྣོད་བཅུད་ཐམས་ཅད་གཟོད་མ་ནས་ལྷ་དང་ཡེ་ཤེས་ཀྱི་ངོ་བོར་རྣམ་པར་དག་ཅིང་། ཀུན་རྫོབ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའང་། ས་བཅུ། ལམ་ལྔ། སྐུ་དང་ཡེ་ཤེས་སོགས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའ་ངོ་བོར་དྲན་པས་ཐ་མལ་གྱི་སྣང་ཞན་སྦྱང་ངོ་། །གསུམ་པ་ང་རྒྱལ་བརྟན་པ་ནི། རྣམ་པ་གསལ་རུང་མི་གསལ་རུང་། སེམས་ཀྱི་གཤིས་ཅི་ཡང་མ་ཡིན་པའི་རང་རྩལ་སྐུ་དང་ཡེ་ཤེས་མཁའ་ཁྱབ་ཏུ་འཆར་བའི་ཕྱིར། འབྲས་དུས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པའི་དཔལ་འཁོར་ལོ་སྡོམ་པ་དེ་ཉིད་གང་ཡིན་ནོ་སྙམ་པའི་ང་རྒྱལ་བརྟན་པོ་བཟུང་བར་བྱའོ། །དོན་གཉིས་པ་ལོངས་སྐུ་ཟུང་འཇུག་གི་རྣལ་འབྱོར་ལ་གསུམ་ལས། དང་པོ་མཆོད་བསྟོད་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གཟུགས་དང་ལང་ཚོའ་ཉམས་འགྱུར་ཕུན་སུམ་ཚོགས་པའི་རྡོ་རྗེ་ལྷ་མོར་གྱུར་པས་རང་ལ་མཆོད་ཅིང་བསྟོད་པར་བསམ་པས། ༀ་ཤྲཱི་ཧེ་རུ་ཀ་ཙཀྲ་སམྤ་ར་བཱི་ར་ཡོ་གི་ནཱི་ས་པ་རི་ཝཱ་ར་མ་ཧཱ་ཨཱརྒྷཾ་དང་། པུཥྤེ་སོགས་ཀྱི་ཉེར་སྤྱོད་དང་། ༀ་ཨཱཿརཱུ་པ་བཛྲཱི་ཧཱུྃ། སོགས་ཀྱིས་འདོད་ཡོན་ཏེ།
༧༣ཕྱི་མཆོད་དང་། །ༀ་ཨཱཿཧཱུྃ་གིས་ནང་མཆོད། །ལྷ་མོ་རྣམས་ཀྱིས་སྐུ་ལ་འཁྱུད་པས་སྙོམས་འཇུག་གི་བདེ་བ་སྐྱོད་པ་གསང་མཆོད། །དེ་ཁོ་ན་ཉིད་ལ་བློ་བཞག་པ་བླ་ན་མེད་པའི་མཆོད་པ་རྣམས་ཀྱིས་མཆོད། །ཡབ་ཡུམ་གྱི་རྐང་བརྒྱད་དམ། ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའ་སྐུར་སྟོན་གདུག་པ་འདྲལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་དང་། དཔའ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་རྡོ་རྗེའི་གླུས་བསྟོད་ནས་ལྷ་མོ་རྣམས་ལ་ཐིམ་པར་བསམ། གཉིས་པ་བཟླས་པ་ནི། བྱིན་གྱིས་བརླབས་པའི་ཕྲེང་བ་བཟུང་སྟེ། རང་གི་སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ་ཨ་བ་་ཏིའི་རང་བཞིན་གྱི་པདྨ་སྔོན་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་གནས་པའི་ཁམས་དཀར་ཆ་ཟླ་བ་དང་། དམར་ཆ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རླུང་སེམས་གཉིས་མེད་ཀྱི་ངོ་བོ་ཧཱུྃ་སྔོན་པོའ་འོད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་འགེང་ནུས་པ་དེའི་མཐར་ཐིག་ལེ་དཀར་དམར་འདྲེས་པ་ལས། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། །ཅེས་ཉེ་སྙིང་དང་། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛྲ་ལ་སམྦ་རཾ་སྭཱ་ཧཱ། ཞེས་སྙིང་པོའ་སྔགས་ཕྲེང་གཡས་བསྐོར་དུ་འཁོར་བ། ཡུམ་གྱི་ཐུགས་ཀར་པད་ཟླ་ཉི་མའི་སྟེང་དུ་བཾ་དམར་པོའ་མཐར། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ། ཞེས་ཉེ་སྙིང་དང་། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ། ཞེས་སྙིང་པོའ་སྔགས་གཡོན་བསྐོར་དུ་འཁོར་བ་ལ་སེམས་གཏད་དེ་བཟླ་བ་ངག་བཟླས་དང་། དེའི་ཚེ་སྔགས་ཕྲེང་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར་བསམ་ལ་བཟླ་བ་ནི་སྤྲོ་བསྡུའི་བཟླས་པའོ། །མཐར་དབྱངས་གསལ་དང་
༧༤རྟེན་སྙིང་ཚར་གསུམ་རེས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་བརྟན་པར་བྱས་ནས། སྔར་བཞིན་མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཅེས་གསོལ་བ་བཏབ། གསུམ་པ་ཟུང་འཇུག་གི་རྣལ་འབྱོར་དངོས་ནི་འོག་ཏུ་བཤད་པའི་དབང་གཉིས་པ་དང་གསུམ་པའི་ལམ་སྟེ་འདིར་ཡང་ཇི་ལྟར་རིགས་པར་བསྒོམ་མོ། །དོན་གསུམ་པ་ཆོས་སྐུ་འོད་གསལ་གྱི་རྣལ་འབྱོར་ནི། ཐུན་བསྡུ་བའམ། ནུབ་མོ་ཉལ་བའི་ཚེ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་ལ་ཐིམ། དུར་ཁྲོད་བརྒྱད་སྤྲུལ་པའི་འཁོར་དང་བཅས་པ་རང་ལ་ཐིམ། རང་ཐུགས་ཀའི་ས་བོན་ལ་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམ་ལ་དབྱིངས་རིག་བསྲེས་ཏེ་དབང་བཞི་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའ་ངང་དུ་མཉམ་པར་བཞག །སྤྱོད་ལམ་ལ་འཇུག་པ་ན། སླར་ཡང་རང་སྐད་ཅིག་གིས་བདེ་མཆོག་ལྷན་ཅིག་སྐྱེས་པ་གོ་ཆའི་ལྷ་དང་བཅས་པར་གསལ་བའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་མོས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །བདེ་མཆོག་འཁོར་ལོ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་གྱིས་རྒྱས་བཏབ་བོ། །དེ་རྣམས་ཀྱང་ཅུང་ཟད་རྒྱས་པའི་དབང་དུ་བྱས་པ་ཡིན་གྱི། ཤིན་ཏུ་བསྡུས་པ་ལྷན་སྐྱེས་ཀྱི་རྣལ་འབྱོར་དངོས་ནི། སྐྱབས་སེམས་ཚད་མེད་བཞི་བསྒོམ་པས་བསོད་ནམས་ཀྱི་ཚོགས་དང་། ཤཱུ་ནྱ་ཏཱས་ཉམས་ལེན་སྟོང་ཉིད་ལ་བློ་འཇོག་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། སྟོང་པའི་ངང་ལས་སྣོད་བཅུད་ཐམས་ཅད་ཆོས་འབྱུང་ཁ་སྦྱོར་དང་རྡོ་རྗེ་སྲུང་བའི་གུར་ཁང་ཆེན་པོའ་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་
༧༥སོགས་ཡན་ལག་བཞི་རྫོགས་སམ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། ཞེས་པའི་བར་གྱིས་དམ་ཡེ་དབྱེར་མེད་དུ་གསལ་བཏབ་པའི་ཐུགས་ཀར་སྔགས་ཕྲེང་བཀོད་ལ་བཟླས་པ་ལ་འཇུག་པས་ཀྱང་རུང་ངོ། །གཉིས་པ་རྗེས་ཐོབ་ཐུན་མཚམས་ཀྱི་རྣལ་འབྱོར་ནི། སྤྱོད་ལམ་སོགས་ལ་འཇུག་པའི་ཚེ་ནའང་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། ནང་རང་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་ལྷ་ཡི་ང་རྒྱལ་དང་མ་བྲལ་བའི་ངང་ནས་བཟའ་བཏུང་དང་། །གོས་རྒྱན་སོགས་འདོད་ཡོན་རྣམས་ལྷ་ལ་ལྷས་མཆོད་པ་དང་། ཡེ་ཤེས་ལ་ཡེ་ཤེས་ཐིམ་པའི་ཚུལ་གྱིས་ཞེན་པ་མེད་པར་ལོངས་སྤྱོད། རང་གི་སྒོ་གསུམ་གྱི་བྱ་བ་འགུལ་བསྐྱོད་ཕྱག་དང་བསྐོར་བ། སྨྲ་བརྗོད་གསང་སྔགས་ཀྱི་རང་སྒྲ། དྲན་རྟོག་འོད་གསལ་གཉུག་མའི་ངོ་བོར་ལམ་དུ་འཁྱེར། མཆོད་སྦྱིན་གཏོར་མའི་རྣལ་འབྱོར་ནི། ཅི་འབྱོར་པའི་གཏོར་མ་ཆང་ཆུ་ནང་མཆོད་ཀྱིས་བྲན་ལ་ནང་མཆོད་ལྟར་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་དཔའ་བོ་དང་རྣལ་འབྱོར་མ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་སོགས་གཏོར་མའི་མགྲོན་དུ་གྱུར་པ་ཐམས་ཅད་ༀ་བཛྲ་ས་མཱ་ཛཿཔདྨ་ཀ་མ་ལཱ་ཡ་སྟཱཾ། ༀ་གུ་རུ་མཎྜལ་དེ་ཝ་ཌཱ་ཀི་ནཱི་་པཱ་ལ་བཛྲ་ཡོ་ག་ཡོ་གི་ནཱི་ས་པ་རི་ཝཱ་ར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་ཕུལ། གོང་གི་སྔགས་མཐར། ཨཱརྒྷཾ་སོགས་བཏགས་པས་ཕྱི་མཆོད་དང་། ༀ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། །བསྟོད་པར་འོས་པ་ཐམས་ཅད་ལ། སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་ཕྲིན་ལས་བཅོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན། བཛྲ་མུཿས་གཤེགས་སུ་གསོལ། ནུབ་མོ་ཉལ་བའི་ཚེ་ཆོས་སྐུའི་རྣལ་འབྱོར་གྱིས་གཉིད་ཀྱི་འོད་གསལ་ལ་འཇུག །ནངས་པར་ཡུལ་ཉེར་བཞིའི་དཔའ་
༧༦བོ་དང་རྣལ་འབྱོར་མས་ཌཱ་མ་རུ་སྔགས་ཀྱི་གདངས་སུ་བསྒྲགས་པས་སད་པར་བསམ་ཞིང་སྐད་ཅིག་གིས་ལྷའི་སྐུར་ལྡང་། རྣལ་འབྱོར་གྱི་གྲོགས་སུ་འགྲོ་ན་དབང་གི་ལྷས་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་བའི་མོས་པས་ཁྲུས་བྱ། །སླར་ཡང་སྔོན་འགྲོ་ནས་བརྩམས་ཏེ་ཇི་སྐད་བཤད་པའི་རིམ་པ་རྣམས་ཐུན་བཞི་སོགས་སུ་འབད་པ་དྲག་པོས་ཉམས་སུ་བླང་བར་བྱའོ། །གཉིས་པ་ཡུམ་བཀའ་བསྡུས་པ་ལྷན་ཅིག་སྐྱེས་མའི་རྣལ་འབྱོར་གྱི་ཁྱད་པར་ནི། །སྲུང་འཁོར་སྔར་བཞིན་གསལ་བཏབ་ལ། དེའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་སོགས་ནས། གདན་གྱི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་བཾ་དམར་པོ། དེ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་གཅེར་བུ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་ཐུར་དུ་བཟུང་ནས་གདུག་པ་ཅན་རྣམས་ལ་བསྡིག་ཅིང་། གཡོན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་གཏོད་དེ་འཛིན་པའི་གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཾ་ག་འཆང་བ་ལ་དམར་ལ་འཁྱུག་ཅིང་མཛེས་ལ་ཡངས་པའི་སྤྱན་གསུམ་ཟུར་གྱིས་གཟིགས་ཤིང་ཁྲོ་ལ་འཛུམ་པའི་ཞལ་མཆེ་བ་ཅུང་ཟད་གཙིགས་པ། དྲི་ཞིམ་ལི་བའི་དབུ་སྐྲ་སིལ་བུའི་སྟོད་ཆ་གྱེན་དུ་བརྫེས་པའི་རྩེར་འཁོར་ལོ་དང་མེ་ཏོག་གི་ཕྲེང་བས་མཚན་ཅིང་སྨད་ཆ་ཐུར་དུ་གྲོལ་བས་སྐུ་སྐེད་ནོན་པ། ཞབས་གཡས་བརྐྱང་བས་འཇིགས་བྱེད་ནག་པོའ་སྙིང་ག་མནན་ཞིང་། གཡོན་ཅུང་ཟད་བསྐུམ་པས་དུས་མཚན་དམར་མོའ་ནུ་ཕྲག་མནན་པའི་རོལ་སྟབས་ཀྱིས་བཞུགས་པའི་སྐུ་ལ་མི་མགོ་སྐམ་པོ་ལྔའི་དབུ་བརྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་ཕྱག་རྒྱ་ལྔས་མཛེས་པ། གཟུགས་དང་ལང་ཚོ་དར་ལ་བབས་ཅིང་། བྷ་ག་དང་ནུ་མ་རབ་ཏུ་
༧༧རྒྱས་ལ་སྐེད་པ་ཕྲ་བ། བདེ་བ་ཆེན་པོས་རྣམ་པར་མྱོས་པའི་ཆ་བྱེད་ཅན་སྣང་ལ་རང་བཞིན་མེད་པའི་སྐུའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་འགེང་ནུས་པ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་སུ་བྱོན་ཅིང་སྐྱེ་འགྲོ་ཀུན་གྱི་ཡིད་འཕྲོག་པའི་བདག་ཉིད་མ། བ་སྤུའི་བུ་ག་ཐམས་ཅད་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། རང་གི་ཐུགས་ཀའི་བཾ་ལས་འོད་ཟེར་སྐུ་དང་སོགས་ནས། དཔག་ཏུ་མེད་པས་གང་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ལྟེ་བར་ༀ་བཾ་ལས་ཕག་མོ་དམར་སོགས་ནས་བཞུགས་པ། དེ་ཐམས་ཅད་ཀྱང་མེ་ལོང་ནང་གི་སོགས་ནས། སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཚུར་འདུས་ཛཿཧཱུྃ་བཾ་ཧོ༔་རང་ལ་གཉིས་སུ་མེད་པར་ཐིམ། དེའི་རྐྱེན་གྱིས་སོགས་ནས། སྤྱི་བོར་འཁྱིལ་བ་ལས་རྣམ་པར་སྣང་མཛད་ཡབ་ཡུམ་གྱིས་དབུར་བརྒྱན། ༀ་བྷ་ག་ཝཱ་ཏཱི་བཛྲ་ཝཱ་ར་ཧཱི་ས་པ་རི་ཝཱ་ར་ཨཱརྒྷཾ་སོགས་ཕྱི་མཆོད་དང་། ༀ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། སོགས་ཀྱིས་བསྟོད། རང་གི་སྙིང་གར་དྷཱུ་ཏིའི་རང་བཞིན་གྱི་པདྨ་སྔོན་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་བྱང་སེམས་དཀར་དམར་ཉི་ཟླའི་གདན་གྱི་སྟེང་དུ་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་བཾ་དམར་པོའ་མཐར་ཐིག་ལེ་དཀར་དམར་འདྲེས་པ་ལས། ༀ་སརྦ་བུ་དྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞྞ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ། ཞེས་ཉེ་སྙིང་དང་། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ། ཞེས་སྙིང་པོའ་སྔགས་ཕྲེང་། གཡོན་བསྐོར་དུ་འཁོར་བ་ལ་སེམས་གཏད་དེ། ངག་བཟླས་དང་། སྤྲོ་བསྡུའི་བཟླས་པ་བྱ། ཐུན་མཐར་མཆོད་བསྟོད་གསོས་གདབ་རྫོགས་རིམ། །ཐུན་མཚམས་ཀྱི་རྣལ་འབྱོར་སོགས་སྔར་བཤད་པ་བཞིན་ལ་དམིགས་བསལ་གྱི་ཁྱད་པར་ཅུང་ཟད་དང་བཅས་ཏེ་ཉམས་སུ་བླང་ངོ་།
༧༨ཡང་ཤིན་ཏུ་བསྡུས་པ་ལ་མོས་ནའང་། སྐྱབས་སེམས་ཚད་མེད་ཀྱི་རྗེས། སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཚུལ་སོགས་ཡབ་བཀའི་འགྲོས་ལྟར་སྦྱར་བ་ཉིད་དོ། །ཞར་ལ་བསྙེན་པ་བྱེད་ཚུལ་གྱི་ལག་ལེན་ཅུང་ཟད་བཤད་ན། མར་ངོའ་ཚེས་བཅུ་སོགས་དུས་ཚེས་ཤིས་པའི་ཉིན་གནས་དབེན་པར་བདེ་མཆོག་ཡབ་ཡུམ་གྱི་བྲིས་སྐུ་དང་། དེའི་མདུན་དུ་གཏོར་མ་དང་མཆོད་པའི་བྱེ་བྲག་ཇི་ལྟར་འབྱོར་པ་བཤམ། གཞན་ཡང་དགོས་པའི་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱ། དེ་ནས་སྔོན་གཏོར་བཏང་། སྒོ་དྲུང་དུ་ཐོ་བརྟན་པོར་བཙུག །ནང་དུ་ལོག་ལ་སྲུང་འཁོར་ནན་ཏན་གྱིས་གསལ་བཏབ་རྗེས། སྲོད་ཐུན་ནས་མགོ་བརྩམས་ཏེ་བརྒྱུད་འདེབས་དང་། གནས་ཡོ་བྱིན་རླབས་སྐྱབས་སེམས་ནས་བཟུང་བདག་བསྐྱེད་བཟླས་པའི་བར་དང་། བཟླས་པ་འོས་མཚམས་ཀྱི་མཐར་མཆོད་བསྟོད་གསོལ་བ་གདབ། གཏོར་མ་འབུལ། རྫོགས་རིམ་གྱི་རྣལ་འབྱོར་གྱིས་གཉིད་ཀྱི་འོད་གསོལ་ལ་འཇུག །ནངས་པར་ལྡང་བའི་རྣལ་འབྱོར་གྱིས་ལྡང་། སྔོན་འགྲོ་རྒྱས་པ་སྔར་བཏང་གྲུབ་ན་འདིར་མི་དགོས་ཤིང་། མ་གྲུབ་ན་སྐྱབས་འགྲོ། ཡིག་བརྒྱ། མཎྜལ། གསོལ་འདེབས་རྣམས་རབ་རྟགས་མཐོང་། འབྲིང་འབུམ་ཐེར། ཐ་མའང་ཁྲི་རེ་ལས་མི་ཉུང་བར་རིམ་པར་བསགས་པའི་ཐུན་མཚམས་རྣམས་སུ་ལྟུང་བ་བཤགས་པ་དང་སྦྲགས་ཏེ། ཕྱག་འབུམ་ཐེར་ཀྱང་འགྲོ་བར་བྱ། དེ་ནས་དངོས་གཞི་ལ་ཐུན་བཞིའི་རིམ་པས་བདག་བསྐྱེད་གཏོང་ཞིང་། བཟླས་དམིགས་ངག་བཟླས་དང་། སྤྲོ་བསྡུའི་བཟླས་པ་གཉིས་ལ་གཙོ་བོར་བྱ། གཞན་རླུང་འགྲོ་འོང་གནས་གསུམ་སྔགས་སུ་ཤེས་པའི་སྒོ་ནས་དམིགས་པ་དང་བཅས་ཏེ་བགྲང་པ་རགས་པ་རྡོ་རྗེའི་བཟླས་པ། ཡབ་ཡུམ་སྙོམས་པར་འཇུག་པའི་མཁའ་གསང་ལས་སྔགས་ཐམས་ཅད་འཁོར་བར་བསམས་ཏེ་བཟླས་པ་དོ་ལིའི་བཟླས་པ། །
༧༩དམིག་པ་དེ་དང་བཅས་ཏེ་རླུང་བུམ་ཅན་བཟུང་ནས་སྔགས་བཟླ་བ་སྤྲོས་མེད་འགོག་པའི་བཟླས་པ། ཡིད་ཀྱི་ཏིང་ངེ་འཛིན་ཁོ་ན་ལས་མཆུ་སོར་རླུང་སྦྱོར་གཉིས་ཀ་སྤངས་ཏེ་བཟླ་བ་ཤིན་ཏུ་སྤྲོས་མེད་ཡིད་ཀྱི་བཟླས་པ། ངལ་གསོ་ཚེ་གནས་ལུགས་ཀྱི་ངང་ལ་འཇོག་པ་དོན་དམ་སྐྱེ་མེད་རྡོ་རྗེའི་བཟླས་པ་རྣམས་ཀྱང་ཇི་ལྟར་རིགས་པ་ཉམས་སུ་བླང་། གྲངས་ཡབ་བཀའ་ལ་རབ་ཉེ་སྙིང་དང་། སྙིང་པོ་གཉིས་ཀ་འབྲུ་འབུམ། འབྲིང་ཉེ་སྙིང་འབྲུ་འབུམ་དང་། སྙིང་པོ་བཞི་འབུམ། ཐ་མ་ཉེ་སྙིང་བཞི་འབུམ་དང་། སྙིང་པོ་ཉིས་འབུམ་རྣམས་ཁ་སྐོང་དང་བཅས་པ་བཟླ་ཞིང་ཡུམ་གྱི་ཉེ་སྙིང་ཡང་སུམ་འབུམ་བཞི་ཁྲི་བཟླའོ། །ཡུམ་རྐྱང་ལ་བསྙེན་པ་བྱེད་ན་ཉེ་སྙིང་སུམ་འབུམ་བཞི་ཁྲི་དང་། སྙིང་པོ་བཞི་ཁྲིའོ། །ཐོར་ཐུན་མ་གཏོགས་པའི་ཐུན་གསུམ་ཀའི་རྗེས་སམ། མ་བྱུང་ཡང་ཕྱི་ཐུན་གྱི་མགོར་གནས་ཡོ་བྱིན་རླབས་དང་། འཇུག་ཏུ་གཏོར་མ་བསྔོ། ཚེས་བཅུ་རྣམ་གཉིས་སོགས་དུས་ཁྱད་པར་ཅན་གྱི་ཚེ་ཚོགས་ཀྱི་མཆོད་པའང་བྱ། ཐུན་མཚམས་ཀྱི་རྣལ་འབྱོར་སོགས་སྔར་སྨོས་པ་ལྟར་ལ། བཟླས་པའི་གྲངས་ཐེམས་ནས་ལྷག་ཆད་ཁ་སྐོང་ཞི་བའི་སྦྱིན་སྲེག་སྔགས་ཀྱི་བཅུ་ཆ་བྱ་བའམ། མ་གྲུབ་ན་ཡི་གེ་བརྒྱ་པ་དེ་སྙེད་བཟླ། གཏོང་རག་གི་ཚུལ་དུ་སྒྲུབ་ཅིང་མཆོད་པ་དང་། དབང་བླང་བ་དང་། ཆོས་སྲུང་གི་སྐོང་བཤགས་དང་། ཚོགས་ཀྱི་མཆོད་པ་སོགས་རྒྱས་པར་བསྟར་ནས་ཡར་ངོའ་དུས་དགེ་བའི་སྔ་དྲོའི་ཆར་ནང་མཚམས་ལས་གྲོལ་ལ། རིམ་གྱིས་གྲོགས་དམ་ཚིག་དང་ལྡན་པ་སོགས་དང་འཕྲད། གཞན་ཡང་སྤང་བླང་གི་རིམ་པ་དང་། དམིགས་པའི་བསྟེན་གོམས་པ་རྣམས་བསྙེན་ཡིག་སྤྱི་འགྲོ་ལྟར་ཤེས་པར་བྱའོ། །གཉིས་པ་གཙོ་བོར་གསང་དབང་གི་ལམ་སྟེང་སྒོ་རྣམ་པར་གྲོལ་བ་ཆོས་དྲུག་གི་རྣལ་འབྱོར་ལ་དྲུག་ལས། དང་པོ་གཏུམ་མོ་བདེ་དྲོད་རང་འབར་
༨༠གྱིས་ལམ་གྱི་གཞུང་བསྲང་བ་ལ། ཐོག་མར་ཡབ་ཡུམ་གཉིས་ཀའམ། ཡུམ་བཀའ་ལྷན་ཅིག་སྐྱེས་མའི་བསྐྱེད་བཟླས་མཐར་ཕྱིན་པ་སྔོན་དུ་འགྲོ་བས། རྣལ་འབྱོར་དངོས་ལ། ཕྱི། ནང་། གསང་བ། དེ་ཁོ་ན་ཉིད་ཀྱི་གཏུམ་མོ་སྟེ་བཞི་ལས། དང་པོ་ལའང་གཉིས་ཀྱི། དང་པོ་བཅའ་པ་ལུས་ཀྱི་གནད་ནི། ནམ་ཕྱེད་ནས་ནམ་ལངས་ཀྱི་བར་སོགས་ཁམས་སྙོམས་པའི་སྐབས་སུ། རླུང་སྣ་བུག་གཡོན་ནས་རྒྱུ་བའི་ཚེ་ཐོག་མར་མགོ་བརྩམས་ཏེ། དེ་ཡང་བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་ཆོས་བདུན་སྤྱི་ལྟར་བཅའ། ལུས་སེམས་གཉིས་ཀ་དམ་ལྷོད་དུ་མ་སོང་བར་ཆ་ཆ་ནས་བསྒྲིམ། གཉིས་པ་དམིགས་པ་སེམས་ཀྱི་ལྟ་སྟངས་ལ་གསུམ་ལས། དང་པོ་སྒྱུ་མ་ལྷ་ཡི་སྟོང་ར་ནི། དེའི་ངང་ལས་སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་གྱི་བར་བློ་རྒྱུད་དང་འདྲེས་ངེས་སུ་བྱས་པའི་མཐར། རང་ཡི་དམ་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལུས་ཀྱི་ནང་ནས་སོར་མོའ་རྩེ་མོ་ཚུན་ཆད་ཕྲུ་མ་ཕུས་བཏབ་པ་ལྟར་སྟོང་གསལ་འོད་ཀྱི་རང་བཞིན་ཅན་དུ་གསལ་བཏབ་ལ། རླུང་རྒྱུ་བ་གཡས་གཡོན་གང་བདེའི་ཕྱོགས་ཀྱི་ལག་པ་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོས་རང་ཕྱོགས་ཀྱི་སྣ་བུག་བཀག །མི་བདེ་བའི་ཕྱོགས་ཀྱི་སྣ་ནས་དབུས་ཅུང་རགས་ལ་ཐོག་མཐའ་གཉིས་ཕྲ་བ་ནས་ཀྱི་དབྱིབས་ལྟ་བུ་དལ་བ་རིང་བ་ཁོང་འདིར་མ་ཐོན་གྱི་བར་དུ་རླུང་ཞབས་མ་ལུས་པར་ལན་གསུམ་དུ་ཕུད་ལ་ཅུང་ཟད་ཕྱིར་བཞག །དེ་བཞིན་གཞན་ཕྱོགས་ལའང་བྱ་ཞིང་ཕྱིར་འབུད་དུས་སྟོང་འདྲེན་དུ་སོང་ན་ཚོ་ལ་གཟན་པས་རྒྱུ་ཞབས་ནན་ཙམ་བྱ། རྗེས་སུ་ལག་པའི་མཐེ་བོང་གཉིས་ཀྱིས་སྲིན་ལག་གི་འདྲེ་རྩ་མནན་པའི་རྡོ་རྗེ་ཁུ་ཚུར་བརླ་སྟེང་དུ་ཁ་སྦུབས་ནས་བཞག་སྟེ་སྣ་བུག་གཉིས་ཀ་ནས་ལན་གསུམ་སྟེ་རླུང་རོ་དགུ་ཕྲུགས་སུ་འབུད། དེའི་ཚེ་ཕྱིར་བསལ་བ་ན་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྤྱི་བོ་ནས་དུད་པའི་རྣམ་པས་
༨༡བུན་བུན་ཐོན། ནང་དུ་རྔུབས་པ་ན་སྲིད་ཞིའི་ཡོན་ཏན་ཐམས་ཅད་འོད་ཟེར་གྱི་རྣམ་པས་ཞུགས་པར་བསམ་ལ་ཤེས་པ་རྣལ་དུ་དབབ། དེ་ནས་རླུང་འབྱུང་འཇུག་སྔར་བཞིན་ལ། ནང་དུ་གནས་པའི་ཚེ་འོག་རླུང་ཅུང་ཟད་འཐེན་ཏེ་ཁ་སྦྱོར་དུ་ཐུབ་ཚད་བཟུང་བའི་འཇམ་རླུང་ཐུན་བཞི་བཞིའི་བར་ཡང་ལ་མི་བསོ་བར་མུ་མཐུད་དེ་བསྒོམས་པ་ལ་རླུང་བཞི་སྦྱོར་ཞེས་བྱ་སྟེ་འབྱོངས་ངེས་སུ་བསྐྱང་ངོ་། །གཉིས་པ་དག་པ་རྩ་ཡི་སྟོང་ར་ནི། ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁ་དོག་དམར་སེར་གྲོ་སོག་ཕྲ་མོ་ཙམ་པ། མར་སྣ་གསང་གནས་སུ་ཟུག་པ་དང་། ཡར་སྣ་སྤྱི་བོར་ཟང་ཐལ་ལེ་ཟུག་པའི་སྟེང་དུ་བླ་མའི་རྣལ་འབྱོར་དཀྱུས་ལྟར་བསྒོམ། ལུས་གནད་གཞན་འདྲ་བ་ལ། ལག་པ་གཉིས་བསྡོམས་པའི་མཉམ་བཞག་སྐྱིལ་ཀྲུང་གི་སྟེང་དུ་བཞག་སྟེ་རླུང་སྔར་ལས་ཤུགས་དྲག་པས་སངས་ཀྱིས་བུས་ལ་ཕྱིར་ཐུབ་ཚད་བཞག །རྒྱུ་ཞབས་ནན་ཙམ་བྱ། མི་ཐུབ་པ་དང་དྲག་པོའ་ཚུལ་གྱིས་རྫོགས་པར་རྔུབ་རྗེས་ཁ་ན་གང་ཡོད་ཀྱི་མཆིལ་མ་ཁ་ཆང་གི་ཚུལ་དུ་རྔུབས་པ་བཅས་སྟེང་རླུང་ལྟེ་འོག་ཏུ་མནན་ནས་བཅུད་ལ་བོར་ཞིང་། འོག་རླུང་ཡང་དྲག་ཏུ་འཐེན། བར་རླུང་ཐད་ཀར་བརྒྱད་ལ་དགང་བའི་སྦྱོར་བ་བྱ། དགང་བའི་རླུང་ཐོག་ཏུ་བསྐྱར་ཞིང་རྔུབས་ཏེ་འོག་རླུང་བསྒྲིལ་ནས་ཡང་ཡང་མཆིལ་མ་མིད་ཅིང་འཕོང་རྡེབ་པ་དང་བཅས་གཡས་གཡོན་དབུས་གསུམ་དུ་ཐུབ་ཐད་དུ་བསྡིག་ཅིང་། མི་ཐུབ་པ་དང་ཐོག་མར་ནང་དུ་ཅི་ཐུབ་གཅིག་རྔུབ། དེ་ནས་ཀོང་ཀོ་བཏེགས་ཙམ་བྱས་ལ་ལྷག་མ་མ་ལུས་པར་ཕྱིར་འབུད་པ་ནི་དྲག་རླུང་སྦྱོར་བ་བཞི་ལྡན་ཏེ། དེའི་ཚེ་ཕྱིར་འབུད་པ་ན་སྤྱི་བོའ་བླ་མ་ཁྲུ་གང་ཙམ་གྱི་ནམ་མཁར་ཡེར་གྱིས་བྱོན་ཏེ་ནད་གདོན་སོགས་ཐོན་པ་དང་། ནང་དུ་རྔུབ་པའི་ཚེ་སྲིད་ཞིའི་ཡོན་ཏན་བསྡུས་པའི་ཚེས་བླ་མ་སྔར་བཞིན་དུ་བཞུགས་པར་བསམ། དེ་ལྟར་བསྒོམས་པས་རླུང་ཐུན་རེ་བཞིན་དབུ་མ་གྲོ་སོག་སྦོམ་པ་ཙམ་དང་། ནས་སོག་
༨༢ཕྲ་སྦོམ་སོགས་ཀྱི་ཚད་ལྟར་ཇེ་སྦོམ་དུ་སོང་བའི་མཐར་ལྷ་སྐུའི་ནང་གི་སོར་མོའ་རྩེ་མོ་ཚུན་ཆད་རྩ་ཡི་སྟོང་རས་གང་སྟེ། ཕྱི་ནས་བལྟས་ན་ལྷ་སྐུ་དང་། །ནང་ནས་བལྟས་ན་རྩའི་སྟོང་རའི་རྣམ་པར་གྱུར་པར་བསྒོམ་མོ། །གསུམ་པ་བྱིན་རླབས་བླ་མའི་གཏུམ་མོ་ནི། སྤྱི་བོར་བླ་མའི་རྣལ་འབྱོར་སྔར་བཞིན་གསལ་བཏབ་ལ། དབུ་མ་སྦ་ལྕག་ཙམ་པའི་ལྟེ་འོག་སོར་བཞི་ལས་ཅུང་དམའ་བའི་ཐད་ནས་སྐྱེས་པའི་ཚུལ་གྱིས་གཡས་སུ་རོ་མ་དམར་ལ་དཀར་བའི་མདངས་ཅན། གཡོན་དུ་རྐྱང་མ་དཀར་ལ་སྔོ་བའི་མདངས་ཅན། གཉིས་ཀ་དབུ་མ་ལས་སུམ་འགྱུར་གྱིས་ཕྲ་བ། མར་སྣ་ཅུང་ཟད་འཁྱིལ་བའི་རྣམ་པ་ཅན་ཡི་གེ་ཆའི་འཕང་ལྟ་བུ། བར་དབུ་མ་ལྟར་དྲང་ཐལ་ལེ་བ། ཡར་སྣ་སྤྱི་བོའ་ཐོད་པ་ལ་སོར་གཉིས་མ་རེག་ཙམ་ནས་ཐུར་དུ་གུག་སྟེ་སྣ་བུག་གཉིས་སུ་ཟུག་པ་ཞིག་གསལ་བཏབ། དབུ་མའི་ནང་གི་ལྟེ་འོག་སོར་བཞིའི་ཐད་ཀྱི་ནང་ཐམས་ཅད་ཁེངས་ནུས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྩ་བའི་བླ་མ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན་ཚོན་གང་བ། གཡས་རྡོ་རྗེ་ནམ་མཁར་སྡིག་ཅིང་། གཡོན་ཐོད་པ་བདུད་རྩིས་གང་བ་བསྣོམས་པ། ཞབས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། མེའི་རང་བཞིན་ཅན་མེའི་འོད་ཕྲམ་ཕྲམ་འཕྲོ་བར་བསམ། དེ་ནས་བླ་མའི་སྐུ་ལས་བྱུང་བའི་འོད་ཟེར་དབུ་མའི་ལམ་ནས་ཐོན། འཕགས་པར་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་བླ་མ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ལ། གསོལ་འདེབས་སྤྱི་དང་། ཁྱད་པར། བླ་མ་རིན་པོ་ཆེས་བདག་ལ་གཏུམ་མོ་བདེ་དྲོད་ཀྱི་མེ་སྦར་དུ་གསོལ། ཡེ་ཤེས་ཀྱི་གཏུམ་མོའ་ཞུ་བདེ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་རང་ངོ་འཕྲོད་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ནས་རླུང་ནང་དུ་རྔུབ་པས་རོ་རྐྱང་གི་ལམ་བརྒྱུད། ཉི་གདན་དང་བླ་མའི་སྐུ་ལ་ཕོག་པས་དེ་ལས་འབར་
༨༣བའི་མེས་དབུ་མ་དང་རོ་རྐྱང་གི་ནང་ཐམས་ཅད་ཁེངས། མཐར་རྩ་གསུམ་ཡང་མེར་འབར་བས་ལུས་ཀྱི་ནང་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེག །དེ་ནས་རིམ་པར་གནས་ཁང་། ལུང་པ། ཡུལ་གྲུ་སོགས་ནས་མར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་མེ་ལྕེ་གཅིག་ཏུ་འབར་བར་བསམ་ལ་རླུང་སྦྱོར་དང་སྦྲག །ཐུན་འཇོག་པ་ན་བླ་མ་གདན་དང་བཅས་པ་འོད་དུ་ཞུ་ནས་རྩ་གསུམ་དང་ལུས་ཐམས་ཅད་ལ་ཁྱབ་མཉམ་དུ་ཐིམ་པར་བསམ་ཞིང་སེམས་འཛིན་མེད་དུ་འཇོག །ཐུན་མཚམས་རྣམས་སུའང་། ཟས་གོས་གནས་ཁང་སོགས་ཅིར་སྣང་ཐམས་ཅད་བླ་མའི་ངོ་བོ་མེའི་རྣམ་པར་ལམ་ལམ་གྱིས་གསལ་བཏབ་ལ་ལོངས་སྤྱོད་དོ། །འདི་ཡན་གྱི་ལམ་འདི་རྣམས་རེ་རེ་ནས་ཤིན་ཏུ་འབྱོངས་པ་བྱུང་ན། འོག་གི་དམིགས་པ་རྣམས་གནད་དུ་འགྲོ་ཞིང་གེགས་མི་འབྱུང་བ་ཡིན་པས་གལ་ཆེའོ་གསུངས། གཉིས་པ་ནང་གི་གཏུམ་མོ་ལ་གསུམ་ལས། དང་པོ་རྩ་ཡི་གཙོ་མོ་གཅིག་ལ་བརྟན་པ་ནི་ལས་དང་པོ་པ་ལ་གེགས་ཅུང་ཟད་ཆེ་བས་འདིར་ཕྱག་ལེན་ལ་མི་མཛད། གཉིས་པ་རྩ་གསུམ་ལ་བརྟེན་པ་ནི། རྩ་གསུམ་སྔར་བཞིན་གསལ་བའི་ལྟེ་འོག་གི་དབུ་མའི་ནང་དུ་ཁམས་དམར་པོའ་དྭངས་མ་ཨ་ཤད་དམར་པོ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཚངས་བུག་གི་ནང་དུ་ཁམས་དཀར་པོའ་དྭངས་མ་ཧཾ་དཀར་པོ་མགོ་བོ་ཐུར་བསྟན་ཞིག་གསལ་ལ། སྤྱི་བོའ་བླ་མ་ལ་གསོལ་བ་བཏབ་ཅིང་རླུང་རྔུབས་པས་རོ་རྐྱང་གི་ལམ་བརྒྱུད། ཨ་ཤད་ལ་ཕོག་པས་མེ་འབར་ལ་ཁད་པ་དང་། མེ་འབར་བས་ལྟེ་བ་མན་གང་བ་དང་། དེ་ལས་མེ་ལྕེ་ཕྲ་མོ་རྟ་རྔ་ཙམ་པ་ཞིག་ཆད། དེ་སྤྱི་བོའ་ཧཾ་ལ་རེག །བྱང་སེམས་སྐྱ་ཆིལ་གྱིས་བབས། སྙིང་ག་ནས་སོར་བཞི་ཡན་གྱི་དབུ་མའི་ནང་ཐམས་ཅད་གང་བ་དང་། དེ་ལས་ཀྱང་ཐིག་ལེའི་དྭངས་མ་བ་ཐག་ཙམ་པ་བྱུང་། ཨ་ཤད་ལ་རེག་
༨༤པས་མེ་ཆེར་འབར་བས་སྙིང་ག་ནས་སོར་བཞི་མན་ལ་ཁམས་འབབ་ཏུ་མི་སྟེར་ཞིང་། དེ་ཡན་བྱང་སེམས་སྟོབས་རྒྱས་པས་མེ་འབར་མི་སྟེར་བར་བསམ་ལ་སོ་སོར་རླུང་སྦྱོར་དང་བཅས་ཏེ་བསྒོམ། མཐར་ལྟེ་སྙིང་གི་འབར་འཛག་ལ་སེམས་གཏད་དེ་ཁ་སྦྱོར་དུ་བཟུང་། ཐུན་འཇོག་པ་ན། ལག་གཉིས་པུས་སྟེང་དུ་བཞག་ཁ་གཡས་སུ་གཅུ་བ་དང་རྐང་གཡས་གདན་ཁར་ཕབ་པས། གཏུམ་མོའ་མེ་ཧཾ་ལ་ཐུག་གི་བར་སོང་ནས་ལྟེ་སྙིང་གི་བར་དཀར་དམར་འདྲེས་པར་བསམ། །འཁྲུལ་འཁོར་དེ་ལས་ལྡོག་པས་བྱང་སེམས་ཨ་ཤད་ལ་ཐུག་གི་བར་སོང་བས་དཀར་དམར་འདྲེས་པར་བསམ་ལ། རླུང་དཀྲུགས་དང་བཅས་ལུས་ཐམས་ཅད་དཀར་དམར་འདྲེས་པས་གང་བས་བདེ་དྲོད་བསམ་གྱིས་མི་ཁྱབ་པ་སྐྱེས་པར་མོས་ཏེ་ཐུན་མཚམས་རྣམས་སུའང་དེ་ཉིད་ཀྱི་ང་རྒྱལ་དང་མ་བྲལ་བར་བྱའོ། །གསུམ་པ་རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་པ་ལའང་བཞི་ལས། །དང་པོ་ཐིག་ལེ་ལ་བརྟེན་པ་ནི། རྩ་གསུམ་སྔར་བཞིན་ལ། སྙིང་ག་ནས་དབུ་མ་ལས་གྱེས་པའི་རྩ་འདབ་བཞི། དེ་ལས་རྩེ་མོ་གཉིས་སུ་གྱེས་པའི་བརྒྱད། །ཚུལ་དེ་བཞིན་གྱིས་མགྲིན་པར་བཅུ་དྲུག །སྤྱི་བོར་སོ་གཉིས། ལྟེ་བར་དྲུག་ཅུ་རྩ་བཞི་དང་བཅས་པ་ཕྱི་དབྱིབས་ཀྱི་ལྷ་སྐུའི་པགས་པའི་བར་དུ་ཟུག་པའི་རྩེ་མོར་ཐིག་ལེ་དཀར་པོ་དངུལ་ཆུའི་རྡོག་མ་ལྟ་བུ་ཕྱེད་རྩ་ཡི་ཕྱི་དང་། ཕྱེད་ནང་དུ་ནུབ་པ། སྟེང་འོག་ཏུ་ཨ་ཧཾ་དང་། སྙིང་ཁའི་འདུས་སོ་ལས་ཅུང་དམའ་བར་ཧཱུྃ་སྔོན་པོ་མགོ་ཐུར་བསྟན་དང་། མགྲིན་པར་ༀ་དམར་པོ་གྱེན་དུ་བལྟ་བ་རྣམས་གསལ་ལ་རླུང་སྦྱོར་དང་བཅས་ཨ་ཤད་ཀྱི་མེ་སྦར་བས་ལྟེ་བའི་རྩ་འཁོར་ནས་རིམ་པར་ཞུགས། ཐིག་ལེ་ལ་མ་རེག་ཙམ་ནས་ཐིག་ལེ་ལས་བདུད་རྩིའི་རྒྱུན་བབས་པས་མེ་མར་
༨༥ལྡོག །རྩ་འདབ་རྣམས་ཀྱི་ཕྱེད་ཡན་ཐིག་ལེ་དང་། མན་མེས་གང་བར་བསམ་ལ་རླུང་བཟུང་། དེ་བཞིན་དུ་སྙིང་གར་སོན་པས་ཧཱུྃ་ཡང་མེའི་ཐིག་ལེ་ཟླུམ་པོར་གྱུར་པ་དང་། མགྲིན་པ་ནས་ༀ་ཡང་དེ་བཞིན་གྱུར་ནས་ལྷན་ཅིག་འབར་བར་བསམ། སྤྱི་བོར་ཡང་འབར་འཛག་གོང་བཞིན་ལ། མཐར་ཧཾ་ལ་རེག་པས་བདུད་རྩིའི་རྒྱུན་གྱིས་མེ་མར་ལྡོག །མགྲིན་པ་དང་སྙིང་གའི་ཡི་གེ་སྔར་བཞིན་གསོས་བཏབ་སྟེ། ལྟེ་སྙིང་གི་འབར་འཛག་དང་རླུང་འདིས་ཚེ་ལ་ཅུང་གཟན་པས། དེའི་གཉེན་པོར་རང་རྣལ་འབྱོར་མའི་ཞབས་གཉིས་དབང་ཆེན་གསེར་གྱི་ས་གཞིའི་བར་བརྐྱང་བར་བསམ་པ་ནི་སྐུ་བསྲིང་བའི་དམིགས་པ་ཞེས་བྱའོ་གསུངས། སེམས་དབྱེར་མེད་དུ་འཇོག །མཐར་རླུང་དཀྲུགས་སོགས་གོང་བཞིན་ནོ། །གཉིས་པ་ཡིག་འབྲུ་ལ་བརྟེན་པ་ནི། གཞན་འདྲ་བ་ལ་ཁམས་རྣམས་ཀྱི་ཕྱེད་ཧཱུྃ་དཀར་པོ་དང་། ཕྱེད་ༀ་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་སྦྱོར་དུ་བསྒོམས་ལ་འབར་འཛག་དང་རླུང་སྦྱོར་བྱ། དེ་བཞིན་དུ་གསུམ་པ་ཕྱག་མཚན་ལ་བརྟེན་པ་ནི། ༀ་རྣམས་ཐོད་པ་བདུད་རྩིས་གང་བ་དང་། ཧཱུྃ་རྣམས་དེའི་ནང་དུ་རྡོ་རྗེ་དཀར་པོར་བསྒོམས་ལ་ཐོད་པའི་ཚངས་བུག་ནས་བདུད་རྩི་འཛག་པར་བསམ། བཞི་པ་ལྷ་སྐུ་ལ་བརྟེན་པ་ནི། རྡོ་རྗེ་ཧེ་རུ་ཀ་དཀར་པོ་རྡོར་དྲིལ་དང་། ཐོད་པ་རྣལ་འབྱོར་མ་དམར་མོ་གྲི་ཐོད་འཛིན་པར་གསལ་བཏབ་ལ་སྙོམས་འཇུག་གི་བདུད་རྩི་བསྐུལ་ལོ། །གསུམ་པ་གསང་བའི་གཏུམ་མོ་ནི། སྟེང་རླུང་མནན་པས་ཧཾ་ལས་བྱང་སེམས་འཛག་པ་དང་། འོག་རླུང་བསྐུམ་པས་ཨ་ཤད་ལས་མེ་འབར་བ་དང་། སྟེང་འོག་གི་རླུང་ལྟེ་འོག་དང་། །འབར་འཛག་ལྟེ་སྙིང་གི་བར་དུ་ཁ་སྦྱར་བས་བདེ་བྲོད་དབྱེར་མེད་པ་སྟེ། མདོར་ན་རླུང་དང་གཏུམ་མོ་ཟུང་འཇུག་ཏུ་ཉམས་སུ་བླང་བའི་ཚུལ་ཡིན་ལ་ཁྱད་པར་རྡོ་རྗེའི་བཟླས་པ་དང་། སྲོག་ཤིང་འཁོར་ལོའ་མན་ངག་ཞལ་ལས་ཤེས་སོ། །བཞི་པ་དེ་ཁོ་ན་
༨༦ཉིད་ཀྱི་གཏུམ་མོ་ནི། ཇི་སྐད་བཤད་པའི་རིམ་པ་སྔ་མ་གསུམ་གྱིས་དྲོད་དང་བདེ་བ་དང་མི་རྟོག་པའི་ཉམས་མྱོང་དང་། དེ་ལ་བརྟེན་ནས་ཐུན་མོང་དང་ཁྱད་པར་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སྐྱེས་པ་ཉིད། འདིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོ་འཕྲོད་ཅིང་གོམས་པས་ཟུང་འཇུག་གི་གོ་འཕང་མངོན་དུ་འགྱུར་བའོ། །དེ་ཡང་སྤྱིར་གཏུམ་མོ་ནི་ཆོས་དྲུག་གཞན་ཐམས་ཅད་ཀྱི་ཡོན་ཏན་མཐའ་དག་སྐྱེད་པའི་རྩ་བ་ཡིན་ཅིང་། ལྷག་པར་ལས་དང་པོ་པས་ལུས་གནད་དང་སྟོང་ར་ལེགས་པར་འབྱོངས་ནས། བྱིན་རླབས་བླ་མའི་གཏུམ་མོ་དང་འཇམ་རླུང་བུམ་པ་ཅན་སྒྲགས་ཏེ། ཕྱག་ཆེན་གྱི་ཉམས་ལེན་དང་ཟུང་འབྲེལ་དུ་བསྐྱང་བ་ཁོ་ན་གལ་ཆེའོ་གསུངས། གཉིས་པ་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་གྱིས་ལམ་གྱི་བོགས་དབྱུང་བ་ལ་གསུམ་ལས། དང་པོ་འཁོར་བ་སྒྱུ་མར་སྦྱང་བ་ནི། རང་རྣལ་འབྱོར་མར་གསལ་བའི་ཐུགས་ཀ་ནས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་དཔག་ཏུ་མེད་པ་སྤྲོས་ཏེ། ཐོག་མར་དམྱལ་བའི་གནས་ཐམས་ཅད་ཁྱབ། དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་བསལ་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་བཀོད་པས་རང་ལ་ཤིན་ཏུ་དགའ་ཞིང་གུས་པས་མཆོད་ཅིང་བསྟོད་པར་བསམས་ལ་སེམས་བཟུང་། སེམས་ཟིན་པ་ན་དེ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་སྒྱུ་མ་དང་རྨི་ལམ་ལྟ་བུར་ཐག་བཅད། ངེས་ཤེས་བསྐྱེད། འཛིན་མེད་དུ་བཞག །ཡང་དེ་རྣམས་ཀྱིས་མཆོད་བསྟོད་སོགས་མི་བྱེད་པའི་སྟེང་དུ། རང་ལ་རྣམ་པ་དུ་མས་སྨད་ཅིང་བརྡུང་བརྡེག་སོགས་བྱེད་པར་བསམ་ལ་སེམས་གཟུང་། སེམས་ཟིན་པ་ན་སྔར་བཞིན་སྒྱུ་མ་དང་རྨི་ལམ་ལྟ་བུར་ཐག་བཅད། དེ་བཞིན་དུ་རིགས་དྲུག་བར་དོ་དང་བཅས་པ་ལ་རིམ་གྱིས་བློ་སྦྱང་བར་བྱའོ། །གཉིས་པ་མྱང་འདས་སྒྱུ་མར་སྦྱང་བ་ནི། ཐོག་མར་སྣོད་བཅུད་ཐམས་ཅད་མངོན་པར་དགའ་བའི་
༨༧ཞིང་ཁམས་སུ་གསལ་བའི་དབུས་སུ་རྩ་བའི་བླ་མ་མི་བསྐྱོད་པ་ལ་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བའི་སྤྱན་སྔར་རང་གིས་བྱང་དྲངས་ཏེ་ཡན་ལག་བདུན་པ་འབུལ་བར་བསམ་ཞིང་ཡན་ལག་བདུན་པ་བྱ། །དམིགས་པ་གསལ་པ་ན་སྔར་བཞིན་སྒྱུ་མ་དང་རྨི་ལམ་དུ་ཐག་བཅད། ཚུལ་དེ་ལྟ་བུས་ཞིང་ཁམས་གཞན་ལའང་དམིགས་པའི་རྩལ་སྦྱང་ངོ་། །གསུམ་པ་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་ནི། ཚོགས་དྲུག་ལ་བཟང་ངན་བར་མའི་སྣང་བ་གང་ཤར་ཡང་། ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་སྤངས་ལ་སྔར་བཞིན་སྒྱུ་མ་དང་རྨི་ལམ་དུ་བསྲེ་བས་མཚམས་སྦྱར་ནས། མཐར་སྦྱང་བྱ་དང་སྦྱོང་བྱེད་གཉིས་ཀ་གཞི་མེད་རྩ་བྲལ་དུ་ཤེས་པས་ཉམས་ལེན་ཕྱག་ཆེན་གྱི་ངང་དུ་མཉམ་པར་བཞག་པ་སྟེ། འདི་ཁོ་ན་ལ་ལམ་གྱི་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་ངོ་གསུངས། གསུམ་པ་རྨི་ལམ་འཁྲུལ་པ་རང་སངས་ཀྱིས་ལམ་གྱི་ཚད་བཟུང་བ་ལ། ཐོག་མར་སྔོན་འགྲོ་མོས་གུས་ཅན་བླ་མ། དག་སྣང་ཅན་ཡི་དམ། རྟོག་པ་ཅན་སྣང་བ་དྲན་པའི་ལྕགས་ཀྱུས་བཟུང་བ་སྟེ་གསུམ་ལས། འདིར་ཕྱག་བཞེས་ལ་དང་པོ་ཉིད་གཙོ་བོར་མཛད་པས། དེ་ཇི་ལྟར་ཉམས་སུ་བླངས་པའི་ཚུལ་ནི། ཉིན་བར་སྣང་གྲགས་རིག་གསུམ་གྱི་རྟོག་ཚོགས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་སུ་བལྟ་ཞིང་འོད་གསལ་ཕྱག་ཆེན་གྱི་ངང་དུ་བློ་བཞག །ནུབ་མོ་ཉལ་བའི་ཚེ་སྤྱི་བོའ་བླ་མ་ལ་རྨི་ལམ་ཟིན་པར་གསོལ་བ་གདབ་རྗེས། རབ་ཙོག་པུ། དེ་མིན་སེང་གེ་ཉལ་སྟབས་ཀྱིས་འཁོད་ལ། རང་རྣལ་འབྱོར་མར་གསལ་བའི་མགྲིན་པའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བའི་བླ་མ་ཡི་དམ་ཐམས་ཅད་འདུས་པའི་ངོ་བོ་ༀ་དམར་པོ་འོད་འབར་བ་རང་སྒྲ་དང་བཅས་པ་ལ་ཤེས་པ་གཏད་དེ། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད་རྨི་ལམ་གྱི་སྣང་བར་་
༨༨བལྟས་ནས་གཉིད་ལོག་པས་རྨི་ལམ་དུ་ངོ་ཤེས་པ་འབྱུང་ཞིང་། དེ་ལ་བརྟེན་ནས་དངོས་གཞི་སྦྱང་བ། སྤེལ་བ། བསྒྱུར་བ། སྤྲུལ་པ། གེགས་སེལ། བོགས་འདོན་ལམ་ཁྱེར་སོགས་ལའང་རིམ་གྱིས་བསླབ། མདོར་ན་རྨི་ལམ་ལ་འདུན་པ་གཙོ་ཆེ་བས་ཉིན་སྣང་ཐམས་ཅད་སྒྱུ་མ་དང་རྨི་ལམ་གྱི་དྲན་འདུན་རྒྱུན་ཆགས་སུ་བསྟེན་པ་གལ་ཆེའོ་གསུངས། བཞི་པ་འོད་གསལ་མ་རིག་མུན་བྲལ་གྱིས་ལམ་གྱི་གོལ་ས་བཅད་པ་ལ་བཞི་ལས། དང་པོ་ཐིག་ལེའི་རྣལ་འབྱོར་ནི། སྐྱབས་འགྲོ་ནས་རྡོར་སེམས་རང་ལ་ཐིམ་པའི་བར་སྔོན་འགྲོའི་དཀྱུས་ལྟར་ལ། དེའི་ངང་ནས་རང་རྣལ་འབྱོར་མར་གསལ་བའི་ལུས་དབུས་དྲང་པོར་རྩ་དབུ་མ་མར་སྣ་གསང་གནས་སུ་པདྨའི་ཡུ་བ་ལྟར་ཟུག་ཅིང་། ཡར་སྣ་སྙིང་གར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཚུལ་དུ་ཁ་བྱེ་བའི་སྟེང་དུ་ཉི་ཟླའི་གདན་ལ། རང་སེམས་བླ་མ་ཡི་དམ་དབྱེར་མེད་པའི་ངོ་བོ་ཐིག་ལེ་ལྔ་ཚོམ་སྲན་མ་ཙམ་པ། དབུས་སྔོན་པོ། ཕྱོགས་བཞིར་ཕྱོགས་མདོག་རང་འོད་དང་བཅས་པ། རང་གི་སྨིན་མཚམས་ཀྱི་སྤྱན་དབུས་མའི་ཚབ་ཏུ་ཐིག་ལེ་དངུལ་ཆུའི་མདོག་ཅན། ཕྱེད་ནང་དུ་ནུབ་ཅིང་། ཕྱེད་ཕྱིར་འབུར་ཐབས་སུ་ཡོད་པ། དེའི་ཐད་ནས་གྲུ་གང་དང་། གྱེན་དུ་མཐོ་གང་ཙམ་གཞལ་པའི་ནམ་མཁར་པདྨ་སྔོན་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་ཟླའི་གདན་ལ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ། ཤར་གྱི་རྭ་དཀར་པོ་གདན་ལ་ཟུག་པའི་ལངས་ཐབས་ཅན། དེའི་སྟེང་གི་ནམ་མཁར་བླ་མའི་རྣལ་འབྱོར་དཀྱུས་བཞིན་གསལ་བཏབ་ལ་འོད་གསལ་ཟིན་པར་གསོལ་བ་གདབ། དབང་བཞི་བླངས་པའི་རྗེས་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་རང་གི་སྨིན་མཚམས་བརྒྱུད་དེ། སྙིང་གའི་ཐིག་ལེ་རྣམས་ལ་སིབ་སིབ་ཐིམ་པས། དེ་རྣམས་ལས་རང་རང་གི་ཁ་དོག་དང་མཐུན་པའི་འོད་ཟེར་འཇའ་ཚོན་ལྟ་བུ་བུན་གྱིས་འཕྲོས། སྨིན་མཚམས་ཀྱི་ཐིག་ལེ་ལ་
༨༩ཕོག་པས་མེ་ཤེལ་ཉི་མས་ཕོག་པ་ལྟར་གསལ་ལམ་སྟེ་གྱུར་པ་ལས་འཕྲོས་པའི་འོད་ཀྱིས་སྣ་ཚོགས་རྡོ་རྗེ་ལ་ཕོག །དེའི་ལྟེ་བ་དང་རྭ་རྣམས་ལས་རང་རང་གི་ཁ་དོག་དང་མཐུན་པའི་འོད་ཟེར་བྱུང་། སྨིན་མཚམས་དང་སྙིང་གའི་ཐིག་ལེ་སྔར་ལས་གསལ་བར་བྱས། དེ་ལྟ་བུའི་འོད་ཟེར་གྱི་འཕྲོ་འདུས་རང་གི་ལུས་ཀྱི་ཕྱི་ནང་དང་། གནས་ཁང་སོགས་ནས་བརྩམ། མཐར་སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་གསལ་ལམ་མེ་རེ་གྱུར་པ་ལ་ཡིད་གཏད་དེ་མིག་མི་འཛུམ་པར་གཉིད་ལོག །འཕྲལ་དུ་གཉིད་མ་བྱུང་ན་སྙིང་གའི་ཤར་གྱི་ཐིག་ལེ་ནས་བརྩམས་ཏེ། གཡས་བསྐོར་གྱིས་སེམས་འཛིན་ཅིང་། མཐར་དབུས་ཀྱི་ཐིག་ལེ་སྔོན་པོ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་ཉལ། གཉིད་སང་རེས་ཀྱིས་ཡང་ཡང་གསལ་བཏབ་པས་ཉམས་དང་རྟོགས་པའི་འོད་གསལ་རིམ་གྱིས་ཟིན་པར་འགྱུར་རོ། །གཉིས་པ་ཡིག་འབྲུའི་རྣལ་འབྱོར་ནི། ཐིག་ལེ་ལྔ་པོའ་ཚབ་ཏུ། དབུས་སུ་ཧཱུྃ་སྔོན་པོ། ཤར་ནས་གཡས་བསྐོར་གྱིས་ཨ་ནུ་ཏ་ར་བཞི་ཕྱོགས་མདོག་དང་། གསུམ་པ་ཕྱག་མཚན་གྱི་རྣལ་འབྱོར་ནི། དབུས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་དང་། ཤར་ནས་འཁོར་ལོ་རིན་ཆེན་པདྨ་རལ་གྲི་རྣམས་ཕྱོགས་མདོག །བཞི་པ་ལྷ་སྐུའི་རྣལ་འབྱོར་ནི། དབུས་སུ་མི་བསྐྱོད་པ་ཡབ་ཡུམ་སོགས་རིགས་ལྔ་བསྒོམ་པ་སྟེ། གཞན་དམིགས་པའི་བྱེ་བྲག་རྣམས་ཐིག་ལེའི་སྐབས་ཇི་ལྟ་བ་བཞིན་ཉམས་སུ་བླང་ངོ། །དེ་ཡང་འདི་ཉིད་ཁོ་ན་དམིགས་བསལ་དུ་སྦྱོང་བའི་སྐབས། གནས་དབེན་པར་མཚམས་ཤིན་ཏུ་དམ་པར་བཅད། ཟས་གོས་གནས་མལ་གྲིབ་ཅན་སོགས་སྤང་། གཙང་སྦྲ་ཆེ་བར་བྱ། དྲི་ཆུ་བར་པ་དང་། ཆང་དང་། བདུད་རྩིས་ལུས་ཐམས་ཅད་བཀྲུ་ཞིང་ཚིལ་ཚན་སོགས་ཀྱི་བཀུ་མཉེ་བསྟེན། ཟས་བཅུད་ཅན་བཟའ། ཉིན་བར་རླུང་སྦྱོར་དང་འཁྲུལ་འཁོར་ཙམ་
༩༠མ་གཏོགས་ལུས་ཀྱི་བྱ་བ་གཞན་སྤང་ཞིང་སྒོ་གསུམ་གཡོ་མེད་དུ་བཞག །སྐབས་སྐབས་སུ་དམིགས་པའི་བསྟེན་གོམས་ལ་བསླབ། ལྷག་པར་འོད་གསལ་བྱིན་རླབས་ཀྱི་གནད་བྱ་བ་ཡིན་པས་བླ་མ་ལ་མོས་གུས་དྲག་པོས་གསོལ་བ་བཏབ་ཅིང་སེམས་འཛིན་མེད་དུ་འཇོག་པ་གལ་ཆེའོ་གསུངས། ལྔ་པ་འཕོ་བ་མ་བསྒོམ་སངས་རྒྱས་གསེར་འགྱུར་གྱི་རྩིས་ལམ་གྱི་མཚམས་སྦྱར་བ་ལ་སྦྱང་བ་དང་། ལས་ལ་སྦྱར་བ་གཉིས། དང་པོ་ལའང་སྐུ་གསུམ་གྱི་འཕོ་བ་གསུམ་ལས། འདིར་ལོངས་སྐུའི་འཕོ་བ་ཁྱད་པར་བ་ཉིད་ཕྱག་ལེན་དུ་མཛད་པས། སྐྱབས་སེམས་ཀྱི་རྗེས། རང་རྣལ་འབྱོར་མར་གསལ་བའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་མར་སྣ་ལྟེ་འོག་སོར་བཞིའི་ཐད་ཙམ་དུ་ཟུགས་པ་ཕུག་རྡུག་གི་རྣམ་པ་ཅན། ཡར་སྣ་ཚངས་བུག་ནས་མཐོ་གང་ཙམ་ཕྱིར་འཐོན་པ་ཟང་ཐལ་ལེ་བ་ཀྵ་ཡིག་ནག་པོས་བཀག་པ། སྙིང་གར་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་ཧཱུྃ་སྔོན་པོ་ཤིན་ཏུ་ཕྲ་བ་དྭངས་གསལ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། སྤྱི་བོར་རྩ་བའི་བླ་མ་དང་དབྱེར་མེད་པའི་ཡི་དམ་རྡོ་རྗེ་རྣལ་འབྱོར་མ་ཕྱག་གཉིས་གྲི་ཐོད་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་དབུས་དྲང་པོར་རྩ་དབུ་མ་ཡར་སྣ་གཙུག་ཏོར་དུ་ཁ་ཟུམ་ཞིང་། མར་སྣ་གསང་གནས་སུ་ཐུག་པའི་ནང་དུ་རང་གི་དབུ་མ་ཚུད་པས་དེའི་སྲུབས་ལ་རླུང་ཡང་རྒྱུ་མི་ཐུབ་པ། ཐུགས་ཀར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བཾ་ཡིག་དམར་པོ་འོད་འཚེར་བ་རྣམས་གསལ་བཏབ་ནས། བཀའ་བརྒྱུད་བླ་མ་ལ་གསོལ་བ་འདེབས། ཆོས་སྐུ་མཁའ་ཁྱབ་ཏུ་འཕོ་བར་བྱིན་གྱི་རློབས། ཡི་དམ་ལྷ་ཚོགས་ལ་།མཁའ་སྤྱོད་འཕྱུགས་མེད་དུ་།རྩ་བའི་བླ་མ་ལ་།གནས་ལུགས་རང་གྲོལ་དུ་།རང་སེམས་སྐྱེ་མེད་ལ་།རིག་པ་རང་གྲོལ་དུ་འཕོ་བར་བྱིན་གྱིས་རློབས། །ཞེས་
༩༡གསོལ་བ་ཕུར་ཚུགས་སུ་བཏབ། རླུང་ཕྱིར་འགྲོ་བ་ན་སྤྱི་བོའ་ཀྵ་ཡིག་བསལ། ནང་དུ་རྔུབ་པ་ན་བླ་མའི་ཐུགས་ཀ་ནས་འོད་ཟེར་བྱུང་། རང་གི་སྙིང་གའི་ཧཱུྃ་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། སླར་ཡང་རང་ཡིད་ཀྱིས་ཧིཀ་བརྗོད་ཅིང་རླུང་ཕྱིར་འཕུལ། ལྟོ་བ་སྒལ་པ་ལ་སྦྱར་བས་ཧཱུྃ་ཡིག་སྐར་མདའ་འཕང་བ་བཞིན་སོང་ནས་རྣལ་འབྱོར་མའི་ཐུགས་ཀའི་བཾ་ཡིག་ལ་རེག་པར་བསམ། ཡིད་ཀྱིས་ཀ་བརྗོད་པ་དང་། རླུང་ནང་དུ་རྔུབ་ཅིང་ལྟོ་བ་ཕྱིར་འཕུལ་བས་མར་བབས་སྙིང་གར་གནས་པར་བསམ། དེ་ལྟ་བུའི་དམིགས་པ་ཡང་ཡང་བསྐྱར། ཐུན་འཇོག་པ་ན། རྣལ་འབྱོར་མ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་འོད་དུ་ཞུ་ནས་དབུ་མ་དང་ལུས་ཐམས་ཅད་གང་། ཚངས་བུག་ཡན་གྱི་དབུ་མའང་འོད་དུ་ཞུ་ནས་ཀྵ་ཡིག་སྲ་ཞིང་འཐས་པ་བཅས་པས་བཀག་པར་བསམས་ལ། སྙིང་གའི་ཧཱུྃ་གཡོ་མེད་དུ་གནས་པ་ལ་སེམས་བཟུང་ནས་རླུང་བུམ་ཅན་འཛིན། འབྱོངས་རྟགས་སྤྱི་བོར་ཆུ་སེར་འབྱུང་བ། སྐྲངས་པ། འཕར་བ། ཟ་བ་སོགས་བྱུང་ན་སྐབས་སྐབས་སུ་མ་བརྗེད་ཙམ་སྦྱང་བས་ཆོག་གསུངས། གཉིས་པ་ལས་ལ་སྦྱར་བ་ནི། ངེས་པའི་འཆི་ལྟས་ཤར་ཞིང་མ་བསླུས་པའི་ཚེ། དག་པའི་ཞིང་ཁམས་ལ་དགའ་ཞིང་སྤྲོ་བའི་འདུན་པས། ཚེ་འདིའི་ལུས་ལོངས་སྤྱོད་སོགས་ལ་ཆགས་ཤིང་ཞེན་པ་བཏང་། ཡོ་བྱད་ཐམས་ཅད་རྣམ་དཀར་གྱི་ཕྱོགས་སུ་བསྐོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ། ས་ཆུ་ལ་ཐིམ་པའི་དུས་ནས་དམིགས་པའི་མགོ་བརྩམ། ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་སྐབས་སུ་འཕོ་བའི་དུས་དངོས་ཡིན་པས་དེ་ལྟར་ཤེས་པར་བྱས་ནས་དམིགས་པ་སྔར་ལྟར་ལ། ཧཱུྃ་ཡིག་རྣལ་འབྱོར་མའི་ཐུགས་ཀའི་བཾ་དང་དབྱེར་མེད་དུ་འདྲེས་པར་བསམ་ནས་འཛིན་མེད་དུ་མཉམ་པར་བཞག་གོ །
༩༢དྲུག་པ་འབྱུང་ངེས་ཀྱི་ཆོས་ངོས་ཟིན་པས་སངས་རྒྱ་བ་བར་དོ་ཡང་དག་ཟབ་དོན་གྱིས་ལམ་གྱི་འབྲས་བུ་ངོ་སྤྲོད་པ་ལ། སྤྱིར་བར་དོ་ལ་རང་ཉིད་མའི་མངལ་དུ་ཉིང་མཚམས་སྦྱར་ནས་འཆི་ཁའི་འོད་གསལ་མ་ཤར་གྱི་བར་ལ་སྐྱེ་ཤིའི་བར་དོ། །གཉིད་ཀྱི་འོད་གསལ་ཤར་ནས་བཟུང་མ་སད་པའི་བར་རྨི་ལམ་གྱི་བར་དོ། །འཆི་དུས་ཀྱི་འོད་གསལ་ལས་ཡིད་ལུས་སུ་ཤར་བ་ནས་སྐྱེ་བ་ཕྱི་མར་ཉིང་མཚམས་མ་སྦྱར་གྱི་བར་ལ་སྲིད་པ་བར་དོ་ཞེས་རྣམ་པ་གསུམ་དུ་ཡོད་པ་ལས། སྔ་མ་གཉིས་ཀྱི་སྦྱོང་བྱེད་ནི་བསྐྱེད་རིམ། གཏུམ་མོ། སྒྱུ་ལུས། འོད་གསལ། རྨི་ལམ་རྣམས་གནས་ལུགས་ཕྱག་ཆེན་དང་ཟུང་འབྲེལ་དུ་བསྐྱངས་པས་དབང་པོ་ཡང་རབ་ཚེ་འདིར་ཟུང་འཇུག་གི་སྐུ་འགྲུབ་ཅིང་རབ་འཆི་བ་འོད་གསལ་ཆོས་ཀྱི་སྐུར་གྲོལ་བ་ཡིན་ལ་དེ་དག་ལ་བརྟན་པ་མ་ཐོབ་ན་འབྲིང་གིས་སྲིད་པ་བར་དོ་ལམ་དུ་འཁྱེར་དགོས་པས། ད་ལྟ་ནས་གང་ཤར་གྱི་སྣང་ཆ་ཐམས་ཅད་བར་དོའ་སྣང་བར་ཤེས་པར་བྱས་ཏེ། ཐུན་མོང་སྣང་གྲགས་རིག་གསུམ་སྒྱུ་མ་ལྟ་བུའི་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་རྒྱས་བཏབ། ཁྱད་པར་འདོད་ཆགས་གཏུམ་མོ་དང་བསྲེ་བ། ཞེ་སྡང་སྒྱུ་ལུས་དང་བསྲེ་བ། གཏི་མུག་འོད་གསལ་དང་བསྲེ་བ། ང་རྒྱལ་བསྐྱེད་རིམ་དང་བསྲེ་བ། ཕྲག་དོག་དག་སྣང་ངང་བསྲེ་བ་རྣམས་སྐབས་སུ་གང་བབས་པར་ཉམས་སུ་བླང་། མདོར་ན་རྣམ་པ་ཀུན་ཏུ་ཐ་མལ་འཁྲུལ་སྣང་གི་གཞན་དབང་དུ་མ་སོང་བར་གང་ཤར་ལྷ་དང་ཡེ་ཤེས་སུ་འཆར་བ་ཞིག་བྱུང་ན་བར་དོའ་ཉམས་ལེན་ཐམས་ཅད་ཀྱང་དེ་ཀ་ལ་ཚང་བ་ཡིན་ནོ་གསུངས། དེ་ཡང་སྙན་བརྒྱུད་རང་གཞུང་ལྟར་ན། འཕོ་བ་དང་གྲོང་འཇུག་ཐ་དད་དུ་བགྲངས་ནས་ཆོས་དྲུག་ཏུ་བྱས། བར་དོ་འོག་ཏུ་འཆད་པ་སོགས་དབྱེ་བསྡུ་མི་འདྲ་བ་མང་ཡང་། འདིར་ནི་ཡོངས་གྲགས་དང་སྒོ་བསྟུན་ནས། ཉིན་པར་མཉམ་
༩༣བཞག་གི་ཉམས་ལེན་དུ་གཏུམ་མོ། །རྗེས་ཐོབ་ཏུ་སྒྱུ་ལུས། མཚན་མོ་མཉམ་བཞག་ཏུ་འོད་གསལ། རྗེས་ཐོབ་ཏུ་རྨི་ལམ། འཆི་ཁར་འཚང་རྒྱ་བ་འཕོ་བ། སྲིད་པ་བར་དོར་འཚང་རྒྱ་བ་བར་དོའ་རྣལ་འབྱོར་སྐྱེ་ཤི་བར་དོ་གསུམ་སྦྱོང་བྱེད་ཀྱི་ལམ་ཚང་ལ་མ་ནོར་བར་ཡོངས་སུ་རྫོགས་པར་བསྟན་པ་ཡིན་ཅིང་། གྲོང་འཇུག་གི་གདམས་པ་ནི་དེང་སང་ཕྱག་ལེན་ལ་འདེབས་པ་ཉུང་བས་འདིར་མ་བྲིས་སོ། །གསུམ་པ་གཙོ་བོར་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ་འོག་སྒོ་བདེ་བ་ཆེན་པོའ་སྐོར་ནི། གཞུང་འགྲེལ་དང་མན་ངག་གི་ལུང་ཙམ་མ་གཏོགས་དམིགས་བསལ་ཉམས་འཁྲིད་ཀྱི་རྒྱུན་མི་བཞུགས་ཀྱང་གཏུམ་མོའ་འབར་འཛག་གི་དམིགས་པ་ལ་གོམས་པ་བརྟན་པས་རང་ལུས་ཐབས་ལྡན་ནམ་སྤྱི་ལྟར་ཉམས་སུ་བླང་དུ་རུང་ཞིང་། འདིར་ཞར་བྱུང་དེའི་ཡན་ལག་ཏུ་གཏོགས་པ་དཔལ་ནཱ་རོ་ཆེན་པོའ་གསང་སྤྱོད་ཀྱི་དམིགས་རིམ་རྒྱུན་དུ་ཉམས་སུ་བླང་བའི་ཚུལ་མདོ་ཙམ་འབྲི་ན། རང་གང་དུ་གནས་པའི་ས་ཕྱོགས་དེ་ཉིད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཕོ་བྲང་། སྟེང་རྣམས་གཞལ་ཡས་ཁང་། འོག་དུར་ཁྲོད་ཀྱི་རྣམ་པ་འཇིགས་ཤིང་སྐྱི་གཡའ་བ་དེ་ན་གནས་པའི་གཞི་བདག་འཁོར་དང་བཅས་པ་རྣམས་མི་སྡུག་པའི་ཆ་བྱེད་ཅན་དུ་བསམ་ལ། རང་གི་ལུས་འདི་དེ་རྣམས་ལ་སྦྱིན་བྱ་དང་། དཀོན་མཆོག་མཆོད་པའི་རྒྱུར་བསམ། སེམས་འདི་དེ་དག་སྦྱིན་པ་པོ་དང་། ཡིད་ལུས་བྱང་ཆུབ་སེམས་དཔར་བསམ་པས་སྐད་གཟེངས་མཐོན་པོས། སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་འབྱུང་པོ་མི་མ་ཡིན་པ་གནས་བདག་གཞི་བདག་གནོད་བྱེད་གདོན་བགེགས་རིགས་དྲུག་གི་སེམས་ཅན་དང་བཅས་པ་ཐམས་ཅད་འདིར་འདུས་ཤིག །ཅེས་བརྗོད་པས། ལྷ་སྲིན་སྡེ་བརྒྱད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་འུར་ཐིབས་
༩༤སེ་འདུས་པར་བསམས་ལ། དེ་དག་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་སྐྱབས་ཡུལ་གསལ་བཏབ་ཏེ་སྐྱབས་སེམས། ཚད་མེད། བླ་མའི་རྣལ་འབྱོར་རྣམས་དཀྱུས་ལྟར་ལ། རྩ་བའི་བླ་མའི་དབུ་གཙུག་ནས་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པར་གསལ་བཏབ་སྟེ་ཡན་ལག་བདུན་པ། སྡོམ་བཟུང་། གསང་སྤྱོད་བརྒྱུད་པའི་གསོལ་འདེབས་ཀྱི་མཐར། བདག་གཞན་ཐམས་ཅད་ཀྱིས་དབང་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག །དེ་ནས། ཕཊ། ཅེས་དྲག་ཏུ་བརྗོད་པས། རང་སེམས་རྡོ་རྗེ་རྣལ་འབྱོར་མའི་རྣམ་པས་སྤྱི་བོ་ནས་ཐོན་རང་ལུས་ཆེ་བ། ཚོ་བ། སྣུམ་བཅུད་དང་ལྡན་པར་བསམ། ཕཊ། བརྗོད་པས། རྣལ་འབྱོར་མའི་ཕྱག་གཡས་ཀྱི་གྲི་གུག་གིས་ཕུང་པོའ་ཐོད་པ་རྦད་ཀྱིས་བཅད་པས་སྟོང་གསུམ་གྱི་ཚད་དང་མཉམ་པའི་ཐོད་པ་ཕྱི་དཀར་ལ་ནང་དམར་བར་གྱུར་པ་དེ་ཉིད་མི་མགོ་སྐམ་པོའ་སྒྱེད་བུ་ཆེན་པོ་གསུམ་གྱི་སྟེང་དུ་དཔལ་བ་རང་ལ་བསྟན་ནས་བཞག་པའི་ནང་ལུས་དུམ་བུར་བཅད་དེ་བླུགས་པས་མ་ཤོང་བའི་ལྷག་མ་ཕྱི་རོལ་ཏུ་ཤ་ཡི་རི་བོ། །ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་བསམ་གྱིས་མི་ཁྱབ་པར་གྱུར། ཕཊ། ཐོད་པའི་ནང་གི་ཤ་རུས་བདུད་རྩི་དཀར་ལ་དམར་བའི་མདངས་ཆག་པར་གྱུར་པ་དང་། ཕྱི་རོལ་གྱི་ཤ་ཁྲག་རུས་པ་རྣམས་ལས་འོད་ཟེར་འཕྲོས། ཚོགས་ཞིང་རྣམས་ཀྱི་ཐུགས་ཀར་ཕོག །དེ་དག་གི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་བདུད་རྩི་འོད་ཀྱི་རང་བཞིན་ཅན་བབས་ཏེ་ཐོད་པའི་ཕྱི་ནང་གི་རྫས་རྣམས་ལ་ཐིམ་པས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཤ་ཁྲག་རུས་པ་སོགས་འདོད་དགུ་འབྱུང་བའི་ཕུང་པོར་བསམས་ལ། ༀ་ཨཱཿཧཱུྃ། མང་དུ་བརྗོད་ཅིང་། རང་སེམས་རྣལ་འབྱོར་མར་གསལ་བའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ།
༩༥མཆོད་སྦྱིན་གྱི་མགྲོན་རྣམས་ལ་བདུད་རྩིའི་དགའ་སྟོན་དཔག་ཏུ་མེད་པ་ཕུལ་བས་སོ་སོས་ལོངས་སྤྱོད་པས་ཟག་མེད་ཀྱི་བདེ་བས་ཚིམ་པར་མོས་ཏེ། ༀ་ཨཱཿཧཱུྃ། དྲིན་ཆེན་རྩ་བརྒྱུད་བླ་མ་ལ། ཕུང་པོའ་ཚོགས་མཆོད་བདུད་རྩིར་འབུལ། བརྩེ་བས་དགེས་བཞིན་བཞེས་ནས་ཀྱང་། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དོན་གཉིས་འགྲུབ་པར་བྱིན་གྱི་རློབས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། །ཕུང་པོའ་ཚོགས་མཆོད་སོགས། དེ་བཞིན་དུ། ཆོས་བདག་དཔའ་བོ་མཁའ་འགྲོ་ལ། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ལ། །ཞེས་སོ་སོར་སྦྱར། ཡུལ་འདིའི་གནས་བདག་གཞི་བདག་ལ། །ཕུང་པོའ་ཚོགས་མཆོད་སྦྱིན་པར་བཏང་། །དགའ་སྤྲོ་ལྡན་ཞིང་རོལ་ནས་ཀྱང་། །ཟག་མེད་བདེ་བས་ཚིམས་པ་དང་། །བུ་ལོན་འབྲེལ་ཆགས་བྱང་གྱུར་ཅིག །ལན་ཆགས་ཤ་འཁོན་དག་གྱུར་ཅིག །ཉེས་ལྟུང་དྲི་མ་བྲལ་གྱུར་ཅིག །ཚོགས་རྫོགས་སྒྲིབ་པ་བྱང་གྱུར་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །དེ་བཞིན་དུ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ལ། །ཕུང་པོའ་ཚོགས་མཆོད་སྦྱིན་པར་བཏང་། སོགས་དང་། རིགས་དྲུག་སེམས་ཅན་ཐམས་ཅད་ལ། །ཕུང་པོའ་ཚོགས་མཆོད་སོགས་སྦྱར་བས་བསྔོས། སླར་ཡང་རང་གི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་རྩེ་ལས་འདོད་པའི་ཡོན་ཏན་རྒྱ་མཚོའ་སྤྲིན་ཆེན་པོ་ཆར་བཞིན་དུ་བབས་ཏེ་མཆོད་སྦྱིན་གྱི་མགྲོན་རྣམས་མཉེས་ཤིང་ཚིམས་པར་བསམས་ལ། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །སོགས་བརྗོད། དེ་ནས་རང་བསྟན་པའི་གཙོ་བོ་་ཐུབ་པར་གསལ་བས་སྦྱིན་ཡུལ་རྣམས་ལ་ཆོས་ཀྱི་སྦྱིན་པས་དབུགས་
༩༦དབྱུང་བར་མོས་ཏེ། ཆོས་རྣམས་གང་དག་སོགས་ཆོས་སྦྱིན་བྱ། སླར་ཡང་རྡོ་རྗེ་རྣལ་འབྱོར་མར་གྱུར་པའི་གནས་གསུམ་ཡི་གེ་གསུམ་ལས་འོད་ཟེར་དཀར་མར་མཐིང་གསུམ་རིམ་དང་གཅིག་ཅར་དུ་འཕྲོས། སྦྱིན་ཡུལ་ཐམས་ཅད་ལ་ཕོག་པས་དབང་བཞི་ཐོབ། སྒྲིབ་བཞི་དག །སྐུ་བཞིའི་ས་བོན་རྒྱུད་ལ་བཞག །དེ་ནས་རང་ཉིད་ཐུགས་རྗེ་ཆེན་པོ་ཁ་ས་ཎིར་གསལ་བའི་ཕྱག་གཡས་མཆོག་སྦྱིན་གྱི་རྩེ་ལས་བདུད་རྩིའི་རྒྱུན་བབས་པ་སྦྱིན་ཡུལ་རྣམས་ཀྱིས་ལོངས་སྤྱད་པས་སྡིག་སྒྲིབ་དག་ཅིང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས་རང་གཞན་ཐམས་ཅད་མགྲིན་གཅིག་ཏུ་དགེ་བ་བསྔོ་བར་བསམས་ལ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བསྔོ་སྨོན་ཇི་ལྟར་རིགས་པར་བྱས་རྗེས། གཞི་བདག་ལ་སོགས་པའི་མགྲོན་རྣམས་རང་རང་གི་གནས་སུ་སོང་། གདུག་སེམས་མ་ཞི་བ་རྣམས་ཀྱང་རང་ལ་འདུས། ཚོགས་ཞིང་རྣམས་ཀྱང་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་ༀ་ཨཱཿཧཱུྃ་གསུམ་བརྩེགས་མར་གྱུར་དེ་ཡང་ཡས་རིམ་གྱིས་ཐིམ་ནས་མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པར་བསམས་ལ་གནས་ལུགས་མ་བཅོས་པའི་ངང་དུ་བློ་ལྷོད་ཀྱིས་གློད་ལ་བཞག །རྟོག་པ་གང་ཤར་ཡང་། ཕཊ། ཅེས་བརྗོད་ལ་ཐད་ཀར་བཅད། ཁྱད་པར་འཇིགས་སྐྲག་གི་རྟོག་པ་བྱུང་ན། ལུས་ནི་མཆོད་སྦྱིན་དུ་བྱིན་ཚར་ནས་མེད། སེམས་ནི་ནམ་མཁའ་སྟོང་པ་དང་དབྱེར་མེད་པའི་ཕྱིར་ཇི་ལྟར་འཇིགས་སྙམ་དུ་རྟོགས་པའི་གདེང་བསྐྱེད། དེས་ཀྱང་མ་ཞི་ན། འཇིགས་པའི་ཚེ་འཇིགས་མཁན་གྱི་སེམས་གང་ན་འདུག །འཇིགས་མཁན་གྱི་ཚེ་འཇིགས་པ་གང་ན་འདུག་བལྟས་ལ་སེམས་ཀྱི་རྩ་བ་བདར་ཤ་བཅད་དེ་ཕཊ། ཅེས་བརྗོད་ལ་རང་བཞིན་གྱིས་མ་གྲུབ་པའི་ངང་དུ་མཉམ་པར་བཞག་གོ་།དེ་ལྟར་ཐོག་མར་མལ་
༩༧གཅོད་ལ་འབད་ཅིང་། ཅུང་ཟད་གོམས་པ་ན་གཉན་ཁྲོད་འཇམ་ཞིང་བཀྲ་ཤིས་པ་དང་། རིམ་གྱིས་འཇིགས་ཤིང་ཟིལ་ཆེ་བ་རྣམས་སུ་གསང་སྤྱོད་ལ་བརྩོན་པས་དང་པོར་མི་འདོད་པའི་སློང་། བར་དུ་བཏང་སྙོམས། ཐ་མར་མཆོག་དངོས་གྲུབ་པའི་རྟགས་མངོན་སུམ་དུ་མཐོང་བར་འགྱུར་རོ་གསུངས། བཞི་པ་གཙོ་བོར་དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོའ་འཁྲིད་ཚུལ་གྱི་རིམ་པ་ཅུང་ཟད་མི་འདྲ་བ་མང་ཡང་། འདིར་ཟབ་ལམ་ཡི་གེ་བཞི་པ་ལྟར་ན། །དང་པོ་སེམས་ཀྱི་གཞི་རྩ་བཅད་པ་ནི། གནས་དབེན་པར་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱས། ངག་གནད་རླུང་རང་སོར་འཇོག །སེམས་ཀྱི་གནད་སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་གྱི་བར་ཉམས་སུ་བླང་ལ་གསོལ་བ་ཤུགས་དྲག་ཏུ་གདབ། དེ་ནས་དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེས་པའི་ངང་། ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་རང་སེམས་ཀྱི་རྣམ་འཕྲུལ་ཙམ་དུ་ཐག་བཅད་ལ་དེ་ལས་གཞན་དུ་འདས་པའི་རྣམ་རྟོག་གི་རྗེས་མི་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟའི་ཤེས་པ་རྩིས་གདབ་མི་བྱ་བར་རང་བབས་སུ་བཞག་པས་དེ་ལ་མི་གནས་པར་རྣམ་རྟོག་ཞིག་ཐོལ་གྱིས་འཕྲོ་བའི་ཚེ། རྟོག་པ་དེ་དང་པོ་གང་ནས་སྐྱེས། བར་དུ་གང་དུ་གནས། ཐ་མ་གང་དུ་འགགས་བརྟགས་པས་རང་སེམས་ལས་ཤར་ཞིང་རང་སེམས་སུ་ཐིམ་པར་མཐོང་ན། སེམས་དེ་ཉིད་ཀྱང་སྐྱེ་འགག་གནས་གསུམ། དབྱིབས་ཁ་དོག་གཅིག་དང་དུ་མ་སོགས་ལེགས་པར་བརྟགས་ཤིང་དཔྱད་པས། གང་དུའང་མ་གྲུབ་ཅིང་ཅིར་ཡང་འཆར་བ། ཉམས་སུ་མྱོང་ཡང་བསམ་བརྗོད་ལས་འདས་པར་རྟོགས་པའི་ཚེ། གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ་ནི། དེ་ལྟར་རྟོགས་པའི་སྟེང་དུ་སེམས་མི་གནས་པ་གནས་པར་བྱེད་པའི་ཐབས་དྲུག་སྟེ། ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན་དུ་མ་བཅོས་
༩༨གཉུག་མའི་ངང་དུ་རྩོལ་སྒྲུབ་མེད་པར་བཞག་རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ་རྟོགས་ཚོགས་ཀྱིས་གཡོ་འགུལ་མེད་པར་བཞག །ཉི་ཟླ་སྤྲིན་དང་བྲལ་བ་བཞིན་དུ་སེམས་ཉིད་འོད་གསལ་བའི་ངང་མདངས་མ་བྲལ་བར་བཞག །བུ་ཆུང་ལྷ་ཁང་ལ་ལྟ་བ་བཞིན་དུ་གསལ་ལ་དེར་འཛིན་མེད་པར་བཞག །ཆུ་དང་རླབས་བཞིན་དུ་བྱུང་ཚོར་ཐམས་ཅད་རང་གྲོལ་གྱི་ངང་དུ་བཞག །ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་རིག་པ་རྗེས་མེད་ཀྱི་ངང་དུ་མཉམ་པར་བཞག་པ་སྟེ། མདོར་ན་རང་སེམས་བརྗོད་བྲལ་དུ་ཉམས་སུ་མྱོང་བ་ལྷག་མཐོང་དེའི་ངང་དུ་སྤང་བླང་བཟོ་བཅོས་མེད་པར་བཞག་པ་ཞི་གནས། དེ་གཉིས་དབྱེར་མེད་པ་ཟུང་འཇུག་སྟེ་མཉམ་རྗེས་ཐམས་ཅད་དུ་ལམ་ཁྱེར་འདི་དང་མ་བྲལ་བར་བྱའོ། །གསུམ་པ་སེམས་ཀྱི་གོལ་ས་བཅད་པ་ནི། ཡར་སངས་རྒྱས་ལ་རེ་བ། མར་འཁོར་བ་ལ་དོག་པ། བར་སྣང་བ་ལ་བདེན་འཛིན། ནང་ཉམས་མྱོང་ལ་ཞེན་པ། ལས་རྒྱུ་འབྲས་ལ་ཁྱད་དུ་གསོད་པ་སོགས་བདེན་ཞེན་ཐམས་ཅད་གོལ་ས་ཡིན་པས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཀྱིས་ཕར་བཏགས་པ་ཙམ་མ་གཏོགས་དོན་ལོགས་སུ་གྲུབ་པ་མེད་ཅིང་སེམས་དེའང་གཤིས་ཅི་ཡང་མ་ཡིན་ལ། གདངས་ཅིར་ཡང་མ་འགགས་པའི་སྟོང་པ་དང་རྟེན་འབྱུང་དབྱེར་མེད་པའི་དོན་ལ་ངེས་ཤེས་བསྐྱེད་དེ། དོན་དམ་པར་གང་ལའང་མ་ཞེན་ཅིང་། ཀུན་རྫོབ་ཏུ་ལས་རྒྱུ་འབྲས་ཕྲ་མོ་ལའང་བླང་དོར་ཚུལ་བཞིན་དུ་བྱའོ། །བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པ་ལ་དྲུག་ལས། ཉིན་མོ་སྣང་བ་རྒྱས་བཏབ་པའི་རྣལ་འབྱོར་ནི། འདི་ལྟར་སྣང་བ་ཐམས་ཅད་རང་སེམས་འཁྲུལ་པར་རྒྱས་བཏབ། སེམས་འཁྲུལ་པ་ངོས་བཟུང་མེད་པ་སྒྱུ་མ་དང་རྨི་ལམ་ལྟ་བུར་རྒྱས་བཏབ། སྒྱུ་མའང་རང་བཞིན་མེད་པ་ཆོས་ཉིད་སྐྱེ་མེད་དུ་རྒྱས་བཏབ་བོ། །ནང་ནུབ་འདོད་ཡོན་གྲོགས་སུ་ཁྱེར་བའི་རྣལ་འབྱོར་ནི། རང་འདོད་ཡོན་ཐམས་ཅད་སྟོང་པ་ལ་སྟོང་པས་རོལ། ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་གྱིས་ལོངས་སྤྱད། འབྲིང་སྒྱུ་མ་ལ་སྒྱུ་མས་རོལ། །ཡེ་ཤེས་
༩༩ལ་ཡེ་ཤེས་ཐིམ་པའི་ཚུལ་ཀྱིས་ལོངས་སྤྱད། ཐ་མ་བླ་མ་ཡི་དམ་ལ་ཚོགས་མཆོད་འབུལ་བའི་ཚུལ་ཀྱིས་ལོངས་སྤྱོད་དོ། །སྲོད་ལ་དབང་པོ་བཞི་ལ་བསྡུ་བའི་རྣལ་འབྱོར་ནི། འཁྲུལ་པའི་རྟོགས་ཚོགས་གང་ཤར་གྱི་རང་ངོ་ལ་ཅེར་གྱིས་བལྟས་ནས། བརྟག་དཔྱད་བསམ་ཞིག་གི་སྤྲོས་པ་རང་སར་གྲོལ་བའི་ངང་དུ་བློ་འཇོག་གོ །ནམ་གུང་ཤེས་པ་བུམ་པར་གཞུག་པའི་རྣལ་འབྱོར་ནི། ནུབ་མོ་སྙིང་དཀྱིལ་དུ་པདྨ་ཉི་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་སྐུ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་བར་གསལ་བའི་འོད་ཀྱིས་སྣང་བ་ཐམས་ཅད་གསལ་ལམ་མེར་གྱུར་པ་ལ་སེམས་གཏད་དེ་ཉལ་བས་གཉིད་འོད་གསལ་དུ་འཆར་རོ། །ཐོ་རངས་རིག་པ་གསལ་གདབ་པའི་རྣལ་འབྱོར་ནི། རླུང་རིག་དྭངས་པའི་སྐབས་དེར་ཆོས་སྤྱི་དང་རང་གི་མཚན་ཉིད་དང་། ཁྱད་པར་བླ་མའི་མན་ངག་རྣམས་བསམ་མནོས་ཞུན་ཐར་བཅད་དེ་བློ་ལ་ཡང་ཡང་གསལ་གདབ་བོ། །འཆི་ཁར་ཡེ་ཤེས་ཟང་ཐལ་གྱི་རྣལ་འབྱོར་ནི། ནམ་འཆི་བའི་ཚེ་ཕྱི་ནང་གི་དངོས་པོ་ལ་ཆགས་སྡང་གི་རྟོག་པ་སྤང་། ཀུན་རྫོབ་ཏུ་ཡོ་བྱད་རྣམས་ཚོགས་སུ་བཏང་། ཉེས་ལྟུང་བཤགས། སྡོམ་པ་བླང་། ངེས་འབྱུང་དང་། སྙིང་རྗེ་དང་། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ། དོན་དམ་པར་རང་སེམས་སྐྱེ་འཆི་མེད་པས་ཕྱག་རྒྱ་ཆེན་པོ་ཡིད་ལ་བྱར་མེད་པར་ཁོ་ཐག་བཅད་དེ། །བསྒོམ་མེད་ཀྱི་ངང་དུ་ཡེངས་མེད་དུ་བཞག་པས་བར་དོ་མེད་པར་ཟང་ཐལ་དུ་སངས་རྒྱའོ། །གཞན་ཡང་གེགས་སེལ་བོགས་འདོན་དང་ཉམས་རྟོགས་ཀྱི་སྐྱེ་ཚུལ་སོགས་ནི་བླ་མ་ཉམས་མྱོང་ཅན་གྱི་ཞལ་ལས་རིམ་པ་ཤེས་པར་བྱ་བ་ཁོ་ནའོ་གསུངས། གསུམ་པ་རྗེས་ནི། ཇི་སྐད་བཤད་པའི་ལམ་དེ་རྣམས་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བའི་ཚེ། སྤྱིར་བསྐྱེད་རིམ་ལྟ་བུ་རེ་རེ་ལའང་ལམ་ཐམས་ཅད་དོན་གྱིས་ཚང་བ་ཡིན་ཏེ། རྣམ་པ་ལྷར་གསལ་བ་བསྐྱེད་རིམ་
༡༠༠གསལ་བཞིན་དུ་སྟོང་པ་རྫོགས་རིམ། དེ་གཉིས་དབྱེར་མེད་པ་ཟུང་འཇུག །དེ་ཐམས་ཅད་རང་སེམས་སྐད་ཅིག་མའི་ངང་དུ་རྫོགས་པ་ཕྱག་རྒྱ་ཆེན་པོའ་ཉམས་ལེན་ནོ། །འོན་ཀྱང་མདོར་བསྡུས་པའི་ཚུལ་གྱིས་སོ་སོར་ཉམས་སུ་ལེན་ན། སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་བར་དཀྱུས་བཞིན་གྱི་མཐར། བསྐྱེད་ཆོག་རྒྱས་བསྡུས་ཇི་ལྟར་རིགས་པས་ཡབ་ཡུམ་གང་རུང་གི་བསྐྱེད་རིམ་གསལ་ལ་བཟླས་པ་བྱ། དེ་ནས་ཐུགས་ཀའི་སྔགས་འཁོར་སོགས་མི་དམིགས་པའི་ངང་སྟོང་ར་གསལ་བཏབ་ནས་བྱིན་རླབས་བླ་མའི་གཏུམ་མོ་དང་། རླུང་སྦྱོར་བ་བཞི་ལྡན་བསྒོམ་ཞིང་རྫོགས་རིམ་དུ་བསྡུ། ཐུན་མཚམས་རྣམ་སུ་ཅིར་སྣང་སྒྱུ་མའི་དྲན་འདུན་དྲག་ཏུ་བྱ། ཉལ་བའི་ཚེ་རྨི་ལམ་དང་འོད་གསལ་གྱི་རྣལ་འབྱོར་གང་རུང་ལ་འཇུག །སྐབས་ཅི་རིགས་པར་འཕོ་བ་དང་། གསང་སྤྱོད་ཀྱི་དམིགས་རིམ་ཀྱང་ཉམས་སུ་བླང་། ཁྱད་པར་དུས་ཐམས་ཅད་དུ་གནས་ལུགས་ཕྱག་རྒྱ་ཆེན་པོའ་ཉམས་ལེན་དང་མ་བྲལ་བར་བྱ་ཞིང་། གཞན་ཡང་ལམ་གྱི་ཡན་ལག་ཏུ་ཚེ་སྒྲུབ་གོང་ཁུག་མིའི་བསྐྱེད་རྫོགས་ཀྱང་ལོགས་སུ་གསལ་བ་བཞིན་འབད་པས་མྱུར་དུ་ཟུང་འཇུག་འཆི་མེད་ཡེ་ཤེས་ཀྱི་སྐུ་དཔལ་འཁོར་ལོ་སྡོམ་པའི་གོ་འཕང་ཐོབ་པར་འགྱུར་བ་ནི་ངེས་པའོ། །དེ་ལྟར་འཁོར་ལོ་བདེ་མཆོག་གི་།སྙན་བརྒྱུད་ཡིད་བཞིན་ནོར་བུ་ཡི། །ལམ་རིམ་ཅུང་ཟད་བཤད་པའི་དགེས། །འགྲོ་ཀུན་ཟུང་འཇུག་མྱུར་ཐོབ་ཤོག །ཅེས་རྗེ་བཙུན་འཇའ་ཚོན་གྱི་སྐུ་ཅན་རས་ཆུང་ཞབས་ནས་གཙོ་བོར་བརྒྱུད་པའི་དཔལ་འཁོར་ལོ་བདེ་མཆོག་གི་སྙན་བརྒྱུད་ཡིད་བཞིན་ནོར་བུའི་ལམ་རིམ་སྙིང་པོར་དྲིལ་བ་འདི་ཡང་། རང་ཉིད་ཀྱི་དྲན་པ་གསོ་བ་དང་། ལས་དང་པོ་པ་གཞན་དག་ལ་ཅུང་ཟད་ཕན་པའི་བསམ་པས། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེ་དང་། གཙང་སྨྱོན་ཧེ་རུ་ཀ་ཡབ་སྲས་སོགས་
༡༠༡ཀྱི་གསུང་ལ་གཞི་བྱས། ལམ་འདི་ལ་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་བཀའ་རྒྱུད་ཕྲིན་ལས་དབང་ཕྱུག་གི་གསུང་གི་བདུད་རྩིས་ཟུར་བརྒྱན་ཏེ། རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ། འཇམ་དབྱངས་མཁྱེན་བརྩེའི་དབང་པོས། གྲུབ་པའི་བསྟི་གནས་རས་ཆུང་ཕུག་ཏུ་མགོ་བརྩམས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་གྲུབ་པར་བགྱིས་པ་འདིས་ཀྱང་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་ཕྱོགས་དང་དུས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། འདི་རྣམས་ཀྱི་གོ་དོན་རྒྱས་པར་རྗེ་བཙུན་མི་ལ་རས་པས་རས་ཆུང་པ་ལ་ཆིག་བརྒྱུད་དུ་གདམས་པའི་བུམ་དབང་ཡིད་བཞིན་ནོར་བུ། སྟེང་སྒོ་རྣམ་གྲོལ་ཆོས་དྲུག །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད། ལམ་བློ་ནས་གཅོད་པ་བར་དོ་ངོ་སྤྲོད་ཀྱི་ཁྲིད་ཡིག་རྣམས་གཞིར་བཟུང་། གྲུབ་ཆེན་གཙང་སྨྱོན་ཡབ་སྲས་ཀྱིས་མཛད་པའི་རྡོ་རྗེའི་ཚིག་རྐང་གི་གཞུང་འགྲེལ་ཁྲིད་ཡིག་ཞལ་ཤེས་དང་བཅས་པ་དང་། ཀུན་མཁྱེན་གྲུབ་མཆོག་དབང་པོས་མཛད་པའི་ཁྲིད་ཡིག་ཆེན་མོ་རྣམས་ཀྱིས་གསལ་བར་བྱ་ཕྱིར་བླ་མའི་ཞལ་ལུང་བཞིན་ཤེས་པར་བྱ་བ་ཁོ་ནའོ།། །།

༄༅། །བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་གསེར་གྱི་ཡང་ཞུན་ཞེས་བྱ་བ་བཞུགས་སོ༎

༧༣

བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་གསེར་གྱི་ཡང་ཞུན་ཞེས་བྱ་བ་བཞུགས་སོ། །

༧༤

རྗེ་བཙུན་བླ་མ་སྐྱབས་གསུམ་ཀུན་འདུས་ཀྱི་བདག་ཉིད་ཆེན་པོ་གང་དེའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདིར་དལ་འབྱོར་གྱི་རྟེན་ལ་སྙིང་བོ་ལེན་བར་འདོད་པའི་སྐྱེས་བུ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བ་ནི། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་སྙིང་བོ། །དུས་གསུམ་འཕགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བྱའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པ་བསྡུས་པ། བྱང་ཆུབ་ལམ་གྱི་རིམ་བཞེས་བྱ་བ་འདི་ཉིད་ཡིན་ལ། འདི་ལ་ཐོག་མར་ཉམས་སུ་བླང་བྱའི་ཆོས་ཁུངས་བཙུན་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་དང༌། །ཁུངས་བཙུན་པ་ནས་བྱུང་བའི་ཆོས་དེ་ཡང༌། །ཕྱོགས་རེ་ཙམ་མ་ཡིན་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་ཤིང་ཆ་ཚང་ལ་མ་ནོར་བ་ཞིག་དགོས་པ་ཡིན་ལ། ད་རེས་བདག་གིས་ཉམས་སུ་བླང་བྱའི་ལམ་གྱི་རིམ་པ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་བརྒྱུད་པས་ཁུངས་བཙུན་པ་ཡིན་ཞིང༌། ཁུངས་བཙུན་དེ་རྣམས་ལས་བརྒྱུད་པའི་ཆོས་ཀྱི་རིམ་པ་འདིས་སྐྱེ་རྒུ་རྣམས་ཀྱི་འདོད་དོན་མ་ལུས་པ་བདེ་བླག་ཏུ་སྐོང་པས་

༧༥

ན་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་དང༌། ཐེག་པ་ཆེ་ཆུང་གི་གཞུང་ལུགས་བཟང་པོ་མ་ལུས་པའི་ལེགས་བཤད་ཀྱི་ཆུ་བོ་འདུ་བས་ན་རྒྱ་མཚོ་ཆེན་པོ་ལྟ་བུ་དང༌། མདོ་སྔགས་ཀྱི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང༌། སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་པས་ཉམས་སུ་ལེན་བདེ་བ་དང༌། ཀླུ་སྒྲུབ་ཀྱི་ལུགས་ལ་མཁས་པའི་རིག་པའི་ཁུ་བྱུག་དང༌། ཐོགས་མེད་ཀྱི་ལུགས་ལ་མཁས་པའི་གསེར་གླིང་པའི་གདམས་པས་བརྒྱན་པ་ཡིན་པས་འདི་ལྟ་བུ་ལ་ཉན་བསམ་སྒོམ་གསུམ་བྱེད་དུ་ཡོང་པ་ནི་བདག་སྐལ་བ་བཟང་ལ། རང་རེའི་བླ་མའི་གསུང་མགུར་ལས་ཀྱང༌། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ལ་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་རྒུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུས་པའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། ཞེས་གསུངས་སོ། །དེས་ན་གདམས་པ་འདི་གཞན་ལས་ཁྱད་པར་འཕགས་པའི་ཆེ་བ་བཞི་དང་ལྡན་པ་ཡིན་ཏེ། གདམས་པ་འདི་ལ་བརྟེན་ནས་རྒྱལ་བའི་གསུང་རབ་ཇི་སྙེད་པ་ཐམས་ཅད་ལས་ཁ་ཅིག་ལམ་གྱི་གཙོ་བོ། །ཁ་ཅིག་ལམ་གྱི་ཡན་ལག་

༧༦

སྟོན་བྱེད་དུ་ཤེས་ནས་དངོས་དང་བརྒྱུད་པ་ཅི་རིགས་པའི་སྒོ་ནས་གང་ཟག་རང་ཉིད་ལྟ་བུ་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་གོ་བས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། མདོ་སྔགས་ཀྱི་གསུང་རབ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཚད་ལྡན་རྣམས་ཕྱིའི་གོ་རྒྱ་གཅོད་པའི་བཤད་ཆོས་ཙམ་དང༌། ཉམས་སུ་ལེན་རྒྱུའི་སྙིང་བོ་ཡན་ལག་དེ་རྣམས་ལས་གཞན་ན་ཡོད་པར་འཛིན་པའི་ལོག་རྟོག་རྣམས་ལྷག་མ་མེད་པར་ལོག་ནས་གསུང་རབ་དགོངས་འགྲེལ་དང་བཅས་པའི་བརྗོད་བྱ་མཐའ་དག་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་གྱི་ལམ་གྱི་རིམ་པར་བསྡུས་ནས་དེ་དག་གི་གདམས་པའི་མཐིལ་དུ་བཟུང་སྟེ་བརྗོད་བྱའི་དོན་གྱི་དཔྱད་སྒོམ་དགོས་པ་ལ་དཔྱད་སྒོམ། འཇོག་སྒོམ་དགོས་པ་ལ་འཇོག་སྒོམ་བྱེད་པའི་ཉམས་ལེན་སྟོན་པའི་གདམས་ངག་ཏུ་གོ་བར་འགྱུར་བས་ན་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། དེ་ལྟར་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེ་བ་རྣམས་གདམས་པའི་མཆོག་ཡིན་ཡང༌། བདག་ལྟ་བུའི་རྒྱ་ཆེན་པོའི་གསུང་རབ་ཀྱི་དོན་ལ་མ་སྦྱངས་པའི་གང་ཟག་ལས་དང་པོ་པ་རྣམས་ཀྱིས་དམ་པའི་མན་ངག་ལ་མ་བརྟེན་པར་གཞུང་ཆེན་མོ་དེ་དག་གི་དོན་ལ་ཐོས་བསམ་གྱིས་ཞུགས་ཀྱང་དགོངས་དོན་ཇི་ལྟ་བ་བཞིན་མི་རྙེད་པའམ། རྙེད་ཀྱང་དུས་རྒྱུན་རིང་ཞིང་ཚེགས་ཤིན་ཏུ་ཆེ་བ་ལ་ལྟོས་དགོས། བླ་མ་དམ་པའི་མན་ངག་ལམ་སྒྲོན་ནི་བྱང་ཆུབ་ལམ་རིམ་ཉིད་ལྟ་བུ་ལ་བརྟེན་ནས་གཞུང་ཆེན་པོ་རྣམས་ཀྱི་དོན་ཚེགས་མེད་པར་རྙེད་པས་ན་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆོ་པ། དེ་ལྟར་རྙེད་པའི་ཚེ་སངས་རྒྱས་ཀྱི་བཀའ་ཐམས་ཅད་དངོས་དང་བརྒྱུད་པའི་སྒོ་ནས་འཚང་རྒྱ་བའི་ཐབས་སྟོན་བར་གོ་བས། འགའ་ཞིག་འཚང་རྒྱ་བའི་ཐབས་སྟོན་པར་བཟུང་ནས་སློབ་དགོས་པ་དང༌། འགའ་ཞིག་འཚང་རྒྱ་བའི་གེགས་སུ་བཟུང་ནས་དོར་བྱར་བྱེད་པ་

༧༧

ཆོས་སྤོང་གི་ལས་ཡིན་པས་གདམས་པ་འདི་ལ་བརྟེན་ནས་སྔར་བཤད་པ་ལྟར་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ངེས་པ་རྙེད་པ་ཙམ་གྱིས་དེ་ལྟ་བུའི་ཆོས་སྤང་གི་ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྱུར་བའི་ཆེ་བ་རྣམས་དང་ལྡན་པའི་ཕྱིར། དེ་ལྟར་ན་གསུང་རབ་ཀྱི་དོན་ལ་དཔྱོད་པའི་རྣམ་དཔྱོད་དང་ལྡན་པའམ། ལྡན་པར་འདོད་ན་ནི་རྒྱ་བོད་ཀྱི་མཁས་པའི་སྐྱེ་བོ་སྐལ་ལྡན་དུ་མས་བསྟེན་ཅིང་ཐུགས་ཉམས་སུ་བཞེས་པའི་གདམས་པ་མཆོག་ཏུ་གྱུར་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདིས་ཡིད་རང་དབང་མེད་པར་ཕྲོག་འཕྲོག་སྟེ་ཉན་བསམ་སྒོམ་པ་ལ་འཇུག་རིགས་ཏེ། གདམས་པ་དེ་ཉིད་གོང་དུ་བཤད་པ་ལྟར་གྱི་ཆེ་བ་བཞི་དང་ལྡན་པས་སོ། །རྗེ་བླ་མས་ཀྱང༌། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང༌། །གསུང་རབ་མ་ལུས་གདམས་པར་འཆར་བ་དང༌། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང༌། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང༌། །དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི། །སྐལ་ལྡན་དུ་མས་བསྟེན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད། ཅེས་གསུངས་པས་སོ། །དེ་ལྟ་བུའི་ཆེ་བ་དང་ལྡན་པའི་གདམས་པ་རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་བོ་ཕྱོགས་གཅིག་ཏུ་བསྡུས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཚུལ་འདི་ཡོངས་སུ་རྫོགས་པ་ལྟ་ཅི་སྨོས། ཐུན་རེ་ཙམ་ཕྱིན་ཅི་མ་ལོག་པར་སྟན་ཅིང་བཤད་པའི་ཕན་ཡོན་བསམས་ཏེ། སྙོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད། བསམ་སྦྱོར་རྣམ་དག་གི་སྒོ་ནས་སྣོད་ལྡན་གྱི་གང་ཟག་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་ལས་དམ་ཆོས་ཚུལ་བཞིན་བཤད་པའི་ཕན་ཡོན་རླབས་ཆེན་པོ་སྡུད་པ་དང༌། ཉན་ཚུལ་ཕྱིན་ཅི་མ་ལོག་པར་སྣོད་ཀྱི་སྐྱོན་གསུམ་སྤང་བ་དང་འདུ་ཤེས་དྲུག་བསྟེན་པ་སོགས་ཀྱི་སྒོ་ནས་ཉན་པ་ལ་དམ་

༧༨

ཆོས་ཐོས་པའི་ཕན་ཡོན་རླབས་ཆེན་སྡུད་པ་དེ་འབྱུང་བར་ངེས་པས། ཉན་བཤད་ཚུལ་བཞིན་དུ་བྱེད་པ་ལ་འབད་པར་བྱ་རིགས་ཤིང་བྱེད་དགོས་ཏེ། རྗེ་བླ་མས། གསུང་རབ་ཀུན་གྱི་སྙིང་བོ་བསྡུ་བ། །ཚུལ་འདི་ཐུན་རེ་སྟན་དང་ཉན་པས་ཀྱང༌། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་ཚོགས། །རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། ཞེས་གསུངས་པས་སོ། །འོ་ན་དེ་ལྟ་བུའི་གདམས་པ་ཚུལ་བཞིན་དུ་ཉན་པ་ལ་ཕན་ཡོན་རླབས་ཆེན་འབྱུང་བ་དེ་ལྟ་ན། གདམས་པ་ཁྱད་པར་ཅན་དེ་གང་ཟག་ཇི་ལྟ་བུ་ཞིག་ལས་ཉན་དགོས་སྙམ་ན། སྤྱིར་དམ་པའི་ཆོས་མཉན་པར་འོས་པའི་བཤེས་གཉེན་ལ་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཀྱི་སྐབས་ལས་བཤེས་གཉེན་གྱི་མཚན་ཉིད་མི་འདྲ་བ་མང་དུ་གསུངས་ཀྱང༌། གདམས་པ་རིན་པོ་ཆེ་འདི་ལྟ་བུའི་བཀའ་དྲིན་ནོད་པའི་དགེ་བའི་བཤེས་གཉེན་ནི་མདོ་སྡེ་རྒྱན་ལས་བཤད་པ་ལྟར་ལ། དུལ་བ་ཚུལ་ཁྲིམས་ཀྱི་བསླབ་པ། ཞི་བ་ཏིང་ངེ་འཛིན་གྱི་བསླབ་པ། ཉེ་བར་ཞི་བ་ཤེས་རབ་གྱི་བསླབ་པ་སྟེ། བསླབ་པ་གསུམ་གྱི་སྒོ་ནས་རྒྱུད་དུལ་བར་བྱས་པའི་རྟོགས་པའི་ཡོན་ཏན་དང༌། སྡེ་སྣོད་གསུམ་ལ་སོགས་པ་མང་དུ་ཐོས་པ་ལུང་གི་ཡོན་ཏན་དང༌། དེ་ཁོ་ན་ཉིད་རབ་ཏུ་རྟོགས་པའི་ཤེས་རབ་དང་ལྡན་པ། སློབ་མ་ལས་ཡོན་ཏན་ལྷག་པ་སྟེ། ཆོས་སྨྲ་བ་པོ་རང་གིས་ཐོབ་པའི་ཡོན་ཏན་དྲུག་དང༌། ལམ་ལ་ཇི་ལྟར་དཀྲི་བའི་རིམ་པ་ལ་མཁས་ཤིང་དོན་གདུལ་བྱའི་རྣ་བར་སྐྱེལ་བའི་སྨྲ་མཁས་པ། རྙེད་བཀུར་སོགས་ལ་མི་ལྟ་བར་སྙིང་རྗེས་ཀུན་ནས་བསླང་སྟེ་ཆོས་སྟོན་པས་ཀུན་སློང་དག་པ་བརྩེ་བ་དང༌། ཆོས་བཤད་པ་སོགས་ཀྱི་གཞན་དོན་ལ་སྤྲོ་བའི་བརྩོན་པ་དང་བཅས་པ་དང༌། འཆད་པའི་དཀའ་སྤྱད་དང༌། འཁོར་གྱིས་ལོག་སྒྲུབ་མི་བཟོད་པའི་རྟོག་པ་སྤངས་ཏེ་གཞན་

༧༩

རྗེས་སུ་འཛིན་པའི་ཡོན་ཏན་བཞི་དང་ལྡན་པ་སྟེ་ཆོས་བཅུ་ལྡན་ཞིག་བརྟེན་ནས་ཐེག་ཆེན་གྱི་གདམས་པ་དང་རྗེས་སུ་བསྟན་པ་ནོད་པར་བྱ་ཞིང༌། ཉན་པ་པོའི་གང་ཟག་ཀྱང་སྤྱིར་གཟུ་བོར་གནས་པ། ལམ་ཡང་དག་པ་དེ་ལ་ལྟར་སྣང་གི་རྣམ་དབྱེ་འབྱེད་པའི་བློ་དང་ལྡན་པ། ལམ་ཡང་དག་དོན་དུ་གཉེར་བ་གསུམ། དེའི་སྟེང་དུ་ཆོས་དང་ཆོས་སྨྲ་བ་ལ་གུས་པ་སྟེ་བཞི་ལྡན་དགོས་ལ། ཁྱད་པར་ལམ་འདི་ལྟ་བུ་ལ་དཀྲི་རུང་བའི་སློབ་མ་མཚན་ཉིད་དང་ལྡན་པ་ལ་ཆོས་ལ་དོན་གཉེར་ཆེ་བ། ཉན་པའི་ཚེ་ཡིད་ལ་ལེགས་པར་གཏོད་པ། ཆོས་དང་ཆོས་སྨྲ་བ་ལ་དད་གུས་ཆེ་བ། ཉེས་བཤད་དོར་ནས་ལེགས་བཤད་འཛིན་པའི་ཆོས་བཞི་ལྡན་དང༌། དེའི་མཐུན་རྐྱེན་བློ་དང་ལྡན་པ། འགལ་རྐྱེན་འདིར་བ་གཟུར་གནས་ཏེ་དྲུག་ལྡན་དུ་བྱ་དགོས་པས་རང་ཡང་ལམ་འདི་སྟོན་པ་པོ་བྱེད་འདོད་ན་བཤེས་གཉེན་གྱི་མཚན་ཉིད་དང་ལྡན་པ་ལ་འབད། ཉན་པའི་ཚེ་ཉན་པ་པོའི་མཚན་ཉིད་དང་ལྡན་པ་ལ་བསླབ་བོ། །དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་ལས་གདམས་ངག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཚུལ་བཞིན་ཉན་ནས་ཉམས་སུ་ཇི་ལྟར་ལེན་པའི་ཚུལ་ནི། དང་པོར་གནས་ཡིད་དང་མཐུན་པར་དཀོན་མཆོག་གི་རྟེན་བཀྲམ། མཆོད་པ་གཡོ་མེད་པར་ལེགས་པར་བཤམ། སྟན་བདེ་བ་ལ་སྐྱིལ་ཀྲུང་བཅས་བསམ་པ་ཐག་པ་ནས་བློ་ལྟོས་བཀལ་བའི་སྐྱབས་འགྲོ་རྒྱུད་དང་འདྲེས་པ་མང་དུ་བྱས། ཚད་མེད་པ་བཞི་བསྒོམ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། ཞེས་སོགས་ཀྱིས་སེམས་བསྐྱེད། ཨོཾ་སྭ་བྷཱ་ཝས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་སྟོང་བའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་ལ་ལམ་འདི་སྟོན་པའི་བླ་

༨༠

མ་དང་དབྱེར་མེད་པའི་བདག་གི་སྟོན་པ་ལ་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མས་བསྐོར་བ་དང༌། དེའི་མཐར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ། དཔའ་བོ་མཁའ་འགྲོ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ནས་བཞུགས་པར་གྱུར། །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐུགས་རྗེས་ཚད་མེད་འགྲོ་ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་ཕྲིན་ལས་རྒྱས་མཛད་པའི། །དུས་གསུམ་བླ་མ་འཁོར་བཅས་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། ཞེས་སོགས་ཀྱིས་སྤྱན་དྲངས། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། ཞེས་སོགས་ཀྱིས་ཁྲུས་ཁང་བསྐྱེད་པ། ཁྲུས་གསོལ་བ། སྐུ་དཔྱི་བ། ན་བཟའ་དང་རྒྱན་འབུལ་བ། བདག་དང་འགྲོལ་སོགས་ཀྱིས་མཆོད་པ། ཚོགས་ཀྱི་ཞིང་དུ་བཞུགས་སུ་གསོལ་བ་རྣམས་སྤྱོད་འཇུག་ནས་འབྱུང་བ་ལྟར་བྱ། དེ་ནས་བསགས་སྦྱོང་གི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ་ནི་ཐོག་མར། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། ཞེས་སོགས་དང༌། །ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང༌། །མཆོག་གཟིགས་ཏེ་ལོ་པ་དང་ཞེས་སོགས་ཀྱིས་ཉམས་ལེན་བྱིན་རླབས་བརྒྱུད་པ་དང༌། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། ཞེས་སོགས་ཀྱིས་རྒྱ་ཆེན་སྤྱོད་བརྒྱུད་དང༌། ཡོད་མེད་ཕྱོགས་འཇིག་རྒྱལ་སྲས་ཀླུ་སྒྲུབ་དང༌། ཞེས་སོགས་ཀྱིས་ཟབ་མོ་ལྟ་བརྒྱུད། རྒྱལ་བའི་མདུན་ན་ཞེས་སོགས་ཀྱིས་ཇོ་བོ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཞེས་སོགས་ཀྱིས་འབྲོམ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། ཅེས་སོགས་ཀྱིས་རྗེ་དང༌། རླབས་ཆེན་ཤེས་རབ་བཟང་པོའི་ལུས་སྟོབས་རྒྱས། ཅེས་སོགས་དང༌། རིག་གྲོལ་ཕུན་ཚོགས་ཅེས་སོགས་དང༌། དགོས་འདོད་ཀུན་འབྱུང་ཞེས་སོགས་དང༌། གང་ལ་བདག་

༨༡

ཅག་རིག་པ་བསླབ་པ་དང༌། ཞེས་སོགས་དང༌། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། ཞེས་སོགས་དང༌། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། ཅེས་སོགས་དང༌། ཇི་སྙེད་སུ་དག་ཅེས་པ་ནས། ཕྱག་འཚལ་མཆོད་པར་བགྱི། ཞེས་པའི་བར་བྱ། དེ་ནས་མཎྜལ་རྒྱས་བསྡུས་གང་ཡང་རུང་བ་དང༌། དེ་ལས་གཞན་ཡང་མཆོད་པའི་ཚོགས། ཞེས་པ་ནས། སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་པའི་བར་དང༌། སྤྱི་བཤགས་ཚར་གསུམ་བྱས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། ཞེས་པ་ནས། བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་བྱ། དེ་ནས་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་གདངས་ཡིད་འཁྲུལ་པ་དང་བཅས་ཏེ་གདོན། དེ་ནས་མཆོད་ཡུལ་རྣམས་རང་བཞིན་གྱི་གནས་སུ་གཤེགས་ཞེས་གཤེགས་གསོལ་བྱ། ཐུན་བཞིའམ་དྲུག་ཏུ་ཉམས་སུ་ལེན་ན་ཐུན་ཐ་མ་ལ་གཤེགས་གསོལ་བྱ། དེ་ནི་བཤེས་གཉེན་བསྟེན་ཚུལ་གྱི་སྔོན་འགྲོའོ། །བསྟེན་ཚུལ་དངོས་ནི་དཔྱད་སྒོམ་གྱི་སྒོ་ནས་བསྒོམ་པར་བྱ་སྟེ། དེ་ཡང་བདག་གི་དཔལ་ལྡན་བླ་མ་འདི་རྣམས་དངོས་གྲུབ་ཀྱི་རྩ་བ། འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ཡིན། སྨན་པ་དང་ནད་པ་བཞིན་དུ་བླ་མས་སྡུག་བསྔལ་གྱི་ནད་སེལ་བས་སྐུ་དྲིན་ཆེ། འཁོར་བ་ཐོག་མ་མེད་པ་ནས་ད་བར་འཁོར་བར་གཏན་འཁྱམས་བྱས་པ་བཤེས་གཉེན་དེ་དང་མ་མཇལ་བའམ། མཇལ་ཀྱང་དེའི་བཀའ་བཞིན་མ་བསྒྲུབས་པས་ལན། ད་ནི་ངས་བླ་མ་ཅི་མཉེས་བྱེད་དགོས། ཟས་ནོར་གྱིས་འགྲངས་ནས་སྐྱིད་རྒྱགས་པའི་སྐབས་སུ་གསེར་སྦྲམ་ལག་པས་ཐེག་ཚད་བྱིན་པ་ལས་ལྟོག་གྲིར་འཆི་ལ་ཁད་ལ་ཟས་ཕོར་གང་སྟེར་བ་དྲིན་ཆེ་བ་བཞིན། ང་ལ་ནི་རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །མན་ངག་རབ་ཏུ་སྟེར་བའི་ཕྱིར། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་གསུངས་པ་ལྟར་སངས་

༨༢

རྒྱས་རྣམས་ལས་ཀྱང་བླ་མ་འདི་བཀའ་དྲིན་ཆེ་ངེས་བསམ། སྔོན་བདག་ཅག་གི་སྟོན་པས། །སྐྱེ་བ་ཡོད་ན་འཆི་བ་ཡོད། །འགོག་པ་འདི་ནི་བདེ་བ་ཡིན། ཞེས་པའི་ཚིགས་བཅད་ཕྱེད་ཙམ་དང༌། ཚིགས་བཅད་རེ་ཙམ་གསན་པའི་བླ་མ་ལ་བཀའ་དྲིན་བསབས་པའམ། བླ་མ་དེ་མཉེས་པར་བྱ་བའི་ཕྱིར་གསེར་སྲང་འབུམ་ཕྲག་ཕུལ་བ་དང༌། རྒྱལ་བོའི་སྲས་དང་བཙུན་མོ་ལ་སོགས་པ་ཆེས་ཕོངས་པ་ཕུལ་བ། སྐུ་ལུས་ལ་མར་མེ་སྟོང་བཙུགས་པ་སོགས་ལུས་ལོངས་སྤྱོད་ཐམས་ཅད་གཏོང་བར་མཛད་འདུག །བདག་ཀྱང་སྟོན་པ་དེའི་རྗེས་འཇུག་ཡིན་ཞིང༌། ད་ལྟའི་བླ་མ་རྣམས་ལ་ཆོས་ཚད་མེད་པ་ཉན་ཡོད་པས་བཀའ་དྲིན་ཚད་མེད་ཨང༌། གལ་ཏེ་ད་ལྟའི་བླ་མ་སྐུ་ཡོན་ཆེ་བ་ཡིན་ན་བཀའ་དྲིན་རེ་ཙམ་འཁུར། དེ་མིན་ཅིར་ཡང་མི་རྩི་བའི་ཁར། ངས་ཆོས་ཉན་ཡོད་ཟེར་ཕར་དགྱེན་པ་བྱེད་པར་འདུག་སྟེ། དེ་ནི་མ་གོ་བ་ཤིན་ཏུ་ཆེ་བ་ཡིན་ཏེ། དཔེར་ན་ཕ་མ་ལ་ཡོན་ཏན་མེད་ཀྱང་དྲིན་ལེགས་པར་འཁུར་དགོས་ཤིང་ཁུར་ན་ཕན་ཡོན་དང་མ་ཁུར་ན་ཉེས་དམིགས་ཆེ་བ་བཞིན་དུ་བླ་མ་ལའང་ཆེ་ངེས་པ་ཡིན་ནོ། །ད་ལྟ་ནོར་ཅུང་ཟད་རེ་བྱིན་པ་ལ་ཡང་དྲིན་ཆེ་ཟེར་ན། བླ་མས་ཚེ་འདི་ཕྱི་ཐམས་ཅད་ཀྱི་བདེ་བ་ལ་སྦྱར་བ་ཡིན། ལེགས་པར་བརྟགས་ན་ཡ་གི་སངས་རྒྱས་བྱང་སེམས་ནས་ཁྱིམ་པ་རྣམས་ཀྱི་བར་ཐམས་ཅད་ལ་བླ་མ་མཉེས་པར་བྱས་མ་བྱས་ཀྱིས་སྐྱིད་སྡུག་གི་ཁྱད་པར་མངོན་དུ་མཐོང་བ་དང༌། །དེར་མ་ཟད་བླ་མས་ཚེ་གཅིག་ལ་སངས་རྒྱས་ལ་བཀོད་པ་ཡང་མང་དུ་བྱུང༌། ངས་ཀྱང་བླ་མ་ལ་མཆོད་པ་གསུམ་གྱིས་མཉེས་པར་བྱས་ནས་སངས་རྒྱས་མྱུར་དུ་འཐོབ་ངེས། དེས་ན་བླ་མའི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་པས་བཀའ་དྲིན་ཅན་གྱི་བླ་མ་མཉེས་པ་གལ་ཆེ་སྟེ། ཚེ་ཕྱི་མ་རྣམས་སུ་བཤེས་གཉེན་དམ་པ་དང་མཇལ་ཞིང་རྗེས་སུ་འཛིན་པ་ཡང་ད་ལྟ་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་མཉེས་པར་བྱེད་པ་ཁོ་ན་ལ་རག་ལས་པས་བཤེས་གཉེན་བསྟེན་ཚུལ་མ་འཆུགས་པ་གཅིག་མི་བྱེད་པའི་ཐབས་

༨༣

རང་མི་འདུག་ཨང༌། མདོ་བསྟན་བཅོས་ཐམས་ཅད་ལས་ཀྱང༌། བླ་མ་རྣམས་མཉེས་པར་སྒྲུབས་ཤིག་ཅེས་ཡང་ཡང་གསུངས་ཤིང༌། དེ་ངེད་རང་ལ་མི་འདོད་གདམ་ཁར་མ་གྱོད་བཀལ་བ་ནི་མིན། བསོད་ནམས་མི་འདོད་བ་ནི་སུ་ཡང་མེད། བསོད་ནམས་གསོག་པའི་ཞིང་ནི་བླ་མ་ལས་ལྷག་པ་མེད་པར་མདོ་རྒྱུད་བསྟན་བཅོས་ཀུན་ནས་གསུངས། མཉེས་པ་སྒྲུབ་པའང་བླ་མ་ལ་སྐྱོན་རྟོག་གི་བློ་ཡེམ་ཤོར་བའི་ཅི་མཛད་ལེགས་པར་ལྟ་བའི་སྒོ་ནས་དད་པ་ཁ་ཙམ་མིན་བར་སྙིང་ཁོང་རུས་པའི་དཀྱིལ་ནས་བསྒོམ་སྟེ། མཚན་ཐོས་པའམ་བླ་མ་དེ་དྲན་པ་ཙམ་གྱིས་ལུས་ཀྱི་བ་སྤུ་གཡོ། །མིག་ནས་མཆི་མ་འཛག་པ་སོགས་མ་བྱུང་གི་བར་དུ་བསྒོམ། དེ་ཡང་སྤྱིར་སེམས་ཅན་གང་གི་སྐྱོན་པའང་རྟོག་ཏུ་མི་རུང་བར་རྒྱལ་བ་སྲས་བཅས་ཀྱིས་གསུངས་ན་བླ་མ་ལ་ལྟ་ཅི་སྨོས། སྐྱོན་ཡོད་པ་ལྟར་སྣང་ཡང་ང་རང་སྣང་བ་མ་དག་པ་ཡིན། བླ་མ་ལ་དེ་ལྟ་བུའི་སྐྱོན་ག་ལ་མངའ། སྔོན་འཕགས་པ་ཐོགས་མེད་ཀྱིས་བྱམས་པ་བསྒྲུབ་པས་ཁྱི་མོ་སྨད་ཁོག་འབུས་གང་བར་གཟིགས་པ་དང༌། ནཱ་རོ་པས་ཏིལློ་པ་ཉ་གསོན་སྲེག་བྱེད་པར་གཟིགས་པ་སོགས་དང༌། ཡབ་སྲས་མཇལ་བའི་མདོ་སོགས་ལས་སངས་རྒྱས་ཀྱིས་བདུད་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་ཡང་བཤད། དེས་ན་བླ་མ་ལ་སྐྱོན་ག་ལ་ཡོད། སངས་རྒྱས་དངོས་ཡིན་ངེས་སྙམ་དུ་བསམ། དེ་ལྟ་མིན་པར་བླ་མ་ལ་སྐྱོན་རྟོག་གི་སྒོ་ནས་བརྙས་སྨད་སོགས་བྱས་ན་ནི་གསང་འདུས་རྩ་རྒྱུད་དང་བླ་མ་ལྔ་བཅུ་པ་སོགས་ལས་སྡིག་པ་གང་ལས་ཆེས་ཆེ་བའི་སྡིག་པ་བཤད་ཡོད། དེས་ན་བདག་གིས་འབྲོམ་སྟོན་པའི་རྣམ་མཐར་ལྟར་བླ་མ་མང་པོ་ཚོམ་ཚོམ་དུ་མི་འཚོལ། གང་ལ་བླ་མ་བཅོལ་བ་དེ་སྲོག་དང་བསྡོས་ནས་མ་གུས་པའི་བསམ་པ་གཏན་ནས་མ་སྐྱེས་པར་བྱེད་དགོས་ཨང་སྙམ་དུ་བསྒོམ་མོ། །རྗེ་བླ་མས་ཀྱང༌། ད་ནས་འདི་ཕྱིའི་ལེགས་

༨༤

ཚོགས་ཇི་སྙེད་བའི། །རྟེན་འབྲེལ་ལེགས་པར་འགྲིགས་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱ། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱོད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་བརྩེ་བ་ཆེན་པོས་གདམས་པར་མཛད་དོ། །འོ་ན་ལམ་སྟོན་པའི་བཤེས་གཉེན་དེ་ལྟར་འབད་པས་བསྟེན་ཅིང་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱ་དགོས་ན་བཀའ་ཇི་ལྟར་བསྒྲུབ་སྙམ་ན། བཤེས་གཉེན་དེས་ཇི་ལྟར་གདམས་པའི་དམ་པའི་ཆོས་ཚུལ་བཞིན་དུ་ཉམས་སུ་བླངས་ཏེ། རྒྱུ་དང་འབྲས་བུའི་སྒོ་ནས་ཤིན་ཏུ་རྙེད་དཀའ་ཞིང༌། རྙེད་ན་དོན་ཆེ་བའི་དལ་འབྱོར་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པ་འདི་དོན་ལྡན་དུ་བྱེད་པ་ལས་ལྷག་པའི་བཀའ་བཞིན་བསྒྲུབ་པའི་མཆོད་པ་གཞན་མི་འདུག་པས་དེས་ན་སོར་མོ་གསུམ་ཁར་བཅུག་ནས་མི་ལུས་ལན་ཅིག་ཐོབ་པ་འདི་སྟོང་ལོག་ཏུ་མ་སོང་བ་ཞིག་མ་བྱས་ན་ངའི་སྙིང་རུལ་བ་དང་འདྲ། ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་གཞན་དོན་གྲུབ་པ་ཞིག་དང༌། རྙེད་བཀུར་སོགས་དོན་གཉེར་གྱི་བསམ་པས་ཀུན་ནས་བསླངས་ཏེ་ཆོས་འཆད་ཉན། བསླབ་པའི་སྲུང་སྡོམ་སོགས་ཆོས་བརྒྱད་དཀར་ནག་ཁྲ་གསུམ་པོ་འདི་བཙན་ཆོད་དུ་བཞག་ནས་མི་རྟག་པ་བསྒོམ་པ་སོགས་ཀྱི་ཁ་ཞེ་མཐུན་ངེས་ཀྱི་ཆོས་ཤིག་ཉམས་སུ་མ་བླངས་ན་འདུན་མ་ཉེས་ཚབ་གཞན་ལས་ཆེ། རྟེན་འདི་ལ་རང་གིས་རང་ལ་མི་ཁྲེལ་བའི་ཆོས་རྣམ་དག་ཉམས་སུ་བླངས་ན་ནི་ནམ་བཞག་གཏན་གྱི་འདུན་མའི་རྐང་ཚུགས་ཏེ་ལེགས་ཚབ་གཞན་ལས་ཆེ་བ་འདུག །དེས་ནངས་ཁེ་ཆུང་ལ་ཉེན་ཆེ་བའི་འཇིག་རྟེན་གྱི་བྱ་བ་སྙིང་བོ་མེད་པའི་སྦུན་པ་འཕྱར་བ་འདི་ལས་ལྡོག་སྟེ། མི་ལུས་འདི་དོན་ལྡན་འཆི་ཁར་འགྱོད་མི་དགོས་པའི་སྙིང་པོ་

༨༥

ལོན་པ་ཞིག་བྱས། དེ་ཡང་ད་ལྟ་ཉིད་དུ་བྱེད་སྙམ་པའི་སྒོ་ནས་དལ་འབྱོར་ལ་སྙིང་བོ་ལེན་འདོད་སྐོམ་པས་གདུངས་པ་ཆུ་དོན་དུ་གཉེར་བ་ལྟར་བསྒོམ་པར་བྱ་ཞིང༌། རྗེ་བླ་མས་ཀྱང༌། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམ་ནས་འཇིག་རྟེན་བྱ་བ་ཀུན། །སྤུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པ་དགོས། ཞེས་ཀྱང་གསུང་ཡོད་ཨང་སྙམ་དུ་བསམ། འོ་ན་དལ་འབྱོར་གྱི་རྟེན་ལ་སྙིང་བོ་ལེན་དགོས་ན་སྙིང་བོ་ཇི་ལྟར་ལེན་དགོས་སྙམ་ན་འདི་ལ་གཉིས་གསུངས་པའི། དང་བོ་ལམ་སྤྱིའི་རྣམ་བཞག་བསྐྱེད་ཚུལ་འདི་ལ་གོ་བ་ཆགས་པ་ཤིན་ཏུ་གལ་ཆེ་བས་ཅུང་ཟད་བཤད་ན་འདི་ལ་སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཐམས་ཅད་འདུས་པའི་ཚུལ། སྐྱེས་བུ་གསུམ་གྱི་སྒོ་ནས་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །དང་བོ་ནི། སངས་རྒྱས་དང་བོར་ཐུགས་བསྐྱེད་པ་བར་དུ་ཚོགས་བསགས་པ་ཐ་མར་སངས་རྒྱས་པ་ཐམས་ཅད་སེམས་ཅན་གྱི་དོན། ཆོས་གསུངས་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་ཁོ་ན་ཡིན་ལ། བསྒྲུབ་བྱ་སེམས་ཅན་གྱི་དོན་ལ་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་གཉིས་ལས། དང་བོ་སྒྲུབ་ཚུལ་ལས་བརྩམས་ཏེ་གསུང་པ་ཐམས་ཅད་སྐྱེས་བུ་ཆུང་ངུ་དངོས་སམ་ཆུང་ངུ་དང་ཐུན་མོང་པའི་ཆོས་སྐོར་དུ་འདུས་ཏེ། སྐྱེས་བུ་ཆུང་ངུའི་ཁྱད་པར་ནི་ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། ཞེས་གསུངས་པ་ལྟར་ཚེ་འདི་ལ་ཆེད་ཆེར་མི་བྱེད་པར་ཕྱི་མར་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་ཞིང་དེའི་རྒྱུ་ཉམས་སུ་ལེན་པ་ཞིག་ལ་འཇོག །ངེས་ལེགས་ལ་འཁོར་བ་ལས་གྲོལ་བ་

༨༦

ཙམ་གྱི་ཐར་བ་དང་ཐམས་ཅད་མཁྱེན་པ་གཉིས་ལས། དང་བོ་སྒྲུབ་པ་ལས་བརྩམས་ཏེ་གསུངས་པ་ཐམས་ཅད་སྐྱེས་བུ་འབྲིང་དངོས་སམ་དེ་དང་ཐུན་མོང་གི་ཆོས་སྐོར་དུ་འདུས་ཏེ། ལམ་སྒྲོན་དུ་སྲིད་པའི་བདེ་ལས་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་བཟློག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། ཞེས་གསུངས་པ་ལྟར་སྐྱེས་བུ་འབྲིང་ཙམ་ནི། འཁོར་བའི་ཕུན་ཚོགས་ལ་རྒྱབ་ཀྱིས་ཕྱོགས་ནས་འཁོར་བ་སྤངས་པའི་བདེ་བ་ཙམ་རང་དོན་དུ་འཐོབ་བྱར་བྱས་ཏེ་དེའི་ཕྱིར་དུ་བསླབ་པ་གསུམ་ཉམས་སུ་ལེན་པ་ལ་འཇུག་པ་ཞིག་ལ་འཇོག །ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་ཐབས་ལ་ཡང་གསང་སྔགས་དང་ཕར་ཕྱིན་ཐེག་པ་གཉིས་སུ་ཡོད་པ། གཉིས་ཀ་ཡང་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུས་ཏེ། སྐྱེས་བུ་ཆེན་པོ་དེ་ལ་ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བས་སེམས་ཅན་གཞན་གྱི་སྡུག་བསྔལ་ཀུན་ཟད་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཐོབ་བྱར་བྱས་ཏེ་ཕར་ཕྱིན་དྲུག་དང་རིམ་གཉིས་ལ་སློབ་པ་ཞིག་ལ་འཇོག་པའི་ཕྱིར་རོ། །གཉིས་པ་སྐྱེས་བུ་གསུམ་གྱི་སྒོ་ནས་འཁྲིད་པའི་རྒྱུ་མཚན་བསྟན་པ་ནི་དེ་ལྟར་སྐྱེས་བུ་གསུམ་དུ་བཤད་ཀྱང་སྐབས་འདིར་སྐྱེས་བུ་ཆེན་པོའི་ལམ་དུ་འཁྲིད་པའི་ཡན་ལག་ཏུ་འོག་མ་གཉིས་ཀྱང་འཁྱེར་ཤེས་དགོས་ལ། དེ་ཡང་སྲིད་པའི་ཕུན་ཚོགས་ཙམ་ལ་ཐོབ་བྱར་བྱེད་པའི་སྐྱེས་བུ་ཆུང་ངུ་ཙམ་དང༌། འཁོར་བ་ལས་ཐར་བ་ཙམ་རང་དོན་དུ་ཐོབ་བྱར་བྱེད་པའི་སྐྱེས་བུ་འབྲིང་ཙམ་གྱི་ལམ་དུ་འཁྲིད་པ་མ་ཡིན་གྱི། །དེ་གཉིས་དང་ཐུན་མོང་བའི་ལམ་འགའ་ཞིག་སྐྱེས་བུ་ཆེན་པོའི་ལམ་ལ་འཁྲིད་པའི་སྔོན་འགྲོར་བྱས་ནས་དངོས་གཞི་སྐྱེས་བུ་ཆེན་པོའི་ལམ་དུ་འཁྲིད་པ་ཡིན་

༨༧

ལ། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་ཐེག་ཆེན་དུ་འཇུག་པའི་སྒོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལས་གཞན་མེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་དགོས། དེ་ལ་སྔོན་དུ་སེམས་བསྐྱེད་ཀྱི་ཕན་ཡོན་བསམ་སྟེ་སྤྲོ་ཤུགས་འཕེལ་བ་དགོས། སེམས་བསྐྱེད་ཀྱི་ཕན་ཡོན་ཀྱང་བསྡུ་ན་གནས་སྐབས་ཀྱི་དང་མཐར་ཐུག་གི་ཕན་ཡོན་གཉིས་ལས་གནས་སྐབས་མངོན་མཐོའི་བདེ་འབྲས་ཀྱང་སེམས་བསྐྱེད་ལ་བརྟེན་ནས་བདེ་བླག་ཏུ་འགྲུབ་པ། མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཡང་སེམས་བསྐྱེད་ལ་བརྟེན་ནས་འབྱུང་བས་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་ལ། དེ་ལ་ཡང་སེམས་ཅན་སྡུག་བསྔལ་གྱིས་མནར་བ་མི་བཟོད་པའི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་དགོས། དེ་ལ་ཡང་རང་སྡུག་བསྔལ་གྱིས་མནར་བ་ལ་མི་འདོད་པའི་བློ་ཤུགས་དྲག་གཅིག་དགོས་པས་ཐོག་མར་ཆུང་ངུའི་སྐབས་ཀྱི་རང་ལ་ངན་སོང་གི་སྡུག་བསྔལ་གྱིས་མནར་ཚུལ་བསམ་ནས་དེ་ལས་ཐར་འདོད་ཀྱི་བློ་དང༌། འབྲིང་གི་སྐབས་སུ་མཐོ་རིས་ན་ཡང་བདེ་བ་རང་མཚན་པ་མེད་ཚུལ་བསམ་ནས་འཁོར་བ་མཐའ་དག་ལས་ངེས་པར་འབྱུང་བའི་བློ་བསྐྱེད། དེ་ནས་རང་ཉམས་ལ་དཔག་ནས་མ་རྒན་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་སྒྲོལ་འདོད་ཀྱི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་དགོས་པས་ན་ཆུང་འབྲིང་དང་ཐུན་མོང་པའི་བློ་སྦྱོང་བ་ཆེན་པོའི་ལམ་དུ་འཁྲིད་པའི་ཐབས་མཆོག་ཏུ་འགྱུར་བ་ཡིན་པས་སོ། །གཉིས་པ་སྙིང་བོ་ལེན་ཚུལ་དངོས་ལ་གསུམ་ཡོད་པའི་དང་བོ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་ནི་བློ་ནང་དུ་ཧྲིལ་ཏེ་བཀུག་ནས། གལ་ཏེ་མི་ལུས་རིན་པོ་ཆེ་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བ་འདི་འདྲ་ཐོབ་འདུག་སྟེ་འདི་ཡུན་རིང་དུ་མི་གནས། ངེས་པར་འཆི། དེ་ཡང་གང་ཙམ་ན་འཆི་ངེས་པ་མི་འདུག་པས་ད་ལྟ་ཉིད་དུ་སྙིང་བོ་ལེན་པ་ལ་འབད་དགོས། དེ་ཡང་དེ་སྔ་ཕན་དྲག་ཞན་འབྲིང་གསུམ་འདི་ཙམ་ཞིག་ཁྲོམ་འུར་པ་

༨༨

བཞིན་དུ་འཆི་བདག་གིས་བཅོམ། ང་དེ་སྔ་ཕན་མ་ཤི་བ་དེ་ཡང་ཁར་རྗེ་རེ་ཆེན་སྙམ་སྙིང་ཆ་སྟོང་སྟོང་བ། ས་གཅིག་ཏུ་སྡོད་མི་ཚུགས་པ་ཙམ་གྱི་བློ་ཞིག་བསྙེད་ལ། རྡོར་ལོངས་སྤྱོད་གཉེན་ཉེ་བ་སུ་གང་དང་ཡང་འགྲོག་དབང་མེད་པར་དེ་རྣམས་ཀྱི་ཆེད་དུ་བསགས་པའི་སྡིག་པ་དེ་ཁྱེར་ནས་འགྲོ་དགོས་པ་འདི་འདྲ་ནི་ཡ་ཆ་སྙམ་པ་བྱ། ཚེ་འདི་སྣང་གི་བཟའ་དགའ་འཐུང་སྐྱིད། མི་ནོར་ཟས་གསུམ་སོགས་གང་སོང་སོང་སོང་ད་ངས་ཚེ་ལྷག་གང་ཡོད་འདི་ལ་ཆོས་གཤའ་མ་ཞིག་བྱེད། དེ་ཡང་དེ་རིང་ཉིད་ནས་བྱེད་དགོས་སྙམ་པ་བྱའོ། །འོ་ན་འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་ན། ཤི་བའི་ཚེ་ཆོས་ཀྱིས་ཇི་ལྟར་ཕན། ཆོས་མིན་གྱིས་ཇི་ལྟར་གནོད་སྙམ་ན། ངེད་རང་ཤི་ནས་ཀྱང་མེད་པར་མི་འགྲོ་བར་སྐྱེ་བ་ཞིག་ནི་བླང་དགོས་ཏེ་སྐྱེ་བ་ཡང་བདེ་འགྲོ་དང་ངན་འགྲོ་གང་རུང་ལས་མ་འདས། དེ་ཡང་ལས་ཀྱི་དབང་མ་གཏོགས་རང་དབང་ནི་མེད། ལས་དཀར་ནག་གིས་ཇི་ལྟར་འཕངས་པ་བཞིན་སྐྱེ་དགོས་ལ། དེ་ཡོད་པའི་ཚེ་དགེ་སེམས་མངོན་དུ་གྱུར་ན་ཕྱི་མ་བདེ་འགྲོར་སྐྱེ། དེའི་ཚེ་མི་དགེ་བའི་སེམས་མངོན་དུ་གྱུར་ན་ཕྱི་མ་ངན་འགྲོ་གསུམ་གང་རུང་དུ་སྐྱེས་ནས་སྡུག་བསྔལ་དྲག་པོ་མྱོང་དགོས། ངན་འགྲོ་ན་སྡུག་བསྔལ་ཇི་ལྟར་ཡོང་ན། མགོན་པོ་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གི་རིང་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེ་རྒྱུ་རྣམ་སྤངས་བདེ་རྒྱུ་སྦྱང༌། །འཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་བཅད་པར་བྱ། ཞེས་གསུངས་པ་ལྟར་དམྱལ་བ་རྣམས་ལ་ཚ་གྲང་གི་སྡུག་བསྔལ་བཟོད་པར་མི་ནུས་པ་ཡོད། ཡི་དྭགས་རྣམས་བཀྲེས་སྐོམ་གྱི་སྡུག་བསྔལ་བསྲན་མི་ནུས་པ། དུད་འགྲོ་རྣམས་ལ་གཅིག་

༨༩

ལ་གཅིག་ཟ་གླེན་ལྐུགས་སོགས་ཀྱི་སྡུག་བསྔལ་བཟོད་པར་མི་ནུས་པ་ཡོད། ད་ལྟ་མེ་མ་མུར་དུ་ལག་པ་བཅུག་ནས་ཡུད་ཙམ་སྡོད་པ་དང༌། དགུན་གྲང་བ་སྒང་ལ་གོས་མེད་པར་ཞག་གཅིག་ཙམ་སྡོད་པ་དང༌། ཞག་ཁ་ཡར་ཟས་གང་ཡང་མེད་པར་སྡོད་པ་དང༌། ལུས་ལ་སྦྲང་བུ་སོགས་ཀྱིས་སོ་བཏབ་པ་ཙམ་ཡང་བཟོད་པར་དཀའ་ན་ཚ་གྲང་གི་དམྱལ་བ་ཡི་དགས་དུད་འགྲོ་གཅིག་གིས་གཅིག་གསོན་པོར་མིད་པའི་སྡུག་བསྔལ་སོགས་བདག་གིས་ཇི་ལྟར་བཟོད་སྙམ་དུ་ད་ལྟའི་ཉམས་ལ་དཔག་ནས་ཤིན་ཏུ་འཇིགས་ཤིང་སྐྲག་པའི་ཡིད་ཀྱི་འགྱུར་བ་མ་ཐོན་བར་དུ་བསྒོམ་ཞིང༌། དེས་ན་བདག་གིས་དལ་བའི་རྟེན་བཟང་པོ་ཐོབ་པའི་དུས་འདིར་ངན་སོང་གི་རྒྱུ་སྤོང་བ་དང་བདེ་འགྲོའི་རྒྱུ་ལ་འབད་པའི་སྒོ་ནས་ངན་སོང་དུ་མི་སྐྱེ་བའི་ཐབས་ལ་འབད་པར་བྱའོ་སྙམ་དུ་བསྒོམ། འོ་ན་ངན་སོང་དུ་མི་སྐྱེ་བའི་ཐབས་ལ་ཇི་ལྟར་འབད་སྙམ་ན་གོང་དུ་བཤད་པ་ལྟར་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་པ་དང༌། འཇིགས་པ་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཤེས་ནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བར་བྱ་ལ། དཀོན་མཆོག་གསུམ་གྱིས་ངན་སོང་གི་འཇིགས་པ་ལས་སྐྱོབ་ནུས་པ་ཡང་ཡིན་ཏེ། སངས་རྒྱས་དཀོན་མཆོག་དེ་རང་འཇིགས་པ་ཐམས་ཅད་ལས་གྲོལ། །གཞན་འཇིགས་པ་ཐམས་ཅད་ལས་སྐྱོབ་པའི་ཐབས་ལ་མཁས། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག །ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པས་སྐྱབས་སུ་འོས་ཤིང༌། དེས་ཆོས་དང་དགེ་འདུན་ཡང་མཚན་ནུས་ལ། །དེས་ན་ཕྱི་རོལ་བའི་སྟོན་པ་དང་ཆོས་དང་དགེ་འདུན་ལ་ཡོན་ཏན་དེ་དག་གང་ཡང་མེད་པས་སྐྱབས་སུ་མི་འོས། དཀོན་མཆོག་གསུམ་ལ་ཡོན་ཏན་དེ་ལྟར་ཡོད་པས་སྐྱབས་སུ་འགྲོ་བར་འོས་སོ། །སྐྱབས་སུ་ཇི་ལྟར་འགྲོ་ན། རྐང་གཉིས་རྣམས་ཀྱི་

༩༠

མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བའི་སྟོན་པ་མཛད་དུ་གསོལ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བའི་སྐྱབས་དངོས་མཛད་དུ་གསོལ། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བའི་གྲོགས་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་བློ་ལིངས་བློས་བསླངས་ཏེ་བཀལ་བའི་སྐྱབས་འགྲོ་བྱ། དེ་ལྟར་སྐྱབས་སུ་སོང་ནས་བསླབ་བྱ་ལ་མ་བསླབས་ན་སྐྱབས་འགྲོ་ལས་ཉམས་པར་འགྱུར་བས་བསླབ་བྱ་ལ་སློབ་དགོས། དེ་ཡང་བདག་སངས་རྒྱས་ལ་སྐྱབས་སུ་སོང་ན་འཇིག་རྟེན་པའི་ལྷ་དྲག་པོ་ཁྱབ་འཇུག་སོགས་ལ་སྐྱབས་སུ་མི་འཛིན། སངས་རྒྱས་ཀྱི་སྐུ་གཟུགས་ལ་ཡང་སངས་རྒྱས་དངོས་ཀྱི་འདུ་ཤེས་བྱས་ཏེ་གུས་པར་བྱ། བདག་ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་མི་བྱ། ཡི་གེ་ན་གཅིག་ཡན་ཆད་ལ་མ་གུས་པ་སྤངས་ཏེ་གུས་པར་བྱ། བདག་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་ནས་མུ་སྟེགས་སམ་སྡིག་གྲོགས་དང་འགྲོགས་འདྲིས་མི་བྱ། ཐ་ན་སེར་མ་གྱོན་པ་ཙམ་ལ་ཡང་མ་གུས་པ་སྤངས་ཏེ་གུས་པར་བྱའོ། །གཞན་ཡང་ཕན་བདེ་དགེ་ལེགས་ཐམས་ཅད་དཀོན་མཆོག་གི་བཀའ་དྲིན་དུ་ཤེས་པར་བྱས་ཏེ་བཟའ་བཏུང་གི་ཕུང་སོགས་ཀྱིས་དཀོན་མཆོག་ལ་མཆོད་པ་དང༌། འཕྲལ་དང་ཕུག་གི་དོན་ཐམས་ཅད་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས་བྱེད་ཀྱི་ཕལ་པའི་མོ་བོན་སད་སུད་ལ་མི་བརྟེན། རང་གི་ནུས་པ་གང་ཡོད་ཀྱིས་སེམས་ཅན་གཞན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་ལ་དགོད། སྲོག་གི་ཕྱིར་ཡང་དཀོན་མཆོག་མི་གཏོང་ཞིང༌། དེ་གཏོང་པའི་ཚིག་ཙམ་ཡང་མ་ཤོར་བ་བྱེད་དགོས་ཡང་སྙམ་པར་བྱས་ནས་ཉིན་ལན་གསུམ་མཚན་ལན་

༩༡

གསུམ་དུ་བསམས་ལ། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ་གཞན་དུ་མི་སྨྲ་བའི་སྒོ་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བསམ་པ་ཐག་པ་ནས་སྐྱབས་འགྲོ་བྱའོ། །འོ་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ནུས་མོད། མཐོ་རིས་ཀྱི་འཇིག་རྟེན་ཇི་ལྟ་བུ་སྒྲུབ་སྙམ་ན། དེ་ཡང་དཀར་ནག་གི་ལས་འབྲས་བསམ་སྟེ་དགེ་སྡིག་གི་ལས་སོ་སོར་ངེས་པ་དང༌། འཕེལ་ཆེ་བ་ལས་མ་བྱས་པ་དང་མི་འཕྲད་པ་ལས་བྱས་པ་ཆུད་མི་ཟ་བ་སོགས་ཀྱི་ཚུལ་བསམ་སྟེ་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་བྱེད་དགོས་ལ། དེ་ཡང་དངོས་སྟོབས་ཀྱི་རིགས་པས་ངེས་མི་ནུས་པས། ཏིང་ངེ་འཛིན་གྱི་རྒྱལ་བོ་ལས། །ཟླ་བ་སྐར་མར་བཅས་པ་གནས་ལྷུང་ཞིང༌། །རི་དང་གྲོང་དང་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང༌། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང༌། ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་གསུང་ལ་ཞེ་ཐག་པ་ནས་ཡིད་ཆེས་རྙེད་པར་བྱས་ནས། །མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པའི་རིགས། །ཞེས་དང༌། །དགེ་བའི་ཕྱོགས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །དེའི་ཡང་རྩ་བ་རྟག་ཏུ་ནི། །རྣམ་སྨིན་འབྲས་བུ་སྒོམ་པའོ། །ཞེས་གསུངས་པ་ལྟར། སྤྱིར་མི་དགེ་བ་མཐའ་དག་སྤངས། ཁྱད་པར་སྒོ་གསུམ་གྱི་མི་དགེ་བ་བཅུ་ཆེ་འབྲིང་ཆུང་ངུར་སྤྱོད་པའི་རྣམ་སྨིན་ངན་སོང་དུ་སྐྱེ་བ། རྒྱུ་མཐུན་དང་བདག་འབྲས་སོགས་ཡིད་དུ་མི་འོང་བ་འབྱིན་ཚུལ་བསམས་ལ། བདེན་པ་པོའི་ལེའུ་ལས། རྒྱལ་བོ་ཁྱོད་ནི་སྲོག་གཅོད་མ་མཛད་ཅིག །སྐྱེ་བོ་ཀུན་ལ་སྲོག་ནི་རབ་ཏུ་ཕོངས། །དེ་བས་ཡུན་རིང་ཚེ་བསྲིང་སུ་འདོད་པ། །ཡིད་ཀྱིས་སུ་ལའང་སྲོག་

༩༢

གཅོད་མི་བསམ་མོ། །ཞེས་གསུངས་པ་ལྟར་སྲོག་གཅོད་པ་སོགས་ཀྱི་ཁ་ན་མ་ཐོ་བ་རྣམས་ལ་ཀུན་སློང་ཙམ་ཡང་མི་རྒྱུ་བར་སྡོམ་སེམས་མང་དུ་བསྟེན། སྲོག་གཅོད་སྤོང་པ་སོགས་དགེ་བ་མཐའ་དག་ལ་འབད་ནས་སྒྲུབ་དགོས་ཨང༌། རྗེ་བླ་མས་ཀྱང༌། ཤི་ནས་ངན་འགྲོར་མི་སྐྱེའི་གདིང་མེད་ཅིང༌། །དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། །དེ་ཕྱིར་སྐྱབས་འགྲོ་ཤིན་ཏུ་བསྟེན་པ་དང༌། །དེ་ཡི་བསླབ་བྱ་ཉམས་པ་མེད་པར་བྱ། །དེ་ཡང་དཀར་ནག་ལས་འབྲས་ལེགས་བསམ་སྟེ། །བླང་དོར་ཚུལ་བཞིན་སྒྲུབ་ལ་རག་ལས་སོ། །ཞེས་གསུངས། དེ་ཡང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུངས་པས་རྟེན་བཟང་པོ་རྙེད་མོད་ཀྱང་ལམ་མཆོག་རྣམ་མཁྱེན་སྒྲུབ་པ་ལ་རིགས་མཐོ་ཞིང་གཟུགས་བཟང་བ་སོགས་ཀྱི་རྣམ་སྨིན་གྱི་ཡོན་ཏན་བརྒྱད་དང་ལྡན་པ་ཞིག་སྒྲུབ་དགོས་པས་དེའི་རྒྱུ་སེམས་ཅན་གཞན་ལ་འཚེ་བ་སྤོང་བ། མར་མེ་དང་གོས་གསར་པ་སོགས་སྦྱིན་པ། ང་རྒྱལ་བཅོམ་ནས་གཞན་ལ་གུས་པར་བྱ་བ་སོགས་ལ་དྲན་ཤེས་བསྟེན་ནས་ལག་ཏུ་ལེན་དགོས། འོན་ཀྱང་ཉོན་མོངས་མང་བ་སོགས་ཀྱིས་གལ་ཏེ་སྡིག་ལྟུང་གིས་གོས་ན། དེ་ཇི་མི་སྙམ་པར་མི་འཇོག་པར་ལྟུང་བ་རྣམས་སྐབས་དང་བསྟུན་པའི་ཕྱིར་བཅོས་དང༌། སྡིག་པ་རྣམས་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པར་བྱས་ལ། སྒོ་གསུམ་སྡིག་ལྟུང་གིས་མ་གོས་པ་ལ་འབད་པར་བྱ་དགོས་ཏེ། རྗེ་བླ་མས་ཀྱང༌། ལམ་མཆོག་སྒྲུབ་ལ་མཚན་ཉིད་ཚང་བའི་རྟེན། །མ་རེད་པར་དུས་ཚོད་མི་འོང་པས། །དེ་ཡི་མ་ཚང་མེད་པའི་རྒྱུ་ལ་བསླབ། །སྒོ་གསུམ་སྡིག་ལྟུང་དྲི་མས་སྦགས་པ་འདི། །ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །རྒྱུན་དུ་སྟོབས་བཞི་ཚང་བ་བསྟེན་པ་གཅེས། ཞེས་གསུངས་པས་སོ། །དེ་ལྟར་བསྒོམས་པས་ཚེ་འདི་ལ་བློ་ལོག་སྟེ་ཚེ་ཕྱི་མའི་ཕུན་ཚོགས་དོན་གཉེར་གྱི་

༩༣

བློ་བཅོས་མིན་ནམ་སྐྱེས་པ་ན་སྐྱེས་བུ་ཆུང་ངུའི་ལམ་ལ་བློ་སྦྱོངས་པའི་ལག་རྗེས་བྱུང་བ་ཡིན་ནོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱང་བ་ནི། དེ་ལྟར་མི་དགེ་བཅུ་སྤངས་ཤིང་དགེ་བཅུ་ཉམས་སུ་བླངས་པས་མཐོ་རིས་ཀྱི་རྟེན་ཁྱད་པར་ཅན་ཞིག་འཐོབ་མོད་ཀྱང་འཁོར་བའི་སྡུག་བསྔལ་ལས་མ་འདས་པས། དེས་ན་སྡུག་བསྔལ་མཐའ་དག་སྤངས་པའི་ཐར་བ་ཞིག་ཐོབ་དགོས་སོ། །འོ་ན་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཇི་ལྟར་ཡིན་སྙམ་ན། ངན་སོང་གསུམ་ནི་སྔར་བཤད་པ་ལྟར་ཡིན་ལ། དེ་ཡང་སྐབས་འདིར་ཅུང་ཟད་ཁྱད་པར་བཏོན་ནས་བསམ་དགོས་པ་ནི་ངན་སོང་སོ་སོའི་སྡུག་བསྔལ་བསམ་ནས་དེའི་རྗེས་ལ། འདི་ལྟ་བུའི་སྡུག་བསྔལ་དར་དྲག་ལ་རྒྱུན་རིང་བ་འདི་བདག་གིས་བཟོད་ཐབས་མི་འདུག་པས་འདིས་མཚོན་པའི་འཁོར་བའི་སྡུག་བསྔལ་སྤངས་པའི་ཐར་བ་ཅི་ནས་ཀྱང་ཐོབ་པར་བྱ་སྙམ་དུ་བསམ། ངན་སོང་ལས་གཞན་པའི་འཁོར་བ་མཐོ་དམན་མཐའ་དག་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། མི་རྣམས་ལ་ནི་སྐྱེ་བ་ན་མའི་མངལ་མུན་ནག་དྲི་ང་བ་ལྗན་ལྗིན་མང་བ་སོགས་ཀྱིས་སྡུག་བསྔལ་ཞིང༌། སྐྱེ་བ་ན་ཞག་བདུན་ཕྲག་སོ་བརྒྱད་པ་ལ་སྔོན་ལས་ཀྱི་རང་གིས་བདས་ཏེ་འཇུར་མིག་ལ་འདྲེན་པའམ། ཏིལ་བཙིར་བ་ལྟར་ཤིན་ཏུ་སྡུག་བསྔལ་བ་དང༌། བཙས་ནས་ཀྱང་ཤིན་ཏུ་འཇམ་པའི་གདན་ལ་བཞག་ཀྱང་ཚེར་མའི་ཁྲོད་དུ་ལྷུང་བ་ལྟ་བུའི་སྡུག་བསྔལ་བཟོད་ཐབས་མེད་པ་ཉམས་སུ་མྱོང་བས་ན་སྐྱེ་བའི་སྡུག་བསྔལ་དེ་ལྟ་བུ་ཡོད། བཙས་ནས་ལུས་ལང་ཚོ་དར་ལ་བབ་པར་གྱུར་བ་ནི་རིམ་པས་སྐེད་པ་ནི་གཞུ་ལྟར་དགུག །མགོ་བོ་ནི་སྤྲ་བའི་མེ་ཏོག་ལྟར་དཀར། དཔྲལ་བ་ནི་གྲས་སྟན་ལྟར་གཉེར་མས་ཁེངས། སྡོད་པའི་ཚེ་སྐྱ་ཐག་ཆད་པ་ལྟ་བུ། ལྡང་བའི་ཚེ་ཤིང་ཆ་གནམ་དུ་འདོན་པ་འདྲ་བ། སྨྲ་ནི་ལྕེ་རྡིབ། །

༩༤

འགྲོ་ན་ལུས་འབུབ་འཁྱོར། མིག་རྣ་སོགས་ཀྱིས་ཡུལ་གསལ་བར་མི་མཐོང༌། ལུས་ཀྱི་མདངས་ཉམས་པ་ནི་རོ་ལྟ་བུ། དྲན་པ་ཉམས་པས་བརྗེད་ངེས་ཆེ། བཟའ་བཏུང་སོགས་འཇུ་དཀའ་ཞིང་ཇི་ལྟར་འདོད་པ་བཞིན་ལོངས་སྤྱོད་མི་ནུས། ཚེ་ཕལ་ཆེར་ཟད་པས་འཆི་བ་ལ་མྱུར་དུ་ཕྱོགས་པའི་རྒ་བའི་སྡུག་བསྔལ་དང༌། ལུས་ཀྱི་འབྱུང་བ་ཆ་མ་སྙོམས་པར་འཁྲུགས་ཏེ་ན་བའི་ཚེ་ཕྱིའི་པགས་པ་སྐམ། ནང་གི་ཤ་ཞུ། བཟའ་བཏུང་ཡིད་དུ་འོང་བ་རྣམས་ནང་ལ་ཕོག་དོག་པ་སྤང་དགོས། །ཡིད་དུ་མི་འོང་བའི་བཟའ་བཏུང་སྨན་ལ་སོགས་པ་མི་འདོད་བཞིན་བསྟན་དགོས། གཏར་སྲེག་སོགས་ཀྱི་དཔྱད་རྩུབ་མོ་རྣམས་བསྟེན་དགོས། ནད་མི་འཚོ་བར་དོགས་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་དགོས་པ་ན་བའི་སྡུག་བསྔལ། འཆི་ངེས་བའི་ནད་དྲག་པོས་ཐེབས་ན་འཆི་བར་ཤེས། སྔར་བྱས་ཀྱི་ལས་ངན་རྣམས་ལ་ནི་འགྱོད་མི་ཚེ་སྟོང་ཟད་དུ་སོང་བ་ནི་དྲན། ལུས་ལོངས་སྤྱོད་གཉེན་བཤེས་འཁོར་གཡོག་རྣམས་འབྲལ་བ་ནི་ཤེས། ཁ་ནི་བསྐམས། མཆུ་ནི་བརྫེས། །སྣ་ནི་ཞོམ། མིག་ནི་ཀོང་དམར་པོར་སོང༌། དབུགས་ནི་བརྩེགས། ངན་སོང་གི་སྡུག་བསྔལ་དྲག་པོས་ནི་འཇིགས། མི་འདོད་བཞིན་དུ་འཆི་དགོས་པའི་སྡུག་བསྔལ། རེས་འགའ་ཆོམ་རྐུན་སོགས་དགྲ་མི་སྡུག་པ་དང་ཕྲད་ནས་ཟས་ནོར་ཐམས་ཅད་བཅོམ། ལུས་ལ་མཚོན་དང་དབྱུག་པ་སོགས་ཀྱིས་བསྣུན། རེས་རྒྱལ་པོ་སོགས་ཀྱི་ཆད་ལས་མི་འདྲ་བ་སྣ་ཚོགས་ཀྱིས་མནར་བ་དང༌། ཡང་ན་གཏམ་ངན་ཐོས་པ་སོགས་ཀྱི་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ། ཟས་ནོར་སོགས་བདེ་སྡུག་གཏམ་ངན་ཁྱད་དུ་བསད་ནས་བསྒྲུབས་པ་རྣམས་དང་སྙིང་ཉེ་བ་སོགས་ཡིད་དུ་འོང་བ་དང་མི་འདོད་བཞིན་དུ་འབྲལ་བའི་སྡུག་བསྔལ། འདོད་པ་བཙལ་ཡང་མ་རྙེད་པའི་སྡུག་བསྔལ་ནི་ཁྱིམ་པ་ལྟ་བུ་ལ་ཞིང་ལས་ལ་འབད་ཀྱང་ཐན་པ་སད་

༩༥

སེར་སོགས་ཀྱིས་ལོ་ཏོག་འདོད་པ་བཞིན་མ་གྲུབ་པ། གྲུ་གཅོད་པའི་ཚེ་རླུང་ལ་སོགས་པས་མ་རུངས་པར་གྱུར་པ། ཚོང་པ་ཡིན་ན་ཚོང་ཟོང་བརླག་པ་ཁེ་སྤོགས་མ་བྱུང་བ་སོགས་དང༌། རབ་བྱུང་རྣམས་ལ་ནི་ཁས་བླངས་པའི་ཚུལ་ཁྲིམས་མགོ་མ་ཐོན་པ་སོགས་གང་རེ་བ་དེ་མ་ཐོབ་པའི་སྡུག་བསྔལ། ཉེར་ལེན་གྱི་ཕུང་པོ་འདི་བླངས་ཙམ་གྱིས་ཚེ་འདིར་ན་རྒ་འཆི་བ་སོགས་སྡུག་བསྔལ་གྱི་རྟེན་བྱེད། ཚེ་ཕྱི་མའི་སྡུག་བསྔལ་རྣམས་འདྲེན་པར་བྱེད། སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གཉིས་ཀྱི་སྣོད་དུ་གྱུར་བ་དང༌། ངོ་བོ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྡུག་བསྔལ་བའི་རང་བཞིན་མ་གཏོགས་བདེ་བའི་རང་བཞིན་ཅུང་ཟད་ཀྱང་མི་འདུག་གོ། །ལྷ་མིན་ནི་ལུས་བཅད་དྲལ་སོགས་ཀྱི་སྡུག་བསྔལ་ཤིན་ཏུ་རྩུབ་པ་ལས་མ་འདས། འདོད་ལྷ་རྣམས་ལ་ནི་འཆི་ལྟས་ལྔས་ཟིན་པ་ན་དམྱལ་བའི་སྡུག་བསྔལ་ལས་ཆེས་ཆེ་བའི་སྡུག་བསྔལ་དང༌། སྤ་བཀོང་བ་དང༌། གནས་ནས་སྐྲོད་པ་སོགས་སྡུག་བསྔལ་དཔག་ཏུ་མེད་པ་ཡོང༌། །ཁམས་གོང་མའི་ལྷ་སོ་སྐྱེལ་སྡུག་བསྔལ་གྱི་སྡུག་བསྔལ་མངོན་གྱུར་མེད་ཀྱང༌། བསམ་གཏན་གསུམ་པ་མན་ཆད་ལ་འགྱུར་བའི་སྡུག་བསྔལ་དང༌། བསམ་གཏན་བཞི་པ་དང་གཟུགས་མེད་ཁམས་སུ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཕོལ་མིག་ཀུན་ནས་ཚ་བ་ལྟ་བུའི་སྡུག་བསྔལ་ལས་མ་འདས་འདུག་པས་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་འདི་རྣམས་སྤངས་པའི་ཐར་བའི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱེད་དགོས་སོ། །དེ་ཡང་རྒྱུ་མེད་རྐྱེན་མེད་དུ་མི་འཐོབ་པས་ཐར་བ་ཐོབ་བྱེད་ཀྱི་ཐབས་བསླབ་པ་གསུམ་ལ་ཚུལ་བཞིན་དུ་བསླབ་པར་བྱ་དགོས། དེ་ཡང་བསླབ་པ་གཞན་གཉིས་ཀྱི་གཞི་རྟེན་མེད་མི་རུང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བསླབ་དགོས། དེ་ཡང་མི་ཤེས་པ་སོགས་ལྟུང་བ་འབྱུང་བའི་རྒྱུ་རྣམས་ལ་དྲན་ཤེས་ཀྱི་ལེགས་

༩༦

པར་བརྟགས་ནས་དང་པོར་ལྟུང་བ་མི་འབྱུང་བ་ཞིག་བྱེད། གལ་ཏེ་བྱུང་ཡང་ལྟུང་བ་དང་རྒྱུན་རིང་དུ་མི་འགྲོགས་པར་བཤགས་སྡོམ་ཚུལ་བཞིན་དུ་བྱེད་དགོས། དེས་ན་ཉོན་མོངས་པ་གང་ཆེ་བ་དེའི་གཉེན་པོ་འབད་ནས་བསྒོམས་ཏེ་ལྟུང་བས་མ་གོས་པར་བྱེད་ཅིང་ལས་དང་བྱ་བ་ཅི་བྱེད་ཀྱང་སྟོན་པའི་བཀའ་དང་མི་འགལ་བར་རང་ལ་མི་ཁྲེལ་བ་ཞིག་བྱེད་དགོས་ཨང༌། རྗེ་བླ་མས་ཀྱང༌། །སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། །ཐར་བ་དོན་གཉེར་ཇི་བཞིན་མི་སྐྱོ་ཞིང༌། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམ་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །སྲིད་ལས་ངེས་འབྱུང་སྐྱོ་ཤས་བསྟེན་པ་དང༌། །འཁོར་བར་གང་གིས་བཅིངས་པ་ཤེས་པ་གཅེས། ཞེས་གསུངས་གདའོ། །དེས་ན་འཁོར་བ་མཐའ་དག་ལ་མེ་འབར་བའི་ཁྱིམ་དུ་ཚུད་པའི་མི་ཞིག་ཁྱིམ་དེ་ལས་ཐར་འདོད་ཡོད་པ་ལྟ་བུའི་འཁོར་བ་ལས་བློ་ལོག་པའི་བློ་སྐྱེས་པ་ན་སྐྱེས་བུ་འབྲིང་གི་ལམ་ལ་བློ་སྦྱངས་པའི་ལག་རྗེས་བྱུང་བ་ཡིན་ནོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱོང་བ་ནི། དེ་ལྟར་ལམ་བསླབ་པ་གསུམ་ཉམས་སུ་བླངས་པས་ཐར་བའི་གོ་འཕང་ཙམ་ཐོབ་ཀྱང༌། དེ་ཙམ་གྱིས་མི་ཆོག་སྟེ། ཐར་བ་ཙམ་ཐོབ་ཕྱིན་ཆད་འཁོར་བར་འཁྱམས་མི་དགོས་ཀྱང་སྐྱོན་ཕྱོགས་རེ་ཙམ་སྤངས་པ་དང་ཡོན་ཏན་ཕྱོགས་རེ་རྫོགས་པ་ཡིན་པས་རང་དོན་མཐར་ཕྱིན་མ་ཐོབ། དེའི་གནད་ཀྱིས་གཞན་དོན་ཡང་ཉི་ཚེ་བ་ལས་མི་འགྲུབ། དེས་ན་དོན་གཉིས་མཐར་ཕྱིན་གྱི་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་པར་བྱེད་དགོས་པར་འདུག་གོ། །སངས་རྒྱས་དེ་ཡང་རང་ཉིད་རྐྱང་པའི་ཕྱིར་མིན་གྱི། སེམས་ཅན་ཐམས་ཅད་ཀྱི་ཕྱིར་དོན་དུ་གཉེར་བ་ཞིག་དགོས་ཏེ། རང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བ་བཞིན་དུ་སེམས་ཅན་རྣམས་ཀྱང་སྡུག་བསྔལ་གྱིས་མནར་བས་ཉམ་ཐག་པ་ཤ་སྟག་ཡིན་ཞིང༌། སེམས་ཅན་རྣམས་རང་གི་ཕ་མར་མ་གྱུར་བ་གཅིག་ཀྱང་མེད།

༩༧

དེ་ཡང་ལན་གྲངས་དཔག་ཏུ་མེད་པར་བྱས་ཤིང་དྲིན་གྱིས་བསྐྱངས་པའི་དྲིན་ཅན་འབའ་ཞིག་ཡིན་པས་དྲིན་ཅན་དེ་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ། མི་གནས་པའི་མྱང་འདས་བླ་ན་མེད་པའི་གོ་འཕང་ལ་དགོད་པའི་ཕྱིར་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བྱའོ། །དེ་ཡང་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་དགོས་ཏེ། རྒྱུ་འབྲས་བདུན་ཡང་སེམས་ཅན་ཐམས་ཅན་མར་ཤེས་པ་ལས་དེ་ཐམས་ཅད་ཀྱི་དྲིན་དྲན་པ་འབྱུང༌། དེ་ལས་དྲིན་གཟོ། དེ་ལས་ཡིད་འོང་གི་བློ། དེ་ལས་ལྷག་བསམ་འདྲེན་ནུས་པའི་བྱམས་པ་དང་སྙིང་རྗེ། དེ་ལས་ལྷག་བསམ་རྣམ་དག །དེ་ལས་བྱང་ཆུབ་ཀྱི་སེམས། དེ་ལས་རྣམས་མཁྱེན་འབྱུང་བའི་ཕྲུགས་བདུན་ཡོད་ལ། དེ་དག་གི་སྔོན་དུ་ཡང་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་གཏང་སྙོམས་སྒོམ་དགོས་ཏེ། སེམས་ཅན་རྣམས་ལ་ཉེ་རིང་བར་མ་ཕྱོགས་སུ་ལྟུང་བ་ཡོད་ན་སེམས་ཅན་རྣམས་ལ་མར་ཤེས་ཀྱི་བློ་མཚན་ཉིད་ཚང་བ་མི་སྐྱེ། བྱམས་སྙིང་རྗེ་ཅུང་ཟད་སྐྱེ་བ་ཡང་ཕྱོགས་རིས་ཅན་དུ་འགྲོ། །དེས་ན་ཐོག་མར་བཏང་སྙོམས་སྒོམ་དགོས། །དེའི་ཚུལ་ཡང་ཚེ་འདིར་ཕན་གནོད་གང་ཡང་མ་བྱས་པའི་བར་མའི་སེམས་ཅན་དུ་མ་ལ་དམིགས་ནས། འདི་དག་གི་ངོས་ནས་བདེ་བ་འདོད་སྡུག་བསྔལ་མི་འདོད་པར་ཡང་མཚུངས་ཤིང༌། རང་གི་ངོས་ནས་འདི་རྣམས་རང་གི་ཕ་མ་བྱས་པའི་གཉེན་ཤ་སྟག་ཡིན་པས་འགའ་རེ་ཉེ་བར་བཟུང་ཕན་འདོགས་འགའ་རེ་རིང་བར་བཟུང་ནས་གནོད་པ་སྐྱེལ་བའི་ཆ་གཉིས་མི་བྱ་བར་འདི་ཐམས་ཅད་ལ་སེམས་མཉམ་པར་བྱའོ་སྙམ་དུ་བསྒོམ། དེ་ནས་ཚེ་འདིའི་གཉེན་ཉེ་བ་རྣམས་དང༌། དེ་ནས་ཚེ་འདིར་གནོད་པ་བྱས་པའི་སེམས་ཅན་རྣམས་ལའང་མཉམ་པར་བྱ། དེ་ལས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བཏང་སྙོམས་བསྐྱེད་པར་བྱའོ། །དེ་སྐྱེས་པ་དང་འཁོར་བ་ལ་ཐོག་མཐའ་མེད་པས་ན་བདག་

༩༨

གི་སྐྱེ་བ་ལའང་ཐོག་མཐའ་མེད། དེའི་གནད་ཀྱིས་གནས་འདི་ལྟ་བུར་མ་སྐྱེས་ཞེས་བྱ་བའམ། སེམས་ཅན་འདི་འདྲ་ཞིག་གིས་བདག་གིས་མ་བྱས་ཞེས་བྱ་བ་གཅིག་ཀྱང་མེད། བྱས་པ་ལ་གྲངས་ཀྱིས་ཀྱང་མི་ཆོད། དེས་ན་སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་མ་གཏོགས་སེམས་ཅན་གྱི་ཁམས་ན་རང་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད། ཕ་མར་གྱུར་རེས་ཀྱི་ཚེ་འདིའི་མ་དང་འདྲ་བར་དྲིན་གྱིས་བསྐྱངས་པའི་དྲིན་ཅན་ཤ་སྟག་ཡིན། ཚེ་འདིའི་མས་དྲིན་གྱིས་ཇི་ལྟར་བསྐྱངས་ན། བདག་གི་ད་ལྟའི་མ་འདིས་མངལ་དུ་ཡོད་བའི་ཚེ་བདག་ལ་གནོད་ཀྱིས་དོགས་གཡོར་བཟོ་བ་སོགས་ཀྱིས་བསྐྱངས། བཙས་ནས་ནི་འཇམ་པའི་གོས་སྟན་ལ་བཞག །སོར་མོ་བཅུའི་ཁ་ལ་བླངས། བྱམས་པའི་མིག་གིས་བལྟས། དགའ་བའི་འཛུམ་གྱིས་བསུས། བརྩེ་བས་ནུ་ཞོ་བསྣན། ཤའི་དྲོད་ལ་བཅར། ཟས་ལྕེས་བསྙོད། སྣབས་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས། མ་རང་ཉིད་སྲོག་ལ་ཐུག་པ་བས་ཀྱང་བུ་དག་ཅུང་ཟད་ན་བ་སྡུག་པར་བྱས། དཀའ་ལས་སྐྱིད་སྡུག་ཐམས་ཅད་ཁྱད་དུ་བསད་ནས་བསྒྲུབས་པའི་ནོར་དངོས་པོ་རང་གིས་བེད་གཅོད་མ་ནུས་པ་རྣམས་བདག་ལ་སྦྱིན། མདོར་ན་མ་རང་གི་འཁོས་དང་བསྟུན་བའི་གནོད་འཚེ་ལས་བསྐྱབས། ཕན་བཏགས་པའི་དྲིན་ཅན་ཡིན་སྙམ་པའི་བློ་བརྩེ་ཡམ་ཡམ་པ་བྱ། དེ་ནས་ཚེ་འདིའི་ཕ་ལ་སོགས་པའི་གཉེན་ཉེ་བ་རྣམས་དང༌། དེ་ནས་བར་མ་རྣམས་དང༌། དེ་ནས་ཚེ་འདིར་གནོད་པ་བསྐྱལ་བའི་སེམས་ཅན་ལ་དམིགས་ནས་འདི་རྣམས་ཀྱིས་བདག་གི་མ་བྱས་པ་གྲངས་ཀྱིས་མི་ཆོད། དེ་ཡང་མིའི་རྟེན་ལ་མ་བྱས་པ་གྲངས་ཀྱིས་མི་ཆོད་ཅིང༌། མ་ནམ་བྱས་རེས་ཀྱི་ཚེ་འདིའི་མ་བཞིན་དུ་གནོད་པ་ལས་བསྐྱབས། ཕན་ཚད་མེད་པ་བཏགས་པའི་དྲིན་ཅན་ཡིན་ནོ། །དེ་ལྟར་ལན་གྲངས་ཚད་མེད་པར་དྲིན་གྱིས་བསྐྱོངས་པའི་མ་རྣམས་ཉོན་མོངས་པའི་གདོན་གྱིས་སེམས་དཀྲུགས་པས་དེ་དག་

༩༩

རང་དབང་མེད་པར་སྨྱོ། །གཏི་མུག་གིས་ཤེས་རབ་མིག་ལྡོངས་པས་མངོན་མཐོ་ངེས་ལེགས་ཀྱི་ལམ་བལྟ་བའི་མིག་དང་ནི་བྲལ། ཐར་བའི་གྲོང་དུ་འཁྲིད་པའི་བཤེས་གཉེན་གྱི་ལོང་འཁྲིད་པ་ནི་མེད། སྐད་ཅིག་རེ་རེ་ཞིང་ཉེས་སྤྱོད་ཀྱིས་དབྱེན་བཅོས་ནས་གོམ་འགྲོས་འཁྱོར་བ་དང་ངན་སོང་གི་གཡང་ས་ཉམ་ང་བ་ལ་འགྲིམ་པས་སྡུག་བསྔལ་ཞིང་ཉམ་ཐག་པ་འདི་རྣམས་བུ་བདག་ལ་མི་རེ་ན་སུ་ལ་རེ། མ་དེ་སྡུག་བསྔལ་ལས་སྒྲོལ་བ་ཡང་བདག་ལ་མི་འབབ་ན་སུ་ལ་འབབ། དྲིན་ཅན་གྱི་མ་རྣམས་ཡལ་བར་དོར་ནས་རང་གཅིག་པུ་འཁོར་བ་ལས་ཅི་ཐར་བྱེད་ན་དེ་ལས། ཁྲེལ་དང་ངོ་ཚ་ཆེ་བ་མི་འོང༌། དེས་ན་མ་རྣམས་ཀྱིས་འཁོར་བའི་བདེ་འབྲས་ཚངས་པ་དང་བརྒྱ་བྱིན་སོགས་ཇི་སྙེད་ཅིག་ཐོབ་ཀྱང་རྟག་མ་ཐུབ། དེ་བདག་གིས་རང་ཡལ་བར་དོར་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་ཐར་བ་བླ་ན་མེད་པའི་བདེ་བ་ལ་ཅི་ནས་ཀྱང་དགོད་པར་བྱའོ། །དེས་ན་བདེ་བས་ཕོངས་པའི་མ་རྒན་འདི་རྣམས་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང༌། བདེ་བ་དང་ཕྲད་པར་གྱུར་ཅིག །ཅི་ནས་ཀྱང་བདེ་བ་དང་ཕྲད་པར་བྱའོ། །སྡུག་བསྔལ་གྱིས་མནར་བའི་མ་རྒན་སེམས་ཅན་འདི་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང༌། སྡུག་བསྔལ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་བྲལ་བར་བྱའོ། །དེ་ཡང་བདག་གིས་བྱའོ། །འོ་ན་དེའི་ནུས་པ་ཁྱོད་ལ་ཡོད་དམ་སྙམ་ན། དེ་ལྟ་ན་བདག་ལ་སེམས་ཅན་ཐམས་ཅད་ལྟ་ཞོག་སེམས་ཅན་གཅིག་ཙམ་ཡང་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་བླ་ན་མེད་པ་ལ་འགོད་པའི་ནུས་པ་མི་འདུག །དེ་ལྟར་དམ་བཅའ་ཞིག་ནི་བྱས། ད་དམ་བཅའ་དེ་ཡལ་བར་དོར་ན་ངན་སོང་དུ་ལྟུང་བར་འགྱུར་བས། །དེས་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་

༡༠༠

ལས་སྒྲོལ་བ་དང་བདེ་བ་བླ་ན་མེད་པ་ལ་འགོད་ནུས་པ་སངས་རྒྱས་མ་གཏོགས་གཞན་ན་མི་འདུག་པས་བདག་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་བསྐྱབ་ནས་བླ་ན་མེད་པའི་བདེ་བ་ལ་འགོད་པའི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་བསམ། དེ་ལྟར་སྨོན་པ་ཙམ་གྱིས་མི་ཆོག་པས་བསམ་པ་སེམས་བསྐྱེད་དེ་ཚེ་འདིར་མི་ཉམས་པའི་བྱང་སེམས་བསྐྱེད་ལ་སྤྲོ་ཤུགས་འཕེལ་བའི་ཕྱིར་དུ་ཕན་ཡོན་བསམ་པ་ལ་བསླབ་པ། སེམས་བསྐྱེད་དངོས་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་བསྐྱེད་པ་ལ་བསླབ་པ། གང་གི་དོན་དུ་སེམས་བསྐྱེད་པའི་སེམས་ཅན་བློས་མི་སྤོང་བ་ལ་བསླབ་པ། ཚོགས་བསགས་པ་བསླབ་པ་དང་བཞི་ལས། དང་པོ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱིས་ལྷ་མི་ཐམས་ཅད་ཀྱིས་མཆོད་པའི་གནས་སུ་འགྱུར། ཉན་རང་དགྲ་བཅོམ་རྣམས་ཀྱང་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན། རིམ་པ་ལ་སོགས་པའི་ནད་དང་གདོན་གྱིས་མི་ཚུགས་ཤིང༌། ཞི་སོགས་ཀྱི་ལས་ཚོགས་རྣམས་ཀྱང་ཚེགས་མེད་དུ་འགྲུབ། ངན་སོང་ལ་སོགས་པར་མི་སྐྱེ། སྐྱེས་ཀྱང་མྱུར་དུ་ཐར། སྡིག་པ་སྟོབས་ཅན་ཤིན་ཏུ་མི་བཟད་པ་ཡང་མྱུར་དུ་འཇོམས། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་གཟུགས་སུ་གྲུབ་ན་ནི་ནམ་མཁར་མི་ཤོང་བར་བཤད་པས་སེམས་འདི་མི་ཉམས་པར་གོང་འཕེལ་དུ་བྱེད་དགོས་སྙམ་དུ་བསམ། གཉིས་པ་ནི། བདག་གིས་བྱང་ཆུབ་ཀྱི་སེམས་འདི་བར་མ་དོར་བཏང་ན་ཕས་ཕམ་ལས་ཀྱང་རྣམ་སྨིན་ལྕི་བས་སངས་རྒྱས་མ་ཐོབ་བར་མི་གཏོང་ཞིང༌། ཉིན་ལན་གསུམ་མཚན་ལན་གསུམ་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་

༡༠༡

སངས་རྒྱས་འགྲུབ་པར་ཤོག །ཅེས་པ་ལན་གསུམ་གསུམ་གྱིས་སེམས་བསྐྱེད་པར་བྱའོ། །གསུམ་པ་ནི། བདག་གིས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་པས་སེམས་ཅན་གྱི་ངོས་ནས་མི་འདྲ་བ་ཅི་བྱུང་ཡང་བདག་རང་གི་ངོས་ནས་སེམས་ཅན་ཐམས་ཅད་ནམ་དུའང་བློས་མི་སྤང་སྙམ་པར་བྱའོ། །བཞི་པ་ནི། བྱང་ཆུབ་ཀྱི་སེམས་ལན་ཅིག་བསྐྱེད་པ་འདི་མི་ཉམས་ཤིང་གོང་དུ་འཕེལ་བའི་ཕྱིར་དུ་དཀོན་མཆོག་མཆོད་པ་སོགས་ཚོགས་རྒྱ་ཆེན་པོ་ལ་བསླབ་པར་བྱའོ། །སྐྱེ་བ་གཞན་དུ་ཡང་བྱང་ཆུབ་ཀྱི་སེམས་དེ་དང་མི་འབྲལ་བའི་རྒྱུར་ནི་ནག་པོའི་ཆོས་བཞི་སྤོང་བ་དང༌། དཀར་པོའི་ཆོས་བཞི་བསྟེན་པ་ལ་བསླབ་དགོས་པའི། ནག་པོའི་ཆོས་བཞི་ནི། དང་པོ་མཁན་པོ་དང་བླ་མ་སོགས་ཡོན་གནས་གང་ཡང་རུང་བ་ལ་རྫུན་གྱིས་དབུ་སྐོར་ཐབས་བྱེད་པ་ནག་ཆོས་ཡིན་པས་དེ་འདྲ་གཏན་མི་བྱ་ཞིང་དེའི་གཉེན་པོར་སེམས་ཅན་སུ་ལའང་སྲོག་གམ་བཞད་གད་ཀྱི་ཕྱིར་ཡང་རྫུན་མི་སྨྲ། །ནག་ཆོས་གཉིས་པ་གཞན་དགེ་བ་བསྒྲུབས་ནས་མི་འགྱོད་པ་ལ་འགྱོད་དུ་གཞུག་པ་སྟེ། དེ་ལྟ་བུ་གཏན་ནས་མི་བྱ་ཞིང༌། དེའི་གཉེན་པོར་རང་གིས་སྨིན་པར་བྱ་བའི་གདུལ་བྱ་སྣོད་དུ་རུང་ན་ཐེག་དམན་ལ་མི་དགོད་པར་ཐེག་ཆེན་ལ་དགོད་པར་བྱའོ། །ནག་ཆོས་གསུམ་པ་ཐེག་པ་ཆེན་པོར་སེམས་བསྐྱེད་པའི་གང་ཟག་ལ་ཞེ་སྡང་གིས་མི་སྙན་པ་བརྗོད་པ་སྟེ། དེ་འདྲ་གཏན་མི་བྱ་ཞིང་དེའི་གཉེན་པོར་ཐེག་ཆེན་གྱི་གང་ཟག་ལ་སྟོན་པའི་འདུ་ཤེས་བསྐྱེད། སྐབས་སུ་བབ་ན་དོན་ལ་གནས་པའི་བསྔགས་པ་བརྗོད་ཅིང་སེམས་ཅན་ཐམས་ཅད་ལ་ཡང་དག་སྣང་སྦྱང་བར་བྱའོ། །ནག་ཆོས་བཞི་པ་ནི་སེམས་ཅན་ལ་གཡོ་སྒྱུས་སྤྱོད་པར་བྱེད་པ་སྟེ། དེ་འདྲ་ནམ་ཡང་མི་བྱ་ཞིང་སེམས་ཅན་རྣམས་ལ་དྲང་པོའི་བསམ་པ་བྱའོ། །རྗེ་བླ་མས་ཀྱང༌། སེམས་བསྐྱེད་ཐེག་ཆེན་

༡༠༢

ལམ་གྱི་གཞུང་ཤིང་སྟེ། །རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། །ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་སྡུད་བའི་བསོད་ནམས་གཏེར། །དེ་ལྟར་ཤེས་ནས་རྒྱལ་སྲས་དཔའ་བོ་རྣམས། །རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན། ཞེས་གསུངས། འོ་ན་སྨོན་སེམས་ལ་བསླབ་པ་ཙམ་གྱིས་ཆོག་གམ་སྙམ་ན། དེ་ཙམ་གྱིས་མི་ཆོག །དེའི་སྟེང་དུ་འཇུག་སྡོམ་བླངས་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་དགོས་ཤིང༌། དེ་ཡང་རང་རྒྱུད་སྨིན་བྱེད་ཕར་ཕྱིན་དྲུག་དང༌། གཞན་རྒྱུད་སྨིན་བྱེད་པ་བསྡུ་བའི་དངོས་པོ་བཞི་ལ་བསླབ་དགོས་པའི་དང་བོ་ལ་དྲུག་ཡོད་པ་ལས་སྦྱིན་པ་ལ་བསླབ་ཚུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བསམ་པ་དེས་ཀུན་ནས་བསླངས་ཏེ་དམ་པའི་ཆོས་ཀྱིས་ཕོངས་པ་ཐམས་ཅད་ལ་དམ་པའི་ཆོས་ཕྱིན་ཅི་མ་ལོག་པ་བསྟན། རྒྱལ་བོ་དང་དམག་ལ་སོགས་པའི་འཇིགས་པ་དང༌། འདྲེ་གཅན་གཟན་སྦྲུལ་ལ་སོགས་པའི་སེམས་ཡོད་ཀྱི་འཇིགས་པ་དང༌། མེ་ཆུ་སོགས་སེམས་མེད་ཀྱི་འཇིགས་པ་རྣམས་ལས་བསྐྱབས། བཟའ་བཏུང་མལ་སྟན་ན་བའི་གསོས་སྨན་སོགས་ནོར་གྱིས་ཕོངས་པ་རྣམས་ལ་དེ་དག་ཕོངས་མེད་དུ་སྦྱིན། མདོར་ན་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་ཕོངས་མེད་དུ་གཏོང་ངོ༌། དེ་ལྟར་ཡང་རྗེ་བླ་མས། སྦྱིན་པ་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར། །སེར་སྣའི་མདུད་པ་གཅོད་པའི་མཚོན་ཆ་མཆོག །མ་ཞུམ་སྙིང་སྟོབས་སྐྱེད་པའི་རྒྱལ་སྲས་སྤྱོད། །སྙན་པའི་གྲགས་པ་ཕྱོགས་བཅུར་སྒྲོག་པའི་གཞི། །དེ་ལྟར་ཤེས་རབ་ལུས་དང་ལོངས་སྤྱོད་དགེ། །ཡོངས་སུ་གཏོང་བའི་ལམ་བཟང་མཁས་པས་བསྟེན། ཞེས་གསུངས། གཉིས་པ་ཚུལ་ཁྲིམས་ལ་བསླབ་ཚུལ་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་དྲན་ཤེས་བཞིན་ངོ་ཚ་ཁྲེལ་

༡༠༣

ཡོད་ཀྱི་བསམ་པ་ནོར་བྱས་ལ་མི་དགེ་བ་སྲོག་ལ་བབ་ཀྱང་མི་བྱ་ཞིང༌། དེ་ལྟར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དེ་ལ་བརྟེན་ནས་ཕར་ཕྱིན་དྲུག་གོང་འཕེལ་དུ་བྱེད་དགོས། །དེ་གཉིས་ལ་བརྟེན་ནས་སེམས་ཅན་གྱི་དོན་ལ་ཁ་ན་མ་ཐོ་བ་མེད་པར་བསྒྲུབས་ཏེ་ཚུལ་ཁྲིམས་གསུམ་ལ་བསླབ་པར་བྱ་སྟེ། རྗེ་བླ་མས། ཚུལ་ཁྲིམས་ཉེས་སྤྱོད་དྲི་མ་འཁྲུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བ་ཟླ་བའི་འོད། །སྐྱེ་རྒུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །དེ་ལྟར་ཤེས་ནས་ཡང་དག་བསླབས་པའི་ཁྲིམས། །དམ་པ་རྣམས་ཀྱིས་མིག་བཞིན་བསྲུང་བར་མཛོད། ཅེས་གདམས། བཟོད་པ་ལ་བསླབ་ཚུལ་ལ། གཞན་གྱིས་རང་ལ་གནོད་པ་བྱས་པ་ལ་ཁྲོ་བར་མི་འོས་ཏེ། གཞན་གྱིས་གནོད་པ་བྱས་པ་དེ་སྔར་རང་གིས་ཁོ་ལ་གནོད་པ་བསྐྱལ་བའི་ལེ་ལན་ཡིན་ཞིང༌། ཁོ་རང་ལའང་ཁོང་ཁྲོས་རང་དབང་མེད་པར་བྱས་པ་ཡིན་པས་གནོད་ལན་བྱེད་མི་རུང༌། ཁོང་ཁྲོ་སྐད་ཅིག་གིས་ཀྱང་བསྐལ་པ་མང་པོར་བསགས་པའི་གཞི་གསུམ་གྱི་དགེ་རྩ་རྣམས་འཇོམས་པར་འདུག་པས་བདག་གིས་ཁོང་ཁྲོའི་བསམ་པ་ཡིད་ཀྱི་དགུ་ལའང་མི་བྱ་ཨང་སྙམ་པ་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། གཞན་གྱིས་བདག་ལ་གནོད་པ་བྱས་ནས་སྡུག་བསྔལ་དྲག་པོ་མྱོང་བས་ནི་ང་རྒྱལ་དང་དྲེགས་པ་སོགས་སེལ། འཁོར་བ་ལས་ངེས་པར་འབྱུང་བའི་བློ་སྐྱེ། སྡུག་བསྔལ་མི་འདོད་པ་བྱང་བ་ན། དེ་མི་དགེ་བ་ལས་བྱུང་བ་ཡིན་པས་རྒྱུ་མེད་ན་འབྲས་བུ་ག་ལ་འབྱུང་སྙམ་དུ་མི་དགེ་བ་ལ་བློ་མི་འཇུག །གཞན་གྱིས་གནོད་པ་བྱས་པ་ལ་བཟོད་པ་བསམས་པས་ཕྱིན་དྲུག་གཞན་རྣམས་ཀྱང་རྫོགས་ནས་འཚང་རྒྱ་བས་གནོད་བྱེད་པ་བཟོད་པ་བསྒོམ་པའི་གདམས་ངག་སྟེར་བའི་བླ་མ་ལྟ་བུར་མཐོང་ནས་དྲིན་ཆེ་བའི་བློ་སྐྱེད་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་དང༌། དཀོན་མཆོག་

༡༠༤

གསུམ་དང་སངས་རྒྱས་བྱང་སེམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་མཐོང་སྟེ་རྒྱལ་སྲས་ཀྱི་སྤྱོད་པ་དང་བདག་མེད་པའི་དོན་ལ་མོས་པའི་སྒོ་ནས་དེ་རྣམས་ལ་སློབ་འདོད་ཆོས་ལ་ངེས་སེམས་ཀྱི་བཟོད་པ་སྟེ་བཟོད་པའི་ཉམས་ལེན་ཞེ་ཐག་པ་ནས་བྱེད་དགོས་ཏེ། །རྗེ་བླ་མས། བཟོད་པ་སྟོབས་ལྡན་རྣམས་ལ་རྒྱན་གྱི་མཆོག །ཉོན་མོངས་གདུང་བའི་དཀའ་ཐུབ་ཀུན་གྱི་ཕུལ། །ཞེ་སྡང་ལག་འགྲོའི་དགྲ་ལ་ནམ་མཁའ་ལྡིང༌། །ཚིག་རྩུབ་མཚོན་ལ་སྲ་བའི་གོ་ཆ་ཡིན། །དེ་ལྟར་ཤེས་ནས་བཟོད་མཆོག་གོ་ཆ་ལ། །རྣམ་པ་སྣ་ཚོགས་ཚུལ་གྱིས་གོམས་པར་མཛོད། ཅེས་གསུངས་སོ། །བཞི་པ་བརྩོན་འགྲུས་ལ་བསླབ་ཚུལ་ནི། སྒོ་གསུམ་གྱི་སྙོམས་ལས་ངང་འཁྲིག་པ་དང་གཉིད་ཀྱི་བདེ་བ་སོགས་བདེ་བ་དམན་པ་ལ་སྲེད་པས་འཁོར་བ་ལ་སྐྱེ་བ་མ་བསྒོམས་པ་ལས་ལེ་ལོ་སྐྱེ་བས་ལེ་ལོའི་རྒྱུ་དེ་རྣམས་སྤངས་ཏེ་ལུས་ངག་ཡིད་གསུམ་དགེ་བའི་བྱ་བ་འབའ་ཞིག་གིས་འཁོལ་དགོས། དེ་ཡང་སེམས་ཅན་གཅིག་ཙམ་གྱི་སྡུག་བསྔལ་སེལ་བའི་ཕྱིར་དུ་ཡང་དཀའ་སྤྱད་ལུས་སྲོག་ལ་མིག་ལྟ་སྙམ་པ་གོ་ཆའི་བརྩོན་འགྲུས། དེ་ལ་བརྟེན་ནས་ཕར་ཕྱིན་དྲུག་ཉམས་ལེན་གོང་འཕེལ་དུ་བྱེད་པ་དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས། དེ་གཉིས་ཀྱི་སྒོ་ནས་ཁ་ན་མ་ཐོ་བ་མེད་པས་སེམས་ཅན་གྱི་དོན་འབད་ནས་བྱེད་པ་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་ལ་འབད་དགོས་ཏེ། རྗེ་བླ་མས། མི་ལྡོག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར། །གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ། དེ་ལྟར་ཤེས་ནས་ལེ་ལོ་ཀུན་སེལ་བའི། །རླབས་ཆེན་བརྩོན་འགྲུས་རྒྱལ་སྲས་རྣམས་ཀྱིས་བརྩམ། ཞེས་གསུངས་སོ། །ལྔ་པ་བསམ་གཏན་ལ་བསླབ་ཚུལ་ནི། སེམས་བསྐྱེད་ཀྱིས་ཀུན་ནས་བསླངས་ཏེ་འཇིག་

༡༠༥

རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་གཉིས་དང༌། ཕྱོགས་ཀྱི་དབྱེ་བས་ཞི་གནས་དང་ལྷག་མཐོང་ཞི་ལྷག་ཟུང་འབྲེལ་གྱི་བསམ་གཏན་གསུམ་དང༌། བྱེད་ལས་ཀྱི་སྒོ་ནས་མཐོང་ཆོས་ཚེ་འདི་ལ་ལུས་སེམས་བདེ་བར་གནས་པའི་བསམ་གཏན། མངོན་ཤེས་ལ་སོགས་ཡོན་ཏན་གོང་མ་མངོན་པར་སྒྲུབ་པའི་བསམ་གཏན། སེམས་ཅན་གྱི་དོན་སྒྲུབ་པའི་བསམ་གཏན་དང་གསུམ་སྟེ། དེ་རྣམས་ལ་བྱིང་རྒོད་དང་བྲལ་བར་བསླབ་པར་བྱ་དགོས་ཏེ། རྗེ་བླ་མས། བསམ་གཏན་སེམས་ལ་དབང་སྒྱུར་རྒྱལ་བོ་སྟེ། །གཞག་ན་གཡོ་མེད་རི་ཡི་དབང་བོ་བཞིན། །བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག །ལུས་སེམས་ལས་སུ་རུང་བའི་བདེ་ཆེན་འདྲེན། །དེ་ལྟར་ཤེས་ནས་རྣལ་འབྱོར་དབང་བོ་རྣམས། །ནམ་གཡེང་དགྲ་འཇོམས་ཏིང་འཛིན་རྒྱུན་དུ་བསྟེན། ཞེས་གསུངས། དྲུག་པ་ཤེས་རབ་ལ་བསླབ་ཚུལ་ནི། སེམས་བསྐྱེད་ཀྱིས་ཀུན་ནས་བསླངས་ཏེ། སྲིད་པའི་རྩ་བ་དྲུང་ནས་འབྱིན་བྱེད་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་དོན་དམ་རྟོགས་པའི་ཤེས་རབ་དང༌། ཀུན་རྫོབ་རྟོགས་པའི་ཤེས་རབ་དང༌། དེ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཤེས་རབ་རྣམས་ལ་བསླབ་པར་བྱ་དགོས་ཏེ། རྗེ་བླ་མས། ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག །སྲིད་པའི་རྩ་བ་དྲུང་ནས་འབྱིན་པའི་ལམ། །གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར། །གཏི་མུག་མུན་སེལ་སྒྲོན་མེ་མཆོག་ཏུ་གྲགས། །དེ་ལྟར་ཤེས་ནས་ཐར་འདོད་མཁས་པ་ཡིས། །ལམ་དེ་འབད་པ་དུ་མས་བསྐྱེད་པར་མཛད། །ཅེས་གསུངས་སོ། །གཉིས་པ་གཞན་རྒྱུད་སྨིན་བྱེད་བསྡུ་བ་བཞི་ལ་བསླབ་ཚུལ་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་བསམ་པ་དེས་ཀུན་ནས་བསླངས་ཏེ་ཐོག་མར་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་འཁོར་དུ་བསྡུས། དེ་

༡༠༦

ནས་སེམས་ཅན་རྣམས་དགའ་བའི་ཕྱིར་དུ་བཞིན་མདངས་གསལ་བ་སྔོན་དུ་བཏང་སྟེ་ཕེབས་པར་སྨྲ་བས་བག་ཕབ། དེ་ནས་ཕར་ཕྱིན་དྲུག་གི་གཏམ་ལ་སོགས་པ་ཆོས་སྙན་པར་སྨྲ་བ་དང༌། དེ་ནས་ཆོས་བསྟན་པ་ལྟར་དོན་ཉམས་སུ་ལེན་དུ་འཇུག་པའི་དོན་སྤྱོད་པ་དང༌། དེ་ནས་གཞན་ཇི་ལྟར་ཉམས་སུ་ལེན་དུ་བཅུག་པ་ལྟར་རང་ཉིད་ཀྱང་ཕར་ཕྱིན་དྲུག་ཉམས་སུ་ལན་པའི་དོན་མཐུན་པ་སྟེ། གཞན་དོན་སྒྲུབ་པའི་ཐབས་ཟབ་མོ་འདི་རྣམས་ལ་ཅི་ནས་ཀྱང་བསླབ་པར་བྱ་ལ། དེས་ན་བདག་འཛིན་འཁོར་བའི་རྩ་བ་ཡིན་པས་དེ་དང་འཛིན་སྟངས་དངོས་སུ་འགལ་བའི་ལམ་སྒོམ་པ་མེད་པར་རྩེ་གཅིག་པའི་བསམ་གཏན་ཙམ་གྱིས་འཁོར་བའི་རྩ་བ་གཅོད་མི་ནུས་ཤིང་དམིགས་པ་ལས་མི་གཡོ་བར་རྩེ་གཅིག་ཏུ་གནས་པའི་ཞི་གནས་མེད་པར་བདེན་མེད་རྟོགས་པའི་ཤེས་རབ་ཙམ་གྱིས་ཇི་ཙམ་དཔྱད་ཀྱང་ཉོན་མོངས་ཟློག་མི་ནུས་ཏེ། ཉོན་མོངས་སྤངས་པའི་ཐར་བ་ཐོབ་པ་ལ་སྟོང་བ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པའི་ཡིན་ལུགས་ཕུ་ཐག་ཆོད་པར་རྟོགས་པའི་ལྟ་བ་དེ་དམིགས་པ་ལ་གཡོ་བ་མེད་པའི་ཞི་གནས་ཀྱི་རྟ་ལ་བསྐྱོན་ནས་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མའི་རིག་པ་གཏན་ཚིགས་ཆེན་པོ་བཞིའི་མཚོན་རྣོན་པོ་མཐར་འཛིན་གྱི་དམིགས་གཏད་ཐམས་ཅད་འཇིག་པར་བྱེད་པའི་དེ་ཁོ་ན་ཉིད་ཀྱི་དོན་ལ་ཚུལ་བཞིན་དུ་སྤྱོད་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད་དགོས་པའི་ཕྱིར། །རྗེ་བླ་མས། རྩེ་གཅིག་བསམ་གཏན་ཙམ་ལ་འཁོར་བ་ཡི། །རྩ་བ་གཅོད་པའི་ནུས་པ་མ་མཐོང་ཞིང༌། །ཞི་གནས་ལམ་དང་བྲལ་བའི་ཤེས་རབ་ཀྱིས། །ཇི་ཙམ་དཔྱད་ཀྱང་ཉོན་མོངས་མི་ཟློག་པས། །ཡིན་ལུགས་ཕུ་ཐག་ཆོད་པའི་ཤེས་རབ་དེ། །གཡོ་མེད་ཞི་གནས་རྟ་ལ་བསྐྱོན་ནས་ནི། །མཐའ་བྲལ་དབུ་མའི་དམིགས་པའི་མཚོན་རྣོན་གྱིས། །མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པ།

༡༠༧

ཚུལ་བཞིན་དཔྱོད་པའི་ཡངས་པའི་ཤེས་རབ་ཀྱིས། །དེ་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད། །ཅེས་གསུངས། དེ་ནས་དམིགས་པ་ལ་རྩེ་གཅིག་ཏུ་གཡོ་བ་མེད་པར་འཇོག་པ་ལས་ཞི་གནས་ཀྱི་ཏིང་ངེ་འཛིན་འགྲུབ་པར་མ་ཟད། རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པའི་ངང་ནས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཚུལ་བཞིན་དུ་དཔྱོད་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པས་ཀྱང་ཡིན་ལུགས་སྟོང་བ་ཉིད་ཀྱི་དོན་ལ་གཡོ་བ་མེད་པར་ཤིན་ཏུ་བརྟན་པའི་ཏིང་ངེ་འཛིན་བསྐྱེད་པར་མཐོང་ནས་ཞི་ལྷག་ཟུང་དུ་འབྲེལ་བ་སྒྲུབ་པ་ལ་བརྩོན་པ་ཡ་མཚན་པ་ཡིན་ནོ་སྙམ་དུ་སྨོན་ལམ་གྱི་ཡུལ་དུ་བྱས་ནས་བག་ཆགས་འཇོག་པ་ལ་འབད་དེ། རྗེ་བླ་མས། རྩེ་གཅིག་བསྒོམས་པས་ཏིང་འཛིན་འགྲུབ་པར་ནི། །སྨོས་པར་ཅི་འཚལ་ཚུལ་བཞིན་དཔྱོད་པ་ཡི། །སོ་སོར་རྟོག་པ་ཡིས་ཀྱང་ཡིན་ལུགས་ལ། །གཡོ་མེད་ཤིན་ཏུ་བརྟན་པར་གནས་པ་ཡི། །ཏིང་འཛིན་བསྐྱེད་པར་མཐོང་ནས་ཞི་ལྷག་གཉིས། །ཟུང་འབྲེལ་སྒྲུབ་ལའང་བརྩོན་རྣམས་ཡ་མཚན་ནོ། །ཞེས་གསུངས། དེ་ལྟ་བུའི་ཞི་ལྷག་ཟུང་འབྲེལ་ལ་མཉམ་པར་བཞག་པའི་ནམ་མཁའ་ལྟ་བུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་དེ་ལས་ལངས་པའི་རྗེས་ཐོབ་ཏུ་རང་བཞིན་གྱིས་མ་གྲུབ་ཀྱང་དེ་ལྟར་སྣང་བའི་སྒྱུ་མ་ལྟ་བུའི་སྟོང་པ་ཉིད་བསྒོམས་ནས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཐབས་ཤེས་ཟུང་དུ་འབྲེལ་བའི་ཉམས་ལེན་གྱིས་རྒྱལ་སྲས་ཀྱི་སྤྱོད་པའི་ཕ་རོལ་ཏུ་འགྲོ་བ་ནི་ཤིན་ཏུ་བསྔགས་པར་འོས་ལ། དེ་ལྟར་རྟོགས་ནས་ཐབས་ཤེས་ཡ་བྲལ་བའི་ལམ་ཕྱོགས་རེ་བས་ཚིམ་པ་མེད་པར་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ལ་རྟོག་པ་སྐལ་བཟང་རྣམས་ཀྱི་ལུགས་ཡིན་པས་དེ་ལྟར་འབད་དགོས་ཏེ། རྗེ་བླ་མས། མཉམ་བཞག་ནམ་མཁའ་ལྟ་བུའི་

༡༠༨

སྟོང་ཉིད་དང༌། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་བ་གཉིས། །བསྒོམས་པས་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིས། །རྒྱལ་སྲས་སྤྱོད་པའི་ཕ་རོལ་འགྲོ་བ་བསྔགས། །དེ་ལྟར་རྟོགས་ནས་ཕྱོགས་རེའི་ལམ་གྱིས་ནི། །ཚིམ་པ་མེད་པ་སྐལ་བཟང་རྣམས་ཀྱི་ལུགས། །ཞེས་གསུངས། དེ་ལྟར་མདོ་སྔགས་ཐུན་མོང་བའི་ལམ་རྣམས་ལ་ལེགས་པར་བསླབས་ནས་གདོན་མི་ཟ་བར་སྔགས་ལ་འཇུག་པར་བྱེད་དགོས་ལ། འཇུག་ཚུལ་ནི། ཐོག་མར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་ལས་རྒྱུད་སྡེ་ནས་བཤད་པ་ལྟར་གྱི་དབང་གིས་རྒྱུད་སྨིན་པར་བྱས། དེའི་ཁས་བླངས་པའང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུངས་ཏེ་རྒྱུད་སྡེ་འོག་མ་གསུམ་ལྟར་ན་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ལ་བསླབས་ཤིང༌། གོང་མ་ལྟར་ན་རིམ་གཉིས་ཀྱི་རྣལ་འབྱོར་ལ་རིམ་ཅན་དུ་བསླབས་པས་མདོ་སྔགས་ཀྱི་ལམ་གྱི་གནད་ཐམས་ཅད་བསྡུས་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་བསླབ་པར་འགྱུར་བས་དལ་འབྱོར་ཐོབ་པ་དོན་ལྡན་དུ་བྱས་པ་ཡིན་ཞིང༌། ཚུལ་དེ་ལྟ་བུའི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རང་གཞན་གྱི་རྒྱུད་ལ་སོན་ཨང༌། རྗེ་བླ་མས་ཀྱང་དེ་ལྟར་དུ་ཐུགས་ཉམས་སུ་བཞེས། བདག་སོགས་རྗེས་འཇུག་རྣམས་ལའང་ཚུལ་དེ་བཞིན་དུ་ཉམས་སུ་ལོངས་ཞིག་ཅེས་གདམས་པར་མཛད་པ་ཡིན་སྙམ་དུ་རྗེ་བླ་མ་མདུན་དུ་བསྒོམས་ནས་གསུང་ལྷང་ལྷང་དགྱེས་བཞིན་གདམས་པར་བསམས་ལ་དངོས་སུ་རང་རང་ཡིད་འགུལ་བའི་སྒོ་ནས་གདོན་པར་བྱའོ། །དེ་ལྟར་ཡང་རྗེ་བླ་མས། དེ་ལྟར་རྒྱུད་དེ་འབྲས་བུའི་ཐེག་ཆེན་གྱི། །ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ། །ཇི་བཞིན་བསྐྱེད་ནས་མཁས་པའི་དེད་དཔོན་གྱི། །མགོན་ལ་བརྟེན་ནས་རྒྱུད་སྡེའི་རྒྱ་མཚོ་ཆེར། །ཞུགས་ནས་ཡོངས་རྫོགས་མན་ངག་བསྟེན་པ་དེས། །དལ་འབྱོར་ཐོབ་པ་དོན་དང་

༡༠༩

ལྡན་པར་བྱས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །རང་གི་ཡིད་ལ་གོམས་པར་བྱ་ཕྱིར་དང༌། །སྐལ་བཟང་གཞན་ལའང་ཕན་པར་བྱ་བའི་ཕྱིར། །རྒྱལ་བ་དགྱེས་པའི་ཡོངས་སུ་རྫོགས་པའི་ལམ། །གོ་སླའི་ངག་གིས་བཤད་པའི་དགེ་བ་དེས། །འགྲོ་བ་ཀུན་ཀྱང་རྣམ་དག་ལམ་བཟང་དང༌། །འབྲལ་མེད་གྱུར་ཅིག་ཅེས་ནི་སྨོན་ལམ་འདེབས། །རྣལ་འབྱོར་ངས་ཀྱང་སྨོན་ལམ་དེ་ལྟར་བཏབ། །ཐར་འདོད་ཁྱེད་ཀྱང་དེ་བཞིན་འདེབས་འཚལ་ལོ། །ཞེས་གསུངས་གདམས་བྱུང་སྙམ་པའི་སྒོ་ནས། །དེང་ནས་བརྩམས་ཏེ་ཚེ་རབས་ཀུན་ཏུ་བདག །ཁྱོད་ཞབས་པདྨོ་གུས་པས་མཆོད་པ་དང༌། །ཁྱོད་གསུང་ཉན་ཅིང་སྒོ་གསུམ་བྱ་བ་ཀུན། །ཁྱོད་མཉེས་འབའ་ཞིག་སྒྲུབ་པར་བྱིན་གྱིས་རློབས། ཞེས་སོགས་དང༌། ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས། །ཞེས་སོགས་ཀྱིས་བསྔོ་བ་བསམ་པ་ཐག་པ་ནས་བྱའོ། །ཇོ་བོ་མར་མེ་མཛད་དང་ཙོང་ཁ་པའི། །གདམས་པའི་ཉིང་ཁུ་བྱང་ཆུབ་ལམ་རིམ་གྱི། །ལམ་གྱི་གནད་བསྡུས་མ་ནོར་གདམས་པ་འདིས། །འགྲོ་ཀུན་རྒྱལ་བ་དགྱེས་པའི་ལམ་བགྲོད་ཤོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འཁྲིད་བདུད་རྩི་གསེར་གྱི་ཡང་ཞུན་ཞེས་བགྱི་བ་རྗེ་བླ་མའི་ཉམས་མགུར་དང་སྦྱར་ནས་འཁྱེར་བདེ་བར་བཀོད་པ་འདི་ནི་བསྟན་པའི་གསལ་བྱེད་ཆེན་པོ་ལུགས་འདི་ལ་ཤིན་ཏུ་མོས་ཤིང་དོན་དུ་གཉེར་བ། ཀུན་མཁྱེན་ཆེན་པོ་ཤེས་རབ་དཔལ་བཟང་གི་གདན་ས་བ་ཆེན་པོ་མདོ་སྟོང་ཆོས་རྗེས་གསོལ་བ་ནན་ཆེར་བསྐུལ་བ་ལ་བརྟེན་ནས། ན་ཚོད་ཕྲ་མོ་ནས་རྗེ་བླ་མས་བྱིན་གྱིས་བརླབས་པའི་མཚན་མ་ཐོབ་པ། ཤཱཀྱའི་དགེ་སློང་ཆོས་སྨྲ་བའི་བཙུན་པ་བསོད་ནམས་རྒྱ་མཚོས་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོའི་གཟིམ་ཁང་དགའ་ལྡན་ཕོ་བྲང་གི་ཉི་འོད་

༡༡༠

རྣམ་པར་འཁྱིལ་བར་སྦྱར་བ་འདིས་ཀྱང་བསྟན་པའི་སྙིང་པོ་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག །བཀྲ་ཤིས་པར་ཤོག །

༄༅། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ༎

༣༩ ཐུགས་རྗེ་ཆེན་པོའ་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ། །
༤༠ སྤྱན་གཟིགས་ཟླ་རྒྱལ་སྐྱི་ཚ་དབུ་དཀར་བ། །མྱ་ངན་མེད་དཔལ་རིན་འོད་འབྲུག་སྒྲ་གནུར། །རྒྱལ་སྲས་རྒྱ་མ་པ་དང་ལོ་ཙཱ་བ། །རྒྱལ་གྲགས་བྱང་སེམས་དཀོན་རྒྱལ་སྦས་པའི་རྗེ། །འཇམ་མགོན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཀུན་སྙིང་ཕྲིན་ལས་རིན་ཆེན་རྒྱ་མཚོ་དཔལ། །མཐའ་ཡས་ཀུན་བཟང་ཚེ་དབང་ནོར་བུའི་སྡེ། །ངག་དབང་རྣམ་རྒྱལ་ཀུན་བཟང་མཐུ་སྟོབས་ཞབས། །ཉི་མ་ཆོས་འཕེལ་བློ་གསལ་བསྟན་སྐྱོང་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །མཆོག་གསུམ་སྐྱབས་མཆི་བྱང་ཆུབ་སེམས་གཉིས་བསྐྱེད། །ཅིང་སྣང་ལྷ་དང་སྟོང་ཉིད་སྙིང་རྗེའི་ངང་། །མཉམ་རྗེས་ཀུན་ཏུ་ལམ་ཁྱེར་རྣལ་འབྱོར་གྱིས། །འཕགས་མཆོག་གོ་འཕང་ཐོབ་བར་བྱིན་གྱི་རློབས། ཞེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་ར་སྟུ།།

༄༅། །ནི་གུའི་ཡན་ལག་ལུས་སེམས་འཆི་མེད་ཁྱི་ཁྲིད་བཞུགས་སོ༎ ༎

༡༩༢ ༄༅༅། ནི་གུའི་ཡན་ལག་ལུས་སེམས་འཆི་མེད་ཀྱི་ཁྲིད་བཞུགས་སོ།། །ན་མོ་གུ་རུ། །འདིར་ཉིང་ཁུའི་ཡན་ལག་ལུས་སེམས་འཆི་མེད་མན་ངག་གིས་ཁ་བསྐངས་ཏེ་ཉམས་སུ་ལེན་པ་ལ་འཕྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱིས་རྩ་ཐིག་རླུང་གསུམ་སྦྱངས་ནས། གདན་བདེ་བ་ལ་ལུས་གནད་ཙོག་པུ་སྐྱིལ་ཀྲུང་གང་བདེ་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་རྣམས་སྔོན་དུ་བཏང་ནས། འདི་ལྟར་བསམ་པར་བྱ་སྟེ། འཆི་ཞེས་པ་འདི་ལུས་འཆིའམ་སེམས་འཆི། ལུས་འཆིའོ་སྙམ་ན་རྣམ་སྨིན་གྱི་ལུས་འཆིའམ་བག་ཆགས་ཀྱི་ལུས་འཆི། དང་པོ་ལྟར་ཡང་མིན་ཏེ། ལུས་འདི་ཤ་ཁྲག་རུས་པ་པགས་པ་སོགས་ཚོགས་པའི་བེམ་པོ་ཁོ་ན་ཡིན་པས་དེ་ལ་འཆི་བ་ག་ལ་ཡོད། ཡོད་ན་ས་རྡོ་སོགས་ཀྱང་ཅིའི་ཕྱིར་མི་འཆི། བག་ཆགས་ཀྱི་ལུས་ཀྱང་མི་འཆི་སྟེ། འཆི་ན་རྨི་ལམ་དུ་འཆི་བས་འཆི་བའི་གོ་ཆོད་དགོས། དེ་ལྟར་ན་རྨི་ལམ་དུ་ཤི་བ་རྨིས་པའི་གང་ཟག་དེ་དག་གཉིད་མི་སད་དགོས་ཏེ། ཤི་ཟིན་སོས་སུ་མེད་པའི་ཕྱིར་སྙམ་དུ་བསམ་ཞིང་། མདོར་ན་སྔོན་གྱི་ལས་ཀྱི་འཕེན་པ་ཟད་ནས་རྣམ་སྨིན་གྱི་ལུས་འདི་ལ་སེམས་མ་གནས་པ་ཙམ་ལ་འཆི་བ་ཞེས་བཏགས་པ་ཡིན་གྱིས་འཆི་བ་ཞེས་པ་དོན་ལ་མ་གྲུབ་བོ་ཞེས་བསམ་ཞིང་། ལུས་འཆི་མེད་དུ་ནམ་གཏན་ལ་ཕེབ་ཕེབ་བསྒོམ་པར་བྱའོ། །སེམས་འདི་འཆིའོ་སྙམ་ན། དེ་ལ་སེམས་འཆི་མེད་རང་
༡༩༣ གྲོལ་ཞེས་བྱ་བའི་གདམས་པ་ཁྱད་པར་ཅན་འདི་ཉམས་སུ་ལེན་པ་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། རང་སྐད་ཅིག་གིས་པདྨ་ཉི་མ། འཇིགས་བྱེད་དུས་མཚན་མའི་སྟེང་དུ་འཁོར་ལོ་སྡོམ་པ་སྐུ་མདོག་སྔོན་པོ་ཞབས་གཡས་བརྐྱངས་པས་དུས་མཚན་མོའ་ལྟོ་བ་མནན་པ་གཡོན་བསྐུམས་པས་འཇིགས་བྱེད་ནག་པོའ་མགོ་བོ་བལྟབས་ནས་མནན་པ། ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དང་ལྡན་ཞིང་ཞལ་འགྱུར་ཞིང་མཆེ་བ་གཙིགས་པ། རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་རིན་པོ་ཆེ། གཡོན་ན་ཚེས་གཅིག་གི་ཟླ་བ། འཚོགསམཚོག་མའི་སྟེང་ན་སྣ་ཚོགས་རྡོ་རྗེ། ཕྱག་གཉིས་ཀྱིས་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། རུས་པའི་རྒྱན་དྲུག་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ་གར་དགུའི་ཉམས་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གཡས་གྲི་གུག་གིས་གདུག་པ་ཅན་སྡིགས་ཤིང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྤྱན་གསུམ་སྐྲ་གྲོལ་བ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན། རུས་རྒྱན་ལྔ་ལྡན་ཞབས་གཡོན་བརྐྱང་ཞིང་གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་ཞིག་གསལ་བར་བསྒོམ། དེའི་སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ་པོ། །དེ་ནས་ཉམས་ལེན་ལ་འཇུག་པ་ལ་གསུམ་སྟེ། །དང་པོ་སྔོན་འགྲོ་ནི་ཡབ་ཀྱི་སྤྱི་བོའ་སྐྲ་མཚམས་སུ་ལྷ་སྐུ་ཤིན་ཏུ་གསལ་བ་དེའང་མོག་མོག་པོར་བྱེད་པའི་ཧཱུྃ་སྔོན་པོ་འོད་ཟེར་སྔོན་པོ་འཕྲོ་བ་ཞིག་བསམ། །དེ་ནས་ཧཱུྃ་ལས་འོད་བྱུང་བས་
༡༩༤ སྨིན་མཚམས་གསལ་སིང་སོང་། དེ་ནས་ཤངས་ཡན། སྤྱན་རྩ་ཚུན་གསལ་བའི་སྤྱན་གསུམ་ཧྲིག་ཧྲིག་པ། དེ་ནས་རིམ་བཞིན་མགྲིན་པ། ཐུགས་ཀ །ལྟེ་བ། གསང་གནས་ཀྱི་སྦྱོར་མཚམས་ཡན་ཆད། དེ་ནས་པུས་མོ་ལོང་བུ་སེན་མོ་ཡན་ཆོད་གསལ་སིང་བ་བྱུང་བྱུང་བར་བསྒོམ། ཡབ་ཀྱི་ཕྱི་སྦྱོང་བའོ། །དེ་ནས་ཡང་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། ཚངས་བུག་ནས་མར་སོང་བས་ཤངས་དང་མགྲིན་པ་ཡན་ཆད་སྔོ་སངསིང་སོང་། དེ་ནས་ཐུགས་ཀ །ལྟེ་བ། གསང་གནས། པུས་མོ། ལོང་བུ། སོར་མོའ་ནང་ཡན་ཆད་སྔོ་སིང་ངེ་བ་འོད་ཀྱི་རང་བཞིན་དུ་བསྒོམ། ཡབ་ཀྱི་ནང་སྦྱོང་པའོ། །དེ་བཞིན་དུ་ཡུམ་གྱི་སྤྱི་བོའ་སྟེང་གི་སྐྲ་མཚམས་སུ་བཾ་དམར་པོ་འོད་ཟེར་དམར་པོ་འཕྲོ་བ་ཞིག་བསམ། དེ་ལས་འོད་ཟེར་དམར་པོ་བྱུང་ནས་གོང་བཞིན་ཡུམ་གྱི་ཕྱི་ནང་གཉིས་སུ་སྦྱངས། ཁྱད་པར་བྷ་ག་དང་། ནུ་མ་དམར་སིང་ངེ་བ་བསྒོམ་པ་ནི་ཁ་དོག་གསལ་འདེབས་པའོ། །དེ་ནས་ཡབ་ཀྱི་སྤྱན་དབུས་མ་ནས་རིམ་བཞིན་གསལ་འདེབས། རལ་པའི་ཐོར་ཅོག །རྡོར་དྲིལ་འཛིན་ལུགས། ཞལ་མཆེ་བ་བཞི་གཙིགས་པ། ཞབས་ཀྱི་འཆག་སྟབས། སྒེག་པ། མེ་ཕུང་ལ་སོགས་པ་རེ་རེ་ནས་གསལ་འདེབས་པ་ནི་དབྱིབས་བསྒོམ་པའོ། །དེ་བཞིན་དུ་ཡུམ་ལ་ཡང་དབྱིབས་རེ་རེ་ནས་བསྒོམ། དེ་ནས་ཡབ་ཀྱི་སྤྱི་བོའ་ནོར་བུ། ཟླ་ཕྱེད། སྣ་ཚོགས་རྡོ་རྗེ། འཁོར་ལོ། རྣ་ཆ། མགུལ་རྒྱན། གདུ་བུ། སྐ་རགས། ཐལ་ཆེན་ཏེ་རུས་པའི་རྒྱན་དྲུག །མི་མགོ་སྐམ་རློན་གྱི་དབུ་རྒྱན་དང་དོ་ཤལ། ཡུམ་ལའང་ཐལ་ཆེན་མ་གཏོགས་རུས་རྒྱན་ལྔ། མགོ་སྐམ་གྱི་དབུ་རྒྱན་དང་དོ་ཤལ་སོགས་རིམ་བཞིན་བསྒོམ་པ་ནི་རྒྱན་གསལ་འདེབས་པའོ། །དེ་ལྟ་བུའི་ཡབ་ཡུམ་གཉིས་ཀའང་གསལ་སྟོང་
༡༩༥ བདེ་ཆེན་ཟུང་འཇུག་རང་བཞིན་གྱིས་འོད་གསལ་བ་ཞིག་བསྒོམ། དེ་ཡང་གསལ་བའི་ངོས་ནས་མ་འདྲེས་ལ་ཡོངས་སུ་རྫོགས་པ། སྟོང་པའི་ངོས་ནས་རང་བཞིན་གང་དུའང་མ་གྲུབ་པའི་འོད་ཀྱི་རང་བཞིན་དུ་བསམས་ལ། འདི་ལྟ་བུ་འདི་རང་གི་སེམས་ཉིད་ལྷ་སྐུར་སྣང་བ་མ་གཏོགས། དེ་ལས་ལོགས་སུ་ཕྱི་རོལ་གྱི་དོན་དུ་བདེན་པར་མ་གྲུབ་པར་ཐག་ཆོད་ཆོད་བསྒོམ། དཔེ་རྨི་ལམ་དང་ཆུ་ཟླ་བཞིན། དེ་ཡང་རྨི་ལམ་དུ་ཡུལ་སྣ་ཚོགས་ཞིག་རྨིས་ཀྱང་། ཡུལ་གྱིས་ཚུར་འོང་བ་ཡང་མེད། རང་སེམས་ཀྱིས་ཕར་ཕྱིན་པ་ཡང་མེད། སེམས་གཉིད་ཀྱིས་བསླད་པའི་དབང་གིས་སེམས་ཉིད་སྣ་ཚོགས་སུ་སྣང་བ་ཡིན་གྱིས་དེ་ལས་ལོགས་སུ་བདེན་པར་གྲུབ་པ་མེད་དེ། དཔེ་ཆུ་ནང་གི་ཟླ་བ་ལས་ཤེས་སོ། །དེ་བཞིན་དུ་རང་སེམས་འོད་གསལ་ལྷ་སྐུ་ཤིན་ཏུ་གསལ་བ་དེ་གང་ནས་བྱོན། གང་དུ་བཞུད། གང་ན་གནས་བརྟགས་པས་གང་ནས་ཀྱང་མ་བྱོན། གང་དུའང་མི་བཞུད། གར་ཡང་མི་གནས་པར་གསལ་སྟོང་ཟུང་འཇུག་སྤྲོས་པའི་མཐའ་དང་བྲལ་བར་ཐག་བཅད། དེ་འདྲའི་རང་སེམས་ལྷ་སྐུ་དང་དབྱེར་མེད་འདི་སངས་རྒྱས་འདས་པ་རྣམས་ཀྱིས་ཀྱང་མ་གཟིགས། མ་བྱོན་པ་རྣམས་ཀྱིས་ཀྱང་གཟིགས་པར་མི་འགྱུར། ད་ལྟ་བ་རྣམས་ཀྱིས་ཀྱང་མ་གཟིགས་སོ་སྙམ་དུ་བསྒོམ་མོ། །གཉིས་པ་དངོས་གཞི་ནི། སེམས་གསལ་སྟོང་རང་བཞིན་མ་གྲུབ་པ་འདི་འཆི་མེད་དུ་བསྒོམ་པ་ལ། འཆི་མེད་ཀྱི་དམིགས་པ་ལ་བཞི་ལས། །དང་པོ་ནི། དེ་ལྟར་དུས་གསུམ་སངས་རྒྱས་ཀྱིས་མ་གཟིགས་པའི་རང་སེམས་གསལ་སྟོང་དེ་ལ་ན་བ་མ་གྲུབ་སྟེ། ན་བར་སྣང་བ་དེ་རང་སེམས་ལས་ཉོན་བློགློ་བུར་བ་དེས་བསླད་པའི་སྣང་བ་ཡིན་གྱིས། དོན་དམ་ལ་ན་བའི་རྒྱུ་མེད།
༡༩༦ དེ་མེད་པས་འབྲས་བུ་ན་བ་ཡང་མེད་དོ་སྙམ་དུ། སེམས་ན་མེད་དུ་རྟོགས་རྟོགས་བསྒོམ་མོ། །གཉིས་པ་ནི། དེ་འདྲ་བའི་སེམས་དེ་ལ་འཆི་བ་མ་གྲུབ་སྟེ། འཆི་བ་ཞེས་པ་ལུས་བེམ་པོ་འདི་དང་། རྣམ་རྟོག་གློ་བུར་བ་དེ་བྲལ་བར་སྣང་བ་དེ་ལ་བཏགས་པ་ཙམ་ཡིན་གྱིས། བརྟགས་ཤིང་དཔྱད་ན་འཕོ་བྱ་འཕོ་བྱེད་དང་བྲལ་བ་གང་དུའང་མི་བདེན་པའི་སྟོང་ཉིད་དུ་ནམ་ཐག་མ་ཆོད་བར་དུ་བསྒོམ་མོ། །གསུམ་པ་ནི། དེ་འདྲ་བའི་སེམས་དེ་ལ་སངས་རྒྱས་རྒྱུ་འདུག་གམ་མི་འདུག་བལྟས་པས་སངས་རྒྱ་རྒྱུ་མེད་དེ། སེམས་ཅན་གྱི་དུས་དང་སངས་རྒྱས་པའི་དུས་ཀྱི་སེམས་ཀྱི་རང་བཞིན་གཉིས་འོད་གསལ་སྟོང་ཉིད་དུ་དབྱེར་མེད་དོ། །སེམས་ཀྱི་རང་བཞིན་རྣམ་དག་དེ་གློ་བུར་དྲི་མ་ཐམས་ཅད་དང་བྲལ་བ་དེ་ལ་སངས་རྒྱས་ཞེས་མིང་བཏགས་པ་ཙམ་ཡིན་ནོ་སྙམ་དུ་བསྒོམ་མོ། །བཞི་པ་ནི། དེ་འདྲ་བའི་ལྷ་སྐུ་རང་སེམས་གསལ་སྟོང་དེའི་རང་བཞིན་ལ་བསམས་ན་འཁོར་བ་མ་གྲུབ་སྟེ། འཁོར་བ་བདེན་པར་མ་གྲུབ་པས། འཁོར་བར་འཁོར་མཁན་མ་གྲུབ་སྙམ་དུ་འཁོར་བ་རང་སེམས་འཁྲུལ་པའིབའི་སྣང་བར་ཐག་ནམ་ཆོད་ཆོད་བསྒོམ་མོ། །གསུམ་པ་རྗེས་ནི། དེ་ལྟར་རང་སེམས་འཆི་མེད་དུ་ཐག་བཅད་དེ་ངེས་ཤེས་བསྐྱེད་ལ་ཡེངས་མེད་དུ་བསྒོམ། བླ་མ་ལ་གསོལ་བ་གདབ་པ། སེམས་ཅན་ལ་སྙིང་རྗེ་བསྒོམ་པ། དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་བྱང་དུ་བསྔོ་བས་བོགས་འདོན་ན་མཚམས་མེད་པ་ལྔ་བྱས་པ་ཡང་འཆི་བའམ་བར་དོར་འཚང་རྒྱ་ན་སྒྲིབ་པ་ཆུང་ཞིང་སྐལ་པ་དང་ལྡན་པ་ནི་རྒྱུན་དུ་སྒོམ་པ་ལྟ་ཞོག །འཆི་ཁར་སྐུ་ཡོངས་རྫོགས་སམ་ཆ་ཤས་ཙམ་གསལ་བས་ཀྱང་སྒྱོགས་ཀྱི་འཁྲུལའཕྲུལ་འཁོར་རམ། དྭངས་པའི་རྫིང་བུར་རྡོ་བརྒྱབ་པའམ། ཚེས་བཅོ་ལྔའི་ཉི་མ་རྒས་
༡༩༧ པ་དང་ཟླ་བ་འཆར་བ་དུས་མཉམ་པ་བཞིན་དུ་བར་དོར་རྒྱལ་པབ་ལོངས་སྐུར་སངས་རྒྱས་ཏེ། ཆོས་སྐུ་ལས་མ་གཡོས་པར་གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་ལྷུན་གྲུབ་རྒྱུན་ཆད་མེད་པར་བྱེད་དོ། །དེ་ལྟ་བུའི་གདམས་ངག་མེད་པར་ལམ་སྒྲུབ་པའི་རྩོལ་བ་ཆེར་བྱས་ཀྱང་། ཆུ་བསྲུབས་ཀྱང་མར་མི་འབྱུང་བ་བཞིན་དུ་ངལ་བ་དོན་མེད་ཡིན་ཅིང་། འདི་འདྲ་བའི་གདམས་པ་དང་ལྡན་ཞིང་ཉམས་སུ་ལེན་པ་དེ་ནི་མདོ་རྒྱུད་ཐམས་ཅད་ཀྱི་བཅུད་ཕྱུངས་ནས་བཏུང་པས་ལས་ཉོན་འཁྲུལ་པའི་གཅོང་ནད་བསལ་ནས་འཁའ་སྤྱོད་དུ་འགྲོ་ངེས་པའི་གདམས་པ་ཡིན་པས་ཉམས་སུ་ལེན་དགོས་སོ། །འདི་བས་ཟབ་པའི་མན་ངག་རྒྱ་བོད་གཉིས་ན་མེད་པ་ཡིན་ནོ། །ཕོ་གྲུང་མོ་གྲུང་བརྩོན་འགྲུས་ཅན་ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་ལགས་སོ། །འདི་དག་གི་རིགས་པས། ལུས་བེམ་པོ་འདི་དང་། །སེམས་གསལ་སྟོང་གཉིས་ཀ་འཁོར་བ་ནས་སངས་རྒྱས་སུ་འཆུགས་མི་འཆུགས། སངས་རྒྱས་ནས་འཁོར་བ་ངན་འགྲོ་ནས་བདེ་འགྲོ་སོགས་སུ་འཆུགས་མི་འཆུགས་པ་ལྟས་ལ། ལུས་དང་སེམས་འཆུགས་མེད་དུ་ཐག་ཆོད་ཆོད་དུ་བསྒོམ་མོ། །སྙིང་རུས་ཅན་ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་ཉིདཉིང་ཁུའི་ཡན་ལག་གི་ཆོས་སྐོར་ལས་འཆི་མེད་དང་འཆུགས་མེད་ཀྱི་དམིགས་རིམ་གསལ་བ་འདི་ཡང་། ལུང་སྟོང་སྨྱོན་པས་མཁའ་འགྲོའི་གསུང་བཞིན་ཉམས་སུ་མྱོང་བར་བྱས་ནས། གནས་མཆོག་རི་བོ་ཆེར་སྟག་ལོ་ཟླ་བ་དྲུག་པའི་ཚེས་བརྒྱད་ནས་བདུན་པའི་བཅོ་ལྔའི་བར་ལ་ཉིང་ཁུའི་ལུས་ཡན་ལག་དང་བཅས་པ་ཚང་བར་སྦྱར་བའི་ཡི་གེ་པ་ནི་བཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ཡིན། དམ་ཆོས་འདི་ཚུལ་བཞིན་ཉམས་སུ་ལེན་པ་ལ་
༡༩༨ ཚེ་འདིའི་འཁྲི་བབར་བཅད་པས་དོན་ཆེན་འགྲུབ་པའི་གཏན་གྱི་ཆུས་ལེགས་འགྲོ་བར་འདུག་པས། ཐམས་ཅད་རྩོལ་བ་བསྐྱེད་ལ་རེམསརེམ། །དགེའོ། །

གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཚིགས་བཅད་མ་རྒྱུད་གསུམ་ལམ་གྱི་རིམ་པའི་བསྡུས་དོན་བཞུགས་སོ།

༣༡ ༈ གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཚིགས་བཅད་མ་རྒྱུད་གསུམ་ལམ་གྱི་རིམ་པའི་བསྡུས་དོན་བཞུགས་སོ། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། དཔལ་ཀྱཻ་རྡོ་རྗེའི་རྒྱུད་གསུམ་གྱི་ལམ་གྱི་རིམ་པ་ལ་གསུམ་སྟེ། ལམ་རིམ་ལ་འཇུག་པའི་ཡན་ལག །ཡན་ལག་ཅན་གྱི་ལམ་རིམ། ལམ་རིམ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། དཔལ་ལྡན། མདོ་བཤད་པར་དམ་བཅའོ། གཉིས་པ་ལ་གཉིས། ཕར་ཕྱིན་ཐེག་པའི་ལམ་གྱིས་རྒྱུད་སྦྱངས་པ། །སྦྱངས་ནས་རྡོ་རྗེ་ཐེག་པའི་ལམ་རིམ་དངོས་ལ་འཇུག་པའོ། །དང་པོ་ལ་གསུམ། སྤང་བྱ་འཁོར་བའི་ཉེས་དམིགས་བསམ་པ། བརྟེན་བྱ་ལམ་གྱི་རིམ་པ་བསྒོམ་པ། དེ་དག་གི་མཇུག་བསྡུ་བའོ། །ཕ་རོལ། དང་པོ་ལ་གསུམ། སྡུག་
༣༢བསྔལ་གྱི་སྡུག་བསྔལ་བསམ་པ། སྡུག་བསྔལ་གཞན་བསམ་པ། ངན་པའི་གྲོགས་སྤང་བ་བསྟན་པའོ། །དེས་ན། །དང་པོ་ལ་གཉིས། སྡུག་བསྔལ་གྱི་ངོ་བོ། སྡུག་བསྔལ། དེའི་རྒྱུ་སྤང་བར་བསྟན་པའོ། གཉིས་པ་ལ་གཉིས། མཐོ་རིས། མདོར་བསྟན། རྒྱས་པར་བཤད་པའོ། །འདི་ལ་གཉིས། འགྱུར་བའི་སྡུག་བསྔལ་བསམ་པ། འདུ་བྱེད་ཀྱི་སྡུག་བསྔལ་བསམ་པའོ། །གཉིས་པ། །གཉིས་པ་ལ་གསུམ། སྦྱོར་བ་མི་དགེའི། སྐྱབས་སུ་དཀོན་མཆོག་འགྲོ་བའི་རིམ་པ། །དངོས་གཞི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ། རྗེས་ཐུན་དང་པོ། མཚམས་སུ་བྱ་བའི་རིམ་པའོ། །གཉིས་པ་ལ་གཉིས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ། དོན་དམ་བྱང་ཆུབ་ཀྱི་སེམས་དོན་དམ། བསྒོམ་པའོ། །གསུམ་པ་ལ་གཉིས། མི་རྟག་པ་བསྒོམ་པ། དེ་ལྟར། ཚོགས་བསགས་པའོ། །བྱང་ཆུབ། །གཉིས་པ་རྡོ་རྗེ་ཐེག་པའི་ལམ་རིམ་དངོས་ལ་གསུམ། ལམ་གྱི་རྩ་བ་བླ་མ་བསྟེན་ཚུལ། བསྟེན་ནས་ལམ་གྱི་རིམ་པས་བློ་སྦྱང་བ། སྦྱངས་པའི་ལམ་གྱི་འབྲས་བུའོ། །རྡོ་རྗེ། །དང་པོ་ལ་གསུམ། དེ་ཙམ་གང་གིས་སྟེན་པ་སློབ་མའི་མཚན་ཉིད། གང་བསྟེན་པ་བླ་མའི་རང་བཞིན། བླ་མའི། དེས་དེ་ཇི་ལྟར་བསྟེན་པའི་ཚུལ་ལོ། །གཉིས་པ་ལ་གསུམ། དབང་གིས་སྨིན་པར་བྱ་བ། སྨིན་པས་རྒྱུད་སྦྱང་བ། སྦྱངས་ནས་ལམ་བསྒོམ་པའོ། །དང་པོ་ལ་གཉིས། ཆོ་ག་རྫོགས་པ། དཀྱིལ་འཁོར། སྨིན་བྱེད་རྣམ་དག་ཏུ་བསྟན་པ། དེ་ལས་གཞན་པ་བྱིན་རླབས་སྨིན་བྱེད་དུ་མི་རུང་བར་བསྟན་པའོ། །གཉིས་པ་ལ་གཉིས། བསྲུང་བྱ་དམ་ཚིག་སྦྱང་བ། དེ་ནས། བསྙེན་བྱ་བཟླས་བརྗོད་དེ་ལྟར། ཀྱིས་རྒྱུད་སྦྱང་བའོ། གསུམ་པ་ལ་བཞི། དངོས་པོ་ཐམས་ཅད་ལ་ཞེན་པ་སྤང་བ་ལྟ་བའི་ཁྲིད། རྟེན་དང་བརྟེན་པའི་རང་བཞིན་རིམ་གཉིས་ཀྱི་རྣལ་འབྱོར་རིམ་གཉིས་ལ་གནས་པས་དྲོད་ཐོབ་ནས་སྤྱོད་པ་བྱ་
༣༣ཚུལ། སྤྱོད་པ་ལ་གནས། པ་རྣམས། པས་ཉེ་རྒྱུ་བསྒོམ་ཚུལ་ལོ། །དང་པོ་ལ་གསུམ། དེ་ནས། སྣང་བ་སེམས་སུ། སེམས་དེ་སེམས་སྒྱུ་མར། སྒྱུ་མ་རང་བཞིན་མེད་པར་བསྒྲུབ་པའོ། །འདི་ལ་གཉིས། རྟེན་འབྲེལ་དུ་དང་། སྒྱུ་མ་བརྗོད་བྲལ་དུ་བསྒྲུབ་པའོ། གཉིས་པ་ལ་གཉིས། རིམ་གཉིས་དེ་ནས་སྤྱིའི་རྣལ་འབྱོར། སོ་སོའ་རྣལ་འབྱོར་རོ། །འདི་ལ་གཉིས། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། མདོར་བསྟན། བརྗོད་རྒྱས་པར་བཤད་པའོ། །འདི་ལ་གཉིས། ལས་དང་པོ་པས། དང་པོ། བསྒོམ་བྱའི་བསྐྱེད་རིམ། བརྟན་པ་ཐོབ་པས་བསྒོམ་བྱའི་བསྐྱེད་རིམ་མོ། གཉིས་པ་ལ་གསུམ། སྔོན་འགྲོ་སྒོ་གསུམ་སྦྱོང་བ། རྫོགས་བསྐྱེད་པའི་དངོས་གཞིའི་ལམ་སྦྱང་བ། རྗེས་ལྟ་བ་བསྐྱང་བའོ། གཉིས་པ་ལ་གཉིས། ལམ་གྱི་དངོས་གཞི། དེ་དག་གི་ཡན་ལག་གོ །དེ་ལྟར། གཉིས་པ། དང་པོ་ལ་གཉིས། རང་བྱིན་རླབས། ལས་དཀྱིལ་འཁོར་འཁོར་ལོའོ། །དང་པོ་ལ་གཉིས། ཁྱབ་བྱེད་ཀྱི་མན་ངག་ དེ་ནས། ཁྱབ་བྱའི་མན་ངག་གོ །རང་བྱིན། གསུམ་པ་ལ་གཉིས། མདོར་བསྟན་པ། ཉམས། རྒྱས་པར་བཤད་པའོ། །འདི་ལ་གཉིས། རང་ལུགས་བཞག་པ། གཞན་ལུགས་དགག་པའོ། །དགའ་བཞི་པ་ལ་གཉིས། དེ་ལྟར་སྤྱད་པའི། དེ་ལྟར། སྔོན་དུ་དྲོད་ཐོབ་ནས་སྤྱོད་པ། སྤྱོད་པར་བྱའོ། །གསུམ་པ་ལ་དྲུག །དགེ་བསྙེན་གང་དག་གང་གིས། རྒྱས་མིན་དགོས་པ་ཅིའི་ཕྱིར། རང་སེམས། གནས་གང་དུ། ས་སྐྱར། སྙིང་པོ་ཚུལ་ཇི་ལྟར། ཚིག་ གྲངས་དུ་ཞིག་བརྩམ་པ། ལེགས་པར། རྩོམ་པའི་དགེ་བ་བསྔོ་བའོ། །རྒྱུད་གསུམ་གྱི་ལམ་གྱི་རིམ་པའི་བསྡུས་དོན་་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་རྣམས་ལ་ཕན་ཐོག་པར་གྱུར་ཅིག །སརྦ་དཱ་མངྒ་ལམ་བྷ་བ་ཏུ།།

ཤྲཱི་སིཾ་ཧའི་ཞལ་ཆེམས་གཟེར་བུ་བདུན་པ་བཞུགས་སོ༔

༡༣ ༈ ཤྲཱི་སིཾ་ཧའི་ཞལ་ཆེམས་གཟེར་བུ་བདུན་པ་བཞུགས་སོ༔ སརྦ་སནྟྭི་ཀ༔ སྟོང་གསལ་ཤེས་རབ་རྫོགས་ལ་ཕྱག་འཚལ་ལོ༔ ཀུན་ཏུ་ཁྱབ་ཅིང་སྣ་ཚོགས་སྣང་བ་ཡི༔ རིག་པའི་ཡེ་ཤེས་རྒྱ་ཡན་ཕྱོགས་མེད་དེ༔ མི་འགྱུར་བ་ལ་གཟེར་ཆེན་བཏབ་པའི་ཕྱིར༔ འཁོར་འདས་འཕྲང་ལ་གཟེར་ཆེན་བདུན་བཏབ་པས༔ མི་འགྱུར་བདེ་ཆེན་བདག་གི་བློ་ལ་ཤར༔ དེ་དོན་མན་ངག་
༡༢ ཉི་མའི་ཟེར་འདྲ་བ༔ བརྒྱལ་བ་བསླང་ཕྱིར་དགོངས་དོན་གསང་བ་འདི༔ གསལ་བའི་ཤེས་རབ་མཛོད་ཀྱི་སྒོ་ཕྱེ་ལ༔ ཡིད་བཞིན་ནོར་འདྲའི་དོན་འདི་རྟོགས་པར་གྱིས༔ གསལ་བའི་ཡེ་ཤེས་ཟང་ཐལ་གྱི་གཟེར་གྱིས་འཁོར་འདས་གཉིས་ཀྱི་མཚམས་སུ་ཐོབ་ཅིག༔ སྒྲོན་མ་རང་སྣང་གི་གཟེར་གྱིས་ཡུལ་སེམས་གཉིས་ཀྱི་བར་དུ་ཐོབ་ཅིག༔ ངོ་བོ་རང་དག་གི་གཟེར་བློ་དངོས་གཉིས་ཀྱི་བར་དུ་ཐོབ་ཅིག༔ ལྟ་བ་གྲོལ་ཡན་གྱི་གཟེར་རྟག་ཆད་གཉིས་ཀྱི་བར་དུ་ཐོབ་ཅིག༔ རིག་པ་ཆོས་ཉིད་ཀྱི་གཟེར་ཆོས་ཅན་ཆོས་ཉིད་ཀྱི་བར་དུ་ཐོབ་ཅིག༔ སྒོ་ལྔ་རྒྱ་ཡན་གྱི་གཟེར་བྱིང་རྒོད་གཉིས་ཀྱི་བར་ལ་ཐོབ་ཅིག༔ ཆོས་སྐུ་ཡེ་རྫོགས་ཀྱི་གཟེར་སྣང་སྟོང་གཉིས་ཀྱི་བར་ལ་ཐོབ་ཅིག༔ ༔ གསལ་བ་རང་ངོས་མ་སྒྲིབ་པ་ཤེས་རབ་རང་གྲོལ་གཞན་ངོ་ལ་བཞག་པ་ནི་རྩྭ་དང་མེ་འཕྲད་པ་ལྟ་བུའོ༔ སྣང་བ་གཅེར་གྲོལ་དུ་ཤེས་པས་དྲན་བསམ་ལ་བྱན་ཚུད་པ་ནི་མུན་ཁང་དང་སྣང་བ་འཕྲད་པ་ལྟ་བུའོ༔ རིག་པ་ཡེ་དག་གི་དགོངས་པ་གཞི་མངོན་དུ་ཤེས་པ་ནི་ཡིད་མཐུན་པའི་ཕོ་མོ་འཕྲད་པ་ལྟ་བུའོ༔ རང་ངོ་ཕྱོགས་བྲལ་གྱི་ཡེ་ཤེས་རང་རྐྱེན་དུ་ཤར་བས་ཡིན་མིན་གྱི་རྩིས་ལས་འདས་པ་བཞིན་དང་མེ་ལོང་འཕྲད་པ་ལྟ་བུའོ༔ ལྟ་སྒོམ་ལས་གྲོལ་བའི་རྟོག་པ་སྣ་ཚོགས་རོལ་པར་ཤར་བས་བ་མོ་དང་ཉི་མ་རེག་པ་ལྟ་བུའོ༔ སྣང་སྲིད་སོར་བཞག་གི་དགོངས་པ་ཡེ་རྒྱས་བཏབ་པས་ཡུལ་ཅན་མཉམ་པ་ཉིད་དུ་ཤེས་པ་ནི་བུ་གཅིག་པོ་དང་འཕྲད་པ་ལྟ་བུའོ༔ ཆོས་སྐུ་འབད་རྩོལ་མེད་པར་ཡེ་ནས་རང་དང་འདུ་འབྲལ་མེད་པ་ཡིན་པས་སྣོད་བཅུད་རང་སར་གྲོལ་བ་ནི་དབུལ་པོ་གཏེར་མཛོད་དང་འཕྲད་པ་ལྟ་བུའོ༔ ༔ ཤྲཱི་སིཾ་ཧ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་འོད་ཟེར་གྱི་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་གཤེགས་པས༔ ཡེ་ཤེས་མདོ་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏེ་ཀྱེ་མ་ཀྱི་ཧུད་ཀྱི་སྒྲ་བསྒྲགས་པས༔ ནམ་མཁའ་ལ་སྒྲ་ཆེན་པོ་གྲགས་ཏེ༔ དེ་ཉིད་ཀྱིས་བརྒྱལ་སངས་ནས་བལྟས་པས༔
༡༣ འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ༔ ཡེ་ཤེས་མདོ་བརྒྱལ་བ་ལས་བསླང་བའི་དོན་དུ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་ཕྱག་མཐིལ་དུ་བབས་སོ༔ དེ་ཉིད་བབས་པ་ཙམ་གྱིས་རྟོགས་པ་དང་ལྡན་པར་གྱུར་ཏོ༔ བཀྲ་ཤིས་ཁྲི་སྒོར་བབས་པ༔ ཤྲཱི་སིཾ་ཧའི་ཞལ་ཆེམས་གཟེར་བུ་བདུན་པ་ལོང་བའི་སྣ་ཁྲིད་དང་འདྲ་བ་རྫོགས་སོ༔

ཞྭ་དམར་ཐམས་ཅད་མཁྱེན་པ་ལྔ་པས་མཛད་པའི་བླ་མ་རྒྱང་འབོད་བཞུགས་སོ༎

༡༢༣ ཞྭ་དམར་ཐམས་ཅད་མཁྱེན་པ་ལྔ་པས་མཛད་པའི་བླ་མ་རྒྱང་འབོད་བཞུགས་སོ།།
༡༢༣ ཞྭ་དམར་ཐམས་ཅད་མཁྱེན་པ་ལྔ་པས་མཛད་པའི་བླ་མ་རྒྱང་འབོད་བཞུགས་སོ།། །ཀྱེ་མ། ཕ་རྗེ་བཙུན་བླ་མ་རིན་པོ་ཆེ། །ཁྱེད་སངས་རྒྱས་ཀུན་དང་དབྱེར་མེད་པའི། །དེང་མོས་པའི་བུ་ལ་ཐུགས་བརྩེ་བས། །འཕྲལ་རྒྱལ་སྲས་མཆོག་གི་ཚུལ་བཟུང་ནས། །ལར་བསམ་ཞིང་སྐྱོ་བ་བཞེས་མཛད་པའི། །དཔལ་ཀརྨ་པ་ཞེས་ཡོངས་སུ་གྲགས། །རྗེ་ཁྱེད་ཀྱི་བྱིན་རླབས་མི་དམན་ཡང་། །རྒྱུད་ཉོན་མོངས་དྲག་པོས་ཡོངས་བཟུང་ནས། །ལས་ནག་པོའ་སྤྱོད་པ་དར་བའི་ཚེ། །དུས་སྙིགས་མ་ལྔ་བདོའ་སེམས་ཅན་རྣམས། །འོག་ངན་སོང་གཡང་ས་ཁོ་ནར་ལྷུང་། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ལས་སྔར་བྱས་རྣམས་ལ་དོན་མ་མཆིས། །ཆོས་སྔར་བྱས་རྣམས་ལ་ཆོས་བརྒྱད་འདྲེས། །ལམ་རྣལ་མ་སྒྲུབ་པ་གཅིག་མ་དྲན། །ད་ཁྱེད་རང་མིན་པ་རེ་ས་མེད། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ལར་གཤིན་རྗེའི་སྐྱེས་བུའི་རྒྱབ་ནས་དེད། །དུས་ལོ་ཟླ་ཞག་གི་མདུན་ནས་བསུ། །འཕྲལ་རྣམ་གཡེངས་བྱ་བས་བར་ནས་བྲིད། །དེ་མ་ཚོར་བསླུས་ཤིག་བྱུང་ཉན་འདུག །ཕ་ཐུགས་རྗེས༴ །གཞོན་དབང་པོ་གསལ་ཚེ་བྱིས་པའི་སེམས། །ལུས་དར་ལ་བབ་ཚེ་བྲེལ་བས་གཡེངས། །ད་རྒས་ཤིང་འཁོག་པར་གྱུར་པའི་ཚེ། །ཆོས་གཤའ་མར་དྲན་ཀྱང་ཕྱིས་ནས་སོང་། །ཕ་ཐུགས་རྗེས༴ །རང་སྡོད་པར་འདོད་ཀྱང་སྡོད་དབང་མེད། །ནོར་ཁྱེར་བར་འདོད་ཀྱང་ཁྱེར་མི་གཏུབ། །གྲོགས་འགྲོགས་པར་འདོད་ཀྱང་རང་གཅིག་པུ། །སང་འཇིག་རྟེན་ཕ་རོལ་འགྲོ་བར་ངེས། །ཕ་ཐུགས་རྗེས༴ །ཚེ་འདི་ཡི་བག་ཆགས་འཕེན་པའི་མཐུས། །ལམ་བར་དོའ་འཕྲང་ལ་ཅི་འདྲ་ཨང་། །དཔེ་མདོང་སུམ་ཉལ་བའི་རྨི་ལམ་བཞིན། །ལར་རང་དབང་ཐོབ་པ་ཤིན་ཏུ་དཀའ། །ཕ་
༡༢༤ ཐུགས་རྗེས༴ །སྤྱིར་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྒོས་མི་རྟག་ལུས་ལ་སྙིང་པོ་མེད། །འདི་ནམ་མཁར་ཤར་བའི་འཇའ་ཚོན་འདྲ། །དེ་བདེན་པར་བཟུང་ཡང་ཡལ་ནས་འགྲོ། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ཡར་སངས་རྒྱས་རྣམས་ལ་དད་པ་མེད། །མར་སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་། །གོས་ངུར་སྨིག་གྱོན་ཀྱང་གཟུགས་བརྙན་ཙམ། །སྐྲ་སྤུ་གྲིས་བཞར་ཡང་དོན་སྒོ་ཆུང་། །ཕ༴ །ཆོས་ཐོས་པ་མང་ཡང་གནད་མ་ཁྲོལ། །ཁ་བཤད་པ་ཚ་ཡང་རྒྱུད་མ་དུལ། །གནས་རི་ཁྲོད་འགྲིམ་ཀྱང་ཁྱིམ་ལ་སྲེད། །མིག་ལྟ་སྟངས་བྱས་ཀྱང་ཉམས་མྱོང་མེད། །ཕ༴ །མི་གཞན་གྱི་སྐྱོན་འཚང་ཆུང་ངུ་རིག །རང་ཁོང་ནས་རུལ་བ་ཡེ་མ་ཚོར། །མི་གཞན་གྱི་མགོ་བོ་བསྐོར་བསྐོར་ནས། །སྡུག་རང་གིས་ཉོས་པ་མ་ལགས་སམ། །ཕ༴ །ཁོང་རྒྱལ་བའི་གསུང་རབ་མ་ལུས་ཀུན། །སེམས་རྒྱུད་ལ་ཨེ་ཕན་མི་སེམས་པར། །ཁེ་དྲག་པ་སྒྲུབ་ཕྱིར་ཐོས་བསམ་བྱས། །དེ་ཐར་པའི་ལམ་དུ་ཨེ་འགྲོ་ཨང་། །ཕ༴ །ཁྱོད་ཆོས་པའི་ཚུལ་གྱིས་འཇིག་རྟེན་བསྒྲུབ། །ལར་སྐྱེ་བོ་ཀུན་གྱི་མཆོད་པ་ལེན། །ཚེ་ཡང་ཡེངས་བྱ་བའི་ངང་དུ་བཏང་། །དབུགས་ཁྲོག་གེར་འགྲོ་དུས་ཅི་འདྲ་ཨང་། །ཕ༴ །བདག་དེ་སླད་སྐྱོ་བ་གཏིང་ནས་སྐྱེས། །ཡར་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །སྤྱིར་སྙིགས་མའི་དུས་ཀྱི་སེམས་ཅན་དང་། །སྒོས་ཆོས་པའི་ཚུལ་ཅན་བདག་སོགས་ལ། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །བུ་ང་ལ་རེ་ས་གཞན་ན་མེད། །བྱ་བྲལ་གྱི་སྐྱིད་སྡུག་ཁྱེད་རང་ཤེས། །དབྱིངས་ཟག་མེད་བདེ་ཆེན་ཕོ་བྲང་ནས། །མགོན་ཁྱེད་དང་དབྱེར་མེད་རོ་གཅིག་ཤོག །ཞེས་དཔལ་ཙཱ་རི་ཏྲའི་རིན་ཆེན་ཕུག་ཏུ་ཞྭ་དམར་དཀོན་མཆོག་ཡན་ལག་གིས་མཛད་པའོ།། །།

{{#cargo_store: _table=WyliePageContent

|TibetanContent=
༡༢༣ ཞྭ་དམར་ཐམས་ཅད་མཁྱེན་པ་ལྔ་པས་མཛད་པའི་བླ་མ་རྒྱང་འབོད་བཞུགས་སོ།།
༡༢༣ ཞྭ་དམར་ཐམས་ཅད་མཁྱེན་པ་ལྔ་པས་མཛད་པའི་བླ་མ་རྒྱང་འབོད་བཞུགས་སོ།། །ཀྱེ་མ། ཕ་རྗེ་བཙུན་བླ་མ་རིན་པོ་ཆེ། །ཁྱེད་སངས་རྒྱས་ཀུན་དང་དབྱེར་མེད་པའི། །དེང་མོས་པའི་བུ་ལ་ཐུགས་བརྩེ་བས། །འཕྲལ་རྒྱལ་སྲས་མཆོག་གི་ཚུལ་བཟུང་ནས། །ལར་བསམ་ཞིང་སྐྱོ་བ་བཞེས་མཛད་པའི། །དཔལ་ཀརྨ་པ་ཞེས་ཡོངས་སུ་གྲགས། །རྗེ་ཁྱེད་ཀྱི་བྱིན་རླབས་མི་དམན་ཡང་། །རྒྱུད་ཉོན་མོངས་དྲག་པོས་ཡོངས་བཟུང་ནས། །ལས་ནག་པོའ་སྤྱོད་པ་དར་བའི་ཚེ། །དུས་སྙིགས་མ་ལྔ་བདོའ་སེམས་ཅན་རྣམས། །འོག་ངན་སོང་གཡང་ས་ཁོ་ནར་ལྷུང་། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ལས་སྔར་བྱས་རྣམས་ལ་དོན་མ་མཆིས། །ཆོས་སྔར་བྱས་རྣམས་ལ་ཆོས་བརྒྱད་འདྲེས། །ལམ་རྣལ་མ་སྒྲུབ་པ་གཅིག་མ་དྲན། །ད་ཁྱེད་རང་མིན་པ་རེ་ས་མེད། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ལར་གཤིན་རྗེའི་སྐྱེས་བུའི་རྒྱབ་ནས་དེད། །དུས་ལོ་ཟླ་ཞག་གི་མདུན་ནས་བསུ། །འཕྲལ་རྣམ་གཡེངས་བྱ་བས་བར་ནས་བྲིད། །དེ་མ་ཚོར་བསླུས་ཤིག་བྱུང་ཉན་འདུག །ཕ་ཐུགས་རྗེས༴ །གཞོན་དབང་པོ་གསལ་ཚེ་བྱིས་པའི་སེམས། །ལུས་དར་ལ་བབ་ཚེ་བྲེལ་བས་གཡེངས། །ད་རྒས་ཤིང་འཁོག་པར་གྱུར་པའི་ཚེ། །ཆོས་གཤའ་མར་དྲན་ཀྱང་ཕྱིས་ནས་སོང་། །ཕ་ཐུགས་རྗེས༴ །རང་སྡོད་པར་འདོད་ཀྱང་སྡོད་དབང་མེད། །ནོར་ཁྱེར་བར་འདོད་ཀྱང་ཁྱེར་མི་གཏུབ། །གྲོགས་འགྲོགས་པར་འདོད་ཀྱང་རང་གཅིག་པུ། །སང་འཇིག་རྟེན་ཕ་རོལ་འགྲོ་བར་ངེས། །ཕ་ཐུགས་རྗེས༴ །ཚེ་འདི་ཡི་བག་ཆགས་འཕེན་པའི་མཐུས། །ལམ་བར་དོའ་འཕྲང་ལ་ཅི་འདྲ་ཨང་། །དཔེ་མདོང་སུམ་ཉལ་བའི་རྨི་ལམ་བཞིན། །ལར་རང་དབང་ཐོབ་པ་ཤིན་ཏུ་དཀའ། །ཕ་
༡༢༤ ཐུགས་རྗེས༴ །སྤྱིར་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྒོས་མི་རྟག་ལུས་ལ་སྙིང་པོ་མེད། །འདི་ནམ་མཁར་ཤར་བའི་འཇའ་ཚོན་འདྲ། །དེ་བདེན་པར་བཟུང་ཡང་ཡལ་ནས་འགྲོ། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ཡར་སངས་རྒྱས་རྣམས་ལ་དད་པ་མེད། །མར་སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་། །གོས་ངུར་སྨིག་གྱོན་ཀྱང་གཟུགས་བརྙན་ཙམ། །སྐྲ་སྤུ་གྲིས་བཞར་ཡང་དོན་སྒོ་ཆུང་། །ཕ༴ །ཆོས་ཐོས་པ་མང་ཡང་གནད་མ་ཁྲོལ། །ཁ་བཤད་པ་ཚ་ཡང་རྒྱུད་མ་དུལ། །གནས་རི་ཁྲོད་འགྲིམ་ཀྱང་ཁྱིམ་ལ་སྲེད། །མིག་ལྟ་སྟངས་བྱས་ཀྱང་ཉམས་མྱོང་མེད། །ཕ༴ །མི་གཞན་གྱི་སྐྱོན་འཚང་ཆུང་ངུ་རིག །རང་ཁོང་ནས་རུལ་བ་ཡེ་མ་ཚོར། །མི་གཞན་གྱི་མགོ་བོ་བསྐོར་བསྐོར་ནས། །སྡུག་རང་གིས་ཉོས་པ་མ་ལགས་སམ། །ཕ༴ །ཁོང་རྒྱལ་བའི་གསུང་རབ་མ་ལུས་ཀུན། །སེམས་རྒྱུད་ལ་ཨེ་ཕན་མི་སེམས་པར། །ཁེ་དྲག་པ་སྒྲུབ་ཕྱིར་ཐོས་བསམ་བྱས། །དེ་ཐར་པའི་ལམ་དུ་ཨེ་འགྲོ་ཨང་། །ཕ༴ །ཁྱོད་ཆོས་པའི་ཚུལ་གྱིས་འཇིག་རྟེན་བསྒྲུབ། །ལར་སྐྱེ་བོ་ཀུན་གྱི་མཆོད་པ་ལེན། །ཚེ་ཡང་ཡེངས་བྱ་བའི་ངང་དུ་བཏང་། །དབུགས་ཁྲོག་གེར་འགྲོ་དུས་ཅི་འདྲ་ཨང་། །ཕ༴ །བདག་དེ་སླད་སྐྱོ་བ་གཏིང་ནས་སྐྱེས། །ཡར་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །སྤྱིར་སྙིགས་མའི་དུས་ཀྱི་སེམས་ཅན་དང་། །སྒོས་ཆོས་པའི་ཚུལ་ཅན་བདག་སོགས་ལ། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །བུ་ང་ལ་རེ་ས་གཞན་ན་མེད། །བྱ་བྲལ་གྱི་སྐྱིད་སྡུག་ཁྱེད་རང་ཤེས། །དབྱིངས་ཟག་མེད་བདེ་ཆེན་ཕོ་བྲང་ནས། །མགོན་ཁྱེད་དང་དབྱེར་མེད་རོ་གཅིག་ཤོག །ཞེས་དཔལ་ཙཱ་རི་ཏྲའི་རིན་ཆེན་ཕུག་ཏུ་ཞྭ་དམར་དཀོན་མཆོག་ཡན་ལག་གིས་མཛད་པའོ།། །།

}}

༄༅། ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་བ་བཞུགས་སོ། །

༡༡༧ ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་བ་བཞུགས་སོ། །
༡༡༨ ༀ་སྭ་སྟི་སིདྡྷཾ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །མང་ཉུང་མཐའ་སྤངས་བརྒྱ་དང་བརྒྱད་ཀྱི་གྲངས། །གྲངས་བཞིན་ཇི་སྙེད་གོ་རིམ་ལེགས་བརྒྱུས་པ། །པཱ་ར་མི་ཏའི་གནས་ལུགས་གསལ་བའི་ཆ། །ཆ་ཙམ་བསྡུས་པའི་ཐུན་མོང་སྔོན་འགྲོ་འབྲི། དེ་ཡང་ཁྲིད་བརྒྱ་མ་ལུས་པའི་ཐུན་མོང་གི་སྔོན་དུ་འགྲོ་བའི་གནད་བསྡུས་ནི། སྐྱབས་གནས་ཐམས་ཅད་བླ་མར་འདུས་ཤིང་། དེ་ཡང་རྩ་བའི་བླ་མ་དང་ངོ་བོ་གཅིག་པར་མོས་ཏེ། རང་གི་རྙེད་དཀའི་དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བསམས་ནས་དེ་ཉིད་ཀྱང་ཡུན་རིང་མི་གནས་པའི་འཆི་བ་མི་རྟག་པའི་ཚུལ་ལ་དཔྱད་པས། འདུས་བྱས་འཇིག་པའི་ཆོས་ཅན་གྱིས་ཡིད་འབྱུང་སྐྱོ་ཤས་ལྷག་པར་སྐྱེ་ཞིང་། འཇིག་རྟེན་ཆོས་བརྒྱད་ཚེ་འདིའི་ཚེ་ཐབས་དོན་གཉེར་རྨི་ལམ་དུ་ཡང་མི་འབྱུང་བའི་དྲན་ཤེས་ཉིད། ཉམས་ལེན་གྱི་སྙིང་པོར་དྲིལ་ནས་འཁྲུལ་ངོར། ལས་བྱེད་པ་པོ་དང་། རྣམ་སྨིན་མྱོང་བ་པོ་གཅིག་ཏུ་འཛིན་པའི་ལྷན་སྐྱེས་ཀྱི་ང་བདག་འདུལ་བ་གཙོ་བོར་བྱས་ཏེ། དཀར་ནག་གི་ལས་འབྲས་མི་བསླུ་བར་ངེས་པ་བརྟན་པོས་དགེ་སྡིག་གི་བླང་དོར་ཕྲ་མོ་ཡང་ཁྱད་གསོད་མེད་པར་རྗེས་
༡༡༩ སུ་བསྒྲུབས་པ་སྐྱེས་བུ་ཆུང་ངུའི་ཉམས་ལེན་ལ་འབད་ཅིང་། ཟག་བཅས་ཀྱི་བདེ་བ་འཁོར་པའི་ཕུན་ཚོགས་ཐམས་ཅད་སྡུག་བསྔལ་ཕྱིར་བཅོས་ཀྱི་བདེ་བའི་གཟུགས་བརྙན་ཙམ་དུ་ཐག་བཅད་ནས་འཁོར་བ་མཐའ་དག་ལ་ངེས་པར་འབྱུང་བའི་བསམ་པས། གང་བླངས་པའི་རང་རྒྱུད་ལ་ཡོད་པའི་ཚུལ་ཁྲིམས་ཀྱིས་གཞི་བཟུང་བའི་ཐོས་བསམ་སྒོམ་གསུམ་གྱིས་རྒྱལ་བའི་གསུང་རབ་མ་ལུས་པ་ལ་ཕྱོགས་དང་རིས་སུ་མ་བཅད་པའི་ནན་ཏན་རྗེས་སྒྲུབ་སྐྱེས་བུ་འབྲིང་གི་ཉམས་སུ་བླང་བྱ་ལྟར་སྒྲུབ་ཅིང་། མཐར་མཁའ་ཁྱབ་ཀྱི་འགྲོ་བ་དྲིན་ཅན་གྱི་ཕ་མར་ཤེས་པའི་བྱམས་བརྩེ་བསྐྱེད་པས་བདག་པས་གཞན་གཅེས་ཀྱི་ལྷག་བསམ། ཅི་བྱེད་གཞན་དོན་ཁོ་ནར་འགྱུར་བའི་ཀུན་རྫོབ་བྱང་སེམས་དང་། །འཁོར་འདས་ཀྱི་ཆོས་ཐམས་ཅད་དཔྱད་ངོར་ཚུགས་ཐུབ་ཀྱི་རང་བཞིན་ཅུང་ཟད་ཀྱང་མེད་པར་རྟོགས་པའི་མཉམ་བཞག་ནམ་མཁའ་ལྟ་བུ། གང་སྣང་སྒྱུ་མའི་གཟུགས་བརྙན་བཞིན་དུ་སྣང་ལ་རང་བཞིན་མེད་པར་རྟོགས་པའི་རྗེས་ཐོབ་སྒྱུ་འདྲའི་ངང་ནས་བཟླས་སྒོམ་འགྲོ་འཆགས་ཉལ་འདུག་ཐམས་ཅད་དུ་ཉམས་སུ་ལེན་པ་སྐྱེས་བུ་ཆེན་པོའ་ལམ་རྫོགས་ཀྱི་བར། །ནན་
༡༢༠ ཏན་རྗེས་སྒྲུབ་ཀྱི་ལྷུར་ལེན་པའོ། །ལ་ལའི་ཀུན་རྟོག་ཞེ་འདོད་དགའི། །འཆིང་གྲོལ་མཆོག་དམན་ཁུར་བླངས་པའི། །གླེགས་བམ་ཤོག་གྲངས་ཉུང་འདོམ་འདི། །བློ་གྲོས་མཁའ་འདྲའི་མཚོན་དཔེའོ། །མངྒ་ལཾ། །དགེའོ། །

སྒྱུ་ལུས་དྲུག་ལྡན་བཞུགས་སོ།

༡༣ ༈ སྒྱུ་ལུས་དྲུག་ལྡན་བཞུགས་སོ། །ན་མོ་གུ་རུ། ཆོས་དྲུག་པོ་འདི་རྒྱས་བསྡུས་གསུམ་ཀའི་ཐུན་མོང་ངོ་། །དེར་མ་ཟད་ཐོས་བསམ་སྒོམ་གསུམ་གང་ལ་ཡང་ཆོས་དྲུག་པོ་དང་མ་བྲལ་བ་གཅིག་དགོས་སོ། །དོན་དམ་མ་གཏོགས་པའི་ཆོས་བཅུ་བཞི་པོ་དེ་དག་རེ་རེ་ལའང་ཆོས་དྲུག་གིས་ཁྱད་པར་འཕགས་ཏེ། དེའང་དང་པོར་བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་ན་ཐེག་པ་ཆེན་པོར་མི་འགྲོ་བས་ཅི་བྱེད་སེམས་ཅན་གྱི་དོན་བྱ། ལུས་ལྷར་མ་བསྐྱེད་ན་ལུས་ཐ་མལ་ལས་མི་འགྱུར་ཞིང་ལོངས་སྤྱོད་རྫོགས་པའི་སྐུ་མི་འགྲུབ་པས། །ལུས་ཡི་དམ་དུ་བསྐྱེད་དོ། །བླ་མ་ལ་གསོལ་བ་མ་བཏབ་ན་བྱིན་རླབས་མི་འབྱུང་ཞིང་། ཐེག་པ་ཆེན་པོ་གསང་སྔགས་བྱིན་རླབས་ཀྱིས་ཁྱད་པར་དུ་འཕགས་པ་ཡིན་པས། ཇི་ལྟར་འདུག་ཀྱང་བླ་མའི་སྣང་བ་མི་འབྲལ་བར་བྱའོ། །ཕྱག་རྒྱ་ཆེན་པོ་མ་བསྒོམས་ན་སངས་མི་རྒྱ་བས། སྣང་སྲིད་རང་གྲོལ་དུ་རྟོགས་པར་བྱའོ། །རྗེས་སུ་ཡི་རང་མ་བསྒོམས་ན་དགེ་བའི་ལོ་ཏོག་ཕྲག་དོག་གི་སེར་བས་འཇོམས་པས། རང་གཞན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་ཡི་རང་བ་བསྒོམ་མོ། །དགེ་བའི་རྩ་བ་མ་བསྔོས་ན་མི་འཕེལ་ཞིང་འཛད་པས་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་བསྔོ་བར་བྱའོ། །སྒྱུ་ལུས་དྲུག་ལྡན་ཞེས་བྱ་བ་བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ།

༄༅། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མཆོད་རྟེན་དྲུང་ཐོབ་བཞུགས་སོ༎ ༎

༥༩སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མཆོད་རྟེན་དྲུང་ཐོབ་བཞུགས་སོ།། །།
༦༠བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །མཆོད་རྟེན་གྱི་དྲུང་དུ་ཐོབ་པ་ཞེས་ཀྱང་བྱ། །སེམས་ཐག་གཅོད་པའི་གདམ་ངག་ཞེས་ཀྱང་བྱ། དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཞེས་ཀྱང་བྱ། །ཕྱག་རྒྱ་ཆེན་པོ་རྣལ་དུ་སྟོན་པ་ཞེས་ཀྱང་བྱའོ། །དེའང་གསང་བ་འདུས་པའི་ལེའུ་གཉིས་པ། །མི་བསྐྱོད་པའི་བྱང་ཆུབ་ཀྱི་སེམས་ལས། །དམ་པའི་དོན་དུ་དངོས་པོ་རྣམས། །སྲིད་གསུམ་དངོས་པོ་མེད་པར་བསྒོམ། །དངོས་པོ་མེད་པ་སྒོམ་པའི་དངོས། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པ། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་ལ་བརྟེན་ནས་ས་ར་ཧས་དོ་ཧ་མཛོད་ཀྱི་གླུ་མཛད། །ཡང་གསང་བ་འདུས་པའི་ལེའུ་གཉིས་པའི་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་སེམས་ལས་དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམས་པར་སྤངས། །ཆོས་བདག་མེད་པར་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་བ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བ་ལ་བརྟེན་ནས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་ཀྱི་འགྲེལ་བ་མཛད་དོ། །དེ་ལྟར་དེ་གཉིས་ཀྱི་མན་ངག་ནི་འདི་ཡིན་ནོ། །
༦༡དེའི་བརྒྱུད་པའང་། །རྡོ་རྗེ་འཆང་ཆེན་པོ། ཕྱག་ན་རྡོ་རྗེ། ས་ར་ཧ་ཆེན་པོ། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་བ། དགེ་སློང་ནག་པོ། །ཟླ་བ་གྲགས་པ། བྲམ་ཟེ་དཔལ་འཛིན། དཔའ་བོ་རྡོ་རྗེ། མུ་ཁུ་ལུང་པ། སེ་མཁར་ཆུང་བ། རྫ་དགོན་པ་བ། རྗེ་བཙུན་ས་སྐྱ་བའི་བར་དུའོ། །དེ་ལྟ་བུ་ཉམས་སུ་བླང་བའི་ཆོས་འདི་ལ་དོན་ལྔ་སྟེ། ཐོག་མར་ལྟ་བས་ཐག་བཅད། དེ་ནས་བསོད་ནམས་ཀྱི་ཚོགས་གསག །བར་དུ་སེམས་བཟུང་། །དེ་ནས་དེ་ཁོ་ན་ཉིད་ལ་སེམས་སྤྲད། །རྟོག་པ་སྐྱེས་ནས་སྤྱོད་པ་དང་མཚམས་སྦྱར་བའོ། །དང་པོ་ཞིབ་ཏུ་བྱང་ཆུབ་ཀྱི་སེམས་འགྲེལ་མཉན་ནས་རྟོགས་པར་བྱའོ། འོན་ཀྱང་ཉམས་སུ་ལེན་པའི་མན་ངག་ནི་འདི་ཡིན་ནོ། ཕྱི་དང་ནང་གི་ཆོས་ཐམས་ཅད་ཕྱའམ་དབང་ཕྱུག་ལ་སོགས་པ་བྱེད་པ་པོས་ཀྱང་མ་བྱས། རྡུལ་ཕྲན་ལ་སོགས་པས་བྱས་པའང་མ་ཡིན་ཏེ། རང་གི་སེམས་ཉིད་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་ཀྱིས་ཀུན་ཏུ་བསླད་པ། དགེ་བ་དང་མི་དགེའི་ལས་གྱིས་བསྒྲུབ་པ་རྨི་ལམ་གྱི་རྟ་གླང་ལ་སོགས་པ་ལྟ་བུ་ཡིན་ཏེ། མདོར་ན་རང་གི་སེམས་ཀྱི་སྣང་བ་ཡིན་ནོ། སེམས་དེ་ཉིད་ཀྱང་། ཡང་དག་པར་བརྟགས་ན། དང་པོ་སྐྱེ་བའི་རྒྱུས་སྟོང་། མཐར་འགགས་པའི་འབྲས་
༦༢བུས་སྟོང་། བར་ནི་རང་གི་ངོ་བོ་གནས་པས་སྟོང་པ། འོད་གསལ་བའི་རང་བཞིན་ཅན་ཏེ། སྟོང་པ་ཡང་གསལ་བ་འགགས་པ་ནི་མ་ཡིན་ནོ། །དེ་ལྟར་གསལ་བ་དང་སྟོང་བ་དབྱེར་མེད་པ་དེ་ཉིད་ནི་བརྗོད་དུ་མེད་པ་ཡིན་ནོ། དེ་ལྟ་བུ་ལ་ངེས་པའི་ཤེས་པ་ཐོབ་ཐོབ་ཏུ་ཉི་མ་ཅི་རིགས་པར་བསམ་པར་བྱའོ། གཉིས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། ཕྱི་རོལ་དང་མུན་པ་ཡོད་པའི་ས་མ་ཡིན་པ། བསམ་གཏན་གྱི་ཁང་པ་ནམ་མཁའ་གསལ་ཞིང་དབེན་པ་གཅིག་ཏུ་ཁ་ལྷོ་ཕྱོགས་སུ་བལྟས་ལ་མཎྜལ་བཞི་དབུལ་སྟེ། རྡོ་རྗེ་འཆང་དང་ཡི་དམ་གྱི་ལྷ་དང་། བླ་མ་བརྒྱུད་པ་རྣམས་དང་། རྩ་བའི་བླ་མ་དང་བཞི་ལ་དབུལ་ལོ། དེ་ནས་རྩ་བའི་བླ་མ་སྤྱི་བོར་བསྒོམས་ལ་མོས་གུས་ཡང་དང་ཡང་དུ་བྱ། །སངས་རྒྱས་ནས་བཟུང་སྟེ། བླ་མ་བརྒྱུད་པ་རྣམས་ལ་སྐྱབས་འགྲོ་བྱ། གསོལ་བ་གདབ། ཡང་མཎྜལ་དབུལ་ཞིང་གསོལ་བ་གདབ་པའི་བར་དུ་ཅི་རིགས་པར་བྱའོ། དེ་ལྟ་བུ་ཉི་མ་འགའ་བྱས་ཏེ། བསོད་ནམས་ཀྱི་ཚོགས་བསགས་པའོ། །བར་དུ་སེམས་བཟུང་བ་ནི། དབེན་པར་སྐྱིལ་ཀྲུང་བཅའ་མིག་ཕྱེ་བཙུམ་རན་པར་བཞག །སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་བསྒོམས། བླ་མ་སྤྱི་བོར་བསྒོམས་ལ་མོས་གུས་བྱ། ཡི་དམ་གྱི་ལྷ་དྲན་པར་བྱ། དེ་ནས་། འདུར་བུས་བཅིངས་པའི་སེམས་འདི་ནི། ཀློད་ནས་གྲོལ་བ་ཐེ་ཚོམས་མེད། ཅེས་བྱ་བ་ཡིན་པས་སེམས་ཁང་ཀློད་ལ། སོ་མ། ལྷུག་པ། རང་དྭངས་མ་བཅོས་པར་བཞག །དགེ་བ་དང་མི་དགེ་བ་ལ་སོགས་པ་གང་གིས་ཀྱང་སེམས་ལ་ལས་མི་གཞོལ། དེ་ལྟར་བྱས་ཤིང་བཞག་པས་སེམས་ཟིན་འོང་། གལ་ཏེ་མི་ཟིན་པར་རྟགས་ཏུ་འཕྲོ་ན། སེམས་ཀྱི་གླང་པོ་ཡན་དུ་ཆུག །ཅེས་བྱ་བ་ཡིན་པས་སེམས་ཀྱི་བྱ་ར་བརྩིག་བཅུག་ལ་གང་དགར་
༦༣བཏང་། ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་ནི། བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། ཅེས་བྱ་བའི་དོན་ཡིན་ནོ། དེ་ལྟར་བྱས་པས་སེམས་ཟིན་པའི་ཚད་གར་སྦྱིན་ལ་ལག་པས་རེག་པ་ལྟ་བུ་གཞན་ཏུ་མི་འཕྲོ་བ་དང་། ལེ་ལོ་ཆེ་བ། བརྗེད་ངས་ཆེ་བ། བྱ་བ་གང་ལའང་ཐུག་ཕྲད་རྩམ་བྱེད་པ་འབྱུང་ངོ་། །སྤྱི་དོན་བཞི་པ་དེ་ཁོ་ན་ཉིད་ལ་ངོ་སྤྲད་པ་ནི་གསུམ་སྟེ། དང་པོར་གསལ་བར་ངོས་བཟུང་། བར་དུ་མཐའ་བྲལ་བློ་སྦྱངས་བ། ཐ་མ་བརྗོད་བྲལ་ལ་ངེས་ཤེས་སྐྱེད་པའོ། དང་པོ་ནི། ཆུ་དང་མར་མེ་རང་གསལ་ཅིག་ཏུ་ཞོག །ཅེས་བྱ་བའི་དོན་ཡིན་པས། དང་པོ་མ་བཅོས་པའི་འཇོག་ལུགས་དེའི། སྟེང་དུ་གསལ་བ་ངོས་ཟིན་པར་བྱས་ལ་སྔ་མ་བཞིན་ཏུ་བསྒོམ་པས། སེམས་ཤིན་ཏུ་གསལ་བའི་མཐར་ཐུག་པ། དྲན་པ་གསལ་བ། བརྗེད་ངས་ཆུང་བ། བྱ་བ་གང་ལའང་བརྩོན་འགྲུས་ཆེ་བར་འགྱུར་རོ། དེ་ནས་གཉིས་པ་མཐའ་བྲལ་ལ་བློ་སྦྱང་བ་ནི། བྱང་ཆུབ་སེམས་འགྲེལ་ལས། དམིགས་པ་མེད་པའི་སེམས་སུ་ནི། གནས་པ་ནམ་མཁའི་མཚན་ཉིད་དེ། ནམ་མཁའ་བསྒོམ་པ་དེ་ཉིད་ནི། སྟོང་ཉིད་བསྒོམ་པར་བཞེད་པ་ཡིན། ཅེས་བྱ་བའི་དོན་བསྒོམ་པ་ནི། རང་གི་སེམས་ལ་བརྟགས་ལ་སེམས་ཐོག་མ་མེད་པ་ནམ་མཁའ་ལྟ་བུ། སྐྱེ་བ་དང་འཇིག་པ་མེད་པ་ནམ་མཁའ་ལྟ་བུ། འགྲོ་བ་དང་འོང་བ་མེད་པ་ནམ་མཁའ་ལྟ་བུ། མཐའ་དང་དབུས་མེད་པ་ནམ་མཁའ་ལྟ་བུར་དྲན་པར་བྱས་ལ་དེའི་སྟེང་དུ་བློ་བཞག །དེ་ལས་བློ་འཕྲོ་ན། འདས་པའི་རྗེས་མི་བཅད། ཅེས་དྲན་པར་བྱ། མ་འོངས་པའི་རྣམ་རྟོག་བྱུང་ན། མ་འོངས་པའི་སྔོན་མི་བསུ། ཞེས་དྲན་པར་བྱ། ད་ལྟར་བའི་རྣམ་རྟོག་བྱུང་ན། ཐུག་ཕྲད་
༦༤ཡིན་ཏེ། མདོར་ན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡིན་པས་དྲན་པར་བྱས་ལ་བཞག་གོ །དེའང་མཉམ་སྦྱོར་ལས། ཨེ་མ་སངས་རྒྱས་ཀུན་གྱི་གསང་། རྫོགས་པའི་སངས་རྒྱས་སྐྱེ་བ་མེད། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅེས་བྱ་བའི་དོན་ཡིན་ནོ། །ཐ་མ་བརྗོད་བྲལ་ལ་ངེས་ཤེས་བསྐྱེད་པ་ནི། མཉམ་བཞག་ལ་སྐྱེས་པའི་རྟོགས་པའི་ཉམས་དེ་དང་། རྗེས་སྤྱོད་ཀྱི་སྤྱོད་ལམ་ཐམས་ཅད་བསྲེ་ཞིང་། སྣང་སྟོང་དབྱེར་མེད་གསལ་སྟོང་དབྱེར་མེད། རིག་སྟོང་དབྱེར་མེད་བརྗོད་བྲལ་དུ་ལ་བཟླས་ལ་བསྐྱོང་ངོ་། དེའང་། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་བྱ་བ་དང་། གླང་ཆེན་ལམ་ནས་སེམས་ཚག་ཚུད་པ་ལྟར། །འགྲོ་འོང་བཅད་ནས་བདག་ཉིད་དལ་བ་སྟེ། །འདི་ལྟར་རྟོགས་སོ་ང་ལ་བཅོས་མི་དགོས། །ཞེས་བྱ་བའི་དོན་ཡིན་ནོ། །སྤྱི་དོན་ལྔ་པ་རྟོགས་པ་སྐྱེས་ནས་སྤྱོད་པ་དང་མཚམས་སྦྱར་བ་ནི། རྟོགས་པ་ཅུང་ཟད་སྐྱེས་ནས། ཟས་གཙང་མི་གཙང་མེད་པར་བསླབ། །གྲོགས་བཟང་ངན་མེད་པར་འགྲོགས་པར་བསླབ། །གོས་བཟང་ངན་མེད་པར་བགོ་བ་ལ་བསླབ། །དེ་ནས་ས་དང་པོ་ཡན་ཆད་ཀྱི་རྟོགས་པ་རིམ་གྱིས་སྐྱེ་ཞིང་སྐྱེ་སྟེ། །སངས་རྒྱས་ཀྱི་སའི་བར་དུ་མངོན་དུ་འགྱུར་རོ། །འདིའི་གེགས་སེལ་ནི། བྱིན་ན་སེམས་ཀྱི་སྤྱི་བོར་བཞག །རྒོད་ན་རྐང་མཐིལ་ཏུ་བཞག །འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་བྱུང་ན་འབྲས་བུ་གསུམ་གྱི་བཅུད་ལེན་བྱ། །ཕྱི་རོལ་བདུད་ཀྱི་བར་ཆད་བྱུང་ན། ལུས་ངག་ཡིད་གསུམ་སྙིང་གའི་ཧཱུྃ་ལ་བསྡུས་ལ་ངག་ཏུ་ཧཱུྃ་ཞེས་བརྗོད་ཅིང་། ལུས་ཧུར་ཕྱུང་ལ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱའོ། འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ནི། ཆོས་ཀྱི་རང་
༦༥བཞིན་མེད་པའི་ཡན་ལག །ལོངས་སྤྱོད་རྫོགས་པ་ལ། ཁ་སྦྱོར། །བདེ་ཆེན་ལོངས་སྤྱོད་རྫོགས་པ་དང་གསུམ། སྤྲུལ་པའི་སྐུ་སྙིང་རྗེ་ཆེན་པོ་ནས་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ། འགོགས་པ་མེད་པ་གསུམ་མོ། ཕྱག་རྒྱ་ཆེན་པོ་རྣལ་དུ་སྟོན་པ་མཆོད་རྟེན་གྱི་དྲུང་དུ་ཐོབ་པ་འདི་ནི། བླ་མ་གོང་མ་རྣམས་ཀྱི་ཡི་གེ་མི་གསལ་བ་གསལ་བ་བྱ་བའི་ཕྱིར། དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས། དཔལ་ས་སྐྱའི་དགོན་པ་ནས་རྒྱངས་གྲགས་གཉིས་ཤར་ཕྱོགས་སུ་འཕགས་པའི་སར་བྲིས་པ་ཡིན་ནོ། །ས་མཱ་སྟ་མི་ཏི།

༄༅། སྤྱོད་པ་ཆོས་ཀྱི་གླུ་ཞེས་བྱ་བ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་བཞུགས་སོ། །

༩༡ སྤྱོད་པ་ཆོས་ཀྱི་གླུ་ཞེས་བྱ་བ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་བཞུགས་སོ། །
༩༢ རྒྱ་གར་སྐད་དུ། ཙཱ་རྱ་དྷརྨ་སྱ་གཱི་ཏི་ནཱ་མ་བྷཱུ་ཏ་ས་མ་རས། བོད་སྐད་དུ། སྤྱོད་པ་ཆོས་ཀྱི་གླུ་ཞེས་བྱ་བ་འབྱུང་བ་རོ་སྙོམས། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་སློབ་དཔོན་རྡོ་རྗེ་ཅན། །ཀུན་གྱི་མགོན་ལ་ཕྱག་འཚལ་ལོ། །འདོད་ཆགས་ཆེན་པོའི་རྗེས་ཆགས་ཀྱིས། །འདོད་ཆགས་ཆེན་པོའི་རང་བཞིན་ཕྱིར། །ཆགས་མེད་ཏིང་འཛིན་ལ་གནས་ཏེ། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་ལ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །འགྲོ་ལ་ཕན་པའི་དོན་དུ་ནི། །ཨ་ཝ་དྷཱུ་ཏིའི་སྤྱོད་པ་བཤད། །དམན་དང་འབྲིང་དང་མཆོག་རྣམས་ལ། །གཞན་རྣམས་གང་རྣམས་དེ་རྣམས་ཀྱང་། །རོ་སྙོམས་དེ་ཉིད་བསྒོམ་པ་ཡིས། །འདི་ཀུན་མཉམ་པ་ཉིད་དུ་བལྟ། །ཆོས་རྣམས་ཀུན་ལ་མཉམ་བྱུང་བ། །དེ་ཉིད་སྤྱོད་པ་གང་ན་མེད། །ཅི་གསུང་རྣམ་པ་སྣ་ཚོགས་པའི། །སྤྱོད་པ་བླ་ན་མེད་པ་ཡི། །ཀུན་བཟང་མཚུངས་པ་མེད་པ་འགྲུབ། །བླ་མའི་ཞལ་སྔའི་བཀའ་དྲིན་ལས། །མཆོག་གི་གནས་ནི་རྙེད་པར་འགྱུར། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །
༩༣ ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །རྟོག་པས་དམྱལ་བར་འགྲོ་འགྱུར་ཏེ། །འགྲོ་བ་དྲུག་གི་འཁོར་བ་ཡི། །རྒྱ་མཚོ་རུ་ནི་འཁོར་བར་འགྱུར། །རྟོག་པ་མེད་ན་གྲོལ་འགྱུར་ཞིང་། །གནས་མེད་དྲི་མེད་ཞི་བ་ཉིད། །དེ་ཕྱིར་རྟོག་པའི་དྲག་ཞོམ་ཕྱིར། །དམ་ཚིག་སངས་རྒྱས་མཛད་པ་གང་། །དེ་ནི་རྟག་ཏུ་གོམས་པར་བྱ། །དབང་པོ་གང་དང་གང་ལ་ཉིད། །དེ་དང་དེ་ཡི་རང་བཞིན་ལས། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་ཤིན་ཏུ་མཉམ་བཞག་ཉིད། །རྣམ་རྟོག་བདེན་པ་མ་ཡིན་པས། །རིན་ཆེན་སེམས་ནི་དྲི་མར་ཕྱང་། །ཐོག་མ་མེད་པའི་སྲིད་རྒྱུན་ལས། །ཕྱི་ཡི་དོན་དུ་རྟོགས་པ་སྟེ། །ཐམས་ཅད་སེམས་ཀྱིས་རྣམ་སྤྲུལ་ཞིང་། །སེམས་ཉིད་ཀུན་ཏུ་སོང་བའོ། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱང་། །སེམས་དག་པས་ནི་བདེ་བ་ཡིན། །ཉོན་མོངས་དུག་ནི་ཐམས་ཅད་འཇོམས། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་བཞན་ནས་བསྟན་དུ་མེད། །རང་དང་རང་གི་རྟོགས་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་
༩༤ ཡིན་ནོ། །སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མར་དམིགས་པར་མི་འགྱུར་ཏེ། །གནས་མེད་གནས་པ་ཞེས་བྱ་བ། །ནམ་མཁའི་རང་བཞིན་འདི་ལས་ནི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱི་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པའོ། །བདེ་བ་གང་གིས་མི་ཤེས་པས། །འདོད་ཆགས་ལ་སོགས་སེམས་ལྔ་ཡི། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །དེ་ལྟར་འཁོར་བར་འདོད་པ་ཡི། །ཡོན་ཏན་ལྔ་ལྡན་རིན་ཆེན་ཉིད། །མ་དག་པས་ནི་དུག་ཏུ་འགྱུར། །དག་པས་བདུད་རྩི་ཉིད་དུའོ། །སྐྱེ་བོ་མི་བཟད་བ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང་། །དཔག་མེད་དོན་གྲུབ་རྡོ་རྗེ་སེམས། །ཞེ་སྡང་གཏི་མུག་སེར་སྣ་དང་། །འདོད་ཆགས་ཕྲག་དོག་བདེ་བའི་བདག །དྲན་པ་མི་འཕྲོག་རྣལ་འབྱོར་པས། །ཧེ་རུ་ཀ་ཡི་གཟུགས་ཀྱི་གར། །ཆགས་བྲལ་མིན་གོམས་སེམས་ཀྱིས་ནི། །འདོད་ཆགས་སེམས་ཀྱིས་བསྒོམ་པ་ཉིད། །ཕྱོགས་དང་ཕྱོགས་བྲལ་དག་ཏུ་ཡང་། །དེ་ནས་རྣལ་འབྱོར་མ་རྣམས་དགོད། །བརྡ་དང་བརྡ་ཡི་ལན་གྱིས་རོལ། །རྡོ་རྗེ་ཐོད་བའི་སྦྱོར་བ་ཡིས། །བཟའ་དང་བཏུང་བ་ལ་སོགས་སྤྱད། །ལེགས་པར་གླུ་བླང་གར་ཡང་བྱ། །ཡང་ཡང་རྡོ་རྗེས་འདོད་པ་བྱ། །སྟེང་དང་འོག་ཏུ་བལྟ་བ་ཉིད། །དངོས་གྲུབ་རྒྱས་པ་ཐོབ་པ་སྟེ། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ལྟ་སྟངས་བཞི་པོ་བསྒྲུབ་ནས་ནི། །མཁས་པས་སེམས་ཅན་གཞུག་པར་བྱ། །བསྒྲུབ་བྱའི་ལྟེ་བ་རྩ་བ་ནས།
༩༥ བརྟུལ་ཞུགས་ཅན་གྱི་ལག་པས་འདོན། །དངོས་པོའི་མཚན་ཉིད་མི་ཕྱེད་པའི། །ཕྱག་རྒྱ་རྣལ་འབྱོར་པ་ཡིས་བསྒྲུབ། །ཡང་ན་རིགས་ནི་རྣམ་པ་ལྔ། །འདོད་ཆགས་ཞེ་སྡང་གཏི་མུག་གི། །རྡོ་རྗེ་རྣམ་པ་གསུམ་དུ་འགྱུར། །མི་བསྐྱོད་ཞེ་སྡང་གཟུགས་ཅན་ཉིད། །ཐུགས་ཀྱི་བདག་པོ་རིགས་གཅིག་གོ། །གང་དང་གང་གི་བསམ་པ་ཡིས། །མི་རྣམས་ཀྱི་ནི་ཡིད་སྦྱང་ན། །དཔེ་ནི་དེ་ཡི་སྔོན་འགྲོ་བ། །ནོར་བུ་སྣ་ཚོགས་གཟུགས་ཇི་བཞིན། །དངོས་གྲུབ་གལ་ཏེ་མི་སྟེར་ན། །དེ་ཚེ་མཁའ་འགྲོ་མ་བཞི་ཡིས། །སངས་རྒྱས་རྣམས་ལ་སྟོབས་ཀྱི་བསྒྲུབ། །གསང་བའི་སྦྱོད་པར་གནས་ནས་ནི། །བློ་གྲོས་ཆེན་པོས་བྱ་བ་བྱ། །སྤྱོད་པས་ཕ་རོལ་ཕྱིན་པ་ཉིད། །གང་གི་རིང་གནས་རྡོ་རྗེ་ནི། །རྣལ་འབྱོར་ཡེ་ཤེས་ཐེ་ཚོམ་མེད། །རོ་ཡི་ཐལ་བ་བགོ་བྱ་ཞིང་། །རོ་ཡི་གོས་ཀྱང་བགོ་བར་བྱ། །ཞེན་པ་མེད་པའི་སེམས་ཀྱི་བསུ། །ཁ་དོག་བཅོས་མའི་རས་རྙིང་བགོ། །གུ་ཛ་ན་ལ་སོགས་པ་ཡི། །འབྲས་བུའི་འཕྲེང་སོགས་ཀྱིས་བརྒྱན་བྱ། །འཇམ་པའི་རྡོ་རྗེས་བདག་དབང་བསྐུར། །རི་བོ་དང་ནི་བཞི་མདོ་དང་། །གླིང་གཅིག་ཆུ་འགྲམ་ཐང་ཆེན་དང་། །དེ་བཞིན་དབེན་པ་བས་མཐའ་དང་། །རི་བོའི་སུལ་དང་རྩེ་མོ་དང་། །པདྨའི་ཚལ་ནི་ཡིད་འོང་དང་། །རྫིང་བུ་ཆུ་ངོགས་ཡུལ་རྣམས་དང་། །ཚང་ཚིང་ཕུག་དང་རྒྱ་མཚོའ་འགྲམ། །གདོད་ནས་དག་པའི་དུར་ཁྲོད་ཆེ། །མཚན་མོ་མ་མོའ་ཁྱིམ་རྣམས་སུ། །དུར་ཁྲོད་ཕྲུ་ཆག་ཐོབས་ནས་ནི། །མཚན་དུས་གསང་སྟེ་རྒྱུ་བར་བྱ། །སྔགས་པས་དེར་བསྒོམ་ཤིས་པར་མཛད། །བ་སྤུ་རྣམས་ཀྱི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །ཤིན་ཏུ་མཉམ་གཞག་རབ་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །གཉིད་ནི་སྤང་བར་མི་བྱ་སྟེ།
༩༦ དབང་པོ་རྣམས་ཀྱང་མི་དགག་གོ། །མཁའ་འགྲོ་མ་སོགས་གཏོར་མ་སྦྱིན། །ཇི་ལྟར་རྙེད་པ་བཟའ་བཏུང་ནི། །དེ་བཞིན་རྣལ་འབྱོར་པ་ཡིས་བཟའ། །གལ་ཏེ་བདག་ནི་བསྒྲུབ་འདོད་ན། །སླར་ཡང་བྱིས་པའི་སྤྱོད་པ་བྱ། །བཟའ་དང་བཟའ་མིན་ཇི་སྙེད་ནི། །སྨྱོན་པའི་བརྟུལ་ཞུགས་སྦྱོར་བས་བྱ། །འཇིགས་པ་ཐམས་ཅད་རྣམ་སྤངས་ནས། །གནས་དེར་ཤེས་རབ་ཅན་གྱིས་བསྒོམ། །ངེས་པར་སྔོན་དུ་ལྷ་མིན་གང་། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །སེམས་ཅན་རྗེས་སུ་གཟུང་བྱའི་ཕྱིར། །བློ་དང་ལྡན་པས་རྒྱུ་བར་བྱ། །རང་གི་སེམས་ལ་མངོན་འདོད་པ། །ལྕགས་ཀྱུ་ཞགས་པ་རབ་སྦྱོར་བས། །རྣལ་འབྱོར་པ་ཡིས་བཀུག་ནས་བསྒྲུབ། ཉེ་བར་དགོས་པ་རྒྱས་པ་ཀུན། །མ་བླངས་པར་ཡང་ལྷ་ཡིས་སྟེར། རྒ་དང་ནད་ལས་རྣམ་པར་གྲོལ། །ཡང་ནི་དཔལ་ལྡན་རྒྱལ་ཚབ་ཆེའི། །བརྟུལ་ཞུགས་སྤྱོད་པ་སྤྱད་པར་བྱ། །ཅུང་ཟད་དྲོད་ནི་ཐོབ་པ་ཡིས། །རྣ་བ་དག་ལ་རྣ་ཆ་བཟང་། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་ཉིད། །རྐེད་པ་ལ་ནི་སྐ་རགས་ཏེ། །རྐང་པར་དེ་བཞིན་རྐང་གདུབ་བོ། །དཔུང་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པ་ལ་ནི་རུས་པའི་འཕྲེད། བགོ་བ་སྟག་གི་པགས་པ་ཉིད། །ལུས་ནི་སྦྱིན་པར་སྦྱིན་ནས་ནི། །ཕྱིས་ནས་སྤྱོད་པ་ཡང་དག་བརྩམས། །སྐལ་དང་སྐལ་མིན་རྣམ་དཔྱད་ན། །དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ། །བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །དེ་ལྟར་རྙེད་པ་རབ་ཏུ་བཟའ། །བཟའ་བ་མི་འཆི་བཅུ་ཕྱེད་དོ། །བཟའ་དང་བཟའ་མིན་རྣམ་པར་བཟའ། །བཏུང་དང་བཏུང་མིན་རྣམ་པར་བཏུང་། །མི་གཙང་ངོ་ཚ་རྣམ་པར་སྤང་། །ཧེ་རུ་ཀ་སྦྱོར་རྣལ་འབྱོར་གནས། །ཤིན་ཏུ་བཞིན་བཟངས་མིག་ཡངས་
༩༧ མ། །རང་གི་དབང་བསྐུར་སྙིང་རྗེར་ལྡན། །རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །བརྟུལ་ཞུགས་སྤྱད་ན་དངོས་གྲུབ་འགྲུབ། །ཤེས་རབ་ཁ་ཊྭཱཾ་ག་གཟུགས་ཅན། །ཐབས་ཀྱི་རང་བཞིན་ཌ་མ་རུ། །ཅང་ཏེའུའི་སྒྲ་ནི་བཟླས་པ་སྟེ། །སེམས་ཅན་ཐམས་ཅད་མགྲོན་གཉེར་བ། ཁ་ཊྭཱཾ་ག་ནི་ཤེས་རབ་སྟེ། །རྡོ་རྗེ་བཟླས་དང་བསྒོམ་པ་ཡིན། །ཐོད་པ་ཅན་དུ་རང་གྱུར་པ། །བརྐམ་དང་རྨོངས་དང་དེ་བཞིན་འཇིགས། །ཁྲོ་དང་ངོ་ཚའི་བྱ་བ་ནི། །རྟག་ཏུ་རྣམ་པར་སྤང་བར་བྱ། །སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །སྔགས་དང་བསམ་གཏན་རྣམ་པར་སྤང་། །དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །རྡོ་ཤིང་འཇིམ་པའི་བདག་ཉིད་ཀྱི། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །མནར་མེད་ལ་སོགས་སྤང་བའི་ཕྱིར། །དད་པས་བླ་མར་མངོན་ཕྱག་བྱ། །བདག་ཉིད་ཀྱིས་ནི་གཉིད་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པ་བྱ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེ་བཏུང་བར་བྱ། །རྣལ་འབྱོར་བཏུང་དགའ་རྣལ་འབྱོར་བ། །གཞན་གྱི་བཏུང་བས་བཟི་བ་མེད། །བསྟོད་ན་དགའ་བའི་སེམས་དཔངས་སྐྱེ། །ངན་སྨྲས་སྡིག་པ་གསོག་པ་ལ། །ཁོང་ཁྲོ་ལྡང་ན་སྤྱོད་པ་བཞག །ཆོས་བརྒྱད་མགོ་བོ་སྙོམས་གྱུར་ཅིང་། །མངོན་ཤེས་ནུས་པ་རྫུ་འཕྲུལ་གྱིས། །མི་དད་པ་དག་བཟློག་ནུས་ན། །སྤྱོད་པ་ཚད་ལ་བབ་པ་ཡིན། །གཟུང་དང་འཛིན་པའི་དབྱེ་བ་ལས། །དབང་པོ་ཡུལ་དང་སྦྱོར་བ་ཡི། །རྣམ་ཤེས་རྣམས་ཀྱི་སོ་སོ་བ། །རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་དུ་ནི་ཆུ་ཟླ་བཞིན། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པ་སྟེ། །འཁོར་བ་མྱ་ངན་འདས་པར་འགྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་
༩༨ ཚུལ་ཅན་ནོ། །སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་ཡང་དག་སྤྱད། །ཇི་ལྟར་བདག་བཞིན་སེམས་ཅན་ཉིད། །ཇི་ལྟར་སེམས་ཅན་དེ་བཞིན་བདག །རང་གིས་བྱང་ཆུབ་ཐོབ་བྱའི་ཕྱིར། །གཞན་གྱི་དོན་ལ་བརྟུལ་བྱས་ན། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ནི་བསྟན་པར་གནས། །ཆོས་དབྱིངས་རང་བཞིན་དུ་བསྒྲུབས་ན། །བདག་ཏུ་འཛིན་པ་ངེས་པར་སེལ། །སྤྲོས་བ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་རབ་ཏུ་བསྒྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་ལྡན་ལྷན་ཅིག་གཅིག་གྱུར་བ། །ནམ་མཁར་ནམ་མཁའ་ཇི་ལྟ་བ། །ལྷ་སྲིན་གནོད་དང་འབྱུང་བ་བཞི། །འཕེལ་འཁྲུགས་ཟད་དར་ཚ་གྲང་དང་། །བད་ཀན་འདུས་པ་ཉོན་མོངས་ནད། །ལུས་ལ་འཐེམས་འཆུས་ལྷགས་དང་གསུམ། །ངག་ལ་ལོག་འཚུབས་སྟོར་དང་གསུམ། །ཡིད་ལ་འབྱམས་འདུས་ལྟེངས་དང་གསུམ། །དགུ་པོའི་འཕྲང་ལ་མ་བརྡུགས་ན། །སྒོམ་སྐྱོན་འབྱུང་བར་འགྱུར་མ་ཡིན། །འཐེམས་པ་ཤ་རུས་འཐེམས་པ་སྟེ། །ཆུ་སེར་ཚད་པ་འཕེལ་བར་འགྱུར། །རྩ་འཐེམས་རླུང་ཁྲག་བྱང་ཆུབ་སེམས། །འགྱུ་བའི་ལམ་ཆད་འཛག་པའང་འབྱུང་། །འཆུས་པ་དེ་དར་ཆམ་ཐུན་ཏེ། །འོན་ཀྱང་འཕྲལ་ལ་གསལ་བར་འགྱུར། །ལྷགས་པ་ཆུ་སེར་སྐྱ་སྦབ་སོགས། །ཡུན་རིངས་ལུས་ན་མཛེ་རུ་འགྱུར། །ལྦ་བ་ལ་སོགས་བེམ་པོར་རོ། །སྲོག་འཛིན་རླུང་ནི་སྙིང་ལ་གནས། །ལས་སུ་བདག་འཛིན་དྲན་རྟོག་སྐྱེད། །ལོག་ན་འདར་དང་སྨྱོ་སོགས་འབྱུང་། །མེ་དང་མཉམ་པ་ལྟེ་བར་གནས། །ཁ་ཟས་འཇུ་ཞིང་དྭངས་སྙིགས་འབྱེད།
༩༩ ལོག་ན་སྦོ་ཞིང་འཁྲོག་དང་འཁྲུ། །ཐུར་དུ་སེལ་བ་གསང་བར་གནས། །སྒོ་གཉིས་སྡོམ་དང་འཕེན་བར་བྱེད། །ལོག་ན་དྲི་གཉིས་སྡོམ་དང་འཆོར། །གྱེན་དུ་རྒྱུ་བ་མགྲིན་པར་གནས། །སྨྲ་རྗོད་ལས་ཀུན་བྱེད་པར་འགྱུར། །ལོག་ན་མགྲིན་པ་སྐྲངས་དང་དིག །ཁྱབ་བྱེད་ལུས་ཀྱི་ཚིགས་ལ་གནས། །ལས་ནི་ཡན་ལག་འགུལ་སྐྱོད་བྱེད། །ལོག་ན་ཚིགས་བཞི་ན་བར་འགྱུར། །རྒྱུ་བ་མིག་གིས་གཟུགས་མཐོང་བྱེད། །རབ་ཏུ་རྒྱུ་བ་རྣ་བའི་སྒྲ། །ཤིན་ཏུ་རྒྱུ་བ་སྣ་ཡི་དྲི། །མངོན་པར་རྒྱུ་པ་ལྕེ་ཡི་རོ། །ཡང་དག་རྒྱུ་བ་པགས་པ་ཡི། །རེག་བྱ་ཉམས་སུ་མྱོང་བར་བྱེད། །འདི་རྣམས་གནས་སུ་ལོག་གྱུར་ན། །ཡུལ་ལྔ་རྣམ་པ་སྣ་ཚོགས་འབྱུང་། །སྟོད་དུ་འཚུབས་ན་མགོ་བོ་ན། །སྨད་དུ་འཚུབས་ན་རྒྱུ་ལོང་འཁྲོག །བར་དུ་འཚུབས་ན་རོ་རྒྱབ་གཟེར། །སྐྱོན་ཡོན་ཅི་ཡང་མ་བྱུང་ན། །སྟོར་བ་ཡིན་པས་བཙལ་བར་བྱ། །རྩ་དང་རླུང་གི་བྱེ་བྲག་གིས། །ལ་ལས་བརྒྱལ་ཞིང་འགྱེལ་བར་འགྱུར། །ལ་ལས་སྐྱུག་ཅིང་འཁྲུ་བར་འགྱུར། །ལ་ལས་སྡུག་བསྔལ་མྱ་ངན་སྐྱེ། །ལ་ལས་སྐྲག་ཅིང་དངངས་བར་འགྱུར། །སངས་རྒྱས་ཞིང་དང་དམྱལ་བའི་གནས། །མཐོང་སྣང་དཔག་ཏུ་མེད་པ་འབྱུང་། །རྒོད་ཅིང་ཀུ་ཅོ་འདོན་པ་དང་། །ལྐུགས་ཤིང་ཡན་ལག་རེངས་པ་དང་། །ཁོལ་བུར་ཤ་འཕྲིག་ལ་སོགས་འབྱུང་། །ཀུན་གྱི་བྱེ་བྲག་ཤེས་བྱ་སྟེ། །གེགས་སེལ་གནད་དུ་བསྣུན་པར་བྱ། །འབྱམས་པ་རི་གཟར་ཆུ་འབབས་འདྲ། །སྣ་ཚོགས་ཡུལ་ལ་འཐོར་པ་ཡིན། །འདུས་པ་བྱ་རྙིས་ཟིན་པ་འདྲ། །འདར་དང་འཕར་དང་དུ་སོགས་འབྱུང་། །ལྟེངས་པ་ཀོ་མའི་ཆུ་དང་འདྲ། །སེམས་ཀྱི་དྭངས་སྙིགས་མ་ཕྱེད་པས། །མི་གསལ་རྨུགས་པའི་རང་བཞིན་ཅན། །རྩ་
༡༠༠ རླུང་སྒོམ་པའི་ལོག་རྣམས་ནི། །ཕལ་ཆེར་ལུས་གནད་རླུང་ལས་བྱུང་། །ཞི་གནས་ལོག་ནི་སེམས་ལས་སོ། །རང་བཞིན་ལོག་རྣམས་རྐྱེན་རེས་སློང་། །སྐྱོན་རྣམས་ངོ་ཡིས་མ་ཟིན་ན། །ལོག་གནོན་བྱེ་བྲག་དཔག་མེད་ཀྱང་། །མུན་པའི་འབེན་ལ་མདའ་འཕེན་འདྲ། །ལུས་སྐྱོན་དམིགས་པས་འཆོས་པ་ནི། །མགོ་ཆག་རྐང་པ་འཆིང་དང་མཚུངས། །རྩ་རླུང་དམིགས་པ་དེ་དང་འདྲ། །དེ་བས་མིག་དང་འདྲ་བ་ཡི། །མན་ངག་སྙིང་གི་སྐྱིལ་དུ་འཆང་། །རྣམ་རྟོག་ནད་ནི་གློ་བུར་བ། །བག་བཞི་ས་ལ་ལྷུང་པ་དང་། །ཤ་ཟད་རུས་ལ་གཏུགས་པ་དང་། །ཟས་ལ་ཞེན་པ་ལོག་པ་དང་། །ལྡང་འདུག་མེད་པར་ན་པ་དང་། །མཚང་ཅན་གནད་དུ་ཕོག་པ་དང་། །ཤེས་པ་གནས་ནས་འཁྱར་པ་སྟེ། །དྲུག་པོ་འདི་དག་མཁས་པས་སྤང་། །བླ་མ་ལ་གུས་གཏོང་ཕོད་ཆེ། །ལུས་སྟོབས་བརྟན་ཞིང་སྙིང་རུས་ཆེ། །དམིགས་པ་རྣོ་ཞིང་ཉམས་ལེན་བཟང་། །མི་མཐུན་ཕྱོགས་རྣམས་རྒྱན་དུ་ཤར། །དེ་ནི་བློ་གྲོས་ཅན་གྱིས་བསྟེན། །མི་བརྗེད་གཟུང་ཐོབ་ནཱ་རོ་པས། །བཅུ་གཉིས་བར་དུ་ང་བསྟེན་བྱས། །ང་ཡི་རྟོགས་པ་ཁོ་ལ་ཡོད། །ཕྱི་རབས་སེམས་ཅན་དོན་གཉེར་རྣམས། །རྟོགས་པར་འདོད་ན་ཁོ་ལ་ཐུག །ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། །སྤྲུལ་པ་བརྒྱ་ཕྲག་བརྒྱ་ཡང་བསྟན། ། ཀླུ་སྒྲུབ་སུ་མ་ཏི། །སངས་རྒྱས་དང་ཡང་ངས་གཏམ་བྱས། །བཅའ་བ་ལུས་ཀྱི་འཁྲུལ་འཁོར་དང་། །སྲོག་རྩོལ་རླུང་གི་བྱེད་པ་དང་། །དམིགས་པ་ཡིད་ཀྱི་ཏིང་འཛིན་གསུམ། །རྣལ་འབྱོར་པ་ཡིས་གསུང་བར་བྱ། །རྟོགས་ལྡན་རྣམས་ནི་ལྟ་བས་ཏེ། །དམིགས་པ་རྣོན་པོ་སྒོམ་པ་ཡིན། །རྩོལ་སྒྲུབ་དྲག་པོའི་འཁྲུལ་ཁོར་གྱིས། །སྦྱོར་བ་འཇོམས་པར་བྱེད་པ་ཡིན། །ནད་དང་གདོན་གྱི་བར་ཆད་ཀྱང་། །བསྡུ་
༡༠༡ ན་རྣམ་པར་རྟོག་པར་འདུས། །ན་ནའང་རྟོག་པ་དེ་ཉིད་ན། །གནོད་ནའང་རྟོག་པ་དེ་ཉིད་གནོད། །འཆི་ནའང་རྟོག་པ་དེ་ཉིད་འཆི། །སྐྱེ་ནའང་རྟོག་པ་དེ་ཉིད་སྐྱེ། །ཐམས་ཅད་རྣམ་པར་རྟོག་པ་སྟེ། །སེམས་ལ་ཅི་ཡང་ཡོད་མ་ཡིན། །རྟོག་པའི་གཞི་རྩ་ཆོད་གྱུར་ན། །ནད་གདོན་འབྱུང་བར་མི་འགྱུར་རོ། །སངས་རྒྱས་ཆེ་བའི་ཡོན་ཏན་དང་། །འཁོར་བ་སྡུག་བསྔལ་རང་བཞིན་གཉིས། །རྟོག་པའི་ངོ་བོར་གཅིག་པ་སྟེ། །དཔེར་ན་ནམ་མཁའ་སྤྲིན་བཞིན་ནོ། །ཡོན་ཏན་ཉིད་ཀྱང་ཡལ་གྱུར་ན། །སྡུག་བསྔལ་རྟོག་བ་སུ་ཞིག་ལེན། །དེ་བས་རང་བཞིན་ཤེས་པར་ཡིས། །བླང་དོར་མེད་པར་སྤྱད་པར་བྱ། །ནད་ལ་སྨན་པ་མི་དགུག་ཅིང་། །གདོན་ལ་རིམ་གྲོ་མི་བྱ་སྟེ། །གཞན་གྱིས་ཕན་པའི་སེམས་སྤངས་ལ། །འཇིག་རྟེན་མི་དང་བློ་མི་བསྟུན། །རྒྱུན་ཆད་མེད་པར་གསོལ་བ་གདབ། །ལྟེམ་རྐྱང་མེད་ལར་ཉམས་སུ་བླང་། །ཁུ་འཁྲིག་མེད་པར་བརྟན་པའི་བློས། །རེ་དོགས་ཐག་པ་གཅད་པར་བྱ། །ཀུན་གྱི་རྩ་བ་འཛིན་པ་སྟེ། །འཛིན་པ་མེད་ན་ས་རྡོ་དང་། །ནམ་མཁའ་ལྟ་བུར་གནས་པ་ལ། །ན་བ་གང་ཡིན་བདེ་བ་གང་། །གང་ཡང་ཡིད་ལ་མི་བྱ་བར། །ལམ་ཁར་བོར་བའི་རོ་བཞིན་དུ། །ལུས་ཀྱི་བདག་འཛིན་བོར་བྱས་ལ། །འཛིན་མེད་ནམ་མཁའི་ངང་ལ་བཞག །དེ་ལྟར་བདག་འཛིན་བོར་བྱས་པས། །རྟོག་པ་མཁའ་ལྟར་དག་གྱུར་ཏེ། །ནད་དང་གནོད་པ་གདོན་དང་གསུམ། །ནམ་མཁའ་ལྟ་བུར་བྱིན་རློབས་ན། །རང་སར་གྲོལ་བར་ཐེ་ཚོམ་མེད། །རེས་འགའ་ནམ་མཁའི་འཇའ་ཚོན་འདྲ། །གཟུགས་སྐུའི་རང་བཞིན་ཤེས་བྱས་ལ། །ཐོགས་མེད་རྡོ་རྗེ་ལྟ་བུའི་སྐུའི། །མཁའ་དང་མཉམ་པའི་ཞིང་ཁམས་གང་། །མཁའ་ལ་གྲགས་བའི་བྲག་ཆ་ལྟར། །སྒྲ་ཡི་
༡༠༢ རང་བཞིན་ཤེས་བྱས་ལ། །གསང་སྔགས་རྡོ་རྗེའི་འབྲུག་སྒྲ་དང་། །འོད་ཀྱིས་ནམ་མཁའ་གང་བར་བྱ། །རྟོགས་པ་ལྟ་བའི་གདིང་ཚད་དང་། །བསྐྱེད་རིམ་ལྷ་ཡི་ང་རྒྱལ་དང་། །བརྗོད་པ་སྔགས་ཀྱི་ནུས་པ་ཡིས། །རིག་པའི་བརྟུལ་ཞུགས་བསྐྱེད་པར་བྱ། །ནད་དང་གདོན་གྱི་དངོས་པོ་དེ། །གང་ནས་བྱུང་ཞིང་གང་ལ་གདོན། །གང་དུ་འགྲོ་བ་བལྟ་བྱས་ལ། །མ་རྙེད་པ་དང་ངང་ལས་གཞག །ཡང་ཅིག་ལྡང་བར་བཟོ་བ་དང་། །ད་རུང་གཞི་རྩ་གཅད་པར་བྱ། །སྔར་མ་རྙེད་པའི་ནད་དང་གདོན། །ཕྱི་ནས་འབྱུང་བ་ག་ལ་འགྱུར། །དེས་ཀྱང་མ་བདེ་ལྡང་གྱུར་ན། །བཟློག་པ་གནད་དུ་བསྣུན་པར་བྱ། །ཇི་ལྟར་རླུང་ནད་ལྡན་པ་ལ། །སྲན་མའི་བཟའ་བ་སྦྱིན་པར་བྱ། །རླུང་གིས་རླུང་ནི་འཇོམས་པར་བྱེད། །ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་དེ་ཉིད་ལ་བདུག་པར་བྱ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་དེ་ཉིད་ཀྱིས་དབྱུང་བར་བྱ། །འདོད་ཆགས་ཉིད་ཀྱིས་གདུང་པ་ལ། །འདོད་ཆགས་ཉིད་ཀྱིས་དབྱུང་བར་བྱ། །བཟློག་པ་སྨན་དུ་ཤེས་པར་བྱ། །བཟློག་པའི་སྒོམ་པ་དེ་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །དེ་ལྟར་སྙོན་པའི་བ་མ་ལ། །དད་གུས་བསྐྱེད་ཅིང་གསོལ་བ་གདབ། །དེ་ལྟ་བུ་ཡི་གདམས་ངག་ལ། །ངེས་ཤེས་བསྐྱེད་ཅིང་ཉམས་སུ་བླང་། །གློ་བུར་བ་ཡི་ནད་གཞི་ལ། །རྟག་འཛིན་མ་བྱེད་བོར་ལ་ཞོག །སྙིང་པོ་མེད་པའི་སྒྱུ་ལུས་ལ། །གཅེས་པར་མ་བཟུང་བློ་ཡིས་ཐོང་། །གཞི་རྩ་མེད་པའི་རྣམ་རྟོག་ལ། །དགག་སྒྲུབ་མ་བྱེད་ཡལ་དུ་ཆུག །སྤྲོས་དང་བྲལ་བའི་སེམས་ཉིད་ལ། །ཕན་གནོད་མེད་གྱི་བློ་བདེར་སྡོད། །བདག་གི་ཞེ་འདོད་བསྒྲུབ་བྱ་ལ། །སྐད་ཅིག་ཙམ་ཡང་མི་བསམ་པར། །ཇི་ལྟར་བྱས་ལ་སེམས་ཅན་གྱི། །སྡུག་བསྔལ་ཞི་འགྱུར་སྙམ་དུ་བསམ། །གལ་ཏེ་གསོས་སུ་རེ་བ་དང་།
༡༠༣ ན་ཡི་དོགས་པ་བྱུང་བ་ན། །ནད་གདོན་ངོས་ནི་ཟིན་པ་སྟེ། །རྡད་ཀྱང་དེ་ཡིན་གདོན་ཡང་དེ། །དེ་ཉིད་བབ་ཚུལ་དུ་གཞག །རྣམ་རྟོག་ཆོས་སྐུའི་སྤྲུལ་པ་སྟེ། །ན་བ་ཆོས་སྐུའི་ཕྲིན་ལས་ཡིན། །རྣམ་རྟོག་དབྱིངས་སུ་ཡལ་བ་ལ། །འཆི་བ་ཞེས་སུ་བཏགས་པ་ཡིན། །དེ་ཉིད་གསལ་བའི་སྒྲོན་མ་སྟེ། །དེ་ཉིད་དྲིན་ཅན་བླ་མ་ཡིན། །གཉེན་པོ་དགག་ཅིང་སྤང་བའི་བློ། །སྐད་ཅིག་ཙམ་ཡང་བསྐྱེད་མི་བྱ། །དམིགས་པས་གདོན་ལ་འདི་ལྟ་སྟེ། །ཆུ་ནི་མེ་ཡིས་སྐེམ་པར་བྱ། །མེ་ནི་ཆུ་ཡིས་གསད་པར་བྱ། །རླུང་ནི་ས་ཡིས་མནན་པར་བྱ། །ས་ནི་རླུང་གིས་གཏོར་བར་བྱ། །སྟོད་ནད་ཐམས་ཅད་གྱེན་ལ་འདོན། །སྨད་ནད་ཐམས་ཅད་ཐུར་ལ་བདའ། །བར་ནད་ཐམས་ཅད་ཐད་ཀར་སེལ། །ལོག་གནོན་རླུང་ལྔ་གནས་སུ་གཞུག །ཡན་ལག་རླུང་ལྔ་རང་སར་གཞག །ཡན་ལག་ཉིང་ལག་སྤྲུག་ཅིང་འདོན། །གཟེར་ན་བཙལ་ཞིང་དབྱུང་བར་བྱ། །སྐྲངས་དང་ཁོལ་བུར་ན་བ་ལ། །འཁོར་ལོ་ལྟ་བུར་བསྐོར་བར་བྱ། །ཡང་ན་བཙལ་ཞིང་དབྱུང་བར་བྱ། །སྐྲན་གྱི་གྲོང་ཁྱེར་མེ་ཡིས་གཞོམ། །དམུ་ཆུ་རྒྱ་མཚོའི་གཏིང་ནས་སྤུག །སྨྱོ་ན་རི་བོའི་འོག་ཏུ་མནན། །མཛེ་ནད་ཆུ་སེར་ལ་སོགས་པ། །བ་སྤུའི་བུ་གའི་སྦྱོར་བ་བྱ། །ཟླ་བའི་དཀྱིལ་འཁོར་ཨ་ལས་ནི། །ག་བུར་བསིལ་བའི་ཆུ་རྒྱུན་དབབ། །ཉི་མའི་དཀྱིལ་འཁོར་རཾ་ལས་ནི། །ཚ་ཞིང་གདུང་བའི་མེ་ཕུང་འབར། །བླ་མ་ཕྱོགས་བཅུའི་སངས་རྒྱས་རྣམས། །མདུན་གྱི་ནམ་མཁར་བཞུགས་པ་ལ། །གསོལ་བཏབ་བདུད་རྩིར་ཞུ་བ་ཡིས། །གཉིས་མེད་བཅུད་ཀྱིས་བདག་ལུས་གང་། །རླུང་གི་དཀྱིལ་འཁོར་ཡཾ་ལས་ནི། །རྩོལ་སྒྲུབ་དྲག་པོའི་འཁྲུལ་འཁོར་བྱ། །ཀུན་ལ་བླ་མའི་རྣལ་འབྱོར་ཤིས། །ཅི་དགོས་ཐམས་ཅད་
༡༠༤ བླ་མ་ལ། །གསོལ་བ་བཏབ་ལས་འབྱུང་བར་འདུག །སྒྱིད་ལུག་ཞུམ་པའི་སེམས་སྤངས་ལ། །སྙོམས་ལས་ལེ་ལོར་མི་བཞག་པར། །སེང་གེ་ལྟ་བུར་སྤྱད་པར་བྱ། །བཅའ་བ་ལུས་ཀྱི་འཁྲུལ་འཁོར་ནི། །པདྨ་ལྟ་བུའི་དཀྱིལ་སྐྱིལ་ཀྲུང་གིས། །ཐམས་ཅད་མཉེ་ཞིང་སྟོང་གསུམ་བརྐྱང་། །མགོ་བོ་མཉེ་ཞིང་ཀྱོག་པ་དང་། །ལག་པ་སྐོར་དང་རྒྱབ་ཏུ་བརྡུངས། །ལག་པ་བཅུད་ཅིང་གནས་དྲུག་བཅིང་། །རྒྱབ་ཏུ་བཀན་ཞིང་མདུན་དུ་བསྡུ། །རྒྱ་མཚོ་སྤྲུག་ཅིང་ཧབ་ཀྱིས་གདབ། །གཡས་དང་གཡོན་དུ་གཅུ་བ་དང་། །རྒོད་པོའི་ལྡིང་ལྟབས་ཚུལ་གྱིས་མཆོད། །རྡོ་རྗེ་སྐྱིལ་ཀྲུང་ལ་གནས་ཏེ། །རི་བོ་སྒུལ་ཞིང་བྱ་རྐང་གཟུག །མཐེ་བོང་འཐེན་ཞིང་སྲིན་ལག་བསྲང་། །ཀ་ར་ཎ་ཡི་སྦྱོར་བ་བྱ། །གཡས་བརྐྱང་གཡོན་པ་གཅུད་ལ་བོར། །གཡོན་བརྐྱང་གཡས་པ་བཅུད་ལ་བོར། །བྱ་རྨྱང་ཚུལ་གྱིས་གན་རྐྱལ་དང་། །ཁ་སྦུབ་གཡས་གཡོན་མཉམ་པ་དང་། །ས་ག་སྒྱིད་པའི་ནང་ཕྱོགས་ནས། །ཟླུམ་པོ་སྒྱིད་པའི་ཕྱི་ཕྱོགས་ནས། །རོལ་པ་རྟིང་པ་སོག་ཁར་གཞག །གཞན་ཡང་རྒྱུག་དང་འདུར་དང་མཆོང་། །གཡས་དང་གཡོན་དུ་སྐོར་བ་དང་། །མདུན་རྒྱབ་ལ་སོགས་རྡོ་རྗེའི་གར། །བླ་མའི་ཞལ་གདམས་ཤེས་པར་བྱ། །བརྟུལ་ཞུགས་མཐའ་རུ་འཁྱོལ་བ་དང་། །ཡང་ནི་ཕྱོགས་ལས་རྣམ་རྒྱལ་བརྩམ། །མེ་ཏོག་སོགས་པས་མཆོད་བྱས་ནས། །བསམ་གཏན་གནས་སུ་ལེགས་འདུག་སྟེ། །ཕྱག་རྒྱར་ལྷན་ཅིག་རབ་ཞུགས་ནས། །རྡོ་རྗེའི་སྦྱོར་བ་ཡང་དག་བརྩམ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྦྱོར་བ་འདི་ཉིད་རབ་བསམས་ན། །སྐྱ་རེངས་ཤར་བའི་དུས་སུ་ནི། །འགྲུབ་པར་འདི་ལ་ཐེ་ཚོམ་
༡༠༥ མེད། །ཉིན་གཉིས་གསུམ་བཞི་ལྔས་ངེས་པར། །གལ་ཏེ་འཕོ་འགྱུར་རྣལ་འབྱོར་པ། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །དགའ་བའི་གནས་སུ་ཁྲིད་པའོ། །ཡང་ན་བདེ་བ་ཅན་དུ་སྐྱེ། །གང་འདོད་རིགས་སུའང་སྐྱེ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །བསམ་པ་ཐམས་ཅད་རྫོགས་བྱེད་པ། །གཟུང་དང་འཛིན་པའི་སྒོམ་སྤངས་ཕྱིར། །ཕྱོགས་ཀུན་རྣམ་རྒྱལ་ཞེས་བྱར་བརྗོད། །དཔལ་ལྡན་ནཱ་རོ་པ་ཆེན་པོའ་སྤྱོད་པ་ཆོས་ཀྱི་གླུ་རྫོགས་སོ།། །།བྷ་རི་རྣལ་འབྱོར་མ་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མས་བསྒྱུར་ཞིང་ཞུས་པ། །ཆོས་ཀྱི་རྗེས་མཁར་ཆུའི་བྲག་ནས་གཏེར་སྤྱན་དྲངས་པ་ཇི་ལྟ་བའོ།། །།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཡང་ཚོམ་ཞུས་ལན་མ་བཞུགས་སོ།

༡༠༡

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཡང་ཚོམ་ཞུས་ལན་མ་བཞུགས་སོ། །

༡༠༢

༄༅། །ཨེ་མ་ཧོ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །མི་ལུས་ཐོབ་པ་ཇི་ལྟར་དཀོན། །ཞུས་པས། །སེམས་ཅན་གཞན་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་མེད་པ་ཙམ། །ཁ་འཐོར་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་སྲིད་པ་ཙམ། །སེམས་ཅན་གཞན་ལ་ལྟས་པ་ན། །འཁོར་ལོས་སྒྱུར་རྒྱལ་ལས་ཀྱང་དཀོན། །གསུང་། དམ་ཆོས་བྱེད་པ་ཇི་ལྟར་དཀོན་ཞུས་པས། མཐའ་འཁོབ་ཡུལ་གྱི་མི་རྣམས་དང་། །ཆོས་མ་དྲན་ལ་ཚང་བཙུག་ན། །དམ་ཆོས་བྱེད་པའི་མི་རྣམས་ནི། །ཨུ་དུམ་བ་རཝ་ར་ལས་ཀྱང་དཀོན། །གསུང་། སྡིག་པ་བྱེད་པ་ཇི་ལྟར་ལགས། །ཞུས་པས། སྡིག་ལ་སྤྱོད་པའི་མི་རྣམས་ནི། །བུ་ཆུང་མེ་ལ་འཇུ་བ་དང་། །གླེན་པ་བཙན་དུག་ཟ་བ་དང་། །སྨྱོན་པ་གཡང་ལ་མཆོང་བ་དང་། །འདྲེ་ཅན་རང་སྲོག་གཅོད་པ་འདྲ། །རང་སྡུག་རང་གིས་ཉོས་པ་ཡིན། །བསྐལ་པར་བདེ་བ་ཐོབ་མི་འགྱུར། །གཏན་དུ་སྐྱེ་ཤིའི་འདམ་ན་གནས། །ལས་སུ་སྡུག་བསྔལ་ལས་ལ་སྤྱོད། །ཟོ་ཆུན་ཁྱུད་མོ་ཇི་བཞིན་འཁོར། །སྔ་མའི་རྣམ་སྨིན་མ་ཟད་པར། །ཕྱི་མའི་ལས་ངན་སྒྲིབ་

༡༠༣

པ་སོགས། །དེ་བས་སྡིག་པ་བྱེད་པ་ནི། །ཤིན་ཏུ་བླུན་པ་ཡིན་པར་གསུངས། གསུང་། དད་པའི་ཡོན་ཏན་ཇི་ལྟར་ལགས། ཞུས་པས། དད་པ་ཞིང་ས་གཤིན་པོ་འདྲ། །དད་པ་འཚོ་བྱེད་མཁས་པ་འདྲ། །དད་པ་བུད་མེད་འཛངས་དང་འདྲ། །དད་པ་འབྲི་མོ་བཟང་དང་འདྲ། །དད་པ་གཡང་མོ་ལུག་དང་འདྲ། །དེ་རྣམས་ཡོད་པའི་མི་རྣམས་ལ། །དགོས་འདོད་ཐམས་ཅད་འབྱུང་བ་བཞིན། །དད་དང་ལྡན་པས་དེ་བཞིན་འབྱུང་། གསུང་། དད་པ་ཆེ་བ་བརྩོན་འགྲུས་ཆུང་ན་ཇི་ལྟར་ལགས། ཞུས་པས། དད་ལྡན་བརྩོན་འགྲུས་ཆུང་བ་ནི། །གྱི་ལིང་སྒྲོག་ཏུ་ཆུད་པ་འདྲ། །ཞིང་བཟང་སོ་ནམ་ཆགས་པ་འདྲ། །ཆང་ལ་ཕབ་འདེགས་བརྗེད་པ་འདྲ། །རྒྱུ་ལ་ཡོད་ཀྱང་རྐྱེན་མེད་པས། །དད་པ་ཆེ་ཡང་ཐ་མལ་ལས། །འཕགས་པར་མི་ནུས་དོན་ཆུང་འགྱུར། །གསུང་། དད་པ་དང་བརྩོན་འགྲུས་འཛོམ་ན་ཇི་ལྟར་ལགས། ཞུས་པས། །དད་པ་ཞིང་ས་གཤིན་པོ་ལ། །བརྩོན་འགྲུས་སོ་ནམ་བྱས་གྱུར་ན། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །མི་ལུས་དོན་དང་ལྡན་པར་འགྱུར། །རང་ལ་རང་དྲིན་ཆེ་བར་འགྱུར། །གཏན་གྱི་སོ་ནམ་ཟིན་པར་འགྱུར། །

༡༠༤

གསུང་། ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་གང་ལགས། ཞུས་པས། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་བཀའ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འདི། ཆོས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གསུངས། གསུང་། དེ་ཉམས་སུ་བླངས་པ་ལ་ཡོན་ཏན་ཇི་ལྟ་བུ་ལགས། ཞུས་པས། ས་དང་ལམ་ལ་མ་བགྲངས་པར། །དམིགས་མེད་དོན་ལ་གང་འཇོག་པ། །བདུད་རྣམས་ཟིལ་གྱིས་ནོན་པར་འགྱུར། །མཚན་མ་ཡིད་ལ་མ་བྱས་ན། །ས་ལམ་རིམ་གྱིས་མ་སྦྱངས་ཀྱང་། །ཡུམ་ཆེན་ཀློང་ན་གནས་པར་འགྱུར། །ཡུམ་ཆེན་དེ་ཡི་དོན་རྟོགས་ནས། །རྩོལ་བའི་ནད་རྣམས་ཞི་བར་འགྱུར། །རྩོལ་བ་བྲལ་བ་དེ་ཡིས་ནི། །དུས་གསུམ་སངས་རྒྱས་གདུང་ཟིན་ནས། །སྐྱེ་མེད་ས་ལ་གནས་པར་འགྱུར། །དམིགས་མེད་བསམ་མེད་བརྗོད་དང་བྲལ། །མ་བཅོས་སྐྱེ་མེད་འགག་མེད་ལ། །རང་བཞིན་གྱིས་ནི་འོད་གསལ་བ། །དུས་གསུམ་སངས་རྒྱས་འབྱུང་བའི་ཡུམ། །དེ་ཉིད་ཡིན་ནོ་གཞན་ན་མེད། །དེ་ཡི་ངང་ལ་གནས་པ་ནི། །ཡུམ་ཆེན་ཀློང་ན་གནས་པ་ཡིན། །མཚན་མའི་དགེ་བ་ཅི་བྱས་ཀྱང་། །འཁོར་བར་ཡུན་རིང་གནས་པ་ཡིན། །སྐྱེ་འཆི་མེད་པའི་ས་མི་ཐོབ། །ཅེས་གསུངས་སོ། །དམིགས་མེད་ངང་ལ་ཇི་ལྟར་བཞག། བདུད་ཅེས་བྱ་བ་ཇི་ལྟ་བུ། །ཞུས་པས། ཅི་ཡང་ཡིད་ལ་མི་བྱེད་ན། །དམིགས་མེད་ངང་ལ་བཞག་པ་ཡིན། །ཡིད་བྱེད་བྲལ་བའི་དོན་དེ་ལ། །ཞེ་འདོད་དམིགས་པས་མ་བཅོས་ན། །ངེས་པར་དམིགས་མེད་བསྒོམ་པ་ཡིན། །ཞེས་གསུངས་སོ། །བདུད་ཀྱི་བྱེ་བྲག་བསྟན་པ་ནི། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །རང་ལས་བྱུང་ནས་རང་ལ་གནོད། །དཔེར་ན་སྲིན་གྱི་ཁ་ཆུ་བཞིན། །གསུངས་ཐོགས་བཅས་བདུད་དེ་གང་ལ་བགྱི། །ཞུས་པས། མིག་གི་དབང་པོ་གཟུགས་ལ་ཐོགས། །གཟུགས་སྡུག་མི་སྡུག་རང་བཞིན་གྱིས། །ཆགས་སྡང་གཉིས་སུ་བཟུང་བས་

༡༠༥

བདུད། །གཉིས་སུ་འཛིན་པའི་སེམས་ཉིད་ལ། །བཞི་རྩའི་ངོ་བོ་མ་གྲུབ་པས། །རྩ་བྲལ་ངང་དུ་རང་བཞག་ན། །གཟུགས་ལ་ཐོགས་པ་ཟིལ་གནོན་པས། །སླར་ཡང་ཡེ་ཤེས་ཉིད་དུ་འགྱུར། །གཟུགས་ནི་མ་བཅིངས་མ་གྲོལ་བཀའ་དང་མཐུན། །རྣ་བའི་དབང་པོ་ལ་སོགས་པ། །གོང་དུ་བསྟན་པ་བཞིན་དུ་འོང་། །ཐོགས་བཅས་བདུད་དུ་བསྟན་པ་ཡིན། །ཕྱི་ཡི་བདུད་དུ་ཤེས་པར་བྱ། །དངོས་པོའ་ཡུལ་དུ་མི་སྣང་བར། །ཞེ་ལ་གནག་པ་འཆང་བ་དང་། །ཡུལ་མེད་ཡིད་ལ་འདོད་པ་དང་། །གདམས་ངག་མེད་པར་རྨུགས་པ་དང་། །ཞར་ལ་རང་རེ་མཐོང་བ་དང་། །ཕྲག་དོག་ཞེ་ལ་འཇོག་པ་དང་། །ལྷ་འདྲེ་ཡིད་ལ་བྱེད་པ་དང་། །ཐོགས་པ་དངོས་སུ་མི་སྣང་ཡང་། །ཡིད་ལ་གནོད་པ་བསྐལ་བས་ན། །ཐོགས་མེད་བཞིན་དུ་བདུད་དུ་འབྱུང་། གསུང་། བདུད་རྣམས་ཟིལ་གྱིས་གནོན་ན་ཉམས་སུ་ཇི་ལྟར་བླང་། །ཞུས་པས། ཨེ་མ་ཧོ། །ང་ཡི་གདམས་པའི་གནད་འདི་ཡང་། །འགྱུ་བ་ཅི་བྱུང་ཅི་ཤར་ཡང་། །ཆེད་དུ་གང་ཡང་མ་བྱས་ན། །ཐོགས་མེད་བདུད་རྣམས་ཟིལ་གྱིས་གནོན། །ཡིད་ཡུལ་བྱུང་བ་བདུད་ཡིན་ཏེ། །གཟུང་དུ་འཛིན་པ་སྣ་ལེན་ཡིན། །གཟུང་དུ་མ་འཛིན་རིགས་ཀྱི་བུ། །བྱུང་ཚོར་མ་འགེགས་རིགས་ཀྱི་བུ། །ལུས་སེམས་མ་བཅོས་རིགས་ཀྱི་བུ། །འདུ་ཤེས་མ་འཇུག་རིགས་ཀྱི་བུ། །དེ་ལྟར་ཁྱོད་ཀྱིས་ཉམས་བསྐྱངས་ན། །བདུད་རྣམས་ཟིལ་གྱིས་གནོན་པར་འགྱུར། །གསུང་། །བདུད་ཀྱི་རྟོག་པ་ཇི་ལྟར་འཇོམས། །སྙེམས་ཀྱི་ཐག་པ་ཇི་ལྟར་བཅད། །ཞུས་པས། །གང་ལ་དགའ་ཞིང་བྲོད་པ་དེ། །དམིགས་སུ་མེད་པས་མ་ཟིན་ན། །ཕ་རོལ་ཕྱིན་པའི་དོན་མིན་པས། །བདུད་ཀྱི་དབང་དུ་སོང་བ་ཡིན། །དེ་ལྟ་རང་རེ་བདུད་ཡིན་ཏེ། །རང་ཞིན་ཙམ་ན་བདུད་ཀྱང་གནས། །རང་ལ་རང་བཞིན་མ་གྲུབ་པས། །དེ་བཞིན་བདུད་ཀྱང་འགྲུབ་མི་འགྱུར། །གཞི་རྩ་མེད་པའི་ཆོས་ཉིད་ཀྱིས། །རང་

༡༠༦

གི་འཛིན་པ་ཟིལ་མནན་ན། །བདུད་རྣམས་ཐམས་ཅད་ཟིལ་གནོན་ཏེ། །མྱ་ངན་ཀུན་ལས་འདའ་བར་འགྱུར། །དགའ་བྲོད་སྐྱེ་མེད་རང་སར་དག །ངར་འཛིན་ཞེན་མེད་རང་སར་གྲོལ། །རྣམ་རྟོག་རང་བཞིན་ཉིད་ཀྱིས་སྟོང་། །དེ་ལྟར་དགོངས་ཤིག་རིགས་ཀྱི་བུ། །བདག་ཉིད་ཆོས་སྐུ་ཡིན་ཤེས་ན། །བདུད་ཀྱི་རྟོག་པ་ཆོམ་པ་ཡིན། །སྙེམས་བྱེད་སྙེམས་བྱ་ཞེས་བྱ་བ། །ཕྱི་ནང་ཐམས་ཅད་རང་སྙེམས་ཡིན། །སྣང་སྲིད་འཁོར་འདས་རང་སེམས་ཡིན། །ལྷ་དང་འདྲེ་ལ་སོགས་པ་ཡང་། །དེ་ཡང་རང་གི་སྙེམས་བྱེད་ཡིན། །སྙེམས་ཀྱི་རྒྱུ་འགྲུལ་ཆད་ཙམ་ན། །བླ་ན་མེད་པའི་བྱང་ཆུབ་ཡིན། །དྲན་པ་འགེགས་པ་མ་ཡིན་གྱི། །ཐམས་ཅད་སྙེམས་ཙམ་ཡིན་ཤེས་ན། །སྙེམས་ཆས་ཆོས་ཀྱི་ཟུང་མི་ཐུབ། །མ་ཐུབ་པ་རུ་བཞག་ཙམ་ན། །བདུད་རྣམས་ཟིལ་གྱིས་གནོན་པར་འགྱུར། །འཇིག་རྟེན་ཆོས་རྣམས་ཐམས་ཅད་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་ན། །སེམས་ཀྱི་ཐག་པ་ཆོད་པ་ཡིན། །རིགས་ཀྱི་བུ་ཡིས་དེ་དགོངས་ན། །བདུད་རྣམས་ཟིལ་གྱིས་གནོན་པར་འགྱུར། །རྩོལ་བ་མ་ལུས་སྤང་བར་འགྱུར། །རྩོལ་བྲལ་ངང་ལ་གནས་པར་འགྱུར། །ཇི་བཞིན་དགོངས་ལ་གནས་པར་འགྱུར། །ཞེས་གསུངས་སོ། །གཉན་སར་འགྲིམ་པ་ཇི་ལྟར་ལགས། །ཞུས་པས། ཨེ་མ་ཧོ། །ཐོག་ཏུ་བྱུང་བའི་རྐྱེན་ངན་དེ། །ཆོས་ཀྱི་གྲོགས་སུ་འགྲོ་བ་དཀའ། །དང་པོ་གདམས་ངག་རློམས་སེམས་ཀྱིས། །གཉན་ས་ལ་སོགས་འགྲིམ་ཙམ་ན། །རྐྱེན་གྱི་དབང་དུ་མི་འགྱུར་བ། །གདམས་ངག་གྲོགས་སུ་འགྱུར་བར་ངེས། །སེམས་དང་ལུས་ལ་འཕོངས་པ་དང་། །སྲོག་ལ་བར་ཆད་བྱུང་དོགས་ན། །ཉམས་སུ་བླངས་པས་རིག་པ་ཆུན། །རིག་པ་ཆུན་པས་ཉམས་མྱོང་སྐྱེ། །དེ་ལྟར་ཉམས་དང་ལྡན་ཙ་ན། །ཐོག་ཏུ་བྱུང་བའི་རྐྱེན་ལ་ཡང་། །ཤུགས་ཀྱིས་རང་དབང་ཐོབ་པར་འགྱུར། །རྐྱེན་གྱིས་ཆོས་ཀྱི་བསྐུལ་འདེབས་བྱེད། །དེ་བས་གཉན་ས་འགྲིམ་པ་གཅེས། །གཉན་ས་

༡༠༧

འགྲིམ་ཞིག་རིགས་ཀྱི་བུ། །དེ་ལྟར་རྟོག་པ་ཁལ་བཀལ་བས། །བདག་ལ་འདྲེ་བདུད་བྱུང་དོགས་པའི། །རྟོག་པ་ངང་གིས་འགགས་པར་འགྱུར། །དོགས་པ་མེད་པའི་སེམས་ཉིད་ལ། །སྣ་སུན་མེད་པར་འདྲེ་མི་འབྱུང་། །དེ་བཞིན་རྟོག་པ་ཐམས་ཅད་འགགས། །བརྒྱ་ལ་སྐྱེས་ཀྱང་ཉམས་ལེན་གྲོགས། །གསུངས། ལྟ་བའི་བལྟ་ཚུལ་ཇི་ལྟར་ལགས། །ཞུས་པས། སེམས་ལ་གཉིས་སུ་མ་མཆིས་པས། །བལྟ་རུ་མེད་པའི་ཚུལ་གྱིས་བལྟ། །བལྟས་པས་རང་གི་སེམས་མི་མཐོང་། །མ་མཐོང་བ་ཉིད་ཆོས་ཉིད་ཡིན། །མཐོང་བས་ཆོས་ཉིད་དོན་མ་ཡིན། །དེ་བས་བལྟ་བར་བྱ་བ་ནི། །རྡུལ་ཙམ་ཡོད་པ་མ་ཡིན་ནོ། །གསུངས། གཉན་ས་འགྲིམ་པའི་དུས་སུ་ནི། །སེམས་ཉིད་བཞག་ཐབས་ཇི་ལྟར་བཞག །ཞུས་པས། ཨེ་མ་ཧོ། །རིགས་ཀྱི་བུ། ལུས་ནི་རོ་ཡི་ཚུལ་དུ་བཞག །བདག་པོ་མེད་པའི་ཚུལ་དུ་བཞག །སེམས་ནི་ནམ་མཁའི་ཚུལ་དུ་བཞག །མར་མེ་རླུང་གིས་མ་བསྐྱོད་བཞིན། །གསལ་ལ་མི་རྟོག་ཚུལ་དུ་བཞག །རྒྱ་མཚོ་རླུང་གིས་མ་བསྐྱོད་བཞིན། །མེར་རེ་དྭངས་པ་བཞིན་དུ་བཞག །ཀྱེ་རིགས་ཀྱི་བུ། ཤེས་པ་བརླིང་བར་བཞག་པ་ཡིན་ནོ། །རྩོལ་བའི་བྱ་བྱེད་མེད་པར་རང་ལུགས་སུ་བཞག་པ་ཡིན་ནོ། །སེམས་ཉིད་རང་བཞིན་མེད་པས་བསྒོམ་མི་བསྒོམ་གྱི་འཛིན་པ་མ་ཞུགས་པར་བཞག་པ། སྐྱེ་མེད་བྱ་བ་དང་བྲལ་བ་ཡིན་པས་ལྷོད་ཀྱིས་ཀློད་ནས་ཁོངས་ཤིགས་ཀྱིས་བཤིགས་ལ་ཆོས་ཉིད་རྟོག་པ་དང་བྲལ་བ་ཡིན་པས་རྩིས་གདབ་གང་ཡང་མ་ཞུགས་པར་ཆོས་ཉིད་སྐྱོན་ཡོན་གཉིས་ལས་འདས་པ་ཡིན་པས། སྐྱོན་ཡོན་གང་ལ་མི་བསམ་པར་རེས་འགའ་མི་མགོ་སྐམ་པོ་ལྟར་དབང་པོ་སྒོ་ལྔ་ཧར་བར་བཞག་པ་ཡིན་ནོ། །ཡང་ན་བུ་ཆུང་གཉིད་ལོག་པ་བཞིན་དུ་ལྷན་ནེ་ཉལ་ལེར་བཞག་གོ །ཆོས་ཉིད་ཆགས་པ་དང་བྲལ་བ་ཡིན་པས། སྐར་མདའ་འམ་སྐྱེས་པས་མདའ་

༡༠༨

འཕངས་པ་བཞིན་དུ་ཤེས་པ་རྒྱང་ཙེར་གཏད་ལ་བཞག་པ་ཡིན་ནོ། །འཁོར་བ་ལས་གྲོལ་བར་ཙམ་ལས་སངས་རྒྱས་དོན་ལ་མེད་པས་གཡས་མེད་དུ་བཞག་པ་ཡིན་ནོ། །དོན་མེད་དུ་བཞག་པ་ཡིན་ནོ། །ཞིག་པོའ་ཚུལ་དུ་བཞག་པ་ཡིན་ནོ། །དགའ་དང་མི་དགའི་གཟའ་གཏད་མེད་པའི་ཚུལ་དུ་བཞག་པ་ཡིན་ནོ། །གླེན་ཐོམ་མེ་བཞག་པ་ཡིན་ནོ། །ལར་བཞག་ཅེས་ཏེ་ཆེད་དུ་མི་རྟོག །གདམས་ངག་གི་གནད་ཀྱིས་ཟིན་ན། གང་ལྟར་བཞག །ཇི་ལྟར་བྱས་ཀྱང་ཡིན། ཡང་ནི་དོན་རྩ་བ་དང་བྲལ་བའི་གོ་བས་མ་ཟིན་ན་ཇི་ལྟར་བཞག་ཀྱང་མ་ཡིན་ནོ། །འོན་ཀྱང་དེ་ལྟར་བསླབ་བོ། །རིགས་ཀྱི་བུ་དེ་ལྟར་དུ་གོ་བར་གྱིས་ཤིག་གསུངས། སྤྱོད་པའི་སྤྱད་ཐབས་ཇི་ལྟར་སྤྱད། །ཞུས་པས། དོན་ལ་སྤྱོད་རྒྱུ་མི་དམིགས་ཏེ། །རྐྱེན་སྣང་འཁོར་བའི་རང་སྤྱོད་ནི། །རྟོག་མེད་ཕག་པ་བཞིན་དུ་སྤྱད། །རྩིས་མེད་སྨྱོན་པ་བཞིན་དུ་སྤྱད། །སྙེམས་བྱེད་རྟོག་པ་བྱུང་བ་ན། །བྱིས་པ་མགོ་ཐུག་བྱེད་པ་བཞིན། །སླར་ཡང་དེ་ཡི་ཐོག་ཏུ་སྐྱུར། །རྐྱེན་སྣང་རྩལ་ཤར་ཅི་བྱུང་ཡང་། །རང་གྲོལ་དགོངས་པས་ཟིན་པར་སྤྱད། །འདི་སྤྱད་ཁོ་ནའི་ཕྱོགས་མ་བཙལ། །འདི་ཀ་ཡིན་གྱི་གདམས་ཁ་མེད། །འོན་ཀྱང་འདི་ལ་སྤྲོས་པའི་གཏམ་མི་བཏད། །སེམས་ལ་ས་ཟིན་མི་བདོག་པས། །འཇིག་རྟེན་དགའ་བྲོད་བདུད་ཀྱིས་ཁྱེར། །སྤྲོ་བ་སྐྱེད་པའི་ཆོས་གཏམ་བཏང་། །ཉམས་དང་སྦྱར་བའི་གླུ་ཆུང་བླང་། །ཅི་བྱ་སྙམ་པའི་སྐྱོ་བ་བསྐྱེད། །ག་ན་འདུག་ཀྱང་འབོལ་ལེ་བ། །ཡིད་ལ་མི་བྱེད་པ་ལ་གཞོག །ཡིཡིད་མུག་པ་ཡི་སེམས་བཞིན་དུ། །ང་ལ་ཅིས་ཀྱང་བྱ་རྒྱུ་མེད། །ང་ལ་སུས་ཀྱང་དགོས་པ་མེད། །ཆེད་དུ་བྱ་བ་ཀུན་བཞག་ནས། །བག་ཆགས་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་སོ། །གཅོད་ཅེས་བྱ་བ་ཇི་ལྟ་བུ། །ཞེས་ཞུས་པས། ཀྱེ་རིགས་ཀྱི་བུ། ཐམས་ཅད་སེམས་སུ་གཅོད་པ་ཡིན། །སེམས་ནི་སྙེམས་སུ་གཅོད་པ་ཡིན། །སྙེམས་སུ་མ་འདུས་གང་ཡང་མེད། །

༡༠༩

སྙེམས་བྱེད་ཙམ་དུ་གོ་ཙམ་ན། །དཔེར་ན་ཁང་སྟོང་རྐུན་མ་བཞིན། །ངོ་ཤེས་ཙམ་གྱིས་ཟུངས་མ་ཐུབ། །གོ་བ་ལོང་པར་བྱ་བ་ལས། །ཆེད་དུ་དོན་ལ་སྤྱད་དུ་མེད། །མི་ཕོད་བརྫི་བས་གཅོད་དུ་གསུངས། །ཞེས་གསུངས་སོ། །མི་ཕོད་བརྫི་བ་ལ་དོན་མཆིས་སམ། ཞེས་ཞུས་པས། སྐྱིད་ལ་འབྲལ་བར་མི་ཕོད་དང་། །སྡུག་ལ་སྤྱོད་པར་མི་ཕོད་དང་། །ལྷ་ལ་མི་ཕོད་མི་ཕོད་དང་། །འདྲེ་ལ་ལུས་སྐྱུར་མི་ཕོད་དང་། །རང་ཁྱིམ་སྤོང་བར་མི་ཕོད་དང་། །གཉན་ས་འགྲིམ་པར་མི་ཕོད་དང་། །ནད་དང་རིམས་ལ་སོགས་པ་ལ། །མི་ཕོད་བཞིན་དུ་ཐོག་བརྫིས་ན། །རོ་སྙོམས་སྤྱོད་པ་ཁྱད་པར་འཕགས། །ཀུན་ཀྱང་ཡོན་ཏན་མཉམ་པར་འགྱུར། །དགག་སྒྲུབ་རྟོག་པ་ཆུང་བར་འགྱུར། །དགག་སྒྲུབ་མེད་པའི་དོན་རྟོགས་ན། །བཏང་སྙོམས་ཆེན་པོའ་ངང་བཞག་གོ །ཅེས་གསུངས་སོ། །གཞན་ལ་བྱིན་རླབ་ཇི་ལྟར་བགྱིད། །ཅེས་ཞུས་པས། དང་པོ་ཕྱི་ཡི་བྱིན་རླབས་ནི། །ཉམས་དབྱངས་གླུ་ཆུང་བླང་བ་དང་། །སྤྱོད་ལམ་བརླིང་བར་བྱས་པ་ཡིས། །གཞན་མོས་སྐྱེས་ལ་བྱིན་རླབས་འབྱུང་། །ནང་གི་བྱིན་རླབས་བྱ་བ་ནི། །འདྲེ་དང་ནད་པ་རང་གི་སེམས། །གཉིས་མེད་གཅིག་གི་ངང་བཞག་པས། །སྡུག་བསྔལ་ཞི་བའི་བྱིན་རླབས་འབྱུང་། །གསང་བའི་བྱིན་བརླབས་བྱ་བ་ནི། །བྱིན་ནི་འགྱུར་བ་མེད་པ་ཡིན། །རླབས་ནི་འགགས་མེད་ཤུགས་ལས་བྱུང་། །ཆོས་ཉིད་སྙེམས་དང་བྲལ་ནས་ནི། །རྩོལ་བྲལ་ཆེན་པོའ་ངང་བཞག་ན། །བྱིན་རླབས་འབད་པ་མེད་པར་འབྱུང་། །འབད་པ་དང་བཅས་བྱིན་རླབས་ནི། །བྱིན་དང་མི་ལྡན་ནུས་པ་ཆུང་། །གཞན་དོན་བྱས་ཀྱང་སྒྲིབ་པ་འབྱུང་། །ཞེས་གསུངས་སོ། །རང་ན་ཚ་བྱུང་ན་ཇི་ལྟར་བགྱི། །ཞུས་པས། ལུས་པོ་གཏུབས་ལ་ཚོགས་སུ་འབུལ། །རྣམ་རྟོག་ཆོས་ཉིད་གཏེར་དུ་སྦ། །དེ་ཡང་ལན་གྲངས་མང་དུ་བྱ། །སོས་ན་དགའ་བའི་སེམས་མི་བསྐྱེད། །རྐྱེན་སྣང་ན་ཚ་ཅི་བྱུང་ཡང་། །རྩལ་སྦྱོང་རེ་རེ་ཤེས་པར་

༡༡༠

བྱ། །རྐྱེན་བྱང་གྲོགས་སུ་མ་གོ་ན། །ལྟ་བ་མཐོ་ཡང་དབྱིངས་གོལ་ཡིན། །སེམས་སྟོང་ཙམ་ལ་རློམ་པ་དེ། །དེ་ནི་གསང་བའི་བདུད་ཀྱིས་ཟིན། །ཞེས་གསུངས་སོ། །གདམས་ངག་འདེབས་པ་ལན་རེས་འོང་ངམ་མི་འོང་ཞུས་པས། ལན་ཅིག་སྐལ་ལྡན་བློ་རྣོན་འགའ། །སྔོན་གྱི་སྦྱངས་པའི་ལས་ཅན་ཡིན། །དེ་མིན་ནན་ཏན་བྱ་བ་གཅེས། །དམ་པའི་ཆགས་ཕྱིར་འབྲེང་བ་གཅེས། །གདམས་ངག་ཁོང་དུ་ཆུད་པར་གྱིས། །གོ་བ་གདིངགཏིང་དུ་མ་ལོན་པར། །ཚིག་ཉན་ཙམ་ལ་ཐག་མ་བཅད། །དེ་ལྟར་དགོངས་ཤིག་རིགས་ཀྱི་བུ། །གསུངས་མི་མིན་ཡེ་ཤེས་མཁའ་འགྲོ་མ། །སངས་རྒྱས་བྱ་བ་ཇི་ལྟར་ལགས། །དེ་རུ་འགྲོ་ལུགས་ཇི་ལྟར་འགྲོ། །ཞེས་ཞུས་པས། སངས་རྒྱས་བྱ་བའི་ཡིན་ཚུལ་ནི། །རྣམ་རྟོག་འཛིན་པ་ཀུན་སྤངས་ནས། །སྐྱེ་མེད་རང་བཞིན་ཡེ་སངས་རྒྱས། །སངས་རྒྱས་ཞེས་ནི་དེ་ལ་བཏགས། །དེ་རུ་འགྲོ་ལུགས་བསྟན་པ་ནི། །སངས་རྒྱས་བྱ་བའི་མཚོན་པ་ནི། །འཁོར་བ་འཇིག་པའི་ཐབས་སུ་བསྟན། །སངས་རྒྱས་སྐྱེ་མེད་བླ་དྭགས་ཡིན། །སྔ་རབས་འདས་པ་རྣམས་ཀྱིས་ཀྱང་། །འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་ཕྱིན་པ་མེད། །ད་ལྟར་བཞུགས་པ་རྣམས་ཀྱིས་ཀྱང་། །འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་འགྲོ་རྒྱུ་མེད། །སླད་ནས་འབྱོན་པ་རྣམས་ཀྱིས་ཀྱང་། །སངས་རྒྱས་ས་ལ་འགྲོ་མ་མནོས། །བྱིས་པའི་བློ་ཕྱིར་མ་འབྲེང་ཞིག །སངས་རྒྱས་ཐོབ་ཕྱིར་མ་བྱེད་ཅིག །སྐྱེ་མེད་དམིགས་པར་མ་བྱེད་ཅིང་། །འཁོར་བར་དོགས་པ་མ་བྱེད་ཅིག །རྣམ་རྟོག་ཟུངས་སུ་མ་འཛིན་ཅིག །མི་རྟོག་བསྒོམ་པར་མ་བྱེད་ཅིག །ཡེ་ནས་སེམས་ཉིད་སྐྱེ་མེད་ལ། །སྐྱེ་མེད་དོགས་པར་མ་བྱེད་ཅིག །མི་སྐྱེ་རེ་བར་མ་བྱེད་ཅིག །ཡེ་ནས་ཆོས་ཉིད་བྱར་མེད་ལ། །རྩོལ་བས་ཉམས་སུ་མ་ལེན་ཞིག །ཆོས་ཉིད་གདལ་པ་ཆེན་པོ་ལ། །དམིགས་པས་བསྡུད་པར་མ་བྱེད་ཅིག །འཁོར་འདས་གཉིས་སུ་

༡༡༡

མེད་པ་ལ། །རེ་དོགས་བསམ་པ་མ་འཆའ་ཞིག །འཁོར་བ་འཛིན་མེད་མྱང་འདས་ཡིན། །མྱང་འདས་འདོད་པ་འཁོར་བ་ཡིན། །མ་རེ་མ་དོགས་རིགས་ཀྱི་བུ། །མ་སྒོམས་མ་འཛིན་རིགས་ཀྱི་བུ། །མ་དགག་མ་སྤྱོད་རིགས་ཀྱི་བུ། །མདོ་ལས་ཀྱང་། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །བྱང་ཆུབ་སེམས་དཔའི་མིང་ཡང་མེད། །ཅེས་གསུངས་སོ། །ཡང་ཞུས་པ། མི་བལྟ་མི་བསྒོམ་མི་སྤྱོད་མི་བསྒྲུབ་བམ། །ཞུས་པས་དོན་ལ་བལྟ་རུ་མ་མཆིས་པས། །ལྟ་བྱེད་གྲོལ་བའི་སྐྱེས་བུ་དེ། །མ་ནོར་ལྟ་བ་ཡིན་པར་གསུངས། །དོན་ལ་བསྒོམ་ཡུལ་མ་མཆིས་པས། །སྒོམ་བྱེད་གྲོལ་བའི་གང་ཟག་དེ། །མ་ནོར་བསྒོམ་པ་ཡིན་པར་གསུངས། །དོན་ལ་སྤྱོད་པའི་ཡུལ་མེད་པ། །སྤྱོད་བྱེད་མཁན་པོ་གྲོལ་བ་དེ། །མ་ནོར་སྤྱོད་པ་ཡིན་པར་གསུངས། །ཕ་རོལ་ཕྱིན་པའི་འབྲས་བུ་ལ། །བསྒྲུབ་རྒྱུ་རྡུལ་ཙམ་ཡོད་མིན་པས། །སྒྲུབ་བྱེད་གྲོལ་བའི་གང་ཟག་དེ། །མ་ནོར་འབྲས་བུ་ཡིན་པར་གསུངས། །དེ་ལྟ་བུ་ཡི་དོན་རྙེད་ནས། །རེ་དོགས་འཆིང་བས་འཆིང་མི་འགྱུར། །འཁོར་བ་གྲོལ་བར་ཐེ་ཚོམ་མེད། །དཔེར་ན་སོས་ཀའི་ཆབ་རོམ་བཞིན། །བློ་སྣང་འཁོར་བའི་རང་བཞིན་ཡང་། །སྐད་ཅིག་ཙམ་གྱིས་གྲོལ་བར་འགྱུར། །ཞེས་གསུངས་སོ། །འོ་ན་སངས་རྒྱས་ལ་གཞན་དོན་ནམ་ཡོན་ཏན་མི་འབྱུང་ངམ། ཞུས་པས། རྟོག་དང་བཅས་པའི་གཞན་དོན་དེ། །སེམས་ཀྱི་ནུས་པའི་སྟོབས་སུ་གསུངས། །སངས་རྒྱས་སེམས་ཅན་དོན་བྱེད་པ། །དཔེར་ན་ནོར་བུ་རིན་ཆེན་བཞིན། །རྟོག་པ་མེད་བཞིན་གཞན་དོན་འབྱུང་། །རང་རྟོག་འཛིན་པ་མེད་པ་ལ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ད་ལྟ་སེམས་ཅན་བདེ་སྐྱིད་དང་། །དམ་པའི་ཆོས་ལ་སྤྱོད་པ་དང་། །གྲུབ་པ་ཐོབ་པའི་དངོས་གྲུབ་དང་། །རྟོགས་ལྡན་རྣམས་ཀྱི་ཉམས་མྱོང་དང་། །ལོ་ཏོག་ཆར་ཆུ་དུས་འབྱུང་དང་། །མདོར་ན་ལོངས་སྤྱོད་ཐམས་ཅད་ནི། །སངས་རྒྱས་

༡༡༢

ཀུན་གྱི་ཡོན་ཏན་ཡིན། །ཞེས་གསུངས་སོ། །རང་ལ་སངས་རྒྱས་ཀྱི་བྱིན་རླབས་འབྱུང་བར་བགྱི་ན་ཇི་ལྟར་བགྱི། ཞུས་པས། སངས་རྒྱས་ཀུན་གྱིས་གསུངས་བཞིན་དུ། །དོན་ཉམས་སུ་བླངས་ན་བྱིན་རླབས་འབྱུང་། །ཚིག་ལ་སྒྲོ་འདོགས་མ་སེམས་པར། །དོན་ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །དུས་གསུམ་སངས་རྒྱས་སྐུ་གཟུགས་ལ། །མོས་པ་བྱས་ནས་དོན་འབྱུང་ན། །དོན་ཉམས་སུ་བླངས་ན་ལྟ་ཅི་སྨོས། །གསུང་མདོ་སྡེ་ཙམ་ལ་རྟགས་འབྱུང་ན། །དོན་ཉམས་སུ་བླངས་ན་དེ་དང་མཚུངས། །ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །ཚིག་ལ་མཁས་པ་མཁས་པ་མིན། །དོན་ལ་མཁས་ན་མཁས་པ་ཡིན། །དོན་ལ་བསམ་ཞིང་རང་རིག་སྐྱེ། །དོན་ནི་སྟོང་ཉིད་སྐྱེ་མེད་དབྱིངས། །ཚིག་གིས་རང་ཉིད་མཚོན་པའི་ཐབས། །དོན་ལ་ཞོག་ཅིག་རིགས་ཀྱི་བུ། །ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །ལམ་ལ་བགྲོད་རྒྱུ་མ་མཆིས་པས། །གཞི་ལ་ཞོག་ཅིག་རིགས་ཀྱི་བུ། །འབྲས་བུ་ཐོབ་རྒྱུ་མ་མཆིས་པས། །རེ་བ་མ་བྱེད་རིགས་ཀྱི་བུ། །འཁོར་བར་ལྟུང་རྒྱུ་མ་མཆིས་པས། །དགོས་པར་མ་བྱེད་རིགས་ཀྱི་བུ། །སྤྱོད་པ་སྤྱད་རྒྱུ་མ་མཆིས་པས། །དུས་གསུམ་རྒྱུན་དུ་ལྷུག་པར་ཞོག །དེ་ལྟར་རྩོལ་མེད་ངང་བཞག་ན། །ཆོས་རྣམས་ཀུན་གྱི་རྩ་བ་ཆོད། །ཉོན་མོངས་རྣམ་རྟོག་ངང་གིས་འགགས། །བདུད་རྣམས་སྐྱེ་མེད་རང་སར་གྲོལ། །འཁོར་བ་མྱང་འདས་གཉིས་སུ་མེད། །གཅིག་ཏུ་གྱུར་པ་ཆོས་ཉིད་དབྱིངས། །སངས་རྒྱས་ཐམས་ཅད་དགྱེས་པ་ན། །བྱིན་རླབས་འབྱུང་གི་རིགས་ཀྱི་བུ། །བརྒྱུད་པ་ཟུང་ཞིག་རིགས་ཀྱི་བུ། །སྐལ་ལྡན་སྐྱོངས་ཤིག་རིགས་ཀྱི་བུ། །ཞེས་གསུངས་སོ། །བདུད་ཀྱི་གཅོད་ཡུལ་འདི་ཇི་ལྟར་ལགས། །ཞེས་ཞུས་པས། །བདུད་ཉིད་ཆོས་སྐུ་ཡིན་པས་ན། །དེ་ཉིད་སེམས་སུ་ངོ་ཤེས་ཀྱིས། །སེམས་ལ་བཅས་བཅོས་མ་བྱེད་པར། །མ་བཅོས་པ་ལ་བཞག་པ་ནི། །བདུད་ཀྱི་ཆོ་

༡༡༣

འཕྲུལ་ཅི་བྱུང་ཡང་། །སྐྱེ་མེད་ངང་ལ་སྤྱོད་ཅིང་སྤྱོད། །བདུད་ཀྱི་གཅོད་ཡུལ་ཞེས་སུ་གསུངས། །དོན་གྱི་མན་ངག་དེ་ཉིད་ཡིན། །ཞེས་གསུངས་སོ། །གཅོད་འདི་མི་གཞན་ལ་སྤེལ་ལམ་མི་སྤེལ། །ཞུས་པས། །ཁྱོད་ཀྱིས་སྤེལ་བས་མི་འཕེལ་གྱི། །དད་ལྡན་སྐལ་པ་ལྡན་པ་རྣམས། །དད་ཅིང་འདུག་ན་བསྟན་པར་མཛོད། །རྐྱེན་གྱིས་དད་པའི་གང་ཟག་ལ། །ཞལ་གྱི་གདམས་པ་ནན་ཆེར་ཐོབ། །ནད་སོས་ཅི་འགྱུར་ཆ་མེད་པས། །ཡིག་སྣ་སྦྱིན་པར་མི་འགྱུར་རོ། །གང་ཟག་སྣོད་ལ་བརྟགས་པ་གཅེས། །ནོར་གྱི་ཕྱི་རུ་བཀའ་དོགས་ཡིན། །འོན་ཀྱང་ནོར་ལ་བརྟག་ཏུ་བཏུབས། །འདི་ལ་ཆུད་གསོན་མི་བཏུབ་ན། །ངེས་པར་སྐལ་ལྡན་ལས་ཅན་ཡིན། །རྟོགས་པར་གྱིས་ལ་ཆོས་འབྲེལ་གྱིས། །སྣོད་མི་ལྡན་ལ་བསྟན་མི་རུང་། །ཞེས་གསུངས་སོ། །མ་གཅིག་མི་རྟག་འགྱུར་དུས་སུ། །དགོངས་པ་ཇི་ལྟར་གཤེགས། །ཞེས་ཞུས་པས། སྐྱེ་མེད་ངང་ལ་དགོངས་པ་མེད། །འགག་མེད་ངང་ལ་གཤེགས་ཡུལ་མེད། །འོན་ཀྱང་དམིགས་མེད་རང་གྲོལ་ནས། །ལྷང་ངེ་ལྷན་ནེ་ལྷམ་མེ་བ། །ཞེས་གསུངས་སོ། །ཞུས་ལན་གྱི་གདམས་པ་ཡང་ཚོམས་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་ཨི་ཏི།

༄། དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མའི་ཆོ་ག་བཞུགས་སོ༎ ༎

༡༠༥ ༄། དཔལ་དུས་ཀྱི་འཁོར་ལོའ་དབང་གོང་མའི་ཆོ་ག་བཞུགས་སོ།། །།
༡༠༦ ༄༅། །ན་མཿཤྲཱི་ཀ་ལ་ཙཀྲཱ་ཡ། འདིར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཀྱི་སྔོན་དུ་ངེས་པར་སྒྲུབ་དགོས་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པས། ཏིང་ངེ་འཛིན་ཁྱད་པར་ཅན་བསྐྱེད་པར་བྱེད་པའི་དབང་བསྐུར་བ་མཆོག་དབང་གོང་མ་ཉིད་བསྐུར་བའི་ཚུལ་ནི། བྲིས་སྐུ་ལ་སོགས་པའི་མདུན་དུ་མཆོད་པ་རྒྱ་ཆེར་བཤམས། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་སམ། གཙོ་བོའ་ཟླུམ་གཏོར་གཅིག །སྡེ་དྲུག་ལ་ཟླུམ་གཏོར་རམ་ཟུར་གསུམ་རེ་རེ། །ཆོས་སྐྱོང་དང་མཁའ་འགྲོ་སྤྱི་གཏོར་སོགས་བཤམས། བུམ་པ་དུང་ཆོས་གཟུངས་ཐག་རྡོ་རྗེ་སོགས་ཀྱང་སྤྱི་དང་མཐུན་པར་འཆའ། །སློབ་དཔོན་གྱི་དྲུང་དུ་ནང་མཆོད་རྡོར་དྲིལ་ཅང་ཏེའུ་སོགས་ཚོགས་པར་བྱས་ནས། སྔོན་འགྲོ་གཏོར་མ་ལ་ཆབ་བཏང་། །ཐོག་མར་ནང་མཆོད་ལ་དམིགས་ཏེ། ༀ་ཨཱཿཧཱུྃ་ཧྲིཿཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ༀ་ཨཱཿཧུཾ་ཧོཿ ཞེས་བྱིན་གྱིས་བརླབས། ༀ་ཨཱཿཧུཾ་ཧྲཿཕཊ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ༀ་ༀ་བཛྲ་ཙནྡྲ་སོགས། ༀ་ཨཱཿབཛྲ་སཱུརླ་སོགས་དང་། ༀ་ཧུཾ་བཛྲ་ཨ་ན་ལ་སོགས་དང་། ༀ་ཧོཿསརྦ་དྷརྨ་སོགས་སྔགས་མཚན་བཞིས་བྱིན་གྱིས་རླབས། ༀ་ཕེཾ་བཛྲ་ཨཱར་ལླི་ཧོ། ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་སྟྭཾ། དྲྀ་ཤྱ་ཧོ། །ༀ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵས། བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ། ཨུན་མན་ད། ཨ་པ་སྨ་ར། ཌཱ་ཀ་ཌཱ་ཀི །ནྱ་ད་ཡ། ཨི་དཾ་བ་ལིཾ། གྲྀཧྞ་ཏུ། ས་མ་ཡ་རཀྵནྟ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐེ་བཾ་ཡ་ཐེཥྚཾ། བྷཱུ་ཛ་ཐཱ། ཛི་གྷྲ་ཐ། བི་བ་ཐ་མ་ཏིཀྲ་མ་ཐ། མ་མ་སརྦ་ཀ་རྟ་ཡ། སད་སུ་ཁཾ་བི་ཤུདྡྷ། སཱ་ཧ་ཡི་ཀ་བྷ་། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿབཛྲ་
༡༠༧ པུཥྤཾ། བཛྲ་དྷཱུ་པཾ། བཛྲ་དཱི་པཾ། བཛྲ་ནཻ་ཝི་ཏྱཾ། བཛྲ་ཨཱཀྵ་ཏྱཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ། བཛྲ་ཝཱ་དྱཾ། བཛྲ་ནྲྀ་ཏྱཾ། བཛྲ་གཱི་ཏཾ། ༀ་བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོ་།རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོ །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའ །འབྱུང་པོའ །ཡི་དྭགས །ཤ་ཟའི །སྨྱོ་བྱེད །བརྗེད་བྱེད །མཁའ་འགྲོའི །མ་མོའ་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་ཏེ་འབྱུང་པོའ་ཚོགས། །མ་ལུས་ཇི་སྙེད་མཆིས་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བསྣམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པབ་བཟང་། །
༡༠༨ ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །དགེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གང་དག་དཀར་པོའ་ཕྱོགས་ལ་མངོན་པར་དགའ་བ་རྣམས་མཆོད་པ་དང་གཏོར་མ་འདི་བཞེས་ལ། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་བྱ་བ་ལ་བར་ཆད་ཐམས་ཅད་མི་འབྱུང་བའི་ཕྲིན་ལས་མཛོད་ཅིག །ནག་པོའ་ཕྱོགས་ལ་དགའ་བ་དང་། གསང་སྤྱོད་བལྟ་བར་མི་དབང་བ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །ཅེས་པའི་མཐར་བདུད་བསྲེག་པའི་སྔགས་ཀྱིས་བགེགས་བསྐྲད་ལ། འཚམས་རྔམས་དང་རོལ་མོའ་སྒྲ་དྲག་པོ་བྱ། རྡོ་རྗེའི་ར་གུར་ས་གཞི་ལ་སོགས་པ་དང་། མེའི་གུར་སོགས་ཡིད་ཀྱིས་བསམས་ཏེ་མཚམས་བཅད་པར་བྱའོ། །དེ་ནས་གནས་དང་ཡོ་བྱད་ལ་རྡོ་རྗེའི་རྩེ་མོས་ནང་མཆོད་གཏོར། ༀ་ཨཱཿཧུཾ་ཧྲཿཕཊ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའ་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཤེལ་གྱི་སྣོད་སོར་བཅུ་གཉིས་པ་རྣམས་ཀྱི་ནང་དུ་ༀ་ཨཱཿཧུཾ་ཧོཿརྣམས་ལས་བྱུང་བའི་ཆུ་དང་མཆོད་ཡོན་དང་དྲི་དང་། མེ་ཏོག་དང་། བདུག་པ་དང་། སྣང་གསལ་དང་། ཞལ་ཟས་དམ་པ་དག་དང་། །རྣམ་པ་མང་པོའ་འབྲས་བུ་མ་ཉམས་པ་དང་། གོས་དང་། རྒྱན་དང་། བ་དན་དང་། བླ་བྲེ་ལ་སོགས་པ་དང་། གླུ་དང་གར་དང་། མེ་ལོང་དང་། དྲིལ་བུ་ལ་སོགས་པ་སིལ་སྙན་གྱི་ཚོགས་དུ་མ་དག་དང་། ཨིནྡྲ་ནཱི་ལ་ལ་སོགས་རྣམ་པ་མང་པོའ་རིན་པོ་ཆེ་དང་། ནང་གི་དམ་ཚིག་རྣམས་
༡༠༩ དང་། དམ་ཚིག་རྣམ་པ་བཞིའི་རྫས་ལ་སོགས་པ་ཀུན་ཏུ་བཟང་པོའ་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་དཔག་ཏུ་མེད་ཅིང་དྲི་མ་དང་བྲལ་བར་གྱུར། ༀ་བཛྲ་གནྡྷཾ་སྭཱ་ཧཱ། བཛྲ་པུཥྤཾ། བཛྲ་དྷཱུ་པཾ། བཛྲ་དཱི་པཾ། བཛྲ་ནཻ་བི་དྱཾ། བཛྲ་ལཱ་སྱཾ། བཛྲ་ཧཱ་སྱཾ་བཛྲ་ཝཱ་དྱཾ། བཛྲ་ནྲྀ་ཏྱཾ། བཛྲ་གཱི་ཏཾ། བཛྲ་ཀཱ་མཾ་སྭཱ་ཧཱ། རོལ་ཆེན་དང་བཅས་ཏེ། ༀ་ཧོཿབཛྲ་གྷཱནྜེ་སརྦ་དྷརྨཱ་ཨཻ་ཀ་པྲཛྙཱ་དྷཱ་ནི། སྭ་བྷཱ་ཝེ། སརྦ་ཨཱ་ཀ་རེ། སརྦ་དྷརྨ་པྲ་བོ་དྷ་ནི། སརྦ་དྷརྨ་ཎི་སྭ་བྷཱ་ཝཱན་པྲ་བོ་དྷ་ཡ་པྲ་བོ་དྷ་ཡ་སྭཱ་ཧཱ། ཅེས་ལན་གསུམ་བརྗོད། དེ་དག་ནི་སྔོན་དུ་བྱ་བའི་རིམ་པ་ཡིན་ནོ། །ད་ནི་བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ་སྟེ། སྤྲོ་ཞིང་ནུས་པ་ཤིན་ཏུ་རྒྱས་པ་སྤྲོས་པ་ལ་དགའ་བས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམ་པར་བྱ་བ་ལ་འབྲིང་དུ་ན། ཐུགས་དཀྱིལ་རྒྱས་བསྡུས་གང་རུང་བསྒོམ་ཀྱངཡང་ཤིན་ཏུ་ལེགས་པར་འགྱུར་ཞིང་། བསྡུས་པ་ལ་དགའ་བས་ལྷ་བཅུ་གསུམ་དང་ལྷ་དགུ་སོགས་ཅི་རིགས་པ་དང་ཤིན་ཏུ་བསྡུས་པ་ལ་དགའ་བས། ལྷན་སྐྱེས་རྒྱས་བསྡུས་གང་རུང་ལ་བརྟེན་ནས་ཀྱང་། མཆོག་དབང་གོང་མ་བསྐུར་དུ་རུང་ལ། སྤྱིར་དབང་གོང་མ་ནི་བསྐྱེད་པའི་རིམ་པ་ལ་མི་ལྟོས་ཞིང་། རྫས་སྔགས་ཏིང་འཛིན་གྱི་ཆོ་གའི་སྤྲོས་པ་གཙོ་བོར་གྱུར་པ་ན་ཡིན་པའི་ཕྱིར་སློབ་དཔོན་དེ་ཡན་ལག་དང་པོའ་རྣལ་འབྱོར་ལ་བརྟེན་པ་ཐོབ་ཅིང་། བར་པ་བཞིའི་རྣལ་འབྱོར་རྗེས་མཐུན་པ་རྣམས་སུ་མྱོང་བ་ཡན་ཆད་ཀྱིས། བདག་མདུན་གྱི་ཆོ་ག་མེད་པར་ཡང་བསྐུར་བས་ཆོག་པ་ཁོ་ན་སྟེ། རྒྱུ་མཚན་དབང་གོང་མ་རྣམས་ཀྱི་དཀྱིལ་འཁོར་གདོད་ནས་གྲུབ་པ་རྣལ་འབྱོར་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བ་ཉིད་འདིའི་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ཡིན་གྱི་རྟོག་པས་སྒོམ་པའི་དཀྱིལ་འཁོར་དང་། རྡུལ་མཚོན་དང་རས་བྲིས་ལ་སོགས་པ་དབྱིབས་སུ་བཀོད་པའི་དཀྱིལ་འཁོར་ནི། དབང་གོང་མ་རྣམས་ཀྱི་དཀྱིལ་འཁོར་མ་ཡིན་པའི་ཕྱིར་དང་། སློབ་མ་ལ་བྱིན་རླབས་འཇུག་པ་ཡང་དེ་འདྲ་ལ་མ་ལྟོས་པའི་ཕྱིར་རོ། །འོན་ཀྱང་དེ་འདྲ་དེས་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་དེ་ལྟར་བྱེད་པ་ཡང་མི་འགལ་ལོ། །ད་ལྟའི་དུས་ཀྱི་རྡོ་རྗེ་སློབ་དཔོན་དུ་གྲགས་པ། གྲངས་ཀྱི་བསྙེན་པ་ཙམ་ལ་བརྟེན་པ་དང་བསྐྱེད་རིམ་ཁོ་ན་ལ་གནས་པ་དང་། རྫོགས་རིམ་གྱི་ཉམས་མྱོང་ཅུང་ཟད་སྐྱེས་སུ་ཆུག་ཀྱང་། ཡན་ལག་དང་པོ་ལ་བརྟན་པ་མ་ཐོབ་པ་དང་། དེ་ཙམ་ཐོབ་ཀྱང་
༡༡༠ ཡན་ལག་ཕྱི་མ་རྣམས་རྗེས་མཐུན་པ་རྒྱུད་ལ་མ་སྐྱེས་པ་དག་གིས་ནི། བདག་བསྐྱེད་དང་ཕྱི་རོལ་གྱི་མཆོད་གཏོར་ངེས་པར་བྱ་སྟེ། དབང་གོང་མའི་ཡན་ལག་ཏུ་དགོས་པ་མ་ཡིན་ཀྱང་། བདག་ཉིད་བསོད་ནམས་སྤེལ་ཞིང་། ལྷའི་བྱིན་རླབས་སློབ་མ་ལ་འཇུག་པའི་དགོས་པ་ཆེན་པོ་ཡོད་པས་སོ། །ཅི་སྟེ་རྗེས་དྲན་གྱི་ཡན་ལག་དངོས་ཐོབ་པ་ཡན་ཆད་ཀྱི་རྣལ་འབྱོར་པས་ནི་བདག་ཉིད་ཡེ་ཤེས་ཀྱི་རྣམ་རོལ་ལ་དབང་འབྱོར་པབ་ཡིན་པའི་ཕྱིར། རྫས་སྔགས་ཏིང་ངེ་འཛིན་གྱི་ཆོ་གའི་ཡན་ལག་ཕྲ་མོ་ལ་མ་ལྟོས་ཏེ། བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལོ་ཞེས་རྟོགས་པར་བྱའོ། །དེས་ན་སྐབས་འདིར་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་རྒྱས་པ་ལོགས་སུ་བསྟན་པ་ལྟར། སྐྱབས་འགྲོ་སེམས་བསྐྱེད་ནས་བརྩམས་ནས། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ཐུགས་ཀར་ཐིམ་གྱི་བར་རྫོགས་པར་བསྒོམ་ཏེ་བདག་བསྐྱེད་དོ། །དེ་ནས་བུམ་པ་སྒྲུབ་པ་ནི། ༀ་ཨཱཿཧུཾ་ཧྲ་ཕཊ་ཀྱིས་བསངས། སྭ་བྷཱ་ཝཱས་སྦྱངས། སྟོང་པའི་ངང་ལས། ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྲིཾ་ཧྲཱིཾ། ཧུཾ་ཧཱུྃ་ཧླིཾ་ཧླཱིཾ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་ཁུ་བ་དང་རྡུལ་འགགས་པའི་བུམ་པ་གཉིས་དང་ཤར་དང་མེར་རྐང་འགགས་པའི་བུམ་པ་གཉིས་དང་། ལྷོ་དང་བདེན་བྲལ་དུ་ཁྲག་འགགས་པའི་བུམ་པ་གཉིས་དང་། བྱང་དང་དབང་ལྡན་དུ་གཅིབ་འགགས་པའི་བུམ་པ་གཉིས་དང་། བདུད་རྩིའི་བུམ་པ་དཀར་པོ་པདྨ་ལ་གནས་ཤིང་པདྨས་ཁ་བརྒྱན་པ་རྣམས་སུ་གྱུར། རང་གི་སྙིང་གར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས། དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ་དང་བཅས་པར་གསལ་བའི། །ཡབ་ཀྱི་ཐུགས་ཀར་ཟླ་བ་དང་། །ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཏེ། དེ་དག་ཁ་སྦྱར་པབ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྤྲོས་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ རྡོ་རྗེ་བདུད་རྩིའི་བུམ་པ་རྣམས་དང་རོ་གཅིག་ཏུ་གྱུར། ༀ་ཧཾ་ཧཱཾ་ཧི་ཧཱི་ཧྲིཾ་ཧྲཱིཾ་ཧུཾ་ཧཱུྃ་ཧླིཾ་ཧླཱིཾ་བཛྲ་པདྨ་ཨ་མྲྀ་ཏ་གྷ་ཊ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་སརྦ་དྷརྨཱ་ན་སུ་བི་ཤུདྡྷ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝཱན་ཀུ་རུ་ཀུ་རུ་སྭཱ་ཧཱ།
༡༡༡ ཞེས་མང་དུ་བཟླས། ༀ་བཛྲ་གྷནྡྷཾ་པྲ་ཏིཙྪ་ན་མཿནས། ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཞེས་པའི་བར་མཆོད་པ་བཅུ་གཉིས་ཕུལ། དེ་དག་ནི་བུམ་པ་བསྒྲུབ་པའི་ཆོ་གའོ། །འདི་ལ་འོག་ཏུ་སློབ་མ་ལ་ཁྱོར་ཆུ་སྦྱིན་པ་ཙམ་ལས། དགོས་དོན་གཞན་མེད་པའི་ཕྱིར། བུམ་པ་བསྒྲུབ་པ་འདི་མཐའ་ཅིག་ཏུ་དགོས་པ་མིན་པ་ལྟར་སྣང་ཡང་རྡོ་རྗེ་འཆང་དང་གཉིས་སུ་མ་མཆིས་པའི་བླ་མ་དམ་པ་རྣམས་ཀྱི་ཕྱག་ལེན་ཡིན་པའི་ཕྱིར། ནན་ཏན་དུ་བྱ་བ་ཁོ་ནའོ། །དེ་ནས་མཆོད་གཏོར་འབུལ་བ་ནི། བསངས་སྦྱངས། སྟོང་པའི་ངང་ལས། །།།ཞེས་པ་ཡོངས་སུ་གྱུར་པ་ལས། མདུན་གྱི་ནམ་མཁའི་གནས་སུ་རང་གི་རྩ་བའི་བླ་མ་དང་གཉིས་སུ་མེད་པ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའ་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བཞུགས་པར་གྱུར། ༀ་ཨཱཿཧུཾ་ཧཱོཿཧཾཀྵཿ ཞེས་ལན་མང་དུ་བརྗོད་ཅིང་དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་བ་རང་གི་བློ་དང་འཚམས་པར་ཡིད་ཀྱིས་གསལ་བཏབ་བོ། །སྤྲོ་ན་བསྟོད་ཆེན་གྱི་ཚིག་ཇི་ལྟར་འོས་པ་འདོན་པ་སོགས། མངོན་རྟོགས་རྒྱས་བསྡུས་གང་ཡང་རུང་བ་དང་མཐུན་པར་དག་ནས་བརྗོད་ཀྱང་ལེགས། འོན་ཀྱང་ཡིད་ཀྱིས་བསམས་པ་ཙམ་གྱིས་ཆོག་ཅིང་གཙོ་བོ་ཡབ་ཡུམ་ཁོ་ན་སྒོམ་པས་ཀྱང་རུང་ངོ་། །དེ་ནས་མགྲོན་སྤྱན་དྲངས་ཤིང་མཆོད་པ་འབུལ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་པའི་ཡུལ་དུ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ནམ་མཁའ་གང་བར་བཞུགས། ༀ་ཨཱཿཧུཾ་ཧོཿ ཏྲཻ་དྷཱ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་ས་པ་རི་ཝཱ་རཱཿ ཏྭཾ་བྷ་ག་ཝཱན་མེ་ཝ་ར་དོ་བྷ་ཝ་ཤིཥྱ་ཎཱཉྩ། ཅེས་པ་ལན་གསུམ་གྱི། ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ པ་དྱཾ་པྲ་ཏཱིཙྪ་ན་མཿ དེ་བཞིན་དུ་སྦྱར་ཏེ། ཨཱཉྩ་མ་ནཾ་པྲ་ཏཱིཙྪ་ན་མཿ པྲོ་ཀྵ་ནཾ་པྲ་ཏཱིཙྪ་ན་མཿ ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། དུས་ཀྱི་འཁོར་ལོ་འཁོར་བཅས་རྣམས། །རྣམ་དག་རྡོ་རྗེའི་དྲི་མཆོག་འདི། །བཞེས་ནས་བདག་ལ་མཆོག་སྩོལ་མཛོད། ༀ་ཤྲཱི་ཀ་ལ་ཙཀྲ་ས་པཱ་རི་ཝཱ་རེ་བྷྱཿ ཞེས་ཀུན་ལ་སྦྱར་ཏེ། བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ རྐང་པ་
༡༡༢ གསུམ་སྔ་མ་བཞིན་ཀུན་ལ་སྦྱར་ཏེ། །རྡོ་རྗེ་མེ་ཏོག་རྣམ་བཀྲའི་ཚོགས། །བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་བདུག་སྤོས་བླ་ན་མེད། བཛྲ་དྷུ་པཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་སྒྲོན་མེ་འོད་རབ་འབར། བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ །རྡོ་རྗེ་ཞལ་ཟས་རོ་མཆོག་ལྡན། །བཛྲ་ནཻ་ཝི་ཏྱེ་པྲ་ཏཱི་ཙྪ་ན་མཿ རྡོ་རྗེ་མ་ཉམས་འབྲས་བུའི་མཆོག །བཛྲ་ཨཱཀྵ་ཏཾ་པྲ་ཏཱིཙྪ་ན་མཿ །རྡོ་རྗེ་སྒེག་མོའ་མཆོད་པ་ནི། བཛྲ་ལཱ་སྱཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་བཞད་མའི་མཆོད་པ་ནི། བཛྲ་ཧ་སྱཾ་པྲ་ཏཱིཙྪ་ན་མཿ །རྡོ་རྗེ་སིལ་སྙན་རྣམ་མང་པོ། བཛྲ་བཱ་ཏྱཾ་པྲ་ཏཱིཙྪ་ན་མཿ །རྡོ་རྗེ་གར་གྱི་མཆོད་སྤྲིན་འདི། བཛྲ་ནྲྀ་ཏྱཾ་པྲ་ཏཱིཙྪ་ན་མཿ །རྡོ་རྗེ་གླུ་དབྱངས་ཡིགཡིད་འཕྲོག་ལྡན། བཛྲ་གཱི་ཏཾ་པྲ་ཏཱིཙྪ་ན་མཿ རྡོ་རྗེ་འདོད་མའི་མཆོད་པ་མཆོག །བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ །ནང་མཆོད་ནི་གོང་ལྟར་བྱིན་གྱིས་བརླབ། སངས་རྒྱས་ཆོས་དང་དགེ་འདུན་ཐམས་ཅད་ཀྱི་ངོ་བོ། །དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ། །ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱོབ་པ། དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་འདི་ཞེས་བྱ་བའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ༀ་ཨཱཿཧཱུྃ། དངོས་གྲུབ་རྒྱ་མཚོ་ཡོན་ཏན་རིན་ཆེན་གཏེར། །སྲིད་དང་ཞི་བའི་གདུང་བ་སེལ་བའི་སྨན། །ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་སྐྱབས། །དཔལ་ལྡན་རྡོ་རྗེ་འཆང་ལ་མཆོད་པ་འབུལ། ༀ་ཨཱཿཧཱུྃ། །ཉི་མའི་འོད་དང་ཟླ་བཟང་ལྷ་དབང་དང་། །གཟི་བརྗིད་ཟླས་སྦྱིན་ལྷའི་དབང་ཕྱུག་དང་། །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ཏེ། །ཆོས་རྒྱལ་ཆེན་པོ་བརྒྱད་ལ་མཆོད་པ་འབུལ། །འཇམ་དབྱངས་གྲགས་པ་པདྨ་དཀར་པོ་དང་། །བཟང་པོ་རྣམ་རྒྱལ་བཤེས་གཉེན་བཟང་པོ་དང་། །ཕྱག་ན་རིན་ཆེན་ཁྱབ་འཇུག་སྦས་པ་དང་། །ཉི་མ་གྲགས་དང་ཤིན་ཏུ་བཟང་པོ་མཆོད། ༈ །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་ཉི་མ་དང་། །སྣ་ཚོགས་གཟུགས་དང་ཟླ་འོད་མཐའ་ཡས་དང་། །ས་སྐྱོང་དཔལ་སྐྱོང་སེང་གེ་རྣམ་གནོན་དང་། །སྟོབས་ཆེན་མ་འགགས་མི་ཡི་སེང་གེ་མཆོད། ༈ །དབང་ཕྱུག་ཆེན་པོ་མཐའ་ཡས་རྣམ་
༡༡༣ རྒྱལ་དང་། །དྲག་པོ་ཞེས་བྱ་ཉི་ཤུ་རྩ་ལྔ་པོབོ། །སའི་འཁོར་ལོ་རྫོགས་པར་སྐྱོང་བ་སྟེ། །ཚངས་པ་ལྷ་དབང་ཕྱེད་ཕྱེད་སྐྱོང་རྣམས་མཆོད། །འོད་སྲུངས་ལ་སོགས་དུམ་བུ་སྐྱོང་བ་བརྒྱད། །དེ་ལྟར་ས་སྐྱོང་སུམ་ཅུ་རྩ་ལྔ་ནི། །རིགས་ཀུན་གཅིག་ཏུ་མཛད་པ་གསང་སྔགས་ཀྱི། །རིགས་ལྡན་བརྒྱུད་པ་རྣམརྣམས་ལ་མཆོད་པར་འབུལ། ༈ །དུས་ཞབས་གཉིས་དང་ན་ལེནྡྲ་པབ་དང་། །ཟླ་བ་མགོན་པོ་འབྲོ་སྟོན་ལོ་ཙཱ་དང་། །ལྷ་རྗེ་སྒོམ་པ་སྒྲོ་སྟོན་རྣམ་བརྩེགས་དང་། །གྲུབ་ཆེན་ཡུ་མོ་རྣམས་ལ་མཆོད་པ་འབུལ། །ཆོས་ཀྱི་དབང་ཕྱུག་ནམ་མཁའ་འོད་ཟེར་དང་། །སྤྲུལ་སྐུ་ཇོ་འབུམ་གྲུབ་ཐོབ་བསེ་ཆེན་དང་། །ཆོས་རྗེ་འཇམ་གསར་ཆོས་སྐུ་འོད་ཟེར་དང་། །ཀུན་སྤངས་ཆོས་རྗེ་རྣམས་ལ་མཆོད་པ་འབུལ། །བྱང་སེམས་ཆེན་པོ་ཡོན་ཏན་རྒྱ་མཚོ་དང་། །ཀུན་མཁྱེན་ཆོས་རྗེ་སྒྲ་བསྒྱུར་སྐུ་མཆེད་དང་། །ཕྱོགས་ལས་རྣམ་རྒྱལ་ཉང་བོན་ཆོས་རྗེ་དང་། །གྲུབ་ཆེན་ཀུན་བློ་རྣམས་ལ་མཆོད་པར་འབུལ། །འཇམ་དབྱངས་དཀོན་བཟང་ནམ་མཁའི་མཚན་ཅན་གཉིས། །ནམ་མཁའ་དཔལ་བཟང་རཏྣ་བྷ་དྲ་དང་། །གྲོལ་མཆོག་ཞབས་དང་ལུང་རིག་རྒྱ་མཚོ་དང་། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ཏེ། །རྡོ་རྗེའི་རྣལ་འབྱོར་མངོན་སུམ་སྟོན་མཛད་པའི། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པར་འབུལ། །ཕྱིས་ཀྱང་མཇུག་གི་ཚིག་རིམ་པས་འདོན་པ་བསྒྱུར་བར་བྱའོ། །ༀ་ཀཱ་ལ་ཙཀྲ་ཡ་ཧཱུྃ་སྭཱ་ཧཱ། ༀ་ཨཱཿཧཱུྃ། ༀ་བི་ཤྭ་མཱ་ཏ་ཧོཿཕྲཻཾ་སྭཱ་ཧཱ། ༀ་ཨ་ཨཱ་ཨཾ་ཨཿ ཧ་ཧཾ་ཧཾ་ཧཿསྭཱ་ཧཱ། ༀ་ཨཱཿཧཱུྃ་ཧོཿ ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ། ཧ་ཧཱ་ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧ། ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨ་ལར་ཨཱ་ལར། ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ། ༀ་ཨཱཿཧཱུྃ། ཅེས་པས་དཀྱིལ་འཁོར་ལ་འབུལ། བར་འདིར་སྒོས་ཀྱི་ཆོས་སྐྱོང་ལའང་ཕུལ། །ཐམས་ཅད་ཀྱི་མཐར། ༀ་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱ་ན་མོ་ན་མཿ གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་མཆོད་པ་དམ་པ་འབུལ་ལོ། །ༀ་ཨཱཿཧཱུྃ། བཀའ་སྡོད་ཆོས་
༡༡༤ སྐྱོང་སྲུང་མ་ཐམས་ཅད། ཡུལ་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད། རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་འབུལ་ལོ། །ༀ་ཨཱཿཧཱུྃ། ཟག་པ་མེད་པའི་བདེ་བས་རྒྱུད་ཚིམས་ནས། །མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་གྱུར་ཅིག །དེ་ནས་བསྟོད་པ་ནི། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐའ་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་འདུད་ཉི་ཤུས་བསྟོད། སྤྲོ་ཞིང་ནུས་ན། གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་དང་རོ་དག་དང་། །རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་མེད། །ས་བོན་དང་ནི་གསལ་བར་དུས་མེད་མཐའ་དག་སྲིད་པར་སྡུག་བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། །མྱ་ངན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམས་བྲལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་སྐྱེས་བུ་དཔེ་མེད་ཀུན་འགྲོ་སྤྲོས་པ་མེད་པ་སྟེ།
༡༡༥ ཐེར་ཟུག་ཏུ་གནས་སྙན་དང་ཤངས་དང་ཞལ་དང་སྤྱན་དང་དབུ་དང་ཕྱག་དང་ཞབས་ནི་ཐམས་ཅད་པ། །འབྱུང་བའི་མཐའ་ཏེ་འབྱུང་པོའ་མགོན་པོ་མཆོག་གི་སྲིད་པ་གསུམ་འཛིན་རྒྱུ་རྣམས་དག་གི་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་འབྱོར་དག་གིས་རྟོགས་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །སྤྲོ་བྱེད་ནུས་མའི་གཟུགས་གཞན་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོར་ཡང་དག་གནས། །བདུད་རྩི་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གིས་བྱས་པའི་ཉམས་མྱོང་མི་བཟད་རྣམས་ལ་མི་བཟད་པ། །གང་གིས་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེ་བསྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་དང་མཉམ་པ་གཡས་གཡོན་མདུན་རྒྱབ་དང་། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་ངུ་རིང་པོ་དང་། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའམ་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་གྱི་བརྟེན་གཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། ཅེས་པས་ཀྱང་བསྟོད་དོ། །ༀ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟོ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཅེས་རྗེས་ཆགས་ཀྱིས་མཆོད་ཅིང་ང་རྒྱལ་བཟུང་དེ་ནས་ལྷ་དགུའི་སྒྲུབ་ཐབས་སུ་བཤད་པ་ལྟར། གཏོར་མ་བསངས་སྦྱངས་ནས་བརྩམས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གི་བར་གྱི་ཕྲིན་ལས་བཅོལ་བ་ཡན་ཆད་གཏོར་ཆོག་
༡༡༦ གཏོར་མ་འབུལ། འབྱུང་པོ་སྤྱི་གཏོར་དང་གཞི་བདག་གཏོར་མ་སོགས་ཀྱང་བཏང་། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་ཅེས་སོགས་ཤིས་བརྗོད་བྱ། མཆོད་གཏོར་གྱི་རིམ་པའོ། །དེ་ནས་སྤྲོ་ཞིང་ལྕོགས་ན་བླ་མ་རྣམས་ཀྱི་ཕྱག་ལེན་ལ་མཛད་པ་ལྟར། ཚོགས་རྫོགས་པའི་དོན་ལ་སྔོན་འགྲོའི་མཎྜལ་ནས་བརྩམས་ཏེ། མཆོག་དབང་མཐའ་དག་བདག་འཇུག་གི་ཚུལ་དུ་རྫོགས་པར་བླངས་ན་ཤིན་ཏུ་ལེགས་ཤིང་། །སྤྱིར་སློབ་དཔོན་གྱིས་བདག་འཇུག་མ་བླངས་ཀྱང་། སློབ་མ་དབང་བསྐུར་བའི་ཆོ་གའམ་ཡན་ལག་ཉམས་པར་འགྱུར་བ་ནི་མ་ཡིན་ནོ། །དེ་དག་གི་སྐབས་འདི་ལ་ལྟོས་པའི་སློབ་དཔོན་གྱི་བྱ་བ་རྒྱས་པའི་དབང་དུ་བྱས་པའོ། །དེ་ནས་སློབ་མ་རྣམས་དཀྱིལ་འཁོར་ཁང་བའི་ཕྱི་རོལ་ལམ། ཡོལ་ཁང་གི་ཕྱི་རོལ་དུ་མངོན་ཏུདུ་ཕྱོགས་པ་ལ་སྦྱང་བ་ནི། བགེགས་གཏོར་རྣམས་བཤམས། བསངས་སྦྱང་འབྲུ་གསུམ་གྱིས་བྱིན་གྱིས་བརླབ། གཏོར་མའམ་མཐེབ་ཀྱུ་གསུམ་པོ་རིམ་གྱིས་བསྐོར་ལ། ༀ་སརྦ་བིགྷཱ་བྷྱཿ ན་མཿསརྦ་ཏ་ཐ་ག་ཏེ་བྷྱོ་བི་ཤྭ་མུ་ཁ་བྷྱཿ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་གྲྀ་ཧྞི་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཅེས་ལན་གསུམ། འདིར་སློབ་མ་རྣམས་ལ་དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་ནས། ཕན་པ་དང་བདེ་བའི་སེམས་དང་ལྡན་པས་གཞན་དུ་དེངས་ཤིག །ཞི་བས་སྦྱང་བའོ། །ༀ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀ་ཧྞ་གྲྀ་ཧྞ་ཧུཾ་ཧཱུྃ་ཕཊ། ༀ་གྲྀ་ཧྞ་པཱ་ཡ་གྲྀ་ཧྞ་པཱ་ཡ་ཧུཾ་ཧཱུྃ་ཕཊ། ༀ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བི་རཱ་ཛ་ཧུཾ་ཕཊ། ལན་གསུམ་བཟླས་ཤིང་རྡོ་རྗེ་གསོར་ལ། ཏིང་ལོའམ་ཆང་བུ་བསྐོར། འདིར་སློབ་མ་འདི་རྣམས་ལ་དབང་གི་ཡེ་ཤེས་བསྐྱེད་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད། གཏོར་མ་ལམ་བརྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །ཅེས་པ་ནི་ཞི་དྲག་བྱེད་མས་སྦྱང་བའོ། །ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ནས་བདེན་སྟོབས་བརྗོད་ལ། མཐར་དྲག་པོའ་མཚམས་རྔམས་རོལ་ཆེན་དང་བཅས་པས་བསྐུད་པ་ནི། འདི་ལྟར། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་
༡༡༧ བཀའ་བདེན་པ་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་མགོན་དམ་པ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པ་དང་། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའ་བྱིན་གྱིས་བརླབ་ཀྱིས་འདིར་སློབ་མ་འདི་རྣམས་ལ་དབང་གི་ཡེ་ཤེས་བསྐྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག །དེང་དཔལ་རྡོ་རྗེ་ཤུགས་ཀྱི་བཀའ་ཐོས་པས། སའི་ཕྱོགས་འདིར་མ་གནས་བར་མྱུར་བ་ཉིད་དུ་སོང་ཤིག །གང་དག་མི་འགྲོ་བ་དེ་དག་ཐམས་ཅད། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའ་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་བྱའོ། །བསྡུ་ན་དེ་ཙམ་མམ་ཤིན་ཏུ་སྤྲོས་པ་ལ་དགའ་ན་ཕྱག་རྒྱ་དང་མཚོན་ཆ་དགོད་པ་སོགས་བྱས་ནས། བསྟོད་དབྱངས་རྒྱས་པ་སྔོན་དུ་འགྲོ་བར་བྱས་ཀྱང་རུང་ལ་སྤྲོས་པ་འབྲིང་ཙམ་གྱི་དབང་དུ་བྱས་ན། རྡོ་རྗེ་འཇིགས་བྱེད་སོགས་དང་། རྗེ་བོ་སྣ་ཚོགས་སོགས་དང་། ང་ནི་སངས་རྒྱས་ཀུན་གྱི་དངོས། །ང་ནི་ཁྲོ་རྒྱལ་ཧེ་རུ་ཀ་ང་ནི་དཔལ་ལྡན་དུས་འཁོར་ལོ། །ང་ཡི་བཀའ་ལས་མ་འདའ་ཞིག །ལུས་ངག་སེམས་ལ་གནས་པ་ཡིན། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་ཤུགས། །བཀའ་ཡི་འཁོར་ལོ་རབ་སྦྱོར་བར། །རྡོ་རྗེ་རབ་ཏུ་འབར་བ་འདིས། །ལུས་གསུམ་ལས་སྐྱེས་དགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ཚིག་འདའ། །འདིར་ནི་འཇིག་འགྱུར་གཞན་དུ་མིན། །རྡོ་རྗེའི་རཱ་གུར་རབ་ཏུ་བརྟན། །རྡོ་རྗེ་ཁྲོ་བོའ་སྤྲིན་སྤྲོས་ནས། །མཚོན་ཆ་ཡིག་འབྲུ་མེ་ཕུང་འབར། བར་མཚམས་མེད་པར་མཚམས་བཅད་དོ། །ཅེས་ཉུངས་ཀར་གཏོར་གུ་གུལ་སོགས་ཀྱི་
༡༡༨ དུད་པས་བདུག་རོལ་མོའ་སྒྲ་བསྒྲོགས་ཏེ། བགེགས་བསྐྲད་ཅིང་གཏོར་མ་ཕྱི་རོལ་དུཏུ་དོར་ཏེ། དྲག་པོས་སྦྱོང་བའོ། །བསྡུས་པ་ལ་མོས་ན། བཀའ་བསྒོ་བ་ཡིད་ཀྱིས་བྱས་ནས་སྔགས་ཙམ་བརྗོད་དོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་པཾ་གྱི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོ་འབར་བའི་འོད་ཟེར་གྱིས་དེད་སྟེདེ། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་མདུན་གྱི་ཏིལ་ལམ་ཉུང་དཀར་ལ་ཐིམ། བསངས་སྦྱངས་འབར་བའི་མེ་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་རྡོ་རྗེ་དྲིལ་བུ་འཛིན་པ་ཞལ་གདངས་པའོ། །ༀ་བཛྲ་ཌ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ལན་གསུམ་བརྗོད། ལས་ཀྱི་རྡོ་རྗེས་ཏིལ་ལམ་ཡུངས་ཀར་གཡས་གཡོན་ཏུདུ་བསྐོར་ནས། གཡས་སུ་མེ་དང་གཡོན་དུ་ཆུ་དོར་བས། རྡོ་རྗེ་མཁའ་འགྲོའི་ཞལ་དུ་གསོལ་བ་དང་། རྒྱ་མཚོ་ཆེན་པོར་བསྐྱུར་བར་བསམ། མཐར་མེ་ཡང་ཆུ་ནང་དུ་བླུག་གོ །སྡིག་པ་སྦྱང་བའོ། །སྐབས་འདིར་སྤྲོས་པ་ལ་དགའ་ན་དྲུག་བཞི་ལྡན་གྱི་སྒོ་ནས་བྱུར་གསལ་བར་མཛད་པའི་ཕྱག་ལེན་ཡང་གདའ་ཏེ་མི་འགལ་ལོ། །དེ་ནས་འདི་སྐད་ཅེས། ཁྱེད་རང་རྣམས་ཀྱི་མགོ་བོར་ཨཱུ་ཡིག་དང་། སྙིང་གར་ཨཱི་ཡིག་དང་། གཙུག་ཏོར་ཏུ་ཨཱ་ཡིག་སྟེ། ཐབས་ཀྱི་རིགས་གསུམ་དང་། ལྟེ་བར་ལཱྀ་ཡིག་དང་། མགྲིན་པར་རཱྀ་ཡིག་དང་། གསང་བར་ཨཱཿཡིག་སྟེ་ཤེས་རབ་ཀྱི་རང་བཞིན་ཡི་གེ་གསུམ་གྱིས་སྲུངས་ཤིང་རྒྱས་བཏབ་པར་མོས་ཤིག །དེ་ནས་སེམས་བསྐྱེད་གསལ་འདེབས་པ་དང་ཆོས་སྤྱི་འགྲོའི་བཤད་པ་ཅུང་ཟད་བྱས་ནས། འདིར་རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་སྔར་མ་སྨིན་ན་སྨིན་བྱེད་ཀྱི་དབང་དགོས་ལ། སྔར་སྨིན་ཡང་ཡེ་ཤེས་མ་སྐྱེས་པ་བསྐྱེད་པའི་ཕྱིར་དུ། སྐབས་འདིར་ངེས་པར་དབང་གོང་མ་རྣམས་བསྐུར་དགོས་ཤིང་། །གང་ཟག་དབང་པོ་དམན་པ་ལ་དཔལ་དུས་ཀྱི་འཁོར་ལོའ་རྒྱུད་ལས་གསུངས་པའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བར། ཐུན་མོང་གི་སྨིན་བྱེད་བྱིས་པ་འཇུག་པའི་དབང་བདུན་ཐོབ་ན་
༡༡༩ ལེགས་མོད། ཡང་གསང་འདུས་བདེ་མཆོག་དགྱེས་རྡོར་སོགས་ཀྱི་དཀྱིལ་འཁོར་དུ། བསྡུས་རྒྱུད་ཕལ་ཅིག་གི་རྗེས་སུ་འབྲངས་ཏེ། འཕགས་ཡུལ་གྱི་པཎ་གྲུབ་ཕལ་ཆེར་ལ་གྲགས་པའི། ཆོ་ག་རྣམ་དག་གཅིག་གི་སྟེང་ནས་བུམ་དབང་དུ་གྲགས་པ་དེ་ཐོབ་ན་ཡང་། །བྱིས་འཇུག་དང་དོན་གྱི་གནད་གཅིག་པས་ལེགས་ཏེ། གོ་རིམ་མ་འཆོལ་ཞིང་། སྤྱིར་བཏང་གྱི་བཤད་པའི་རིམ་པ་དང་མཐུན། དབང་པོ་དམན་པ་རྣམས་ལ་དེ་ལྟར་འཐད་ཆ་ཤས་ཆེ། འོན་ཀྱང་དབང་པོ་རྣོན་པོ་རྣམས་དང་། དབང་བརྟུལ་ལ་ཡང་བསམ་པ་དང་དགོས་པའི་ཁྱད་པར་གྱི་དམིགས་བསལ་ལ་བྱིས་འཇུག་གི་དབང་ངམ། དེའི་དོད་པོ་སྔོན་དུ་མ་སོང་བར་ཡང་། མཆོག་དབང་བསྐུར་དུ་མི་རུང་བ་མ་ཡིན་ཏེ། དབང་བསྐུར་བ་ནི་སྡོམ་པ་འབོག་པའི་ཆོགཆོ་ག་ཡིན་ལ། སྡོམ་པ་འབོགས་ཡུལ་ལ་འབོགས་ཆོག་བྱེད་པ། གསངས་སྒྲོགས་སུ་འགྱུར་བའི་གོ་སྐབས་ནམ་ཡང་ཡོད་པ་མ་ཡིན་ཞིང་། འོན་ཀྱང་གོ་རིམ་བསྒལབརྒལ་བའི་སྐྱོན་ཡོད་སྙམ་ན་དེ་ཡང་སྤྱིར་བཏང་དམིགས་གསལ་ཀྱི་ཁྱད་ཡིན་ཏེ། དགེ་བསྙེན་ལ་སོགས་པའི་སྡོམ་པ་སྔོན་དུ་མ་སོང་བར་སྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་བཞིན་ཡིན་པའི་ཕྱིར་རོ། །འདིར་སྐབས་སློབ་མ་རྣམས་སྔར་དབང་ཇི་ལྟར་རིགས་པ་ཐོབ་མ་ཐོབ་དང་བསྟུན་ནས། དེ་དང་མཐུན་པའི་བརྡ་སྤྲོད་བྱ། སྔོན་འགྲོའི་དོན་དུ་མཎྜལ་འབུལ་བར་ཞུ་ཞེས་བརྗོད་ལ། སློབ་མས་མཎྜལ་འབུལ། མི་བཟད་འཁོར་བས་འཇིགས་པ་བདག་ནི་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་ལུས་ངག་སེམས་ནི་དག་པས་སོ། །ཅེས་ལན་གསུམ་གསོལ་བ་བཏབ། སྡོམ་པ་བཟུང་བ་འདིའི་རྗེས་ཟློས་བྱར་གཞུགས་ཏེ། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་པར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱོང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་
༡༢༠ རྣམས་ནི་བསྐྱོང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། ཅེས་ལན་གསུམ་མོ། །བསྡུས་པ་ལ་མོས་ན་སྔོན་འགྲོ་དེ་ཙམ་གྱིས་ཆོག་ལ། འབྲིང་པོ་ལ་མོས་ན། དེ་རྗེས་སློབ་མའི་གནས་དྲུག་ཏུ་དྲི་བཟང་གི་ཐིག་ལེ་དངོས་སུ་བྱེད་པའམ་བྱས་པར་མོས་ལ། དཔྲལ་བར་ༀ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ལྟེ་བར་ཧོཿ གཙུག་ཏོར་དུ་ཧཾ། གསང་བར་ཀྵཿརྣམས་སུ་གྱུར། ཅེས་བརྗོད་ༀ་ཨཱཿཧཱུྃ་ཞེས་ནང་མཆོད་ནས་སློབ་མའི་ལུས་ལ་བདུད་རྩི་གཏོར་ལ་སྲུང་བ་བྱས་པར་མོས། དེ་ནས་ཅུང་ཟད་སྤྲོ་ན་བུམ་ཆུ་ནས་བསྲེས་པའི་དྲི་བཟང་གི་ཆུ་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཧཱུྃ། ཅེས་བརྗོད། བླ་མ་དང་དུས་ཀྱི་འཁོར་ལོ་གཉིས་སུ་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁར་སྤྱན་དྲངས། དེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམས་པ་དཔག་ཏུ་མེད་པ་འཕྲོས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པར་མོས་པ་གྱིས་ཤིག །རོལ་མོའ་སྒྲ་དང་བཅས་ཏེ། ༀ་ཨཱ་ཨ་ཨཾ་ཨཿབཛྲ་ས་ཏྭ་མ་ཧཱ་སུ་ཁ་བཛྲ་ཀཱ་ལ་ཙཀྲ་ཤིཉྩ་སྱ་ཨ་བྷི་མུ་ཁོཏྦྷ་ཝ་སནྟུཥྚོ་བྷ་ཝ་བ་ར་དོ་བྷ་བ། ཀཱ་ཡ་བཱ་ཀ་ཙིཏྟ་ཏ་ཨ་དྷིཥྛ་ནཾ་ཀུ་རུ་ཀུ་རུ་སྭ་ཧཱ། ཅེས་མང་དུ་བཟླས་སྟེ་རྡོ་རྗེ་སེམས་དཔའ་བསྐུལ་བའོ། །ཅུང་ཟད་སྤྲོས་པ་ལ་དགའ་ན་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉེར་ལྔ་སྦྱིན་པར་ཡང་བཞེད་དེ་མི་འགལ་ལོ། །དེ་ནས་བུམ་ཆུ་དུད་ཆོས་ཀྱིས་བླངས་ནས། ༀ་ཧཾ་ཧཾ་སོགས་བུམ་པའི་ས་བོན་རྣམས་ལན་མང་དུ་བརྗོད་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་ཨ་ཨི་རྀ་ཨུ་ལི་པཉྩ་དྷ་ཏུ་བི་ཤྭོདྷ་ནི་སྭཱ་ཧཱ། ཞེས་པས་ཁྲུས་གསོལ་ཞིང་འཐུང་ངུ་གཞུག་གོ །འདི་སྐབས་ཕྱག་ལེན་ལུགས་གཅིག་ལ་སློབ་མ་ལྟ་གོནསྟ་གོན་གྱི་ཁྱོར་ཆུའི་སྔགས་ཀྱིས་སྦྱིན་པར་མཛད་པའང་ཡོད་མོད་ཀྱི། བུམ་སྒྲུབ་དང་འབྲེལ་པའི་
༡༢༡ ཕྱིར་འདི་ཉིད་ལེགས་སོ། །སྔོན་འགྲོ་ཤིན་ཏུ་སྤྲོས་པ་ལ་མོས་ན། ལོ་ཙཱ་བ་བློ་གྲོས་དཔལ་གྱིས་མཛད་པའི་གོང་མའི་དབང་མཆོག་བདུད་རྩིའི་འབྱུང་གནས་སུ་བཤད་པ་ལྟར། སློབ་མ་སྟ་གོན་གྱི་ཆོས་ཐུན་མོང་མ་ཡིན་པ་རྣམས་དང་། ཕྱི་དཀྱིལ་གྱི་འཇུག་པའི་ཆོ་ག་རགས་པ་རྣམས་སྦྱོར་བའི་ལུགས་ཀྱང་ཡོད་པ། དབང་གོང་མའི་ཡན་ལག་ཏུ་མི་དགོས་མོད། སློབ་མའི་མོས་པ་དང་བསྟུན་ནས་བྱེད་པ་ཡང་མི་འགལ་ལོ། །དངོས་གཞིའི་ཐོག་མར་འདི་སྐད་ཅེས་བྱ་སྟེ། དེ་ཡང་རྩ་བའི་རྒྱུད་ལས། རྡོ་རྗེའི་ཐིག་ནི་གདབ་པ་དང་། །མཚོན་རྩི་དག་ནི་དགྱེ་བ་དག །སྔགས་ཀྱི་དེ་ཉིད་ཀྱིས་མི་བྱ། །བྱས་ན་བྱང་ཆུབ་རྙེད་པར་དཀའ། །ཞེས་གསུངས་པས། དབང་གོང་མ་རྣམས་ནི་རྡུལ་ཚོན་ལ་སོགས་པ་ཕྱི་དབྱིབས་བཀོད་པའི་དཀྱིལ་འཁོར་དུ་བསྐུར་བ་མ་ཡིན་ལ། ཆུ་དབང་ལ་སོགས་པ་བུམ་དབང་དུ་བཤད་པ་ཡང་། དེ་ལྟར་མིང་བཏགས་པ་ཙམ་སྟེ་དབང་བཞིའི་ནང་ཚན་གྱི་བུམ་དབང་མ་ཡིན་པ་དང་དབང་བཞི་ནི་གོང་མ་ཁོ་ན་ལས་ཕྱེ་བ་ཡིན་པར་མཐར་ཐུག་གི་རྒྱུད་སྡེ་རྣམས་ལས་གསུངས་པ་ཡིན་ཞིང་། དེས་ན་ཕྱག་རྒྱའི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་དབང་། བྷ་གའི་དཀྱིལ་འཁོར་དུ་གསང་དབང་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་འཇིག་རྟེན་པའི་དབང་། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བཞི་པབ་འཇིག་རྟེན་ལས་འདས་པའི་དབང་རྣམས་བསྐུར་བ་ཡིན་པས། དེ་ལྟར་གོ་དགོས་ཤིང་དབང་བསྐུར་བ་པོ་ནི་ཐམས་ཅད་ལ་རྡོ་རྗེ་སློབ་དཔོན་ཏེ། དེ་ཡང་བླ་མ་དུས་ཀྱི་འཁོར་ལོའ་གཡས་ཞལ་སྐུ་རྡོ་རྗེ་ལ་བུམ་དབང་། གཡོན་ཞལ་གསུང་རྡོ་རྗེ་ལ་གསང་དབང་། མདུན་ཞལ་ཐུགས་རྡོ་རྗེ་ལ་ཤེར་དབང་། རྒྱབ་ཞལ་ཡེ་ཤེས་རྡོ་རྗེ་ལ་བཞི་པབ་རྣམས་ཞུ་བའི་བསམ་པ་བསྐྱེད་དགོས། དེ་ལ་ཐོག་མར་མཆོག་དབང་བཞི་པོ་སྤྱི་ཁྱབ་ཀྱི་དོན་དུ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིགས་ཀྱི་ཕྱག་རྒྱ་དང་། ཞིང་ཁམས་རྣམ་པར་དག་པ་རིན་པོ་ཆེས་ཕྱུར་བུར་བཀང་བར་མོས་ལ་མཎྜལ་འབུལ་བར་ཞུ། ཅེས་བརྗོད་ཅིང་སློབ་མས་ཀྱང་། མཎྜལ་ཕུལ་ཏེ། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །
༡༢༢ མཆོག་ཏུ་མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་མེད་བདེ། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོས་ད་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་པ། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའ་མཐར། །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཅེས་པས་ཐུན་མོང་དུ་གསོལ་བ་བཏབ། །དེ་ནས་བུམ་དབང་ཉིད་ཀྱི་དོན་དུ་མཎྜལ་ཕུལ་ལ། །ལུས་ལ་སྐུ་རྡོ་རྗེའི་བྱིན་བརླབས་འཇུག་པའི་དོན་དུ་གསོལ་བ་གདབ་པ་ནི། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་སྒོམ་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་སྒོམ་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་ལན་གསུམ་གསོལ་བ་བཏབ། སླར་ཡང་བུམ་དབང་དངོས་གཞིའི་དོན་ཏུདུ་གསོལ་བ་ལན་གསུམ་འདེབས་པ་ནི། ༀ་ༀ་པྲཛྙཱ་ཨུ་པ་ཡཽ་ཀ་ལ་ཤ་ཨ་བྷི་ཥེ་ཀཾ་ད་དཱ་ཏཱཾ་ཧཱུྃ་ཧཱུྃ་ཕཊ། ཅེས་པའོ། །བླ་མའི་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ནམ་མཁའ་གང་བར་བཞུགས་པ་ཐམས་ཅད་ཀྱི་དཔྲལ་བའི་ༀ་ཡིག་དཀར་པོ་ལས། ༀ་ཡིག་འོད་ཟེར་དཀར་པོ་འཕྲོ་བ་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། ལུས་ཐམས་ཅད་གང་བས། ལུས་ཀྱི་དྲི་མ་དག །སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེས་བྱིན་གྱི་བརླབས་པར་མོས་པ་མཛོད། བྱས་ལ། རོལ་ཆེན་བྱ་ཞིང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་འདིའི་ལུས་ཀྱི་ཐིག་ལེ་དང་། སད་པའི་གནས་སྐབས་འགགས་ཤིང་། དགའ་བའི་དགའ་བ་རྫོགས་ནས། སྐུ་རྡོ་རྗེ་སྤྲུལ་པའི་སྐུ། སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་སློབ་མའི་ཆེད་དུ་སངས་རྒྱས་རྣམས་ལ་བླ་མས་གསོལ་བ་གདབ་བོ། །དེ་ནི་བུམ་དབང་གི་བྱིན་བརླབས་དབབ་པའོ། །དེ་ནས་བུམ་དབང་དངོས་ནི། སྔར་
༡༢༣ ཕུལ་བའི་ཕྱག་རྒྱ་དེ་ཉིད་སྣ་ཚོགས་ཡུམ་དུ་བྱིན་གྱིས་བརླབས་ནས། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུང་ཞིག་ཁྱེར་ཅིག་སེམས་དཔའ་ཆེ། །ཟུང་ལ་མཆོད་པ་དག་ཏུ་གྱིས། །ཞེས་རིག་མ་བཏད། དེའི་ནུ་མ་ལ་ལག་པས་རེག་པས། དེ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བའི་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བའི་དགའ་བ་སྟེ། དེ་ཉིད་བུམ་པའི་དབང་གི་དོན་ནོ། །དེ་ལྟར་ན་ཕྱག་རྒྱའི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ་པས། སྔགས་ཀྱི་ཚུལ་ལ་དགེ་ཚུལ་དུ་གྱུར་ཅིང་། ས་བརྒྱད་པ་མི་གཡོ་བར་ལུང་བསྟན་པ་ཐོབ་པ་སངས་རྒྱས་ཀྱི་སྲས་སུ་གྱུར་པ་ཡིན་ནོ། །ཞེས་བརྡ་སྤྲད། ༀ་ༀ་བཛྲ་ས་ཏྭ་ན་བཛྲ་ཀ་ལ་ཤ་ཨ་བྷི་ཥེ་ཀ་ཎ་ཨ་བྷི་ཥིཀྟོ་བཛྲ་ས་ཏྭ་པུ་ཏྲོ་ཨ་ཙ་ལཱ་བྷཱུ་མི་ལ་།།།ཧཾ་ཞེས་རྗེས་ཟློས་བྱེད་དུ་བཅུག་པས་ང་རྒྱལ་བཟུང་བར་བྱ་སྟེ་བུམ་པའི་དབང་ངོ་། །དེ་ནས་གསང་དབང་གི་དོན་དུ་མཎྜལ་འབུལ། ངག་ལ་གསུང་རྡོ་རྗེའི་བྱིན་བརླབས་གཞུག་པའི་དོན་དུ་གོང་གི་ཚིག་བཅད་ལ། དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། ཅེས་འདོན་པ་སྤོས་ཏེ་ལན་གསུམ་གསོལ་བ་གདབ། གསང་དབང་དངོས་གཞིའི་དོན་དུ། ༀ་ཨཱཿཔྲཛྙཱ་ཨུ་པ་ཡོ་གུ་ཧྱ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུཾ་ཧཱུྃ་ཕཊ། ཅེས་པས་གསོལ་བ་གདབ། བླ་མའི་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་པའི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ནམ་མཁའ་གང་བར་བཞུགས་པ་ཐམས་ཅད་ཀྱི། མགྲིན་པའི་ཨཱཿཡིག་དམར་པོ་ལས། ཨཱཿཡིག་འོད་ཟེར་དམར་པོ་འཕྲོ་བ་དཔག་ཏུ་མེད་པ་བྱོན་ཏེ། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ལུས་ཐམས་ཅད་གང་བས་ངག་གི་དྲི་མ་དག །སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེས་བྱིན་གྱིས་བརླབས་པར་མོས་པ་མཛོད། རོལ་ཆེན་བྱ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་འདིའི་ངག་གི་ཐིག་ལེ་དང་། རྨི་ལམ་གྱི་གནས་སྐབས་འགགས་ཤིང་། མཆོག་དགའ་དགའ་བ་རྫོགས་ནས། གསུང་རྡོ་རྗེ་ལོངས་སྤྱོད་
༡༢༤ རྫོགས་པའི་སྐུ་རྣམ་པ་ཉི་ཤུས་མངོན་པར་རྫོགས་པ་བྱང་ཆུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་བླ་མས་བརྗོད་དེ་གསང་དབང་གི་བྱིན་བརླབས་འབེབས་པའོ། །དེ་ནས་གསང་དབང་དངོས་ནི། ༀ་དྭཱ་ད་ཤ་ཨད་ག་ནི་རོ་དྷ་ཀ་རི་ཎི་ཧཱུྃ་ཕཊ། གདོང་གཡོགས་བཅིངས་པར་བསམ་པའམ་དངོས་སུ་བཅིངས། །དེ་ནས་བླ་མ་དུས་ཀྱི་འཁོར་ལོ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས་ནས་སྐུ་ལ་ཞུགས་པ། ཆགས་པ་ཆེན་པོས་ཞུ་བར་གྱུར། ཨ་ཝ་དྷུ་ཏཱིའི་ལམ་ནས་བརྒྱུད་དེ་ནོར་བུར་བྱོན་པའི་བདུད་རྩི་མཐིམཐེ་བོང་དང་མིང་མེད་ཀྱིས་བཟུང་ནས་ལྕེ་ཐོག་ཏུ་བཞག་པར་གྱུར། །འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་བགྱི། །ཞེས་དང་། བླ་མེད་དེ་ནི་འདི་ཉིད་དེ། །གཉིས་སུ་མེད་ཅིང་མི་འགྱུར་བ། །ཆོས་ཀྱི་དབྱིངས་ནི་དམ་པ་ཡི། །ཡང་དག་བདེ་བ་མྱང་བར་གྱིས། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་ངོ་བོར་བསམ་ཏེ། ཨ་ཧོ་མ་ཧཱ་སུ་ཁ། ཞེས་བརྗོད་དེ། དངོས་སུ་བདུད་རྩི་རིལ་བུ་སྦྱར་བའི་ནང་མཆོད་ཀྱི་ཐིགས་པ་ལན་གཉིས་སུ་ལྕེ་ལ་བཞག་ཅིང་བཏུང་བར་བྱའོ། །མིག་དར་བསལ། ༀ་དེ་བྱེན་དྲ་ཡ་ཎ་རྒྱུ་ད་གྷ་ཊ་ཡ་སྭཱ་ཧཱ། ཕྱག་རྒྱའི་བྷ་ག་གསལ་བར་བྱས་པ་ཡང་བལྟས་ཏེ། དེ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་འཇིག་རྟེན་ཀུན་རྫོབ་ཀྱི་མཆོག་དགའི་དགའ་བ་སྟེ། དེ་ལྟར་ན་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་ཐོབ་པས། སྔགས་ཀྱི་ཚུལ་ལ་དགེ་སློང་དུ་གྱུར་ཅིང་། ས་དགུ་པ་ལེགས་པའི་བློ་གྲོས་སུ་ལུང་བསྟན་པ་ཐོབ་པ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་གྱུར་པ་ཡིན་ནོ། །ཅེས་བརྡའ་སྤྲད་ལ། ༀ་ཨཱཿབཛྲ་ས་ཏྭེ་ན་གུ་ཧྱ་ཨ་བྷི་ཥིཀྟོ་བཛྲ་ས་ཏྭ། ཡུ་བ་རཱ་ཛོ་ན་བྷུ་མི་ལབྡྷོ་ཧཾ། ཞེས་རྗེས་ཟློས་བྱེད་དུ་བཅུག་པས་ང་རྒྱལ་བཟུང་བར་བྱ་སྟེ། གསང་བའི་དབང་ངོ་། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། ཡིད་ལ་ཐུགས་རྡོ་རྗེའི་བྱིན་བརླབས་འཇུག་པའི་དོན་དུ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། ཅེས་གོང་གི་ཚིག་བཅད་ལ་འདོན་
༡༢༥ བ་སྦོས་ཏེ་གསོལ་བ་གདབ། ཤེས་རབ་ཡེ་ཤེས་དངོས་གཞིའི་དོན་དུ། ༀ་ཧུཾ་པྲཛྙཱ་ཨུ་པ་ཡཽ་བཛྲ་ས་ཏྭ་བི་ཤྭ་མཱ་ཏ་རཽ། པྲཛྙཱ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུཾ་ཧཱུྃ་ཕཊ། ཅེས་པས་གསོལ་བ་བཏབ། དེ་ནས་བླ་མའི་ཐུགས་ཀའི་འོད་ཟེར་ཞེས་སོགས། །བྱིན་རླབས་དབབ་པ་སྔ་མ་རྣམས་ཀྱིས་རིགས་འགྲེ་བ་ལས། ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ལས། ཧཱུྃ་ཡིག་འོད་ཟེར་སྔོན་པོ་འཕྲོ་བ། སྙིང་ག་ནས་ཞུགས་ཡིད་ཀྱི་དྲི་མ་དག །ཐུགས་རྡོ་རྗེས་བྱིན་གྱིས་བརླབས། །ཅེས་དང་། ཡིད་ཀྱི་ཐིག་ལེ་དང་། གཉིད་སྟུག་གི་གནས་སྐབས་འགགས། ཁྱད་དགའི་དགའ་བ་རྫོགས། ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ། ཅེས་ཀྱང་འདོན་པ་སྤོའོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་ནི་བླ་མས། སྔར་ཕུལ་བའི་རིག་མ་དེ་སློབ་མ་ལ་གཏད་པར་མོས་ལ། འདིར་ནི་ཁྱེད་རྣམས་དཔང་པོ་ལགས། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་རྡོ་རྗེ་སེམས་དཔའི་དཔང་པོར་བྱས་ནས། །གཟུང་མ་ཡིད་འོངས་འདི་ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའ་རིམ་པའི་སྦྱོར་བ་ཡི། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་བལྟ་བས། །ཞེས་གོ་བར་བྱས། ཕྱག་རྒྱ་སྣ་ཚོགས་ཡུམ་དུ་བྱས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། ཕྱག་རྒྱ་དེས་ཀྱང་ཆུ་སྐྱེས་གུར་གུམ་ལ་སོགས་པའི་དྲི་བཟང་པོར་བྱས་པ་སྟོན་ཅིང་། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟན་བྱེད་པ། །དེ་ཡི་མདུན་ན་བདག་གནས་ཏེ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་གནས། །བྷཉྫ་མོཀྵ་ཧོཿ བདག་ཉིད་དུས་ཀྱི་འཁོར་ལོར་གསལ་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བ་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། ཤེས་རབ་ཀྱི་པདྨ་ཨཱཿལས་
༡༢༦ པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཧཱུྃ་ལས་བྱུང་བའི་རྡོ་རྗེས་མཚན་པ། ཐབས་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། དབུས་སུ་ཨཱཿལས་བྱུང་བའི་པདྨ་འདབ་མ་བརྒྱད་པས་མཚན་པར་གྱུར། ལག་བཅངས་དང་གཉིས་སྦྱོར་གྱི་སྒོ་ནས་སྙོམས་པར་ཞུགས། ༀ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟོ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད། དེ་ལྟ་བུའི་སྦྱོར་བ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་གྱུར་པ་ནི། འཇིགས་རྟེན་ཀུན་རྫོབ་ཀྱི་དགའ་བྲལ་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་ཏོནོ། །དེ་རྣམས་ནི་དགའ་བ་བཞིའི་དབྱེ་བས། ཀུན་རྫོབ་ཀྱི་དབང་རྣམ་པ་བཞིའོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས། སྔགས་ཀྱི་ཚུལ་ལ་གནས་བརྟན་ཏུ་གྱུར་ཅིང་། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པར་ལུང་བསྟན་པ་ཐོབ་པ་རྡོ་རྗེ་འཆང་གཉིས་པར་གྱུར་པ་ཡིན་ནོ། །ཞེས་བརྡ་སྤྲད་ལ། ༀ་ཧུཾ་བཛྲ་ས་ཏྭེ་ན། པྲཛྙ་ཛྙཱ་ནེ་ན་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥི་ཀྟོ་དྭཱི་ཏཱི་ཡ། བཛྲ་དྷ་རོ྅་ཧཾ། དྷརྨ་མེ་གྷ་བྷུ་མི་ལབྡྷོ྅་ཧཾ། ཞེས་རྗེས་ཟློས་བྱེད་དུ་བཅུག་པས་ང་རྒྱལ་བཟུང་བར་བྱ་སྟེ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་སོ། །དེ་ནས་བླ་མས། དམ་ཚིག་གི་ངེས་པ་སྦྱིན་པ་ནི། འཇིག་རྟེན་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ནི་དོན་དམ་པ་མ་ཡིན་གྱི། དོན་དམ་པར་རྣལ་འབྱོར་པབ་རྣམས་ཀྱི་བདེ་བ་ནི་ཐིག་ལེ་འཕོ་བ་མེད་པ་ཡིན་པས་བདེ་བ་ཆེན་པོའ་རྟེན་ཐིག་ལེ་ནི་ཁྱོད་ཀྱིས་བསྲུང་བར་བྱའོ། །ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང་། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ལིང་ག་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །སྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་
༡༢༧ པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡིས་རྫོགས་སངས་རྒྱས་ཀུན་གྱི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་སྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་ཕྱག་བྱས་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ཁྱོད་སྲུངས་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་རླབས་རྫོགས་བྱང་ཆུབ་ཐོབ་གྱུར། །ཅི་ཏེ་ཆགས་པས་ཟིལ་མནན་བདག །གཙོ་བོའ་མདུན་དུ་བླངས་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ངུ་འབོད་དུ་འགྲོར་འགྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ལྷུང་འགྱུར། །དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པདྨའི་ཕྱི་རོལ་རང་ལྕེས་བླངས། །ཞེས་བརྗོད་པར་བྱ་སྟེ། སྡོམ་པ་སྦྱིན་པའི་ངེས་པའོ། །སྤྲོས་པ་ལ་དགའ་ན་སྐབས་འདིར་གལ་ལྟེཏེ་གཡོ་སྒྱུའི་དབང་གིས་ཞེས་སོགས་རྩ་ལྟུང་བཅུ་བཞི་སྟོན་པའི་རྒྱུད་ཚིག་རྣམས་བརྗོད་ནས་དོན་ཡང་བཤད་དོ། །སླར་ཡང་མཎྜལ་ཕུལ་ནས། བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་རབ་ཏུ་བྱེད་པའི་བཀའ་དྲིན་གནང་བར་མཛད་དུ་གསོལ། །ཞེས་པས་གསོལ་བ་གདབ་པོ། །དེ་ནས་བླ་མས་བུ་ཁྱོད་ཉོན་ཅིག་ཀུན་རྫོབ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་བདེ་བ། དགའ་བ་བཅུ་དྲུག་གི་མཚན་ཉིད་ནི། །འདོད་པ་སྤྱོད་པར་བྱེད་པས་འགྲོ་བ་རང་གི་ཡིད་ལའོ་གང་བ་དག་ནི་གང་བ་ཉིད་དུ་འགྱུར། །གང་བ་ཡན་ལག་མཆོག་ལ་རི་བོང་འཛིན་པ་ཁུ་པར་བྱས་ནས་འབར་བའི་ཐིག་ལེ་བཟང་པོ་འཛག །ཨོཊྚས་བཀུག་པ་མཆོག་གི་བདེ་བ་རང་བཞིན་གྱིས་སྟེར་ཐིག་ལེ་གྲོལ་བ་དག་ནི་གསུམ་གྱི་མཐར། བལྟ་དང་རེག་དང་འགྲོགས་ལས་འཛག་པའི་བདེ་བ་འདི་དག་གིས་ནི་དགའ་བ་ལ་སོགས་དབྱེ་བས་ཏེ། །འདོད་པ་དགའ་བ་བྱེད་དེ་དང་པོ་དག་ཀྱང་མི་རྣམས་ཀྱིས་ནི་མིག་གིས་བལྟ་བ་རྣམས་ཀྱིས་སོ། །ཕྱི་ནས་གང་བས་རབ་ཏུ་སྦྱར་བ་ཡིས་ཏེ་སླར་ཡང་མཆོག་གི་དགའ་བ་ཉིད་དེ་རང་ལུས་
༡༢༨ ལ། །འབར་བ་ཉིད་ལ་ཐིག་ལེ་འཛག་པའི་དགའ་བ་ཡིས་ཀྱང་ཁྱད་པར་དགའ་བ་རྡོ་རྗེ་པདྨ་ལ། །ཨོཊྚ་ཐིག་ལེ་གསུམ་གྱི་མཐའ་རུ་འགྱུར་བ་ལ་གནས་ལྷན་ཅིག་སྐྱེས་པའི་དགའ་བ་རྡོ་རྗེ་བྱེད། ཅེས་དགའ་བ་བཞི་དང་དེ་དག་རེ་རེ་ལ་ཡང་། ལུས་དང་། ངག་དང་། སེམས་དང་། ཡེ་ཤེས་ཀྱི་དབྱེ་བས་ཕྱེ་བ་དགའ་བ་བཅུ་དྲུག་ཏུ་འགྱུར་བ་ཇི་ལྟ་བ་བཞིན་དུ། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་རྫོགས་སངས་རྒྱས་པའི་གནས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །ཞེས་དང་། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་ཐིག་ལེ་འཕོ་བ་མེད་པ་དོན་དམ་པའི་དགའ་བ་བཞི་ཡང་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དབྱེ་བས་ཕྱེ་བ་ནི་དེ་ཁོ་ན་ཉིད་བཅུ་དྲུག་ཡིན་ལ། འཇིག་རྟེན་ཀུན་རྫོབ་པའི་ཤེས་རབ་ཡེ་ཤེས་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཙམ་སྟེ། དོན་དམ་པ་མ་ཡིན་གྱི་དེས་ཉེ་བར་མཚོན་པ་འཇིག་རྟེན་ལས་འདས་པ་དབང་བཞི་པའི་ཡེ་ཤེས་ནི་དོན་གྱི་ཡེ་ཤེས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་ཡིན་ནོ། །ཞེས་འཕོ་བ་མེད་པའི་དོན་དམ་པ་སྤྲོས་པ་དང་བྲལ་ཞིང་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས་ལ་འདུན་པར་བྱ་སྟེ། དེ་ཡན་ཆད་དབང་གོང་མ་ཆུང་ངུ་ཞེས་བྱ་སྟེ་འཇིག་རྟེན་པའི་དབང་གསུམ་པའི་ཆོ་ག་ཡན་ལག་དང་བཅས་པའོ། །དེ་ནས་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས། ཡེ་ཤེས་ལ་ཡེ་ཤེས་རྡོ་རྗེའི་བྱིན་བརླབས་གཞུག་པའི་དོན་དུ། དཔལ་ལྡན་ཡེ་ཤེས་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་བཞི་བསྒོམ་པས། །ཞེས་པ་དང་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་བཞི་བསྒོམ་པས། ཞེས་གོང་གི་ཚིག་བཅད་ལ་གདོན་པ་སྤོས་ཏེ་གསོལ་བ་བཏབ། དབང་བཞི་པ་དངོས་གཞིའི་དོན་དུ། ༀ་ཧོཿཔྲཛྙཱ་ཨུ་པཱ་ཡཽ། ཨཱཏྨ་ཀཾ་བཛྲ་སཏྭ་མ་ཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་དྲ་ཡཙྪ། ༀ་ཨཱཿཧུཾ་ཧོཿཕཊ། ཅེས་པས་གསོལ་བ་བཏབ། བླ་མའི་ཐུགས་ཀའི་སོགས། །བྱིན་བརླབས་དབབ་པ་
༡༢༩ སྔ་མ་རྣམས་ཀྱིས་རིགས་འགྲེ་བ་ལས། །ལྟེ་བའི་ཧོཿཡིག་འོད་ཟེར་འཕྲོ་བ། ལྟེ་བ་ནས་ཞུགས། ཆགས་རྟོག་གི་དྲི་མ། ཅེས་དང་། ཡེ་ཤེས་ཀྱི་ཐིག་ལེ་དང་བཞི་པའི་གནས་སྐབས་ལྷན་སྐྱེས་ཀྱི་དགའ་བ། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་སྒྱུ་འཕྲུལ་དྲྭ་བས་མངོན་པར་ཅེས་ཀྱང་འདོན་པ་སྤོའོ། །དེ་ནས་དབང་བཞི་པ་དངོས་ནི། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་ཆེན་དབང་གིས་ནི། །ཁྱོད་ཀྱི་སེམས་རྒྱུན་དབང་བསྐུར་རོ། །ཞེས་བརྗོད་ལ་རྐང་པ་སྐྱིལ་ཀྲུང་། །ལུས་དྲང་པོར་སྲོང་། ལྟ་སྟངས་གཡོ་བ་མེད་པར་བྱེད་དུ་བཅུག་ལ། འདི་སྐད་ཅེས་དེ་ལྟར་ཡང་རྩ་བའི་རྒྱུད་ལས། དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །ད་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་ཤིང་། རྒྱུད་ཀྱི་རྒྱལ་པོ་ལས་གསུངས་པ། །ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེའི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། །དབང་ནི་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་ནི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པབ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་པའི་དོན་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་ཞིང་། བློ་རྣམ་པར་རྟོག་པ་སྣང་བ་དང་བཅས་པ་ཐམས་ཅད་འཁྲུལ་པའི་སྣང་བ་ཡིན་པར་ཤེས་པར་བྱས་ནས། ཅི་ཡང་རྣམ་པར་མི་རྟོག་པའི་ངང་ནས་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་མཉམས་པར་བཞག་པར་བྱའོ། །དེ་ལས་ཡན་ལག་དྲུག་གི་རིམ་པས་ཐོབ་པ། ཕྱག་རྒྱ་ཆེན་པོ་དང་མི་འགྱུར་པའི་བདེ་བ་བཟུང་དུ་འཇུག་པའི་ཡེ་ཤེས་སོ་སོ་རང་གིས་རིག་པར་འགྱུར་བ་ནི། གོང་མའི་གོང་མ་ཆེན་པོ་བཞི་པའི་ཡེ་ཤེས་སོ། །དེ་ལྟར་དོན་དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་པའི་
༡༣༠ དབང་བསྐུར་བ་ཐོབ་པས། སྐྱེ་དགུའི་བདག་པོ་ས་བཅུ་གཉིས་པ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་པ་ཡིན་ནོ། །ཞེས་བརྡ་སྤྲད་ལ། ༀ་ཧོཿདྷརྨ་དྷཱ་ཏུ་ཨཱཀྵ་ར་ཙ་ཏུརྠ་ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥིཀྟོ། བཛྲ་ས་ཏཱེ་ན། ཨཱཏྨ་ནཱ་ཧཾ། དྭི་ཏྭཱི་ཡོ། དྭ་ད་ཤ་བྷུ་མི་ལབྡྷོ། བཛྲ་ས་ཏྭ། མ་ཧཱ་ཨཱརྠཿས་ར་མ་ཨ་ཀྵ་རཿ ཏྲཻ་ལོ་ཀྱ་བི་ཛ་ཡཿཀཱ་ལ་ཙ་ཀྲོ་བྷ་ག་བཱ་ན། ཨེ་བཾ་ཀ་རཿ ཞེས་རྗེས་ཟློས་བྱེད་དུ་བཅུག་པས་ང་རྒྱལ་བཟུང་བར་བྱ་སྟེ། དོན་དམ་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡེ་ཤེས་དབང་གོང་མ་ཆེན་པོ་ཞེས་བྱ་བ་དབང་བཞི་པའོ། །དེ་ནས། དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །དཔལ་ལྡན་བླ་མ་ཁྱེད་སྤངས་ནས། །བླ་མ་གཞན་དག་རྨི་ལམ་དུའང་། །སྲོག་དོར་ནས་ནི་སྟེན་མི་བྱ། །གཞན་ཡང་དེ་བཞིན་དུས་ཀུན་ཏུ། །གཡོ་སྒྱུ་མེད་པར་ནུས་ཚད་ཀྱིས། །ལུས་ངག་སེམས་དང་གསུམ་པོ་ནི། །གཙོ་བོའ་སྤྱན་སྔར་དབུལ་བར་བགྱི། །ཞེས་རྗེས་ཟློས་ཀྱིས་དམ་འཆའ་རུ་བཅུག །གཙོ་བོས་ཇི་ལྟར་སོགས་དང་། བཏང་རག་གི་མཎྜལ་དབུལ་བར་བྱའོ། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ཀྱི། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཅེས་རྗེས་ཟློས་ལན་གསུམ་དང་དགེ་བ་བསྔོ། །བར་འདིར་ཚོགས་ཀྱི་འཁོར་ལོའམ་དཔའ་བོའ་སྟོན་མོ་བྱ། །གཏོར་མ་གསར་དུ་བཤམ་པའམ་སྔ་མ་རྣམས་ཁ་གསོས་ལ། ལྷ་དགུའི་སྒྲུབ་ཐབས་ཀྱི་གཏོར་ཆོག་སྐབས་ནས་འབྱུང་བ་ལྟར། གཏོར་མ་བྱིན་བརླབས་ནས་གཞི་བདག་གཏོར་མའི་བར་རྣམས་བཏང་ལ། སྤྱི་དང་མཐུན་པར་རྡོ་རྗེའི་གླུ་བླངས་པའམ། མ་བླངས་ཀྱང་རུང་སྟེ། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་སོགས་ཤིས་པ་བརྗོད་དོ། །རྗེས་ཆོག་གི་མཆོད་པ་རྣམས་ཁ་གསོས། ༀ་ཨཱཿཧུཾ་ཧ་ཕཊ་ནས་དྲི་མ་དང་བྲལ་བར་གྱུར། ཞེས་བྱིན་གྱིས་བརླབས། ༀ་ཨཱཿཧུཾ་ཧོ་ཏྲཻ་དྷཱ་ཏུ་ནས་ཤིཥྱ་ཎཱཉྩ། གནྡྷཾ་སོགས་མཆོད་པ་བཅུ་གཉིས་སྔགས་ཙམ་གྱིས་ཕུལ་ནས། ༀ་ཀཱ་ལ་ཙཀྲ་སོགས་ཀྱིས་གོང་བ་ཟིན་ནང་མཆོད་ཕུལ། མཆོག་སྦྱིན་རྡོ་རྗེ་སོགས་རོལ་མོའ་སྒྲ་དང་བཅས་ཏེ་བསྟོད། མགོན་པོ་ཐུགས་རྗེ་ཆེན་པོ་དང་
༡༣༡ ལྡན་པ་རྣམས་བདག་ཅག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། ནུས་མཐུའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་གྱི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། བླ་མ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་ཤིང་། ཞལ་བཞུགས་པ་རྣམས་སྐུ་ཁམས་བཟང་བ་དང་། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་སྒྲིབ་པ་དག་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཡིག་བརྒྱ་ཚར་གསུམ། མ་འབྱོར་བ་དང་ཉམས་པ་སོགས། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས། བཛྲ་མུཿམགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས། རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་ཡེ་ཤེས་ཀྱི་འཁོར་ལོ་རང་ཉིད་ལ་ཐིམ། །ཞེས་བརྗོད། གསང་བར་ཧཾ་ཡིག་ཞེས་པ་དང་། འབྱུང་པོའ་འཁོར་ལོ་རྣམས་གཤེགས་སུ་གསོལ། བསོད་ནམས་འདི་ཡིས་འགྲོ་རྣམས་སོགས་དང་། བཀྲ་ཤིས་ཀྱི་ཚིག་གང་འོས་བྱའོ། །ཅེས་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཀྱི་སྔོན་དུ་འགྲོ་བའི་དབང་གོང་མ་བསྐུར་ཚུལ། རིགས་ལྡན་སྤྲུལ་པའི་སྐུ་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ཡབ་སྲས་ཀྱི་ཕྱག་བཞེས་ཕྱིན་ཅི་མ་ལོག་པ་དེ་བསྟན་ཟིན་ཏོ། །ཅེས་པ་འདིའང་དོན་གཉེར་དུ་མས་བསྐུལ་བའི་ངོར་། ཏཱ་ར་ནཱ་ཐས་སྨྲས་པ་སྟེ། ནགས་རྒྱལ་གྱི་དབེན་གནས་དཔལ་ཇོ་མོ་ནང་དུའོ།། །།བཀྲ་ཤིས།། །།

ཉོན་མོངས་པ་ལམ་དུ་སློང་བའི་ཆོས་བཞུགས་སོ

།ཉོན་མོངས་པ་ལམ་དུ་སློང་བའི་ཆོས་བཞུགས་སོ།

༨༩།ཉོན་མོངས་པ་ལམ་དུ་སློང་བའི་ཆོས་བཞུགས་སོ། །ན་མོ་རཏྣ་གུ་རུ། ཆགས་སྡང་གི་རྟོག་པ་དྲག་པོ་བྱང་ཆུབ་ཀྱི་སེམས་གཉིས་ལ་བརྟེན་ནས་ལམ་དུ་སློང་བའི་མན་ངག །སྔགས་ནས་ཉོན་མོངས་པ་ལམ་དུ་སློང་ཚུལ་བཤད་ཟེར་ཏེ། ཉོན་མོངས་པ་རང་ག་མ་འདི་ལམ་དུ་འགྲོ་མི་སྲིད། ཉོན་མོངས་པས་དམིགས་པར་བྱས་ནས་རྣམ་པར་བཟློག་པའི་སྒོ་ནས་ལམ་དུ་བྱེད་པ་མདོ་སྡེ་ནས་ཀྱང་མང་དུ་གསུངས། དེའི་གདམས་ངག་ཀྱང་དང་པོ་འདོད་ཆགས་ལ་མཚོན་ན། རང་རྒྱུད་དམ་དངོས་པོ་འགའ་ཞིག་ལ་ཆགས་པར་མཐོང་བའི་ཚེ་འདི་ཉོན་མོངས་པ་འདོད་ཆགས་ཡིན། མ་སྤངས་མ་སྦྱངས་མ་བཏུལ་ན་ངན་སོང་ལ་སོགས་པའི་དུཿཁ་དཔག་ཏུ་མེད་པ་བསྐྱེད་པ་ཡིན། སྦྱངས་ཤིང་བཏུལ་ན་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་འགྱུར་བ་ཡིན། བདག་གིས་འདི་བཏུལ་ནས་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་འགྱུར་བར་བྱའོ་སྙམ་དུ་བསམ། དེ་ནས་བདག་གི་དགྲ་ཟླའི་ཉོན་མོངས་པ་འདོད་ཆགས་རང་གི་རྒྱུད་ལ་བླངས། དེ་ནས་བྱམས་པ་བསྒོམ་པ་བཞིན་རྒྱ་ཇེ་ཆེར་བསྐྱེད། མཐར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་བག་ལ་ཉལ་དང་བཅས་པ་ཐམས་ཅད་རང་གི་སྟེང་དུ་བླངས་
༩༠པས་རང་གི་འདོད་ཆགས་དེ་བློས་འཁྱུད་ཚད་ཀྱིས་ཆེན་པོར་བསམ། སེམས་ཅན་ཐམས་ཅད་འདོད་ཆགས་དང་བྲལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་བསམ། དེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན། རང་གི་འདོད་ཆགས་རི་བོ་ཙམ་དེ་རང་གི་སེམས་ཀྱིས་བླངས་པ་ཡིན། ཕ་རོལ་གྱི་ཡང་བླངས་པ་ཡིན། འདོད་ཆགས་ཀྱི་ངོ་བོ་ཡང་སེམས་ཡིན་སེམས་ལས་ལོགས་སུ་རྡུལ་ཙམ་ཡང་མེད། སེམས་ལ་སེམས་ཀྱིས་བལྟས་པས་འདས་པ་དང་མ་འོངས་པའི་སེམས་ནི་འགག་ཤིག་མ་སྐྱེས་བས་ན་མེད་པ། ད་ལྟར་པ་ནི་དབྱིབས་ལ་སོགས་པའི་ངོས་བཟུང་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་ནམ་མཁའ་ལྟ་བུར་འདུག་པ་འདོད་ཆགས་བྱ་བའི་མིང་ཙམ་ཡང་དོན་དུ་གྲུབ་པ་མི་འདུག་སྙམ་དུ་བསམ་པ་དེའི་རང་དུ་གནས་ཆད་བཞག་པར་བྱའོ། །དེ་ནི་དོན་དམ་བྱང་སེམས་ཡིན། དེ་གཉིས་ལས་རིམ་པ་ལྟར་གཟུགས་ཀྱི་སྐུའི་མཚན་ཐོས་པ་ཙམ་གྱིས་ཀྱང་ཉོན་མོངས་པ་ཞི་བར་འགྱུར་བའི་ཕྲིན་ལས་དང་། ཉོན་མོངས་པ་བག་ཆགས་གནས་ངན་ལེན་ཐམས་ཅད་སྤོང་བའི་ཆོས་སྐུ་འབྱུང་། དེ་བཞིན་དུ་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ལ་སྦྱར་བར་ཤེས་པར་བྱ་གསུངས། བླ་མའི་གསུང་ཉིད་ལྷག་ཆད་མེད་པར་བྲིས་པའོ། །ཉོན་མོངས་པ་ལམ་དུ་སློང་བའི་མན་ངག་ཤིན་ཏུ་ཟབ་པའི་དོན་དགེ་ལེགས་ནམ་མཁའ་དང་མཉམ་པར་གྱུར་ཅིག

བཀའ་བབས་དང་པོ་ཁ་ཆེ་ལུགས་སྒྲོན་མ་རྣམ་གསུམ་གྱི་དབང་དང་། ལྷ་གསུམ་གྱི་རྗེས་གནང་།

༣༩ བཀའ་བབས་དང་པོ་ཁ་ཆེ་ལུགས་སྒྲོན་མ་རྣམ་གསུམ་གྱི་དབང་དང་། ལྷ་གསུམ་གྱི་རྗེས་གནང་།
༤༠ ༀ་སྭ་སྟི། བཀའ་བཞི་བརྒྱུད་པའི་བླ་མ་དང་། །དཀྱིལ་འཁོར་ལྷ་ལ་གུས་བཏུད་ནས། །ཞི་བྱེད་བཀའ་བབས་རྣམ་གསུམ་གྱི། །དབང་ཆོག་ངག་འདོན་གསལ་བདེར་འགོད། །དེ་ལ་ཐོག་མར་བཀའ་བབས་དང་པོ་སྒྲོན་མ་རྣམ་པ་གསུམ་གྱི་དབང་ནི། དབེན་ཞིང་ཡིད་དུ་འོང་བའི་གནས་སུ་སྟེགས་བུ་བ་བྱུང་དང་བདུད་རྩིས་ཆག་ཆག་བཏབ་པ་ལ། དཀྱིལ་འཁོར་ལྟེ་བ་ཟླུམ་པོའ་དབུས་སུ་ཆོས་འབྱུང་བསྣོལ་མ། དེའི་ཕྱི་པད་འདབ་བརྒྱད་ཕྱོགས་ཚོན་རྡོ་ར་མེ་རིས་བསྐོར་བ་བྲིས་པའི་དབུས་སུ་མཉྫིའི་ཁར་ཐོད་པ་མཚན་ལྡན་བདུད་རྩིས་གང་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བཞག །ཤར་དུ་བུམ་པ་མགུལ་ཆིངས་འབྲས་བུ་ཅན་གྱི་ལྗོན་པས་ཁ་བརྒྱན་པའི་ནང་དུ་ལྔ་ཚན་ལྔ་དང་ཆུ་གཙང་བ་དམར་སེར་གྱི་འོ་མ་དང་བཅས་པས་བཀང་བ་གུ་གུལ་གྱི་དུད་པས་བདུག་པ་བཤམ། ལྷོར་དབུ་རྒྱན་ཅོད་པན་དང་བཅས་པ། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ་རྣམས་བཀོད། མཆོད་གཏོར་སོགས་ཡོ་བྱད་རྣམས་ཚང་བར་བསགས་ལ། སྒྲུབ་མཆོད་ནི། ཁྲུས་བྱས་སྟན་ལ་འཁོད་དེ། རང་ཉིད་སྐད་ཅིག་གིས་འཇམ་དཔལ་སྨྲ་སེང་དུ་གསལ་བའི་
༤༡ ཐུགས་ཀའི་དྷཱིཿལས་འོད་ཟེར་འཕྲོས་པས་འཕགས་པའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སད་པར་བསམས་ལ། ཐལ་མོ་སྦྱར་ཏེ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མཆོད་པ་བླ་ན་ཡོད་པ་དང་། །མཆོད་པ་བླ་ན་མེད་པས་མཆོད། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ལུས་དབུལ་དགེ་བའི་རྩ་བ་བསྔོ། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྨོན་པའི་སེམས་དང་རབ་ལྡན་ཞིང་། །འཇུག་པ་ཕ་རོལ་ཕྱིན་དྲུག་སྤྱད། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །བཏང་སྙོམས་མཆོག་ལ་གནས་པར་ཤོག །ཅེས་ལན་གསུམ་གྱིས་བསོད་ནམས་ཀྱི་ཚོགས་བསགས། ༀ་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ། ཞེས་པས་ཆོས་ཐམས་ཅད་སྟོང་
༤༢ པ་ཉིད་དུ་མོས་པས་ཡེ་ཤེས་ཀྱི་ཚོགས་བསགས། སྟོང་པའི་ངང་ལས་བདག་དང་མདུན་གྱི་དཀྱིལ་འཁོར་དབྱེར་མེད་སྲུང་འཁོར་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་པད་ཉི་ཟླ་བ་སེང་གེ་སྔོན་པོའ་སྟེང་དུ་དྷཱིཿཡིག་གནས་པ་ལས་འོད་ཟེར་སྤྲོ་བསྡུས་ཤེས་རབ་ཀྱི་འཁོར་ལོ། །དེ་ཡོངས་སུ་གྱུར་པ་བལས་འཇམ་དཔལ་སྨྲ་བའི་སེང་གེ་སྐུ་མདོག་དམར་སེར་སེམས་དཔའི་སྐྱིལ་ཀྲུང་ཅན། ཕྱག་གཡས་རལ་གྲི་དང་། གཡོན་ཨུཏྤལ་སྟེང་དུ་པུ་སྟི་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཟླ་བའི་རྒྱབ་ཡོལ་ཅན་གྱི་སྐུར་གྱུར་པའི་བའིཐུགས་ཀར་དྷཱིཿཡིག་དམར་སེར་འབར་བ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ལ། ༀ་བཛྲ་པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། ནེ་ཝི་དྱེ། ཤབྡ་ཧཱུྃ་གིས་མཆོད་ནས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཡིག་རྣམས་ཀྱིས་རྒྱས་བཏབ་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་དུ་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་རིགས་ལྔ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པའི་ཐུགས་ཀ་ནས་ཡུམ་ལྔ་རིན་པོ་ཆེའི་བུམ་པ་ཐོགས་པས། ༀ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་བས་བླ་མའི་ངོ་བོ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། མཆོད་གཏོར་རྣམས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ཨཱ་ལས་བདུད་རྩིའི་རང་བཞིན་ཅན་ཧཱུྃ་གིས་ཐིམ་པས་འདོད་ཡོན་ཅིར་ཡང་འཆར་བའི་སྤྲིན་དུ་གྱུར། ༀ་ཨཱཿཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་པ་བླ་ན་ཡོད་པ་དང་། །མཆོད་པ་བླ་ན་མེད་པ་ཀུན། །འབུལ་ལོ་བཞེས་ནས་དངོས་གྲུབ་སྩོལ། །ༀ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། དྷཱུ་པེ། དཱི་པེ། གནྡྷེ། ནཻ་ཝི་དྱ། ཤབྡས་མཆོད། ཨ་ཀཱ་རོའ་སྔགས་ཀྱིས་གཏོར་མ་ཕུལ་ལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ། །རྒྱ་ཆེན་སྤྱོད་པ་སྟོན་མཛད་པ། །འགྲོ་བའི་མགོན་པོ་སྟོན་པ་པོ། །
༤༣ འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཟླས་པ་ནི། སྙིང་གར་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བར་ཟླ་བ་ལ་གནས་པའི་དྷཱིཿཡིག་གི་སྟེང་དུ་མཱུཾ་ལས་རལ་གྲི་ཚོན་གང་བ་ལ་སྔགས་ཕྲེང་གིས་བསྐོར་བ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བདག་ལ་ཞུགས་པས་ལས་ཉོན་སྡིག་སྒྲིབ་སྦྱངས་ནས་སེམས་ཅན་མ་རིག་པའི་འཆིང་བ་ལས་གྲོལ་བར་བསམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མཉྫུ་ནཱ་ཐཱ་ཡ། ན་མོ་ཡ་མཱནྟ་ཀཱ་ཡ། ཏདྱ་ཐཱ། ༀ་ཝཱ་གི་ཤྭ་རི་མུཾ། མཉྫུ་གྷོ་ཥ། བོ་དྷི་ལིཾ་ཧོ་ཧ་རི་ནཱི་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླ། དེ་ནས། སྟོང་པའི་ངང་ལས་བུམ་པ་རིན་པོ་ཆེ་ལས་འཇམ་དཔལ་སྨྲ་བའི་སེང་གེར་གསལ་བར་གྱུར། ཐུགས་ཀའི་དྷཱིཿལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་སྤྱན་དྲངས་ཤིང་བསྟིམ། བདག་གི་ཐུགས་ཀའི་སྔགས་འོད་ཀྱིས་བུམ་ནང་གི་ལྷ་ཡི་ཐུགས་རྒྱུད་བསྐུལ་བས་སྐུ་ལས་བདུད་རྩིའི་རྒྱུན་བབ་པར་མོས་ལ་གཟུངས་ཐག་ནས་འཇུས་ཏེ་གཟུངས་བཟླ། ༀ་ཨཱཿཧཱུྃ། ཞེས་པས། ལྷ་བདུད་རྩིར་ཞུ་བས་བུམ་པ་གང་བར་བསམ། ཡང་། མདུན་གྱི་བདུད་རྩིའི་ཐོད་པ་མི་དམིགས་པ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་བལས་འཇམ་དཔལ་གཤིན་རྗེ་གཤེད་མཐིང་ནག་དབྱུག་ཐོ་དང་སྡིགས་མཛུབ་མཛད་པ་དུར་ཁྲོད་ཀྱི་ཆས་ཅན་ཡུམ་རྡོ་རྗེ་ཕག་མོ་དང་རོལ་པའི་བའིསྐུར་གྱུར། ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿརང་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ལྷ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བའི་མཁའ་གསང་ལས་བདུད་རྩིའི་རྒྱུན་བབས་པས་ཐོད་པ་གང་བར་མོས་ལ། ༀ་ཧྲཱི་ཥྚིཿཝིཿཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཞེས་བཟླས་མཐར་འབྲུ་གསུམ་གྱིས། ལྷ་ཞུ་ཞིབ་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་གྱུར། དཀྱིལ་འཁོར་དབང་རྫས་དང་བཅས་པའི་སྟེང་གི་ནམ་མཁའ་ལ་དུས་གསུམ་གྱི་བདེ་གཤེགས་མཁའ་འགྲོའི་
༤༤ ཚོགས་དང་བཅས་པ་མངོན་སུམ་དུ་སད་པ་ལ། ༀ་བཛྲ་པུཥྤེ་ནས་ཤབྡ་ཧཱུྃ་གི་བར་གྱིས་མཆོད། དེ་ནས་སློབ་མ་རྣམས་འབྲུ་གསུམ་བཟླས་པའི་དྲི་ཆུའི་ཁྲུས་དང་། ཕྱག་བྱས་གྲལ་དུ་འཁོད་པ་ལ། སེམས་བསྐྱེད་དང་ཆོས་བཤད་ཅི་རིགས་པ་སྔོན་དུ་འགྲོ་བ་དང་། རྗེ་བཙུན་མི་ཕམ་མགོན་པོས། འགྲོ་བ་སྡུག་བསྔལ་གདུངས་པ་ལ། །ཞི་བྱེད་བསིལ་ལྡན་དྲི་མེད་བཤད། །ཅེས་གསུངས་པ་ལྟར། བྱེད་ལས་ལ་མིང་དུ་བཏགས་པ་སྤྱི་མིང་སྒོས་སུ་ཐོབ་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་ལ་བཀའ་བབས་གསུམ་ལས། འདིར་བཀའ་བབས་དང་པོ་རྗེ་བཙུན་གྱིས་ཁ་ཆེ་ཛྙཱི་ན་གུ་ཧྱ་ལ་སྩལ་བ་སྒྲོན་མ་རྣམ་པ་གསུམ་གྱི་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས། ད་སློབ་མའི་བྱ་བ་ཐོག་མར་མཎྜལ་འབུལ་བ་ཡིན་ཏེ་མཎྜལ་ཕྱིས་ཏེ། བཛྲ་རེ་ཥེ་ཧཱུྃ་གིས་བརྐྱང་ནུལ་ནུདབྱ། དེ་ནས་མེ་ཏོག་ཚོམ་བུ་ལྔ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བོ་དྷི་ས་ཏྭཱ་ཡ། ན་མོ་མཉྫུ་ཤྲཱི་ཡེ། ན་མོ་སྭཱ་མི་གུ་ར་བེ། ན་མོ་བཛྲ་ཌཱ་ཀི་ནཱི་ཡེ། ཞེས་བཀོད་ལ། ཀྱེ་དམ་པ་སྐྱེས་མཆོག་བདག་ལ་དགོངས་སུ་གསོལ། དབང་ཟབ་མོ་འདི་ཞུ་བའི་དོན་དུ་བདག་གི་མཎྜལ་དམ་པ་འདི་མཆོད་པར་བཞེས་ཤིག །ༀ་མཎྜལ་པུཥྤེ་པཱུ་ཛ་སྭཱ་ཧཱ། ཞེས་དབུལ། དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་ལྔ་ཕུལ་ནས། ཐལ་མོ་སྦྱར་ཏེ། རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱིས། །སློབ་མ་རྣམས་ལ་ཕན་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །དབང་རྣམས་རབ་ཏུ་བསྐུར་བར་འཚལ། །ཀུན་མཁྱེན་རྣམས་ཀྱིས་གནང་བར་མཛོད། །ཅེས་གསོལ་བས་གནང་བར་བྱིན་པར་བསམས་ལ། རུས། བདེ་བར་འདོད་པ་སུ་ཞིག་ཡིན། །ཞེས་པའི་ལན་དུ་བུས། །སྐལ་ལྡན་བདེ་ཆེན་བདག་ཅག་ལགས། རུས། དམ་ཚིག་སྡོམ་པ་སྲུང་ནུས་སམ། བུས། ནུས་ལགས་སོ། །དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་ཚོགས་ཞིང་རྣམས་མཁའ་ཁྱབ་ཏུ་མོས་ལ་ཐལ་མོ་སྦྱར་ཏེ་འདི་སྐད་བརྗོད་དུ་གཞུག །ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མོ་ས་ཡ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མཆོད་པ་བླ་ན་ཡོད་པ་དང་། །མཆོད་པ་བླ་ན་མེད་པས་མཆོད། །
༤༥ སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ལུས་འབུལ་དགེ་བའི་རྩ་བ་བསྔོ། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྨོན་པའི་སེམས་དང་རབ་ལྡན་ཞིང་། །འཇུག་པ་པའིཕ་རོལ་ཕྱིན་དྲུག་སྤྱད། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ། ད་ནས་དམ་ཚིག་དང་སྡོམ་པ་བཟུང་སྙམ་པས། སྲས་བཅས་རྒྱལ་བ་མ་ལུས་དང་། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་གིས་དེང་ནས་བྱང་ཆུབ་བར། །གསང་བ་སྔགས་ཀྱི་དམ་ཚིག་ནི། །བདེ་གཤེགས་རིགས་ལྔའི་སྡོམ་པ་དང་། །བཅུ་བཞིར་ཕྱེ་བའི་ལྟུང་བ་དང་། །ཡན་ལག་ཉེས་པ་ཐམས་ཅད་བསྲུང་། །ཞེས་ལན་གསུམ། དེ་ནས་སློབ་བུ་མི་དམིགས་པ་ལས་གཤིན་རྗེ་གཤེད་ཡབ་ཡུམ་གྱི་སྐུར་གྱུར། །དྲི་ཆུའི་ཐིག་ལེས་བུའི་གནས་གསུམ་དུ་འབྲུ་གསུམ་བརྗོད་དེ་བྱིན་གྱིས་བརླབས་པས། སྤྱི་མགྲིན་སྙིང་གར་ༀ་ཨཱཿཧཱུྃ་གིས་མཚན་པས་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། སླར་ཡང་ལྟེ་བར་ༀ་བཾ་དམར་པོ། སྙིང་གར་ཧོཾ་ཡོཾ་སྔོན་པོ། ཁར་ཧྲིཾ་མཾ་དཀར་པོ། དཔྲལ་བར་ཧྲཱིཾ་ཧྲཱིཾ་སེར་པོ། སྤྱི་བོར་ཧཱུྃ་ཧཱུྃ་ལྗང་གུ། ཡན་ལག་ལ་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་བསམ་པས་གོ་བསྒོས་ལ། ཚེ་གཅིག་གིས་འཚང་རྒྱ་བའི་ཐབས་དབང་ཟབ་མོ་བསྐུར་བ་བྱ་ཡིས་རྙེད་པའི་མཆོག་རབ་ཏུ་རྙེད་པར་གྱུར་ཏོ་སྙམ་དུ་སྤྲོ་བ་བསྐྱེད་པར་མཛོད་ཅིག །ཅེས་བརྗོད་དེ་སྟ་གོན་གྱི་དོད་དོ། །དེ་ནས། ༀ་ཨཱཿཧཱུྃ་གིས་མིག་དར་བཅིངས། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། ཧཱུྃ་ཛཿས་དཀྱིལ་འཁོར་དུ་བཅུག་ལ། དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར། ཧེ་རུ་ཀ་
༤༦ དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བདུད་རྩི་ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ་བླུད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ། རྡོ་རྗེ་སྤྱི་བོར། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །ཧེ་རུ་ཀ་དཔལ་ང་ཡིན་གྱིས། །གང་ཞིག་ང་ལ་བརྙས་བྱེད་ན། །ཚེ་འཕོས་དམྱལ་བར་ལྟུང་ཏ་རེ། །དེ་ནས་བྱིན་དབབ་པ་ནི། །སློབ་མ་རྣམས་ལུས་བསྲུང་། སྤོས་ཀྱིས་བདུག་ཅིང་། སློབ་དཔོན་འཇམ་དཔལ་སྨྲ་བའི་སེང་གེའི་བདག་ཉིད་རྣམ་པ་རྣལ་འབྱོར་གྱི་དབང་ཕྱུག་ཀ་མ་ལ་ཤཱི་ལར་བསྒོམ་ལ་མོས་གུས་དྲག་ཏུ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འབར་ཞིང་འཁྱུག་པ་བྱུང་། ཁྱེད་རང་གི་སྙིང་གར་ཐིམ་པས་སེམས་ཀྱི་སྡིག་སྒྲིབ་སྦྱངས་ནས་བདེ་བའི་ཡེ་ཤེས་མཆོག་ཏུ་འབར་བར་སྒོམས་ཤིག །ཌ་དྲིལ་འཁྲོལ་ཞིང་། ༀ་སརྦ་སྟྭ་གུ་རུ་སརྦ་ཌཱ་ཀི་ནཱི་ཨཱ་བེ་ཤ་ཡ་ཨ་ཨ། ཞེས་དབབ་ལ། དཀྱིལ་འཁོར་གྱི་སྟེང་གི་བར་སྣང་ལ་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་ཞེས་དྲི། དེའི་ཚེ་དཀར་པོར་མཐོང་ན་ཞི་བ་དང་། སེར་པོས་རྒྱས་པ། དམར་པོས་དབང་། ལྗང་གུའམ་ནག་པོས་དྲག་པོ། ཁྲ་བོར་མཐོང་ན་ལས་སྣ་ཚོགས་འགྲུབ་བོ་ཞེས་བརྗོད་ལ། སྔར་བཟུང་བའི་མེ་ཏོག་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དཀྱིལ་འཁོར་དུ་དོར་བས། གང་ལ་བབས་པའི་ལྷ་དེས་པྲ་ཏི་གྲྀཧྞ་སརྦ་མ་ཧཱ་བ་ལ། ཞེས་མེ་ཏོག་དེ་སྤྱི་བོར་བཅིངས། བཛྲ་པ་ཤྱ་ཞེས་པས་གདོང་གཡོགས་བསལ་བས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བའི་མོས་པ་བྱེད་དུ་བཅུག །དེ་ནས་དབང་བསྐུར་བ་དངོས་ནི། དབང་རྫས་བུམ་པ་དང་སློབ་བུ་མི་།།།་
༤༧ དམིགས་པ་ལས་མི་བསྐྱོད་པའི་སྐུར་གྱུར། ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ དབང་རྫས་ཀྱི་ལྷ་བདུད་རྩིས་གང་བའི་བུམ་པར་གྱུར། དེ་ཉིད་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་སྤྲུལ་པའི་བའིདབང་ལྷ་རྣམས་ཀྱིས་ཐོགས་ཏེ་དབང་བསྐུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱ་ད་ཛྙཱ་ན་ཨ་བྷི་ཥིཉྩ་མཾ། ཞེས་བུམ་པ་སྤྱི་བོར་བཞག་ཅིང་ཆུ་གཏིགས་པ་དང་འཐུང་དུ་བཅུག་པས། བུའི་ལུས་ངག་ཡིད་གསུམ་མི་བསྐྱོད་པའི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར། འོ་ཁྱོད་ལ་ཆུའི་དབང་བསྐུར་བས་ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་བམེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དབང་རྫས་དབུ་རྒྱན་དང་། སློབ་བུ་རིན་འབྱུང་དུ་གྱུར། ཛཿཧཱུྃ་བཾ་ཧོཿ དབང་རྫས་ཀྱི་ལྷ་དབུ་རྒྱན་དུ་གྱུར། དེ་ཉིད་སྤྲུལ་པའི་བའིདབང་ལྷ་རྣམས་ཀྱིས་ཐོགས་ཏེ། ༀ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་མགོ་ལ་བསྐོན་པས་བུའི་སྒོ་གསུམ་རིན་ཆེན་འབྱུང་ལྡན་གྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར། འོ་ཁྱོད་ལ་དབུ་རྒྱན་གྱི་དབང་བསྐུར་བས་ཉོན་ཡིད་གནས་གྱུར། མཉམ་ཉིད་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དབང་རྫས་རྡོ་རྗེ་དང་སློབ་བུ་སྣང་མཐའི་སྐུར་གྱུར། ཛཿཧཱུྃ་བཾ་ཧོཿ དབང་རྫས་ཀྱི་ལྷ་རྡོ་རྗེར་གྱུར། དེ་ཉིད་སྤྲུལ་པའི་བའིདབང་ལྷ་རྣམས་ཀྱིས་ཐོགས་ཏེ། ༀ་བཛྲ་སྟྭ་ཨ་བྷི་ཥིཉྩ་མཾ། ཞེས་ལག་གཡས་པར་གཏད། བུའི་སྒོ་གསུམ་སྣང་མཐའི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར། འོ་ཁྱོད་ལ་རྡོ་རྗེའི་དབང་བསྐུར་བས་ཡིད་ཀྱི་རྣམ་ཤེས་གནས་གྱུར། སོར་རྟོག་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དབང་རྫས་དྲིལ་བུ་དང་སློབ་བུ་དོན་ཡོད་གྲུབ་པར་གྱུར། ཛཿཧཱུྃ་བཾ་ཧོཿ དབང་རྫས་ཀྱི་ལྷ་དྲིལ་བུར་གྱུར། དེ་ཉིད་སྤྲུལ་པའི་བའིལྷ་རྣམས་ཀྱིས་ཐོགས་ཏེ། ༀ་བཛྲ་ཨ་དྷི་པ་ཏི་ཏྭམ་ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ས་མཱ་ཡ་སྟྭཾ། ཞེས་ལག་གཡོན་པར་གཏད་ལ་དཀྲོལ་དུ་བཅུག་པས་བུའི་སྒོ་གསུམ་དོན་ཡོད་གྲུབ་པའི་རྡོ་རྗེ་གསུམ་གྱི་བདག་
༤༨ ཉིད་དུ་གྱུར། འོ་ཁྱོད་ལ་དྲིལ་བུའི་དབང་བསྐུར་བས་སྒོ་ལྔའི་རྣམ་ཤེས་གནས་གྱུར་བྱ་གྲུབ་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །སློབ་བུ་རྣམ་སྣང་གི་སྐུར་གྱུར། ཛཿཧཱུྃ་བཾ་ཧོཿ སྤྲུལ་པའི་བའིདབང་ལྷ་རྣམས་ཀྱིས་རྡོ་རྗེ་དང་བཅས་པའི་དྲིལ་བུ་ཐོགས་ཏེ། ༀ་བཛྲ་ས་ཏྭ་ཨ་བྷི་ཥིཉྩ་མཾ། ༀ་བཛྲ་ཨ་བྷི་ཥེ་ཀ་ཏ། དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་མིང་གི་དབང་བསྐུར་བས་སྒོ་གསུམ་རྣམ་སྣང་གི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར། འོ་ཁྱོད་ལ་མིང་དབང་བསྐུར་བས་མིང་གཞིའི་ཕུང་པོ་གནས་གྱུར་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དེ་ལྟར་དབང་པོ་ལྔ་ཐོབ་པས་མ་རིག་པ་ལྔ་ལས་ལྡོག །རིག་པ་ཡེ་ཤེས་ལྔ་རྒྱུད་ལ་སྐྱེས་པས་ན་རིག་པའི་དབང་ལྔའོ། །དེ་ནས་ཁྱད་པར་ཅན་གྱི་བུམ་པའི་དབང་བཞི་ནི། །བུམ་པ་སྔོན་དུ་བསྐྱེད་བཟླས་གྲུབ་པ་ཡིན་ནའང་སློབ་བུའི་ཡུལ་དུ་གསལ་འདེབས་པའི་ཕྱིར། དབང་རྫས་བུམ་པ་ཉིད་འཇམ་དཔལ་སྨྲ་བའི་སེངྒེའི་སྐུར་གྱུར། ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿས་སྤྱན་དྲངས་བསྟིམ། ༀ་ཝཱ་གཱི་ཤྭ་རི་མུཾ། ཞེས་ཅུང་ཟད་བཟླས་ནས། སློབ་བུ་འཇམ་དཔལ་སྨྲ་བའི་སེངྒེར་གསལ་བའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མཉྫུ་ནཱ་ཐཱ་ཡ། ན་མོ་ཡ་མཱནྟཀ་ཡ། ཏདྱ་ཐཱ། ༀ་ཝཱ་གཱི་ཤྭ་རི་མུཾ། མཉྫུ་གྷོ་ཥ། བོ་དྷི་སིཾ་ཧོ་ཧ་རི་ནི་སྭཱ་ཧཱ། ཞེས་གཟུངས་རིང་གི་ཤམ་བུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཾ། ཞེས་བཏགས་པ་བཟླས་བཞིན་དུ་བུམ་པ་སྤྱི་བོར་བཞག་ཅིང་ཆུ་གཏིགས་པས། རང་ལུས་ལྷ་སྐུ་གསལ་སྟོང་འཇའ་ཚོན་ལྟ་བུར་གྱུར་པའི་བའིམོས་པ་མཛོད། དེ་ནི་ལུས་ལྷ་རུ་དབང་བསྐུར་བ་སྟེ་བུམ་པའི་དབང་ངོ་། །ཡང་གཟུངས་རིང་གི་རྗེས་ཟློས་ལན་གསུམ་བྱེད་དུ་བཅུག་ནས་བུམ་ཆུ་བླུད་ལ། ལྷ་ཞུ་བ་བདུད་རྩིའི་ཆུར་གྱུར་པ་བམྱོང་བས་ངག་སྔགས་སུ་དབང་བསྐུར་བ་སྟེ་བུམ་པའི་དབང་ངོ་། །
༤༩ གཟུངས་ལན་གཅིག་བརྗོད་ཅིང་བུམ་ཆུས་ཁྲུས་བྱེད་དུ་བཅུག་པས་སྒྲིབ་པ་ཐམས་ཅད་དག་ནས། ལུས་བདེ་སྟོང་གི་ཡེ་ཤེས་སུ་དབང་བསྐུར་བ་སྟེ་བུམ་པའི་ཤེར་དབང་ངོ་། །ཁྱེད་རང་རྣམས་ལུས་སེམས་ཁོང་སློད་ལ། རང་ལུས་ལྷ་སྐུར་སྣང་བ་དེ་ཡང་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ། དེ་ཡི་གཤིས་ཅིར་ཡང་མ་གྲུབ་པས་འོད་གསལ་སྤྲོས་པའི་མཐའ་དང་བྲལ་བ། དེ་ཉིད་ཟུང་དུ་འཇུག་པ་རང་བྱུང་གི་ཤེས་པ་སོ་མ་འདི་ལ་བཟོ་བཅོས་མེད་པར་ལྷན་ནེ་མཉམ་པར་གཞོག་ཞོགཅིག །དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་སྟེ་བུམ་པའི་དབང་བཞི་པའོབའོ། །དེ་ནས་སྤྱོད་པའི་བརྟུལ་ཞུགས་ཀྱི་དབང་ནི། སློབ་བུ་ཧཱུྃ་ལས་བྱུང་བའི་གཤིན་རྗེ་གཤེད་ཡབ་ཡུམ་གྱི་སྐུར་གྱུར། གྲི་ཐོད། ཁ་ཾ་ཚངས་སྐུད་རྣམས་གཏད། ཧེ་རུ་ཀ་དཔལ་ཁ་ཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོག་ཅིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །གྲི་གུག་དང་ནི་ཀ་པཱ་ལ། །དཔའ་བོ་ཆེན་པོས་བླང་བར་གྱིས། ཁ་ཾ་ག་ལྷའི་སྐུ། ཌཱ་མ་རུ་སྟོང་པ་ཉིད་ཀྱི་སྒྲ། གྲི་ཐོད་ཤེས་རབ་དང་བདེ་བ་ཆེན་པོ། ཚངས་སྐུད་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ནི་དབང་རྫས་རྡོར་དྲིལ་དང་། སློབ་མ་སྐད་ཅིག་གིས་རིགས་འདུས་གཤིན་རྗེ་གཤེད་ཡབ་ཡུམ་གྱི་སྐུར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་གཤིན་རྗེ་གཤེད་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དབང་རྫས་ཀྱི་ལྷ་ཡབ་རྡོ་རྗེ་དང་ཡུམ་དྲིལ་བུར་གྱུར་པ་བལག་ཏུ་གཏད་དེ་གསོར་ཞིང་དཀྲོལ་ནས་འཁྱུད་རྒྱས་འཛིན་དུ་བཅུག་ལ། རྡོ་རྗེ་ཆེ་དང་དྲིལ་ཆེན་ལོངས། །རྡོ་རྗེ་ལ་ཡང་རྡོ་རྗེ་གནས། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །རྡོ་རྗེ་
༥༠ ཐུགས། དྲིལ་བུ་གསུང་། ཕྱག་རྒྱ་སྐུའི་དམ་ཚིག་དང་མི་འབྲལ་བས་སེམས་ཅན་གྱི་དོན་གྱིས་ཤིག །སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཾ། ཞེས་བུམ་པའི་ཆུས་དབང་བསྐུར་བས། །རྡོ་རྗེ་སེམས་དཔས་དབུ་བརྒྱན། ཨརྒྷཾ་སོགས་ཀྱིས་མཆོད། སུ་པྲ་ཏིཥྛས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་དབུལ་ལོ། །དེ་རྣམས་ཀྱིས་ཕྱི་བུམ་པ་ལ་བརྟེན་ནས་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བ་སོང་། ད་གཉིས་པ་ནང་ཀ་པཱ་ལི་ལ་བརྟེན་པ་གསང་བའི་དབང་བཞི་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་བཅུག །ཁྱེད་རང་ལུས་གནད་ཐལ་མོ་སྦྱོར་ལ་རྩ་བཞི་སྒྲིམས་ངག་གནད་རླུང་ཁ་སྦྱོར་དུ་བཟུང་། སེམས་གནད་སློབ་དཔོན་གཤིན་རྗེ་གཤེད་དུ་གསལ་བ་ལ། སངས་རྒྱས་དངོས་ཀྱི་འདུ་ཤེས་ཞོག་ལ་མོས་གུས་དྲག་པོ་གྱིས། རང་གི་སྤྱི་བོར་བྱིན་རླབས་ཀྱི་རྩ་བ་བླ་མ་ཀུན་འདུས་ཀ་མ་ལ་ཤི་ལ། སྙིང་གར་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཀུན་འདུས་འཇམ་དཔལ་སྨྲ་སེང་། ལྟེ་བར་དམ་ཚིག་གི་རྩ་བ་མཁའ་འགྲོ་ཀུན་འདུས་རྡོ་རྗེ་རྣལ་འབྱོར་མ་རྣམས་བསྒོམས་ལ་མ་ཡེངས་པར་ཞོག །སློབ་དཔོན་གྱིས་ཌཱ་དྲིལ་འཁྲོལ་བཞིན་དུ། ཡེ་ཧུ་ཏེ་ན་གྷ་ན་ར་ཙ། ཧཱུ་ན་ཏེ་ན་གྷ་ན་ར་ཙ། ཧེ་ན་ཧཱུ་ན་གྷ་ན་ར་ཙ། མ་ཧཱ་སུ་ཁ་ཏ་ཨ་ཧཾ། ཅེས་རྡོ་རྗེའི་གླུ་བླང་ཞིང་། ༀ་བཛྲ་ཛོ་གི་ནཱི་ཨཱ་བེ་ཤ་ཡ་ཨ་ཨ། ཞེས་པས་བྱིན་ཕབ། དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་དབུས་ཀྱི་རྡོ་རྗེ་དང་ཐོད་པ་བླངས་ལ། རྡོ་རྗེ་ལག་གཡས་པས་ལན་གསུམ་གསོར་ལ། འོ་རྡོ་རྗེ་འདི་ནི་འཇམ་དཔལ་གཤིན་རྗེ་གཤེད་དོ། །ལག་གཡོན་པས་ཐོད་པ་བཟུང་བ་བསྟན་ལ། འོ་ཐོད་པ་འདི་ནི་ཡུམ་རྡོ་རྗེ་ཕག་མོའ་རང་བཞིན་ནོ། །རྡོ་རྗེས་ཐོད་པའི་བདུད་རྩི་རྩིསདཀྲུགས་ལ། འོ་འདི་ནི་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད་པའི་བརྡའོ། །ཐོད་པའི་བདུད་རྩི་རྡོ་རྗེས་སྦྲེང་ཞིང་། འོ་འདི་ནི་བྱང་ཆུབ་ཀྱི་སེམས་
༥༡ དཀར་དམར་གཅིག་ཏུ་འདྲེས་པའི་བརྡའོ། །བདུད་རྩིའི་ཐིག་པ་བུའི་ལྕེ་ལ་བཞག་སྟེ། འོ་འདི་ནི་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་དཀར་དམར་འདྲེས་པའི་བྱང་ཆུབ་ཀྱི་སེམས་ཏེ་རང་གི་ལྕེ་ཐོག་ཏུ་བབས་པའི་མོས་པ་མཛོད། དེ་ནས་རྡོ་རྗེ་ཀ་པཱ་ལི་དང་བཅས་པ་སྤྱི་བོར་བཞག་ལ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཐབས་ཤེས་གཉིས་མེད་ཀྱི་ཞུ་ཞིབདེ་ལྷན་ཅིག་སྐྱེས་པར་གྱུར་པ་བདེ་ཁྱེད་རང་གི་སྤྱི་བོ་ནས་ཐིམ་པས་རང་ལུས་གཤིན་རྗེ་གཤེད་ཡབ་ཡུམ་གྱི་སྐུར་གྱུར་པར་བརམོས་ལ། བདུད་རྩི་སྤྱི་བོར་གཏིགགཏིགས །དེང་ཕྱིན་ཆད་ལྷ་སྐུ་སྒྱུ་མ་ལྟ་བུ་སྒོམ་པ་དང་མི་འབྲལ་བར་གྱིས་ཤིག །དེ་ནི་ཐོད་པའི་བུམ་དབང་ངོ་། །གཤིན་རྗེ་གཤེད་ཡབ་ཡུམ་མཉམ་པར་སྦྱར་བའི་སྦྱོར་མཚམས་ནས་བྱང་སེམས་བབས་པས་ལྕེ་ཐོག་ཏུ་མྱོང་བའི་མོས་པ་མཛོད། བདུད་རྩི་འཐུང་དུ་གཞུག །དེང་ཕྱིན་ཆད་ངག་སྔགས་བཟླ་བ་དང་བདུད་རྩི་ལྔ་བརྟེན་པ་དང་མི་འབྲལ་བར་གྱིས་ཤིག །དེ་ནི་ཐོད་པའི་གསང་དབང་ངོ་། །བདུད་རྩི་འཐོར་བས་ཁྲུས་བྱས་ལ། ༀ་ཨཱཿཧཱུྃ་ཞེས་སྒོ་གསུམ་བྱིན་གྱིས་བརླབས་པས། འོད་ཀྱི་རིག་མ་དང་སྙོམས་པར་འཇུག་པའི་འཇམ་དཔལ་ཁྲོ་བོའ་སྐུར་གྱུར་པའི་བའིམཁའ་གསང་ཧཱུྃ་དང་ཨ་ལས་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པའི་རྗེས་ཆགས་ཀྱིས་བྱང་སེམས་གནས་བཞིར་ཡས་བབས་ཀྱི་དགའ་བཞི་མྱང་ནས། སླར་ཡང་གྱེན་དུ་གཤེགས་ཏེ་མས་བརྟེན་གྱི་དགའ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་ཡེ་ཤེས་བརྟན་པར་བྱས་པ་ནི་ཐོད་པའི་ཤེར་དབང་ངོ་། །དེ་ཀའི་ངང་ལ་བཟོ་བཅོས་མེད་པར་ལྷན་ནེ་ཞོག་ཅིག །ཧཱུྃ་ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །ཞེས་བརྗོད་དེ། ཐོད་པའི་དབང་བཞི་པའོབའོ། །དེས་ནང་ཀ་པཱ་ལི་ལ་བརྟེན་པའི་དབང་
༥༢ བཞི་སྟན་ཐོག་གཅིག་ཏུ་བསྐུར་བ་སོང་། ད་གསུམ་པ་གསང་བ་བྷ་ག་ལ་བརྟེན་པའི་དབང་བཞིའི་དོན་དུ་མཎྜལ་དང་། བླ་མའི་ཞབས་ལ་ཕྱག་བྱས་པས། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་སློབ་མའི་སྤྱི་བོ་ནས་ཐིམ་པས་རང་ལུས་ལྷ་སྐུ་གསལ་སྟོང་དུ་གྱུར་པ་བནི་བྷ་གའི་བུམ་དབང་། བླ་མ་ཡབ་ཡུམ་གྱི་བྱང་སེམས་བབས་པ་མགྲིན་པར་ཐིམ་པ་ནི་བྷ་གའི་གསང་དབང་། བླ་མའི་ཐུགས་ཀ་ནས་ཕྱག་རྒྱ་མ་གཟུགས་དང་ལང་ཚོ་རྒྱས་པ་ཞིག་བྱུང་བ་རང་ལ་འཁྱུད་ནས། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཡས་བབས་དང་མས་འཇོགས་ཀྱི་དགའ་བཞིའི་ཡེ་ཤེས་མངོན་དུ་བྱས་པ་ནི་བྷ་གའི་ཤེར་དབང་། ཡེ་ཤེས་དེ་ངོས་བཟུང་བའི་ངང་དེར་དམིགས་མེད་བསམ་མེད་དུ་རང་དགར་གཞོགཞོག །དེ་བྷ་གའི་ཚིག་དབང་ངོ་། །དེས་གསང་བ་བྷ་ག་ལ་བརྟེན་པའི་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བ་སོང་། །ད་བཞི་པ་དེ་ཁོ་ན་ཉིད་ཀྱི་བརྡ་དོན་ལ་བརྟེན་པའི་དབང་བཞིའི་དོན་དུ་མཎྜལ། ཁྱེད་རང་རྣམས་ལུས་སེམས་ཁོང་སློང་ལ་མཚན་བཅས་ལྷ་སྐུའི་ཐིག་ལེ་སྣང་སྟོང་། མཚན་མེད་ཅི་ལའང་རྟེན་མི་བཅའ་བར་རིག་པ་བཅུད་ལ་བོར་བས་ཉམས་བྱིང་རྨུགས་མེད་པར་གསལ་སིང་ངེ་བ་དེ་བཞི་བའི་བུམ་དབང་། སྡུག་བསྔལ་མེད་པར་བདེ་ལྷན་ནེ་བ་དེ་བཞི་པའི་གསང་དབང་། རྟོག་པ་མེད་པར་སྟོང་སང་ངེ་བ་དེ་བཞི་པའི་ཤེར་དབང་། བདེ་གསལ་མི་རྟོག་པ་གསུམ་ཐ་མི་དད་པའི་དོན་དེ་ཉིད་བཞི་པའི་ཚིག་དབང་དེ་ཁོ་ན་ཉིད་ཀྱི་དབང་ངོ་། །དེ་ནས་མ་སྐྱེས་པའི་འགྲེང་གཏམ་ཚིག་གཅིག་གདབ་སྟེ། བླ་མས་ཕྱག་མཛུབ་ནམ་མཁའ་ལ་ཀེ་རེ་བྱས་ལ། མ་ཡེངས་ཤིག །བརྡ་ཡོང་ངོ་། །ཞེས་ལན་གསུམ་བརྗོད་པས། ཅི་ཡང་ཡིད་ལ་མི་བྱེད་པའི་ཤེས་པ་གསལ་སྟོང་གི་
༥༣ གི་ངང་དུ་ཙན་ནེ་གནས་པའི་དུས་ན། ཕྱག་རྒྱ་ཆེན་པོ་རིག་པ་རྩལ་གྱི་དབང་སེམས་ཐོག་ཏུ་བསྐུར་བ་དེ་ཀ་ཡིན་ནོ། །དེ་ནས་བློ་དང་བྲལ་བ་དེ་སྤྱོད་ལམ་རྣམ་བཞིར་ལམ་དུ་ཁྱེར་བ་ནི། ཉལ་བ་བུམ་དབང་གི་བརྡ་སྟེ། དེའི་གདམས་ངག་གཉིད་དང་བསྲེས་ལ་ལམ་དུ་ཁྱེར་འདུག་པ་ནི་གསང་དབང་གི་བརྡ་སྟེ། དེའི་གདམས་ངག་མཉམ་བཞག་ལ་ངོ་སྤྲད། འགྲོ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་བརྡ་སྟེ། དེའི་གདམས་ངག་རྗེས་ཐོབ་ལམ་དུ་ཁྱེར། འཆག་པ་ནི་དེ་ཁོ་ན་ཉིད་བཞི་པའི་དབང་གི་བརྡ་སྟེ། དེའི་གདམས་ངག་ཆོས་ཅན་རྟོག་པ་དང་། ཆོས་ཉིད་བློ་བྲལ་དུ་རོ་སྙོམས་ལམ་དུ་ཁྱེར། དེ་ནི་ཁྱོད་དོན་ཆེན་པོ་དང་ལྡན་ནོ་དགའ་བར་གྱིས་ཤིག །སྙིགས་མའི་རྡོ་རྗེ་འཛིན་པ་དངོས་ཡིན་ནོ་ཞེས་གཟེངས་བསྟོད། དེ་ཕྱིན་ཆད་འཁོར་བ་ལ་མ་ཆགས་པའི་བློ་འདི་ལྟར་སྒྲུབས་ཤིག །ཅེས་ལུང་བསྟན། ཉམས་འདི་དང་མ་བྲལ་ན་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་ངེས་སོ། །ཞེས་དབུགས་དབྱུང་ངོ་། །དེ་ནས། གཙོ་བོས་ཇི་ལྟར་སོགས་དང་། གཏོང་རག་གི་མཎྜལ། དེང་ནས་བརྩམས་ཏེ་སོགས་བྱ། དེས་ཞི་བྱེད་བཀའ་བབས་དང་པོ་སྒྲོན་མ་རྣམ་གསུམ་གྱི་དབང་ཚར་བ་ལགས་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། དགེ་བ་བསྔོ། སླར་ཡང་མཆོད་པ་ཁ་གསོས་ལ། མདུན་བསྐྱེད་ལ་མཆོད་བསྟོད། བཟོད་གསོལ། ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ། དམ་ཚིག་པ་བསྡུ། བསྔོ་སྨོན་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ།

༄༅། །དཔལ་མཁའ་སྤྱོད་དབང་པོས་མཛད་པའི་རོ་སྙོམས་སྐོར་དྲུག་གི་ཁྲིད་ཡིག་བཞུགས་སོ། །

༡༠༧ དཔལ་མཁའ་སྤྱོད་དབང་པོས་མཛད་པའི་རོ་སྙོམས་སྐོར་དྲུག་གི་ཁྲིད་ཡིག་བཞུགས་སོ།། །
༡༠༨ འདིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དང་དག་སྣང་དུ་དངོས་སུ་མཇལ་ཞིང་། །བཀའ་བཞི་བརྒྱུད་པའི་བླ་མ་རྣམས་ཀྱི་བྱིན་རླབས་གཅིག་ཏུ་འདུས་པ་འཁོར་ལོ་བདེ་མཆོག་གི་རྣམ་འཕྲུལ་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་དངོས་སུ་བྱིན་གྱིས་རློབས་པའི། །རྗེ་ནཱ་རོ་པ་ཆེན་པོ་དེ་ཉིད་ཀྱིས་དཀའ་བ་མི་འདྲ་བ་བཅུ་གཉིས་སྤྱད་དེ། བླ་མ་བསྟེན་ཞིང་མོས་གུས་ཚད་མེད་པ་དང་ལྡན་ནས། ཐབས་མཁས་ལ་ཐུགས་རྗེ་ཆེན་པོས། རྣམ་པར་རྟོག་པ་དང་། ཉོན་མོངས་པ་དང་། །ལྷ་འདྲེ་དང་། སྡུག་བསྔལ་དང་། ན་ཚ་དང་། འཆི་བ་ལམ་དུ་ཁྱེར་བ་རོ་སྙོམས་ཀྱི་གདམས་པ་དྲུག་ལས། དེ་ཉམས་སུ་ལེན་པ་ལ། བླ་མ་མཚན་ཉིད་དང་ལྡན་པས། །སློབ་མ་སྣོད་དང་ལྡན་པའི་རྒྱུད་དབང་བཞིའི་སྨིན་པར་བྱས་ནས། གནས་ཡིད་དུ་འོང་བར། སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱ། མཎྜལ། འདུས་བྱས་ཐམས་ཅད་མི་རྟག་པའི་ཚུལ་རྒྱ་ཆེར་བསམ་ལ། ཆོས་དྲུག་པོ་རེ་རེ་ཡང་དབང་པོ་རབ་འབྲིང་ཐ་མའི་ཉམས་སུ་ལེན་
༡༠༩ ཚུལ་མ་ནོར་བར་མདོར་བསྡུས་ཏེ་བསྟན་པ་ལ། ཐོག་མར་རྣམ་རྟོག་ལམ་དུ་ཁྱེར་བ་ནི། རབ་ཀྱིས་རྣམ་པར་རྟོག་པ་གར་སོང་། གང་ནས་བྱུང་། གང་དུ་གནས་བལྟས་པས། དུས་གསུམ་དབྱེར་མེད་པར་མཉམ་པ་ཉིད་དུ་རྟོགས་པས། རང་སེམས་སྐྱེ་མེད་ཆོས་སྐུར་རྟོགས་ན་སངས་རྒྱས་བྱ་བ་ཡིན། འབྲིང་གིས་ཡུལ་དུས་ཕྱོགས་མཚམས་སུ་རྣམ་རྟོག་འགྲོ་འོང་གནས་གསུམ་ལ་བལྟ་བའི་མན་ངག་གིས་མཐའ་བྲལ་དུ་ངོ་ཤེས་ནས་མ་བཅོས་སྤོས་བྲལ་ལྷུག་པར་བཞག་པས་ཡོན་ཏན་ཐམས་ཅད་རང་འཆར་ལ་འགྲོ། ཐ་མས་ལྟ་སྟངས་བཞི་ལ་ཉན་ཐོས་ཀྱི་ཞི་བའི་ལྟ་སྟངས་ཀྱིས་ཞི་གནས་ཀྱི་བརླན་བཙལ། སེང་གེའི་ལྟ་སྟངས་ཀྱིས་སེམས་གསལ་དྭངས་སུ་འཇུག །ཁྲོ་བོའི་ལྟ་སྟངས་ཀྱིས་རིག་པ་ལ་དར་བཏགས། ལྷ་ཚངས་པའི་ལྟ་སྟངས་ཀྱིས་རྣམ་རྟོག་རང་འགག་ལ་འགྲོ་བ་རིག་པས་དབང་པོ་བསྒྱུར་བ་སྟེ། ཞི་ལྷག་ཟུང་འཇུག་གི་མན་ངག་དམ་པ་ཡིན། འདི་ནི་རྣམ་
༡༡༠ རྟོག་ལམ་དུ་ཁྱེར་བ། ལྟས་ངན་གཡང་དུ་བླངས་པའི་མན་ངག་སྟེ། འཇིག་རྟེན་པའང་ལྟས་ངན་མཐོང་ན་རྣམ་རྟོག་གི་འཕྲིག་མི་ཟ་བར་གྲོགས་སུ་འགྲོ་བ་དང་འདྲ་དགོས། གཉིས་པ་ཉོན་མོངས་པ་ལམ་དུ་ཁྱེར་ས་ལ། རབ་ཀྱིས་ཉོན་མོངས་པ་སྐྱེ་བའི་རྒྱུ་ཚོགས་དྲུག་གི་ཡུལ་ལ་བདེན་ཞེན་བསྐྱེད་པས་མཛེས་མི་མཛེས་ལ་སོགས་བདེ་སྡུག་སྣ་ཚོགས་འབྱུང་བར་མཐོང་ནས། ཡུལ་བདེན་མེད་སྒྱུ་མ་ལྟར་གཏན་ལ་ཕབ་པས་ཡུལ་ཅན་རང་འགགས་པ་རང་བཞིན་གྱིས་ཉེ་བར་ཞི་བ་སྐྱེ་བ་མེད་པའི་ཆོས་སྐུར་གོ་ཞིང་རྟོགས་པར་འགྱུར། འབྲིང་གིས་ཆགས་ཡུལ། སྡང་ཡུལ། རྨོངས་ཡུལ་རྣམས་སོ་སོར་ཤུགས་བསྐྱེད་ནས་དམིགས་ཡུལ་དུ་བྱེད་པའམ། ཡང་ན་ཡུལ་གཅིག་གིས་གཅིག་ལ་དམིགས་པ་སྤོས་ནས་ཡུལ་དུ་བྱས་པས། ཡུལ་ལ་ཞེན་པ་དང་བྲལ་བས། ཡུལ་ཅན་དུག་གསུམ་རང་སར་གྲོལ་ནས་སྟོང་ཉིད་རྟོགས་པར་འགྱུར། ཐ་མས་ཆགས་ཡུལ་ལ་རྣམ་པར་བམ་པ་ལ་སོགས་པ་མི་གཙང་བའི་འདུ་ཤེས་བསྒོམ། སྡང་ཡུལ་ལ་བྱམས་པ་བསྒོམ། རྨོངས་ཡུལ་ལ་རྟེན་འབྲེལ་བསྒོམས་པས་དུག་གསུམ་རང་འགགས་ལ་རྩོལ་མེད་དུ་འགྲོ། ཉོན་མོངས་ལམ་དུ་ཁྱེར། དུག་བདུད་རྩིར་བསྒྱུར་བའི་གདམས་ངག །སྔགས་ཀྱིས་བོར་བའི་ནུས་པ་བསད་ནས་དུག་མེད་པར་སྨན་དུ་འགྲོ་བ་དང་འདྲ་དགོས། གསུམ་པ་ལྷ་འདྲེ་ལམ་དུ་ཁྱེར་བ་ནི། བརྒྱ་བྱིན་ལྟ་བུའི་གདོན་དག་ནི། མདུན་དུ་ངེས་པར་བྱུང་འགྱུར་ན། འཇིགས་པ་ཙམ་དུ་མི་བྱ་སྟེ། སེང་གེའི་ཚུལ་དུ་རྒྱ་བར་བྱ། ཞེས་པས། ཀུན་ཏུ་བཟང་པོའི་སྤྱོད་པ། གསང་སྔགས་ཀྱི་སྤྱོད་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བཞིར་བཤད་པས། རབ་ཀྱིས་བདེ་སྡུག་རོ་མཉམ་པས་
༡༡༡ བདུད་ཀྱིས་མི་ཚུགས་པའི་སྤྱོད་པ་དྲན་མེད་ཡིད་ལ་བྱར་མེད་སྤྲོས་བྲལ་ཆོས་སྐུ་མངོན་དུ་བྱེད། འབྲིང་གིས་ལྷ་འདྲེ་རྣམ་རྟོག་གི་རང་བཞིན་བདེན་པས་སྟོང་པར་ཡང་དང་ཡང་དུ་དམིགས་པས་སྤྲོས་བྲལ་དུ་གོ། ཐ་མས་ལྷ་འདྲེ་ལ་མགྲོན་པོའི་ཚུལ་དུ་ལུས་གཟན་སྐྱུར་གྱི་མཆོད་སྦྱིན་བྱས་ལྷ་འདྲེ་དབང་དུ་འདུས་ནས་དངོས་གྲུབ་འབྱུང་བའི་གདམས་པའོ། །འདི་ནི་ལྷ་འདྲེ་ལམ་དུ་ཁྱེར་བ་བར་ཆད་དངོས་གྲུབ་ཏུ་བསྡུ་པའི་མན་ངག་སྟེ། གཅན་གཟན་སྒོ་དྲུང་དུ་བཀོལ་བས་རང་ལ་མི་གནོད་པར་གཞན་འགོགས་པ་དང་འདྲ་དགོས། བཞི་པ་འཁོར་བའི་སྡུག་བསྔལ་ལམ་དུ་ཁྱེར་བ་ནི། གཞི་མ་རིག་པ། རྒྱུ་ལས་དང་ཉོན་མོངས་པ། སྒོ་གསུམ་གྱིས་བྱ་བས་འབྲས་བུ་སྡུག་བསྔལ་ཚེ་འདི་དང་། ཚེ་ཕྱི་མ་དང་། ལན་གྲངས་ཚེ་རབས་གཞན་དུ་རྐྱེན་དང་འཕྲད་ནས་ལས་སྨིན་ནས་སྡུག་བསྔལ་བའི་སེམས་ཅན་རྣམས་ལ། རབ་ཀྱིས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་བསྐྱེད། འབྲིང་གིས་བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད། ཐ་མས་བདག་གཞན་མཉམ་པོར་མོས་པ་བྱང་ཆུབ་ཀྱི་སེམས་སྙིང་ཁོང་རུས་པའི་གཏིང་ནས་བསྐྱེད་པའི་གདམས་པ་འདི་ནི་འཁོར་བའི་སྡུག་བསྔལ་ལམ་དུ་ཁྱེར་བ་བྱང་ཆུབ་སེམས་ཀྱི་གདམས་ངག་སྟེ། མ་བུ་གཅིག་པར་བརྩེ་བས་མ་བུ་གཅིག་གིས་གཅིག་མི་འདོར་བ་དང་འདྲ་དགོས། ལྔ་པ་ན་ཚ་ལམ་དུ་ཁྱེར་བ། གདོན་གྱི་ནད། འབྱུང་བ་བཞི་འཁྲུགས་པའི་ནད། རླུང་མཁྲིས་བད་ཀན་ཆམ་སྙོམས་པའི་ནད་ངོས་བཟུང་ལ། རབ་ཀྱིས་སྙིང་པོ་མེད་པ་ཆུ་ཤིང་ལྟ་བུའི་ལུས་ལ་བདེན་འཛིན་བྱས་པའི་རྣམ་རྟོག་གློ་བུར་བའི་ནད་སྨིག་རྒྱུ་ལྟ་བུ་ལ་སྤོང་སྒྲུབ་མེད་པར་གཞི་མེད་རྩ་བྲལ་དུ་བཞག །སྤྲོས་དང་བྲལ་བའི་སེམས་ཉིད་སྐྱེ་བ་མེད་པར་རྟོགས་པ་ལྟ་བས་གྲོལ་བྱ་བ་ཡིན།
༡༡༢ འབྲིང་གིས་ནད་ངོས་གཟུང་ལ། སྤང་བྱ་དང་། གཉེན་པོ་ལྟ་བུའི་དམིགས་པ་དང་། ནད་ཐོག་ཏུ་ནད་དབབ། གདོན་ཐོག་ཏུ་གདོན་དབབ་པའི་དམིགས་པ་དང་། ནད་གནས་སུ་གང་འོས་ཀྱི་དམིགས་པ་ཚུར་ཁུགས་སམ། ཡང་ན་བླ་མའི་སྒུ་བསྒོམ་ཞིང་མོས་གུས་དྲག་ཏུ་བྱས་པས་ནད་སེལ་བ་ནི། དམིགས་པས་ནད་འདོན་པའོ། །ཐ་མས་ནད་ངོས་བཟུང་ནས་མན་ངག་དང་ལྡན་པས། ལུས་ཀྱི་འཁྲུལ་འཁོར། ངག་རླུང་སྦྱོར། སེམས་ཀྱིས་བླ་མ་ལ་མོས་གུས་བྱས་ཏེ་བརྩོན་འགྲུས་དྲག་ཏུ་བྱ་བ་ནི། འཁྲུལ་འཁོར་གྱིས་ནད་འདོན་པ་ཡིན། འདི་ན་ན་ཚ་ལམ་དུ་ཁྱེར་བ་འབྱུང་བ་རེ་སྙོམས་ཀྱི་མན་ངག་སྟེ། བྱིས་པས་གསེར་དང་བོང་བ་ལ་བླང་དོར་གྱི་ཞེན་པ་མེད་པ་དང་འདྲ་དགོས། དྲུག་པ་འཆི་བ་ལམ་དུ་ཁྱེར་བ་ནི། རབ་ཀྱིས་གཞིའི་འོད་གསལ་མ་ལྟ་བུ་དང་། ལམ་གྱི་འོད་གསལ་བུ་ལྟ་བུར་གནས་པ་ལ། འཆི་ཙ་ན། རྟོགས་པའི་འོད་གསལ་དང་། འཆི་ཀ་རང་བཞིན་གྱི་འོད་གསལ་གཉིས་ནམ་མཁའ་དང་ནམ་མཁའ་ལྟར་འདྲེས་ནས་རྣམ་རྟོག་གནས་འགྱུར་ཏེ། རང་དོན་དུ་ཆོས་སྐུ། གཞན་དོན་དུ་གཟུགས་སྐུར་སངས་རྒྱས་ནས་འགྲོ་དོན་རྒྱ་ཆེན་པོ་འབྱུང་ལ། འབྲིང་གིས་སྒྱུ་ལུས་ལ་གོམས་ཤིང་ཆོས་ཐམས་ཅད་སྒྱུ་མའི་དཔེར་རང་བཞིན་མེད་པ་ཉིད་དུ་བསྒོམས་པས་རྣམ་པར་དག་ཅིང་གྲོལ་བར་འགྱུར་ལ། ཐ་མས་མངལ་སྒོ་དགག་པ་ནི། དད་གུས་དང་བསླབ་པ་གསུམ་ལ་གནས་ཤིང་སྟོང་ཉིད་བསྒོམས་ཏེ་བཀག་ནས། རིགས་ཁྱད་པར་ཅན་བཙལ་བའི་སྐྱེ་བ་ཕྱི་མ་ལ་མཆོག་གི་དངོས་གྲུབ་ཐོབ་པའི་གདམས་པ་ནི། འཆི་བ་ལམ་དུ་ཁྱེར་བ་མ་བུ་ངོ་སྤྲོད་པའི་གདམས་པ་སྟེ། མཚོ་ལ་ཁ་བ་ཐིམ་པས་དབྱེར་མེད་དུ་འགྲོ་བ་དང་འདྲ་དགོས། དེ་ཡང་། ཇི་ལྟར་རླུང་ནད་ལྡང་པ་ལ། སྲན་མའི་བཟའ་བ་སྦྱིན་པར་བྱ།
༡༡༣ རླུང་གིས་རླུང་ནི་འཇོམས་པར་བྱ། །ཇི་ལྟར་མེ་ཡིས་འཚིགས་པ་ལ། །མེ་དེ་ཉིད་ལ་གདུང་བར་བྱ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་དེ་ཉིད་ཀྱིས་དབྱུང་བར་བྱ། །འདོད་ཆགས་ཉིད་ཀྱིས་གདུང་བ་ལ། །འདོད་ཆགས་ཉིད་ཀྱིས་དབྱུང་བར་བྱ། །བཟློག་པས་སྨན་དུ་ཤེས་པར་བྱ། །བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །དཔལ་ལྡན་ནཱ་རོ་པའི་གདམས་པ་རོ་སྙོམས་སྐོར་དྲུག་གི་དོན་མདོར་བསྡུས་ཏེ་བརྗོད་ཀྱིས་རྒྱས་པར་སྤྲོ་ཞིང་ཉམས་སུ་ལེན་པ་ལ་བརྩོན་པར་བྱོས་ཤིག། །། ༈ འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏིལླི་པ། ནཱ་རོ་པ། ཏི་ཕུ་པ། རས་ཆུང་པ། རྒྱ་རས། རྒོད་ཚང་པ། ཨོ་རྒྱན་པ། རང་བྱུང་བ། མགོན་རྒྱལ་བ། རོལ་པའི་རྡོ་རྗེ། མཁའ་སྤྱོད་པའོ། །

༈ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་གསང་ལམ་ཞེས་བྱ་བ་བཞུགས་སོ། །

༤༡ ༈ །།ཐུགས་རྗེ་ཆེན་པོའ་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་གསང་ལམ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི་སིདྡྷཾ། །སྙིང་རྗེའི་དབང་ཕྱུག་འཇིག་རྟེན་མགོན། །མི་བྱེད་གུས་པས་མཆོད་བྱས་ནས། །འཕགས་མཆོག་ཟླ་བ་རྒྱལ་མཚན་གྱི། །ཐུགས་བཅུད་ཟབ་དོན་སྙིང་པོ་འདྲི། འདི་ལ་གཉིས། མཉམ་བཞག་གི་རྣལ་འབྱོར་དང་། རྗེས་ཐོབ་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྔོན་འགྲོ། དངོས་གཞི་རྗེས་སོ། །དང་པོ་ནི། སྐྱབས་ཡུལ་གསལ་བཏབ་ལ། སངས་རྒྱས་ཆོས་དང་སོགས། སྐྱབས་སེམས་ཅི་ནུས་རྒྱུད་དང་འདྲེས་ངེས་བྱ། །སྤྲོ་ན་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས་པ་དང་། ཚད་མེད་བཞི་བསྒོམ། གཉིས་པ་ལ་གཉིས། བསྐྱེད་རིམ་དང་རྫོགས་རིམ་སོ། །དང་པོ་ནི། ༀ་སྭཱ་བྷཱ་ཝ་སོགས། །སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་དུ་རང་སེམས་ཧྲཱི་དཀར་པོ་ལས་པདྨ་འདབ་བརྒྱད་གསེར་བཙོམ་ལྟར་འབར་བ། ཟེའུ་འབྲུར་ཧྲཱིཿཡིག་གིས་མཚན་པ། དེ་ཡོངས་སུ་གྱུར་བ་ལས། རང་ཉིད་
༤༡ སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ཕྱག་གཡས་འོག་མས་མུ་ཏིག་དཀར་པོའ་ཕྲེང་བ་དང་། གཡོན་འོག་མས་གསེར་གྱི་པདྨ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རི་དྭགས་།།།་སྭ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རི་བོ་ཏཱ་ལ་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་དབང་ལྷ་རིགས་ལྔ་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་རང་ལ་ཐིམ་རིགས་ལྔས་དབང་བསྐུར་བས། དབང་རྟགས་སུ་བླ་མ་འོད་དཔག་མེད་པས་དབུ་བརྒྱན། ཅེས་ཡན་ལག་བཞི་རྫོགས་ཀྱི་ཚུལ་གྱིས་ལྷའི་སྐུ་སྣང་སྟོང་འཇའ་ཚོན་ལྟ་བུར་ཤར་བའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཟུང་མཐར་བཟླས་པ་བྱ་བ་ནི། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་གྱི་དབུས་སུ་ཧྲིཿཡིག་གེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཅེས་གསལ་བཏབ་ལ་སྔགས་ཕྲེང་ལ་ཡིད་གཏད་དེ་ཀློད་པའི་ཚུལ་གྱིས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླ། སྐབས་སུ། སྙིང་གའི་སྔགས་ཕྲེང་ལས་ཐུགས་རྗེ་ཆེན་པོའ་སྐུ་དང་འོད་ཟེར་དཀར་པོའ་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐུགས་རྗེ་ཆེན་པོའ་གོ་འཕང་ལ་བཀོད། ཚུར་འདུས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པར་བསམས་ལ་བཟླས་པའང་བྱའོ། །གཉིས་པ་ནི། དེའི་ངང་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་མ་ཟོད་ས་ནས་ཞི་བའི་ཡེ་ཤེས་བློ་འདས་གཉུག་མའི་དབྱིངས་སུ་དེར་འཛིན་མི་བྱ་བར་དང་བབས་ལྷོད་ཀྱིས་གློད་དེ་མཉམ་པར་བཞག །གལ་ཏེ་རྣམ་རྟོག་ཞིག་ཐོལ་གྱིས་སྐྱེས་ན། ཐ་མལ་འཁྲུལ་པའི་དབང་དུ་མི་བཏང་བར་སེམས་ཀྱིས་ཤིས་རིག་སྟོང་ཟུང་འཇུག་གི་ངང་ལས་མ་གཡོས་བཞིན་དུ། གདངས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྩལ་སྦྱང་། གསུམ་པ་ནི། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་སོགས་བསྔོ་བ་དང་སྨོན་ལས་ཟུང་དུ་འབྲེལ་བས་མཚམས་སྦྱར་ཏེ། གཉིས་པ་རྗེས་ཐོབ་ཀྱི་
༤༢ རྣལ་འབྱོར་ནི། ཟས་ཟ་བ་གོས་གྱོན་པ། སྟན་ལ་འདུག་པ་སོགས་ཀྱི་སྐབས་ཐམས་ཅད་ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་ནས་འདོད་ཡོན་ལ་ཞེན་པྨེད་བར་ལོངས་སྤྱོད། ཉལ་བའི་ཚེ་སྙིང་གའི་ཧྲཱིཿལ་སེམས་རྩེ་གཅིག་ཏུ་གཏད། ལྡང་བ་ན་ལྷའི་སྐུར་གསལ་བཞིན་བའི་ངང་ནས་ལྔར་སྟེ་རྣལ་འབྱོར་ལ་འཇུག །འཕོ་བའི་རྣལ་འབྱོར་ནི། རང་གི་རླུང་སེམས་གཉིས་མེད་ཀྱི་ངོ་བོ་སྙིང་གའི་ཧྲཱིཿཡིག་དབུ་མའི་ལས་བརྒྱུད། སྐར་མདའ་འཕངས་པ་བཞིན་སྤྱི་བོའ་བླ་མ་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་བླ་མ་བདེ་བ་ཅན་དུ་གཤེགས་པར་བསམ་ལ་དབྱིངས་རིག་བསྲེ། བར་དོ་ད་ལྟ་ནས་ངེས་ཐོབ་ཀྱི་སྣང་བ་སྤྱི་དང་བྱེ་བྲག་ཐམས་ཅད་བར་དོར་དྲན་པས་ཁ་བསྒྱུར་ཏེ། སྣང་གྲགས་རྟོག་གསུམ་འཕགས་པའི་གསང་བ་གསུམ་དུ་ཤེས་པར་བྱས་ཏི་ལམ་དུ་འཁྱེར་བ་ལ་བསླབ་པར་བྱའོ། །འཇམ་པའི་དབྱངས་སོགས་འཕགས་རྣམས་ཀྱིས། །གང་གི་མཁྱེན་བརྩེར་རབ་བསྔགས་པ། །འཇིག་རྟེན་མགོན་པོ་དགྱེས་པའི་ལམ། །ཟླ་བའི་བཞེད་གཞུང་སྙིང་པོའོ། །ཐུགས་རྗེ་ཆེན་པོའ་དམར་ཁྲིད་སྤྱན་རས་གཟིགས་དངོས་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་ལུགས་སྲོལ་གྱི་ཉམས་ལེན་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ།། །།

༄༅། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཡིག་མཐོང་བ་དོན་ལྡན་བཞུགས་སོ༎ ༎

༡༣༣ ༄༅། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཡིག་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ།། །།
༡༣༤ ༄༅། །ཨོ་སྭ་སྟི། ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཡིག་མཐོང་བ་དོན་ལྡན་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མི་འགྱུར་བའི་བདེ་བ་དང་། ཕྱག་རྒྱ་ཆེན་པོ་ཟུང་དུ་འཇུག་པའི་ཡེ་ཤེས་ལ་ཕྱག་འཚལ་ལོ། །གྲུབ་པ་མཆོག་གི་བདུད་རྩིས་ཡང་དག་པར་ངོམ་པའི་དམ་པ་རྣམས་ལའང་ཕྱག་འཚལ་ལོ། །གང་ཞིག་ཕུན་ཚོགས་ཀུན་གྱི་གཞི། །བླ་མེད་གོ་འཕང་ཡིད་བཞིན་ངོར་། །འགྲོ་བ་ཀུན་ལ་ཉེར་སྩོལ་བ། །བླ་མའི་ཞབས་ལ་གུས་པས་འདུད། །ཀུན་ཁྱབ་དབྱིངས་ནི་རྣམ་པ་ཐམས་ཅད་པ། །སེམས་ཉིད་རང་བཞིན་ཡོན་ཏན་ཀུན་གྱི་གཏེར། །དབྱེར་མེད་གདོད་ནས་རྣམ་གྲོལ་ཆོས་ཀྱི་སྐུ། །ནང་རིག་འགྱུར་མེད་དོན་དམ་རྒྱལ་གྱུར་ཅིག །གང་ཡང་རྒྱུད་སྡེའི་ཆུ་བོ་འབུམ་ཕྲག་གིས། །བློ་ཡི་མཚོ་ཆེན་བྲེས་ལས་མངོན་འཕགས་པ། །དེ་ལས་སྙིང་གི་བུམ་པ་གང་གྱུར་པའི། །གདམ་པའི་རྒྱུན་གྱིས་ཕྱོགས
༡༣༥ འདི་སྐལ་བཟང་བྱ། །འདིར་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བླ་ན་མེད་པ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་མཐར་ཐུག །རྣལ་འབྱོར་གྱི་དབང་ཕྱུག་མ་ལུས་པའི་འཇུག་ངོགས། ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་དང་ལྡན་པའི་གང་ཟག་རྣམས་ཚེ་གཅིག་ལུས་གཅིག་སྐྱེ་བ་གཅིག་ཉིད་ཀྱིས་སངས་རྒྱས་ཀྱི་འབྲས་བུ་མཆོག་ལ་ཡང་དག་པར་འགོད་ནས་པའི་ཉེ་ལམ་མྱུར་ལམ་ཁྱད་པར་ཅན་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་གཞན་དུ་མ་རྣམས་སུ་རྡོ་རྗེའི་ཚིག་གིས་སྒས་པའི་དོན། །དཔལ་དུས་ཀྱི་འཁོར་ལོའ་རྒྱུད་དུ་མ་སྦས་ཤིང་གསལ་བར་བསྟན་ལ། མཆོག་གི་དང་པོའ་སངས་རྒྱས་ལ་སོགས་པ་རྩ་བའི་རྒྱུད་རྒྱས་པ་ཐམས་ཅད་དུ་དགོངས་པ་གཅིག་དང་དབྱངས་གཅིག་གིས་བསྟན་པའི་དོན་མཆོག །ཕྱག་རྒྱ་ཆེན་པོའ་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའམ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་བ་འདི་ནི་ཡིད་ཆེས་པ་རྣམ་པ་གསུམ་དང་ལྡན་པའི་ལམ་
༡༣༦ ཡིན་ནོ། །འདི་ལྟ་བུས་འཁྲིད་པར་བྱེད་པ་ལ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྣོད་དུ་རུང་བར་བྱེད་པ་སྔོན་འགྲོའི་འཁྲིད་དང་། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་དངོས་གཞི་སྒོམ་པའི་རིམ་པ་དང་། རྗེས་ལམ་གྱི་ཡན་ལགསལག་མཚམས། །རྣལ་འབྱོར་གྱི་ཚོགས་པ་དང་བཅས་པ་སྟེ་གསུམ་ལས། །དང་པོ་ལ་ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ཐུན་མོང་གི་སྔོན་འགྲོ་ལ། ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། ཚོགས་རྫོགས་ཤིང་བྱིན་རླབས་འཇུག་པར་བྱེད་པ་མཎྜལ་བླ་མའི་རྣལ་འབྱོར་དང་བཅས་པ་ཞེས་དམིགས་བསྐོར་གསུམ་དུ་མཛད་པའི་ལུགས་ཀྱང་ཡོད་མོད་ཀྱི། རིམ་པས་མྱོང་འཁྲིད་སྐྱོང་བ་ལ་དམིགས་བསྐོར་ལྔར་བྱས་ན་བདེ་བས། འདི་ལྟར་བྱ་སྟེ། ཆོས་སྤྱིའི་རྩ་བ་སྐྱབས་འགྲོའི་འཁྲིད། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་ཀྱི་འཁྲིད། སྡིག་སྒྲིབ་སྦྱང་བ་ཡིག་བརྒྱའི་འཁྲིད། ཚོགས་བསགས་པ་མཎྜལ་གྱི་འཁྲིད། བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་གྱི་འཁྲིད་དེ་ལྔའོ། །དང་པོ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་བཀྱུས་མཐུན་ཙམ་བཅས། སེམས་རྣལ་དུ་ཕབ་ནས། རང་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་ཆེན་པོ་ཡངས་ཤིང་རྒྱ་ཆེན་པོར་གྱུར་པའི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་བཟང་གཞལ་མེད་ཁང་རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ། །དེའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་རབ་ཏུ་རྒྱས་པ། དེའི་རྩེ་མོ་ལ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མ་ཟླ་བ་རྣམས་བརྩེགས་པའི་གདན་དཔངས་མཐོ་
༡༣༧ ཞིང་རྒྱ་ཆེ་བ་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་བ་དང་། ཤིང་དེའི་རྩ་བ་ན། མཁའ་འགྲོ་ཆོས་སྐྱོང་བའི་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་བསྟན་བསྲུང་རྒྱ་མཚོའ་ཚོགས་རྣམས་ཀྱང་བདག་ལ་སྐྱོབ་པའི་ཚུལ་གྱིས་བཞུགས་པ་དང་། དཔག་བསམ་གྱི་ཤིང་གི་ཕྱོགས་བཞིར་གཞལ་ཡས་ཁང་གི་ནང་གི་ས་གཞི་ལ་སེང་ཁྲི་པདྨ་ཉི་ཟླའི་གདན་དཔངས་མཐོ་ཞིང་རྒྱ་ཆེ་བ་རེ་རེ་གསལ་བཏབ་སྟེ། བླ་མའི་སྐུའི་མདུན་གྱི་ཕྱོགས་སུ། །དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་རྣམས་དང་། གཡས་ཕྱོགས་སུ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། གཡོན་ཕྱོགས་སུ་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་དང་རང་སངས་རྒྱས་འཕགས་པའི་ཚོགས་དང་། རྒྱབ་ཕྱོགས་སུ་ཆོས་དཀོན་མཆོག་རྣམས་རྣམ་པ་གླེགས་བམ་གྱི་ཚུལ་ཅན་རྣམས་བཞུགས་པར་མོས། ཡང་ན་རྒྱབ་ཏུ་སངས་རྒྱས་དང་། མདུན་དུ་དམ་ཆོས་བཞུགས་པར་མོས་ཀྱང་ཆོག་སྟེ། བློ་ལ་གང་བདེ་བ་ཞིག་བྱའོ། །དེ་ནས་རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱང་། བླ་མ་དཀོན་མཆོག་སྐྱབས་གནས་རྒྱ་མཚོའ་ཚོགས་ལ་མོས་གུས་ཀྱི་གདུང་བ་ཆེན་པོས་སྐྱབས་འགྲོ་བྱེད་པར་མོས་ཤིང་། ཁྱད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་སྐྱབས་ཏུ་གསོལ་སྙམ་པ་ཆེད་ཐང་དུ་གསལ་བཏབ་ནས། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། །ཆོས་རྗེ་དཔལ་ལྡན་
༡༣༨ བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་།རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་།དམ་པའི་ཆོས་རྣམས་ལ་སྐྱབས་།འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་།མཁའ་འགྲོ་ཆོས་སྐྱོང་བསྲུང་མ་རྣམ་ཡེ་ཤེས་གྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་བླ་མ་དཀོན་མཆོག་གི་ཡོན་ཏན་དྲན་པ་དང་། འཁོར་བའི་སྡུག་བསྔལ་གྱི་འཇིགས་པས་དཀོན་མཆོག་ལ་བློ་ལིངས་ཀྱིས་བཀལ་ནས་སྐྱབས་འགྲོ་ཅི་ནུས་སུ་བྱའོ། །ཐུན་འཇོག་ཁར། བླ་མ་དཀོན་མཆོག་རིན་པོ་ཆེ་རྣམས་ཀྱི་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ལན་གསུམ་གསོལ་བ་གདབ། སྐྱབས་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་ཐིམ། སྐྱབས་འགྲོའི་དགེ་བ་བསྔོ་བ་ཡང་བྱ་སྟེ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་པ་ལ་སོགས་པ་ཇི་ལྟར་རིགས་པ་བརྗོད། དམིགས་བསྐོར་དང་པོ་སྐྱབས་འགྲོའི་འཁྲིད་ཚར། །དེ་ལྟར་དམིགས་པ་ཕོག་རྗེས་སློབ་མ་རྣམས་ཞག་གསུམ་སོགས་ཅི་རིག་པར་སྐྱབས་འགྲོའི་དམིགས་པ་སྐྱང་དུ་འཇུག །གཞན་ཡང་སློབ་མ་ཉན་པར་སྤྲོ། བླ་མ་འཆད་པར་སྤྲོ། སློབ་མས་གོ་རུ་རུང་། སློབ་དཔོན་གྱིས་འཆད་ཤེས་དགོས་དོན་གལ་ཆེ་བ་བཤད་ན་གོ་ཞིང་བློ་ཆོས་སུ་འགྱུར། མ་བཤད་ན་སྔར་མ་གོ་བས་བློ་སྣ་ཆོས་ལ་མི་འགྱུར་བ་སོགས། ངེས་པར་བཤད་དགོས་པའི་རིགས་ཡིན་ན། སློབ་མ་རྣམས་དམིགས་པ་སྐྱོང་བའི་སྐབས་སུ། ཉིན་རེ་བཞིན་མདོ་དང་སྔགས་སམ། ཐེག་པ་ཆེ་ཆུང་གི་སྐྱབས་འགྲོའི་གོ་དོན་རྣམས་བློ་ལ་འབྱོར་ངེས་པ་རིམ་གྱིས་བཤད་དོ། །
༡༣༩ འདི་སྐབས་ཉལ་བའི་རྣལ་འབྱོར་ནི། སྐྱབས་ཡུལ་རྣམས་མ་བསྡུས་པར་བླ་མའི་སྐུའི་མདུན་གྱི་ཕྱོགས་ཀྱི་ས་གཞི་ལ་པད་ཟླའི་གདན་ལ་རང་ཉིད་ཉལ་བར་མོས་ཏེ། སྐྱབས་ཡུལ་ལ་མོས་སྒོམ་བཞིན་པས་གཉིད་དུ་འགྲོ་བར་བྱའོ། །ཞར་བྱུང་གི་མན་ངག་གོ །གཉིས་པ་ནི། སྐྱབས་འགྲོ་སྔར་བཞིན་ལས། ལན་མང་ཉུང་རན་ཙམ་བྱས་ཏེ། སྐྱབས་ཡུལ་རང་ལ་བསྟིམ་པའི་རྗེས་སུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་བློས་གཞིག་འབྲེལ་ཞིག་བཏང་ལ། ཕྱོགས་བཅུ་ག་ལ་ཕྱིན་ཀྱང་ནམསནམ་མཁའ་ལ་མཐའ་མེད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་ལ་མཐའ་མེད། འཇིག་རྟེན་གྱི་ཁམས་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་ཐམས་ཅད་དྲིན་ཅན་གྱི་ཕ་མ་ཡིན། དེ་ཐམས་ཅད་འདོད་ནི་བདེ་བ་འདོད་ཀྱང་། བདེ་བ་སྒྲུབས་པའི་ཐབས་ལ་ནི་མི་མཁས་པས། སྡུག་བསྔལ་འབའ་ཞིག་ལ་སྤྱོད་པ་སྙིང་རེ་རྗེ། །དེ་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས། ཐར་པ་རྣམས་ཀྱི་མཆོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་བྱ། །ད་ལྟ་དེའི་ནུས་པ་བདག་ལ་མེད་པས་ནུས་པ་དང་ལྡན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། །དེའི་ཕྱིར་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱིའོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་བརྗོད་ཅིང་དོན་བསམ་པ་ཅི་ནུས་སུ་བྱ། ཐུན་འཇོག་ཁར་དགེ་བ་བསྔོ་བ་སྐྱབས་འགྲོའི་སྐབས་བཞིན་ནོ། །དམིགས་
༡༤༠ བསྐོར་གཉིས་པ་སེམས་བསྐྱེད་ཀྱི་འཁྲིད་ཚར། འདིར་ཡང་སྤྲོ་ཞིང་དགོས་ན། ཞག་གསུམ་སོགས་སེམས་བསྐྱེད་བསྒོམ་པའི་རིང་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་དོན་ཞིབ་མོར་བཤད་པར་བྱའོ། །གསུམ་པ་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སེམས་བསྐྱེད་ཀྱི་སྐབས་ལྟར་ལས། དེ་རྣམས་དམིགས་པ་གསལ་ཞིང་འཇུར་ལ་ཡུན་ཐུང་བ་རེ་བྱས་ནས། ཚད་མེད་བཞི་བསྒོམས་པའི་དེ་མ་ཐག་དུཏུ། རང་གི་སྤྱི་བོར་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལ་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ་དེསྟེ་འོད་དུ་ཞུ་བ་ཡོངས་སུ་གྱུར་བ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱི་བརྒྱན་པ། རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གི་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟིལྟེ་བར་ཧོཿ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲང་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ༀ་ཤྲཱི་བཛྲ་ཧེ་རུ་ཀ་ས་མཱ་ཡ། མ་ནུ་པ་ལཱ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ།
༡༤༡ སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ལ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མི། །ཙིཏྟཾ་ཤྲི་ཡཾ། ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་ཧེ་རུ་ཀ་མ་མེ་མུཙྪ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་མཐར། །བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་སྟེ་རང་ལ་ཐིམ། །སྐབས་འདིར་དགེ་བ་བསྔོ་བ་ནི། །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་པ་དང་། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་གོང་བཞིན། དམིགས་བསྐོར་གསུམ་པ་ཡི་གེ་བརྒྱ་པའི་འཁྲིད་ཚར། །འདི་ལ་ལོང་སྐབས་ཡོད་ཅིང་ནུས་ན། །ཟླ་བ་གཅིག་གཉིས་སུ་བསྒོམ་བཟླས་བྱེད་དུ་བཞུག་དགོས། །སྡིག་སྒྲིབ་དག་པའི་རྟགས་བྱུང་བྱུང་དུ་བསྒོམ་དགོས་པ་ཡིན། །དེ་ལ་རྟགས་ནི་ནམ་མཁའ་ལ་འཕུར་བ་དང་། ཁྲུས་བྱས་པ་དང་། ཆུ་བོ་ཆེན་པོ་ལས་བརྒལ་བ་དང་། །འཁྲུ་སྐྱུགས་དང་། ལུས་ལསནས་རྣགསརྣག་ཁྲག་ཟགཟགས་པ་ལ་སོགས་པ་ཉམས་ཀྱི་ཚུལ་དུ་བྱུང་བའམ། །རྨི་ལམ་ཤིན་ཏུ་གསལ་བ་ལ་ལན་མང་དུ་བྱུང་ན་ཡིན། །གཞན་
༡༤༢ ཡང་འདི་བསྒོམ་པས་དངོས་སུ་སྔར་ལས་རིག་པ་དྭངས་པ་དང་། དམིག་པ་གསལ་བ་དང་། །ལུས་ཡང་བ་དང་། དད་པ་དང་སྙིང་རྗེ་ངེས་འབྱུང་སོགས་ཆེར་སོང་བ་དང་། །གཉིད་རྨུགས་ལེ་ལོ་ཆགས་སྡང་སོགས་ཆུང་དུ་སོང་བར་མངོན་ན་སྡིག་སྒྲིབ་དག་པའི་རྟགས་མཆོག་ཡིན་ནོ། །ཡང་མགྱོགས་ཁྲིད་ཀྱི་སྐབས་ཞག་གཉིས་གསུམ་སོགས་ལས་བྱེད་ལོང་མ་བྱུང་ན། །འཁྲིད་གྲོལ་གྱི་བར་ལ། །ཐུན་འགོ་ལ་འདི་མ་ཆག་པར་རྟག་ཏུ་སྒོམ་དགོས་སོ། །འདིར་ཡང་སྤྲོ་ཞིང་དགོས་ན། སྡིག་པའི་ཉེས་དམིགས་དང་། །བཤགས་བསྡམ་བྱེད་ཚུལ་དང་། སྒོམ་བཟླས་ཀྱི་གོ་དོན་རྣམས་ཀྱང་ཞིབ་མོར་བཤད་དོ། །བཞི་པ་ནི། སྐྱབས་སེམས་གོང་བཞིན་སྔོན་དུ་འགྲོ་བས། །མདུན་གྱི་ནམ་མཁའ་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་སྐྱབས་ཡུལ་གྱི་སྐབས་ལྟར་ཡིད་ཀྱིས་གསལ་བཏབ། དེ་ནས་ཕྱག་འཚལ། སྐྱབས་འགྲོ། མཎྜལ་རྣམས་བྱ་བ་ནི། གང་གིས་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་པའམ། །གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་ནས། །མིག་སྐྱོན་མེད་རྣམས་རོལ་པར་བཅས་པས་སྟེང་དུ་ནི། །ལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང་། །ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ་ཡང་། །ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དེ། །ཁྱོད་ནི་དམན་
༡༤༣ པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི། །ཞེས་པའམ། །བསྡུ་ན། །དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་པས་སྐྱབས་འགྲོ་བྱ། །དེ་ནས་ལུས་ཀྱི་ལས་སུ་མཎྜལ་གྱི་ཚོམ་བུ་བཀོད། །ཡིད་ཀྱི་དམིགས་པ། འོག་གཞི་འབྱུང་བ་བཞིའི་དཀྱིལ་འཁོར་ལ་རྟེན་པའི་གླིང་བཞི་རི་རབ་འཁོར་ཡུག་དང་བཅས་པ། །སྟེང་ཕྱོགས་སྲིད་པའི་རྩེ་མོ་མན་ཆད་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལ་སོགས་པ་ལྷ་དང་མིའི་དངོས་པོ་བཟང་ལ་གྱ་ནོམ་པས་གོ་མཚམས་མེད་ཅིང་ཕྱུར་བུར་བཀང་སྟེ། །བླ་མ་དཀོན་མཆོག་གསུམ་ལ་ཕུལ། །དེའི་རྗེས་སུ་བདག་མྱུར་དུ་སངས་རྒྱས་ཐོབ་པ་དང་། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཉམས་རྟོགས་སྐྱེ་བར་གསོལ་བ་འདེབས་པ་ཡིན། དེ་དག་གི་སྐབས་ངག་ཏུ་འདི་སྐད་ཅེས། །ༀ་བཛྲ་བྷུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། །ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གི་བསྐོར་བའི་དབུས་སུ། །ཧཱུྃ་རིའི་རྒྱལ་པོ་རི་རབ། །ཤར་ལུས་འཕགས་པོ། །ལྷོ་འཛམ་བུ་གླིང་། བྱང་སྒྲ་མི་སྙན། །ནུབ་བ་ལང་སྤྱོད། སྒྲ་གཅན། ཉི་མ། ཟླ་བ། དུས་མེ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་ཡང་མ་ཚང་བ་མེད་པའི་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་
༡༤༤ བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱི་བརླབ་ཏུ་གསོལ། །བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེའི་དབང་གི་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའམ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་བརྗོད། ཚུལ་དེས་མཎྜལ་ཅི་ནུས་སུ་འབུལ། །ཐུན་འཇོག་ཁར། །མཆོད་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་གཉིས་སུ་མེད་པར་ཐིམ། །དགེ་བ་བསྔོ་བ་གང་སྐྱབས་འགྲོའི་སྐབས་བཞིན་བྱ། །དམིགས་བསྐོར་བཞི་པ་མཎྜལ་གྱི་འཁྲིད་ཚར། །འདི་ཡང་འཁྲིད་ཀྱི་དངོས་གཞིའི་ཉམས་རྟོགས་སྐྱེ་བའི་རྒྱུ་གསར་དུ་ཚོགས་བསགས་ཐུབ་པའི་རྟགས་བྱུང་བྱུང་དུ་བྱེད་དགོས་པས་ཟླ་བ་ལ་སོགས་པར་སྐྱོང་དགོས། །རྟགས་ནི་སེང་གེའི་ཁྲི་ལ་འདུག་པ་དང་། །ཅོད་པན་བཅིངས་པ་དང་། ཆས་གོས་བཟང་པོ་དང་། སྐྱེ་བོ་མང་པོས་རང་ལ་ཕྱག་འཚལ་བ་སོགས་ཉམས་དང་རྨི་ལམ་དུ་བྱུང་ན་ཡིན། །དངོས་ཀྱི་རྟགས་ནི་སྡིག་སྒྲིབ་དག་པའི་རྟགས་དང་འདྲ། །མགྱོགས་ཁྲིད་ལ་ཞག་གསུམ་སོགས་ལས་བྱེད་ལོང་མ་བྱུང་ན། །འཁྲིད་རྫོགས་ཀྱི་བར་དུ་ཐུན་འགོ་ལ་འདི་ཡང་བྱེད་དགོས་ལ། །སྐབས་འདིར་ཡང་སྤྲོ་ཞིང་དགོས་ན། །མཎྜལ་གྱི་ཕན་ཡོན་དང་དུས་འཁོར་རང་ལུགས་ཀྱི་འཇིག་རྟེན་ཁམས་གྱི་བཀོད་པ་དང་། །བསོད་ནམས་ཀྱི་ཚོགས་སྒོ་དུ་མ་ནས་བསགས་དགོས་པའི་རྒྱུ་མཚན་ཞིབ་མོར་བཤད་དོ། །
༡༤༥ ལྔ་པ་ནི། སྐྱབས་སེམས་སྔར་བཞིན། །གནས་ཁང་དག་པའི་ཞིང་དུ་གསལ་བའི་དབུས་སུ། །སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཁར་བསྣོལ་ནས་བཟུང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། །དར་དང་རིན་པོ་ཆེའི་རྒྱན་ཐམ་ཅད་ཀྱིས་བརྒྱན་པ། །མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། །རང་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པ། །འོད་དང་འོད་ཟེར་གྱིས་ཚོགས་མཐའ་ཡས་པ་འཕྲོ་བའི་སྐུ་ཅན། །མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། །སངས་རྒྱས་བྱང་སེམས། འཕགས་པ་ཉན་རང་། ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་པར་གྱུར། སྤྲོས་པ་ལ་དགའ་ན་ཕྱག་མཆོད་ཡན་ལག་བདུན་པ་རྒྱས་པར་བྱ། བསྡུ་ན་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་བློས་ཕུལ་ཏེ། དཔལ་ལྡན་བླ་མ་དམ་པ་ལ་བདག་ཕྱག་འཚལ་ལོ། །མཆོད་དོ། །སྡིག་པ་བཤགས་སོ། །དགེ་བ་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །སྐྱབས་སུ་མཆིའོ། །བྱང་ཆུབ་ཏུ་སེམས་བསྐྱེད་དུ། བླ་ན་མེད་པའི་ལམ་བསྟན་པར་བགྱིའོ། །བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །ཞེས་བརྗོད་ཅིང་དོན་བསམ། བར་འདིར་སྤྲོ་ན་རྩ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་ལོགས་ན་ཡོད་པ་རྣམས་བྱ་ཞིང་། བསྡུས་པ་ལ་དགའ་ན་མ་བྱས་ཀྱང་ཆོག །ངེས་པར་གདུང་བ་དྲག་པོས་གསོལ་བ་འདི་ལྟར་གདབ་སྟེ།
༡༤༦ སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཆོས་རྗེ། དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དེ་བཞིན་ཏུདུ་སྦྱར་ཏེ། སྐུ་བཞིའི་བདག་ཉིད་བླ་མ སྐྱབས་མཆོག་མཚུངས་མེད །འདྲེན་མཆོག་མཚུངས་མེད ཐར་པའི་ལམ་སྟོན དངོས་གྲུབ་འབྱུང་གནས མ་རིག་མུན་སེལ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། བདག་རྩེ་གཅིག་སྒྲུབ་པ་ནུས་པར་སྒྲུབ་པ་ལ་བར་ཆད་མི་འབྱུང་བར སྒྲུབ་པ་སྙིང་པོ་ཉམས་སུ་ལོངས་པར སྒྲུབ་པ་རབ་ཀྱི་མཐར་ཕྱིན་པར བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པར་ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་མཐར་ཕྱིན་པར ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བླ་མའི་སྐུའི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་ཧོཿ རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ་ཞུགས། ༀ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་བརླབ་ཞུགས། །ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དང་། །གསང་བའི་དབང་ཐོབ། གསུང་གི་བྱིན་བརླབ་ཞུགས། ཧཱུྃ་ལས་འོད་ཟེར་མཐིང་ནག་འཕྲོས། རང་གི་སྙིང་ཁར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་བརླབ་ཞུགས། ཧོཿལས་འོད་ཟེར་སེར་པོ་འཕྲོས།
༡༤༧ རང་གི་ལྟེ་བར་ཐིམ། ཆགས་རྟོག་གི་བག་ཆགས་དག །བཞི་པ་ཡེ་ཤེས་རྡོ་རྗེའི་དབང་ཐོབ། ཡེ་ཤེས་རྡོ་རྗེའི་བྱིན་བརླབ་ཞུགས། སླར་ཡང་མོས་གུས་དུང་པ་དང་ཡིད་ཀྱིས་གསོལ་བ་བཏབ་པས། སངས་རྒྱས་བྱང་སེམས་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་བླ་མ་ཉིད་ལ་ཐིམ། དེ་ཉིད་ཤིན་ཏུ་དགྱེས་པའི་ཚུལ་གྱིས་རང་གི་སྤྱི་བོར་བྱོན། འོད་ཟེར་རམ་བདུད་རྩིའི་ཚུལ་དུ་ཞུ་སྟེ་རང་ལ་ཐིམ། བླ་མ་དང་རང་སེམས་དབྱེར་མེད་པའི་ངང་ལ་ཅུང་ཟད་མཉམ་པར་གཞག །དེ་ལྟ་བུ་བསྐྱར་འདབ་བྱེད་ཀྱིན་ཅི་ནུས་སུ་བསྒོམས། རྗེས་དགེ་བ་བསྔོ་བ་གོང་དང་འདྲ། །གཞན་ཡང་སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཅི་རིགས་པའང་བརྗོད། དམིགས་བསྐོར་ལ་པཕ་བླ་མའི་རྣལ་འབྱོར་གྱི་འཁྲིད་ཚར། སྔགས་ལམ་གྱི་ཉམས་རྟོགས་ཐམས་ཅད་བླ་མའི་བྱིན་བརླབས་ཀྱི་སྒོ་ནས་ལམ་དུ་བྱེད་དགོས་པས། འདི་ཡང་ལོ་དང་ཟླ་བསྒོམ་དགོས། མགྱོགས་ཁྲིད་ཀྱི་སྐབས་ཞག་གཉིས་གསུམ་ཙམ་ལས་སྒོམ་ལོངསལོང་མ་བྱུང་ན། འདི་ཡང་འཁྲིད་ཡོངས་སུ་རྫོགས་མཚར་གྱི་བར་དུ་ཐུན་འགོར་མ་ཆག་པ་སྒོམ་པ་གལ་ཆེ། སྐབས་འདི་དག་ཏུའང་སྤྲོ་ཞིང་དགོས་ན། བླ་མའི་མོས་གུས་ལམ་དུ་བྱེད་དགོས་ཚུལ། མོས་གུས་ཀྱི་ཕན་ཡོན། བླ་མའི་མཚན་ཉིད། བླ་མ་བསྟེན་ཚུལ་སོགས་ཞིབ་ཏུ་བཤད་དོ། །དམིགས་པ་འདིའི་ཡན་ལག་ཉལ་བའི་རྣལ་འབྱོར་ནི། རང་གི་སྙིང་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ལ་བླ་མ་སྐུ་ཚད་མཚོན་གང་ཙམ་དགྱེས་པའི་འཛུམ་ཞལ་དུ་བཞུགས་པ་ལ་མོས་གུས་དུང་ངེ་བའི་ངང་ལས་གཉིད་དུ་འགྲོ་བར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་དང་། རྫོགས་རིམ་གྱི་ཉེར་བསྡོགས་ཁྱད་པར་ཅན་དབེན་པ་གསུམ་བསྟེན་པ་གཉིས་ལས་
༡༤༨ དང་པོ་ནི་བསྐྱེད་རིམ་ལ་གཙོ་བོར་ཕྱེད་པའི་སྐབས་ཡིན་ནོ། །སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ནས། ལྷ་ལྔའམ་ལྷ་དགུ་མའི་བར་དུ་རྒྱས་བསྡུས་སྣ་ཚོགས་པ་ཡོད་པ་བསྙེན་སྒྲུབ་ཡན་ལག་བཞི་ཚང་བའི་ཚུལ་གྱིས་བསྒོམ་པ་ཡིན་ཀྱང་། འདིར་རྫོགས་རིམ་གཙོ་བོར་བྱེད་པའི་སྐབས་ཡིན་པས་གཙོ་བོ་ཡབ་ཡུམ་ཙམ་གྱི་ལྷའི་རྣལ་འབྱོར་བསྡུས་པས་ཆོག་ཅིང་ཀྱང། དེ་ལས་ཀྱང་ལྷག་པར་བསྡུས་པ་ལྷན་སྐྱེས་ཉིད་བསྔགས་པས། དེའི་སྒོམ་ཚུལ་ནི། སྐྱབས་སེམས་སྔར་བཞིན་བསྒོམ། ༀ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས། རང་སྐད་ཅིག་གི་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། འབྱུང་བཞི་རི་རབ་པད་ཟླ་ཉི་མ་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོ་དང་། གཡས་པ་དམར་པོ་བརྒྱད་པས་འདོད་ལྷ་དམར་པོའ་སྙིང་ཁར་མནན་པ། རལ་པའི་ཐོར་ཚུགས་དང་། ཡིད་བཞིན་གྱི་ནོར་བུ་དང་། ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཕྱག་སོར་རྣམས་ཁ་དོག་ལྔ་པ་དང་། སོར་ཚིགས་རྣམས་ཁ་དོག་གསུམ་པ། རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང་། མེ་རི་ཁ་དོག་སྣ་ལྔ་པའི་དབུས་ན་བཞུགས་པ། ཁྲོ་ཆགས་འདྲེས་པའི་ཉམས་ཅན་ནོ། །དེ་འཁྲུད་པའི་སྣ་ཚོགས་ཡབ་ཡུམ་སྐུ་མདོག་སེར་མོ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གྲི་གུག་དང་། གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང་། ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཡབ་དང་སྦྱོར་བ། གཅེར་བུ་རུས་པའི་ཕྱག་རྒྱ་
༡༤༩ ལྔས་བརྒྱན་ཅིང་། དབུ་སྐྲ་ཕྱེད་གྲོལ་བའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། གསང་གནས་སུ་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའ་ལྷ་ཚོགས་སུ་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས། རང་ལ་ཐིམ། ལྷ་སྐུ་གསལ་སྟོང་དེ་ལ་ཅི་ནུས་སུ་མཉམ་པར་གཞག །དེ་ལྟར་ཡང་ཡང་བསྒོམས་ཀྱང་ལེགས། ཐུན་འཇོག་པའི་ཚེ་ལྷ་སྐུ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱང་། དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་སོགས་དང་། གོང་བཞིན་དགེ་བ་བསྔོ། འདི་འཁྲིད་ཀྱི་སྐབས་ཡིན་པས་ལྷ་སྐུ་ལ་སེམས་འཛིན་པ་མ་ཏོགགཏོགས་བཟླས་པ་བྱེད་མི་དགོས། འོན་ཀྱང་ཅུང་ཟད་སྔགས་བཟླ་བར་སྤྲོ་ན། བཟླས་ཀྱང་མི་འགལ་བས་ལྷ་སྐུ་སྟོང་ཉིད་དུ་བསྡུ་བའི་སྔོན་དུ། ༀ་།།།སྭཱ་ཧཱ། ཞེས་པ་ཉིད་ཅི་རིགས་པར་བཟླ་བ་ཡིན། འདི་ལ་ཡེ་ཤེས་དགུག་གཞུག་དང་དབང་བསྐུར་རྒྱས་གདབ་རྒྱས་པའི་སྲོལ་ཡང་གདའ་བ། དེ་ལྟར་བྱས་ན་རྒྱས་པའི་ལུགས་སུ་འགྱུར་བས་ཤིན་ཏུ་རུང་མོད། རོལ་པའི་རྡོ་རྗེའི་གཞུང་ལས་འདི་ཙམ་ལས་མ་བཤད་ཅིང་། ལྷན་སྐྱེས་ཀྱི་ཕྱོགས་ལ་འདི་ཁོ་ནས་གོ་ཆོད་པས། འཇུག་པ་བདེ་བ་འདི་ལེགས་སོ། །བླ་མ་གོང་མ་འགའ་རེས་ཡི་དམ་ཀུན་གྱི་སྨར་འཁྲིད་ཀྱི་མན་ངག་འདི་ལ་སྦྱར་བ་ཡང་ཡོད་དོ། །དམིགས་བསྐོར་དྲུག་པ་བསྐྱེད་རིམ་གྱི་འཁྲིད་ཚར། བསྐྱེད་རིམ་གྱི་གོ་དོན་རྒྱས་པ་སྐབས་འདིར་བཤད་ཀྱིས་མི་ལོང་ཞིང་ལོགས་སུ་ཡོད་པས་འདིར་མི་འཆང་། སྤྲོ་ཞིང་དགོས་ན་ལྷན་སྐྱེས་སྒྲུབ་ཐབས་ཀྱི་གོ་དོན་ཞིབ་ཏུ་བཤད་དོ། །གཉིས་པ་ནི། བར་འདིར་རྫོགས་རིམ་གྱི་ཡེ་ཤེས་མ་སྐྱེས་པ་བསྐྱེད་པའི་དོན་དུ། མཆོག་
༡༥༠ དབང་གོང་མ་བླ་མའི་མན་ངག་དང་ལྡན་པ་བསྐུར་དགོས་ཏེ། དེའི་ཡི་གེ་ལོགས་སུ་ཡོང་པ་ལྟར་ཡིན་ལ། དེ་ཡང་དབྱེ་ན་གསུམ་གྱི། རྗེས་སོ་སོར་བསྡུད་པའི་སྔོན་དུ་བྱེད་པ་ཐོབ་ཐང་གི་དུས་སྐབས་ཡིན་བྱངཞིང་དེང་སང་དེ་ལག་ལེན་མི་བདེ་བས་སྐབས་འདིར་བྱེད་པའི་ལག་ལེན་གཙོ་ཆེའོ། །དེ་ནས་འཁྲིད་འབོགས་པ་ནི་རྒྱུད་ལས་བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས་ཀྱིས་བསྙེན་པ་སྟེ། ཞེས་གསུངས་པའི་དོན་འགྲེལ་བར་ལྟོས་མེད་བཞི་ལྡན་དུ་གསུངས་ཤིང་། གསང་འདུས་ལས་ཀྱང་ལུས་ངག་སེམས་རྣམས་སྒོམ་པ་ནི། རྣམ་པར་མི་རྟོག་མི་དམིགས་པ། །གང་ནའང་མི་གནས་མཉམ་པ་ཉིད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྒོམ། །ཞེས་གསུངས་པའི་མན་ངག་སྟེ། ལྟོས་མེད་བཞི་ལྡན་ནམ། དབེན་པ་གསུམ་ལྡན་ཞེས་བྱའོ། །དེ་ཡང་ལུས་ཀྱི་ལོངས་སྤྱོད་དང་། །བདེ་སྡུག་སོགས་གང་ལའང་ཆགས་སྡང་སྤངས་ཤིང་། ཇི་སྙམ་པ་མི་བྱེད་ལ། དགག་སྒྲུབ་བླང་དོར་གྱི་རྟོགས་པ་སྤངས་པ་ནི། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ཞེས་བྱ་བ་ཡིན། དེ་བཞིན་དུ་ངག་དང་། ཡིད་དང་། འཕོ་བའི་ལོངས་སྤྱོད་ལའང་སྦྱར་བས། ལྟོས་མེད་བཞི་ལྡན་གྱི་གདམས་པ་ཞེས་བྱ་ལ། སྔོན་འཁོར་བ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་བྱ་བྱེད་ཁོ་ན་ལ་འདས་ཀྱང་དོན་མེད་དང་དོན་ལོག་པར་སོང་ནས། ཡང་དག་པའི་འབྲས་བུ་གང་ཡང་མ་གྲུབ། ད་ཕྱིན་ཆད་བྱར་མེད་དུ་བཞག་ན། གྲུབ་བཔ་དང་བདེ་བ་བླ་ན་མེད་པ་ཐོབ་ངེས་པས། ནང་གི་ཁམས་འཁྲུགས་པ་སོགས་གེགས་དང་གོལ་ས་སྤང་བའི་ཕྱིར་དུ། ལུས་གནད་བཅའ་ཞིང་། རླུང་རོ་གསལ་བ་དང་། །ཡང་དག་པའི་དོན་ལ་སེམས་གནས་པའི་ཕྱིར་དྲན་པ་བསྟེན་རྩམཙམ་མ་གཏོགགཏོགས །མི་དགེ་བ་དང་ལུང་མ་བསྟན་ལྟ་ཅི་སྨོས། །ཏིང་ངེ་འཛིན་འདི་ལ་བརྟན་པ་ཅུང་ཟད་མ་ཐོབ་ཀྱི་བར་དུ་དགེ་ལས་ཀྱི་སྤྲོས་པ་ཡང་ཕལ་ཆེར་བསྐྱུངས་ནས་ལུས་བྱ་བྱེད་ཀྱིས་དབེན་པ། ག་
༡༥༡ སྨྲ་བརྗོད་ཀྱིས་དབེན་པ། སེམས་རྣམ་རྟོག་གི་དབེན་པ་གཅིག་རྣམས་དགོས་པས། དབེན་པ་གསུམ་བསྟེན་པ་ཞེས་བྱ་བ་ཡིན་ནོ། །དེ་ལ་འདི་སྐབས་སུ། མུན་ཁང་དང་བལྟ་སྟངས་ངེས་པ་ཅན་ལ་སོགས་པ་མཐའ་གཅིག་ཏུ་དགོས་པ་མ་ཡིན་ཡང་དངོས་བཞི་སོར་བསྡུད་ལ་མྱུར་དུ་འཇུག་དགོས་པས་དེའི་ལམ་བྱང་བར་འགྱུར་བའི་ཕྱིར། མུན་ཁང་དང་བལྟ་སྟངས་ངེས་པ་ཅན་ཡང་ཕྱག་ལེན་ལ་མཛད་པར་གདའ། དེས་ན་འདི་ལྟར་བྱ་སྟེ། གནས་སྤྱིའི་མཚན་ཉིད་ནི། དུས་འཁོར་རྩ་རྒྱུད་ལས། གང་ནས་སྐྱོང་ཆོས་ལྡན་ཞིང་། གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། བདེ་བ་གནས་ས་འཛིན་རྩོད་མེད་པ། དེར་ནི་རྣལ་འབྱོར་ཡང་དག་བཙམས། །ཞེས་གསུངས་པ་ལྟར་གྱི་ཡུལ་ཕྱོགས་དང་མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་པ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན། །ཅེས་དང་། ཇི་སྐད་དུ། ལས་དང་པོ་ཡི་གང་ཟག་གིས། །ལུང་དབེན་པ་ལ་མ་བརྟེན་པར། །སེམས་དབེན་རྙེད་པར་མི་འགྱུར་བས། །འདྲིས་སྤངས་དབེན་པར་གནས་པར་བྱ། །འདྲིས་པས་འདྲིས་ཤིང་ཆགས་པར་བྱེད། །དེ་ཡིས་འཁོར་བའི་འཁོར་ལོ་བསྐོར། །དེ་བས་འདྲིས་པ་སྤང་བ་ལ། །རྟག་ཏུ་བག་དང་ལྡན་པར་བྱ། །ཞེས་པ་ལྟར། ཉིན་མོ་སྐྱེ་བོའ་རྒྱུ་འགྲུལ་མེད་པ། །མཚན་མོའ་བརླག་ཅོར་མེད་པ། འཚེ་བའི་འཇིགས་པ་མེད་ཅིང་། འཐུང་རྒྱུའི་ཆུ་ལུས་ལ་མི་གནོད་པ་ཅིག་དགོས། ཐུན་མོང་མ་ཡིན་པའི་གནས་ཀྱི་ཁང་པར་འབྱོར་ལྡན་ཡིན་ན། སྟེང་ཁང་ངམ་བར་ཁང་མུན་ཁང་སྒོ་ཁྱོག་རིམ་པ་གསུམ་པ། སྐར་ཁུང་ཕྱི་ཆུང་ལ་ནང་ཡངས་པ། ཕྱི་ན་མཐོང་དཀར་ཞིང་། དེ་འབོ་རྡོ་སོགས་ཀྱིས་བཀག་ན་སྣང་བ་རྟ་རྔ་ཙམ་ཡང་མི་འབྱུང་བ་ཞིག་དགོས་པ་ཡིན་ལ། ཀུན་སྤངས་ཀྱི་གནས་ནི། ས་ཕུག་དང་། བྲག་ཕུག་དང་། ཁྱིམ་ལ་སོགས་པ་
༡༥༢ ཇི་ལྟར་རིགས་པ་སྟེ། འོན་ཀྱང་སྐམ་ཞིང་ས་རླངས་མེད་པ་མུན་པ་ཤིན་ཏུ་གནག་པ་ཞིག་དགོས་ལ། དེ་ལྟར་ཡོད་ན་གང་དུའང་རུང་ངོ་། །གནས་དེར་སྔོན་འགྲོ་སྒོམ་པའི་ཚུལ་ནི། ཐུན་དང་པོ་ལ་སྐྱབས་འགྲོ་སེམས་བསྐྱེད། བླ་མའི་རྣལ་འབྱོར་བསྐྱེད་རིམ་རྣམས་ལུས་གནད་ཅི་བདེ་བའི་ངང་ནས་བྱ། ཐུན་ཕྱི་མ་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་དང་། བླ་མ་ལ་མོས་གུས་དུང་ཙམ་བྱས་པས་ཆོག །སྔར་བསགས་སྦྱང་གི་འཁྲིད་གཉིས་ལ་ཉམས་མྱོང་མ་སྐྱེས་ན། ཐུན་དང་པོ་ལ་ཡིག་རྒྱ་དང་མཎྜལ་ཡང་བྱེད་དགོས་པས། སྐྱབས་འགྲོ་སེམས་བསྐྱེད་གྲུབ་མ་ཐག་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་། དེའི་རྒྱུན་ལ་མཎྜལ་དང་། བླ་མའི་རྣལ་འབྱོར་དང་། ཤུནྱ་ཏས་སྟོང་པར་སྦྱང་བ་ནས། སེམས་འཛིན་པའི་བར་གྱིས་བསྐྱེད་རིམ་ཀྱང་བྱེད། དེའི་ནང་ནས་ཀྱང་ཅུང་ཟད་རྒྱས་པ་ལ་སྤྲོ་ན་སྔར་བཤད་པ་བཞིན་དང་། བསྡུ་ན་སྐྱབས་འགྲོའི་སྐབས་སྐྱབས་ཡུལ་རང་ལ་མ་བསྟིམ་པར་མདུན་དུ་བཞུགས་སུ་གསོལ་བ་ལ། མཎྜལ་གྱི་སྐབས་སུ་མཎྜལ་འབུལ་བ་དང་། དེ་ཁོ་ལ་གསོལ་འདེབས་མན་ཆད་ཀྱི་བླ་མའི་རྣལ་འབྱོར་རྣམས་བྱས་པས་ཟོར་ཡང་ཞིང་གནད་ལ་འབྱོར་བར་འོང་། ཐུན་གྱི་སྔོན་འགྲོ་ཉམས་སུ་ལེན་ལུགས་དབེན་གསུམ་གྱི་སྐབས་འདིར་མ་ཟད། འདི་མན་ཆད་དངོས་གཞིའི་སྐབས་སོགས་ཐམས་ཅད་དུ་འདྲ་བ་ཡིན་ནོ། །དབེན་གསུམ་གྱི་ཉམས་ལེན་དངོས་ནི། མུན་ཁང་དེར་བསམ་གཏན་འབོལ་ཆུང་བཏིངས་ནས། ལུས་གནད་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་། སྒལ་ཚིགས་དང་ལྟག་པ་བསྲང་། ལྐོག་མས་ཨོལ་མདུད་ནོན་ཙམ་གྱིས་མགྲིན་པ་དགུག །སོ་མཆུ་རང་བས་བཞག །ལྕེ་རྩེ་རྐན་ལ་སྦྱར། མིག་གི་ལྟ་སྟོང་ས་དང་ལག་པ་ནི་སྐབས་འདིར་ཇི་ལྟར་བདེ་བ་ཡིན་མོད་ཀྱང་། དངོས་བཞིའི་སྐབས་ལག་པ་ཁུ་ཚུར་བརླར་བཞག་དགོས་པས་དེ་འབྱོངས་པའི་ཕྱིར་འདིར་ཡང་བྱ་སྟེ།
༡༥༣ མཐེ་བོས་སྲིན་ལག་གི་རྩ་བ་མནན་པ་ལ་སོར་མོའ་རྣམས་ཀྱིས་ཕྱི་ནས་བསྡམས་པའི་ཁུ་ཚུར་ཀྱིས་བརླའི་རྩ་བར་མནན་ལ་ལག་ངར་བསྲང་། མིག་ཀྱང་དངོས་གཞི་དང་ཕྱོགས་མཚུངས་པར་སྟེང་ཕྱོགས་ཀྱི་ནམ་མཁའ་ལ་བལྟ་བའི་ཚུལ་གྱི་གྱེན་དུ་བསྒྲིལ་ནས་འབྱེད་འཛུམ་སོགས་མི་བྱེད་པར་གཡོ་མེད་དུ་བཞག །དེ་དེ་ལྟར་ལུས་གནད་བཅས་མ་ཐག་ཏུ་སྔར་རླུང་འཁྲུགས་པ་དང་འཁྱམས་པ་སེལ་ཅིང་ཕྱིས་རླུང་སྐྱོན་མི་འབྱུང་བའི་ཕྱིར་རླུང་རོ་ལན་གསུམ་སྣ་སྒོ་ནས་སངས་ཀྱིས་འབུད། དེ་རྗེས་ནས་ཐུན་གྲོལ་གྱི་བར་དུ་རླུང་རང་བབས་སུ་བཞག །ཅི་བདེར་རྒྱུ་རུ་གཞུག །སེམས་ཀྱི་གནད་གང་ཡང་བསམ་དུ་མེད་པ། ཅི་ཡང་ཡིད་ལ་མི་བྱེད་པ། ཆེད་དུ་མ་སྒྲིམ། ཆེད་དུ་མ་གློད། བར་ནམ་མཁའ་སོགས་ལ་ཆེར་གྱིས་བལྟ་བ་ཡང་མ་ཡིན། ཚུར་རང་ཉིད་ལ་ཆེད་དུ་ལྟ་བ་ཡང་མ་ཡིན། གང་ལ་ཡང་མི་བརྟེན་ཅིར་ཡང་འཆར་རུང་ཙམ་དེ་ལ། བཟོ་བཅོས་མེད་པར་ལྷོད་དེ་བཞག །དེ་ཁ་ལ་གནས་ཤིང་སྒོམ་དུ་བཏུབ་ན་ལེགས། གལ་ཏེ་སེམས་འཕྲོ་ན་དེའི་གཉེན་པོ་བརྟེན་དགོས། དེ་ལ་འཕྲོ་ལུགས་གཉིས་ཏེ། སེམས་གནས་འཕྲོ་ལ་རྣམ་རྟོག་ཐོལ་ཐོལ་སྐྱེ་ཞིང་གཟུགས་སོགས་ཡུལ་གྱི་རྣམ་པ་ཡིད་ལ་ཝལ་ཝལ་འཆར་ལ། ཤར་མ་ཐག་ཏུ་སེམས་འཕྲོས་པ་རང་གི་ཤེས་ཀྱིན་འདུག་ན། དེ་ལ་དགའ་མི་དགའ་དང་རྟོག་དཔྱོད་གང་ཡང་མི་བྱ་བ་དེ་ཉིད་འཕྲོ་རྦད་ཀྱིས་བཅད་ནས། སེམས་འཇོག་ཚུལ་སྔར་གྱི་དེ་ཁ་བསྐྱངས་པས་ཆོག །ཡང་རྣམ་རྟོག་གཅིག་ལ་གཅིག་བརྒྱུད་པ་སྣ་ཚོགས་པ་འཕྲོ་ཞིང་ཡུན་རིང་པོར་འབྱམས་འགྲོ་ན་སྐྱོན་ཆེ་སྟེ། འོན་ཀྱང་འདི་ལ་ནམ་དྲན་པས་ཟིན་མ་ཐག་ཏུ། ད་ཕྱིན་ཆད་འོག་འགྱུ་རྒྱརྒྱུ་འབྱམས་སུ་འགྲོ་བ་འདི་མ་བྱུང་བ་བྱེད་དགོས། ནམ་འཕྲོ་བ་ན་དྲན་པས་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་པོས་སྐབས་
༡༥༤ སྐབས་སུ་བཏང་། གང་ཡང་བསམ་དུ་མེད་པའི་ངང་ནས་རིག་པ་ཁོང་སྒྲིམ། སེམས་གནས་སམ་མི་གནས། འཕྲོ་འམ་མི་འཕྲོ་སྙམ་པའི་དྲན་ཤེས་ཀྱི་བྱ་ར་ཡང་ཡང་བཏང་བས། འོག་འགྱུ་རྒྱརྒྱུ་འབྱམས་ཀྱི་སོང་བ་དེ་ཇེ་ཆུང་ཇེ་ཆུང་ལ་སོདསོང་པ། མི་རིང་བ་ན་སོངས་ཏེ་འགྲོ། །དེ་ལྟར་རྩེ་གཅིག་ཏུ་འཇུར་ལ་སྒོམ་ཞིང་། ཐུན་འཇོག་ཁར་དགེ་བ་བསྔོ་བ་གོང་དང་འདྲ། ཐུན་མཚམས་སུའང་སེམས་བཟོ་མེད་ཀྱི་གདངས་དང་མ་བྲལ་བ་བྱ་ཞིང་། གཏམ་ཅལ་ཅོལ་མི་སྨྲ། སྐུ་མཉེ་དང་ཁ་ཟས་ཀྱི་ལྕག་གིས་བསྐུལ། །འདི་ལྟར་བསྒོམ་པས་ལུས་ཉམས། ངག་ཉམས་སེམས་ཉམས། མཐོང་ཉམས། རྨི་ལམ་སོགས་གང་བྱུང་ཀྱང་། ཉམས་ཀྱི་སྣེ་མི་བསྐྱིལ་མི་བཀག་པར་རང་བབས་ལ་གང་བྱུང་དེ་ཀ་བྱུང་རྒྱལ་ལྷུག་པར་བསྐྱང་དགོས། ཇི་སྐད་དུ། གང་ལའང་སྐྱོན་དུ་མི་བལྟ་ཞིང་། །ཅི་ཡང་མ་ཡིན་ཉམས་སུ་བླངས། །དྲོད་རྟགས་ལ་སོགས་འདོད་མི་བྱ། །སྒོམ་དུ་མེད་པར་བསྟན་མོད་ཀྱང་། །ལེ་ལོ་བཏང་སྙམས་དབང་མི་བཏང་། །ཞེས་གསུངས་པ་ལྟར་ཡིན། ཐུན་ཐུན་མཚམས་ཐམས་ཅད་དུ་བཟང་དུ་རེ་བ་དང་། སྐྱོན་གྱིས་དོགས་པ་མི་བྱ། སྤྱོད་ལམ་དྲག་ཤུལ་དང་། འདོད་ཡོན་ལ་དགའ་བ་སོགས་ཀྱི་རྣམ་རྟོག་སྤངས། ཀུན་ཏུ་བྱང་ཆུབ་ཀྱི་སེམས་མ་ཉམས་པར་བསྲུང་། གོས་སོགས་གྲང་དྲོ་རན་པ་དང་། མཚན་མོའ་གཉིད་ཚིམ་པར་ལོག །ཉིན་མོའ་གཉིད་སྤངས། ཐུན་གྱི་སྐབས་རྩེ་གཅིག་ཏུ་ཤུགས་ཕྱུང་ལ་སྒོམ་ཞིང་། ཐུན་ཡུན་བསྲིང་བ་ལེགས་སོ། །དམིག་བསྐོར་བདུན་པ་དབེན་གསུམ་གྱི་འཁྲིད་ཚར། འདི་སྐབས་ཞག་གཉིས་གསུམ་སྒོམ་དུ་བཅུག་ཅིང་། དེ་བར་ལ་སྤོ་ཞིང་དགོས་ན། དབེན་པའི་ཕན་ཡོན་དང་། ཞི་ལྷག་གི་རང་བཞིན། དབེན་གསུམ་གྱི་གནད་རྣམས་ཞིབ་མོར་བཤད། དེ་ལྟར་ལེགས་པོར་ངེས་སུ་བཅུག་
༡༥༥ ནས་ལག་ལེན་བསླབ། བྱིན་རླབས་བྱ། ལག་ལེན་སྤྲོས་པ་ལ་དགའ་ན། བྱིན་རླབས་འབེབས་ཤིང་གཏོར་དབང་ཡང་བསྐུར་ཏེ། དེའི་ཚུལ་ནི་བླ་མ་གོང་མ་རྣམས་ཀྱིས་ལོགས་སུ་ཡི་གེ་མཛད་པ་ལྟར་ཤེས་པར་བྱའོ། །དེ་རྗེས་ནས་མུན་འཁྲིད་ཀྱི་མཚམས་ལ་འཇུག །འཁྲིད་ལྟ་ཡང་ཡང་བྱ་ཞིང་། གནད་དུ་མ་འབྱོར་བ་རྣམས་བཅོས། གེགས་སེལ་དང་ངོ་སྤྲོད་པ་སོགས་སྐབས་སུ་གང་བབ་བྱའོ། །དེ་དག་གིས་ནི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོའི་འཁྲིད་རྣམས་ཚར་བ་ཡིན་ནོ། །གཉིས་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་དངོས་བཞི་སྒོམ་པའི་རིམ་པ་ནི། དུས་འཁོར་རྩ་རྒྱུད་དང་། གསང་འདུས་རྒྱུད་ཕྱི་མ་ལས། སོ་སོར་བསྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་ཤིང་། བདེ་མཆོག་རྩ་རྒྱུད་ལས། སྔགས་བཟླས་པ་དང་བསམ་གཏན་དང་། བདེ་བས་ཀྱང་ནི་འགྲུབ་པར་འགྱུར། ཅེས་དང་། དགྱེས་རྡོར་ལས་ཀྱང་། ཡན་ལག་དྲུག་བསྒོམ་རྣལ་འབྱོར་བས། །ཞེས་སོགས་མང་དུ་གསུངས་ཏེ། མདོར་ན་ཡན་ལག་དྲུག་ནི། སོར་སྡུད་གྱི་ཡན་ལག་བསམ་གཏན་སྲོག་རྩོལ་འཛིན་པ། རྗེས་དྲན་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། དྲུག་པོ་དེ་ཡིན་ལ་དེ་དག་རྡོ་རྗེ་བཞིའི་རྣལ་འབྱོར་གྱི་དབང་དུ་བྱས་ན། སོར་བསམ་སྐུ་རྡོ་རྗེའི་རྣལ་འབྱོར། སྲོག་འཛིན་གསུང་རྡོ་རྗེའི་རྣལ་འབྱོར། རྗེས་དྲན་ཐུགས་རྡོ་རྗེའི་རྣལ་འབྱོར། ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་རོ། །བསྙེན་བསྒྲུབ་ཡན་ལག་བཞི་ལྟར་ན། །སོར་བསམ་བསྙེན་པ། སྲོག་འཛིན་ཉེར་སྒྲུབ། རྗེས་དྲན་སྒྲུབ་པ། ཏིང་ངེ་འཛིན་སྒྲུབ་ཆེན་ནོ། །དགེ་བ་གསུམ་ལྟར་ན། སོར་བསམ་ཐོག་མར་དགེ་བ། སྲོག་འཛིན་བར་དུ་དགེ་བ། དྲན་ཏིང་ཐ་མར་དགེ་བའོ། །རྒྱུ་འབྲས་གཉིས་ལྟར་ན། །སོར་སྡུད་སྲོག་
༡༥༦ རྩོལ་རྗེས་དྲན་གསུམ་རྒྱུའི་ཡན་ལག་བསམ་གཏན་འཛིན་པ། ཏིང་ངེ་འཛིན་གསུམ་འབྲས་བུའི་ཡན་ལག་གོ །ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོའ་རྣལ་འབྱོར་དུ་གཅིག་ལ། ཡན་ལག་དངོས་རྣམས་ནི་སྔ་མ་སྔ་མ་མཐར་ཕྱིན་ནས་ཕྱི་མ་ཕྱི་མ་རྒྱུད་ལ་སྐྱེ་བས་ཐོག་མར་སྐྱེ་བའི་དུས་སྐབས་རིམ་ཅན་དུ་གནས་ཤིང་། དེ་དག་སྐྱེ་བའི་རྒྱུ་ཚོགས་ལ་བསླབ་པ་ཡན་ལག་དྲུག་རྗེས་མཐུན་པ་ནི། ཐོག་མར་སོ་སོར་ཞུས་ཤིང་སྦྱང་ནས། དེ་རྗེས་སྟན་ཐོག་གཅིག་ཏུ་རྫོགས་པར་ཉམས་སུ་ལེན་ནོ། །དེས་ན་སྐབས་འདིར་དངོས་གཞི་ལ། ཐོག་མར་དགེ་བའི་འཁྲིད། བར་དུ་དགེ་བའི་འཁྲིད། ཐ་མར་དགེ་བའི་འཁྲིད་དེ་གསུམ་ལས། དང་པོ་ལ། སོ་སོར་བསྡུད་པའི་འཁྲིད་དང་། བསམ་གཏན་གྱི་འཁྲིད་དོ། །དང་པོ་ནི། གོང་མ་མང་པོ་དག་དུས་ཞབས་སྙན་བརྒྱུད་ལས། ཀུན་ལའང་དྲུག་ཏུ་ཤེས་བྱ་སྟེ། ཞེས་པའི་གོ་དོན་དུ་མཛད་ནས། ཡན་ལག་ཐམས་ཅད་ལ་ས་བཅད་དྲུག་གིས་འཆད་པ་གདའ། ས་བཅད་ནི་བཤད་པ་ཡིན་པས་ཇི་ལྟར་སྦྱར་ཀྱངཡང་རུང་མོད། སྐབས་འདིར་གོང་མའི་གསུང་ལས་ཀྱང་མི་འདའ་ཞིང་། གོ་བདེ་བར་སྦྱར་ན་འདི་ལྟར་ལེགས་ཏེ། སོར་སོར་བསྡུད་པའི་འཁྲིད་སྟོན་པར་བྱེད་པ་ལ། ཉམས་ལེན་དམིགས་པའི་གནད་དང་། སྒོམ་དོན་བློ་ལ་འགོད་པ་གཉིས་སོ། །དང་པོ་ལ། སོར་བསྡུད་དངོས་དང་། བོགས་འདོན་སྤོགས་པའི་ཆོ་ག་གཉིས་སོ། །དང་པོ་སོར་བསྡུད་དངོས་ལ། མཚན་མོ་གསེང་མེད་ནམ་མཁའི་རྣལ་འབྱོར་དང་། ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་རོ། །དང་པོ་ནི། རྒྱུད་ལས། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། ཅེས་གསུངས་ཏེ། སྔོན་འགྲོ་སྔར་བཞིན་བཏང་། གནས་ཁང་སྐབས་འདིར་ངེས་པར་མུན་ཁང་ཁོ་ན་ཡིན་ཅིང་། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངེས་པར་དགོས་ཏེ། དྲི་མེད་འོད་
༡༥༧ ལས། བླ་མའི་ངེས་པའི་དབང་གིས་སྒོམ་པའི་དུས་དང་། འདོད་པའི་ལྷ་ལ་བསྟོད་པའི་དུས་སུ་གྲགས་བཞིན་དུ་སངས་རྒྱས་པ་རྣམས་ལ་རྡོ་རྗེའི་གདན་བསྔགས་ཤིག །ཅེས་གསུངས། ལག་པའང་མཉམ་བཞག་གམ་ཁུ་ཚུར་བརླར་བཞག་གང་རུང་ཞིག་དགོས་པར་གསུངས་པས་གཞན་མི་བྱ། ལྟ་སྟངས་ནི་རྒྱུད་ལས་བསྙེན་པ་ལ་ནི་དང་པོའ་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའ་ལྟ་བས་སོ། །ཞེས་འབྱུང་བས། གཙུག་ཏོར་འཁོར་ལོས་བསྒྱུར་བའི་ལྟ་སྟངས་ཞེས་བྱ་བ། སྨིན་མཚམས་ནས་སོར་བཅུ་དྲུག་གཞལ་བའི་སྟེང་གི་ནམ་མཁའ་ལ་ལྟ་བ་འདི་ཁོ་ན་དགོས། དེ་ཡང་དབང་མདོར་བསྟན་ལས། བཀབ་དང་མ་བཀབ་མིག་དག་གིས། །ཞེས་གསུངས་པས། མིག་ཧ་ཅང་གདངས་པ་མ་ཡིན་པ། །ཧ་ཅང་བཙུམ་པ་མ་ཡིན་པ། །རང་བབས་ཀྱི་ངང་ནས་མིག་འབྲས་གྱེན་ལ་བཟློག་པ་ཡིན། དམིགས་གསལ་ཅན་རྣམས་མ་ཏོགས། སོར་བསམ་གཉིས་ཀྱི་སྐབས་ཐམས་ཅད་དུ་ལུས་གནད་ལྟ་སྟངས་འདི་ཁོ་ནར་ངེས་སོ། །དེ་ལྟར་ལུས་གནད་བཅས་ནས། བྱ་བ་གཞན་སྤངས་ཏེ་བཞག་པས་རྩ་རྣམས་གཡོ་མེད་དུ་གནས་པ་ནི་ལུས་མི་གཡོ་བ། ངག་གནད་དབེན་གསུམ་གྱི་སྐབས་བཞིན་བྱས་པས་ངག་མི་གཡོ་བ། སེམས་ཀྱི་གནད་ཀྱང་ཕལ་ཆེར་དབེན་གསུམ་དང་འདྲ་བ་ལས། གང་དུ་མིག་ལྟ་བའི་ཐད་ནམ་མཁའི་མུན་པ་ལ་སེམས་ཆེ་རེ་གཏད་ནས་འཇོག་པ་ཡིན་ཏེ། དྲི་མེད་འོད་ལས། དང་པོར་སྟོང་ཉིད་བྱང་ཆུབ་ནི་མུན་པ་ལ་ཅི་ཡང་བསམ་པར་མི་བྱའོ། །ཞེས་གསུངས་ཏེ། ཡིད་མི་གཡོ་བའོ། །དེ་ལྟར་ན། གྲུབ་ཐོབ་ཤཱ་ཝ་རི་པའི་ཞལ་ནས། མི་གཡོ་བ་ནི་གསུམ་ལྡན་གྱིས། དྷུ་ཏཱིར་རླུང་བཅུ་ཚུད་གྱུར་པས། ཕྱི་ནང་རྟོག་འགགས་རྟགས་བཅུ་འབྱུང་། སོ་སོར་གཅོད་པའི་ཡན་ལག་ཡིན། །ཞེས་གསུངས་པའི་དོན་ཚང་བར་བྱ་ཞིང་། དཔལ་ས་ར་ཧས་ཀྱང་།
༡༥༨ མང་དུ་སྨྲས་པས་ཅི་ཞིག་བྱ། །ཆོས་ཀྱི་ཚང་ནི་འདི་ཡིས་ཆོག །སིག་ཕྱེད་གྱེན་དུ་ལྟ་བ་ན། མཐོང་བ་བརྟན་པ་ཏིང་གྱིས་ཤེས། ཞེས་དང་། །བར་སྣང་ལ་ནི་ཡིད་དང་རླུང་དང་མིག །དུས་གཅིག་ཏུ་ནི་གལ་ཏེ་ངེས་སྦྱར་ན། །རིན་ཆེན་རྒྱལ་བའི་ཡོན་ཏན་ངེས་པར་སྐྱེ། །འདི་དག་མཐའ་དག་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། ལྟ་སྟངས་ངེས་པར་གྱེན་དུ་བལྟ་དགོས་པ་ཡང་། འབྲེལ་ཆེན་ལས། མིག་མི་འཛུམ་པར་སྟེང་དུ་ལྟ་བས། མཚན་མར་འགྱུར་བ་ཡིན་ཏེ། ཞེས་གསུངས་སོ། །དེ་ལྟར་ན། ལུས་གནད་བྱེད་བཅིང་དང་ལྡན་པས་ཡིད་མིག་རླུང་གསུམ་གཙུག་ཏོར་ཐད་ཀྱི་ནམ་མཁའ་དང་དབྱེར་མེད་དུ་བསྲེས་ཏེ། གང་ཡང་ཡིད་ལ་མི་བྱེད་པར་སྒོམ་དགོས་སོ། །སོར་སྡུད་ཀྱི་དམིགས་པ་དངོས་ཏེ། དངོས་བཞིའི་དམིགས་པ་དང་པོའོ། །ཡང་པཎ་ཆེན་བོ་དྷུ་ཏི་ཙནྡྲའི་མན་ངག་ལས། དམིགས་པ་གཏོད་ཚུལ་མི་འདྲ་ཙམ་བཞི་བྱུང་བའི་མན་ངག་ནི་འདི་ཡིན་ཏེ། སོར་སྡུད་ཀྱི་དམིགས་པའི་རྩ་བ་སྔར་བཤད་པ་དེ་ཉིད་བསམ་མེད་ཀྱི་རྣལ་འབྱོར་ཞེས་བྱ་བ། དཔེ་ལྷ་ཁང་ནང་གི་ལྡེལྡེབ་བཟོ་ལྟ་བུ་ཟེར། དེ་སྐབས་སེམས་མ་གཞུར་བའི་སྐྱོན་གྱིས་རྟོག་པ་འཕྲོ་བའམ། སྒོམ་སྐྱོན་ཅན་ཐེབས་ཏེ། ཤེས་པ་ལྟེང་པོར་སོང་ནས་སྒོམ་མིན་གཉིད་མིན་དུ་འགྲོ་ན། །ལྟ་ལྟངསསྟངས་ཀྱི་ལམ་ནས། དྲངས་ཏེ། ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་བ་ལྟ་བུ་ཤེས་པ་དྲག་ཏུ་གཏད། རིམ་པ་ཧུར་ཕྱུང་ཏེ་སྒྲིམས་ནས་སྒོམ་པ་ནི། རྩེ་གཅིག་པའི་རྣལ་འབྱོར་ཞེས་བྱ་སྟེ། སྤྲེའུ་སྒོ་གཅིག་ཏུ་གཏགས་པ་ལྟ་བུའོ། །དམིགས་བསྐོར་གཉིས་པའོ། །དེ་ལྟར་སྒོམས་པས་རླུང་སྟོད་དུ་འཚང་བ་དང་། མིག་རུས་ན་བ་དང་། ཡེ་ཤེས་ཕེབས་པ་མ་ཡིན་པར་བརྒྱལ་བ་དང་། ཟུག་གཟེར་སྐྱེ་བ་སོགས་བྱུང་ན། བྱེད་བཅིང་སྔར་ལས་མ་གཡོས་བཞིན་དུ་སེམས་གསལ་རིག་གི་སྟེང་
༡༥༩ ཆེ་རེ་བཟོ་བཅོས་མེད་པར་བཞག་ཅིང་། འདས་མ་འོང་གི་རྣམ་པར་རྟོག་པར་སྤངས་ཏེ། ད་ལྟར་བའི་ཤེས་པ་སོ་མ་ལ་རང་ངོ་ཤེས་པའི་དྲན་པ་བསྟེན་པ་ནི། རང་གྲོལ་གྱི་རྣལ་འབྱོར་ཏེ། དཔེ་སྤུན་གསུམ་གྱི་བར་མ་དང་འགྲོགས་པ་ཞེས་བྱ་སྟེ། དམིགས་བསྐོར་གསུམ་པའོ། །དམིགས་པ་དེ་ཉིད་ཀྱི་སྐབས་སུ། སེམས་སྒྲིམས་པས་ཡུད་ཙམ་རེ་གནས་ཤིང་། དེའི་འཕྲོ་ལ་ཇི་ཙམ་སྒྲིམས་ཀྱིན་འཕྲོ་རྐོང་དུ་སོང་ན། ཧ་ཅང་གྲིམས་དྲགས་པའི་སྐྱོན་ཡིན་པས། མ་ཡེངས་པའི་དྲན་པའི་བྱ་ར་ཙམ་བཞག་ནས། གང་ཡང་མི་བསྒོམ་པར་ལྷོངལྷོད་ཀྱིས་གློད་དོ། །འདི་ནི་རྩོལ་བྲལ་ཀྱི་རྣལ་འབྱོར་ཏེ། དཔེ་རྔ་མོམོང་བཏགས་གྲོལ་ལྟ་བུའོ། །དམིགས་བསྐོར་བཞི་བའོ། །དམིགས་པ་ཕྱི་མ་གསུམ་པོ་འདི་རྣམས་ཀྱང་དང་པོའ་སྟེང་དུ་ཚང་བར་བྱ་སྟེ། རེས་འགའ་སྒིམ། རེས་འགའ་གློད། རེས་འགལ་སེམས་གསལ་རིག་གི་ངོ་བོ་ལ་ལྟ། ཕལ་ཆེར་རྩོལ་བྲལ་བཟོ་མེད་དུ་འཇུག་པ་ཉིད་མཐིལ་དུ་བྱས་དེ་སྒོམ་མོ། །དམིགས་བསྐོར་ལྔ་པའོ། །མཚན་མོའ་རྣལ་འབྱོར་གྱི་དམིགས་པ་དང་པོ་ཕོག་པའི་མཚམས་སམ། སྐབས་འདི་གཉིས་གང་འོས་ཤིག་ཏུ་དངོས་གཞིའི་མུན་འཁྲིད་དམ་པོ་ལ་འཇུག་པར་བྱའོ། །གཉིས་པ་ནི། ཉིན་མོའ་རྣལ་འབྱོར་ཡིན་ཏེ། དེ་ལ་གནས་ཀྱི་ཁྱད་པར་ནི། འབྱོར་ལྡན་གྱི་གནས་ཕྱེད་གཡབ་ཁ་ཤར་བསྟན་དང་ནུབ་བསྟན་ལྟ་བུ་ཡིན་ལ། ཀུན་སྤངས་ཀྱི་གནས་ནི། སྐྱོར་འམ། བྲག་དང་ཤིང་ལ་སོགས་པས་རང་གི་ལུས་ལ་གྲི་མ་མ་འབྱུང་ཞིང་། སྐྱེ་བོ་གཞན་གྱིས་ཚུར་མི་མཐོང་བ་ཞིག་དགོས་ལ། གཉིས་ཀ་ལ་ཡང་མཚུངས་པར་ནམ་མཁའ་རྒྱ་ཆེན་པོ་མཐོང་བའི་སར་སྒོམ་དགོས་པ་ཡིན་ནོ། །མིག་ལམ་ན་མར་ཆུ་འབབ་པ་དང་། མཚོ་རྫིང་སྟེང་ཀ་སོགས་མཐོང་སར་མི་སྒོམ། ཞེས་བླ་མ་གོང་མ་འགའ་ཞིག་བཞེད་ཅིང་། ནུབ་བྱང་ལ་མི་ལྟ་ཞེས་ཀྱང་ཁ་ཅིག་འདོད་ལ།
༡༦༠ ཉི་འོད་དང་། གངས་རི་སོགས་འོད་འཚེར་བས་མིག་ལ་གནོད་པས། དེ་དག་ཀྱང་མིག་ལམ་དུ་མི་འབྱུང་བའི་སའོ། །དུས་ནི་སྔ་གྲོདྲོ་ཉི་མར་རྒྱབ་ཕྱོགས་ཏེ། །ཕྱི་དྲོ་ཡང་ནི་དེ་བཞིན་ནོ། །ཉི་ཕྱེད་མིག་ལ་གནོད་པས་སྤངས། །ཞེས་པ་ལྟར། སྔ་དྲོ་ཁ་ནུབ་ཏུ་ཕྱོགས། །ཕྱི་དྲོ་ཁ་ཤར་དུ་ཕྱོགས་པར་སྒོམ་ཞིང་། ཕྱེད་གཡབ་བྱང་བསྟན་ནམ། བྲག་དང་རྩིག་པ་ལ་སོགས་པའི་གྲིབ་མ་ཆེ་བར་ཡོད་ན། ཉིན་གུང་ཡང་བྱང་དུ་ཕྱོགས་པས་སྒོམ་དུ་རུང་། དེ་དག་ཀྱང་སྤྲིན་སེར་བུ་ལ་སོགས་པ་མེད་པའི་དུས་སུ་སྒོམ་ཞེས་གསུངས་པ་ལྟར་ཡིན་པས། སྲོད་ཐོ་རངས་ཉིན་གུང་རྣམས་དང་། གཞན་ཡང་སྤྲིན་དང་རླུང་པོ་ཡོང་བའི་དུས་ཉིན་མོའ་རྣལ་འབྱོར་མི་སྒོམ་སྟེ། མུན་ཁང་དུ་མཚན་མོའ་རྣལ་འབྱོར་ཉིད་བསྒོམ་པར་བྱས་ལ། གནས་དུས་སོགས་མཐུན་རྐྱེན་འཛོམ་ན་འདི་ཉིད་སྒོམ་པ་ཡིན་ནོ། །བསྒོམ་བྱ་དངོས་ནི་གོང་དུ་བསྟན་པའི་མི་གཡོ་གསུམ་ལྡན་དེ་ཉིད་ཡིན་ལ་རྩེ་གཅིག་པའི་རྣལ་འབྱོར་སོགས་གནད་ཕྱི་མ་གསུམ་པོ་དེའང་གེགས་སེལ་གཉིད་འདོན་དུ་དགོས་པ་བྱུང་ན་བསྒོམས་པས། བསྒོམ་བྱ་དངོས་ཉིད་མཚན་གྱི་རྣལ་འབྱོར་གཅིག་པ་ཡིན་ལ། འོན་ཀྱང་མི་འདྲ་བའི་ཁྱད་པར་ནི་རྒྱུད་ལས། ནམ་མཁའ་ཆུ་འཇིནའཛིན་བྲལ་བ་བདག་ཉིད་ནི་རྣལ་འབྱོར་པབ་ཡི་བགྲད་པའི་མིག་གིས་ལྟ་བར་བྱ་བ་སྟེ། ཞེས་གསུང་པས་ཉིན་མོའ་རྣལ་འབྱོར་བསྟན་ཏེ། ལྟ་སྟངས་ཀྱི་གནད་ཁྲོ་བོའ་ལྟ་བ་སྣང་མིག་འབྲུ་ཚུགས་སུ་ལྟ་ཚུལ་དགོས་པ་ཡིན། དེ་བཞིན་དུ་དམིགས་པའི་ཡུལ་གྱི་གནད་ཀྱང་མུན་ནག་གི་ནམ་མཁའ་ལྟ་བའི་ཚབ་ཏུ། སྤྲིན་མེད་ཀྱི་ནམ་མཁའ་སྔོ་སང་ངེ་བ་དང་། རང་སེམས་གསལ་ཧྲིག་གེ་བ་དབྱེར་མེད་པ་ལྟ་བུ་ལ་འཇོག་གོ །དངོས་གཞིའི་དམིགས་བསྐོར་དྲུག་པའོ། །གཉིས་པ་བོགས་འདོན་སྤོགས་ཆོག་ལ། ཉིན་པར་དང་འབྲེལ་པའི་སྤོགས་ཆོག་དང་། མཚན་མོ་གཉིས་ཀྱི་འོད་
༡༦༡ གསལ་འཛིན་པའོ། །དང་པོ་ནི། དེ་ལ་སྤྱིར་ཡན་ལག་དྲུག་ཀར་གྱི་སྤོགས་ཆོག་བཙན་ཐབས་སྦྱོར་བ་རྣམ་པ་གསུམ་ཡིན་པར་རྒྱུད་ལས་གསུངས། དེ་དག་རྒྱས་པར་གཞན་དུ་ཤེས་པར་བྱ་ལ། འདིར་དང་པོའ་ལས་ཅན་ལ་སོར་སྡུད་ཁོ་ན་དང་འབྲེལ་བ་ནི། དུས་ཞབས་སྙན་རྒྱུད་ལས། སོ་སོར་བསྡུད་པའི་སྤོགས་པ་ནི། བྱེད་བཅིང་དྲག་ཏུ་བརྩམ་པར་བྱ། ཞེས་པ་དང་། བྱེད་བཅིང་གང་ལ་ཟེར་ན། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ལས། མཚན་མོ་གསེང་མེད་ཁྱིམ་དུ་ནི། ཤིན་ཏུ་མཉམ་བཞག་སྒྲུབ་པ་པོས། །བྱེད་པ་ལྔ་ལ་བཅིང་བ་གཉིས། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་བལྟར་ཡིན་པས། འདི་ཡང་རྒྱུད་ལས་གསུངས་པའི་སྤོགས་ཆོག་བཙན་ཐབས་ཀྱི་སྦྱོར་བའི་ནང་དུ་གཏོགགཏོགས་པ་ཡིན་ནོ། །དེ་ཡང་བྱེད་པ་ལྔ་ནི་དབང་པོ་ལྔའི་རླུང་། བཅིང་བ་གཉིས་ནི་སྲོག་དང་ཐུར་སེལ་བཅིང་བ་ཡིན་པས། འདིར་ལག་ལེན་ནི་ཉིན་མཚན་གྱི་རྣལ་འབྱོར་གང་གི་སྐབས་ཡིན་ཡང་འདྲ། མིག་གཉིས་ལྟ་ས་རྒྱ་ཆེན་པོ་མ་ཡིན་པ་ཕྲ་མོ་གཅིག་ལ་དྲག་ཏུ་བསྒྲིལ། ལྕེ་ཕུགས་སུ་བཟློག །མཆུ་དང་སྣ་དང་རྣ་བ་གསུམ་བཅུད། བཞིན་ཁྲོ་བོའ་གདོང་དུ་བྱ། ལུས་ཉྭ་བཞི་བསྒྲིམ་ཞིང་རྐང་སོར་རྣམས་བཀུག །ཁུ་ཚུར་དང་སྐྱིལ་ཀྲུང་དམ་དུ་བྱ། དཔུང་པ་དྲག་ཏུ་རྒྱངས། །དེས་དབང་པོ་ལྔའི་རླུང་འཆིང་། ལྟོ་བ་ཚིགས་བཔ་ལ་གཅེར་བ་དང་། ཕྱིར་འཕེལ་ཁ་བསྐྱེད་པ་གཉིས་རེས་མོས་བྱ། །དེ་ཡང་རེ་མོས་མྱུར་པོབོ་མ་ཡིན་པར་ཆུ་ཚཽད་རེར་ཙམ་སྤེལ་དགོས། དེས་སྲོག་ཐུར་གཉིས་བཅིངས་པར་འགྱུར། དེ་ལྟ་བུ་ཐུན་གྱི་གསུམ་ཆའམ་བཞི་ཆ་ཙམ་རེ་བསྒོམ། ཐུན་གྱི་ལྷག་མ་རྣམས་དཀྱུས་བཞིན་བསྒོམ་པས། སོར་སྡུད་ཡུན་རིང་དུ་བསྒོམས་ཀྱང་ཉམས་རྟོགས་མ་སྐྱེས་པ་རྣམས་སྐྱེ། དང་པོ་ཅུང་ཟད་སྐྱེས་ཀྱང་ཉམས་པ་རྣམས་གསོ་ཐུབ། སྔར་ཅུང་
༡༦༢ ཟད་སྐྱེས་པ་མ་ཉམས་ཀྱང་དང་པོ་སྐྱེས་བ་དེ་ལས་ཡར་བསྐྱེད་མ་བྱུང་ནའང་། འདི་བསྒོམས་པས་གོང་འཕེལ་དུ་འགྲོ། དེས་ན་སྤོགས་པའི་ཆོ་ག་ཞེས་བྱའོ། །ཐོག་མ་ཉིད་ནས་འདི་བསྒོམས་ཀྱང་ཚེགས་ཆེ་ཞིང་གེགས་སྡང་ལ། ཕྱིས་བོགས་སྐྱེད་ཆུང་བར་ཡོང་བས། གོང་གི་གནས་སྐབས་གསུམ་པོ་དེ་བྱུང་ན་སྒོམ་གྱི་གཞན་མི་དགོས་སོ། །དམིགས་བསྐོར་བདུན་པའོ། །ཡང་རྩ་མི་དང་། ་ལོའ་མན་ངག་ལས། སྒརསྐར་ཁུང་ལ་ལྟ་བ་དང་། སྣོད་ཆུས་གང་བ་ལ་ལྟ་བའི་མན་ངག་རེ་ཡོད་ཀྱང་སྟོང་གཟུགས་ཀྱི་སྤོགས་ཆོག་ཏུ་ཅུང་ཟད་འགྲོ་མོད་ཀྱི། གནད་གལ་ཆུང་བར་མངོན་ནོ། །གཉིས་པ་ནི། མཚན་མོ་ཉལ་བའི་སྐབས་སོར་སྡུད་ཀྱི་ལུས་གནད་མ་འབྱོངས་མར་དུ་ནི། རང་བབས་སུ་བཞག་པ་ཉིད་ལེགས་ལ། ལུས་གནད་ལྟ་སྟངས་འབྱོངས་ནས། ཙོག་པུ་འམ། གློ་གཡས་པ་འོག་ཏུ་བཅུག་པ་སེང་གེའི་ཉལ་སྟབས་གྱིས་ཉལ་ཞིང་། མིག་བཙུམ་ནས་མིག་འབྲས་གྱེན་ལ་བཟློག་པའི་ལྟ་སྟངས་དང་། སེམས་ཀྱི་གནད་ལྟ་སྟངས་ཀྱི་ལམ་ནས་དྲངས་ཏེ་ནམ་མཁའ་ལ་ལྟ་བ་ཉིད་ཡིན་པས། དེའི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །ཉིན་མོའ་སྒོམ་ཤུགས་དང་། གཉིད་དུ་འགྲོ་ཁར་མཚམས་སྦྱར་བའི་རྐྱེན་གྱིས། ཞག་བདུན་ནམ། ཟླ་བ་ཕྱེད་དམ། ཟླ་བ་གཅིག་ལ་སོགས་པ་ནས་གཉིད་ཀྱི་འོད་གསལ་ཟིན་པར་འགྱུར། ཅི་སྟེ་མ་ཟིན་ན། རང་དུས་འཁོར་ལོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་འོད་དུ་ཞུ། འོད་ཕུང་གི་མཐའ་ནས་རིམ་གྱིས་ཡལ། སྙིང་ཁའི་ཐད་དུ་ཏིལ་འབྲུ་ཙམ་མམ་སྤུ་ཤང་ཙམ་ལ་རིགས་དུ་སེམས་བཟུང་། །དེ་ཡང་ཡལ་ཏེ་ནམ་མཁའ་སྟོང་པ་ལ་སེམས་གཏད། དེ་ལྟ་བུ་ལན་བདུན་ཙམ་བསྒོམས་ནས་སྔར་བཞིན་བྱས་པས་མྱུར་དུ་ཟིན་པར་འགྱུར་རོ། །
༡༦༣ དེ་ལ་གཉིད་ཀྱི་འོད་གསལ་ཟིན་པའི་ཚད་མང་པོ་ཡོད་ཀྱང་། རེ་ཞིག་གཉིད་འཐུག་པོའ་སྐབས་སུ་གསལ་སྟོང་གི་རིག་པ་རྣམ་རྟོག་གི་གཡའ་དང་བྲལ་ཞིང་། རང་ངོ་སྐྱོང་ཤེས་པ་ལ་རྟགས་སྣང་སྣ་ཚོགས་པ་འཆར་བ་ཞིག་བྱུང་ན་གཉིད་ཀྱི་འོད་གསལ་ཟིན་པའི་གྲངགྲངས་སུ་ཆུད་པ་ཡིན་ནོ། །དམིགས་བསྐོར་བརྒྱད་པའོ། །གཉིས་པ་སྒོམ་དོན་བློ་ལ་འགོད་པ་ནི། གང་ཟག་ཤིན་ཏུ་བློ་དམན་པཔར་བཤད་ཀྱང་མི་གོ་བ་དང་། བློ་གྲོས་ཆེན་པོའ་རིགས་བཤད་མི་དགོས་པ་དང་། མགྱོགས་ཁྲིད་བྱེད་པའི་སྐབས་རྣམས་སུ་མ་བཤད་ཀྱང་ཆོག །གནས་སྐབས་གཞན་དུ་ཅི་རིགས་པར་འཆད་པ་བླ་མ་རྣམས་ཀྱི་ཕྱག་ལེན་གྱི་རྒྱན་ཡིན་ཅིང་། གལ་ཡང་ཆེ་བ་ཡིན་ཏེ་འོག་མ་རྣམས་ལའང་དེ་དང་འདྲའོ། །དེ་ཡང་མདོ་ཙམ་སྨོས་ན། སོ་སོར་བསྡུད་པའི་མཚན་དོན། སྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལག །བསྒོམ་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་གོ །དང་པོ་ནི། ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་དུ། པྲ་ཏི་སོ་སོར། ཨཱ་ཧ་ར་སྐབས་ཐོབ་ཀྱིས་བསྡུད་པ། སྤོང་བ། ཟ་བ། གཅོད་པ་ལེན་པ་སོགས་ལ་འཇུག་པ་ལས། སྐབས་འདིར་བསྡུད་པ་སྟེ། མཚམས་སྦྱར་བས་པྲ་ཏྱ་ཧ་ར་སོ་སོར་བསྡུད་པའོ། །ཐ་མལ་པའི་དབང་པོ་ལྔ་དང་ཡུལ་ལྔའི་འབྲེལ་པ་གཅོད་ཅིང་ཡུལ་ལ་རྣམ་ཤེས་ཡན་པ་བསྡུད་པ་དང་། ཡེ་ཤེས་ཀྱི་རང་བཞིབཞིན་གྱི་དབང་པོ་གཞན་ལྔ་འོད་གསལ་གྱི་རང་བཞིན་གྱི་ཡུལ་ལྔ་ལ་ལོངས་སྤྱོད་ཅིང་ཟ་བ་དང་ལེན་པའི་དོན་ཡིན་ཏེ། མདོར་ན་ཐ་མལ་གྱི་སྣང་བ་ལ་སེམས་བསྡུད་ནས་ཡེ་ཤེས་ཀྱི་སྣང་བ་ལ་འཇུག་པའི་དོན་ནོ། །དེ་ལྟར་ཡང་རྒྱུད་ལས། སོ་སོར་བསྡུད་པ་ལུས་ལ་ཡུལ་དང་ཡུལ་
༡༦༤ ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་སོ། །གཉིས་པ་ནི་སོར་སྡུད་ཐོག་མར་རང་སྒོམ་པའི་སྐབས་ཀྱི་ལན་གཅིག་པོ་དེ་ལ། རླུང་སྣ་བུག་གཡོན་ནས་གཡས་སུ་འཕོས་མ་ཐག་པས་རླུང་འབབ་པའི་དུས་དེར་བསྒོམས་ན། གཡས་ཀྱི་འཕོ་བ་རྣམས་འབྱུང་བ་སྡུད་རིམ་གྱི་རྒྱུ་བ་ཡིན་པས་མ་དག་པའི་སྣང་བ་དབྱིངས་སུ་བསྡུ་བའི་རྟེན་འབྲེལ་ཁྱད་པར་ཅན་དུ་འགྱུར། གཞན་ཡང་ལས་དང་པོ་པས་གཉིད་ཀྱི་དུས་མ་གཏོགས་འབད་ནས་སྒོམ་པ་གལ་ཆེ་ཞིང་ལུས་གནད་འབྱོངས། ཏིང་ངེ་འཛིན་གྱི་ཉམས་ཅི་རིགས་པ་བརྟན་ནས་ཉིན་གུང་དང་། ཕྱི་ཕྲེང་ཀྱི་དུས་ཐུན་མཚམས་ཀྱི་རྣལ་འབྱོར་ཙམ་སྒོ་ནས་བསྐྱོངས་ན་གེགས་མི་སྡང་ཞིང་བོགས་ཆེ་བ་ཡིན་ནོ། །གསུངས་སོ། །གསུམ་པ་ལས། སོར་སྡུད་ཀྱི་ངོ་བོ་ནི་རྣམ་པར་མི་རྟོག་པ་མི་གཡོ་གསུམ་ལྡན་གྱིས་རླུང་དབུ་མར་སྡུད་པའི་ནུས་པ་ཅན་ཞིག་སྟེ། ཉིན་མཚན་གྱི་རྣལ་འབྱོར་གཉིས་ནི་སྣོད་ཀྱི་འཇིག་རྟེན་ལ་ཆགས་འཇིག་གཉིས། བཅུད་ཀྱི་སེམས་ཅན་ལ་སྐྱེ་འཆི་གཉིས། ལོ་ལ་བགྲོད་པ་གཉིས། ཟླ་བ་ལ་ཕྱོགས་གཉིས། ཞག་ལ་ཉིན་མཚན་གཉིས། ཁམས་འཕོ་བ་ལ་གཡས་གཡོན་གཉིས། དུས་སྦྱོར་དང་རླུང་གི་འཕོ་བ་ལའང་མཉམ་པ་དང་མི་མཉམ་པ་གཉིས་སོགས་ཐབས་ཤེས་ཀྱི་དབྱེ་བའི་དག་པས་ཉིན་མཚན་གྱི་རྣལ་འབྱོར་གཉིས་ངེས་པར་དགོས་པ་ཡིན་ནོ། །དེ་ལྟར་ཡང་རྒྱུད་ཕྱི་མ་ལས། མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་ནམ་མཁའ་ལ་ནི་འབར་བ་ལ་སོགས་ཀྱང་། ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་། ཀོའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། །ཀོའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་
༡༦༥ དུ་བྱེད་པ་དེས་བླ་གམ་མེད་པ་ལ་རྣལ་འབྱོར་དུ་བསླབ་པར་བྱའོ། །ཅེས་གསུངས་པས། གནས་ལུགས་རྟོགས་པའི་ཐབས་ལ་ཉིན་མཚན་གྱི་རྣལ་འབྱོར་གཉིས་ཚང་པ་དགོས་པ་མདོ་སྔགས་གཉིས་ཀའི་དགོངས་པ་ཡིན་ཅིང་ཞིང། འོན་ཀྱང་ལུས་ལ་གནད་དུ་བསྣུན་པ་སོགས་ཐབས་ཁྱད་པར་ཅན་གཞན་གྱི་སྒོ་ནས་གསང་སྔགས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཁྱད་པར་དུ་ཡང་འདིའི་གནད་ནི། མཚན་མའི་རྣལ་འབྱོར་གྱི་གཡས་ཀྱི་དཀྱིལ་འཁོར་ལྔ་དང་། ཉིན་མོའ་རྣལ་འབྱོར་གྱིས་གཡོན་གྱི་ལྔ་རྣམས་དབུ་མར་བསྡུས་པས་མཚན་རྟགས་ངེས་པ་རྟགས་བཅུ་སོགས་འཆར་བ་ཡིན་ཏེ། གཙོ་ཆེ་བའི་དབང་དུ་བྱས་པའོ། །བཞི་པ་ནི། སོ་སོར་སྡུད་པའི་ཏིང་ངེ་འཛིན་གྱི་ཡུལ་རྟགས་བཅུ་སྟེ། རྒྱུད་ལས། སྟོང་པ་ལ་ནི་དུ་བ་སྨྲིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། ཞེས་མཚན་མོའ་རྣལ་འབྱོར་གྱི་རྟགས་བཞི་དང་། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། ཞེས་ཉིན་མོའ་རྣལ་འབྱོར་གྱི་རྟགས་དྲུག་སྟེ། རྟགས་བཅུ་ངེས་པའི་རྟགས་ཡིན་ལ། བཅུ་པོ་དེ་དག་གང་རུང་རེའི་ཁོངས་སུ་གཏོགས་པ་ཡིན་ཀྱང་། རྣམ་པ་མ་ངེས་པའི་རྟགས་ནི་མཐའ་ཡས་པ་ཞིག་གོ །སྣ་ཚོགས་གཟུགས་བརྙན་མཐོང་བ་ཞེས་བྱའོ། །དེ་ཡང་ཆོས་ཉིད་དོན་དམ་པའི་ཡེ་ཤེས་རང་ལ་བཞུགས་ཤིང་། ལམ་བསྒོམ་པས་དེ་མངོན་དུ་གྱུར་པ་ལ་ཡིད་ཆེས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རྟགས་ཞེས་བྱ་ཡིས། ཀུན་རྫོབ་འཁྲུལ་སྣང་གི་རྟགས་ཙམ་ནི་མ་ཡིན་ནོ། །དེ་ལྟར་རྟགས་དེ་རྣམས་མཐོང་བའི་ཤེས་པ་ནི་ཚད་མ་སྟེ། དེ་ཡང་རྒྱུད་ལས། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམས་པ་
༡༦༦ གཉིས་སུ་འགྱུར་བ་སྟེ། མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ཞེས་གསུངས་པ་ལྟར་བསྐྱེད་རིམ་གྱི་ཚད་མ་ནི་རྗེས་དཔག་ཡིན་ལ། རྣལ་འབྱོར་ཡན་ལག་དྲུག་གི་ཚད་མ་ཐམས་ཅད་མངོན་སུམ་ཡིན་ནོ། །མངོན་སུམ་ཡང་མཚན་ཉིད་ཀྱི་སྒོ་ནས་རྣམ་པ་བཞི་ཡོད་ལ། ངོ་བོའ་སྒོ་ནས་མངོན་སུམ་གཅིག་ཡིན་པས། ཡན་ལག་དྲུག་པོ་སོ་སོའ་སྐབས་ཀྱི་མངོན་སུམ་ཐམས་ཅད་ལ་མངོན་སུམ་བཞི་ཅར་གྱི་མཚན་ཉིད་ཆ་ཤས་རེ་ཚང་ཡོད་ཀྱང་། སྐབས་འདིར་དབང་པོའ་མངོན་སུམ་གྱི་མཚན་ཉིད་གཙོ་ཆེ་བ་ཡིན་ལ། དེའི་བརྟེན་དབང་པོ་ཡང་སྤྱན་ལྔ་ལས་ཤའི་མིག་ཡིན་ནོ། །དེ་ལྟར་ཡང་དྲི་མེད་འོད་ལས། འདིར་དང་པོར་ལས་དང་པོའ་རྣལ་འབྱོར་པསབས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ་། །ཞེས་སོ། །མིག་གི་སྒྲ་ནི། ཨཱཀྵ་ཞེས་བྱ་བའི་སྒྲ་ལས་དྲངས་ན། དབང་པོ་ཐམས་ཅད་ལའང་འཇུག་པས། གཟུགས་ཀྱི་རྣམ་ཆ་མཐོང་བའི་རྟེན་ཁོ་ན་ལ་མི་བཟུང་གིས། སྟོང་པ་ཉིད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་འཛིན་པ་མཐའ་དག་ལ་འཇུག་གོ །འོག་མ་རྣམས་ལའང་འདིས་རིགས་འགྲེའོ། །ལྔ་པ་ནི། ཡན་ལག་དྲུག་པོ་ཐམས་ཅད་ཀྱིས་དྲི་མ་སྦྱང་བར་བྱ་བའི་གཞི་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཁོ་ན་ཡིན་པས་དབྱེ་བ་མང་ལ། དག་བྱ་ལ་དབྱེ་ན་སྤྱིར་ཕུང་ཁམས་སུམ་བཅུ་སོ་དྲུག་ཡོད་པ་ལས། སོ་སོར་བསྡུད་པའི་ངོ་སྐལ་གྱི་དག་བྱ་ཡེ་ཤེས་ཀྱི་ཕུང་པོ་ལ་སོགས་པ་ཡེ་ཤེས་ཀྱི་ཁམས་དྲུག་ཚན་གཅིག་པོ་དེ་ཡིན་ལ། དག་བྱེད་སོར་སྡུད་ཉིད་ལ་དབྱེ་ན་བཅུ་སྟེ། རྟགས་བཅུ་རིམ་པས་འཆར་བའི་དབང་གིས་ཉམས་རྟོགས་མཐོ་དམན་གྱི་དབྱེ་བ་བཅུ་ཡོད་པས་སོ། །དྲུག་པ་ནི། གནས་
༡༦༧ སྐབས་ཀྱི་འབྲས་བུ་བདེན་ཚིག་འགྲུབ་པ་དང་། སྔགས་འབྲས་གྲུབ་པ་སྟེ། སོ་སོར་བསྡུད་པས་རྣལ་འབྱོར་པབ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། ཅེས་གསུངས། མཐར་ཐུག་གི་འབྲས་བུ་ནི། ནམ་ཞིག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དུས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་ཡེ་ཤེས་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་རབ་འབྱམས་འབྱུང་བའོ། །དེ་ལྟར་སོར་སྡུད་ཀྱི་སྒོམ་དོན་བློ་ལ་འགོད་པ་འདི་བསྡུ་ན་ཐུན་གཅིག་ལ་ཚང་བར་བྱ། རྒྱས་པ་ལ་སྤྲོ་ན་ཐུན་མང་པོར་བཤད་དེ། །མཐའ་ཆོད་ལ་ངེས་པ་བརྟན་པོར་བྱའོ། །དེས་སོ་སོར་བསྲུང་བའི་འཁྲིད་ཚར་རོ། །དེ་ཙམ་གྱིས་ཆོག་ཤེས་པར་བྱེད་ན། འོག་ཏུ་འཆད་པར་འགྱུར་བའི་རྗེས་ཀྱི་འཁྲིད་རྣམས་སྐབས་འདིར་བཤད་དེ། རེ་ཞིག་འཁྲིད་རྫོགས་པའི་ལུགས་སུ་བྱས་ལ། ཡང་སྐབས་འདི་ནས་བསམ་གཏན་གྱི་འཁྲིག་སྟོན་པར་འདོད་ན། སོར་སྡུད་ཀྱི་སྒོམ་དོན་བློ་ལ་འགོད་པ་སོང་བའི་རྗེས་ཐོགས་ཁོ་ནར་བསམ་གཏན་གྱི་འཁྲིད་རིམ་གྱིས་འབོགས་པ་བྱའོ། །གཉིས་པ་བསམ་གཏན་གྱི་འཁྲིད་སྟོན་པར་བྱེད་པ་ལ། ཉམས་ལེན་དམིགས་པའི་གནད་དང་། སྒོམ་དོན་བློ་ལ་འགོད་པའོ། །དང་པོ་ལ། བསམ་གཏན་དངོས་དང་། སྤོགས་ཆོག་བོགས་འདོན་དང་བཅས་སྟེ་གཉིས་སོ། །དང་པོ་ནི། མཚན་མོའ་རྣལ་འབྱོར་གྱི་གནས་སུ་བསྒོམས་པ་གཙོ་ཆེ་ཞིང་། སྤྱིར་ཉིན་མཚན་གྱི་རྣལ་འབྱོར་གྱི་གནས་གཉིས་ཀར་དུ་བསྒོམས་སྟེ། ལུས་གནད་ངག་གནད་གཉིས་པོ་སྔར་སོར་སྡུད་ཀྱི་སྐབས་དང་འདྲ། སེམས་གནད་ཀྱང་མི་གཡོ་བར་འཇོག་ཚུལ་སོགས་ཕལ་ཆེར་འདྲ་མོད་ཀྱིས་ཁྱད་པར་ཅུང་ཟད་ཡོད་པ་ནི། སྔར་སོར་སྡུད་ཀྱི་སྐབས་སུ་ནི། སྟོང་གཟུགས་མ་མཐོང་ན་ལྟ་ཅི་སྨོས། །
༡༦༨ མཐོང་བའི་དུས་ནའང་སྟོང་གཟུགས་ལ་སེམས་མི་འཇོག་པར། ནམ་མཁའ་ཁོ་ན་ལ་སེམས་གཏོད་པ་ཡིན་ལ། འདིར་ནི་ནམ་མཁའ་ལ་སེམས་འཇོག་པའི་ཚབ་ཏུ་སྟོང་གཟུགས་ལ་སེམས་འཇོག་པ་སྟེ། སྟོང་གཟུགས་མཐོང་བའི་དུས་དེ་ཉིད་དུ། རིག་པ་སྟོང་གཟུགས་ལ་ཆེ་རེ་གཏད་ཅིང་། འདིར་ཡིན་འདི་མིན་སོགས་ཀྱི་སྤྱོད་པ་དང་། རྣམ་རྟོགས་ཡེ་མི་བྱེད། ལྟ་མཁན་གྱི་རིག་པ་ཁོ་རང་གིས་རིག་ག་བ་ཁོ་རང་ལ་ལྟ་ཤེས་ཙམ་བྱའོ། །འདི་སྟོང་གཟུགས་བརྟན་པ་ཐོབ་ནས་སྒོམས་པ་ཡིན་པས། སྒོམ་ལ་བཞག་པའི་དུས་སྟོང་གཟུགས་མེད་པ་ཆེར་མི་ཡོད་ལ། ཅི་སྟེ་མེད་པའ་སྐབས་སེང་ཅུང་ཟད་བྱུང་ན། །སོར་སྡུད་བཞི་སྒོམ། སྟོང་གཟུགས་གཡས་གཡོན་སྟོང་འོག་སོགས་སུ་ཡལ་ཡོལ་བྱེད་ན་ཡང་དེའི་རྗེས་སུ་མིག་དང་སེམས་གཉིས་ཀ་མི་འབྲང་བར། ལྟ་སྟངས་རིག་པ་ཐོག་མིའི་གཏད་ས་དེ་ཁར་གཏོད་དགོས། དེ་ལྟར་བྱས་པས་སེམས་གཏོད་པ་དེ་ཁར་རིམ་གྱིས་སྟོང་གཟུགས་འདུས་འོང་། དེ་གཡོ་བའི་རྗེས་སུ་ལྟ་སྟངས་དང་སེམས་འབྲངས་ན། བྱེད་བཅིང་དང་དམིགས་པའི་གནས་འཆུགས་པས་སྟོང་གཟུགས་རང་ཡང་མི་བརྟན་པ་འགྲོ་བ་ཤས་ཆེ། མ་སོང་ཡང་དམིགས་པའི་གནད་ལ་བརྟན་པ་མི་ཐོབ་པ་རེ་ཞིག་ལྟ་སྟངས་དང་། སེམས་གཏོད་པ་གཡོ་མེད་དུ་བྱེད་པ་གལ་ཆེའོ། །དམིགས་བསྐོར་དགུ་པའོ། །གཉིས་པ་ལ། སྤོགས་ཆོག་དང་། བོགས་འདོན་གཉིས་སོ། །དང་པོ་ནི། དུས་ཞབས་སྙན་བརྒྱུད་ལས། བསམ་གཏན་སྟོང་གཟུགས་དྲག་ཏུ་སྒོམ། །ཞེས་གསུངས། སོར་སྟུང་གྱི་སྤོགས་ཆོག་ལྟར་བྱེད་པ་ཅིངབཅིང་དྲག་པོ་བཙན་ཐབས་ཀྱི་སྦྱོར་བ་དེ་བྱེད་ཅིང་དམིགས་པ་ཡང་སྟོང་ས་གཟུགས་ཀྱི་ཆ་ཤས་ཕྲ་མོ་ཞིག་གི་དབུས་སུ་སེམས་ཞུགས་འགྲོ་བ་ལྟ་བུར་དྲག་ཏུ་
༡༦༩ གཟིར་བ་ཉིད་དོ། །དམིགས་བསྐོར་བཅུ་པའོ། །གཉིས་པ་ལ། ཉིན་མོའ་རྣལ་འབྱོར་དང་འབྲེལ་བ་དང་གཉིད་ཀྱི་འོད་གསལ་དང་འབྲེལ་པའོ། །དང་པོ་ནི། ཡེ་ཤེས་སྤྱན་སྒྲུབ་ལ། སྣང་བའི་སྟོང་དུ་འོད་གསལ་བཟུང་། ཕྲ་བའི་འོད་ལ་བརྟེན་ནས་ནི། རགས་པའི་འོད་ཅན་ངོ་སྤྲད་པས། རྟོགས་མེད་འོད་ལས་སྲིད་འདས་སྣང་། ཞེས་གསུངས་པའི་མན་ངག་ནི། སྣང་བ་གསལ་པོ་དང་བཅས་པའི་ཕྱོགས་སུ་ཡང་སྟོང་གཟུགས་བརྟན་པོ་འཆར་ན། ལྟ་སྟངས་སྔར་གྱི་ལས་ཅུང་ཟད་སྨད་ནས་ཞག་གསུམ་བཞི་ཙམ་པ་སྒོམས་པ་ན། སྔར་གྱི་ལས་རྟགས་སྣང་ཅུང་ཟད་མི་གསལ་དུ་འགྲོ་ཡིན་འདུག་ན། ད་དུང་བོགས་འདོན་དེ་བསྒོམ་མ་རན་པ་ཡིན་པས། ལྟ་སྟངས་སྟེང་ངེ་སྔར་བཞིན་ཞག་ཤས་འཇུར་དུ་སྒོམ། ཡང་སྔར་བཞིན་ལྟ་སྟོངས་སྨད་ནས་བསྒོམས་པས། དེ་ལ་སྟོངས་གཟུགས་བརྟན་པོར་ཡོང་། དེ་བཞིན་དུ་རིམ་གྱིས་རིམ་གྱིས་ལྟ་སྟངས་ཕབ་ཀྱིན་བསྒོམས་པས་མི་རིང་བར་ཐད་ཀར་ལྟ་བ་དང་། ཐུར་དུ་ལྟ་བ་སོགས་ཐམས་ཅད་ལ་སྟོང་གཟུགས་བརྟན་པོར་འགྲོ་སྟེ། དེ་ནས་རྡོ་ནག་པོའམ། བོང་བ་ལ་སོགས་པ་མིག་ལ་མི་གནོད་པའི་དངོས་པོ་ཧ་ཅང་ཆེ་བ་མ་ཡིན་པ་ཞིག་རང་གི་མདུན་དུ་བཞག་ལ། ལྟ་སྟངས་ཀྱི་ལམ་ནས་རིམ་པས་སྟོང་གཟུགས་དེ་དངོས་པོ་དེའི་སྟེང་དུ་ཕབ་ལ། དངོས་པོ་དེ་ཡང་མཐོང་བཞིན་པའི་ངང་ནས་སྟོང་གཟུགས་ལ་སེམས་གཞུར་ཏེ་སྒོམ་མོ། །དེ་ལྟར་བསྒོམས་པས་སྟོང་གཟུགས་དང་ལས་སྣང་གི་དངོས་པོ་དེ་གཉིས་ཀར་ཆ་མཉམ་དུ་མཐོང་གིན་འདུག་ན་འཆར་ཚུལ་ཐ་མ་ཡིན་ཏེ། བོགས་ཆེ་རྒྱུ་མེད་ནའང་ཡུན་རིང་གོམས་ན་གནད་དུ་འགྲོ། འགའ་ཞིག་དེ་མ་ཐག་ལས་སྣང་གི་དངོས་པོ་དེ་མི་མཐོང་བར། འོད་གསལ་གྱི་རྟགས་དེ་མཐོང་བ་ཞིག་ཡོང་སྟེ། འཆར་ཚུལ་
༡༧༠ བཟང་བཟང་འབྲི་སྟེ་འབྲིང་ཡིན་པས། བསྐྱེད་ཧ་ཅང་ཆེ་བ་མི་ཡོང་། ཡང་རྟགས་སྣང་དང་ལས་སྣང་གཉིས་ཀར་དུས་གཅིག་ཏུ་ཡལ་ཏེ། རེ་ཞིག་གང་ཡང་སྣང་བ་མེད་པ་ཞིག་བྱུང་ན་མྱུར་དུ་ལས་སྣང་འགག་ཅིང་། འོད་གསལ་གྱི་སྣང་བ་རབ་འབྱམས་འཆར་བར་འགྱུར། འདིའི་རིགས་བོགས་ཆེ་ཞིང་འཆར་སྒོ་བཟང་བ་ཡིན་ནོ། །རྟགས་སྣང་ཡལ་ནས་ལས་སྣང་འདུག་པའམ། རྟགས་སྣང་མི་གསལ་དུ་སོང་ཞིང་ལས་སྣང་གསལ་དུ་སོང་ན། བོགས་འདོན་བསྒོམ་མ་རན་པ་ཡིན་པས། དམིགས་པའི་རྩ་བ་ཉིད་སྒོམ་པར་བྱའོ། །དེ་ལ་གོམས་ནས་དངོས་པོ་རྒྱ་ཇེ་ཆེ་ཇེ་ཆེ་ལ་བསླབས་པས། མཐར་རི་ཆེན་པོ་སོགས་སྟོང་གཟུགས་སུ་འཆར་བས་མཚོན་ཏེ་སྣང་བ་ཐམས་ཅད་ལ་སྦྱར་རོ། །དམིགས་བསྐོར་བཅུ་གཅིག་པའོ། །དྷུ་ཏིའི་ནང་དུ་འོད་གསལ་གཟུང་བ་དང་། སྲོག་རྩོལ་གྱི་སྒོར་འོད་གསལ་བཟུང་བ་གཉིས་ནི། སྲོག་རྩོལ་གྱི་གདམས་ངག་དང་འབྲེལ་བ་ཡིན་ཅིང་། །བསམ་གཏན་ལ་ཤིན་ཏུ་བརྟན་པ་ཐོབ་པ་ཡིན་ན་མ་གཏོགས། ལས་དང་པོ་པས་འགྲུབ་དཀའ་བས་སྐབས་འདིར་མ་བཤད་དོ། །སྟོང་པའི་སྒྲ་ཐོས་པ་བརྟན་པོ་ཡོད་ན་ལས་སྣང་གི་སྒྲ་དང་བསྲེ་ཏེ། འབབ་ཆུའི་སྒྲ་ལྟ་བུ་དང་། སྟོང་པའི་སྒྲ་གཉིས་ཀ་ཚོར་བར་བྱས་ཏེ། དེ་གཉིས་མཉམ་པོ་ལ་སེམས་གཏད། དེས་འབབ་ཆུའི་སྒྲ་འགགས་ཏེ་སྟོང་པའི་སྒྲ་འབའ་ཞིག་ཏུ་འགྱུར། དེ་ནས་སྐྱེ་བོ་མང་པོ་འདུས་པའི་སྒྲ་ལྟ་བུ་ལ་སྦྱང་། །དེ་ནས་རང་གཞན་གྱི་སྒྲ་ཐམས་ཅད་ལ་སྦྱངས་པས། །སྒྲ་ཕལ་ཆེར་སྟོང་པའི་སྒྲར་འགྱུར། །འདིས་དྲི་རོ་རེག་བྱ་གསུམ་ལའང་རིགས་འགྲེ་མོང་མོད། རེ་ཞིག་མ་སྨོས་སོ། །དམིགས་བསྐོར་བཅུ་གཉིས་པའོ། །གཉིས་པ་ནི། སོར་སྡུད་ཀྱི་སྐབས་དང་ཕལ་ཆེར་འདྲ་
༡༧༡ བ་ལས། ཉལ་བའི་ཚེ་སྟོང་གཟུགས་ཉིད་ལ་སེམས་གཏད་ཅིང་། རྣམས་རྟོག་གིས་བར་མཆོད་པར་གཉིད་དུ་འགྲོ་བར་བྱས་པས། གཉིད་ཀྱི་འོད་གསལ་མྱུར་དུ་ཟིན་ཡོང་ལ། སྟོང་གཟུགས་རང་ལུས་ཀྱི་ནང་དུ་འཆར་ཐུབ་ཀྱི་ཡོད་ན། སྟོང་གཟུགས་སྙིང་ཁར་དྲངས་ནས། དེ་ལ་སེམས་གཏད་པའི་ངང་ནས་གཉིད་དུ་འགྲོ་བར་བྱས་ན། དུས་དེ་ཉིད་དུ་གཉིད་ཀྱི་འོད་གསལ་ཟིན་པར་ཐེ་ཚོམ་མེད་དོ། །དམིགས་བསྐོར་བཅུ་གསུམ་པའོ། །གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ། བསམ་གཏན་གྱི་མཚན་དོན། སྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལག །བསྒོམས་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ་བསྒོམ་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས། དང་པོ་ནི། དྷཱུ་ན་ཞེས་པ། དམིགས་པ་ལ་སེམས་གཡོ་བ་མེད་པའི་དོན་ཏེ། དེ་ཡང་སྒོ་གཏན་ལེགས་པོ་བཙུད་ན། སྒོ་གླེགས་ཁྱར་ཁྱོར་དུ་མི་གཡོ་བར། སྒོ་འབྱེད་གཅོད་ལ་རང་དབང་ཐོབ་པ་ལྟར། དམིགས་པ་ལ་དབང་བར་བྱེད་པའི་དོན་ཏེ། དྲི་མེད་འོད་ལས། ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །ཞེས་གསུངས་པས། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་འོད་གསལ་དེ་ལ་སེམས་རྩེ་གཅིག་ཏུ་བྱེད་ཅིང་། གནས་པ་དང་འགྱུ་བ་ལ་རང་ཅི་འདོད་དུ་དབང་ཐོབ་པར་བྱེད་པའི་དོན་ཏེ། ཐེག་པ་སྤྱི་ལྡོག་ནས་ཀྱང་བསམ་གཏན་གྱི་དོན་དམིགས་པ་ལ་རྩེ་གཅིག་ཏུ་བཤད་པ་དང་འདྲའོ། །གཉིས་པ་ནི། སོར་སྡུད་མཐར་ཕྱིན་ན་རབ་ཡིན་ལ། མིན་ནའང་འོད་གསལ་གྱི་རྟགས་སྣང་བརྟན་པོ་ཤར་བའི་དུས་སོ། །གསུམ་པ་ནི། དབང་མདོར་བསྟན་ལས། རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །
༡༧༢ རྟག་ཏུ་གཟུགས་དེ་བསྒོམ་པར་བྱ། །ཅེས་བསམ་གཏན་གྱི་ངོ་བོ་ནི། འོད་གསལ་རྟགས་སྣང་ལ་རྩེ་གཅིག་དམིགས་པའི་ཏིང་ངེ་འཛིན་ཏེ། དེའི་ཡན་ལག་ནི། བསྡུས་རྒྱུད་ལས། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་པ་དེ་བརྩེ་གཅིག་སེམས་དཔའ་འོ། །ཞེས་གསུངས་ཏེ། དེ་ཡང་འོད་གསལ་རྟགས་བཅུ་ལ་རྩེ་གཅིག་པའི་ཤེས་རབ་ཡིན་ལ། ཇི་སྐད་དུ་རྟོག་པ་ཞེས་པ་ནི་དངོས་པོ་འཛིན་པའོ། །ཞེས་པས་དངོས་པོའ་མིང་ཅན་སྟོང་གཟུགས་ཀྱི་མཚན་ཉིད་ཤེས་པ་ནི་རྟོག་པ་ཡིན་ལ། མཚན་ཉིད་ཤེས་ཚུལ་ཡང་རང་སེམས་ཙམ་ཡིན་པར་ཉམས་སུ་མྱོང་བའོ། །སེམས་ཉིད་སྟོང་གཟུགས་སུ་ཤར་བ་དེ་ལ་གཟུང་འཛིན་ནམ། ཡུལ་ཡུལ་ཅན་གྱི་རྣམསརྣམ་རྟོག་དང་སྤྲོས་པའི་མཚན་མ་གང་གིས་ཀྱང་མ་གོས་པར་མྱོང་ཞིང་ངེས་པ་ནི་སྤྱོད་པའི་ཡན་ལག་ཡིན་ནོ། །ཏིང་ངེ་འཛིན་གྱིས་དྲངས་པའི་སེམས་ཀྱི་བདེ་བ་ཕྱི་ལ་དམིགས་པ་དང་ནང་ལ་དམིགས་པ་གཉིས་རིམ་གྱིས་འབྱུང་བའི། ཕྱི་ལ་དམིགས་པ་ནི་སྔར་མེད་ཀྱི་ནོམ་པ་ཆེན་པོ་རྙེད་པ་ལྟར་དགའ་ཞིང་སྐྱིད་སྣང་ཤར་བ་སྟེ་བདེ་བའི་ཡན་ལག་ཡིན་ལ། ནང་ལ་དམིགས་པ་ནི་ཏིང་ངེ་འཛིན་དེ་ཉིད་བདེ་བར་ཤར་བ་མྱོང་བ་ཡིན་ཏེ་གཡོ་མེད་བདེ་བའི་ཡན་ལག་ཡིན། དེས་རྐྱེན་བྱས་ནས་ལུས་ལ་ཤིན་ཏུ་སྦྱངས་པའི་བདེ་བ་ཁྱད་པར་ཅན་གྱིས་ཁྱབ་པ་ནི་གཡོ་མེད་བདེ་བའི་ཡང་ཕན་ཡོན་ནོ། །དེ་ཡང་དང་པོར་ཤེས་རབ་རྐྱང་པ་སྐྱེ། དེས་ནས་རྟོག་པ་དང་གཉིས་ལྡན་དུ་འབྱུང་། དེ་བཞིན་དུ་སྤྱོད་པ་དང་གསུམ་ལྡན། དགའ་བ་དང་བཞི་ལྡན། གཡོ་མེད་བདེ་བ་དང་ལྔ་ལྡན་དུ་འབྱུང་སྟེ། དེ་ཙམ་ན་བསམ་གཏན་གྱི་ཡན་ལག་རྫོགས་པར་རྒྱུད་ལ་སྐྱེས་པ་ཡིན་པས། དེ་ཉིད་རྒྱུན་བསྲིངས་ཏེ་བསྒོམས་ན་མཐར་ཕྱིན་པའི་ཡོན་ཏན་རྣམས་མྱུར་དུ་སྐྱེ་བར་འགྱུར་
༡༧༣ རོ། །བཞི་བ་ནི། རྒྱུད་ལས། དེའི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམས་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ཞེས་གསུངས་པ་འདིས་བསམ་གཏན་གྱི་ཐུན་མོང་མ་ཡིན་པའི་རྟགས་བསྟན་པ་ཡིན་ཏེ། རྟགས་བཅུས་བསྡུས་པ་སྲིད་པ་གསུམ་མཐའ་དག་གི་གཟུགས་བརྙན་སྔར་སོར་སྡུད་སྐབས་སུ་མཐོང་བ་ལས་ཆེས་ལྷག་པ། གཟུགས་སྒྲ་དྲི་རོ་རེག་བྱ་སྣ་ཚོགས་པའི་སྣང་བརྙན་ཁ་དོག་སྣ་ཚོགས་པ་དེ་དག་ཀྱང་། འོད་ཟེར་འཕྲོ་བ། ཆ་ཕྲ་བ། འཚེར་བ། འདར་བ། གཞིག་པར་དཀའ་བ། ཅེས་པ་ཆོས་ལྔ་ལྡན་རྣམས་ཐིག་ལེ་དུ་མས་མཚན་པ་མཐོང་ཞིང་། ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་བརྙན་དུ་མ་འཆར་བ་ཡིན་ལ། དེ་ཡང་སེམས་ཉིད་དག་པའི་སྣང་བར་རྟོགས་པས། ཀུན་རྫོབ་ལས་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་རང་འཆར་བ་ཡིན་ཏེ། རྒྱུད་ཕྱི་མ་ལས། དེ་ལ་སེམས་ནི་བརྟན་པའི་བསམ་གཏན་གྱིས་ཀྱང་ཕྱི་རོལ་གྱི་ནི་དངོས་པོ་རྣམ་པར་སྤོང་བ་བྱེད། ཅེས་སོ། །ཚད་མ་ནི་སོར་སྡུད་དང་མཚུངས་པ་ལས། དེའི་རྟེན་དབང་པོ་ནི་ལྷའི་སྤྱན་ཏེ། འདིའི་རྒྱུ་མཚན་ཀྱིས་མངོན་ཤེས་ལྔ་འགྲུབ་པའང་ཡིན་ནོ། །ལྔ་པ་ལ། དག་གཞི་ནི་སྔར་སོར་སྡུད་ཀྱི་སྐབས་སུ་བཤད་པ་བཞིན་ཡིན་ལ་དག་བྱ་ལ་དབྱེ་ན། རྣམ་ཤེས་ཀྱི་ཕུང་པོ་སོགས་ཕུང་ཁམས་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་ཏུ་དབྱེ། དག་བྱེད་བསམ་གཏན་གྱི་ཡན་ལག་ཉིད་ལ་དབྱེ་ནའང་ཡུལ་ཅན་བསམ་གཏན་གྱི་ཡན་ལག་ལྔ་དང་། དེའི་ཡུལ་སྟོང་གཟུགས་ལྔ་སྟེ་བཅུའོ། །དྲུག་པ་ནི་རྒྱུད་ལས། མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །ཞེས་གསུངས་པས། བསམ་གཏན་མཐར་
༡༧༤ ཕྱིན་པས་གནས་སྐབས་ཀྱི་འབྲས་བུ་མངོན་ཤེས་ལྔ་རང་ཤར་དུ་འབྱུང་བ་ཡིན་ཅིང་། མཐར་ཐུག་གི་འབྲས་བུ་རྒྱལ་བ་མི་བསྐྱོད་པ་ལ་སོགས་པ་ལྷ་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་མངོན་དུ་འགྱུར་པབ་ཡིན་ནོ། །འདིར་འཕྲོས་དོན་གྱི་མན་ངག་ཅུང་ཟད་ཙམ་བརྗོད་ན། ཤེས་རབ་ཀྱི་ཡན་ལག་རྒྱུད་ལ་སྐྱེས་པས། སེམས་གང་དུ་གཏད་སར་སྟོང་གཟུགས་འཆར་བ་ཞིག་འབྱུང་ལ། དེ་ནས་སྣང་བའི་སྟེང་དུ་འོད་གསལ་འཛིན་པའི་གདམ་ངག་བསྒོམས་པས། ཕྱི་རོལ་གྱི་སྣང་བ་གང་ལ་སེམས་བཞག་པ་དེར་སྐད་ཅིག་ལ་ལས་སྣང་འགགས་ཏེ་འོད་གསལ་གྱི་སྣང་བར་འགྱུར་བ་ཞིག་ཡོང་ན། དེས་སྔ་དྲོ་ཕྱི་དྲོའི་དུས་སུ་རང་གཅེར་བུར་ཕྱུང་བའི་གྲིབ་གཟུགས་ཀྱི་སྙིང་ཁ་ལ་ལྟ་བའམ། ཉིན་གུང་ལྗོན་ཤིང་གི་གྲིབ་མ་ལ་ལྟ་བས་ཀྱང་རུང་སྟེ། མིག་སྤྲིད་སྤྲིད་དུ་གཡོ་བ་མེད་པར་ལྟ། དེ་ནས་ནམ་མཁའ་ལ་བལྟས་པས། གྲིབ་གཟུགས་ཀྱི་རྣམས་སའི་དབུས་སུ་རྟགས་སྣང་དཔག་ཏུ་མེད་པར་འཆར། ཟླ་བ་དྲུག་ཏུ་འདི་ཡང་ཡང་བསྒོམས་པས་ས་འོག་གི་གཏེར་སོགས་ཀྱང་མཐོང་བར་འགྱུར། དེ་བཞིན་དུ་ཁང་པའི་སྐར་ཁུང་སོགས་ལ་སྦྱངས་པས། ཁྱིམ་ནང་གི་དངོས་པོ་ལྐོག་གྱུར་ཡང་མཐོང་བ་ཡོད་ཅིང་། དེ་བཞིན་དུ་ལས་སྣང་གི་སྒྲ་སྟོང་པའི་སྒྲར་ཐིམ་འགྲོ་ན། སྟོང་པའི་སྒྲ་དང་། འགྲོ་བ་སྣ་ཚོགས་པའི་སྐད་བསྲེས་པ་ལ་མཉམ་པར་བཞག་བཟླ་བ་དྲུག་བསྒོམས་པས་རྣ་བའི་མངོན་ཤེས་ཅི་རིགས་པར་ཐོབ་པར་འགྱུར་རོ། །རང་གི་སྙིང་ཁ་ཆོས་འཁོར་གྱི་རྩ་ཆུ་ཤིང་གི་མེ་ཏོག་ལྟ་བུའི་ནང་དུ་སྟོང་གཟུགས་ཤར་བ་ལ་སེམས་གཏད་ན་སྔོན་གྱི་རྗེས་སུ་དྲན། དེ་ཉིད་གཞན་ལ་སྤོས་ན། གཞན་གྱི་སེམས་ཤེས་ཏེ། ཉི་མ་ལ་ནི་རྒྱབ་ཀྱིས་ཕྱོགས་ནས། ཞེས་སོགས་དང་། སྒྲ་ནི་གང་ཞིག་སྙིང་གི་ཕྱོགས་ན་ཞེས་སོགས། རྒྱུད་ཀྱི་ལུང་
༡༧༥ དང་སྦྱར་རོ། །དེ་ལྷར་གྲིབ་གཟུགས། ཤིང་གྲིབ་སྒྲ་སྐད། རང་དང་གཞན་གྱི་སྙིང་ཁའི་རྩ་ལ་དམིགས་པ་སྟེ། ལྔ་པོ་འདི་རྣམས་དམིགས་ཕྲན་ཡིན་པས་དཀྱུས་ཀྱི་དམིགས་བསྐོར་ལ་མི་འདྲེན་ནོ། །སྒོམ་དོན་བློ་ལ་འགོད་པ་འདི་ལ་ཐུན་གཅིག་ལ་སོགས་པའོ། །དེས་བསམ་གཏན་གྱི་འཁྲིད་ཚར་རོ། །རེ་ཞིག་སྲོག་རྩོལ་མན་ཆད་མི་འབོགས་ཤིང་། དེ་ཙམ་གྱིས་ཆོག་ཤེས་པར་བྱེད་ན། རྗེས་ཀྱི་འཁྲིད་རྣམས་སྐབས་འདིར་བླངས་པར་བྱའོ། །གཉིས་པ་བར་དུ་དགེ་བའི་འཁྲིད་ལ། ལས་རླུང་ཨ་ཝ་དྷཱུ་ཏིར་འགག་པར་བྱེད་པ་དང་། དབུ་མའི་ནང་དུ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་བྱེད་པའི་དབྱེ་བ་གཉིས་ལས། སྲོག་རྩོལ་གྱི་འཁྲིད་དང་། འཛིན་པའི་འཁྲིད་དོ། །དང་པོ་སྲོག་རྩོལ་གྱི་འཁྲིད་སྟོན་པར་བྱེད་པ་ལ། ཉམས་ལེན་དམིགས་པའི་གནད་དང་། སྒོམ་དོན་བློ་ལ་འགོད་པའོ། །དང་པོ་ནི། སྲོག་རྩོལ་གྱི་ཡན་ལག་དངོས་མཚན་ཉིད་ཚང་བ་དང་། སྲོག་རྩོལ་རྗེས་མཐུན་པ་ལས་དང་པོས་བསྒྲུབ་པར་བྱ་བ་གཉིས་སུ་འགྱུར་རོ། །རེ་ཞིག་ཕྱི་མའི་དབང་དུ་བྱས་ནས་བཤད་པར་བྱ་སྟེ། དེ་ལ་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་གདམས་ངག་དང་། པཎ་ཆེན་ཟླ་བ་མགོན་པོའ་མན་ངག་འབྲོ་ལུགས་སུ་གྲགས་པ་དང་། ཇོ་བོས་མནྟ་ཤྲཱིའི་མན་ངག་ར་ལུགས་སུ་གྲགས་པ་སྟེ། གསུམ་པོ་འདི་གཞུང་ཤིང་དུ་བྱ་ལ། ལུགས་གཞན་ཐོར་བུ་བ་རྣམས་ཀྱང་ཕལ་ཆེར་དེ་དག་དང་མཐུན་ཅིང་། ཅུང་ཟད་ཁྱད་པར་ཡོད་པ་རྣམས་འཆད་པར་ཡང་འགྱུར་རོ། །དེ་ལས་པཎ་ཆེན་ཤཱཀྱ་ཤྲཱིའི་མན་ངག་འདི་ལ། སྔོན་འགྲོ་རྡོ་རྗེའི་བཟླས་པས་རྩ་ལམ་སྦྱང་བ། འབྱོངས་ནས་འཇམ་རླུང་དགང་བཏང་གི་སྦྱོར་བས་སྲོག་དབུ་མར་གཞུག་པ། ཞུགས་ནས་རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བས་སྲོག་དབུ་མར་འཆིང་བ། མཆུད་ཅིང་མ་འཆིངས་ན་བཙན་ཐབས་ཀྱི་སྦྱོར་
༡༧༦ བས་ཉི་ཟླའི་ལམ་དགག་ཅིང་། བཀག་པས་འོག་སྒོ་བཙན་ཐབས་སུ་འགགས་ན་སྟེང་གི་སྦྱོར་བས་དགྲོལ་བ། ལྕེ་གསུམ་སྤྱོད་པའི་སྦྱོར་བས་ནང་གི་བདུད་རྩིའི་བཅུད་མྱང་བ། གཏུམ་མོ་སྦར་བའི་སྦྱོར་བས་སྲོག་ཐུར་བསྲེ་ཞིང་འཆི་མེད་བསྒྲུབ་པ་སྟེ་རྡོ་རྗེའི་ཚིག་དྲུག་ཅེས་བྱ་བ་ཡིན་པ་ལས། དང་པོ་བཞི་པོ་སྲོག་རྩོལ་གྱི་མན་ངག་དང་། ཕྱི་མ་གཉིས་འཛིན་པའི་མན་ངག་ཏུ་འཛད་དོ། །སྐབས་འདིར་འདི་ལྟར་བྱ་སྟེ། སྲོག་རྩོལ་གྱི་མན་ངག་དངོས་དང་། བོགས་འདོན་གེགས་སེལ་དང་བཅས་པའོ། །དང་པོ་ལ། ལུས་སྦྱོངས་འཁྲུལ་འཁོར་གྱི་ཡི་གེ་ལོགས་སུ་བཀོད་པ་ལྟར། སྔོན་འགྲོའི་འཁྲུལ་འཁོར་དང་བཅས་བཞིན་དུ་འདི་རྣམས་སྒོམ་ཏེ། དེ་ཡང་། པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་དབང་དུ་བྱས་ན། སྔར་བཤད་པའི་རླུང་སྦྱོར་དང་པོ་གསུམ་སྟེ། དེ་ལ་དང་པོ་རྡོ་རྗེའི་བཟླས་པས་རྩ་ལམ་སྦྱང་བ་ནི། ལྟ་སྟངས་ཀྱི་ཁྱད་པར་ནི། བགེགས་མཐར་བྱེད་དམ་བདུད་རྩི་འཁྱིལ་པའི་ལྟ་སྟངས་ཞེས་བྱ་བ། ཐད་ཀ་ལ་ཅུང་ཟད་གྱེན་དུ་ཕྱོགས་པ། སྨིན་མཚམས་སུ་ཧྲིག་གེ་ལྟ་བ་ཡིན། དམིགས་བསལ་ཅན་རྣམས་མ་གཏོག་སྲོག་རྩོལ་འཛིན་པའི་སྐབས་ཀྱི་ལྟ་སྟངས་ཐམས་ཅད་འདི་ཁོ་ནར་ངེས་སྟེ། རྒྱུད་ལས། བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བར་བསྒྲུབ་པ་ཡན་ལག་དྲུག །ཅེས་གསུངས་སོ། །ལུས་གནད་གཞན་རྣམས་སྔར་དང་འདྲ། རླུང་རོ་ལན་གསུམ་བསལ་ལ། དང་པོར་རླུང་ཕྱི་འགྲོ་ནང་འགྲོ་གནས་པ་གསུམ་ལ་སེམས་མ་འཁྲུལ་བར་གཏོད་དེ། རྡོར་བཟླས་ཀྱི་དམིགས་པ་དང་པོའོ། །དེ་ནས་བརྩ་གསུམ་གསལ་གདབ་སྟེ། ལུས་ཀྱི་ནང་དུ་རྩ་དབུ་མ་སྔོན་པོ་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་ཡར་སྣེ་གཙུག་ཏོར་དུ་ཟུག །མར་སྣ་ལྟེ་བར་གནས་པ། །དེའི་གཡས་སུ་རོ་མ་དམར་པོ་དང་། །གཡོན་དུ་རྐྱང་མ་དཀར་པོ་སྟེ། དེ་གཉིས་དབུ་མ་ལས་ལྡབས་འགྱུར་གྱིས་ཕྲ་བ། །དབུ་མ་དང་སུམ་གཞིབས་སུ་འདུག་པར་མོས། རླུང་ཕྱིར་འགྲོ་དུས་ལྟེ་
༡༧༧ བ་ནས་བརྩམས་ཏེ་དབུ་མ་དང་རོ་མ་གཉིས་ནས་སོང་། མགྲིན་པ་ནས་སྤྱི་བོའ་བར་གྱི་རྩ་གཉིས་པོའ་ཆ་ཐམས་ཅད་ནས་ཐོན། སྣ་བུག་ནས་ཕྱིར་འགྲོ་བར་བསམ། ནང་དུ་ཡོང་དུས་སྣ་བུག་ནས་ཞུགས། གཙུག་ཏོར་ནས་མགྲིན་པའི་བར་གྱི་དབུ་མ་དང་རྐྱང་མའི་བར་གྱི་ཆ་ཐམས་ཅད་ནས་ཐོགས་མེད་དུ་སོང་སྟེ། རྩ་གཉིས་པོའ་ལམ་བརྒྱུད་ལྟེ་བར་ཕྱིན། གནས་པའི་ཚེ་དབུ་མ་ཁོ་ནའི་ནང་གང་བར་བསམ། ཐོག་མར་འབྱུང་འཇུག་གནས་གསུམ་མཉམ་བཙམ་བྱས་པས། རིམ་གྱིས་གནས་པ་ཇེ་རིང་ལ་འགྲོའོ། །དེ་ཡང་སྣ་བུག་གཡས་ནས་རྒྱུ་བའི་སྐབས་ཡིན་ན། རླུང་རྣམས་འོད་དམར་པོ་དང་། གཡོན་ནས་རྒྱུན་དཀར་པོ་དང་། མཉམ་རྒྱུར་འདུག་ན་ལྗང་ཁུའམ་སྔོན་པོ་འགྲོ་འོད་གནས་གསུམ་བྱེད་པར་སྒོམ་པ་སྟེ། རྡོར་བཟླས་ཀྱི་གཉིས་པའོ། །འབུད་པའི་ཚེ་སྣ་བུག་གཡོན་འགགས་པ་དང་། རྔུབ་པའི་ཚེ་གཡས་འགགས་པ་ལག་ལེན་ཁ་ཅིག་ལ་འདུག་ཀྱང་། རྡོར་བཟླས་ཀྱི་སྐབས་དེ་ལྟར་མི་དགོས་སོ། །དེ་ནས་སྔར་དང་འདྲ་བ་ལས་ཕྱིར་འགྲོ་བའི་ཚེ་འོད་ཟེར་ཨཱཿའི་སྒྲ་དང་བཅས། འོད་ཟེར་གྱི་སྣེ་ལ་ཨཱ་ཡིག་དང་བཅས་ཏེ་འགྲོ་བ་དང་། དེ་ཉིད་ནང་དུ་འོང་བའི་ཚེ་ༀ་གྱི་སྒྲ་དང་བཅས་པ། ཚུར་འོང་བའི་སྣེ་ལ་ༀ་ཡིག་དང་བཅས་ཏེ་འོང་བར་བསམ། ཡི་གེ་དེ་གཉིས་རོ་རྐྱང་ནས་འགྲོ་འོང་མི་བྱེད་དེ་དབུ་མ་ཁོ་ན་ནས་འགྲོ་བར་བསམ། གནས་པའི་སྐབས་དབུ་མའི་ནང་དུ་ཧཱུྃ་གི་སྒྲ་དང་བཅས་ཤིང་ལྟེ་བར་ཧཱུྃ་ཡིག་ལ་སེམས་གཏད་དོ། །ཡི་གེའི་ཁ་དོག་ཀྱང་རླུང་དང་འདྲ་བར། གཡས་གཡོན་མཉམ་རྒྱུའི་དབྱངས་དམར་དཀར་སྔོ་བའོ། །དེ་དག་ནི་དམིགས་བཅས་ཀྱི་རྡོ་རྗེའི་བཟླས་པ་སྟེ། རྡོར་བཟླས་ཀྱི་གསུམ་པ་དངོས་གཞི་ཡིན་ལ། དེ་གསུམ་ཀར་བསྡོམས་པ་དམིགས་ཆེན་གཅིག་ཡིན་པས། དངོས་གཞིའི་དམིགས་བསྐོར་བཅུ་བཞི་པའོ། །ད་ལྟ་ལས་དང་པོ་པའི་རྡོ་རྗེའི་བཟླས་པ་ནི། འདི་ལྟ་བུ་ལས་འོས་མེད་ལ། དོན་དམ་རྡོ་རྗེའི་བཟླས་པ་ནི། རླུང་གི་འགྲོ་འོང་གནས་གསུམ་དང་། སྟོང་
༡༧༨ གཟུགས་ཕྱག་རྒྱ་ཆེན་མོ་དབྱེར་མེད་དུ་ཤེས་པ་ན་མིང་ཚིག་བརྗོད་པ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་མིང་ངོ་། །གཉིས་པ་འཇམ་རླུང་དགང་གཏང་གི་སྦྱོར་བས་སྲོག་དབུ་མར་གཞུག་པ་ནི། རླུང་གང་ནས་རྒྱུ་བརྟགས་ཏེ། སྣ་བུག་གཡོན་ནས་རྒྱུ་ན། ལག་པ་གཡས་པའི་ཐལ་མོས་མཆན་ཁུང་གཡོན་ནུ་མ་དང་བཅས་ཏེ་བསྡམ་པའི་སྟེང་ནས། བར་ལྷུ་གཡོན་པས་མནན། རླུང་རོ་བསལ་གཡོན་པའི་འཛུམ་མོས་སྣ་བུག་གཡས་པ་བཀག་སྣ་བུག་གཡོན་ནས་རླུང་ཤུགས་ཆེ་ལ་རིང་བར་རྔུབས་ཏེ་ལྟེ་བར་མནན། ཅུང་ཞིག་བསྡམས་ནས་མི་བདེ་བ་འབྱུང་ཚད་པ་ནས། སྣ་བུག་གཡོན་འཛུབ་མོ་གཡོན་པས་བཀག་ནས། གདོད་གཡས་སུ་ཕྱོགས་པས་སྣ་གཡས་ནས་རླུང་དྲག་ཏུ་འདུད། ཡང་སྣ་བུག་གཡས་པ་བཀག་གཡོན་ནས་རྔུབས་པ་སོགས་གང་བཞིན་བསྐྱར་གྱིན་སྦྱང་། འདི་སྐབས་རྐང་པ་བརྐྱང་བསྐུམ་གྱི་འདུག་སྟངས་བཤད་ནའང་སྐྱིལ་ཀྲུང་ཉིད་ཀྱིས་ཆོག་ལ། འོག་རླུང་རང་གནས་སུ་བཅིང་དགོས་ཤིང་། དེས་རླུང་སྣ་བུག་གཡས་སུ་འཕོ་བའམ། མཉམ་རྒྱུར་འགྱུར་བ་དང་། ཡང་སྣ་བུག་གཡས་ནས་རྒྱུ་ན་ཕྱག་རྒྱ་དེ་ཉིད་གོ་བཟློག་པས་གཡོན་རྒྱུའམ་མཉམ་རྒྱུར་འགྱུར་བ་དང་། གཡས་གཡོན་ཕན་ཚུན་དུ་ལན་འགའ་རེ་སྤྲོས་ན་ངེས་པར་མཉམ་རྒྱུར་འགྱུར་ལ། མཉམ་རྒྱུར་སོང་ནས་ལུགས་འདི་ལ་རྡོར་བཟླས་བྱེད་ཅིང་། ཡང་གཡས་གཡོན་དུ་ཡོ་ན། སྔ་མའི་སྦྱོར་བ་ཡོན་པོ་སྲོང་ངོ་། །ཞེས་བཞེད་ལ། འོན་ཀྱང་མཉམ་རྒྱུར་ནམ་སོང་བའི་ཚེ། དགང་པའི་རྣལ་འབྱོར་རམ། བུམ་ཅན་བསྒོམས་ན་བཟང་བས། བར་འདིར་དགོང་བའི་རླུང་སྦྱོར་ཞིག་བཅུག་ན་ལེགས་པར་མཐོང་ངོ་། །འདི་ཚེ་རིང་པོ་སྒྲུབ་པ་ལ་ལྷག་པར་བསྔགས་སོ། །དམིགས་བསྐོར་བཅོ་ལྔ་པའོ། །གསུམ་པ་རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བས་སྲོག་རླུང་དབུ་མར་འཆིང་བ་ནི། ཐོག་མ་ནས་
༡༧༩ མཉམ་རྒྱུར་འདུག་ན་ལེགས། ཡོན་པོར་འདུག་ན་གོང་གི་སྦྱོར་བས་མཉམ་རྒྱུར་བཏང་སྟེ། རྐང་པ་ཟླུམ་པོའ་འདུག་སྟངས་དང་། ལག་པ་ཁུ་ཚུར་སྙིང་ཁར་བསྣོལ་བར་བཤད་ནའང་། རྐང་པ་སྐྱིལ་ཀྲུང་གི་སྟེང་ནས་བྱས་པས་ཆོག་གཡས་གཡོན་དབུས་གསུམ་ནས། རླུང་རོ་དལ་བ་དང་། དྲག་པོ་དང་། ཤིན་ཏུ་དྲག་པོའ་ཚུལ་གྱིས་ལན་གསུམ་གསུམ་སྟེ། དགུ་ཕྲུགས་སུ་བུས། འདི་སྐབས་ཐུར་སེལ་གྱི་རླུང་འཐན་གྱིས་བྱ། །དེ་ནས་སྟེང་རླུང་ཅུང་ཟད་མྱུར་བར་རྔུབས་ཏེ་ལྟེ་བར་བསྐྱུར་སྟབས་སུ་མནན་པ་དང་ལྷན་ཅིག་མཆིལ་མ་མིད། དེ་རྗེས་ཐུར་སེལ་གཡས་གཡོན་དབུས་གསུམ་ནས་དྲངས་ཏེ། ཁ་སྦྱོར་ལྟེ་བར་ཐུབ་ཚད་ཟུང་། མི་ཐུབ་པ་འདྲ་ན་ཕྱིར་མ་ཤོར་བར་རྔུབ་ཆུང་ལན་གསུམ་བྱས་ཏེ་མནན། དེ་ནས་ཀྱང་མི་ཐུབ་པ་འདུག་ན་དལ་བུས་ཕྱིར་བཏང་ལ་མཐར་སངས་ཏེ་འབུད་དོ། །འདི་ལག་ལེན་བཞིན་པུས་མོ་ལ་བསྐོར་ཏེ་སེ་གོལ་ཏོག་པ་སོ་དྲུག་ཁོགས་ན་ཐ་མ། དོན་གཉིས་ཁོགས་ན་འབྲིང་བརྒྱ་བརྒྱད་ཁོགས་ན་ཆན་པོའ་ཞེས་གྲགས་སོ། །འདི་དག་ལ་དམིགས་པའི་གནད་ནི། ལུས་ནང་དུ་འོད་གསལ་རྟགས་སྣང་འཆར་ན་ལྟེ་བར་སྟོང་གཟུགས་ཤར་བ་ལ་སེམས་གཏོད་པ་ཡིན། དེ་བཞིན་མ་ཡིན་ནོ། །སེམས་སྟོང་གཟུགས་གང་དུ་ཤར་ས་དེར་གཏོད་ཅིང་། མ་ཤར་བའི་བར་བར་ལ་བློས་བཅོས་ཏེ་སྒོམ་པའི་དམིགས་རྟེན་ནི་མི་དགོས། ལུས་ཀྱི་དབུས་ལྟེ་བའི་ཐད་ཙམ་དུ་སེམས་ཀྱི་གཏད་སོ་ཙམ་བྱའོ། །དམིགས་བསྐོར་བཅུ་དྲུག་པའོ། །པཎ་ཆེན་ཟླ་མགོན་གྱི་མན་ངག་འབྲོ་ལུགས་ཀྱི་བླ་མ་གོང་མ་རྣམས་ཀྱི་བཞེད་པ་ནི། རྡོ་རྗེའི་བཟླས་པ་དང་། དགུགས་པ་དང་། དགང་བ་དང་རེངས་པ་དང་། རྡུལ་མཐའ་ཅན་ཏེ་ལྔ་ཡོད་པ་ལས། ཕྱི་མ་སྦོགས་ཆོག་ཡིན་པས་མན་ངག་དངོས་གཞི་སྔ་མ་བཞིའོ། །རྡོ་རྗེའི་བཟླས་པ་ནི་སྔ་མ་དང་འདྲ་བ་ལས། རོ་རྐྱང་ནས་འགྲོ་བའི་དམིགས་པ་མི་མཛད། གཡས་
༡༨༠ གཡོན་མཉམ་རྒྱུ་གང་ཡིན་ཡང་འདྲ་སྟེ། ཕྱིར་འགྲོ་བ་དམར་པོ། ནང་དུ་འཇུག་པ་དཀར་པོ། གནས་པ་ནག་པོར་སྒོམ་པ་དང་། རྡོར་བཟླས་ཀྱི་སྔོན་འགྲོ་གཉིས་པོ་མི་དགོས་པའོ། །འདི་སྔ་མ་དང་དོན་གཅིག་པས་དམིགས་སྐོར་ལོགས་པར་མི་འདྲེན་ནོ། །རྡོར་བཟླས་འདི་གྲུབ་ཆེན་ཡུ་མོའ་དབང་པོ་རབ་འབྲིང་གསུམ་གྱི་སྒོར་དྲུག་ན་གསལ་བར་ཡོད་སྤྱིར་འགྲོས་གོང་མ་རྣམས་བུམ་པ་ཅན་ཉིད་ལ་རྡོར་བཟླས་ཚང་བར་བཞེད་དེ་རྒྱུད་དོན་དང་ཤིན་ཏུ་འབྱོར་རོ། །གཉིས་པ་འགུག་པ་ནི། སྣ་བུག་གཡས་ནས་རླུང་རྒྱུ་བའི་སྐབས་ལྟ་སྟངས་ཅུང་ཟད་གཡས་ཕྱོགས་སུ་སྒྱུར་ཞིང་། རླུང་ནང་དུ་དལ་བུས་དྲངས་ནས་གསང་གནས་སུ་མནན་ལ་ཐུབ་ཚད་དུ་བསྡམ། མི་ཐུབ་ན་སུད་ཙམ་སུད་ཙམ་བར་བཅད་ཀྱིན་བཅད་ཀྱིན་མཐར་སངས་ཀྱིས་བཏང་ངོ་། །དམིགས་བསྐོར་བཅུ་བདུན་པའོ། །གསུམ་པ་དགང་བ་ནི། སྣ་བུག་གཡོན་ནས་རླུང་རྒྱུ་བའི་ཚེ། །ལྟ་སྟངས་ཅུང་ཟད་གཡོན་དུ་སྒྱུར། ནང་དུ་ཅུང་ཟད་མགྱོགས་པར་ཤར་ཏེ་རྔུབས་ལ་གསུས་པ་ལྡིར་གྱི་དགང་། གཏོར་བ་སྔར་དང་འདྲ། །དམིགས་བསྐོར་བཅོ་བརྒྱད་པའོ། །བཞི་པ་རེངས་པ་ནི། སྔར་གྱི་འཇམ་རླུང་དགང་གཏང་དང་ཕྱོགས་མཚུངས་ཤིང་། ལུགས་འདིའི་བུམ་པ་ཅན་ཡང་འདིས་འགྲུབ་པར་བཞེད་ལ། དོན་ལ་བར་འཇམ་རླུང་གི་བུམ་ཅན་ཡིན་ནོ། །དེ་ཡང་རླུང་རོ་བསལ་ལ་སྣ་བུག་གཡོན་ནས་རྒྱུ་ན་ལྟ་སྟངས་གཡས་སུ་བསྒྱུར། འོག་སྒོ་བསྡམས་གཡས་ནས་དལ་ལ་རིང་བར་རྔུབས་ཏེ། གསང་གནས་སུ་བཟུང་ལ་མཐར་གཡས་ནས་བཏང་གཡས་ནས་རྒྱུ་ན་ལྟ་སྟངས་གཡོན་དུ་བསྒྱུར། གཡོན་ནས་དལ་བུས་རྔུབས། འོག་སྒོ་བསྡམས། ལྟོ་བ་ལྟིར་གྱིས་བྱ། མཐར་གཡོན་ནས་བཏང་ངོ་། །དེ་ལྟར་རེ་མོས་སུ་སྤེལ་གྱིན་བསྒོམ། མཉམ་རྒྱུར་འདུག་ན་ལྟ་སྟངས་ཐད་ཀར་བྱས་ལ་མྱུར་བར་རྔུབས། ལྟེ་བར་ཁ་སྦྱོར་དྲག་པོའ་ངང་ནས་ལྟེ་བ་ཅུང་ཟད་ཚིག་པ་ལ་གཅེར། ཕྱིར་དལ་བུས་གཏོང་། དེ་ལྟར་ན་བུམ་པ་ཅན་ཏེ་
༡༨༡ དམིགས་བསྐོར་བཅུ་དགུ་པའོ། །ལུགས་འདི་ཡང་སྲོག་རྩོལ་གྱི་མན་ངག་ཆ་ཚང་བ་གཅིག་གོ །གྲུབ་ཆེན་མན་ལུང་པའི་བཞེད་པ་ཡིན་གསུངས། རྗེ་ཕྱོགས་ལས་རྣམ་རྒྱལ་དང་བུ་སྟོན་སོགས་གདམས་བསྐྱར་བཟློས་མཛད་པ་དེ་ཡང་ཕལ་ཆེར་འདི་དང་འདྲའོ། །རྭ་ལུགས་ཀྱི་མན་ངག་ནི། དང་པོ་སྲོག་རླུང་དངོས་གཞུག་པ་ནི། ལུས་གནད་སོགས་སྤྱི་དང་འདྲ་བ་ལས། དང་པོ་སྣ་བུག་གཡས་ལྟ་བུ་ཞིག་འཛུམ་མོས་བཀག་ནས་རླུང་བུས་ཤིང་རྔུབས། འོག་རླུང་བག་ཙམ་བསྡམས་པའི་བུམ་པ་ཅན་བཟུང་། ཡང་སྣ་བུག་གཡོན་བཀག །གཡས་ནས་འབུད་ཅིང་བཟུང་བ་སོགས་བུམ་ཅན་འཛིན་པ་གཡས་གཡོན་སྤེལ་གྱིན་སྒོམ། དམིགས་བསྐོར་ཉི་ཤུ་པའོ། །ཐུར་སེལ་གྱི་རླུང་དངོས་སུ་གཞུག་པ་ནི། སྟེང་རླུང་སྔ་མ་བཞིན་དུ་བྱས་ལ། འོག་སྒོ་འབྱེད་འཛུམ་དྲག་པོའ་སྦྱོར་བས་ༀ་ཨཱཿདང་ལྷན་ཅིག་དྲག་ཏུ་འཐེན་པ་དེ་སྟེང་རླུང་དང་ལྷན་ཅིག་གསང་གནས་སུ་གཟིར་བར་བྱའོ། །འདིའི་མན་ངག་གི་ཡི་གེ་ལས། སྲོག་དང་ཐུར་སེལ་གྱི་བུམ་ཅན་དེ་འཁོར་ལོ་གཞན་རྣམས་སུའང་དྲག་ཏུ་འདྲེན་པར་བཤད་དེ། །ལྟེ་བར་བརྟན་པ་ཐོབ་པའི་དབང་དུ་བྱས་པ་ཡིན་ལ། དེ་བཞིན་དུ་སྲོག་རླུང་གི་བུམ་ཅན་བཅོ་བརྒྱད་འགྱུར་ཐུར་སེལ་གྱི་བུམ་ཅན་ལ་བྱེད་པ་སོགས་ཀྱང་རླུང་ལ་དབང་ཐོབ་པའི་དབང་དུ་བྱས་པ་ཡིན་པས། དེ་དག་རེ་ཞིག་ལས་དང་པོ་པ་ལ་མི་དགོས་ཤིང་། འགའ་ཞིག་རང་ཤུགས་ཀྱིས་འགྲུབ་ལ། འགའ་ཞིག་ཞོར་ལ་འོག་ཏུ་སྟོན་པར་ཡང་འགྱུར་རོ། །དམིགས་བསྐོར་ཉེར་གཅིག་པའོ། །འདིར་ཡང་དེ་ཙམ་གྱི་སྐབས་འདིར་སྲོག་རྩོལ་གྱི་མན་ངག་ཆ་ཚང་བར་འགྱུར་ལ། སྔར་གྱི་འཕྲོས་ལས་མཉམ་གནས་ཀྱི་རླུང་གཞུག་པ་ནི། གཞན་སྔར་དང་འདྲ་བ་ལས་སྣ་བུག་གཉིས་ཀར་ནས་འབུད་རྔུབ་བྱ། གཙུག་ཏོར་མ་གཏོགས་པའི་འཁོར་ལོ་ལྔ་དང་། ཡན་ལག་ཉིནཉིང་ལག་གི་རླུང་རྣམས་ཐམས་ཅད་གཅིག་ཏུ་འདུས་པར་བསམ་ཞིང་། ༀ་ཞེས་འོག་
༡༨༢ སྒོ་དྲག་ཏུ་བསྡམས་ལ་སྟེང་དུ་དྲངས། ཨཱཿཞེས་འོག་སྒོ་དབྱེ་བས་ཐུར་དུ་བསྡིགས་པ་དང་། གྱེན་རྒྱུ་གཞུག་པ་དེ་དང་འདྲ་བ་ལས། མགྲིན་པ་དང་རོ་སྟོད་དྲག་ཏུ་གཅུད། ཁྱབ་བྱེད་གཞུག་པ་ཡང་དེ་དང་འདྲ་བ་ལས་སོར་མོ་རྣམས་བསྐུམ། ཉ་བཞི་སྒྲིམ་མོ་ཞེས་བཤད་ནའང་། དེ་གསུམ་པོ་ཡན་ལག་གི་དམིགས་པ་ཡིན་པ་དང་། དིངདེང་སང་ཉམས་འཁྲིག་མི་སྐྱོང་བས་དམིགས་བསྐོར་ལོགས་པར་མི་འདྲེན་ནོ། །མན་ལུང་བའི་མཚན་བརྗོད་སྦྱོར་དྲུག་གི་ལུགས་ནི། དལ་བུས་རྔུབས་པ་ན་ༀ་གྱིས་ཡིད་བཟླས་དང་། ཁ་སྦྱོར་བུམ་ཅན་རྔུབས་ཆུང་དང་བཅས་ཏེ་འཛིན་པ་ན་ཧཱུྃ་གི་ཡིད་བཟླས་དང་། དལ་བུས་རྒྱུ་བ་མི་མངོན་པ་ཙམ་དུ་འབུད་པ་ན་ཨཱཿའི་ཡིད་བཟླས་བྱ་བར་བཞེད་དེ། འབོ་ལུགས་ཀྱི་བླ་མ་གོང་མ་རྣམས་ཀྱང་དོན་གྱིས་འདི་ཉིད་བཞེད་དེ། འདི་ནི་རླུང་སྦྱོར་གཅིག་ལ་རྡོར་བཟླས་བུམ་ཅན་གཉིས་ཀ་ཚང་པའི་ལུགས་ཏེ། ཤིན་ཏུ་ལེགས་པར་མངོན་ནོ། །དེ་བཞིན་དུ། གྱི་ཅོ། ཁྲོམ་ལོ། ཙ་མི། ་ལོ་ལུགས་གཞན་གྱི་དགང་བ་དང་། དབྱུང་བ་དང་། བུམ་པ་ཅན་རྣམས་ཀྱང་དེ་རྣམས་ལ་དོན་ཚང་བར་ཤེས་པས་ལོགས་སུ་བཤད་མི་དགོས་སོ། །འདི་ཐམས་ཅད་ལ་ཐུན་མོང་དུ་མན་ངག་སྦྱར་བ་ནི། རླུང་ཕྱིར་འགྲོ་དུས་རྟགས་སྣང་ལ་དག་ཏུ་སེམས་གཏད། ནང་དུ་འཇུག་དུས་སེམས་ཉིད་དང་བསྲེ། གནས་པའི་དུས་སུ་སེམས་དང་སྟོང་གཟུགས་བསྲེས་པའི་མྱོང་བ་དང་འཛིན་པ་དེ་བཤིག་པར་བྱ་སྟེ། ཤིན་ཏུ་ཟབ་པའི་ཉམས་ལེན་ཏིང་འཛིན་སེམས་ཀྱི་གནད་རྣ་བ་ནས་རྣ་བ་དང་། ཞལ་ནས་ཞལ་དུ་བརྒྱུད་པ་རྒྱུད་གཞུང་ཚད་ལྡན་ཀུན་གྱི་དགོངས་པ་རྨ་མེད་པའོ། །དམིགས་བསྐོར་ཉེར་གཉིས་པའོ། །གཉིས་པ་ལ་སྤོགས་ཆོག་བོགས་འདོན་དང་། སྲོག་རྩོལ་ཉིད་ཀྱི་སྒོ་ནས་གེགས་བསལ་བ་གཉིས་སོ། །དང་པོ་ནི། མ་ཆུད་ཅིང་མ་འཆིངས་ན། བཙན་ཐབས་ཀྱི་སྦྱོར་བས་ཉི་ཟླའི་
༡༨༣ ལམ་དགག་པ་ནི་སྤོགས་ཆོག་ཡིན་ཏེ། པཎ་ཆེན་ཤཱཀྱ་ཤྲཱིའི་བཞེངས་པས། ལུས་གནད་ལྟ་སྟངས་སྤྱི་དང་མཐུན་པར་བཅས། རླུང་རོ་བསལ་རྗེས་རླུང་རང་སོར་བཞག །རྩ་བཟང་ན་ལག་པ་གཉིས་གང་རུང་གཅིག་གི་མཐེབ་མཛུབ་ཀྱིས་མགྲིན་པའི་འཕར་རྩ་མནན། རྩ་ངན་ན་གཡས་ཀྱི་མཐེ་བོས་གཡས་ཀྱི་འཕར་རྩ་དང་། གཡོན་གྱི་མཐེ་བོས་གཡོན་གྱི་འཕར་རྩ་མནན། སོར་མོ་ལྷག་མ་རྣམས་ཀྱིས་ལྟག་པ་ནས་བརྟེན་ཏེ། རན་པར་གཙིར་བས། རབ་ལ་བདེ་སྟོང་གི་ཉམས་དང་འོད་གསལ་གྱི་ཉམས་ཁྱད་པར་ཅན་སྐྱེ། འབྲིང་ལ་རྣམས་རྟོག་འགག་ཅིང་རྟགས་སྣང་གསར་པ་ཅུང་ཟད་འཆར། ཐ་མལ་ལའང་རྣམ་རྟོག་ཅུང་ཟད་འགག་གོ །དང་པོར་ཤུགས་ཆུང་བ་མི་འགྱེལ་ཙམ་དུ་མནན་ཅིང་། ཕྱིས་ཤུགས་ཇེ་དྲག་ཇེ་དྲག་ཏུ་མནན་པས་ཉམས་ཇེ་བཟང་ཇེ་བཟང་དུ་འགྱུར་རོ། །འབྲོ་ལུགས་ཀྱི་མན་ངག་ལས་ནི། འདི་ལ་རྡུལ་མཐའ་ཅན་ཟེར་ཞིང་། རྟིང་པ་གཡས་པས་བཤང་ལམ་དགག །བརླ་དང་བྱིན་པའི་བར་དུ་གསང་རྩ་ལྟེམ་པའམ། རྟིང་པ་གཡས་པས་གསང་རྩ་ལྟེམ། ལག་པ་ཕྱོགས་གཅིག་གདན་ལ་བརྟེན། ཅིག་ཤོས་ཀྱིས་གཉིད་ལོག་མནན། རླུང་ཡོངས་རྫོགས་བཟུང་བའམ། ཅུང་ཟད་ཅིག་ཕྱིར་བཏང་བའི་ལྷག་མ་བཟུང་བ་གང་བདེ་བྱ། ཞེས་བཤད་དོ། །འདི་ལས་འཕྲོས་པའི་འཕོ་བའི་གདམས་པ་ནི་འོག་ཏུ་བསྟན་པར་བྱའོ། །དམིགས་བསྐོར་ཉེར་གསུམ་པའོ། །བོགས་འདོན་ནི། ཡེ་ཤེས་སྤྱན་སྒྲུབ་ལས་འབྱུང་བའི་མན་ངག་གཉིས་ལས། དང་པོ་ནི། དྷཱུ་ཏཱིའི་ནང་དུ་འོད་གསལ་བཟུང་། །རྟོག་མེད་སེམས་ཀྱི་དེ་ཉིད་ཤེས། །རྡོ་རྗེའི་ལུས་ཀྱི་དེ་ཉིད་མཐོང་། །གསང་སྔགས་ཆོས་ལ་མཁས་པར་འགྱུར། །ཞེས་གསུངས་ཏེ། བུམ་པ་ཅན་དང་སྟོང་གཟུགས་ལ་མཉམ་པར་གཞག་པ་ཡང་ཡང་གོམས་པས་ལུས་ཀྱི་ནང་དུ་སྟོང་གཟུགས་འཆར། དེའི་རྒྱུན་གོམས་པས་ལུས་ཀྱི་ནང་གང་འདོད་དུ་
༡༨༤ འཆར་ཐུབ། དེ་སྐབས་ནས། ལྟེ་བ་སྤྲུལ་འཁོར་གྱི་དབུས་དབུ་མ་གང་དུ་ཡོད་པའི་ཐད་དེ་ཙམ་དུ་སྟོང་གཟུགས་ཤར་བ་ལ་སེམས་རྩེ་གཅིག་ཏུ་གཏད་པས་དྲོད་ཚ་འུར་བ་སོགས་བདེ་དྲོད་ཀྱི་ཉམས་འཕྲལ་དུ་ཤར་བྱུང་ན་གནད་དུ་སོང་བ་ཡིན། བདེ་དྲོད་མི་སྐྱེ་བ་དང་། སྟོང་གཟུགས་མི་གསལ་དུ་སོང་ན་གནད་འཕྱུགས་པ་ཡིན་པས། རྩ་དབུ་མའི་གནས་ཚུལ་ངེས་པར་བྱས་ཏེ་བསྒོམས་པས། དེའི་ནང་དུ་སྟོང་གཟུགས་ཤར་བ་ན་སྔར་བཞིན་བསྒོམ། དེ་ནས་ཉམས་ཀྱི་ཚུལ་གྱིས་རྩ་དབུ་མར་རྩ་འཁོར་སོགས་ཅི་རིགས་པ་མཐོང་བ་འབྱུང་། དེ་བཞིན་དུ་སྙིང་ཁ་ལ་སོགས་པ་རྩ་གནས་གཞན་ལའང་སྦྱར་གྱིན་བསྒོམ། དེས་རྩ་གནས་རགས་པ་ཕལ་ཆེ་བའི་རྣམས་པ་ཉམས་ཀྱི་ཚུལ་དུ་འཆར་ལ། དེ་ནས་ཡུན་བསྲིངས་ཏེ་བསྒོམས་པས་རྩ་རླུང་ཐིག་ལེའི་གནས་ཚུལ་མངོན་སུམ་དུ་མཐོང་བར་འགྱུར་རོ། །དམིགས་བསྐོར་ཉེར་བཞི་པའོ། །ཡང་ཇི་སྐད་དུ། སྲོག་རྩོལ་སྒོ་རུ་འོད་གསལ་བཟུང་། །རྒྱུ་བ་རླུང་གི་དདེ་ཉིད་ཤེས། །རླུང་ལྔའི་ཁ་དོག་མཐོང་བར་འགྱུར། །ཞི་རྒྱས་ལ་སོགས་དབང་དུ་འདུ། །ཞེས་གསུངས་ཏེ། སྣ་བུག་ནས་སོར་བཅུ་དྲུག་གི་སྟེང་གི་ནམ་མཁར་སྟོང་གཟུགས་ཤར་བ་ལ་སེམས་གཏོད། དེ་ལ་གཏནགཏད་ན་རིམ་གྱིས་ཇེ་ཉེ་ཇེ་ཉེ་ལ་གཏད་སྟེ། མཐར་སྣའི་ནང་དུ་སྟོང་གཟུགས་ཤར་བ་ལ་སེམས་གཏོད་པའི་བར་དུ་བྱ། དེ་ནི་ནམ་མཁའི་རླུང་གི་ལམ་ལ་སྒོམ་པ་ཡིན་ལ། དེ་བཞིན་དུ་འབྱུང་བ་གཞན་གྱི་རླུང་ལའང་སྦྱར་ཏེ་སྒོམ། མཐར་ཐམས་ཅད་དུ་འབྱོངས་པ་ན་སྣའི་བར་ཐད་དུ་སྟོང་གཟུགས་ཤར་བ་ལ་སེམས་གཏད་དོ། །དབུགས་དང་འགྲོགས་ཏེ་སྟོང་གཟུགས་ཡལ་ཡོལ་བྱེད་ཀྱང་དེའི་རྗེས་སུ་མི་འབྲང་བར་ཐོག་མ་སེམས་བཞག་པ་དེ་ཀར་བསྒྲིམ། འདི་བསྒོམས་པས་སྣ་སྒོར་སྟོང་གཟུགས་རྟག་ཏུ་གནས་པ་འབྱུང་། དེ་ལ་རྩེ་གཅིག་ཏུ་གོམས་པ་ལས། རིམ་པས་རླུང་རྣམས་ཀྱི་ཁ་དོག་དང་དབྱིབས་དང་། ཚད་དང་རྒྱུ་བའི་གྲངས་ཀྱི་རྣམས་པ་ངེས་པ་འབྱུང་།
༡༨༥ དེ་བྱུང་ནས་ཀྱང་བུམ་པ་ཅན་དང་ལྷན་གཅིག་བསྒོམས་ན་ཟླ་བ་དྲུག་ལ་སོགས་པས་བརྟན་པ་ཐོབ་པར་འགྱུར། དེ་ནས་རླུང་རྒྱུ་བ་དང་བསྟུན་ཏེ་འདུན་པ་བསྒྱུར་བ་ཙམ་གྱིས་ཀྱང་ཞི་རྒྱས་ལ་སོགས་པའི་ལས་ཆེན་བརྒྱད་ཐོགས་མེད་དུ་འགྲུབ་པ་ཡིན་ནོ། །འདི་ནི་མཚོན་པ་ཙམ་སྟེ། གཞན་ཡང་གཏུམ་མོ་དང་། ལས་རྒྱ་དང་། བཙན་ཐབས་ཀྱི་སྦྱོར་བ་མང་པོ་ཞིག་སྲོག་རྩོལ་གྱི་བོགས་འདོན་ཏུ་འབྱུང་ངོ་། །དམིགས་བསྐོར་ཉེར་ལྔ་པའོ། །སྐབས་འདིར་སྲོག་རྩོལ་ཉིད་ཀྱི་སྒོ་ནས་གེགས་བསལ་བ་དང་། པཎ་ཆེན་རྡོ་རྗེའི་ཚིག་ལྔ་པའི་འཕྲོས་ལ་བཀག་པས། འོག་སྒོ་བཙན་ཐབས་སུ་འགགས་ན་སྟེང་གི་སྦྱོར་བས་ལ་བརྟེན་ཏེ་གྲོལ་བ་ཡང་ཤེས་དགོས་ལ། གཞན་ཡང་སྲོག་རྩོལ་བསྒོམས་པས་ཐོད་པ་འགོགས་པ་སྙམ་བྱེད་པ་དང་། མགོ་དང་སྙིང་ཁ་ན་བ་དང་། ལྟེ་བ་གཟེར་ཞིང་སྤྱི་གཙུག་གི་པགས་པ་ལ་ཁབ་བཙུགས་པ་ལྟ་བུར་བྱུང་བ་དང་། ཁོག་པར་ཤིང་བཅུག་པ་ལྟ་བུར་འོད་ཟེར་གྱི་འཁོར་ལོ་ལུས་ནང་དུ་དྲག་ཏུ་འཁོར་ན། སྦྱོར་བས་དབུ་མར་འཛུད་དགོས་པ་ཡིན་ཀྱང་དེ་མི་འགྲུབ་ན། རེ་ཞིག་སྲོག་རྩོལ་སྒོམ་པའི་རྩོལ་བ་གློད་ན། སྐུ་མཉེ་དང་ཁ་ཟས་བཟང་དུ་བསྟེན། འབེབས་ཀྱི་འཁྲུལ་འཁོར་དང་། ཧ་འཕྲ་བ་དང་། རླུང་ཕྱིར་འདོན་པ་མང་དུ་བྱས་པས་སེལ་བར་འགྱུར་རོ། །སྤྱིར་གེགས་བསལ་བ་དང་། གེགས་ཆུང་ངུ་ལ་སེལ་བྱེད་ཀྱང་ཞི་བ་དང་། བར་པབ་ལ་བར་པབ་དང་། ཆེན་པོ་ལ་ཤུགས་དྲག་པོ་རྣམས་གལ་ཆེ། དེ་ལས་བཟློག་ན་ཆུང་ངུ་ཆེན་པོར་འགྱུར་བ་དང་། ཆེན་པོ་བཅོས་དཀའ་བ་རྣམས་སུ་འགྱུར་རོ། །ཉིན་དང་ཉིན་ལ་ཡེ་ཤེས་ཀྱི་ཉམས་ཕེབས་པར་འགྱུར་ན་དེ་ཉིད་བྱུང་རྒྱལ་དུ་བསྐྱངས་པས་གེགས་ཕལ་ཆེར་སེལ་བར་འགྱུར་ལ། གཞན་དུ་གེགས་སེལ་གྱི་གདམས་ངག་ལ་ཡང་མཁས་པ་དང་། ལུས་སྦྱོངས་ལ་བརྩོན་པར་བྱེད་དགོས་ཏེ། དེ་དག་གི་ཡི་གེ་ལོགས་སུ་ཡོད་པ་ལྟར་ཉམས་མྱོང་ཅན་གྱི་ལག་ཁྲིད་དང་བཅས་ཏེ་ཤེས་པར་བྱའོ། །གཉིས་པ་སྒོམ་དོན་བློ་ལ་འགོད་
༡༨༦ པ་ལ། སྲོག་རྩོལ་གྱི་མཚན་དོན། སྒོམ་པའི་དུས་མཚམས། སྒོམས་ཚུལ་གྱི་ཡན་ལག །བསྒོམ་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས། དང་པོ་ནི། རྒྱ་གར་གྱི་སྐད་དུ། པྲ་ཎ་ཅེས་བསྲོག །ཨཱ་ཡ་མ་ཅེས་པ་འགོག་པའམ། རྩོལ་བའམ། རིང་དུ་བྱེད་པ་ལ་འཇུག་པས། དེ་མཚམས་སྦྱར་བས། པྲ་ཎཱ་ཡ་མ་ནི་སྲོག་རྩོལ་ལམ། སྲོག་འགོག་པ་ཅེས་བྱའོ། །དེ་ལ་སྲོག་ནི་རླུང་གི་མིང་ཡིན་ལ། དེ་འགོག་པའམ་རྩོལ་བ་ནི་འཇུག་པར་བྱེད་པའི་དོན་ནོ། །གཉིས་པ་ལ་སྲོག་རྩོལ་གྱི་ཡན་ལག་དངོས་ནི། བསམ་གཏན་གྱི་ཡན་ལག་ལྔ་པ་རྒྱུད་ལ་སྐྱེས་ནས་བསྒོམ་པ་ཡིན་ལ། རྗེས་མཐུན་པ་ནི་ལས་དང་པོ་པས་ཀྱང་བསྒོམ་དུ་རུང་ཞིང་། ཁྱད་པར་དུ་ཡང་ཐོག་མར་དགེ་བའི་སོར་བསམ་གང་རིགས་ལ་ཉམས་མྱོང་ཅུང་ཟད་རེད་ནས་བསྒོམ་ནས་ཤིན་ཏུ་ལེགས་སོ། །གསུམ་པ་བསྒོམ་ཚུལ་གྱི་ཡན་ལག་ལ་དོན་ཚན་ལྔའི་དང་པོ་སྲོག་རྩོལ་གང་ལ་བྱ་བའི་ཡུལ་ནི། སྤྱིར་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་མཐའ་དག་ཡིན་ལ། དེའི་གཙོ་བོ་ལྟེ་བ་ཡན་ཆད་ན་རོ་རྐྱང་དབུ་མ་གསུམ། ལྟེ་བའི་འོག་ཏུ་བཤང་གཅི་ཁུ་བའི་རྩ་གསུམ་སྟེ་དྲུག །རླུང་སྲོག་དང་ཐུར་སེལ་གཉིས་རྣམས་ཏེ། སྤྲོ་ན་སྐབས་འདིར་རྩ་རླུང་ཐིག་ལེའི་གནས་ཚུལ་རྒྱས་པར་བཤད་ན་ལེགས་སོ། །དོན་ཚན་གཉིས་པ་སྲོག་རྩོལ་བསྒོམ་པའི་དགོས་པ་ནི། རྒྱུད་ལས། དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུད་ནི། ཉིན་ཞག་སོ་སོའ་དུས་སུ་རྩའི་སྦྱོར་བ་བསྒོམ་པར་བྱ། ཞེས་དང་། དུས་ཞབས་པའི་མན་ངག་ལས་ཀྱང་། །མི་འགྱུར་བདེ་བ་སྐྱེ་བའི་ཕྱིར། །སྲོག་རྩོལ་ཡན་ལག་བསྒོམ་པར་བྱ། །ཞེས་པ་ལྟར་འགྱུར་མེད་བདེ་བ་རྒྱུ་ཚོགས་ཀྱི་ཕྱོགས་གཅིག་སྟོང་གཟུགས་ཕྱག་ཆེན་ཡིན་པ་སོར་བསམ་གྱི་དུས་ནས་ཀྱང་བསྒྲུབས་པ་ཡིན་ལ། ཕྱོགས་གཅིག་ཤོས་རླུང་ལས་རྣམ་པར་རྒྱལ་བ་ཐོབ་ཅིང་། ཨ་ཝ་དྷཱུ་ཏཱིར་བཅིངས་པས་རྡོ་རྗེའི་ལུས་རྣམ་པར་དག་པ་གྱུར་ནས་
༡༨༧ འཆི་བ་མེད་པ་དང་། ཐིག་ལེ་ལ་དབང་འབྱོར་པར་བྱེད་པ་ནི་སྲོག་རྩོལ་གྱི་དགོས་པའོ། །དོན་ཚན་གསུམ་པ་སྲོག་རྩོལ་དུ་ས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི། རྣལ་འབྱོར་བསྒོམ་པའི་ཚེ་རླུང་རྣམས་དབུ་མ་འབའ་ཞིག་ནས་འབབ་པར་འགྱུར་གྱི་བར་དུ་སྟེ། དེས་བྱང་ཆུབ་ཀྱི་སེམས་རགས་པ་བཟུང་བཟློག་ལ་དབང་ཐོབ་པར་འགྱུར་ཞིང་། དབང་པོ་རྣོན་པོས་ཟླ་བ་དྲུག་གིས་དེ་འགྲུབ་པའི་དབང་དུ་མཛད་ནས། རྒྱུད་ལས། ཟླ་བ་དྲུག་གིས་སྡོམ་བརྩོན་རྣམས་ལ་རེག་བྱས་དམན་པའི་བདེ་བ་མཉམ་པ་ལམ་གྱི་སེམས་སུ་འགྱུར། ཞེས་གསུངས། དོན་ཚན་བཞི་པ་སྲོག་རྩོལ་གྱི་ངོ་བོ་ནི། སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་བསྒྱེལ་ཞིང་དབུ་མར་སྲོག་ནི་རབ་ཏུ་ཞུགས་པ་དག་ཏུ་འགྱུར། ཞེས་གསུངས་ཏེ། རོ་རྐྱང་གི་རླུང་དབུ་མར་དགག་ཅིང་འོག་ཏུ་བཤང་གཅིའི་རྩར་རྒྱུ་བའི་རླུང་ཡང་དུང་ཅན་མར་དགག་པ་ཡིན་ལ། དེ་བཞིན་དུ་དབུ་མར་རྒྱུ་བའི་སྲོག་དང་། དུང་ཅན་མར་རྒྱུ་བའི་ཐུར་སེལ་ཡང་གཅིག་ཏུ་བསྡུ་བར་བྱེད་པའི་ཏིང་ངེ་འཛིན་ནོ། །དོན་ཚན་ལྔ་པ་སྲོག་རྩོལ་ཇི་ལྟར་སྒོམ་པའི་ཚུལ་ལ། རྡོ་རྗེའི་བཟླས་པ་ནི། རྒྱུད་ལས། ཟླ་བ་ཉི་མས་ཨ་སོགས་ཀ་སོགས་རྣམས་ཀྱི་རྣམ་གསུམ་བགྲོད་གནས་སྐུ་ཡི་རྡོ་རྗེ་སོགས་བཟླས་པ། ཞེས་པས་བསྟན་ཅིང་། འཇམ་རླུང་གང་གཏོང་གི་དབུགས་ཡོ་བ་བསྲང་བ་ནི། ཇི་སྐད་དུ། མཆན་ཁུང་གཡས་དང་གཡས་མིན་དག་ལས་ནུ་མ་དག་ཀྱང་སྟོབས་ལྡན་མནན་ཏེ་སྲོག་ནི་བཀག་པ་ལས། གཡས་ནས་གཡོན་པའི་རྩར་ནི་འཕྲལ་ལ་རབ་འབབ་གཡོན་པའི་མཆན་ཁུང་ལས་ཀྱང་གཡས་སུའོ། །ཟླ་བ་ཕྱེད་ཀྱིས་ཀྱང་ནི་འཆི་སྟེར་འཆི་ལྟས་འཕྲོག་སྟེ་རྣལ་འབྱོར་ལྡན་པའི་རྣལ་འབྱོར་པབ་ཡིས་སོ། །ཞེས་པས་བསྟན། དགང་བ་དང་བུམ་པ་ཅན་ནི། ཁ་ཡང་བཙུམ་སྟེ་སྣ་ཡི་བུ་ག་གཉིས་པོ་དག་ནས་ཕྱི་རོལ་དག་གི་རླུང་ནི་མ་ལུས་པ། སྲོག་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་
༡༨༨ གློག་དང་མཚུངས་པར་ཐུར་སེལ་རླུང་དང་སྦྱར་བྱས་ཏེ། ཞེས་པས་བསྟན་ཅིང་། དེའི་ཕན་ཡོན་ཡང་། ལུས་ལ་ཟས་ལ་སོགས་པ་དང་ནི་བཀྲེས་དང་སྐོམ་པ་འཕྲོག་ཅིང་འཆི་བ་མེད་པ་ཉིད་ཀྱང་སྟེ། ཞེས་སོ། །གཞན་ཡང་དྲི་མེད་འོད་ལས། དབྱུང་བ་དང་དགང་བ་དང་། བུམ་པ་ཅན་གྱི་སྦྱོར་བས་ནི་རྟག་ཏུ་བསྙེན་པའོ། །ཞེས་གསུངས་པས། སྲོག་རྩོལ་གྱི་མན་ངག་ཐ་དད་པ་ཐམས་ཅད་ཀྱང་བསྟན་པ་ཡིན་ནོ། །འདིར་བུམ་པ་ཅན་གཙོ་བོ་ཡིན་པས་ངེས་པར་དགོས་ལ། གཞན་དག་ནི་ཇི་ལྟར་རིགས་པར་ཡང་སྦྱར་རོ། །གནས་སྐབས་སུ་སྲོག་གེགས་མི་འབྱུང་བའི་དོན་དུ། རླུང་སྟོབས་རྒྱས་པ་དབུ་མར་འཛུད་པའམ། གེགས་སེལ་གཞན་ཡང་རུང་སྟེ། དེའི་དུས་བསྟན་པ་ནི། སྲོག་རྩོལ་རབ་ཏུ་བྱ་སྟེ་སྙིང་ཁ་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་མེ་ཡིས་གདུང་གྱུར་པ། ཞེས་པ་སོགས་པའོ། །བཞི་པ་ནི། སྲོག་རྩོལ་གྱི་རྟགས་ཐམས་ཅད་གཡས་གཡོན་གྱི་རླུང་བཅུ་དབུ་མར་འགགས་པའི་མཐུ་ལས་བྱུང་བའི་ལུས་ཉམས། ངག་ཉམས། སེམས་ཉམས། མཐོང་ཉམས། རྨི་ཉམས་ཏེ་རྣམས་པ་ལྔར་འདུས་པ་ཡིན་ནོ། །ཚད་མ་ནི། །རྣམ་རྟོག་གི་རྒྱུ་རླུང་རྣམས་དབུ་མར་འགགས་པའི་ཡེ་ཤེས་ཡིན་པས་ཡིད་ཀྱི་མངོན་སུམ་གཙོ་བོར་གྱུར་པའི་མངོན་སུམ་བཞིའོ། །ལྔ་པ་ནི། དག་བྱ་ལ་དབྱེ་ན་འདུ་ཤེས་སོགས་ཕུང་ཁམས་དྲུག་ཚན་གཅིག་ཡོད་ལ། དག་བྱེད་སྲོག་རྩོལ་ཉིད་ལ་དབྱེ་ན། གཡས་གཡོན་གྱི་དཀྱིལ་འཁོར་བཅུ་དབུ་མར་འདྲེས་པའི་དབྱེ་བས་བཅུའོ། །དྲུག་པ་ལས། གནས་སྐབས་ཀྱི་འབྲས་བུ་ནི། རྒྱུད་ལས། སྲོག་རྩོལ་གྱིས་ནི་དག་པ་རི་བོང་ཅན་དང་ཉི་མ་རྣམས་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། ཅེས་གསུངས་པ་ལྟར། རོ་རྐྱང་དུ་རྒྱུ་བའི་རླུང་ཡོན་པོ་འགགས་པའི་ཕན་ཡོན་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུང་སྟོན་ཅིང་བྱིན་གྱིས་རློབས། ཡེ་ཤེས་ཀྱིས་སྣང་
༡༨༩ བར་གྱུར་པའི་གཟུགས་སོགས་ཡུལ་དྲུག་གི་འདོད་ཡོན་ལ་སྤྱོད། །དབང་པོ་དྲུག་གི་མངོན་ཤེས་སྐྱེ། མི་དང་མི་མ་ཡིན་པ་དབང་དུ་འདུ་བ་ཡིན་ལ། མཐར་ཐུགས་གི་འབྲས་བུ་ནི། དོན་ཡོད་གྲུབ་པ་སོགས་ལྷ་རླུང་ཁམས་པ་དྲུག་ཚན་གཅིག་ཐོབ་པར་འགྱུར་པ་ཡིན་ནོ། །སྒོམ་དོན་བློ་ལ་འགོད་པ་འདི་ལ་ཐུན་གཅིག་ལ་སོགས་པའོ། །དེས་སྲོག་རྩོལ་གྱི་འཁྲིད་ཚར་རོ། །གཉིས་པ་འཛིན་པའི་འཁྲིད་སྟོན་པར་བྱེད་པ་ལ། ཉམས་ལེན་དམིགས་པའི་གནད་དང་། སྒོམ་དོན་བློ་ལ་འགོད་པའོ། །དང་པོ་ལ་འཛིན་པའི་མན་ངག་དངོས་དང་། བོགས་འདོན་སྤོགས་པའི་ཆོ་གའོ། །དང་པོ་ནི། །གང་དུ་ཇི་སྐད་བསྟན་པ་ལྟར། བུམ་པ་ཅན་གྱི་སྦྱོར་བས་སྲོག་དབུ་མའི་ཐིག་ལེ་ལ་ཐིམ་པར་བྱེད་པ་ཡིན་ཏེ། སྲོག་རྩོལ་དང་འཛིན་པའི་སྐབས་ཀྱི་བུམ་ཅན་ནི་བུམ་པ་ཅན་ཙམ་དུ་འདྲ་ཡང་སྲོག་རྩོལ་གྱི་བུམ་ཅན་ནི། རོ་རྐྱང་གི་ལམ་དགག་པ་དང་། སྲོག་ཐུར་འདྲེ་བའི་ཕྱིར་སྒོམ་པ་ཡིན་ལ། འདིར་ནི་སྲོག་ཐུར་འདྲེས་ཟིན་པའི་རླུང་དེ་ཉིད་དབུ་མའི་ཐིག་ལེར་ཐིམ་པར་བྱེད་པའི་དོན་ཡིན་ནོ། །དེ་ལ་ལྟེ་བའི་བུམ་ཅན་ནི་སྔར་དང་འདྲ་སྟེ། འོན་ཀྱང་འཛིན་པའི་རྗེས་མཐུན་པ་བསྒོམ་པའི་སྐབས་འདིར་རླུང་རྣམས་ལྟེ་བའི་ཐིག་ལེ་ལ་ཐིམ་པའི་མོས་པ་ཙམ་ཡང་ཡང་བྱེད་པ་ནི་ཁྱད་པར་རོ། །དམིགས་བསྐོར་ཉེར་དྲུག་པའོ། །དེ་བཞིན་དུ་སྙིང་ཁའི་བུམ་ཅན་ཡང་ཕལ་ཆེར་དེ་དང་འདྲ་བ་ལས། ལྟེ་བའི་བུམ་ཅན་བཅས་ཟིན་འཚམས་ནས་སྙིང་ཁར་འདྲེན་པ་དང་། ལག་པ་གཉིས་རྒྱབ་ཏུ་བསྣོལ། རྡོ་རྗེའི་སྐྱིལ་ཀྲུང་གི་མཐེ་བོང་གཡས་གཡོན་ནས་འཐེན་པའི་ལུས་གནད་སྦྲགས་ཏེ་བྱའོ། །དམིགས་བསྐོར་ཉེར་བདུན་པའོ། །མགྲིན་པའི་བུམ་ཅན་ནི། རྐང་པ་སྐྱིལ་ཀྲུང་བཅས་ཏེ། པུས་མོའ་ནང་ཁུགས་སུ་གྲུ་མོ་བཙུགས། སོར་མོ་བསྣོལ་བས་ལྟག་པ་ནས་མནན་ཏེ་མགོ་བསྒྱུར། རླུང་ཁ་ནས་རྔུབས་ཏེ། ལྟག་པའི་ཐད་ཀར་ཐུགས་བསྒྱིལ་ལ་ལྐོག་མས་ཨོལ་མདུད་མནན།
༡༩༠ ཐུར་སེལ་མགྲིན་པའི་ཐད་ཀར་ཕུལ་ལོ། །དམིགས་བསྐོར་ཉེར་བརྒྱད་པའོ། །དཔྲལ་བའི་བུམ་ཅན་ནི། ཕལ་ཆེར་དེ་དང་འདྲ་བ་ལ་ལག་པ་གཉིས་སྔར་བཞིན་ལས་སྤྱི་བོ་ནས་འཐེན། རླུང་ཡང་ཁ་ནས་རྔུབས་པ་རྐན་གྱི་ཕུགས་སུ་ཡར་བསྒྱིལ་བ་ནི་ཁྱད་པར་རོ། །དམིགས་བསྐོར་ཉེར་དགུ་པའོ། །གཙུག་ཏོར་གྱི་བུམ་ཅན་ཡང་དམིགས་པ་གཙུག་ཏོར་དུ་བྱེད་པའི་ཁྱད་པར་མ་གཏོགས་དེ་དང་འདྲའོ། །དམིགས་བསྐོར་སུམ་བཅུཅུ་པའོ། །མན་ངག་ཁོ་ན་ལས་འབྱུང་བའི་གསུངས་བུམ་ཅན་ནི། རྟིང་པ་གཅིག་གིས་བཤང་སྒོ་རྟེན། གཅིག་གིས་གསང་བ་ནས་མནན། ལག་པ་གཉིས་གཞུག་ཆུང་ནས་ཕར་འཁྱིད་གང་ཙམ་གཞལ་བའི་སར་གཙུགས། གདོང་གྱེན་དུ་ཕྱོགས་པས་རླུང་དྲག་ལ་རིང་བར་མནན། བཤང་སྒོ་དང་གསང་སྒོ་གཉིས་ཀ་ནས་ཐུར་སེལ་ལན་མང་དུ་དྲངས་པ་དེ་དང་སྟེང་རླུང་གཉིས་ཀར་རྒྱུ་ཞབས་ཀྱི་འོག་ཏུ་མནན་ཏེ་བཞག་པའོ། །དམིགས་བསྐོར་སོ་གཅིག་པའོ། །འགའ་ཞིག་སྙིང་ཁ་ཡན་ཆད་ཀྱི་བུམ་ཅན་ལས་དང་པོ་པས་སྒོམ་དུ་མི་རུང་བར་འདོད་ནའང་། རིན་ཙམ་སྒོམ་པ་ལ་སྐྱོན་མེད་ཅིང་། ལས་དང་པོ་པས་སྒོམ་ན་ལག་ལེན་འདི་ལྟར་བྱེད་དེ། ལྟེ་བའི་བུམ་ཅན་ཉི་ཤུ་ཙམ་སོང་ནས་སྙིང་ཁའི་བུམ་ཅན་ལན་གཅིག་གཉིས་ཙམ་བྱེད་པ་སྟེ། ལྟེ་བའི་བུམ་ཅན་དེ་སྙིང་ཁར་དྲང་དྲངས། སྔར་ཡང་ལྟེ་བར་ཕབ་ནས་རླུང་གཏོང་། མགྲིན་པ་དཔྲལ་བ་གཙུག་ཏོར་རྣམས་ལ་ལྟེ་བའི་བུམ་ཅན་ཡང་མི་འདྲེན་ཡང་། རླུང་གཏོང་ཁར་བུམ་ཅན་ལྟེ་བར་འབེབས་དགོས་སོ། །སླར་ཡང་དེ་རྣམས་ཀྱི་མཐར་གསང་བའི་བུམ་ཅན་ཚར་རེ་བྱ། རླུང་རོ་འཁྱིམས་ཀྱི་དོགས་པ་ཡོད་ན་སྙིང་ཁའི་བུམ་ཅན་གྱི་མཐར་རོ་སྟོད་གཅུད་ཅིང་ཧ་འདོན། མགྲིན་པའི་མཐར་ཁ་བཙུམ་ནས་མགྲིན་པའི་རླུང་དྲངས་ཏེ་འབུད། དཔྲལ་བ་དང་གཙུག་ཏོར་གྱི་མཐར་སྣ་བཀག་ནས་ཐོད་པའི་རླུང་དྲངས་ནས་འབུད་པ་སོགས་ཀྱང་ལགས་ལེན་བཞིན་ཤེས་པར་བྱའོ། །གཉིས་པ་
༡༩༡ ལ། རླུང་གི་སྤོགས་ཆོག་ནི། རྡོ་རྗེའི་ཚིག་དྲུག་གི་གཏུམ་མོ་སྦར་བའི་སྦྱོར་བས་སྲོག་ཐུར་བསྲེ་ཞིང་འཆི་མེད་སྒྲུབ་པ་སྟེ། འཛིན་པའི་མན་ངག་སྔར་བསྟན་པ་དེ་ལྟར་བསྒོམས་ཀྱང་ཡོན་ཏན་སྐྱེ་མ་འདོད་ན། བུམ་ཅན་ཙམ་གྱི་སྲོག་ཐུར་བསྲེ་མ་ཐུབ་པ་ཡིན་པས། སྐྱིལ་ཀྲུང་གཡས་གཡོན་གྱི་རོལ་སྟབས་སམ། རྡོ་རྗེའི་སྐྱིལ་ཀྲུང་གིས་ཀྱང་ཆོག་ལ། ལག་པ་པུས་མོ་ལ་བཀབ། ཐོག་མར་འོག་སྒོ་སྟེང་དུ་འཐེན། སྟེང་རླུང་ཧཱུྃ་རིང་གི་གདངས་ཀྱིས་ཕྱིར་འབུད། སླར་ནང་དུ་ཧུཾ་ཐུང་གིས་མནན་ཏེ་ཅུང་ཟད་སོང་ནས་གསང་རླུང་ཧཱུྃ་གི་ཁོང་སྒྲ་དང་བཅས་ཏེ་ཡར་དྲངས། ལྕེ་རྩེ་རྐན་ལ་སྦྱར། ཕཊ་ཅེས་ཡིད་ལ་དྲན་པས་ཁ་སྦྱོར་དྲག་པོ་དེ་ལྟེ་བར་བཟུང་བཞིན་པས། ལྟོ་བ་ཕྱིར་འཕུལ་བ་ལན་འགའ་བྱ། དེ་ནས་འབུད་པ་སོགས་སྔར་དང་འདྲ་སྟེ། དེ་ཉིད་ཡང་ཡང་སྒོམ་པ་ཡིན་ནོ། །འདི་ནི་པཎ་ཆེན་ཤཱཀྱ་ཤྲིའི་མན་ངག་ཡིན་ལ། གྲུབ་ཐོབ་ཤཱ་བཱ་རི་པའིབའི་མན་ངག །བི་བྷུ་ཏི་ཙནྡྲའི་ཉེ་རྒྱུད་ལ་སྲོག་ཐུར་བསྲེ་བའི་མན་ངག་གསུམ་ཡོད་པ་ནི་གཞན་དུ་བཤད་པར་བྱའོ། །དམིགས་བསྐོར་སོ་གཉིས་པའོ། །འཁྲུལ་འཁོར་གྱི་སྤོགས་ཆོག་ནི། རླུང་གནད་སྔ་མ་དང་འདྲ་བ་ལས། རླུང་ཕྱིར་འབུད་པའི་ཚེ། རྐང་སོར་ནས་ལག་པས་འཇུས་ཏེ་སྒུར་ལངས་སུ་བྱེད། ནང་དུ་རྔུབས་ཏེ་བཟུང་བའི་སྐབས་སུ་འཕོང་། སྟན་གྱི་སྟེང་དུ་བཞག་སྟེ་ཙོག་སུཏུ་བྱ། གསང་རླུང་འཐེན་སྐབས་ལུས་བསྒྱུར། ལྟོ་བ་ཕྱིར་འཕུལ་བའི་སྐབས་ལྟག་པ་སྤྱོད་དོ། །དམིགས་བསྐོར་སོ་གསུམ་པའོ། །རྩའི་སྤོགས་ཆོག་ནི། གོང་དུ་བཤད་པའི་བཙན་ཐབས་ཀྱི་སྦྱོར་བས་ཉི་ཟླའི་ལམ་དགག་པ་ཉིད་དོ། །ཐིག་ལེའི་སྤོགས་ཆོག་གཙོ་བོ་ནི། དམིགས་བཅས་ཀྱི་གཏུམ་མོ་ཡིན་ཡང་འོག་ཏུ་འཆད་པར་འགྱུར་བས་འདིར་མི་བརྗོད་ལ། རྡོ་རྗེའི་ཚིག་དྲུག་གི་ལྕེ་གསུམ་ག་སྐྱོད་པའི་སྦྱོར་བས་ནང་གི་བདུད་རྩིའི་བཅུད་མྱང་བ་ནི། དམིགས་
༡༩༢ མེད་དང་དམིགས་བཅས་གཉིས་ལས། འདིར་དམིགས་བཅས་ཀྱི་དབང་དུ་བྱས་ན། ལག་གཉིས་ས་གནོན་བྱ། གཞན་ལུས་གནད་སྤྱི་དང་འདྲ། དཔྲལ་བར་ཧཾ་དཀར་པོ་ལ་དབྱངས་བཅུ་དྲུག་དཀར་པོས་བསྐོར་བའམ། ཡི་གེ་གསལ་མི་ཐེབས་ན་ཐིག་ལེ་དཀར་པོ་བསྒོམས་ཀྱང་རུང་ངོ་། །ཐུར་སེལ་འཐེན་བྱས་པས་རླུང་དྲོད་ཀྱི་རང་བཞིན་ཙནཙམ་ཁོགས་པ་ནས་ཡར་སོང་། ཡི་གེའམ་ཐིག་ལེ་ལ་ཕོག་པས་བདུད་རྩི་དཀར་པོ་རླན་དྲོད་ཀྱི་རང་བཞིན་ཅན་འོ་མའི་རྒྱུན་ལྟར་བབས། ཡ་ཐོད་ཁེངས། རླུང་རོ་བསལ་ལ། རླུང་ཁ་ནས་ཤིད་ཀྱི་སྒྲ་དང་བཅས་ཏེ་ལྕེ་ཐོག་ཏུ་དྲངས། མཆིལ་མ་དང་ལྷན་ཅིག་མིག །ལྕེ་རྩེ་ཕུགས་སུ་བཟློག་ནས་ལྕེའུ་ཆུང་ལ་རེག །རླུང་སྟོད་སྨད་དུ་མཉམ་པར་དགགས་ཞིང་བཟུང་། ལྕེ་ཆུང་ལས་བདུད་རྩིའི་རྒྱུན་བབས། རྩའི་ནང་ཐམས་ཅད་ཁེངས་པར་མོས། དེ་ཉིད་ཡང་ཡང་བསྒོམས་པས། ལྕེའུ་ཆུང་ལས་རང་བྱུང་གི་བདུད་རྩི་བབས་པར་འགྱུར་རོ། །གཞན་ཡང་ལས་དང་པོ་པས་བུམ་ཅན་རྣམས་སྒོམ་པའི་སྐབས་རླུང་འདུས་པའི་རྟགས་འགོར་ན། དམིགས་པ་འདི་ལྟ་བུ་སྒོམ་པར་བཤད་དེ། རྩ་འཁོར་སོ་སོར་བཤད་ཚོད་དང་མཐུན་པར་སྒོམ་ཐུབ་ན་ལེགས། མ་ཐུབ་ན། རྩ་འཁོར་རྣམས་ཀྱི་འཁོར་ལོ་ནང་ཁོ་ན་གསལ་བཏབ་པས་ཆོག་པ། ལྟེ་བ་སོགས་འཁོར་ལོ་ལྔ་ལ་རྩ་འདབ་བཞི་བཞི་ཡིན་ལ། གསང་གནས་ལ་དྲུག་གོ །དེ་ཡང་ལྟེ་བའི་བུམ་ཅན་སྒོམ་ན། ལྟེ་བ་སྤྲུལ་འཁོར་སེར་པོ་རྩ་འདབ་བཞི་པའི་ལྟེ་བར་དབུ་མའི་ནང་དུ་ཟླ་བ་ལ་ༀ་དཀར་པོ་གསལ་བཏབ། དེར་གཡས་གཡོན་སྲོག་ཐུར་གྱི་རླུང་རྣམས་ཐིམ་པར་མོས་པར་བྱེད། དེ་བཞིན་དུ། སྙིང་ཁའི་འཁོར་ལོ་དཀར་པོ་དང་། མགྲིན་པོའ་འཁོར་ལོ་དམར་པོ་དང་། སྤྱི་བོའ་འཁོར་ལོ་ནག་པོ་དང་། གཙུག་གཏོར་གྱི་འཁོར་ལོ་ལྗང་གུ་དང་། གསང་བའི་འཁོར་ལོ་སྔོན་པོ་རྣམས་སྒོམ་པའི་ཁྱད་པར་མ་ཏོགས། བུམ་ཅན་གཞན་རྣམས་
༡༩༣ ལའང་དམིགས་པ་སྔར་མས་རིགས་འགྲེའོ། །ཐིག་ལེའི་རྣལ་འབྱོར་དྲུག་པོ་དེ་རྣམས་དམིགས་བསྐོར་གཅིག་ཏུ་བསྡུ་སྟེ། དམིགས་བསྐོར་སོ་བཞི་པའོ། །སྤྱིར་ནས་འཛིན་པའི་བོགས་འདོན་ནི། སྲོག་རྩོལ་གྱི་བོགས་འདོན་དང་འདྲ་ཞིང་། འདིའི་སྤོགས་ཆོག་བོགས་འདོན་རྣམས་ཀྱང་སྲོག་རྩོལ་གྱི་སྐབས་སུ་འཇུག་པ་ཡིན་ནོ། །གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ། འཛིན་པའི་མཚན་དོན། སྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལག །བསྒོམས་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས། དང་པོ་ནི། དྷཱ་ར་ཎ་ཞེས་འཛིན་པ་དང་། གཟུང་བྱ་གཉིས་ཀ་ལ་འཇུག་པས་སྣ་ཚོགས་སུ་བསྒྱུར་བ་ཡོད་ཀྱང་། འདིར་ནི་རླུང་འགྲོ་འོང་དང་བྲལ་བ་འཛིན་པའི་དོན་ནོ། །འཛིན་པའི་ཡན་ལག་དངོས་ཀྱི་དབང་དུ་བྱས་ན། རླུང་དབུ་མར་རྟག་ཏུ་བབས་ཅིང་སྲོག་དང་ཐུར་སེལ་འདྲེས་པའི་དུས་ན་འཛིན་པ་སྒོམ་མོ། །རྗེས་མཐུན་པ་ནི་སྲོག་རྩོལ་དང་འདྲའོ། །གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ་དོན་ཚན་ལྔའི་དང་པ་འཛིན་པ་གང་ལ་བྱ་བའི་ཡུལ་ནི། བདེ་བའི་རླུང་སྟེ། མི་ཤིགས་པའི་ཐིག་ལེ་དང་འདྲེས་པའི་རླུང་ངོ་། །གཉིས་པ་བསྒོམས་པའི་དགོས་པ་ནི། བྱང་ཆུབ་ཀྱི་སེམས་གཡོ་མེད་དུ་འཆིང་བ་དང་། མི་འགྱུར་བ་བདེ་བ་དངོས་སུ་འདྲེན་པའི་སྟོང་གཟུགས་ཁྱད་པར་ཅན་འབྱུང་བའི་རྩ་བ་གཏུམ་མོའ་འབར་སྣང་བསྒྲུབ་པའི་ཕྱིར་ཡིན་ནོ། །གསུམ་པ་དུས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི་འཁོར་ལོ་ལྔའམ་དྲུག་ཏུ་བུམ་ཅན་ཇི་ལྟར་འདོད་པ་དགང་ནུས་པ་ལ་དབང་འབྱོར་བར་དེ་སྲིད་དུའོ། །བཞི་པ་འཛིན་པ་རང་གི་ངོ་བོ་ནི། རྒྱུད་ལས། ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་ལ་འཛིན་པའོ། །ཞེས་གསུངས་སྟེ། སྤྱིར་འཁོར་ལོ་ལྔའམ་དྲུག་གི་གནས་སུ་དབུ་མའི་ཐིག་ལེ་ལ་སྟེང་འོག་གཡས་གཡོན་གྱི་རླུང་རྣམས་
༡༩༤ ཐིམ་པ་དང་། ཁྱད་པར་མཐར་ཕྱིན་པ་ན། དཔྲལ་བའི་ཐིག་ལེ་ལ་སྲོག་རབ་ཏུ་ཞུགས་པས་ཐིག་ལེ་འཛག་མེད་དཔྲལ་བར་བརྟན་པ་ལ་སེམས་ཟིན་པའི་ཏིང་ངེ་འཛིན་ནི། ལྔ་པ་འཛིན་པ་ཇི་ལྟར་སྒོམ་པའི་ཚུལ་ལ། ལས་དང་པོ་པས་འཛིན་པ་རྗེས་མཐུན་པ་སྒོམ་ཚུལ་ནི་གོང་དུ་བཤད་པ་དེ་ཉིད་ཡིན་ཅིང་། དངོས་ནི་བུམ་པ་ཅན་གྱི་རྣལ་འབྱོར་གྱིས་འཁོར་ལོ་དྲུག་ཏུ་སྔར་གཡས་གཡོན་སྲོག་ཐུར་འདྲེས་ཟིན་པའི་དབུ་མའི་རླུང་དེ་ཉིད་ཐིག་ལེ་ལ་ཞུགས་པའི་ཚུལ་གྱིས་སྟོང་པར་ཐིམ་པས་གཏུམ་མོ་འབར་བར་བྱེད་པ་སྟེ། འདི་ལ་རྒྱུད་འགྲེལ་གྱིས་འཛིན་པ་སྟོན་པའི་སྐབས་ཕལ་ཆེར་ན། འཁོར་ལོ་བཞིའི་རྣམ་བཞག་ལས་མ་གསུངས་པ་མང་ལ། དབྱེ་བ་རྣམ་པ་བཅུའི་སྐབས་ན་གཙུག་ཏོར་གྱི་འཁོར་ལོར་ཡང་འགྲོ་བ་བཤད་པས། གཙུག་ཏོར་དུ་ཡང་འཛིན་པ་སྒྲུབ་དགོས་པ་ནི་ཡིན་ལ། དེས་ན་ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོ་གཙུག་ཏོར་ཏེ་ལྔ་ལ་སྔར་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་རེ་དང་། སྔར་ཐོབ་ཟིན་བརྟན་ཅིང་གོང་ནས་གོང་དུ་འཕེལ་བའི་ཐབས་རེ་སྟེ་གཉིས་གཉིས་ཡོད་དོ། །དེས་ན་དཔྲལ་བའི་ཐིག་ལེ་ཞེས་བྱ་བ་ཡང་དབུ་མའི་ཡལ་ག་ཞིག་གཙུག་ཏོར་ནས་སྨིན་འཚམས་སུ་འཁྱོགས་པའི་གནས་ཡིན་པ་ཤེས་པར་བྱ་ཞིང་། གསང་བའི་བུམ་ཅན་ནི། རྒྱུད་འགྲེལ་ནས་དངོས་སུ་མ་གསུངས་ཀྱང་དོན་ལ་གནས་ཤིང་སྔ་མ་རྣམས་ཀྱི་གེགས་སེལ་བོགས་འདོན་དུ་འགྱུར་བ་ཡིན་པས་ངེས་པར་སྒྲུབ་ནི་དགོས་ལ། ལོགས་སུ་མི་བགྲང་བ་ནི་གཙུག་ཏོར་གྱི་བུམ་ཅན་གྱི་ཆ་ལག་ཏུ་སྦྱོར་བས་སོ། །བཞི་པ་ནི། སྤྱིར་སྔ་མ་རྣམས་དང་འདྲ་བ་ལས། ཁྱད་པར་རྒྱུད་ལས་རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །ཅེས་དབུ་མ་རེ་ཁཱ་ནག་པོ་འཆར་བ་དང་། གཏུམ་མོའ་འབར་སྣང་དང་། གཞོམ་མེད་ཀྱི་སྒྲའི་སྒོ་ནས་ཆེས་ལྷག་པ་ཡིན་ལ། ཚད་མ་ནི་སྲོག་རྩོལ་དང་འདྲའོ། །ལྔ་
༡༩༥ པ་ནི་དག་བྱ་ལ་དབྱེ་ན། ཚོར་བའི་ཕུང་པོ་སོགས་ཕུང་ཁམས་མེ་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱེད་འཛིན་པའི་ལམ་ཉིད་ལ་དབྱེ་ན། ཇི་སྐད་དུ། དྲི་མེད་འོད་ལས། སྲོག་གི་འཛིན་པ་ལྟེ་བ་དང་། སྙིང་ཁ་དང་། མགྲིན་པ་དང་། དཔྲལ་བ་དང་། གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམས་པ་བཅུའོ། །ཞེས་པ་ལྟར། འཛིན་པ་ལ་ཉམས་རྟོགས་མཐོ་དམན་གྱི་དབྱེ་བ་བཅུ་ཡོད་དོ། །དྲུག་པ་ལ་གནས་སྐབས་ཀྱི་འབྲས་བུ་ནི་རྒྱུད་ལས། བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །ཞེས་པ་ལྟར། རྒས་པ་དང་ནད་ལ་སོགས་པ་ཕུང་པོའ་སྡུག་བསྔལ་སེལ། ཉོན་མོངས་པའི་རང་བཞིན་ཤེས་པས་ལམ་དུ་བྱེད་ནུས། ཚེ་ལ་ཅུང་ཟད་དབང་ཐོབ། འདོད་ཡོན་གྱི་ཞེན་པས་མི་འཆིང་བས་བདུད་བཞི་ཅུང་ཟད་ཆོམས་པ་ཡིན་ལ། ཉོན་མོངས་པའི་དབང་དུ་མི་འགྱུར་བའང་ཡིན་ནོ། །རླུང་བཅུ་ཐིམ་པའི་མཐུ་ལས། ལུས་ངག་སེམས་ཀྱི་སྟོབས་ཁྱད་པར་ཅན་ཡང་གྲུབ་སྟེ། དུས་ཞབས་སྙན་བརྒྱུད་ལས། །མ་ཟོས་འཀྲེསབཀྲེས་མེད་ཟོས་ཀྱང་འཇུ། །ཐུར་སེལ་མི་འཛག་བདེ་བ་རྒྱས། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ལུས་ཡང་ལ་སོགས་མི་རྟོག་བདེ། །ཞེས་པ་དང་། ཚེ་རིང་ནད་མེད་ཁམས་ཆ་སྙོམས། །ཞེས་གསུངས་མཐར་ཐུག་གི་འབྲས་བུ་ནི། །རིན་ཆེན་འབྱུང་ལྡན་སོགས་ལྷ་མེ་ཁམས་པ་དྲུག་ཚན་གཅིག་མངོན་དུ་འགྱུར་བ་ཡིན་ནོ། །སྒོམ་དོན་འདི་ལ་ཐུན་གཅིག་ལ་སོགས་པའོ། །དེས་འཛིན་པའི་འཁྲིད་ཚར་རོ། །རེ་ཞིག་རྗེས་དྲན་གྱི་འཁྲིད་མི་འབོགས་ཤིང་དེ་ཙམ་གྱིས་ཆོག་པར་བྱེད་ན། རྗེས་ཀྱི་འཁྲིད་རྣམས་སྐབས་འདིར་བླང་བར་བྱའོ། །གསུམ་པ་ཐ་མར་དག་པའི་འཁྲིད་ལ་གཉིས་ཏེ། རྗེས་དྲན་དང་། ཏིང་ངེ་འཛིན་ནོ། །དང་པོ་ལ་ཉམས་ལེན་དམིགས་
༡༩༦ པའི་གནད་དང་། སྒོམ་དོན་བློ་ལ་འགོད་པའོ། །དང་པོ་ལ་རྗེས་དྲན་དངོས་ནི། ལུས་སྦྱོར་དང་རླུང་གི་རྩོལ་བ་སོགས་ལ་མ་ལྟོས་ཏེ། འཁོར་ལོ་དྲུག་པའི་རྩ་མདུད་གྲོལ། བདེ་བའི་རླུང་ལ་དབང་ཐོབ། གཏུམ་མོའ་འབར་སྣང་ལ་ཅི་དགར་སྤྱོད་པའི་སྐབས་ཡིན་པས། རྒྱུད་ཀྱི་དངོས་བསྟན་ལས་ཇི་སྐད་བཤད་པ་ཁོ་ན་ཉམས་སུ་བླངས་པས་ཆོག་གོ །འདིར་རྗེས་མཐུན་པའི་དབང་དུ་བྱས་ཏེ་འཁྲིད་པ་ལ། དངོས་དང་ཡན་ལག་གོ །དང་པོ་ནི། སོར་བསམ་ལ་མྱོང་བ་ཅི་རིགས་པར་ཐོན་པ། སྲོག་འཛིན་གྱིས་བུམ་ཅན་ཕལ་བ་ཡན་ཆད་ལེགས་པར་འབྱོངས་པ། སྲོག་ཐུར་བསྲེ་བ་ལ་མྱོང་བ་ཐོན་པ་ཞིག་གི་དབང་དུ་བྱས་ནས་སྒོམ་མོ། །དེ་ལ་སྔོན་འགོའགྲོ་རླུང་སྤྱངས་པ་དང་། དངོས་གཞི་ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ལ། འདུག་སྟངས་ལ་བསླབ་པས་སྲོག་ཐུར་བསྲེ་བ་བརྟན་པོར་བྱེད་པ་དང་། དེའི་ཡན་ལག་བཟུང་བཟློག་སོགས་ཀྱི་རླུང་སྦྱང་བ་དང་། བྱེད་བཅིང་ལུས་ཀྱི་འཁྲུལ་འཁོར་ལ་བསླབ་པ་སྟེ་གསུམ་མོ། །དང་པོ་ལ། ཁྲོ་བོ་སེང་གེའི་འདུག་སྟངས་ནི། རྐང་པ་བཤང་སྒོར་བསྣོལ། པུས་མོ་བསྲངས་ཏེ་ཙོག་པུ་བྱ། སྒལ་ཚིགས་བསྲང་། ལག་པ་ཐབ་འགལ་བྱ། ཡང་ན། པུས་བཙུགས་རྐེད་པ་བསྲང་། ལག་གཉིས་བརླ་སྦོམ་ཕྲའི་མཚམས་སུ་གཏད་ཅེས་ཀྱང་གཞན་ལས་བཤད། གང་ལྟར་མཇིང་པ་བསྟུང་ཞིང་ལྟ་སྟངས་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །འདི་མདུན་རྩ་ལ་གནད་དུ་བསྣུན་པ་ཡིན། ཡང་དེ་ཉིད་ལས། པུས་མོ་དང་གྲུ་མོས་ལ་འཛུགས་པའམ་ཡང་ན་སྐྱིལ་ཀྲུང་སྐེད་པ་བསྲང་། ལག་པ་གཉིས་དཔྱི་མགོའ་ཐད་ཀྱིས་ལ་འཛུགས། ལུས་སྒྱེད་ཅིང་མགྲིན་པ་དགུག །འདི་རྒྱབ་ཀྱི་རྩ་ལ་གནད་དུ་བསྣུན་པ་ཡིན། ཞི་མ་ཁྲོ་གླང་པོ་ཆེའི་འདུག་སྟངས་ནི། པུས་བཙུགས་ལག་གཉིས་ཁུ་ཚུར་གྱིས་འགྲམ་
༡༩༧ པ་སྐྱོར། གྲུ་མོ་སྟེགས་བུ་ལ་གཙུགས་པའམ་ཡང་ན་རྐང་པ་བརྐྱང་བ་སྟེ། འདི་ནི་མཉམ་པའི་རླུང་སྦྱོར་གྱི་སྟེང་ནས་ཐུར་སེལ་སྟེང་དུ་འགྲོ་བར་བྱེད་པའོ། །ཡང་སྐྱིལ་ཀྲུང་ལུས་ལྟག་སྒྱེད་དུ་བྱེད་པ་ལས། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་གྱིས་སྐེད་པའི་རྒྱབ་ནས་བརྟེན་པའམ། ཡང་ན་གན་རྐྱལ་རྐང་པ་གཉིས་ཅུང་ཟད་བརྐྱང་པ་པདྨའི་ཁ་སྦྱོར་དང་། ལག་པ་ཁུ་ཚུར་སྙིང་ཁ་བསྣོལ་བ་སྟེ་སྲོག་ཐུར་དུ་འདྲེན་པར་བྱེད་པའོ། །འདི་གཉིས་ལ་ལྟ་སྟངས་ནི་བདུད་རྩི་འཁྱིལ་པའོ། །ཞི་བ་དྲང་སྲོང་གི་འདུག་སྟངས་ལ། སེང་གེའི་འདུག་སྟངས་དང་འདྲ་བ་ལས་རྡོ་རྗེ་ཁུ་ཚུར་སྙིང་ཁར་བསྣོལ་བ་དང་། ཡང་ན་ཙོག་པུ་རྟིང་པ་བཏེག །ལག་པ་ཁུ་ཚུར་བསྣོལ་བས་རྣ་བ་ནས་བཟུང་བ་དང་། ཟླུམ་པོའ་རྐང་སྟབས་ལ། རྡོ་རྗེའི་ཁུ་ཚུར་བརླའི་རྩ་བར་བཙུགས་ཞེས་ཀྱང་བཤད་དེ། འདི་དག་ཀྱང་སྟོད་སྨད་གཉིས་ཀྱི་རྩ་ལ་སོ་སོར་གནད་དུ་བསྣུན་པ་ཡིན་ལ། འདི་གཉིས་ལ་ལྟ་སྟངས་ནི་ཐུར་དུ་བལྟ་བའོ། །དེ་ལྟར་ནི་འདུག་སྟངས་དེ་དག་ཀྱང་གཉིས་སྡེབས་གཉིས་བསྡེབས་ཀྱིས་ཆོག་པར་བཞེད་ཀྱང་། དྲུག་པ་ཐམས་ཅད་བྱས་ན་ལེགས་ལ། དྲུག་ཀ་ལ་ལུགས་གཉིས་བྲིས་པའི་སྔ་མ་རྣམས་ནི། ཆོས་རྒྱལ་ཕྱོགས་ལས་རྣམས་རྒྱལ་ལ་སོགས་པའི་གསུངས་བཞིན་ཡིན་ལ། །ཡང་ན་ཞེས་པ་རྣམས་གྲུབ་ཆེན་ཡུ་མོའ་མན་ངག་ཐོར་བུ་བ་དང་། ཀུན་སྤངས་ཆེན་པོའ་ཐུགས་སྲས་ལ་སྟོད་པ་དབང་རྒྱལ་ལ་སོགས་པའི་ལག་ལེན་འགའ་ཞིག་ལ་སྣང་བ་ལྟར་བཀོད་པ་ཡིན་པ་ལས། ཕྱི་མ་འདི་རྣམས་འཆུན་ཆེ་ཆེ་ཙམ་དུ་སྣང་ཞིང་། དྲུག་ཚན་གཉིས་པོ་འདི་གང་རུང་ཞིག་གིས་ཆོག་པས། གཉིས་ཀ་ཕྲུགས་གཅིག་ལ་སྦྱོར་མི་དགོས་སོ། །འདི་ལ་ཐུན་གསུམ་དུ་བྱེད་པའང་ཡོད་ལ། མགྱོགས་འཁྲིད་ལ་ཐུན་གཅིག་ཏུ་བྱས་པས། དམིགས་བསྐོར་
༡༩༨ སོ་ལྔ་པའོ། །དེ་ནས་དག་འདྲེན་ནི། འོག་རླུང་འཐེན་ཅིང་ཧཱུྃ་རིང་གིས་སྟེང་རླུང་ཕྱིར་བསལ། ཛཿཧཱུྃ་བཾ་ཧོཿཧི་ཞེས་པས་འཁོར་ལོ་ལྔ་ལ་རིམ་པས་དམིགས་ཤིང་། སྟེང་རླུང་དྲག་ཏུ་མནན། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། ཞེས་པས་ཁོང་སྒྲ་དང་བཅས་ཏེ་འཁོར་ལོ་ལྔ་ལ་རིམ་པས་དམིགས་ཤིང་། གསང་རླུང་དྲག་ཏུ་སྟེང་དུ་དྲངས། དེ་མ་ཐག་ཁ་སྦྱོར་ལྟེ་བར་བཟུང་ལ་ཕྱིར་བསྐྱེད། འོག་སྒོ་བསྡམས་ཤིང་ཤེས་པ་དཔྲལ་བར་གཏད་དོ། །སྔར་གྱི་ལུས་གནད་དྲུག་པ་སོ་སོའ་སྟེང་དུ་རླུང་སྦྱོར་འདི་རྣམས་ལ་འབད་དགོས་ཏེ། ལུས་གནད་ཀྱི་ཁྱད་པར་མ་གཏོགགཏོགས །རླུང་གནད་ནི་འཛིན་པའི་སྤོགས་ཆོག་དང་ཕལ་ཆེར་འདྲ་བ་ཡིན་ནོ། །དམིགས་བསྐོར་སོ་དྲུག་པའོ། །ཡང་སྒོམ་སྟེགས་དང་པུས་འཁྱུད་བཅུག །མེ་ཐབ་དྲུག་ཆིངས་སུ་གྲགས་པ་བྱས་ལ་ཧཱ་རིང་དང་བསྟུན་ལག་པ་ཁུ་ཚུར་བཅང་། གྲུ་མོ་པུས་མོ་ལ་ཐུག་གི་བར་དུ་ལག་པ་བརྐྱང་སྟེ་རླུང་ཕྱིར་འབུད། དེ་ལྟར་ལན་བདུན་བདུན་ན་ལག་པ་ཐབ་འགལ་བྱས། འཇམ་རླུང་བཟུང་སྟེ་ངལ་གསོ་ལེནལན་རེ་བྱའོ། །དམིགས་བསྐོར་སོ་བདུན་པའོ། །དེ་དག་མ་མཐའ་ཡང་ཟླ་བ་ཙམ་སྒོམ་མོ། །གཉིས་པ་ནི། ཙོག་པུ་འཕོང་སྟེགས་བཅུག །ལག་པ་བརླ་ནང་ནས་འཁྱུད་དེ་ངར་གདོང་བཟུང་། རླུང་ཁ་ནས་ཕྱིར་དྲག་ཏུ་བུས། འོག་སྒོ་གློད། ཡང་རྔུབས་ཏེ་ལྟོ་བ་ཕྱིར་བསྐྱེད་པའི་ངང་ནས། སླར་ཡང་འོག་སྒོ་གློད་དེ་རླུང་གང་ཐུབ་བཟུང་ངོ་། །རླུང་གནད་དང་པོ་ཡིན་ཅིང་འོག་ལ་བསྲེ་བ་དང་འཛིན་པ་སྟེ་དབྱེ་བསྡུད་ཅེས་བྱའོ། །ཡང་དེ་དང་འདྲ་བ་ལས། དགང་གཏོང་གཉིས་ཀའི་སྐབས་ལྟོ་བ་ཚིགས་པ་ལ་བཅར་ཞིང་ཐུར་སེལ་དྲག་ཏུ་དྲངས། རོ་སྟོད་འཐེན། ངར་གདོང་མནན་པའོ། །རླུང་གནད་གཉིས་པ་ཡིན། སྟེང་ལ་བསྲེ་བ་དང་བསྐྱིལ་བ་སྟེ། སྒོ་གླེགགླེགས་ཅེས་བྱའོ། །ཡང་ལུས་གནད་དེའི་ངང་ནས།
༡༩༩ ཐུར་སེལ་དྲག་ཏུ་བསྣོལ་རྗེས་ཕྱིར་བུས་ཏེ། སྟོང་འདྲེན་དྲག་ཏུ་བྱ། ཡང་རྔུབས་ཏེ་ཁ་སྦྱོར་དགང་འཐེན་གྱི་ངང་ནས་ལྟོ་བ་བསྐྱོད་སྒྱེད་བསྐྱོག །རོ་སྟོད་གཅུ། ལག་པ་བརྐྱང་ནས་ལག་སོར་གཅུད། མགྲིན་པ་གཅུ་ཞིང་མགོ་སྤྲུགས་ནས་རླུང་ཕྱིར་འབུད། ཕྱིར་བཟུང་ཀ་བ་བཙུགས་ནས་མགོ་དགུག་བསྐྱོད། མགྲིན་པ། རོ་སྟོད། ལྟེ་བའི་བར་སྔར་བཞིན་བྱ། དེ་དག་ཐམས་ཅད་ལ་འདར་སྤྲུག་དང་། མཇུག་ཏུ་འབེབས་བྱ། རླུང་གནད་གསུམ་པ་ཡིན། འདི་ལ་ཀུན་འདུས་ཅེས་བྱའོ། །སྐྱིལ་ཀྲུང་ལག་གཉིས་ཁུ་ཚུར་བརླ་གནོན་བྱ། ཅུང་ཟད་སྒུར་ནས་ཧཱུྃ་ཞེས་ཐུར་སེལ་འཐེན། སྟོང་འདྲེན་གཡས་གཡོན་དབུས་གསུམ་དུ་བྱ། ཡང་རླུང་ཁ་སྦྱོར་གྱེན་འཐེན་མགོ་སྒྱེད་ཅིང་སྤྲུལ་པ་ཡང་གཡས་གཡོན་དབུས་གསུམ་དུ་བྱའོ། །རླུང་གནད་བཞི་པ་ཡིན་ནོ། །འདི་ལ་འདུས་པ་ཅེས་བྱ་སྟེ། དེ་གཉིས་འདྲེན་ཁྱབ་བོ། །དེ་རྣམས་གཅིག་རྟིང་ལ་གཅིག་བྱ་ཞིང་། ལུས་སྦྱོང་ལའང་འབད་པར་བྱའོ། །དམིགས་བསྐོར་སོ་བརྒྱད་པའོ། །འདི་དག་མགྱོགས་འཁྲིད་ཀྱི་དབང་དུ་བྱས་པ་ཡིན་གྱི། འགྲུབ་ན་རླུང་སྦྱོར་རེ་ལ་དམིགས་བསྐོར་རེར་བྱེད་པ་ལེགས་ཤིང་། དེ་ཐམས་ཅད་ལ་ཡང་སེམས་ཀྱི་བཞག་སྟངས་ནི། མི་གཡོ་གསུམ་ལྡན་གྱི་ངང་ནས་སྟོང་གཟུགས་ལ་དམིགས་ཤིང་། དེའི་ངང་ནས་རླུང་གི་གནད་གང་དུ་གཅུད་པ་དེར་སེམས་གཏད་ཅིང་ལྷོད་ཀྱིས་གློད་པར་བྱེད་དགོས། དམིགས་པ་དེ་དང་རླུང་སྦྱོར་དེ་དག་སྦྲགས་ནས་སྒོམ་པ་ཆུ་ཚོད་གཅིག་གཉིས་ཀྱི་ཡུན་རེ་བྱ་ཞིང་། ལྷག་མ་བུམ་ཅན་གྱི་རྣལ་འབྱོར་ལ་བརྩོན་པར་བྱེད་དགོས་ཏེ། དམིགས་བསྐོར་སོ་དགུ་པའོ། །དེ་དག་ལ་ཡང་ཟླ་གཅིག་ཙམ་མ་མཐར་སྒོམ་མོ། །འདི་སྐབས་དམིགས་གསལ་མེད་པ་རྣམས་ལ་ལྟ་
༢༠༠ སྟངས་ཐད་ཀར་ལྟ་བ་གཙོ་ཆེ་ལ་འོག་དངོས་གཞིའི་སྐབས། ཡན་ལག་མེད་པའི་ལྟ་བ་ཞེས་བྱ་བ། བདེ་བ་གང་དུ་སྐྱེས་པའི་ཕྱོགས་ལ་ལྟ་བ་ཡིན་པས་གཅིག་ཏུ་མ་ངེས་སོ། །གསུམ་པ་ནི། དེ་ནས་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འཁྲུལ་འཁོར་རྣམས་བྱ་སྟེ། དེ་ཡང་། སྦྱོར་བ་དྲུག་པ་སྟག་མོའ་སྐྱུག །གླང་ཆེན་འགྱིང་བ་ཝ་ཡི་བསྣོལ། །སེང་གེ་རྣམས་གྲོལ་ཁོང་དཀྲུགས་དང་། །པྲེ་ཏ་ཀ་དང་ཡོངས་འཛིན་དང་། །འདྲེན་ཆུང་ཁོང་འདྲེན་འདྲེན་ཆེན་དང་། །སྤགས་འདྲེན་འཕར་གཡོ་ཕུར་འདོན་དང་། །རབ་བརྐྱང་དང་ནི་སེང་གེའི་རྩལ། །གཅུ་འཐེན་དང་ནི་གསུམ་འདྲེན་དང་། །སེང་གེའི་འགྱིད་དང་རྨ་བྱའི་འགྱུར། །ཞེས་པ་ལྟར་གྱི། འཁྲུལ་འཁོར་ལག་ལེན་རིམ་པས་བསླབས་ནས། བུམ་པ་ཅན་དང་སྔར་གྱི་རླུང་སྦྱོར་རྣམས་དང་བཅས་པ་སྒོམ་དུ་གཞུག་དགོས་པ་ལས། སོར་བསམ་སྲོག་འཛིན་རྣམས་ལ་མྱོང་བ་ཅུང་ཟད་ཐོན་པ་ཞིག་གིས། ཐུན་དྲུག་ཏུ་འཁྲུལ་འཁོར་དེ་དག་ཚར་རེ་རེ་ནུས་ན། ཟླ་གཅིག་ཙམ་ན་དངོས་གཞི་སྒོམ་དུ་རུང་བའི་རྟགས་རྣམས་འབྱུང་ངོ་། །རྩོལ་བ་ཆེ་ཆུང་ལ་ལྟོས་ཏེ་ཡུན་རིང་ཐུང་ཇི་ལྟར་བསྐྱང་དགོས་པའང་འདིས་རིགས་འགྲེ་སྟེ། དམིགས་བསྐོར་བཞི་བཅུ་པའོ། །གཉིས་པ་དངོས་གཞི་ལ། རྗེས་དྲན་གྱི་ཡན་ལག་རྗེས་མཐུན་པའི་དབང་དུ་བྱས་ཏེ། ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་མོས་པའི་ཡུལ་དུ་བཞག་ནས། འདིར་གསུམ་སྟེ། སྒོམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསླབས་པ་རང་ལུས་ལག་པའི་ཕྱག་རྒྱ་ལ་བསླབ་པ། གཞན་ལུས་ལས་ཀྱི་ཕྱག་རྒྱ་ལ་བསླབ་པའོ། །དང་པོ་ནི། ལུས་གནད་སྤྱི་དང་འདྲ་བ་ལས། །ལག་པ་ཁུ་ཚུར་སྙིང་ཁར་བསྣོལ། །ལྟ་སྟངས་ཐད་ཀར་གཡོ་མེད་དུ་ལྟ་བའོ། །རང་ཉིད་དུས་འཁོར་ལྷན་སྐྱེས་ཡབ་ཡུམ་ལ་སོགས་པར་གསལ་
༢༠༡ གདབ། དེའི་ཤུལ་དུ་སྟོང་གཟུགས་ཀྱི་སྣང་བ་ལེགས་པར་དྲངས། ལྷ་སྐུར་སྣང་བ་སྟོང་གཟུགས་ཀྱིས་ཁྱབ་པར་བྱས་ལ། དེ་ལ་ཡིད་མི་གཡོ་བར་ཅུང་ཟད་བཞག །སྟོང་གཟུགས་ཀྱི་སྣང་བ་དེ་ལྟར་འདྲེན་མི་ཐུབ་ན། ལྷ་སྐུ་གསལ་སྟོང་ལ་དམིགས་ཏེ་ཅུང་ཟད་བཞག །དེ་ནས་དཔྲལ་བར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་ནག་པོ། །ལྟེ་བར་ཧཾཿསེར་པོ། །གསང་བར་སྭཱ་སྔོན་པོ། གཙུག་ཏོར་དུ་ཧཾ་ལྗང་ཁུའོ། །ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཕྲ་མོས་མཚན་པ། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བའི་ནང་དུ་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་བརྒྱད་ཕྲ་མོས་མཚན་པ་གསལ་བཏབ། དེ་ནས་འཁྱུད་པ་ལ་སོགས་པ་རྗེས་ཆགས་ཀྱི་སྤྱོད་པ་མཛད་པས་གཙུག་ཏོར་གྱི་ཐིག་ལེ་ཞུ་ནས་དཔྲལ་བའི་འཁོར་ལོ་ཡན་ཆད་གང་བར་མོས་སྟོང་གཟུགས་དང་བསྲེ། ལུས་གནད་དེ་ཀའི་སྟེང་ནས་གཙུག་ཏོར་དང་དཔྲལ་བའི་བུམ་ཅན་ཡུན་ཐུང་ངུ་རེ་བྱ། དགའ་བ་དང་པོའ་སྐད་ཅིག་མའོ། །རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བས་སྔར་གྱི་ཐིག་ལེའི་རྒྱུན་དེ་ཉིད་ཆེར་རྒྱས་ཤིང་ཞུ་སྟེ། མགྲིན་པ་དང་སྙིང་ཁའི་འཁོར་ལོ་ཡན་ཆད་གང་བར་མོས། སྟོང་གཟུགས་དང་བསྲེ། མགྲིན་པ་དང་སྙིང་ཁའི་བུམ་ཅན་སྔ་མ་གཉིས་ལས་ཡུན་རིང་ཙམ་རེ་བཟུང་། མཆོག་ཏུ་དགའ་བའི་སྐད་ཅིག་མའོ། །དབང་པོ་གཉིས་སྲུབ་པའི་སྦྱོར་བ་ལས། བྱང་ཆུབ་ཀྱི་སེམས་སྔ་མའི་རྒྱུན་ལས་ཀྱང་ཆེར་རྒྱས་ཤིང་ཞུ་བས། ལྟེ་བ་དང་། གསང་བའི་འཁོར་ལོ་ཡན་ཆད་གང་བར་བསམ་ལ་ལྟེ་བ་དང་གསང་བའི་བུམ་ཅན་ཡུན་རིང་བར་བསྒོམ། ཁྱད་པར་དགའ་བའི་སྐད་གཅིག་མའོ། །
༢༠༢ ཡང་དྲག་ཏུ་སྲུབ་པ་ལས། གསང་བ་ནས་རྡོ་རྗེ་ནོར་བུས་བར་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་མོས། སྟོང་གཟུགས་ལ་རིང་དུ་མཉམ་པར་འཇོག་བཞིན་པས། བུམ་པ་ཅན་གྱི་སྦྱོར་བ་གཅིག་དང་། སྦྱོར་བ་དྲུག་པ་ཞེས་བྱ་བའི་འཁྲུལ་འཁོར་བཅས་པས་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་ཕྱིར་འཕོ་བ་འགགས་ཏེ་ཁྱིལ་ལི་ལི་འཁྱིལ་བར་བསམ། ལྷན་སྐྱེས་དགའ་བའི་སྐད་ཅིག་མའོ། །དེ་ནས་ཐོག་མར་ཡོངས་འཛིན་གྱི་འཁྲུལ་འཁོར་གྱིས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པར་མོས། དེའི་རྗེས་སུ། ཁོདཁོང་འདྲེན་དང་། འདྲེན་ཆེན་དང་། སྦགས་འདྲེན་དང་། སྟག་མོ་དང་། གླང་ཆེན་དང་། ཝ་སྣོམ་རྣམས་ཀྱིས་གཙུག་ཏོར་གྱི་བར་དུ་བཟློག་པར་བསམ། དེ་ནས་པྲ་ཏ་ཀ་དང་རྣམསརྣམ་གྲོལ་དང་། གཡང་སྤྲུགས་དང་། འཕར་གཡོ་དང་། ཕུར་འདོན་དང་། རབ་བརྐྱང་རྣམས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པར་བྱས་པར་བསམ། སེང་གེའི་རྩལ་དང་། གཅུད་འཐེན་དང་། གསུམ་འགྲེམས་དག་སེང་གེ་འགྱིང་དང་། རྨ་བྱའི་འགྱུར་རྣམས་ཀྱིས་གཟུང་བཟློག་འགྲེམས་གསུམ་ཀར་བྱས་པར་བསམ། སྤྱིར་ནི་བཟུང་ཞིང་བཟློག །བཟློག་ཅིང་འགྲེམས། འགྲེམས་ཤིང་རླུང་དང་བསྲེ། བསྲེ་ཞིང་ཡེ་ཤེས་ཆེན་པོར་བསྐྱལ་ཞེས་བྱ་བ་ཡིན་པས། གོང་གི་རིམ་པ་རྣམས་ནི་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། རེ་རེ་ལའང་གནད་བཞི་ཅར་ཚང་བའི་མན་ངག་གིས་གནད་དུ་འགྲོ་བར་བྱའོ། །ཅི་སྟེ་དམིག་པ་གསལ་བས་དངོས་སུ་ཞུ་བདེ་བསྐྱེད་ཐུབ་ན། སྦྱོར་བ་དྲུག་པོས་བཟུང་མ་ཐག་ཏུ་འཁྲུལ་འཁོར་སྤང་བའི་རླུང་སྦྱོར་རྣམས་ཀྱིས་བཟུང་བཟློག་ཁྱབ་པ་རྣམས་བཏུད་མར་སྦྱངས་ལ། དེའི་རྗེས་སུ་འཁྲུལ་འཁོར་རྣམས་བྱ་ཞིང་། ཐོག་མར་སྤྱོད་པའི་སྐབས་ཞུ་བདེ་བསྐྱེད་ཐུབ་རུང་མི་ཐུབ་རུང་། དེ་ཐམས་ཅད་རྫོགས་པར་བྱ་དགོས་ལ། ཕྱིས་ཤིན་ཏུ་བྱང་ནས་བཟློག་པ་དང་འགྲམ་པ་གནད་ཆ་བ་རེ་ཙམ་གྱིས་ཆོག་གོ །གང་ལྟར་ཡང་། མཐར་རླུང་དང་
༢༠༣ བསྲེ་བའི་ཕྱིར་བུམ་པ་ཅན་མང་དུ་སྒོམ་ཞིང་། ཡེ་ཤེས་ཆེན་པོར་སྐྱེལ་བའི་ཕྱིར་ཞུ་བདེའི་ཉམས་དང་འོད་གསལ་རྟགས་སྣང་ལ་དམིགས་ནས་མི་གཡོ་གསུམ་ལྡན་གྱི་ངང་བསྐྱང་བར་བྱའོ། །དམིགས་བསྐོར་ཞེ་གཅིག་པའོ། །གཉིས་པ་ནི། རྒྱུད་ལས། བསྟེན་པའི་དོན་དུ་ལག་པའི་ཕྱག་རྒྱ་རང་གི་སྙིང་གི་དབང་པོའ་སྐྱོན་རྣམས་ཀུན་ལས་རྣམ་པར་གྲོལ། ཞེས་གསུངས་པ་ལྟར། ལག་པའི་ཕྱག་རྒྱ་སྟེ། གནད་རྣམས་གོང་ཡི་རྒྱ་དང་འདྲ་ལ། འདི་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱའི་མཚམས་སྦྱོར་བ་ཡིན་ལ། ཕྱག་རྒྱ་གསུམ་གྱི་ནང་ནས་ཡེ་ཤེས་ཀྱི་ཕྱག་རྒྱར་གཏོགས་སོ། །དམིགས་བསྐོར་ཞེ་གཉིས་པའོ། །གསུམ་པ་ནི། འགྲེལ་ཆེན་དུ་རྩ་རྒྱུད་ཀྱི་ལུང་དྲངས་པ་ལས། །བཅུ་དྲུག་ལོ་ལོན་རིགས་ཅན་མ། །གཟུགས་དང་ལང་ཚོས་བརྒྱན་པ་ལ། །དང་པོར་ལེགས་པར་བསླབ་བྱས་ནས། །དབང་བསྐུར་ནས་ནི་བསྒྲུབ་པར་བརྩམ། སྐུ་གསུང་ཐུགས་དང་ཆགས་པ་ནི། །དཔྲལ་བ་ལ་སོགས་རྣམས་སུ་དགོད། །སྭཱ་ཧཱ་གསང་བ་གཙུག་ཏོར་ཆེ། །ཅེས་སོགས་དང་། དེ་ནས་རྡོ་རྗེ་འཛིན་པའི་སྙེམས། །འཛིན་ཅིང་རྣལ་འབྱོར་ཧཱུྃ་ཕཊ་བྱ། །བྷ་གར་ལིང་ག་རབ་བཀོད་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ལྟེ་བ་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་ཡང་། །བསྲེགས་ནས་རི་བོང་ཅན་ཧཾ་འཛག །བདུད་རྩི་ཁུ་བའི་ཆོས་ཅན་ནི། །ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད། །ཐིག་ལེའི་རྣལ་འབྱོར་ཞེས་པར་གྲགས། །ཞེས་གསུངས་པ་ལྟར་ཏེ། སྔར་ཡེ་ཤེས་ཀྱི་ཕྱག་རྒྱའི་སྐབས་སུ་བཤད་པ་
༢༠༤ ཡིད་ངོར་སྒོམ་པ་དང་། འདིར་དངོས་སུ་སྒྲུབ་པའི་ཁྱད་པར་ཏེ་གཞན་ནི་ཕལ་ཆེར་འདྲའོ། །དེ་ལྟར་ན་ཡིད་ཀྱི་ཕྱག་རྒྱ་དང་། ལག་པའི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་གསུམ་ཅར་ལ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་། བསྲེ་བ་ཡོད་ན་ནི་དྲན་རྗེས་མཐུན་པར་འགྱུར་ལ། སྟོང་གཟུགས་དང་བསྲེ་བ་མེད་ན་སྤྱིར་གནད་དུ་འགྲོ་བ་ཡོད་ཀྱང་རྗེས་དྲན་གྱི་ཕྱོགས་སུ་ནི་མི་གཏོགས་ལ། ཡན་ལག་སྔ་མ་རྣམས་ཀྱི་བོགས་འདོན་སྤོགས་ཆོག་ཏུ་འགྱུར་བ་ནི་ཡོད་དོ། །ལས་རྒྱ་ད་ལྟ་དངོས་སུ་མི་འགྲུབ་ཀྱང་། ལམ་གྱི་འགང་གཅིག་ཡིན་པས་ཆོས་མཐུན་གཅིག་སྟེ། དམིགས་བསྐོར་ཞེ་གསུམ་པའོ། །གཉིས་པ་ཡན་ལག་གི་དམིགས་པ་ནི། གཏུམ་མོའ་རྣལ་འབྱོར་ཏེ། དེ་ཡང་ལུས་གནད་སྔར་དང་མཐུན་པའམ། ལག་པ་རྡོ་རྗེ་བསྡམས་པས་སྤྱི་བོ་བཀག །ལྕེ་རྐན་ལ་སྦྱར། ལྟོ་བ་ཚིགས་པ་ལ་བཅེར་བར་འདོད་པ་ཡོད་པ་ལྟར་བྱས་ཀྱང་རུང་། རྩ་འཁོར་རྣམས་ལ་དམིགས་པ་གསལ་ན་རྡོ་རྗེ་ལུས་ཀྱི་གནས་ཚུལ་དང་མཐུན་པར་རྒྱས་པ་སྒོམ་སྟེ། ལྟེ་བ་ལ་ནང་བསྐོར་འདབ་མ་བཞི། དེའི་ཕྱི་རོལ་བརྒྱད། དེའི་ཕྱི་རོལ་བཅུ་གཉིས། དེའི་ཕྱི་བསྐོར་དྲུག་ཅུའམ་དྲུག་ཅུ་རྩ་བཞིའོ། དེ་བཞིན་དུ། སྙིང་ཁའི་ནང་བསྐོར་ལ་བཞི། ཕྱི་བསྐོར་ལ་བརྒྱད། མགྲིན་པའི་ནང་བསྐོར་ལ་བཞི། བར་བསྐོར་ལ་བརྒྱད། ཕྱི་བསྐོར་ལ་སུམ་ཅུ་སོ་གཉིས། སྤྱི་བོའ་ནང་བསྐོར་ལ་བཞི། བར་བསྐོར་ལ་བརྒྱད། ཕྱི་བསྐོར་ལ་བཅུ་དྲུག་གོ །གཙུག་ཏོར་ལ་ཕྱི་བསྐོར་ནང་བསྐོར་གྱི་དབྱེ་བ་མེད་དེ་འདབ་མ་བཞིའོ། །གསང་བའི་ནང་བསྐོར་ལ་དྲུག །བར་བསྐོར་ལ་བཅུ། ཕྱི་བསྐོར་ལ་བཅུ་དྲུག་གོ །འོན་ཀྱང་དེ་ཙམ་གསལ་འདེབས་པ་དཀའ་བ་བྱུང་ན། འཁོར་ལོ་
༢༠༥ ལྔ་པོ་རྣམས་ལ་རྩ་འདབ་བཞི་བཞི་དང་། གསང་གནས་ཀྱི་འཁོར་ལོ་ལ་རྩ་འདབ་དྲུག་པ་རྣམས་གསལ་བཏབ་པས་ཆོག །སྐབས་དེར་བསྡུས་པ་འདིའི་དབང་དུ་བྱས་ན། འདི་ལྟར་སྒོམ་ཏེ། རང་ལུས་ལྷ་སྐུར་གསལ་བ་ཁོང་སྟོང་དུ་གནས་པའི་གཡས་གཡོན་གང་ལ་ཡང་མ་ཡོ་བར་དབུས་དྲང་ཐད། མདུན་དུ་རྒྱབ་གཉིས་ལས་རྒྱབ་ལ་ལྷག་པར་ཉེ་བ་ན། རྩ་དབུ་མ་ལྟེ་བ་སྤྲུལ་འཁོར་ཡན་ཆད་ལ་ཁ་དོག་ལྗང་ཁུ་ཡར་སྣ་སྤྱི་བོ་ཚངས་བུག་ལ་ཟུག་པ། དེའི་གཡས་སུ་རོ་མ་དམར་པོ་དང་། གཡོན་དུ་རྐྱང་མ་དཀར་པོ་དབུ་མ་ལས་པ་ལྡབསལྡབ་འགྱུར་གྱིས་ཕྲ་བ། དེ་གསུམ་སུམ་གཞིབས་སུ་གསལ་འདེབས་ལ། ཡས་སྣ་ནས་སོར་གང་ཙམ་གྱི་འོག་ཏུ་གཙུག་ཏོར་གྱི་འཁོར་ལོ། །སྨིན་མཚམས་ཏེ་དཔྲལ་བའི་གུང་སྨད་ཀྱི་ཚད་ཙམ་ན་དཔྲལ་བའམ་སྤྱི་བོའ་འཁོར་ལོ། །ཕྲག་པ་གཡས་གཡོན་སྐྱེ་བའི་མཚམས་ཀྱི་ཐད་དུ་མགྲིན་པའི་འཁོར་ལོ། །ནུ་མ་གཉིས་ཀྱི་བར་ཀའི་ཐད་ཙམ་དུ་སྙིང་ཁའི་འཁོར་ལོ། །ལྟེ་བའི་ཁུང་བུའི་ཐད་ཙམ་དུ་ལྟེ་བའི་འཁོར་ལོ། །འཁོར་ལོ་རྣམས་ཀྱི་ཐད་དུ་རོ་རྐྱང་གི་ལག་རེ་དབུ་མ་དང་སྤུབས་འབྲེལ་བ། ཕྱི་རོལ་རོ་རྐྱང་དབུ་མ་གསུམ་ལ་རྩའི་རྐེད་དཀྲིས་བྱས་པ་ལྟ་བུ། སྐེད་དཀྲིས་དེ་ལས་རྩ་འདབ་རྣམས་ཡལ་ག་སྦུབས་ཅན་ལྟ་བུ་སྐྱེས་པར་བསྒོམ་ལ། དེ་ཡང་གཙུག་ཏོར་དང་། སྤྱི་བོ་དང་། མགྲིན་པའི་འཁོར་ལོ་རྣམས་གདུགས་ཀྱི་རྩིབས་མ་བཞིན་དུ་ཁ་ཐུར་བསྟན་དང་། སྙིང་ཁ་དང་། ལྟེ་བ་གདུགས་འདེགས་བཞིན་དུ་ཁ་གྱེན་བསྟན་ནོ། །འཁོར་ལོ་རྣམས་ཀྱི་ཁ་དོག་སྐབས་འདིར་གཙུག་ཏོར་གྱི་ལྗང་ཁུ། སྤྱི་བོའ་ནག་པོ། །མགྲིན་པའི་དམར་པོ། སྙིང་ཁའི་དཀར་པོ། ལྟེ་བའི་སེར་པའོ། །མིའི་ལུས་ཀྱི་དབང་དུ་བྱས་ན་ལྟེ་བ་ནས་འོག་ཏུ་སོར་
༢༠༦ བརྒྱད་དམ་བཅུ་ཙམ་གཞལ་ལ། རྒྱུ་ཞབས་ཀྱི་ཕྱོགས་ལུས་ཀྱི་དབུས་ནད་གསང་གནས་བདེ་སྐྱོང་གྱི་འཁོར་ལོ་ཁ་དོག་སྔོན་པོ་ཁ་གྱེན་བསྟན་ཞིག་བསྒོམ། །དེའི་བར་གྱི་དབུ་མའི་མས་སྣ་ནི་དུང་ཅན་མ་སྟེ། ཁ་དོག་སྔོན་པོ་དང་། རོ་རྐྱང་གཉིས་པོ་ལྟེ་བའི་འཁོར་ལོའ་འོག་འཚམས་ནས་གསང་གནས་ཀྱི་འཁོར་ལོའ་བར་དུ་གཡས་སུ་རོ་མའི་མས་སྣ་ནག་པོ་དང་། གཡོན་དུ་བརྐྱང་མའི་མས་སྣ་སེར་པོ་སྟེ། རྩ་གསུམ་སུམ་གཞིབས་སོ། །དེ་ལྟར་འཁོར་ལོ་དྲུག་ལ་དབུ་མ་ཡང་སྦོམ་ཕྲ་མདའ་སྨྱུག་ཙམ་བསམ། གསང་གནས་ཀྱི་འཁོར་ལོའ་ལྟེ་བའི་འོག་ནས་དབུ་མའམ་དུང་ཅན་མའི་མས་སྣ་ཆ་ཕྲ་བ་གཡས་ཀྱི་ཕྱོགས་དང་། རོ་མའི་མས་སྣ་གཡོན་གྱི་ཕྱོགས་བཟུང་སྟེ། ཉིས་གཞིབས་ལྟ་བུར་བྱས་ནས་ཅུང་ཟད་མདུན་དུ་འཁྱོགས་ཏེ་གསང་བར་ཟུག་ལ་རྐྱང་མའི་མས་སྣ་འཁོར་ལོའ་ལྟེ་བ་ནས་དབུས་ཀྱི་ཕྱོགས་བཟུང་ནས་ཅུང་ཟད་རྒྱབ་ཕྱོགས་སུ་འཁྱོགས་ཏེ་བཤང་སྒོ་ལ་ཟུག་པར་སྒོམ། དབུ་མའི་ནང་གསང་བའི་འཁོར་ལོའ་དབུས་སུ་ཨཱཿསྔོན་པོ་དང་། ལྟེ་བར་ཧོཿཡིག་སེར་པོ་ཡི་གེའི་མགོ་ལྟེ་བའི་འཁོར་ལོའ་ནང་དུ་ཚུད་ཙམ། དེའི་སྟེང་སོར་གང་ཙམ་མ་རེག་པ་ཡི་གེ་ལྀ་ཡིག་སེར་པོ། སྙིང་གར་ཨུ་ཡིག་དཀར་པོ། མགྲིན་པར་རི་ཡིག་དམར་པོ། །སྤྱི་བོ་ཨི་ཡིག་ནག་པོ། གཙུག་ཏོར་གྱི་འཁོར་ལོའ་འོག་མཚམས་སུ་ཨ་ཡིག་ལྗང་ཁུ། གཙུག་ཏོར་གྱི་འཁོར་ལོའ་ལྟེ་བར་ཀླད་ཀོར་ཆུད་ཅིང་གཙུག་ཏོར་གྱི་འཁོར་ལོའ་སྟེང་ནས་ཡི་གེའི་གཟུགས་མགོ་ཞབས་བཟློག་པའི་ཧཾ་ཡིག་དཀར་པོ་རྣམས་གསལ་བཏབ། དེ་ནས་བུམ་པ་ཅན་བསྒོམས་པས་གསང་བའི་དབུས་ཀྱི་ཨཱཿལས་རླུང་དྲོད་ཀྱི་རང་བཞིན་ཅན་དུང་ཅན་མ་ནས་སོང་། དེ་ནས་ཧོ་ཡིག་བསྐུལ་བས་དེ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་ཕྲ་བ། འཚོར་བ། མཁྲང་བ། རྣོ་བ། ཚྭ་བ། རྩུབ་པ།
༢༠༧ གསེར་གྱི་ཁ་དོག་ཅན་གཙོ་ཆེ་བའི་ཁ་དོག་སྣ་དྲུག་པ་འབར་བས། འཁོར་ལོ་ལྔ་ལ་གནས་པའི་ལྀ་ཨུ་རྀ་ཨི་ཨ་རྣམས་ཕུག་ཅིང་བསྲེགས། ཧཾ་ལ་རེག་པས་བྱང་ཆུབ་ཀྱི་སེམས་ཞུ་སྟེ། ཨ་ཨི་རི་ཨུ་ལྀ་རྣམས་ཀྱང་རིམ་པས་གསོས་ལ། དེ་རྣམས་ཀྱི་དྭངས་མ་ཞུ་བའི་བདུད་རྩི་དང་འདྲེས་ཏེ་ཧོཿཡིག་ལ་ཁྲུས་གསོལ་ཞིང་རྩ་འཁོར་ལོ་དྲུག་གང་བར་མོས། དམིགས་བསྐོར་ཞེ་བཞི་པའོ། །ཡང་གཏུམ་མོ་བསྡུས་པ་ནི། རྩ་འཁོར་ལོ་དྲུག་གསལ་བཏབ། གཙུག་ཏོར་གྱི་དབུ་མའི་ནང་དུ་ཐིག་ལེ་དཀར་པོ་བའི་ནུ་མ་ལྟ་བུ་རིང་ཐུང་སོར་བཞི་ཙམ་དང་། ལྟེ་བར་གཏུམ་མོ་དབྱུག་པའི་གཟུགས་ཅན་ཁ་དོག་དམར་པོ་སོར་བཞི་པ་གསལ་བཏབ་ལ། བུམ་པ་ཅན་བཟུང་བའི་གཏུམ་མོའ་མེ་འོད་རབ་ཏུ་རྒྱས་ཏེ། རྩ་འཁོར་ལོ་དྲུག་སོགས་ལུས་ཀྱི་ནང་ཐམས་ཅད་ཁ་དོག་དམར་ལམ་པ་དང་། དྲོད་ཚ་འུར་བྱུང་བར་མོས། རིམ་པས་སྤྱི་བོའ་ཐིག་ལེ་ཞུ་བས་དབུ་མར་བབས་པས། དེའི་འོད་ཀྱིས་ལུས་ནང་ཐམས་ཅད་དཀར་ལམ་པ་དང་། བདེ་ཆིལ་གྱིས་བྱུང་བར་བསམ། མཐར་ཐིག་ལེ་གཏུམ་མོ་ལ་ཐིམ། མི་རྟོག་པར་ཅུང་ཟད་བཞག །གཏུམ་མོའ་རྣམ་གྲངས་གཞན་ནི། སྙིང་ཁའི་འཁོར་ལོ་ནག་པོ་དང་། ལྟེ་བའི་འཁོར་ལོ་སེར་པོ་ཁ་སྦྱོར་གྱི་འབར་འཛག་དང་། མགྲིན་པར་དམར་པོ་དང་སྤྱི་བོ་དཀར་པོ་ཁ་སྦྱོར་གྱི་འབར་འཛག་དང་། གཙུག་ཏོར་ལྗང་ཁུ་དང་གསང་བ་སྔོན་པོ་ཁ་སྦྱོར་གྱི་འབར་འཛག་བྱེད་པའང་ཡོད་དོ། །གཏུམ་མོ་འདི་ལྟ་བུ་ལ་སོགས་པ་དམིགས་བཅས་དང་མོས་སྒོམ་གྱི་རྫོགས་རིམ་དུ་གྲགས་པ་འདི་རྣམས་ངོ་བོ་བསྐྱེད་རིམ་དུ་གཏོགས་ཀྱང་། རྫོགས་རིམ་གྱིས་ཡེ་ཤེས་སྐྱེ་བའི་རྒྱུ་ཁྱད་པར་ཅན་བྱ་བའི་ཕྱིར་དེའི་ཐ་བསྙད་བརྟགས་པ་སྟེ། ལས་དང་པོ་པ་རྣམས་ལ་ངེས་
༢༠༨ པར་དགོས་ཤིང་། རྫོགས་རིམ་དངོས་ཀྱི་ཡེ་ཤེས་སྐྱེས་ནས་ཀྱང་འདི་དག་བོགས་འདོན་དུ་འགྱུར་བའི་ཕྱིར། ཅི་རིགས་པར་སྒོམ་པར་བྱ་བ་ཁོ་ནའོ། །དམིགས་བསྐོར་ཞེ་ལྔ་པའོ། །རྗེས་དྲན་དངོས་རྒྱུད་ལ་སྐྱེས་པའི་དུས་རྡོ་རྗེའི་ལུས་ལ་གཏུམ་མོ་ཡོངས་རྫོགས་སུ་འབར་ཞིང་། དགའ་བཞི་ཡོངས་རྫོགས་འདྲེན་ཐུབ་པ་ཡིན་ལ། ད་ལྟ་གཏུམ་མོ་སྒོམ་པ་ནི་དེ་ལྟ་བུའི་རྣམ་པ་ལམ་བྱེད་དང་། དེ་ཡང་སྟོང་གཟུགས་དང་བསྲེ་ཐུབ་ན་ནི་རྗེས་དྲན་རྗེས་མཐུན་པ་ཡིན་ནོ། །གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ་རྗེས་དྲན་གྱི་མཚན་དོན། སྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལག །བསྒོམས་པའི་རྟགས་ཚད། དག་བྱ་དག་བྱེད་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས། དང་པོ་ནི། རྒྱ་སྐད་དུ། ཨ་ནུ་ཞེས་པ་རྗེས་སུ་དང་། སྨྲྀ་ཏི་ཞེས་པ་དྲན་པར་བསྒྱུར་ལ། །ཨ་ནུའི་སྒྲ་ནི་དམན་པ་དང་། ལྷག་པ་ལ་འཇུག་པ་གཉིས་ལས། སྐབས་འདིར་ལྷག་པའི་དོན་ཏེ། ཨ་ནུ་སྨྲྀ་ཏི་ཞེས་པ་རྗེས་སུ་དྲན་པ་ལྷག་པར་དྲན་པའི་དོན་ཏེ། སྔར་བསྒོམས་བསླར་ཡང་དྲན་ཞིང་ཤིན་ཏུ་དྲན་པ་སྟེ། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་ཡང་ཡང་སྒོམ་ཞིང་དྲག་ཏུ་རྩོལ་བའི་དོན་ནོ། །གཉིས་པ་ནི། འཛིན་པ་མཐར་ཕྱིན་པས་རྩ་རླུང་ཐིག་ལེ་གསུམ་ལ་དབང་འབྱོར། གཏུམ་མོའ་སྣང་བ་རྣམ་ཀུན་མཆོག་ལྡན་གྱི་ལྷ་སྐུ་རབ་འབྱམས་སུ་ཤར་ན་ངེས་པར་རྗེས་དྲན་སྒོམ་རན་པའོ། །གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ། དོན་ཚན་ལྔ་ལས་རྗེས་དྲན་གང་ལ་བྱ་བའི་ཡུལ་ནི། སྤྱིར་རྩ་རླུང་ཐིག་ལེ་ཐམས་ཅད་དང་། གཙོ་བོ་གཏུམ་མོའ་འབར་སྣང་གི་སྟོང་གཟུགས་དང་། རྟེན་འཁོར་ལོ་བཞིའམ་དྲུག་གི་ཐིག་ལེ། བརྟེན་པ་ཞུ་བདེ་དང་བཅས་པའོ། །དོན་ཚན་གཉིས་པ་དགོས་པ་ནི། །མི་འགྱུར་པའི་བདེ་བ་དངོས་སུ་སྒྲུབ་པའི་ཕྱིར་ཏེ། །ཞུ་བདེ་འཛག་མེད་ལ་བསླབ་པའོ། །དོན་
༢༠༩ ཚན་གསུམ་པ་དུས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི། མི་འགྱུར་བའི་བདེ་བ་སྐད་ཅིག་མ་དང་པོ་མ་སྐྱེས་ཀྱི་བར་དུའོ། །མི་འགྱུར་བའི་བདེ་བ་སྐྱེས་ཟིན་པའི་རྗེས་སུ་ཡང་རྗེས་དྲན་གྱི་རྒྱུན་བོར་ནས། དམིགས་རྣམ་མི་འདྲ་བའི་ལམ་གསལ་པོ་སྒོམ་དུ་མེད་ཀྱི། རྗེས་དྲན་གྱི་རྒྱུན་ཉིད་ཏིང་ངེ་འཛིན་དུ་གནས་གྱུར་པ་ཡིན་ནོ། །དོན་ཚན་བཞི་པ་རྗེས་དྲན་རང་གི་ངོ་བོ་ནི། རྒྱུད་ལས། གཏུམ་མོའ་སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། ཞེས་གསུང་ཏེ། གྲོགས་ཕྱག་རྒྱ་གཞན་ཡོད་ཀྱང་རུང་། མེད་ཀྱང་རུང་། གཏུམ་མོའ་འབར་སྣང་གི་ལྷ་ཡབ་ཡུམ་མཉམ་སྦྱོར་གཙོ་བོར་གྱུར་པའི་སྟོང་གཟུགས་ཕྲ་རགས་སྲིད་པ་གསུམ་གྱི་རྣམསརྣམ་པ་ཅན་ལ་རྟོག་བྲལ་མ་འཁྲུལ་བའི་ཚུལ་གྱིས་མཉམ་པར་གཞག་པས། ཞུ་བདེ་འཛག་མེད་ཡང་ཡང་བསྐྱེད་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །དོན་ཚན་ལྔ་པ་རྗེས་དྲན་ཇི་ལྟར་སྒོམ་པའི་ཚུལ་ནི། རྒྱུད་ལས། འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའ་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །ཞེས་གསུངས་པ་ལྟར། དང་པོ་དབང་པོ་བརྟུལ་ཞིང་ཐིག་ལེ་སླ་བའི་གནས་སྐབས་ན། ལས་ཀྱི་ཕྱག་རྒྱ་ལ་མ་བསྟེན་པར། དགའ་བཞི་རྫོགས་པར་འདྲེན་མི་ཐུབ་པའི་སྐབས་ན། ལས་དང་ཡེ་ཤེས་ཕྱག་ཆེན་གསུམ་ཀར་གཅིག་ཏུ་དྲིལ་བའི་རྗེས་དྲན་སྒོམ། དེ་ནས་དབང་པོ་ན་འཕོས་ཏེ་བར་སྐབས་དེར་དབང་པོ་འབྲིང་དུ་གྱུར་པ། ཐིག་ལེ་ཅུང་ཟད་བསྐ་བའི་གནས་སྐབས་སུ་སོང་བ་ན། ཕྱག་ཆེན་ཁོ་ནས་ནི་བདེ་བ་རྫོགས་པར་འདྲེན་མི་ཐུབ་ལ། ལས་རྒྱ་ནི་མེད་ཀྱང་ཆོག་པའི་སྐབས་སུ། ལས་རྒྱ་སྤངས་ཏེ། ཡེ་རྒྱ་དང་ཕྱག་ཆེན་གཅིག་ཏུ་དྲིལ་བའི་རྗེས་
༢༡༠ དྲན་སྒོམ། ཡང་དབང་པོ་ན་འཕར་ཏེ་རྣོན་པོར་སོང་། བྱང་ཆུབ་ཀྱི་སེམས་ཤིན་ཏུ་བསྐ་བའི་གནས་སྐབས་སུ་གྱུར་པ་ན། ཕྱག་ཆེན་ཁོ་ནས་ཞུ་བདེ་རྫོགས་པར་ནི་འདྲེན་ཐུབ། མི་འགྱུར་བའི་བདེ་བ་མ་ཐོབ་པའི་སྐབས་དེར་ཕྱག་ཆེན་ཁོ་ན་ལ་བརྟེན་པའི་རྗེས་དྲན་སྒོམ། དེ་དག་ཀྱང་མཉམ་བཞག་གཙོ་ཆེ་བའི་དབང་དུ་བྱས་ཀྱི། རྗེས་ཐོབ་ཏུ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་འབྲེལ་བ་ལ་ནི་ངེས་པ་མེད་དོ། །གནས་སྐབས་གསུམ་པོ་འདི་རྣམས་ལ་ཕྱག་ཆེན་བཞི་སྦྱོར་དང་། ཕྱག་རྒྱ་གསུམ་སྦྱོར་དང་། ཕྱག་རྒྱ་གཉིས་སྦྱོར་ཞེས་འདོད་པ་དང་། ཡང་གསུམ་སྦྱོར། གཉིས་སྦྱོར། གཅིག་སྦྱོར་ཞེས་རིམ་པས་སྦྱོར་བའང་ཡོད་དོ། །བཞི་པ་ལས། རྟགས་ནི་དགའ་བཞི་རྫོགས་པར་འདྲེན་ཐིངས་རེ་ལས་གཏུམ་མོའ་འབར་སྣང་མཐའ་ཡས་པ་འཕྲོ་ཚུལ་གོང་ནས་གོང་དུ་ཁྱད་ཞུགས་པར་འབྱུང་ལ། ཀུཎྜ་བྱང་ཆུབ་ཀྱི་སེམས་ལྷུང་བར་རྩོལ་ཀྱང་མི་ལྷུང་སྟེ། ནོར་བུ་ནས་ཤུགས་དྲག་པོས་གྱེན་ལ་རང་བཟློག་ཏུ་འགྲོ་བ་དང་། རང་གི་ལུས་ཀྱང་སྟོང་གཟུགས་འོད་ཀྱི་དཀྱིལ་འཁོར་དུ་སྣང་བ་དང་། དག་པ་དང་མ་དག་པའི་སྲིད་པ་གསུམ་གྱི་གཟུགས་བརྙན་རྟག་པར་སྤྲོ་ཞིང་བསྡུ་བའོ། །ཚད་མ་ནི་མངོན་སུམ་བཞི་ཅར་ཚད་ཡང་ནང་གི་བདེ་བ་དམ་པ་ཉམས་སུ་མྱོང་ཞིང་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར། རང་རིགས་མངོན་སུམ་གཙོ་ཆེའོ། །ལྔ་པ་ནི། དག་བྱ་ལ་དབྱེ་ན་འདུ་ཤེས་ལ་སོགས་པ་ཕུང་ཁམས་ཆུའི་ཁམས་པ་དྲུག་ཚན་གཅིག་ཏུ་དབྱེ། དག་བྱེད་རྗེས་དྲན་གྱི་ཡན་ལག་ལ་དབྱེ་ན་བཅུ་སྟེ་རྒྱུད་ལས། བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམས་དང་ཟས་ལ་རབ་ཏུ་མི་འཇུག་དང་། འདར་དང་སྨྱོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམས་པར་འཁྲུལ་དང་དྲག་ཏུ་བརྒྱལ་བ་དག །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་
༢༡༡ རྟེན་དུ། རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་གསུམ་གནས་སྐབས་སུ་ཞིག་རྒྱལ་བར་འདོད་པ་དེ་ནི་སུ། ཞེས་གསུངས་པ་ལྟར་ཏེ། རྟགས་བཅུའི་དབྱེ་བ་ཅན་གྱི་སྟོང་གཟུགས་སོ་སོས་རིམ་པས་བདེ་བ་འདྲེན་པ་ན། བསམ་པའི་གནས་སྐབས་དང་མཚུངས་ཤིང་། དེ་རྣམ་པར་དག་པའི་བདེ་བ་དང་པོ་ཐོབ་པ་ལ་སོགས་པ། བདེ་བ་མི་འདྲ་བ་བཅུ་རིམ་གྱིས་ཐོབ་པ་ཡིན་ནོ། །དྲུག་པ་ལས། གནས་སྐབས་ཀྱི་འབྲས་བུ་ནི། རྒྱུད་ལས། རྗེས་སུ་དྲན་པས་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །ཞེས་པ་ལྟར། རྩ་ནང་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས་ཕྱི་ནང་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་གྱིས་ཁྱབ་པ་དང་། རྣམ་སྨིན་གྱི་ལུས་གནས་མ་འགྱུར་ཡང་རང་སེམས་ལྷ་སྐུར་དངོས་སུ་གྱུར་པ་དང་། གཞན་ཡང་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་མཐའ་ཡས་པ་ཐོབ་ཅིང་། བདེ་སྟོང་གི་ཉམས་མྱོང་རྒྱུན་མི་འཆད་པ་ཡིན་ལ་མཐར་ཐུག་གི་འབྲས་བུ་ནི། རྒྱལ་བ་འོད་དཔག་མེད་ལ་སོགས་ལ་ལྷ་ཆུ་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་མངོན་དུ་འགྱུར་རོ། །སྒོམ་དོན་འདི་ལ་ཐུན་གཅིག་ལ་སོགས་པའོ། །དེས་རྗེས་དྲན་གྱི་འཁྲིད་ཚར་རོ། །གཉིས་པ་ཏིང་ངེ་འཛིན་གྱི་འཁྲིད་སྟོན་པར་བྱེད་པ་ལ། ཉམས་ལེན་དམིགས་པའི་གནད་དང་། སྒོམ་ཚུལ་བློ་ལ་འགོད་པའོ། །དང་པོ་ཏིང་ངེ་འཛིན་གྱི་ཡན་ལག་དངོས་ཀྱི་དབང་ལྟར་བྱས་ནས། ཕྱག་ཆེན་ཁོ་ནའི་རྗེས་དྲན་དང་ཕལ་ཆེར་འདྲ་བ་ལས། སྦོགས་ཆོག་ཏུ་ལས་ཀྱི་ཕྱག་རྒྱ་ཐ་དད་པ་མང་དུ་སྒྲུབ་པར་བཤད་པ་ཡིན་ལ། འདིར་ནི་མོས་པ་ལམ་བྱེད་ཙམ་དུ་སྒོམ་ན། རྗེས་དྲན་རྗེས་མཐུན་པ་དང་འདྲ་བ་ལས། ལག་པ་མཉམ་བཞག་གི་ཕྱག་རྒྱ་དང་། ལྟ་སྟོངས་སྣ་རྩེ་རང་བབ་པའི་ཚུལ་གྱིས་ལྟ་གསུང་། དམིགས་པའི་སྐབས་སུ་ཡས་བརྟེན་དགའ་
༢༡༢ བཞི་ནི་རྗེས་དྲན་དང་འདྲ། མས་བརྟན་ལ་རྩ་འཁོར་སོ་སོར་བུམ་ཅན་ཡུན་རིང་དུ་སྒོམ་ཞིང་། སྟོང་གཟུགས་དང་བདེ་བ་ལ་མཉམ་པར་འཇོག །ཏིང་ངེ་འཛིན་གྱིས་བཅུ་གཉིས་ཐོབ་པར་མོས་པ་ཙམ་བྱའོ། །དམིགས་བསྐོར་ཞེ་དྲུག་པའོ། །དམིགས་བསྐོར་འདི་མཐའ་གཅིག་ཏུ་མ་བྱས་ཀྱང་ཆོག་མོད། བླ་མ་གོང་མ་རྣམས་ཀྱིས། ཡན་ལག་དྲུག་གི་དམིགས་པའི་ས་བཅད་མི་སྟོངས་པའི་ཕྱིར་མཛད་པའོ། །གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ། ཏིང་ངེ་འཛིན་གྱི་མཚན་དོན། སྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལག །བསྒོམས་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས། དང་པོ་ནི། རྒྱ་གར་སྐད་དུ། ས་མ་དྷི་ཞེས་པ་ཏིང་ངེ་འཛིན་ཏེ། དེ་ཡང་མཉམ་པར་ཀུན་ཏུ་འཛིན་པའི་དོན་ཡིན་པས། གཟུང་འཛིན་དང་བྲལ་ཞིང་། ཡུལ་ཡུལ་ཅན་དབྱེར་མེད་པ་སེམས་གནས་པའི་དོན་ནོ། །གཉིས་པ་ནི། རྗེས་དྲན་གྱི་ཡན་ལག་མཐར་ཕྱིན་ཏེ། མི་འགྱུར་བའི་བདེ་བ་འཕྲལ་དུ་བསྐྱེད་ནུས་པ་ནའོ། །གསུམ་པ་ལ། དོན་ཚན་ལྔའི་དང་པོ་ཏིང་ངེ་འཛིན་གྱི་ཡུལ་ནི། སྟོང་གཟུགས་དང་བདེ་ཆེན་གཉིས་ཡིན་ལ། དོན་ཚན་གཉིས་པ་བསྒོམ་པའི་དགོས་པ་ནི། མི་འགྱུར་བའི་བདེ་བ་གོང་ནས་གོང་དུ་འཕེལ་བའི་དོན་དང་། རྣམ་པར་སྨིན་པའི་ལུས་དབྱིངས་སུ་དག་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །དོན་ཚན་གསུམ་པ་དུས་ཇི་ཙམ་གྱི་བར་དུ་བསྒོམ་པ་ནི། ཏིང་ངེ་འཛིན་གྱི་ཐོག་མ་མི་འགྱུར་བའི་བདེ་བ་སྐད་གཅིག་གཅིག་ཐོབ་ནས། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་སུ་རྫོགས་པར་ཐོབ་ཀྱི་བར་དུའོ། །དོན་ཚན་བཞི་པ་ཏིང་ངེ་འཛིན་གྱི་ངོ་བོ་ནི་རྒྱུད་ལས། ཤེས་རབ་ཐབས་
༢༡༣ ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ནི། ཞེས་ཏེ། ཡེ་ཤེས་གཅིག་ཉིད་ལ། ལྡོག་ཆའི་དབྱེ་བས་ཤེས་རབ་མི་འགྱུར་བའི་བདེ་བ་དང་། ཐབས་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱི་སྐུ་གཉིས་སོ་སོར་མཐོང་བའི་གཉིས་སྣང་གི་ཆ་མེད་པར་ཟུང་འཇུག་ཏུ་ཉམས་སུ་མྱོང་བའི་ཏིང་ངེ་འཛིན་ཏེ། ཞུ་བདེ་འཛག་མེད་མཐར་ཕྱིན་པས་རྐྱེན་བྱས་ནས། ལས་རླུང་གཅིག་འགགས། རྩ་གསུམ་བཅུ་ཆ་གཅིག་དབུ་མར་ཐིམ། ཁམས་དཀར་དམར་གྱི་བགྲོད་པ་རེ་རེ་དབུ་མའི་ནང་དུ་གཡོ་མེད་དུ་བརྟན་ཞེས་བྱ་སྟེ། དེ་ལྟར་རྩ་དང་། རླུང་དང་། ཁམས་རྣམས་ཕྱིན་ཆད་དུ་འཇིག་ཏུ་མེད་ཅིང་རྒྱུན་མི་འཆད་པའི་སྟོང་གཟུགས་སུ་གྱུར་པ་ན། དེ་དང་ངོ་བོ་གཅིག་པའི་ཡེ་ཤེས་ནི། མི་འགྱུར་བའི་བདེ་བ་ཞེས་བྱའོ། །དེ་ཕྱིར། སྟོང་གཟུགས་བདེ་བས་རིག་པ་ལ། །བདེ་བ་ཆེན་པོ་རང་གི་རིག །ཅེས་གསུངས་སོ། །དོན་ཚན་ལྔ་པ་ཏིང་ངེ་འཛིན་ཇི་ལྟར་བསྒོམ་པའི་ཚུལ་ནི། རྒྱུད་ལས། བདེ་བ་མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་སྒྲུབ་པ་ཆེན་པོ་ལ། ཞེས་དང་། དུས་ཞབས་སྙན་བརྒྱུད་ལས་ཀྱང་། སྒོམ་པ་དམིགས་བཅས་སྟོང་གཟུགས་དང་། །དམིགས་མེད་བདེ་བ་རོ་མཉམ་ལ། །སེམས་ནི་མི་གཡོ་བརྟན་པར་གནས། །དངོས་པོ་ཐམས་ཅད་བདེ་བར་འཆར། །ཞེས་པ་ལྟར་སྔར་གནས་གྱུར་ཟིན་གྱི་ཐིག་ལེ་རྣམས་ཀྱི་མི་འགྱུར་བའི་བདག་དང་། ཕྱིས་གནས་འགྱུར་རྒྱུད་ལྟ་གནས་མི་འགྱུར་བའི་ཐིག་ལེ་དབབ་བཟློག་གི་ཞུ་བདེ་འཛག་མེད་གཉིས་ཚོགས་པ་གཅིག་ཏུ་གྱུར་པས། སེམས་བདེ་བ་ཐོབ་པའི་ངང་ན། སྟོང་གཟུགས་ལ་རབ་ཏུ་ཆགས་པས་ཞུ་བདེ་འཛག་མེད་ཡང་ཡང་བསྒྲུབ་པར་ཡིན་ལ། རྗེས་ཐོབ་
༢༡༤ ཏུ་སྤྲོས་བཅས་ཀྱི་སྤྱོད་པ་རྟག་ཏུ་སྤྱོད་པའམ། །བོགས་འདོན་སྤོགས་ཆོག་གི་ཚུལ་དུ་ཅི་རིགས་པར་སྤྱོད་དགོས་པ་ཡིན་ནོ། །བཞི་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་གི་མཐར་ཐུག་པ་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་ནས། འཇིག་རྟེན་གྱི་ཁམས་སྟོང་དང་ཉི་ཤུ་རྩ་བཞིའི་དོན་ཡང་དག་པར་མཐོང་བའི་བར་དུ་སྟེ། ཚད་མ་ནི་མངོན་སུམ་བཞི་ཙར་ཚང་བ་ལས། ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་དབང་དུ་བྱས་ནས། འཕགས་པའི་ཡེ་ཤེས་རྗེས་མཐུན་པ་ཡིན་པས་རྣལ་འབྱོར་མངོན་སུམ་ཞེས་བྱའོ། །ལྔ་པ་ནི། དག་བྱ་ལ་དབྱེ་ན་གཟུགས་ཕུང་སོགས་ཕུང་ཁམས་ས་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱེད་ཏིང་ངེ་འཛིན་ལ་དབྱེ་ན། འཁོར་ལོ་དྲུག་ཏུ་ལས་རླུང་འགགས་པའི་དབྱེ་བས་ས་བཅུ་གཉིས་སམ། །ཏིང་ངེ་འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོག་པའི་ཕྱིར་རོ། །ཞེས་པས། ཐུར་སེལ་ལ་སོགས་པའི་རླུང་བཅུ་ཕྱིན་ཆད་མི་སྐྱེ་བའི་ཆོས་ཅན་དུ་རྩ་བ་ནས་འགགས་པའི་དབྱེ་བས་རིམ་པ་བཅུའོ། །དྲུག་པ་ལ་གནས་སྐབས་ཀྱི་འབྲས་བུ་ནི། རྒྱུད་ལས། དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉེན་ཞག་འགའ་ཞིག་རྣམས་ཀྱི་ཡེ་ཤེས་སྐུ་ནི་འགྲུབ་པར་གྱུར། །ཞེས་གསུངས་ཏེ། ཏིང་ངེ་འཛིན་དང་པོ་སྐྱེས་པ་ནས། རྒྱུན་མ་ཆད་པར་བསྒོམ་ན། ལོ་གསུམ་དང་ཕྱོགས་གསུམ་གྱིས་གནས་ལུགས་ཡང་དག་པ་བདེན་པའི་ས་མངོན་དུ་བྱེད་ཅིང་རྣམ་པར་སྨིན་པའི་ལུས་དབྱིངས་སུ་ཐིམ་ནས། གཉིས་སུ་མེད་པ་ཟུང་འཇུག་ཡེ་ཤེས་ཆེན་པོའ་སྐུ་འགྲུབ་བོ། །དེ་ནི་དབང་བཅུ་ལ་སོགས་པ་ཡོན་ཏན་དུ་མས་བརྒྱན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ལ། མཐར་ཐུག་གི་འབྲས་བུ་ནི། རྒྱལ་བ་རྣམ་པར་སྣང་མཛད་
༢༡༥ ལ་སོགས་པ་ལྷ་ས་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་མངོན་དུ་འགྱུར་རོ། །སྒོམ་དོན་འདི་ལ་ཐུན་གཅིག་ལ་སོགས་པའོ། །དེས་ཏིང་ངེ་འཛིན་གྱི་འཁྲིད་ཚར་ཏེ། སྦྱོར་བ་ཡན་ལག་དྲུག་གི་དངོས་གཞིའི་དམིགས་པ་རྣམས་བསྟན་ཟིན་ཏོ། །གསུམ་པ་རྗེས་ལམ་གྱི་ཡན་ལག །ས་མཚམས། རྣལ་འབྱོར་གྱི་ཚོགས་པ་དང་བཅས་པ་ལ་གསུམ་སྟེ། ལམ་གྱི་ཡན་ལག་དང་། ས་ལམ་འབྲས་བུ་དང་བཅས་པ་དང་རྣལ་འབྱོར་མི་ཉམས་ཤིང་འཕེལ་བའི་ཡན་ལག་གོ །དང་པོ་ནི། ཉེར་མཁོ་ཅུང་ཟད་བརྗོད་པ་ལ། །ཉལ་བ་གཉིད་ཀྱི་རྣལ་འབྱོར་དང་། །འཆི་བ་འོད་གསལ་ངོས་འཛིན་དང་། །འདའ་ཁ་འཕོ་བའི་གདམས་ངག་དང་། །བར་དོ་འདུན་པས་འཛིན་པ་དང་། །ཐུན་སྒོམ་གྱིས་མཉམ་རྗེས་བསྲེ་བ་སྟེ་ལྔ་ལས། དང་པོ་ནི། སྤྱིར་གཉིད་ཀྱི་རྣལ་འབྱོར་ལ་གཉིད་འཐུག་པོའ་འོད་གསལ་འཛིན་པ་དང་། རྨི་ལམ་གྱི་གདམས་ངག་གཉིས་ཡོད། གཉིད་འཐུག་པོའ་འོད་གསལ་འཛིན་པ་ལ། ལས་དང་པོ་པས་འོད་གསལ་འཛིན་ཚུལ་ནི། སྔར་སོར་བསམ་པའི་སྐབས་སུ་བསྟན་པ་དེ་ཡིན་ལ། ཐབས་དེས་གཉིད་ཀྱི་འོད་གསལ་ཟིན་པའི་རྣལ་འབྱོར་པབ་ལ་ནི། སྲོག་རྩོལ་ཕན་ཆད་དུ་གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་ལོགས་པར་མི་དགོས་མོད། སྤྱིར་ནི་ལུགས་འདི་ལ་མགྲིན་སྙིང་ཁ་སྦྱོར་གྱིས་འོད་གསལ་འཛིན་པའི་མན་ངག་དང་། ལྟེ་སྙིང་ཁ་སྦྱོར་གྱིས་འོད་གསལ་སྤེལ་བའི་མན་ངག་ཀྱང་ཡོད་དོ། །དེས་ན་སྐབས་འདིར་རྨི་ལམ་གྱི་གདམས་ངག་ནི། རང་གི་མགྲིན་པའི་འཁོར་ལོའ་
༢༡༦ དབུས་སུ་ར་ཡིག་དམར་པོ་དང་། སྤྱི་བོའ་འཁོར་ལོའ་དབུས་སུ་ཐིག་ལེ་དཀར་པོ་གསལ་བཏབ་ནས། འཇམ་རླུང་བག་ཙམ་བཟུང་བས་རྀ་ཡིག་ལས་གཏུམ་མོ་འབར། ཐིག་ལེ་ལ་རེག །དེ་ནས་བདུད་རྩིའི་རྒྱུན་བབས་ཏེ། རྀ་ཡིག་ལ་ཐིམ་པར་བསམ་ལ། དོ་ནུབ་ཅིས་ཀྱང་རྨི་ལམ་ཟིན་པར་བྱའོ། །ཞེས་འདུན་པ་དྲག་པོ་བཅུ་གནས་བསྒོམས་ནས་མྱུར་དུ་རྨི་ལམ་ཟིན་པར་འགྱུར་རོ། །དམིགས་བསྐོར་ཞེ་བདུན་པའོ། །རྨི་ལམ་ཟིན་ཅིང་ཟིན་པ་དེ་ཡང་བརྟན་པོར་སོང་ན། མགྲིན་པར་སྟོང་གཟུགས་དྲངས་ཏེ། སྔར་གྱི་དམིགས་པ་དེ་དང་བསྲེས་ནས། དོ་ནུབ་ཀྱིས་ཀྱང་རྨི་ལམ་དུ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བྱའོ། །ཞེས་འདུན་པ་དྲག་པོ་བཏང་བས། རྨི་ལམ་དུ་སར་བསམ་ལ་སོགས་པ་རྡོ་རྗེའི་རྣལ་འབྱོར་སྒོམ་པའི་འདུན་པ་སྐྱེས་ཏེ། དམིགས་པ་ལ་སེམས་གཏད་པའི་ཚེ་སྟོང་གཟུགས་མང་པོ་བདེ་ཉམས་དང་བཅས་ཏེ་འཆར་བའང་ཡོད། དང་པོ་ཉིད་ནས་རྨི་ལམ་དང་སྟོང་གཟུགས་འདྲེས་མར་འཆར་བའང་ཡོད། རྩ་བཟང་ཞིང་དབང་པོ་རྣོ་བ་དང་། ཕྱིས་ཤིན་ཏུ་གོམས་པར་གྱུར་ན། དབང་པོ་རྣོ་བརྟུལ་ཐམས་ཅད་ལ་ཡང་འཆར་སྟེ། གཉིད་ཀྱི་འོད་གསལ་དྲན་མེད་དེ་གསང་མ་ཐག་ཏུ་རྨི་ལམ་གྱི་དོད་ལ་སྟོང་གཟུགས་འབའ་ཞིག་འབར་བའང་ཡོད་དོ། །དམིགས་བསྐོར་ཞེ་བརྒྱད་པའོ། །གཉིས་པ་ལ། འཆི་ཀའི་གདམས་ངག་དངོས་དང་། སྒོམ་འཕྲོ་ལ་ཤི་ཡང་རྣལ་འབྱོར་གོམས་སྟོབས་འཇུག་པར་བསྟན་པའོ། །དང་པོ་ནི། ད་ལྟའི་དུས་ནས་བདག་འཆི་བའི་ཚེ། ས་ཆུ་ལ་ཐིམ་པས་དུ་བ་ཞེས་པ་ལ་སོགས་
༢༡༧ པའི་རྟགས་སྣང་མང་པོ་དང་། བྱིང་བ་དང་། སྦྲིད་པ་དང་། འཕར་གཡོ་ལ་སོགས་པའི་ལུས་ཉམས་དུ་མ་དང་། དབུགས་འདར་བ་དང་། རྔམ་རྒོད་ལ་སོགས་པའི་དག་ཉམས་དུ་མ་དང་། གསལ་བ་དང་མི་གསལ་བ་དང་། ཁྲོ་བ་དང་། ཆགས་པ་ལ་སོགས་པ་སེམས་ཉམས་དུ་མ་འབྱུང་བར་འདུག་པ་ལ། དེ་རྣམས་རང་ངོ་ཤེས་པར་བྱས་ནས། སེམས་འོད་གསལ་དུ་འཇུག་དགོས་པར་འདུག་སྙམས་དུ་འདུན་པས་མཚམས་སྦྱོར་ལ། རང་འཆི་བའི་དུས་སུ་ཡང་སྒོམ་ཚུལ་འདི་ལྟ་བུ་ཡིན་སྙམ་པས། ཡན་ལག་དྲུག་པོ་གོང་སྐབས་སུ་བབ་པ་དེ་སྒོམ་ལ། ལུས་ཉམས། ངག་ཉམས། སེམས་ཉམས། མཐོང་ཉམས་གང་བྱུང་ཡང་འཆི་ཁའི་སྒོམ་ཚུལ་ཡང་འདི་ལྟ་བུ་བྱེད་སྙམས་པས། ཉམས་གང་ཤར་དེ་ལ་སྐྱེ་འགག་གནས་གསུམ་དང་བྲལ་བར་ངོས་གཟུང་ལ་མཉམ་པར་གཞག །ཁྱད་པར་གཉིད་དུ་འགྲོ་ཁ་དང་། གཉིད་ཀྱི་འོད་གསལ་ལ་ཡང་འདུན་པ་དེ་བཞིན་དུ་སྦྱོངས་བ་གལ་ཆེ། དམིགས་བསྐོར་ཞེ་དགུ་པའོ། །ནམ་ཞིག་འཆི་བ་མངོན་དུ་བབས་པའི་ཚེ། མཐོང་སྣང་གང་ཤར་ཡང་དེ་ལ་མི་གཡོ་གསུམ་ལྡན་དུ་བཞག་པའི་ངང་ནས། སྐྱེ་འགགས་གནས་གསུམ་དང་བྲལ་བའི་དབྱིངས་དེ་ངོས་ཟིན་པར་བྱ། དེ་བཞིན་དུ་ལུས་ངག་ལ་བདེ་སྡུག་གི་ཉམས་གང་བྱུང་ཡང་འདྲ། སེམས་ལ་དགའ་སྡུག་ཆགས་སྡང་ཅི་ཤར་ཡང་འདྲ། རྣ་བར་སྒྲ་ཇི་ལྟར་ཐོས་ཀྱང་རུང་སྟེ་དེ་དང་དེ་ལ་མི་གཡོ་བ་གསུམ་ལྡན་གྱི་སྒོ་ནས་རིག་པ་གཏད་དེ། རང་བཞིན་ཅིར་ཡང་མ་གྲུབ་པ་དེ་རིག་ཐོག་ཏུ་བསྐྱང་ངོ་། །སྲོག་རྩོལ་མན་ཆད་གོམས་པའི་
༢༡༨ རྣལ་འབྱོར་པ་ཡིན་ན། འཆི་ལྟས་བྱུང་ཞིང་འཆི་བ་མི་བཟློག་པར་ཤེས་པ་ཙམ་ན། བུམ་པ་ཅན་དང་སྟོང་གཟུགས་ལ་མཉམ་པར་འཇོག་པ་ལ་འབད་རྩོལ་བསྐྱེད། རླུང་སེམས་དྲག་ཏུ་དབུ་མར་འཇུག་པའི་ཐབས་རྣམས་བྱ། དེས་འོད་གསལ་གྱི་རྟགས་སྣང་དང་བདེ་སྟོང་གི་ཉམས་རྒྱ་ཆེར་མཆེད་ནས་རྒྱ་འབྱམས་སུ་འགྲོ། དེའི་ངང་ལ་དབྱིངས་སུ་འཕོ་ཐུབ་པའང་ཡོད། དེ་སྐབས་མ་འཕོས་ཀྱང་རུང་སྟེ་སྔར་གྱི་རྒྱུན་དེ་ཀ་བསྒོམ། ཐིམ་རིམ་རྣམས་ཤར་པའི་མགོ་བརྩམས་དུས་ནས་རྡོ་རྗེའི་བཟླས་པ་ཅི་འགྲུབ་བྱ། དེས་ངེས་པར་འཆི་བ་འོད་གསལ་རང་ངོ་འཕྲོད་པར་འགྱུར་བ་ཡིན་ནོ། །འདི་སྐབས་སུ་སྤྲོ་ཞིང་དགོས་ན། ཁམས་ཐིམ་རིམ་རྣམས་དང་། སྣང་བ་བཞིའི་རྣམ་བཞག་ཞིབ་མོར་བཤད་དོ། །དམིགས་བསྐོར་ལྔ་བཅུ་པའོ། །གཉིས་པ་རྣལ་འབྱོར་གོམས་སྟོབས་འཇུག་པར་བསྟན་པ་ནི། ཆེས་སྐལ་པ་དམན་པའམ། ཚེ་གཏུགས་ནས་ཉམས་རྟོགས་ཁྱད་པར་ཅན་ཚེ་འདི་ལ་མ་སྐྱེས་ཀྱང་། ཆོས་འདི་དང་མ་བྲལ་པ་བཞིན་དུ་དུས་ལས་འདས་ན། སྐྱེ་བ་ཕྱི་མ་ལ་ངེས་པར་གྲོལ་བ་ཐོབ་སྟེ། རྣལ་འབྱོར་དབང་པོ་རྣལ་འབྱོར་མ་ཐོབ་ཞེས་སོགས་ཀྱི་ལུང་དང་སྦྱར་རོ། །གསུམ་པ་ནི། ཆོས་རྗེ་ཀུན་སྤངས་ཆེན་པོའ་གསུང་གི། དབུ་ཡི་ནང་ས་བོན་རང་སེམས་ཧཾ་ཨ་ཧཱུྃ། ཟླ་ཉི་ནམ་མཁའི་མདོག་ཅན་གཙུགས་གསང་སྙིང་། །སྲོག་རྩོལ་བསུ་སྐྱེལ་གཅིག་ཏུ་བསྡུས་བྱས་ནས། །འདུན་པ་རྩེ་གཅིག་གང་འདོད་གནས་སུ་འཕོ། །ཞེས་གསུངས་ཏེ། ལུས་གནད་སྤྱི་དང་མཐུན། ལུས་ཀྱི་ནང་དུ་རྩ་དབུ་མ་ཡང་གོང་དུ་བཤད་པ་བཞིན་དབུ་མའི་ནང་སྤྱི་བོར་ཧཾ་དཀར་པོ་མགོ་བོ་མཐུར་བསྟན། ལྟེ་བ་ཨ་དམར་
༢༡༩ པོ་དང་། སྙིང་ཁ་ཧཱུྃ་སྔོན་པོ་གཉིས་མགོ་གྱེན་བསྟན། སྤྱི་བོའ་སྟེང་དུ་བླ་མའམ་ཡི་དམ་བཞུགས་པར་བསམ། རླུང་ཁ་སྦྱོར་ཞིག་བཟུང་། སྟེང་རླུང་མནན་པས། ཧི་ཧཱུྃ་ལ་ཐིམ། འོག་རླུང་ཐེནའཐེན་པས་ཨ་ཡང་ཧཱུྃ་ལ་ཐིམ། ཧུཾ་དེ་ཡང་འདར་ཁྲིལ་ལི་ལི་ཐིག་ལེ་ཁྲ་བོ་ཞིག་ཏུ་གྱུར་པར་བསམ། ཡང་འོག་རླུང་འཐེན། སྟེང་རླུང་སངས་ཀྱིས་བུས་པས་ཐིག་ལེ་དེ་དབུ་མའི་ལམ་བརྒྱུད། སྤྱི་གཙུག་ནས་རྒྱངས་ཀྱིས་ཐོན། བླ་མའི་ཐུགས་ཁར་ཐིམ། དེ་དང་འོད་གསལ་རྟགས་སྣང་འདྲེས་པ་ལ་ཅུང་ཟད་མཉམ་པར་གཞག །དེ་འདྲ་བ་ལ་ལན་འགའ་རེ་སོང་བ་ན། བླ་མའི་ཐུགས་ཀ་ནས་ཡི་གེ་རྣམས་བབས་ཏེ། སྔར་བཞིན་རང་གནས་སུ་གནས་པར་བསམ། བླ་མ་ཡེ་ཤེས་ཀྱི་བདུད་རྩིར་ཞུ་ནས་རང་ལ་ཐིམ། སྤྱི་གཙུག་ཚངས་པའི་བུ་ག་ཡང་ཟུམ་པར་མོས། དེ་ལྟར་ཡུན་རིང་དུ་སྦྱངས་པས་རྟགས་འབྱུང་ཞིང་། ཅི་སྙེ་མ་བྱུང་ན་ཡར་འཕོ་བའི་དམིགས་པ་དང་བསྟུན་དྲག་རླུང་བཙན་ཐབས་ཀྱི་སྦྱོར་བ་བྱས་པས་འཕྲལ་དུ་རྟགས་འོང་། ཧ་ཅང་དྲགས་ཏེ་ཐལ་གྱིས་དོགས་པའམ། སྟོད་མཚང་དང་། མགོ་ལ་ཟུག་གཟེར་དྲག་པོ་འཕྲལ་དུ་སྐྱེ་བ་བྱུང་ན། དབུ་མའི་ནང་ནས་གསེར་གྱི་རྡོ་རྗེ་ལྗིད་དང་ལྡན་པ་ཞིག་ཐུར་དུ་སོང་། བཤང་སྒོ་ནས་ཐོན། ས་འོག་ཐག་རིང་པོར་ཤུགས་དང་བཅས་ཏེ་སོང་ནས། དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་གསེར་གྱི་འཁོར་ལོ་ཆེན་པོ་གཅིག་གི་ལྟེ་བར་ཐམས་ཀྱིས་ཟུག་པར་བསམ། དེ་ཡང་ཡང་བསྒོམས་པས་སེལ། འབེབས་སོགས་སྤྱི་དང་འདྲ། དེ་ཡན་ཆད་འཕོ་བ་སྦྱང་
༢༢༠ བའི་གདམས་ངག་ཡིན། ལས་ལ་སྦྱར་བའི་སྐབས་ནི་ཡར་འཕོ་བ་འབའ་ཞིག་ལས་མར་འབེབས་པ་མི་བྱེད། དྲག་རླུང་བཙན་ཐབས་ཀྱི་སྦྱོར་བའང་སྐབས་སུ་བབ་ན་བྱའོ། །འདིའི་གདམ་ངག་གི་ཡི་གེ་འགའ་ཞིག་ལས་ཨ་ཧུཾ་ལ་ཐིམ། ཧུཾ་ཧཾ་ལ་ཐིམ། དེ་ཐིག་ལེ་ཁྲ་བོར་གྱུར་བ་འདར་ཁྲིལ་ལི་ལི་འདུག །ཡང་རླུང་ལྟེ་བར་མནན་པས་ཡིག་འབྲུ་རྣམས་སྔར་ལུགས་བཞིན་འཁོད། དེ་ནས་འོག་རླུང་འཐེན། སྟེང་རླུང་འབུད་པས་ཧི་ཀྲ་དང་བཅས་པའམ། མེད་ཀྱང་རུང་སྟེ། ཡིག་འབྲུ་རྣམས་མས་རིམ་གྱིས་ཐིམ། དེ་ཐིག་ལེ་ཁྲ་བོར་གྱུར། སྤྱི་གཙུག་ནས་བླ་མའི་ཐུགས་ཁར་འཕོ་ཞེས་བཤད་དེ། དམིགས་པ་འདི་ངོས་རྣམ་པ་གསལ་བ་ཙམ་སྣང་ངོ་། །དེ་ལྟར་ན་འཕོ་བའི་གདམས་ངག་སྟེ། དམིགས་བསྐོར་ང་གཅིག་པའོ། །བཞི་པ་ནི། ཅི་སྟེ་འཆི་བ་འོད་གསལ་ངོ་འཕྲོད་ཀྱང་། གོམས་ཤུགས་ཆུང་ཞིང་སྒོམ་ཡུན་ཐུངས་པས་མ་གྲོལ་ན། བར་དོའ་སྣང་བ་འཆར་བར་འགྱུར་བས། དེར་ལམ་བསྒོམས་ན་གྲོལ་བར་འགྱུར་རོ། །དེ་ཡང་ད་ལྟ་ནས་འདུན་པས་མཚམས་སྦྱོར་དགོས་ཏེ། ནམ་ཞིག་བར་དོའ་སྣང་བ་ཤར་བའི་སྐབས་སུ་ཐ་མལ་གྱི་ཞེན་པ་དང་འགྲོགས་ན་འཁོར་བ་འཁྱམས་པས། གནས་སྐབས་དེར་ཡང་འདི་ལྟར་སྒོམ་སྙམ་དུ་མཚམས་སྦྱར་ནས། ཡན་ལག་དྲུག་པོ་གང་ཡང་རུང་བ་བདག་ཉིད་གང་ལ་གཙོ་བོར་བྱེད་པ་དེ་བསྒོམ། །བར་དོར་འདི་ལྟར་བསྒོམ་སྙམ་པའི་འདུན་པ་ཡང་ཡང་བཏང་། རེས་འགའ་ནི། འདི་ཐམས་ཅད་བར་དོ་ཡིན་པར་འདུག །སྐབས་འདིར་མ་འཁྲུལ་བར་བྱ་དགོས་སྙམ་པའི་འདུན་པ་རྒྱུན་ཆགས་སུ་བསྟེན་ཅིང་།
༢༢༡ ཆགས་སྡང་ལ་སོགས་པའི་བློ་སྤངས་ནས་རྡོ་རྗེའི་རྣལ་འབྱོར་ཉིད་བསྒོམ། རེས་འགའ་ན་བར་དོའ་མཚན་ཉིད་ལུས་ལ་གྲིབ་མ་མེད་པ་དང་། ཉེ་དུ་ལ་སོགས་པས་ངོ་མི་ཤེས་པ་དང་། ཡ་ང་བའི་གཡང་ས་གསུམ་འཇིགས་པའི་སྒྲ་བཞིའམ་ལྔ། མ་ངེས་པའི་རྣམ་འགྱུར་རྣམ་པ་དྲུག །འགྲོ་བའི་ལམ་བཞི་ལ་སོགས་པ། བར་དོའ་ལུས་དང་སྣང་བའི་མཚན་ཉིད་འདི་དང་འདི་ལྟ་བུ་དག་ཡིན་ན། ད་ལྟ་དེ་ལྟ་བུ་རེ་རེ་ནས་ཡོད་དམ་མེད། །ཚང་ངམ་མ་ཚང་ཞེས་བརྟག་ཅིང་། །འཁོར་བའི་ཉེས་དམིགས་དྲན་པ་དང་། བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ཆགས་སྡང་སྤངས་ཏེ། །རྡོ་རྗེའི་རྣལ་འབྱོར་ཉིད་སྒོམ་མོ། །ཁྱད་པར་ཐུན་མཚམས་འགྲོ་ཆགས་ཉལ་འདུག །ཟས་སྤྱོད་ལམ། གཏམ་སྨྲ་བརྗོད། དགྲ་གཉེན་གྱིས་འབྲེལ་པ་སོགས། སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་འཆར་བའི་སྐབས་སུ། ཡང་ཡང་དྲན་པས་ཟིན་པར་བྱས་ཏེ། འདི་རྣམས་སྒོམ་པ་གལ་ཆེ། དེ་ལྟར་ཉིན་མོ་སད་དུས་སུ་བསྒོམས་པས། རྨི་ལམ་དུའང་ཕལ་ཆེར་འཆར་ཀྱིན་འདུག་ན། བར་དོར་ལམ་བསྒོམས་པས་གྲོལ་བར་ཐེ་ཚོམ་མེད་དོ། །དམིགས་བསྐོར་ང་གཉིས་པའོ། །ལྔ་པ་ནི། མུན་ཁང་གསུམ་ལ་རིམ་གྱིས་བསླབ། བདེ་སྡུག་རྐྱེན་རྣམས་ཀུན་ལ་བསྲེ། །ཤུགས་ཆད་ལ་སོགས་རང་སར་བསྐྱོང་། །ལོངས་སྤྱོད་སྤྱོད་ལམ་ཀུན་ལ་བསླབ། །ཅེས་པ་ལྟར་ཏེ། དེ་ཡང་། དང་པོར་མུན་ཁང་དངོས་སུ་རྟགས་སྣང་རྟག་ཏུ་འོང་ཞིང་བརྟན་པོར་སོང་ན། མུན་ཁང་འབྲིང་པོ་ཞེས་བྱ་བ། གོས་ཀྱིས་མགོ་གཏུམས་ཏེ་ལུས་གནད་སྔར་དང་འདྲ་
༢༢༢ བའི་སྟེང་ནས་བསླབ། ཐོག་མར་རྟགས་སྣང་རྣམས་མུན་ཁང་ལས་ཅུང་མི་གསལ་ཙམ་འབྱུང་། ཅུང་ཟད་གོམས་ནས་མུན་ཁང་དང་ཁྱད་མེད་པར་འཆར། །དེ་ནས་ལུས་གནད་གཞན་རྣམས་སྤྱི་དང་འདྲ་བར་བཅས། མིག་བཙུམ་སྟེ། མིག་འབྲས་གྱེན་ལ་བཟློག་པས་ནང་དུ་ལྟ་སྟངས་ཀྱི་གནད་མ་འཁྲུལ་བར་ཡོང་། དེ་ལྟར་བསྒོམས་པས་ཐོག་མར་རྟགས་སྣང་ཉུང་བ་ཙམ་འབྱུང་ཞིང་། གསལ་མི་གསལ་ལ་སྔར་དང་ཁྱད་མི་འདུག་ན། དེ་ཁ་བསྒོམ་པས་ཞག་འགའ་ཞིག་ནས་རྟགས་སྣང་ཤིན་ཏུ་མང་བ་འབྱུང་། ཡང་སྔར་ལས་སྟོང་གཟུགས་མི་གསལ་དུ་སོང་སྙམ་བྱེད་ན། ད་དུང་མུན་ཁང་ཆུང་ངུ་སྒོམ་མ་རན་པ་ཡིན་པས། རེ་ཞིག་སྔ་མ་རྣམས་ལ་དམིགས་པ་དྲག་པོར་གཏད་དེ་བསྒོམ། སླར་ཡང་མུན་ཁང་ཆུང་ངུར་བསྒོམས་པས་སྔར་བཞིན་གསལ་བར་འོང་ངོ་། གཞན་ཡང་མིག་ལ་དགབ་པའི་མུན་ཁུང་ཆུང་ངའིངུའི་ཁྱད་པར་གཞན་འགའ་ཞིག་བྱེད་པའི་ལུགས་ཀྱང་ཡོད་ལ། དེ་ལྟར་མུན་ཁང་ཆེ་འབྲིང་ཆུང་གསུམ་ལ་གོམས་ནས། དང་པོར་སྣང་བ་ཅུང་ཟད་དང་བཅས་པའི་ཁང་པར་བསླབ། དེ་ནས་སྣང་བ་ཆེས་གསལ་བའི་ཕྱོགས་སུའང་བསླབ། དེ་ནས་ཐུན་གྱི་སྐབས་ལྟ་སྟངས་ཀྱི་གནད་མ་འཆུག་པར་བྱ་ཞིང་། ཐུན་མཚམས་སུ་ལྟ་སྟངས་གྱེན་ཐུར་ཐད་ཀ་གཡས་གཡོན་ལ་སོགས་པ་མ་ངེས་པ་དང་། དེ་བཞིན་དུ་མིག་གདངས་པ་དང་བཙུམ་པ་དང་། ཟིམ་མེར་ལྟ་བ་སོགས་ལྟ་ལུགས་ཀྱང་མ་ངེས་པ་ལ་བསླབས་པས། རིམ་གྱིས་ཐམས་ཅད་དུ་སྟོང་གཟུགས་ཀྱི་གསལ་སྣང་འབྱུང་བར་འགྱུར་རོ། །ཡང་བདེ་སྡུག་མཐོ་དམན་ཐམས་ཅད་ལ་བསྲེ་དགོས་ཏེ། དེ་ཡང་དང་པོར་ཚེར་མ་ཟུག་པའམ། སྣ་རྡོ་ཐུག་པའམ།
༢༢༣ རླུང་དང་ཉི་མ་དང་ཁ་ཆར་ལ་སོགས་པའི་ཚ་གྲང་ཕྲ་མོ་ཙམ་རང་ཤུགས་སུ་བྱུང་བའམ། ཆེད་ཀྱིས་ཀྱང་དེ་དག་གི་གནས་སུ་སོང་ན། ཚ་གྲང་གི་རེག་བྱ་ཅུང་ཟད་མྱོང་བ་དེ་ལ་ཆེ་རེ་བལྟས་ཏེ་མི་གཡོ་བ་གསུམ་ལྡན་གྱི་ངང་བསྐྱངས། ཐོག་མ་སེམས་འཇོག་སྟབས་མི་བདེ་བ་ཙམ་འབྱུང་ནའང་། ཅུང་ཟད་གོམས་ནས་ཚ་གྲང་དུ་སྣང་བདེ་གསལ་ཆར་སོང་། སེམས་གཏད་པས་དེ་ཉིད་ངོས་བཟུང་དང་བྲལ་ཏེ། ལུས་ཀྱི་རེག་བྱ་མྱོང་ཚུལ་དུ་མི་བདེ་ཡང་། དེ་ཁའི་སྟེང་དུ་སེམས་འཇོག་སྟབས་ཤིན་ཏུ་བདེ་བ་ཞིག་འབྱུང་། ད་དུང་དེའི་རང་ངོ་ལ་བལྟས་ཏེ་བསྒོམས་པས་ཚ་གྲང་དུ་སྣང་བ་དེ་སྣང་ལ་ངོས་བཟུང་མེད་པར་ཉམས་སུ་མྱོང་བར་འགྱུར། དེ་བཞིན་དུ། བཀྲེས་སྐོམ་དང་ངལ་དུབ་ལ་སོགས་པ་ལ་ཡང་སྦྱར་བས་མཐར་ན་ཚ་སྡུག་བསྔལ་ཆེན་པོ་ཐོག་ཏུ་བབ་ཀྱང་ལམ་དུ་ལོངས་པ་ཞིག་འོང་། དེ་བཞིན་དུ། གཏམ་མི་སྙན་པ་རང་གི་ཡིད་ལ་མི་འཐད་པའི་ཚིག་དག་ཐོས་པས། སེམས་མི་བདེ་ཀར་གྱིས་བྱུང་བའི་དུས་ཀྱང་། མི་བདེ་བ་དང་ཚིག་སྤྱི་དེ་ལ་ཆེར་གྱིས་བལྟས་ཏེ། བཙལ་ན་ངོས་བཟུང་མེད་པ་དེ་ངོས་ཟིན་པར་བྱས་ནས་མི་གཡོ་གསུམ་ལྡན་བསྐྱང་ངོ་། །དེ་བཞིན་དུ། ཡིད་སྐྱོ་བ་དང་། དགའ་བ་དང་། འཇིག་པ་དང་། སྤྲོ་བ་དང་། ཁེངས་པ་དང་། ཆགས་པ་དང་། སྡང་པབ་དང་། སེར་སྣ་དང་། ཕྲག་དོག་སོགས་གང་བྱུང་ཐམས་ཅད་ལ་དེ་བཞིན་བསྐྱང་པས་རང་སངས་སུ་འགྲོ་བ་ཡིན་ནོ། །གཞན་ཡང་། ལམ་དུ་ཕྱིན་པའི་ངལ་དུབ་དང་། ཁུར་ཆེན་པོ་འཁུར་བ་དང་། བཟླས་པ་དང་། མདོ་འདོན་དང་། གསུང་སྒྲོག་སོགས་འཇུར་པོ་བྱས་པ་དང་།
༢༢༤ བརྩིས་དང་། མནོ་བསམ་དང་། ལྟ་རྟོག་འཇུར་པོ་སོགས་རྗེས་སུའང་སྔར་གྱི་ལུས་ངག་ཡིད་གསུམ་གྱི་བྱ་རྩོལ་དྲག་པོ་དེས་རྣམ་རྟོག་གི་ཤུགས་ཆངའཆང་ཡོད་པས་དེ་དུས་རིག་པ་ལྟ་ཤེས་ཙམ་བྱས་ནས། ཡིད་མི་གཡོ་བར་བཞག་པ་ཉིད་ཀྱིས་རིག་པ་གསལ་སྟོང་མཐའ་དབུས་མེད་པར་འཆར་རོ། །གཞན་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་དུ་འོང་བ་དང་ཕྲད་པའི་ཚེ་དགའ་ལྷང་སྟེ་ཡོང་བ་དང་། གཟུགས་སོགས་མི་སྡུག་པ་གནོད་པ་ཅན་དང་ཕྲད་པའི་ཚེ། ཟུར་རྔུར་ལྷང་སྟེ་བྱང་བ་ཀུན་ལའང་གང་བྱུང་དེ་ལ་སེམས་གཏད་དེ། སྔར་བཞིན་མི་གཡོ་གསུམ་ལྡན་བསྐྱང་། །གཞན་ཡང་མདོ་འདོན་སྔགས་བཟླས་ཕྱག་དང་བསྐོར་བ་སྙིང་རྗེ་ངེས་འབྱུང་སོགས། ལུས་ངག་ཡིད་གསུམ་གྱི་དགེ་བ་རྣམས་དང་། འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཀུན་ཏུ། འཕྲལ་འཕྲལ་འདུན་པས་སླེབསླེབས་པར་བྱས་ཏེ། གང་ཤར་དེ་ལ་བཟོ་མེད་དུ་བསྐྱངས་པས་རང་གྲོལ་དུ་འགྱུར་བའི་གནད་ཟིན་པར་བྱའོ། །འདི་དག་ཤིན་ཏུ་གལ་ཆེ་ཡང་། དམིགས་ཐུན་གྲངས་ངེས་སུ་བཅད་པ་མེད་པས་ཅི་བདེ་བར་བྱའོ། །དམིགས་བསྐོར་ང་གསུམ་ལ་སོགས་པའོ། །གཉིས་པ་ས་ལམ་འབྲས་བུ་དང་བཅས་པའི་རྣམ་གཞག་ནི། དེ་ལྟར་སྔོན་འགྲོས་རྒྱུད་སྦྱངས། སོར་སྡུད་ཀྱིས་དབུ་མའི་ལམ་ཅུང་ཟད་དག །སེམས་གནས་པ་ལ་རང་དབང་ཐོབ་པའི། །རྣམ་རྟོག་གི་བར་ཆོད་མི་འབྱུང་ཞིང་། འོད་གསལ་རྟགས་བཅུ་ཐོག་མར་བསྒྲུབས། བསམ་གཏན་གྱིས་དབུ་མའི་ལམ་ཤིན་ཏུ་སྦྱངས་ཤིང་། རང་སེམས། སྟོང་གཟུགས། ལས་སྣང་དང་བཅས་པ་ཐམས་ཅད་རང་བཞིན་
༢༢༥ དབྱེར་མེད་སྤྲོས་བྲལ་དུ་ཤེས། རྟགས་བཅུ་བརྟན་ཅིང་སྔར་བས་ཀྱང་ཆེས་ཁྱད་པར་དུ་སོང་། བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་གང་ཟག་གིས་ཡན་ལག་འདི་ཉིད་མཐར་ཕྱིན་ན། སྦྱོར་ལམ་དྲོད་ཀྱི་དང་པོ་ལ་སླེབས་པ་ཡིན་ལ། བསྐྱེད་རིམ་མ་བརྟན་པར་འདི་རྣམས་བསྒོམས་ནས་མཐར་ཕྱིན་པ་ཡིན་ན། སྔགས་ཀྱི་ཚོགས་ལམ་ཆེན་པོ་ཙམ་ཡིན་ནོ། །དེ་ནས་སྲོག་རྩོལ་གྱི་ཡན་ལག་གིས་རླུང་བཅུ་དབུ་མར་ཐིམ་པས། གཟུང་འཛིན་ཐ་དད་པར་འཛིན་པའི་རྣམ་རྟོག་མངོན་འགྱུར་བ་འགག་ཅིང་། ཕྱི་ནང་གི་འབྱུང་བ་ལ་ཅི་རིགས་པར་དབང་ཐོབ་པའི་རྫུ་འཕྲུལ་དང་མངོན་ཤེས་སོགས་ནུས་པའང་ཅུང་ཟད་རྙེད་པ་དང་། གཏུམ་མོ་ཅུང་ཟད་འབར་བས་བདེ་སྟོང་གི་ཉམས་གསལ་པོར་ཤར་བ་ཡིན་ཏེ། སྔར་བསྐྱེད་རིམ་བརྟན་རུང་མ་བརྟན་རུང་། དྲོད་ཆུང་འབྲིང་མན་ཆད་ཡན་ལག་འདིས་ཐོབ་པར་འགྱུར་རོ། །འཛིན་པའི་ཡན་ལག་གིས་རླུང་མཐའ་དག་དབུ་མའི་ཐིག་ལེ་རྣམས་ལ་ཐིམ་པས་གཏུམ་མོ་རང་འབར་རྒྱུན་མི་འཆད་ཅིང་། ནུས་པ་དང་ཡོན་ཏན་སྔར་བས་བཅུ་འགྱུར་ནས་བརྒྱ་འགྱུར་གྱི་བར་དུ་འཕེལ། དྲོད་ཆེན་པོའ་ཡེ་ཤེས་རྒྱུད་ལ་སྐྱེས་ནས་རྩེ་མོ་ལ་མཚམས་སྦྱོར་བས་འགྱུར། རྗེས་དྲན་གྱིས་ཡེ་ཤེས་ཀྱི་སྐུ་ཆུང་ངུ་ཐོབ་ཅིང་། གཏུམ་མོ་འབར་བ་ལྷག་པར་སྟོབས་སུ་གྱུར་པས་ཞུ་བདེ་འཛག་མེད་ཀྱི་དགའ་བཞི་རྫོགས་པར་འདྲེན། ཉོན་མོངས་རགས་པ་མངོན་འགྱུར་བ་སྤོང་། རྩེ་མོ་མཐར་ཕྱིན་པའི་བར་དུའོ། །ཏིང་ངེ་འཛིན་ནི་བཟོད་པ་དང་། ཆོས་མཆོག་སྟེ། ལས་རླུང་འགགས་ཤིང་ཐིག་ལེ་ལ་བརྟན་པ་སོགས་འཁོར་བའི་ལུས་ངག་ཡིད་གསུམ་དངོས་སུ་སྤོང་བར་བྱེད་པའི་ལམ་སྟེ། གསང་
༢༢༦ གནས་ཀྱི་འཁོར་ལོའ་ཕྱེད་མི་འགྱུར་བའི་བྱང་སེམས་ཀྱིས་གང་བས་ས་དང་པོའོ། །ཕྱེད་ཕྱི་མ་གང་བས་ས་གཉིས་པ། ཞེས་སོགས་འཁོར་ལོ་གཞན་ལྔ་ལའང་སྦྱར་བས། གཙུག་ཏོར་གྱི་ཕྱེད་ཕྱི་མ་གང་སྟེ། གཙུག་ཏོར་ཡང་ཧྲིལ་གྱིས་བརྟན་པས་ས་བཅུ་གཉིས་པའོ། །དེའི་སྐད་ཅིག་གཉིས་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་ཅེས་བྱ་སྟེ། དེ་ཡང་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་སྐད་ཅིག་མ་ཐ་མ་དེར་ཡང་དག་པ་འཕགས་པའི་མཐོང་ལམ་རྒྱུད་ལ་སྐྱེས་ནས། འཁོར་བའི་ལུས་ངག་ཡིད་དང་ཆགས་རྟོག་རྣམས་སྤངས་ཟིན། དེའི་རྗེས་ཀྱི་སྐད་ཅིག་ལ་གཉིས་སུ་མེད་པ་སྟེ། ཟུང་འཇུག་གི་རང་བཞིན་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད། དེ་ནས་ཀུན་ཏུ་འོད་ལ་སོགས་པའི་ས་བཅུ་གཉིས་ཐོབ། གནས་ལ་སོགས་པའམ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཉིས་སམ་བཅུ་ཅིག་རིམ་གྱིས་བགྲོད་པར་འགྱུར་ཏེ། མཐར་གྱིས་འབྲས་བུ་རྫོགས་པའི་སངས་རྒྱས་སྐུ་བཞིའི་བདག་ཉིད་ཅན། བདེན་དོན་རྣམ་པ་བཅུ་གཉིས་དང་། དེ་ཉིད་རྣམ་པ་བཅུ་དྲུག་ཟུང་དུ་འཇུག་པའི་ངོ་བོ། །ཡོན་ཏན་དང་། ཡེ་ཤེས་རྒྱ་མཚོ་ཟད་མི་ཤེས་པ། ཕྲིན་ལས་ནམ་མཁའ་དང་མཉམ་པའི་བདག་ཉིད་ཅན་རྒྱུན་མི་འཆད་པ་ཐོབ་པར་འགྱུར་ཏེ། སྐལ་པ་དང་ལྡན་ཞིང་བརྩོན་འགྲུས་ཅན་གྱིས་མ་ནོར་བའི་ལམ་མཆོག་འདི་ལ་འབད་ན་ཚེ་འདི་ཉིད་ཀྱིས་ཁྱབ་བདག་རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོའ་གོ་འཕང་མངོན་དུ་འགྱུར་བར་བྱེད་པ་ཉིད་དོ། །འདི་དག་རྒྱས་པར་གཞན་དུ་བཤད་པར་བྱའོ། །གསུམ་པ་རྣལ་འབྱོར་མི་ཉམས་ཤིང་འཕེལ་བར་བྱེད་པའི་ཡན་ལག་ནི། ལམ་གྱི་གེགས་སེལ་བོགས་འདོན་དང་
༢༢༧ རྣལ་འབྱོར་གྱི་རྒྱན་མི་ཉམས་ཤིང་བསྲུང་བ་གཉིས་སོ། །དང་པོ་ནི། གཞན་དུ་ཤེས་པར་བྱ་ལ། གཉིས་པ་ལ། བཀའ་རྒྱ་བཞི་ཡི་རྒྱས་བཏབ་པའི་ཡན་ལག །བར་ཆད་སྤང་བའི་ཡན་ལག །དམ་ཚིག་བསྲུང་བའི་ཡན་ལག །སྤྱོད་པ་སྐྱོང་བའི་ཡན་ལག་སྟེ་བཞི་ལས། དང་པོ་ནི། སྣོད་མིན་ལ་གསང་བར་གདམས་པ་སྟེ། བཀའ་རྒྱས་གདབ་བར་བྱ་བ་བཞི་ནི། སྔོན་འགྲོའི་གདམས་ངག །དངོས་གཞིའི་གདམས་ངག །རང་གི་ཉམས་མྱོང་། བླ་མས་ཇི་ལྟར་ངོ་སྤྲོད་པ་སྟེ་བཞི་འམ། གདམས་ངག་ཇི་ལྟར་ཕོག་པ། ཉམས་མྱོང་ཇི་ལྟར་སྐྱེས་པ། ངོ་བོ་ཇི་ལྟར་སྤྲོད་པ། གེགས་སེལ་བོགས་འདོན་ཇི་ལྟར་བྱེད་པ་སྟེ་བཞི་ཡིན་ཞེས་ཀྱང་ཁ་ཅིག་འཆད་དེ། དོན་གཅིག་ཏུ་འབབ་པའི་ཕྱིར་གཉིས་ཀའང་མི་འགལ་ལོ། །སྐབས་འདིར་བཀའ་རྒྱས་གདབ་པར་བྱའོ། །གཉིས་པ་ལ། །ལམ་བཟང་འཕྲོག་པའི་ཆོམ་རྐུན་སྤང་བ། ལམ་བཟང་འདོད་པའི་རྒྱུ་གཡོ་ཅན་གྱི་སྟོན་པ་སྤང་བ་ལམ་བཟང་ལ་བར་དུ་གཅོད་པའི་བདུད་ངོ་ཤེས་པར་བྱ་བ། ལམ་ཟབ་མོ་བསྲུང་ཞིང་སྦེད་པར་གདམས་པ་སྟེ་བཞི་ལས། དང་པོ་ནི། དྲི་མེད་འོད་ལས། ལམ་བཟང་རིན་ཆེན་འདི་ནི་བག་མེད་པའི། །སེམས་ཅན་གཞན་པ་རྣམས་ལ་བྱིན་པ་ན། །རང་ཁྱིམ་དགོན་པ་དག་ཏུ་རབ་བཞགས་ཏེ། །ཡུལ་ངན་ཆོམ་ཀུན་རྣམས་ཀྱིས་འཕྲོག་པར་བྱེད། །ཐེ་ཚོམ་འགྱོད་པ་དག་དང་ཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང་། །གཉེན་འདུན་ཐིབ་བའི་ནང་དུ་ར་བཞུགས་ཏེ། རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཤིན་ཏུ་བཟའ་དང་བཏུང་བ་སྣ་ཚོགས་དང་། །
༢༢༨ ལོངས་སྤྱོད་དུ་མའི་ཆོམ་རྐུན་རྣམས་ཀྱིས་ཀྱང་། །བརྩོན་འགྲུས་ལྡན་དུ་ཟིན་ཀྱང་བག་མེད་ཅིང་། །བརྒྱལ་བར་གྱུར་པ་ཉིད་ལ་འཕྲོག་པར་བྱེད། །ཅེས་གསུངས་ཏེ། རང་ཡུལ་དང་རང་ཁྱིམ་ལ་ཞེན་པ་དང་། དགྲ་གཉེན་གྱི་ཆགས་སྡང་དང་། གཉིད་སོགས་སྒྲིབ་པ་ལྔའི་དབང་དུ་གཏོང་བ་དང་། ལོངས་སྤྱོད་སྣ་ཚོགས་ཀྱིས་གཡེངས་བ་དང་། ཡུལ་ལྔ་ལ་སྲེད་པའི་ཁོང་སྐན་ཅན་རྣམས་ལ། ཏིང་ངེ་འཛིན་བཟང་པོ་དང་པོར་མི་སྐྱེ་ཞིང་། ལན་གཅིག་སྐྱེས་ཀྱང་ཉམས་པར་འགྱུར་བས་དེ་དག་གི་དབང་དུ་མི་གཏོང་། གཉིས་པ་ནི། །རང་ཉིད་ཡོངས་སུ་རྟོག་པ་པོ་མིན་ཕྱིར། །རིན་ཐང་ཆེན་པོར་འགྱུར་རམ་ཤེས་ཆེན་པ། །གཡོ་ཅན་གཞན་ལ་སྟོན་ཏེ་མི་འགྱུར་ཞེས། །དེ་ཡི་ཚིག་གིས་རིན་ཆེན་འདོར་བར་བྱེད། །གང་དག་རིན་ཆེན་བཟང་པོ་རིག་པ་རྣམས། །རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག །དེ་དག་རྣམས་ཀྱིས་རྣམ་དག་ཚིག་གི་བཞི། །རང་གི་ཡིད་ཕྲེན་རྣམ་པར་ཤེས་པར་བྱ། །ཞེས་གསུངས་ཏེ། ལམ་འདི་ཉིད་ཀྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེས་པའི་རྣལ་འབྱོར་པ་མ་གཏོགས། གཞན་ལ་རང་གི་ཉམས་རྟོགས་རྣམས་ཤིན་ཏུ་གསང་ཞིང་དགོས་གཅོད་མི་འདྲི་བའོ། །གསུམ་པ་ནི། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །ཕ་དང་མ་དང་བུ་མོ་སྲིན་མོ་དང་། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡི། །གཟུགས་རྣམས་ཀྱིས་ནི་བདུད་རྣམས་གེགས་བྱེད་དོ། །ཅེས་ཏེ། བར་ཆད་ངོ་ཤེས་ནས་དེའི་དབང་དུ་མི་བཏོང་བའོ། །བཞི་པ་ནི། །དེ་ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟང་རིན་པོ་ཆེ་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་སྤངས་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །ཞེས་གསུངས་སོ། །གསུམ་པ་དམ་ཚིག་དང་སྡོམ་པའི་ཡན་
༢༢༩

ལག་ནི། རྩ་བའི་ལྟུང་བ་བཅུ་བཞི་བསྲུང་ཞིང་། རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་གནས་པ་དང་། བཟའ་བའི་དམ་ཚིག་གསང་སྟེ་བསྟེན་པ་དང་། ལམ་བསྐྱེད་རྫོགས་གཉིས་སྒོམ་ཞིང་། ཉམས་མྱོང་གི་མི་མཐུན་ཕྱོགས་རྣམས་སྤངས། མཐུན་རྐྱེན་རྣམས་བསྒྲུབ་པ་སྟེ། དམ་ཚིག་གི་རྣམ་བཞག་རྒྱས་བསྡུས་ཅི་རིགས་པར་བཤད་དོ། །བཞི་པ་སྤྱོད་པ་བསྐྱོང་བའི་ཡན་ལག་ནི། མི་དགེ་བ་བཅུ་སྤངས། །དགེ་བ་བཅུ་ལ་གནས། ཆོས་ལ་དད་པ་བརྟན་པོས་ལས་འབྲས་ལ་བླང་དོར་ཕྱིན་ཅི་མ་ལོག་པར་སྤྱོད་ཅིང་། རང་གིས་ཇི་ལྟར་བླངས་པའི་བསླབ་པ་རྣམས་ལ་ནན་ཏན་སྙིང་པོར་བསྒྲུབ། གང་ཟག་ལ་དད་པས་སངས་རྒྱས་བྱང་སེམས་སོགས་འཕགས་པ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ལ་མོས་གུས་ཀྱི་སྒོ་ནས་སྐྱབས་སུ་འགྲོ། གསུང་བཞིན་བསྒྲུབ། སྐྱོན་ལ་མི་རྟོག །ཡོན་ཏན་བསམ། སྐྱབས་ཡུལ་ལོག་པ་ལ་ཡིད་མི་བརྟོན། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ཆོས་ཀྱི་ཕན་ཡོན་བསམ་པ་སོགས་ཐེག་པ་ཐམས་ཅད་ཀྱི་ཐུན་མོང་གི་སྤྱོད་པ་ལེགས་པར་བསྐྱངས། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་ལ་བརྟན་ནས། ཕར་ཕྱིན་དྲུག་དང་། བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ལ་རང་བསླབ་ཅིང་། གཞན་ཡང་སློབ་ཏུ་འཇུག །སྤྲོས་བྲལ་སྟོང་པ་ཉིད་ཀྱི་ལྟ་བ་དང་། བདག་པས་གཞན་ཅེས་ཀྱི་སྤྱོད་པ་ཁྱད་པར་ཅན་ལ་སློབ་པ་ཐེག་ཆེན་ཐམས་ཅད་ཀྱི་སྤྱོད་པ་རྣམས་ཀྱང་སྐྱོང་། གཞན་ཡང་གོང་དུ་བཤད་པའི་དམ་ཚིག་རྣམས་དང་། རྫོགས་རིམ་ངེས་དོན་གྱི་སྤྱོད་པ་ལས་བརྩམས་ཏེ་དམ་ཚིག་གི་གཞིའི་སྤྱོད་པ། རིགས་དྲུག་གི་སྤྱོད་པ། ཕར་ཕྱིན་

༢༣༠ བཅུའི་སྤྱོད་པ་ལ་སོགས་པ་གསུངས་ཏེ། མདོར་ན་ངེས་དོན་གྱི་སྤྱོད་པ་རྣམས་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཅིང་དྲང་དོན་གྱི་སྤྱོད་པ་རྣམས་ཀྱང་སེམས་ཅན་གྱི་དོན་དུ་སྦྱོར་བ་ལ་སོགས་པ་ཐབས་ལ་མཁས་པས་བསྒྲུབ་པར་བྱའོ། །འདི་དག་ཐམས་ཅད་རྒྱས་པ་ནི་བླ་མ་གོང་མ་རྣམས་ཀྱི་ཁྲིད་ཡིག་ཏུ་བལྟ་བར་བྱའོ། །འདིར་སྨྲས་པ། དུས་གསུམ་རྒྱལ་བའི་བགྲོད་གཅིག་ལམ་ནི་རྣལ་འབྱོར་ཡན་ལག་དྲུག་པ་སྟེ། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོ་རྡོ་རྗེ་འཛིན་པ་ཀུན་གྱི་གསང་། ཟབ་ཅིང་རྒྱ་ཆེ་རྟོགས་པར་དཀའ་བས་བདག་ལྟའི་སྤྱོད་ཡུལ་མ་ཡིན་མོད། སྐལ་མཉམ་གཞན་ལ་ཕན་པར་འགྱུར་སྙམ་གནས་འདིར་རྩོལ་ལའང་ཉེས་པ་ཅི། དེ་ལྟར་བླ་མ་དམ་པའི་མན་ངག་དང་། །སྔོན་བྱོན་གྲུབ་པའི་རིང་ལུགས་ལས་བརྩམས་ནས། །རྡོ་རྗེའི་རྣལ་འབྱོར་ངེས་དོན་ཉམས་ལེན་ཚུལ། །ས་བཅུའི་དབང་ཕྱུག་རྣམས་ཀྱི་གསུང་བཞིན་བཤད། །ཟབ་དོན་ཡིད་བཞིན་ནོར་བུའི་ཕུང་པོ་དང་། །མཁས་གྲུབ་གོང་མའི་ཐུགས་མཚོར་སྦས་པ་ལས། །ཆ་ཙམ་མངོན་དུ་ཕྱུང་ནས་འདིར་སྦྲེལ་གྱི། །དེ་ཡི་དགེ་བ་འགྲོ་བའི་དོན་དུ་བསྔོ། །སྲིད་པའི་གནས་འདིར་ཁྱབ་བདག་རྡོ་རྗེ་སེམས། །བརྟན་གཡོ་ཀུན་གྱི་མགོན་དུ་བཞུགས་པ་ཡང་། །གཟུང་འཛིན་དྲི་མའི་དཔུང་ཚོགས་ཀུན་བཅོམ་སྟེ། །རང་གནས་རྟག་བདེའི་རྒྱལ་སྲིད་སྤྱོད་པར་ཤོག །ཅེས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཡིག་མཐོང་བ་དོན་ལྡན་ཅེས་བྱ་བ་འདི་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་པ་ཡབ་སྲས་ཀྱི་ཕྱག་ལེན་ཇི་ལྟ་བ་སྟེ། གྲུབ་ཐོབ་བརྒྱུད་པ་གོང་མ་རྣམས་ཀྱི་ཡི་གེ་སོ་སོའ་གནད་ཀྱང་ཚང་བར་བྱས་ཤིང་། ཚིག་ལམ་མཛེས་ཁྲིགས་སྤངས་ཏེ། ཐ་མལ་བའི་སྐད་ཀྱིས་ཤིན་ཏུ་གོ་བདེ་བར་བརྗོད་པ་ཡིན་ལ། དེ་ཡང་གོང་
༢༣༡ མ་རྣམས་ཀྱི་འཁྲིད་ཡིག་སོ་སོ་དག །དོན་བཟང་ལ་ཚིག་ལེགས་པས། མཁས་པའི་འཇུག་ངོགས་བླ་ན་མེད་པ་ཡིན་ཀྱང་། མན་ངག་ཕྱག་གཞེསབཞེས་མང་པོ་ཞིག་གབ་པར་མཛད་ཅིང་ཚིག་དོན་རྒྱ་ཆེ་བས་ཕལ་ཆེར་གྱིས་རྟོགས་པར་དཀའ་བས་ན། ལམ་ཟབ་མོ་ལ་མི་འཇུག་པ་དག་མཐོང་བས། ཆོས་རྗེ་ཀུན་སྤང་ཆེན་པོ་དང་། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པའི་འཁྲིད་ཡི་གེ་གིཡི་ཞབས་ཏོག་ཏུ་དམིགས་ནས་སྨྲས་པའོ། །དེ་ཡང་སྔ་ཕྱིར་དོན་གཉེར་དུ་མས་ཀྱང་བསྐུལ་བ་དང་། ཁྱད་པར་མདོ་སྨད་བང་བོན་པོ་ཡོན་ཏན་ལྷུན་གྲུབ་ལ་སོགས་པས་འཕྲལ་དུ་བསྐུལ་བ་དང་། གཞན་དུ་མ་ལ་ཡང་ཕན་པར་མཐོང་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་བཞི་བཅུ་པ་ལ་ནགས་རྒྱལ་གྱི་དབེན་གནས་དཔལ་ཇོ་མོ་ནང་དུ་སྦྱར་བའོ།། །།དགེའོ། །

།བླ་མའི་རྣལ་འབྱོར་བཞུགས་སོ།

༈ །བླ་མའི་རྣལ་འབྱོར་བཞུགས་སོ།

༩༠༈ །བླ་མའི་རྣལ་འབྱོར་བཞུགས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་ཡང་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ནས་བླ་མ་གལ་ཆེ་བས་མཚན་ཉིད་དེ་བསྟེན་ཚུལ་མང་དུ་གསུངས། སྡོང་པོ་བཀོད་པ་ལས། སྐྱེ་བ་འཛིན་པ་མེད་པ་ཡི། །གྲུ་ཡིས་ཕ་རོལ་ཕྱིན་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པས་སྲིད་མཐར་མིན། །ཞེས་གསུངས་ཏེ། འཇིག་རྟེན་པའི་ཡོན་ཏན་རིགས་མཐོ་བ་ལ་སོགས་པ་
༩༡རྫོགས་པའམ། ཡང་ན་སྒྲུབ་པ་པོ་སློབ་མའི་ཡོན་ཏན་དད་པ་དང་བརྩོན་འགྲུས་ལ་སོགས་པ་རྫོགས་པ་ཡོད་ཀྱང་རྒྱུད་བྱིན་གྱིས་རློབས་པའི་བླ་མ་ལ་མ་བསྟེན་པར་རྟོགས་པ་མི་སྐྱེ་སྟེ། དེ་མ་སྐྱེས་ན་འཁོར་བ་ལས་མི་ཐར་པས་བླ་མ་དམ་པ་བསྟེན་དགོས་ལ་མཚན་ཉིད་ཀྱང་། བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །རྟོགས་པ་ཡོད་ན་ཚད་ལྡན་ཡིན། །ཅེས་རྫོགས་པའི་སངས་རྒྱས་ནས་བརྒྱུད་པ་བར་མ་ཆད་པར་བྱང་ཆུབ་ཀྱི་སེམས་ལ་ངེས་པ་བརྟེན་པོ་ཡོད་པ་ཇོ་བོའ་བཀའ་བརྒྱུད་ལྟ་བུ་ལ་བརྟེན་དགོས་དེ་བསྟེན་པའི་ཚུལ་ཡང་གཉིས་ལས། དང་པོ་དོན་གྱི་སྒོ་ནས་བསྟེན་པ་བླ་མའི་གསུང་ལས་ཇི་ལྟར་བྱུང་བ་བཞིན་སྒོ་གསུམ་གྱི་སྒྲུབ་པ་ཡིན། གསང་བ་བརྡའི་སྒོ་ནས་བསྟེན་པ་ནི་རང་གི་སྙིང་གའམ་སྤྱི་གཙུག་ཏུ་བླ་མ་བསྒོམས་ནས་མོས་གུས་བྱས་གསོལ་བ་འདེབས་པ་ཡིན། དེ་ལ་སྦྱོར་བ། དངོས་གཞི། མཇུག་གསུམ་ལས། སྦྱོར་བ་ལ་གཉིས་ལས། དང་པོ་སེམས་བསྐྱེད་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། གཉིས་པ་སྟོང་ར་བཅས་རང་ལུས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསམ། སྙིང་འོད་ཀྱི་གོང་བུ་ལྟ་བུར་བསམ། དངོས་གཞི་ནི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་གང་མོས་ཀྱི་བླ་མ་བསམ། དེ་སྔར་མཐོང་མ་མཐོང་བྱེ་བྲག་གིས་སྐུའི་ཚད་ཇི་ཙམ་ཡིན་པའམ་ཚོན་གང་ཙམ་དུ་བསམ། ཞལ་གྱི་དཀྱིལ་འཁོར་དང་། སྐུའི་བཞུགས་ཚུལ་དང་། གསུང་གི་ང་རོ་དང་། ཐུགས་ཀྱི་དགོངས་པ་ཐམས་ཅད་དྲན་པར་བྱ། །བརྒྱུད་པའི་བླ་མ་སངས་རྒྱས་ལ་ཐུག་པ་མན་ཆད་ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་དང་། ཡི་དམ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བླ་མ་དེ་དང་ངོ་བོ་ཐ་མི་དད་པར་མོས་པར་བྱ། མཆོད་པ་ཅི་འབྱོར་དབུལ། དེ་ནས་ཐལ་མོ་སྦྱར་ལ་བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་འགྲོ་ཅི་ནུས་
༩༢བྱ། དེའི་དོན་ཡང་སྐྱོན་ཐམས་ཅད་བྲལ་བ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དོན་དམ་པར་རང་བཞིན་མེད་པ་ནམ་མཁའ་ལྟ་བུ་ཡིན་ཡང་བདག་ཅག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྣང་བ་ཡིན་སྙམ་དུ་བསམ། །དེ་ནས་བླ་མ་དགེ་བའི་བཤེས་གཉེན་རིན་པོ་ཆེ་བླ་མ་བརྒྱུད་པ་རྣམས་ཀྱི་རྒྱུད་ལ་ཇི་ལྟར་འཁྲུངས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཇི་ལྟར་མངའ་བ་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་བརྗོད་བྱའི་དོན་གྱི་མཐིལ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བདག་གི་རྒྱུ་ལྔ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །འབྱོར་པ། རྒུད་པ། མཐོ་བ། དམའ་བ། བདེ་བ། སྡུག་པ། ན་བ། འཆི་བ། འཕོ་བ། སྐྱེ་བའི་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་དང་བར་ཆད་ཐམས་ཅད་ཆོས་འདིའི་གྲོགས་སུ་འཁྱེར་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། དེ་ནས་མཉམ་བཞག་གི་ཕྱག་རྒྱ་བཅས་ལ་ཚངས་བུག་ཁ་བྱེ་བར་བསམ། དེའི་ནང་ན་མར་བླ་མའི་སྐུ་འོད་ཀྱི་རྣམ་པ་སྐར་མདའ་འཕོ་བའི་ཚུལ་དུ་བྱོན་ནས་སྙིང་དུ་ཞུགས་པར་བསམ། བླ་མ་སངས་རྒྱས་དངོས་རང་འདི་ཡིན་སྙམ་པའི་དད་གུས་སྐྱེས་ཚད་གཅིག་བསྒོམ། དེ་ནས་ཁོང་ཀློང་ལ་བླ་མའི་སྐུ་གསུང་ཐུགས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་འོད་གསལ་ནམ་མཁའ་ལྟ་བུའི་ངང་དུ་གྱུར་བར་བསམས་ལ་གནས་ཚད་དུ་བཞག །གསུམ་པ་རྗེས་ནི་དེ་ལ་མི་གནས་ནི་རང་གི་ལུས་དང་སྙིང་གའི་བླ་མ་སྔར་བཞིན་བསམ། ཡང་ན་སྤྱི་བོའ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། །དུས་གསུམ་གྱི་དགེ་བ་ཐམས་ཅད་བླ་མའི་ཐུགས་དགོངས་རྫོགས་པ་དང་ཆོས་འདི་སྐྱེ་བའི་ཆེད་དུ་བསྔོ་བ་དང་སྨོན་ལམ་གདབ། དེ་ལྟར་ཉམས་སུ་བླངས་པ་ལ་བརྟེན་ནས་ཕན་ཡོན་བསམ་གྱིས་མི་ཁྱབ་ཀྱང་
༩༣མདོར་བསྡུས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕན་ཡོན་གཉིས་འབྱུང་། མི་དང་མི་མ་ཡིན་པའི་འཚེ་བ་ཐམས་ཅད་ཀྱིས་མི་ཚུགས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ། གདམས་ངག་དང་རྫས་སུ་བསྟན་པ་ཐམས་ཅད་འབྱུང་། དམིགས་པ་གཉིས་ཀྱི་བྱེ་བྲག་གིས་འོད་གསལ་ལ་འཕོ་བ་ཡིན་པས་འཆི་ཁ་མའི་གདམས་ངག་འདི་ཉིད་ཡིན། འདི་ལ་འབུངས་ན་རང་གང་འདོད་གྱི་རྟོགས་པ་འཆར་ནུས་གསུངས། ཏིང་ངེ་འཛིན་གྱི་རྟོགས་པ་གཞན་མི་དགོས་གསུངས། ས་རིན་པོ་ཆེ་སྤྱིལ་བུ་པའི་ཞལ་ནས་ང་ཡི་སྙིང་ཕྱུང་ནས་བསྟན་ཀྱང་དམར་ལྷོག་ལྷོག་ཁམ་གཅིག་ལས་མི་གདའ། ཉམས་ལེན་གྱི་མཐིལ་ཕྱུང་པ་འདི་ཡིན་གསུངས། བླ་མའི་རྣལ་འབྱོར་བླ་མའི་གསུང་ཉིད་ལས་ཡི་གེར་བཀོད་པའོ། །ཆོས་འདིའི་བརྒྱུད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་འཕགས་པ་བྱམས་པ་ལ། དེས་ཐོགས་མེད་ལ། དེས་དབྱིག་གཉེན་ལ། ཀུ་སུ་ལུ་ཆེ་བ། ཀུ་སུ་ལུ་ཆུང་བ། གསེར་གླིང་པ། ཇོ་བོ་རྗེ་ལྷ་གཅིག་དགེ་བཤེས་སྟོན་པ། པུ་ཏོ་བ། ཤ་ར་བ། འཆང་ཀ་བ། སྤྱིལ་བུ་བ། སློབ་དཔོན་ལྷ། ལྷ་སྡིངས་དབོན། དྷརྨ་སིདྷཾ། རྒྱ་སྟོན་བྱང་ཆུབ་རྒྱལ་མཚན། མཁན་པོ་གཞོན་ནུ་བྱང་ཆུབ། རིན་ཆེན་འབྱུང་གནས་དཔལ་བཟང་པོ། དེས་བུདྡྷ་རཏྣ། དེས་ཀིརྟྟི་ཤཱི་ལ་ལ། དེས་ཛ་ཡ་བྷ་དྲ། དེས་པུཎྱེ་རཏྣ་ལའོ། །སརྦ་མངྒ་ལཾ། །

{{#cargo_store: _table=WyliePageContent

|TibetanContent=
༈ །བླ་མའི་རྣལ་འབྱོར་བཞུགས་སོ།

༩༠༈ །བླ་མའི་རྣལ་འབྱོར་བཞུགས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་ཡང་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ནས་བླ་མ་གལ་ཆེ་བས་མཚན་ཉིད་དེ་བསྟེན་ཚུལ་མང་དུ་གསུངས། སྡོང་པོ་བཀོད་པ་ལས། སྐྱེ་བ་འཛིན་པ་མེད་པ་ཡི། །གྲུ་ཡིས་ཕ་རོལ་ཕྱིན་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པས་སྲིད་མཐར་མིན། །ཞེས་གསུངས་ཏེ། འཇིག་རྟེན་པའི་ཡོན་ཏན་རིགས་མཐོ་བ་ལ་སོགས་པ་
༩༡རྫོགས་པའམ། ཡང་ན་སྒྲུབ་པ་པོ་སློབ་མའི་ཡོན་ཏན་དད་པ་དང་བརྩོན་འགྲུས་ལ་སོགས་པ་རྫོགས་པ་ཡོད་ཀྱང་རྒྱུད་བྱིན་གྱིས་རློབས་པའི་བླ་མ་ལ་མ་བསྟེན་པར་རྟོགས་པ་མི་སྐྱེ་སྟེ། དེ་མ་སྐྱེས་ན་འཁོར་བ་ལས་མི་ཐར་པས་བླ་མ་དམ་པ་བསྟེན་དགོས་ལ་མཚན་ཉིད་ཀྱང་། བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །རྟོགས་པ་ཡོད་ན་ཚད་ལྡན་ཡིན། །ཅེས་རྫོགས་པའི་སངས་རྒྱས་ནས་བརྒྱུད་པ་བར་མ་ཆད་པར་བྱང་ཆུབ་ཀྱི་སེམས་ལ་ངེས་པ་བརྟེན་པོ་ཡོད་པ་ཇོ་བོའ་བཀའ་བརྒྱུད་ལྟ་བུ་ལ་བརྟེན་དགོས་དེ་བསྟེན་པའི་ཚུལ་ཡང་གཉིས་ལས། དང་པོ་དོན་གྱི་སྒོ་ནས་བསྟེན་པ་བླ་མའི་གསུང་ལས་ཇི་ལྟར་བྱུང་བ་བཞིན་སྒོ་གསུམ་གྱི་སྒྲུབ་པ་ཡིན། གསང་བ་བརྡའི་སྒོ་ནས་བསྟེན་པ་ནི་རང་གི་སྙིང་གའམ་སྤྱི་གཙུག་ཏུ་བླ་མ་བསྒོམས་ནས་མོས་གུས་བྱས་གསོལ་བ་འདེབས་པ་ཡིན། དེ་ལ་སྦྱོར་བ། དངོས་གཞི། མཇུག་གསུམ་ལས། སྦྱོར་བ་ལ་གཉིས་ལས། དང་པོ་སེམས་བསྐྱེད་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། གཉིས་པ་སྟོང་ར་བཅས་རང་ལུས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསམ། སྙིང་འོད་ཀྱི་གོང་བུ་ལྟ་བུར་བསམ། དངོས་གཞི་ནི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་གང་མོས་ཀྱི་བླ་མ་བསམ། དེ་སྔར་མཐོང་མ་མཐོང་བྱེ་བྲག་གིས་སྐུའི་ཚད་ཇི་ཙམ་ཡིན་པའམ་ཚོན་གང་ཙམ་དུ་བསམ། ཞལ་གྱི་དཀྱིལ་འཁོར་དང་། སྐུའི་བཞུགས་ཚུལ་དང་། གསུང་གི་ང་རོ་དང་། ཐུགས་ཀྱི་དགོངས་པ་ཐམས་ཅད་དྲན་པར་བྱ། །བརྒྱུད་པའི་བླ་མ་སངས་རྒྱས་ལ་ཐུག་པ་མན་ཆད་ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་དང་། ཡི་དམ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བླ་མ་དེ་དང་ངོ་བོ་ཐ་མི་དད་པར་མོས་པར་བྱ། མཆོད་པ་ཅི་འབྱོར་དབུལ། དེ་ནས་ཐལ་མོ་སྦྱར་ལ་བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་འགྲོ་ཅི་ནུས་
༩༢བྱ། དེའི་དོན་ཡང་སྐྱོན་ཐམས་ཅད་བྲལ་བ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དོན་དམ་པར་རང་བཞིན་མེད་པ་ནམ་མཁའ་ལྟ་བུ་ཡིན་ཡང་བདག་ཅག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྣང་བ་ཡིན་སྙམ་དུ་བསམ། །དེ་ནས་བླ་མ་དགེ་བའི་བཤེས་གཉེན་རིན་པོ་ཆེ་བླ་མ་བརྒྱུད་པ་རྣམས་ཀྱི་རྒྱུད་ལ་ཇི་ལྟར་འཁྲུངས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཇི་ལྟར་མངའ་བ་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་བརྗོད་བྱའི་དོན་གྱི་མཐིལ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བདག་གི་རྒྱུ་ལྔ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །འབྱོར་པ། རྒུད་པ། མཐོ་བ། དམའ་བ། བདེ་བ། སྡུག་པ། ན་བ། འཆི་བ། འཕོ་བ། སྐྱེ་བའི་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་དང་བར་ཆད་ཐམས་ཅད་ཆོས་འདིའི་གྲོགས་སུ་འཁྱེར་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། དེ་ནས་མཉམ་བཞག་གི་ཕྱག་རྒྱ་བཅས་ལ་ཚངས་བུག་ཁ་བྱེ་བར་བསམ། དེའི་ནང་ན་མར་བླ་མའི་སྐུ་འོད་ཀྱི་རྣམ་པ་སྐར་མདའ་འཕོ་བའི་ཚུལ་དུ་བྱོན་ནས་སྙིང་དུ་ཞུགས་པར་བསམ། བླ་མ་སངས་རྒྱས་དངོས་རང་འདི་ཡིན་སྙམ་པའི་དད་གུས་སྐྱེས་ཚད་གཅིག་བསྒོམ། དེ་ནས་ཁོང་ཀློང་ལ་བླ་མའི་སྐུ་གསུང་ཐུགས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་འོད་གསལ་ནམ་མཁའ་ལྟ་བུའི་ངང་དུ་གྱུར་བར་བསམས་ལ་གནས་ཚད་དུ་བཞག །གསུམ་པ་རྗེས་ནི་དེ་ལ་མི་གནས་ནི་རང་གི་ལུས་དང་སྙིང་གའི་བླ་མ་སྔར་བཞིན་བསམ། ཡང་ན་སྤྱི་བོའ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། །དུས་གསུམ་གྱི་དགེ་བ་ཐམས་ཅད་བླ་མའི་ཐུགས་དགོངས་རྫོགས་པ་དང་ཆོས་འདི་སྐྱེ་བའི་ཆེད་དུ་བསྔོ་བ་དང་སྨོན་ལམ་གདབ། དེ་ལྟར་ཉམས་སུ་བླངས་པ་ལ་བརྟེན་ནས་ཕན་ཡོན་བསམ་གྱིས་མི་ཁྱབ་ཀྱང་
༩༣མདོར་བསྡུས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕན་ཡོན་གཉིས་འབྱུང་། མི་དང་མི་མ་ཡིན་པའི་འཚེ་བ་ཐམས་ཅད་ཀྱིས་མི་ཚུགས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ། གདམས་ངག་དང་རྫས་སུ་བསྟན་པ་ཐམས་ཅད་འབྱུང་། དམིགས་པ་གཉིས་ཀྱི་བྱེ་བྲག་གིས་འོད་གསལ་ལ་འཕོ་བ་ཡིན་པས་འཆི་ཁ་མའི་གདམས་ངག་འདི་ཉིད་ཡིན། འདི་ལ་འབུངས་ན་རང་གང་འདོད་གྱི་རྟོགས་པ་འཆར་ནུས་གསུངས། ཏིང་ངེ་འཛིན་གྱི་རྟོགས་པ་གཞན་མི་དགོས་གསུངས། ས་རིན་པོ་ཆེ་སྤྱིལ་བུ་པའི་ཞལ་ནས་ང་ཡི་སྙིང་ཕྱུང་ནས་བསྟན་ཀྱང་དམར་ལྷོག་ལྷོག་ཁམ་གཅིག་ལས་མི་གདའ། ཉམས་ལེན་གྱི་མཐིལ་ཕྱུང་པ་འདི་ཡིན་གསུངས། བླ་མའི་རྣལ་འབྱོར་བླ་མའི་གསུང་ཉིད་ལས་ཡི་གེར་བཀོད་པའོ། །ཆོས་འདིའི་བརྒྱུད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་འཕགས་པ་བྱམས་པ་ལ། དེས་ཐོགས་མེད་ལ། དེས་དབྱིག་གཉེན་ལ། ཀུ་སུ་ལུ་ཆེ་བ། ཀུ་སུ་ལུ་ཆུང་བ། གསེར་གླིང་པ། ཇོ་བོ་རྗེ་ལྷ་གཅིག་དགེ་བཤེས་སྟོན་པ། པུ་ཏོ་བ། ཤ་ར་བ། འཆང་ཀ་བ། སྤྱིལ་བུ་བ། སློབ་དཔོན་ལྷ། ལྷ་སྡིངས་དབོན། དྷརྨ་སིདྷཾ། རྒྱ་སྟོན་བྱང་ཆུབ་རྒྱལ་མཚན། མཁན་པོ་གཞོན་ནུ་བྱང་ཆུབ། རིན་ཆེན་འབྱུང་གནས་དཔལ་བཟང་པོ། དེས་བུདྡྷ་རཏྣ། དེས་ཀིརྟྟི་ཤཱི་ལ་ལ། དེས་ཛ་ཡ་བྷ་དྲ། དེས་པུཎྱེ་རཏྣ་ལའོ། །སརྦ་མངྒ་ལཾ། །

}}

བཀའ་བབས་དང་པོ་སྒྲོན་མ་རྣམ་གསུམ་གྱི་བྱིན་རླབས་སུ་གྲགས་པ་ལྷ་གསུམ་གྱི་རྗེས་གནང་

༥༣།ༀ་སྭཱ་སྟི། བཀའ་བབས་དང་པོ་སྒྲོན་མ་རྣམ་གསུམ་གྱི་བྱིན་རླབས་སུ་གྲགས་པ་ལྷ་གསུམ་གྱི་རྗེས་གནང་བྱེད་པར་འདོད་ན། སྟེགས་བུ་དྲི་བཟང་གིས་ཆགས་ཆགས་བཏབ་པའི་སྟེང་གཡས་ཕྱོགས་སུ་དཀྱིལ་འཁོར་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཏཱཾ་ལྗང་། མདུན་གྱི་འདབ་མ་ནས་རིམ་པར། ཏཱ། རེ། ཏུཏ། ཏཱ། རེ། ཏུ་རེ། སྭཱ་ཧཱ་ཞེས་བྲི། དབུས་སུ་དཀྱིལ་འཁོར་
༥༤ འཁོར་ལོ་སེར་པོ་རྩིབས་དྲུག་པའི་ལྟེ་བར་དྷཱིཿདམར་སེར། རྩིབས་ལ་ༀ། ཝཱ་ གི་ ཤྭ་ རི་ མཱུཾ་ ཞེས་བྲི། གཡོན་ཕྱོགས་སུ་དཀྱིལ་འཁོར་པདྨ་དཀར་པོ་འདབ་དྲུག་གི་ལྟེ་བར་ཧྲཱིཿདཀར། འདབ་མར་ༀ་ མ་ ཎི་ པད་ མེ་ ཧཱུྃ་ཞེས་བྲི། དཀྱིལ་འཁོར་གསུམ་ཀའི་མཐར་རྡོ་ར་དང་མེའི་ར་བས་བསྐོར། དཀར་གཏོར་གསུམ་དང་མཆོད་པ་ཅི་བདེར་བསྒྲིགས། དེ་ནས་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། བདག་བསྐྱེད་ནི། ༀ་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་བལས། རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་ཐུགས་ཀའི་འོད་ཀྱིས་རིགས་ལྔ་སྤྱན་དྲངས། དེ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་བས་བླ་མའི་ངོ་བོ་མི་བསྐྱོད་པས་དབུ་བརྒྱན། རང་གི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་དཀར་པོ་སྔགས་ཕྲེང་གིས་བསྐོར་བ་ལས་འཕྲོས་པའི་འོད་ཟེར་གྱིས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་གྱུར། ༀ་བཛྲ་ས་ཏྭ་ཨཱཿ ཞེས་ཅི་ནུས་བཟླས་མཐར། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ༀ་བཛྲ་པུཥྤེ་སོགས་ཀྱིས་མཆོད། །ཧཱུྃ། ཆོས་སྐུ་སྤྲོས་བྲལ་མཁའ་དབྱིངས་ལས། །ལོངས་སྐུ་འཇའ་ཚོན་ལྟ་བུར་ཤར། །སྤྲུལ་སྐུ་འགྲོ་བའི་དོན་མཛད་པ། །སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད། །ཅེས་བསྟོད། དེ་ནས་མདུན་བསྐྱེད་ནི། མཆོད་གཏོར་རྣམས། སྟོང་པའི་ངང་
༥༥ ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ཨཱཿལས་ཡེ་ཤེས་ཀྱི་བདུད་རྩི་ཧཱུྃ་ལས་མཁའ་ཁྱབ་ཏུ་འཆར་བའི་འདོད་ཡོན་གྱི་སྤྲིན་ཆེན་པོར་གྱུར། ༀ་ཨཱ་ཧཱུྃ། ལན་གསུམ། མདུན་གྱི་མཎྜལ་གསུམ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྲུང་འཁོར་གཞལ་ཡས་ཁང་མཚན་ཉིད་རྫོགས་པ་རེ་རེར་གྱུར་པའི་བའིམཎྜལ་དང་པོའ་དབུས་སུ་སྣ་ཚོགས་པདྨའི་སྟེང་དུ་ཏཱཾ་ལས་སྐྱེས་པའི་སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་ཕྱེད་པ་ཅན། གཡས་མཆོག་སྦྱིན། །གཡོན་ཨུཏྤལ་སྔོན་པོའ་ཡུ་བ་ཐུགས་ཀར་འཛིན་པ་དར་གྱི་སྟོད་གཡོགས་སྨད་གཡོགས་ཅན་གྱི་ཐུགས་ཀར་པད་ཟླ་ལ་གནས་པའི་ཏཱཾ་ཡིག་ལྗང་གུས་མཚན་པའོ། །དཀྱིལ་འཁོར་གཉིས་པའི་དབུས་སུ་འཁོར་ལོ་སེར་པོ་རྩིབས་དྲུག་པའི་ལྟེ་བར་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་ཡོངས་སུ་གྱུར་པ་བལས་འཇམ་དཔལ་སྨྲ་བའི་སེང་གེ་དམར་སེར་སེམས་དཔའི་སྐྱིལ་ཀྲུང་ཅན། གཡས་རལ་གྲི། གཡོན་ཨུཏྤལ་སྟེང་དུ་པུ་སྟི་འཛིན་པ། ཉི་ཟླ་པདྨ་དང་སེང་གེ་སྔོན་པོའ་སྟེང་ན་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཟླ་བའི་རྒྱབ་ཡོལ་ཅན་གྱི་ཐུགས་ཀར་འཁོར་ལོ་སེར་པོ་རྩིབས་དྲུག་པའི་ལྟེ་བར་དྷཱིཿཡིག་དམར་སེར་གྱིས་མཚན་པའོ། །དཀྱིལ་འཁོར་གསུམ་པའི་ཆོས་འབྱུང་དབུས་སུ་པད་ཟླའི་སྟེང་དུ་ཧྲཱིཿཡོངས་སུ་གྱུར་པ་བལས་འཇིག་རྟེན་དབང་ཕྱུག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་པད་དཀར་གྱི་ཡུ་བ་ཐུགས་ཀར་འཛིན་པ། ཞབས་མཉམ་པའི་སྟབས་ཀྱིས་བཞེངས་པ། དར་དང་རིན་པོ་ཆེས་བརྒྱན་པའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་དྲུག་པའི་སྟེང་དུ་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོས་མཚན་པར་གྱུར། རང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལྷ་གསུམ་གྱི་རྣམ་པར་བཛྲ་ས་མཱ་
༥༦ ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཡིག་གིས་མཚན་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་རིགས་ལྔ་སྤྱན་དྲངས། དེ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་བས་སྒྲོལ་མ། སྨྲ་སེང་འཇམ་དབྱངས་ལ་མི་བསྐྱོད་པའི་ངོ་བོ་རྡོ་རྗེ་རྩེ་ལྔ་པ། སྤྱན་རས་གཟིགས་ལ་འོད་དཔག་མེད་རྣམས་ཀྱིས་དབུ་བརྒྱན་པར་གྱུར། སྒྲོལ་མའི་ཐུགས་ཀའི་ས་བོན་གྱི་མཐར་པད་འདབ་བཅུ་ལ་སྔགས་ཀྱི་ཡིག་འབྲུ་རེ་རེ་གནས་པ་ལས་འོད་འཕྲོས་པའི་འོད་ཀྱིས་གནས་སྐབས་དང་མཐར་ཐུག་གི་འཇིགས་པ་ཐམས་ཅད་བསལ་བར་བསམས་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླ། འཇམ་དཔལ་གྱི་ཐུགས་ཀའི་ས་བོན་གྱི་མཐར་རྩིབས་དྲུག་ལ་སྔགས་ཡིག་འབྲུ་རེ་རེ་གནས་པ་ལས་འཕྲོས་པའི་འོད་ཀྱིས་མི་ཤེས་པའི་དྲི་མ་བསལ་བར་བསམས་ལ། ༀ་ཝཱ་གཱི་ཤྭ་རི་མཱུཾ། ཞེས་བཟླ། སྤྱན་རས་གཟིགས་ཀྱི་ཐུགས་ཀའི་འདབ་མ་དྲུག་ལ་གནས་པའི་འོད་ཀྱིས་སྡིག་སྒྲིབ་ཐམས་ཅད་བསལ་བར་བསམས་ལ། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ། མཐར་དཀྱིལ་འཁོར་གསུམ་ལ། ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད། །བསྟོད་པ་ནི། ༀ་སེང་ལྡེང་ནགས་ལ་རབ་གནས་ཤིང་། །འགྲོ་ལ་བུ་བཞིན་རྟག་པར་གཟིགས། །འཇིགས་པ་བརྒྱད་ལས་སྐྱོབ་མཛད་པ། །སྒྲོལ་མ་ལ་ནི་ཕྱག་འཚལ་ལོ། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཞིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འཁོར་བའི་སྐྱོན་གྱིས་མ་གོས་པས། །འཇིག་རྟེན་གསུམ་གྱི་དཔག་བསམ་ཤིང་། །པདྨ་དཀར་པོ་གཡོན་ན་བསྣམས། །རིགས་སྔགས་འཆང་ལ་ཕྱག་འཚལ་ལོ། །ཞེས་བསྟོད། གཏོར་མ་སོ་
༥༧ སོའ་སྔགས་མཐར། ཨ་ཀཱ་རོ་བཏགས་པས་ཕུལ་ལ། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་སློབ་མ་རྣམས་ཁྲུས་དང་། །ཕྱག་བྱས་གྲལ་དུ་འཁོད་པ་ལ། །སེམས་བསྐྱེད་དང་ཆོས་བཤད་སྔར་ལྟར་ལས། འདིར་བཀའ་བབས་དང་པོ་སྒྲོན་མའི་སྐོར་ལས་ལྷ་གསུམ་གྱི་རྗེས་གནང་ཟབ་མོ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས། ད་ཁྱེད་རང་གི་བྱ་བ་ཐོག་མར་མཎྜལ་ཕུལ་མཛོད། དེ་ནས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །ཉོན་མོངས་དྲི་མ་རབ་སྤངས་ཤིང་། །ཡིད་འོང་གསུང་གི་སྒྲ་སྒྲོགས་པ། །དམ་པ་ཆོས་ཀྱི་རིན་ཆེན་མཛོད། །བླ་མས་བདག་ལ་སྩལ་དུ་གསོལ། །ཞེས་ལན་གསུམ། དེ་ནས་སློབ་མ་སྒྲོལ་མ་སྙིང་གའི་ས་བོན་བཅས་པར་བསྐྱེད་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་པོ་ལ་ཕོག་པས་སྒྲོལ་མ་པད་འདབ་ཀྱི་ཡིག་འབྲུ་དང་བཅས་པ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན། ཁྱེད་རང་གི་སྙིང་ནང་གི་ཏཱཾ་ལ་ཐིམ་པས་སྒྲོལ་མའི་སྐུ་གསུང་ཐུགས་དང་ཁྱེད་རང་གི་ལུས་ངག་ཡིད་གསུམ་གཉིས་མེད་དུ་གྱུར་པའི་བའིམོས་པ་མཛོད། །སྟོང་ཉིད་སྙིང་རྗེ་སྒྲོལ་མའི་སྐུ། །བརྗོད་བྲལ་ཕར་ཕྱིན་སྒྲོལ་མའི་གསུང་། །ཡེ་ཤེས་གསལ་བ་སྒྲོལ་མའི་ཐུགས། །སྒྲུབ་མཆོག་འདི་ལ་གནས་གྱུར་ཅིག །ཅེས་མེ་ཏོག་འཐོར་ཞིང་དྲིལ་བུ་འཁྲོལ། ཡང་སློབ་མ་འཇམ་དཔལ་དུ་གནས་བསྒྱུར་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གཉིས་པ་ལ་ཕོག་པས་དེ་ལས་འཇམ་དཔལ་སྨྲ་སེང་འཁོར་ལོའ་ཡིག་འབྲུ་དང་བཅས་པ་
༥༨ གཉིས་པ་ཞིག་བྱོན་ཏེ་ཁྱེད་རང་གི་སྙིང་ནང་གི་དྷཱིཿལ་ཐིམ་པས་སྨྲ་སེང་གི་སྐུ་གསུང་ཐུགས་དང་ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར། །སྟོང་ཉིད་སྙིང་རྗེ་སྨྲ་སེང་སྐུ། །བརྗོད་བྲལ་ཕར་ཕྱིན་སྨྲ་སེང་གསུང་། །ཡེ་ཤེས་གསལ་བ་སྨྲ་སེང་ཐུགས། །སྒྲུབ་མཆོག་འདི་ལ་གནས་གྱུར་ཅིག །ཅེས་མེ་ཏོག་འཐོར་ཞིང་དྲིལ་བུ་འཁྲོལ། ཡང་སློབ་མ་སྤྱན་རས་གཟིགས་སུ་གནས་བསྒྱུར་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གསུམ་པ་ལ་ཕོག་པས། དེ་ལས་ལོ་ཀེ་ཤྭ་ར་པད་འདབ་ཀྱི་ཡིག་འབྲུ་དང་བཅས་པ་གཉིས་པ་ཞིག་བྱོན་ཏེ་ཁྱེད་རང་གི་སྙིང་ནང་གི་ཧྲཱིཿལ་ཐིམ་པས་ལོ་ཀེ་ཤྭ་རའི་སྐུ་གསུང་ཐུགས་དང་ཁྱེད་རང་གི་ལུས་ངག་ཡིད་གསུམ་གཉིས་མེད་དུ་གྱུར། །སྟོང་ཉིད་སྙིང་རྗེའི་འཇིག་རྟེན་དབང་ཕྱུག་སྐུ། །བརྗོད་བྲལ་ཕར་ཕྱིན་འཇིག་རྟེན་དབང་ཕྱུག་གསུང་། །ཡེ་ཤེས་གསལ་བ་འཇིག་རྟེན་དབང་ཕྱུག་ཐུགས། །སྐལ་ལྡན་སྒྲུབ་མཆོག་འདི་ལ་གནས་གྱུར་ཅིག །མེ་ཏོག་འཐོར་ཞིང་དྲིལ་བུ་འཁྲོལ། མདུན་བསྐྱེད་ཀྱི་ལྷ་གསུམ་སོ་སོའ་ཞལ་ནས་སྔགས་ཕྲེང་ཐོན་ཁྱེད་རང་ལྷ་དེ་དང་དེའི་རྣམ་པར་གསལ་བའི་ཞལ་དུ་ཞུགས། སྙིང་གའི་ས་བོན་ལ་ཐིམ་པར་བསམས་ལ་ལྷ་གསུམ་གྱི་སྔགས་ལན་གསུམ་བཟླར་གཞུག །སྤྲོ་ན་བཟླས་ལུང་གི་མཐར་མེ་ཏོག་འབུལ་སྦྱིན་བྱ་ཞིང་། བཅོམ་ལྡན་བདག་གི་སོགས་དང་། བཅོམ་ལྡན་འདི་ལ་སོགས་ཇི་ལྟར་བྱས་ཀྱང་མི་འགལ་ལོ། །དམ་ཚིག་བཟུང་བ་གཏོང་རག་གི་མཎྜལ་འབུལ་དུ་གཞུག །དེས་སྒྲོལ་མའི་བྱིན་རླབས་ཟབ་མོ་གྲུབ་པ་ལགས་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། དགེ་བ་བསྔོ། ཆོ་གའི་རྗེས་ཆོག་སྤྱི་ལྟར་བྱའོ། །འདི་ནི་ལྷ་གསུམ་གྱི་རྗེས་གནང་ཁོལ་དུ་ཕྱུང་ནས་སོ་སོར་བྱེད་
༥༩ ནའང་ཆོ་གའི་བསྒྱུར་ཚུལ་གྱི་གནད་ཤེས་པར་བྱའོ། །དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་དབང་ཆོག་བཀླགས་པས་གྲུབ་པ་ལས། བཀའ་བབས་དང་པོའ་དབང་དང་རྗེས་གནང་བཤད་པའི་ལེ་ཚན་ནོ། །དར་རྒྱས་འཕེལ།།

༄༅། །སློབ་དཔོན་ངག་དབང་གྲགས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་བཞུགས་སོ།། །

༦༧སློབ་དཔོན་ངག་དབང་གྲགས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་བཞུགས་སོ།། །
༦༨བླ་མ་དམ་པའི་ཞབས་ལ་ཁོ་བོས་གུས་པས་ཕྱག་འཚལ་ལོ། །རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། རྣལ་འབྱོར་ཆེན་པོ་དཔལ་གསང་བ་འདུས་པའི་རྒྱུད་དང་། བརྟག་པ་གཉིས་པ་དང་། རྗེ་བཙུན་མ་སྒྲོལ་མའི་གསུང་ངག་ལ་བརྟེན་ནས། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་ཡན་ལག་བདུན་པ་དང་བཞི་པ་སྣང་བར་བྱེད་པ་ལ་སོགས་པའི་བསྟན་བཅོས་མཛད། བསྟན་བཅོས་དེ་དག་དང་། སློབ་དཔོན་ཌོམྦྷི་ཧེ་རུ་ཀའི་རྡོ་རྗེ་བདག་མེད་མའི་སྒྲུབ་པའི་ཐབས་བདུད་རྩིའི་འོད་ཅེས་བྱ་བའི་སྙིང་པོ་ལྟ་བུ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཞེས་བྱ་བའི་གདམ་ངག་འདི་མཛད་པ་ཡིན་ནོ། དེ་ཡང་རྗེ་བཙུན་སྒྲོལ་མ་ལས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་གསན། དེ་ལས་སློབ་དཔོན་དེ་བ་ཨཱ་ཀ་ར་ཙནྡྲས་གསན། སློབ་དཔོན་དེ་གཉིས་ཀ་ལས་ཇོ་བོ་ཨ་མོ་གྷ་བཛྲས་གསན། དེའི་སློབ་མ་བླ་མ་འབྲོག་མི། དེ་ལ་བླ་མ་མཁར་ཆུང་བས། དེས་རྗེ་དགོན་པ་བ། དེ་ལ་བླ་མ་རྗེ་བཙུན་ས་སྐྱ་པས་གསན་ནོ། དེ་ལྟ་བུའི་གདམས་ངག་འདི་ལ་གསུམ། ཐོག་མར་བྱ་རྒོད་ཀྱི་འཇུག་སྟེགས་བཅའ་བ་དང་འདྲ་བ། མཁའ་འགྲོའི་བྱིན་རླབས་ཀྱི་བྱིན་གྱིས་བརླབ་པ་དང་། བར་དུ་ལམ་བསྒོམ་པ་དང་། མཐར་འབྲས་བུ་སྐུ་གསུམ་ལན་ཡག་བདུན་ལྡན་ཐོབ་ཚུལ་ལོ། དང་པོ་བྱིན་རླབས་བྱ་བ་ནི། དུས་དང་པོ་ཉི་མ་ཆེ་ཆུང་གང་ཡང་རུང་བ་ལ་གཏད། གནས་ཁང་ཕྱག་དར་བྱ། རྟེན་དགྲམ། ཁྱད་པར་དུ་རྗེ་བཙུན་མ་ལྷ་མོ་བཅོ་
༦༩ལྔའི་མཁའ་འགྲོ་སྙིང་གི་འཁོར་ལོ་ཞེས་བྱ་བ་དཔེ་ཆུང་བཞིན་དུ་བྱ། དེ་མ་གྲུབ་ན་མེ་ཏོག་ཚོམ་བུ་དཔེ་ཆུང་བཞིན་དུ་བྱ། དེ་གཉིས་ཀའང་གཉན་པ་ཡིན་གསུང་ནས་ཕྱག་ལེན་མི་མཛད་ན། ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་བཞིན་དུ་མེ་ཏོག་ཚོམ་བུ་བཅོ་ལྔའི་ཕྱག་ལེན་མཛད། དེའང་མ་གྲུབ་ན་ནམ་མཁར་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་བསྒོམས་ཀྱང་གཏུབ་གསུངས། དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་རྒྱ་ཆེར་བཤམས་ལྷ་བཤོས་གྲུབ་ན་བཅོ་ལྔ། མ་གྲུབ་ན་ལྔ། གཞན་མཆོད་པ་ཅི་འབྱོར་དུ། ནང་གི་མཆོད་པ་ཆང་ལ་བདུད་རྩི་སྦྱར་བའང་མདུན་དུ་བཞག །གཏོར་མ་གཉིས་ལ་སོགས་པ་བཤམ། ཚོགས་ཀྱི་ཡོ་བྱད་ཀྱང་བཤམ་དུ་གཞུག །འབྱོར་པའི་ཚོད་དང་སྦྱར་བའི་རྣལ་འབྱོར་པ་སྤྱན་དྲངས་ལ། གྲལ་རིམ་གྱིས་དགོད། མཎྜལ། མེ་ཏོག་ཕུལ་ལ་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། རྗེ་བཙུན་བདག་མེད་མ་ལྷ་མོ་བཅོ་ལྔའི་མངོན་པར་རྟོགས་པ་རྫོགས་པར་བསྒོམ། མཆོད་བསྟོད་བྱ། བཟླས་པ་ཅི་རིགས་པ་བྱ། དེ་ནས་མདུན་དུ་བཤམས་ནས་ཡོད་དམ། མེད་ན་ལྷ་མོ་བཅོ་ལྔ་མདུན་གྱི་ནམ་མཁར་བསྒོམས་ནས་ཡོད་པར་མཆོད་བསྟོད་རྒྱས་པར་བྱ། འབྱུང་པོའི་ཚོགས་ལ་གཏོར་མ་བཏང་། ཚོགས་བྱིན་གྱིས་རླབས་ལ་ཕུད་བླ་མ་དང་མཁའ་འགྲོ་རྣམས་ལ་དབུལ། ཚོགས་ལ་ལོངས་སྤྱད། ཚིམ་པ་དང་ལྷག་མ་བསྡུས་ལ་བཏང་། ཡི་གེ་བརྒྱ་པ་དང་
༧༠བཀྲ་ཤིས་ཚིགས་བཅད་དང་། སྨོན་ལམ་གདབ། བདག་ཉིད་བསྲུང་བ་བྱ། ཆོ་ག་མ་ཐོབ་པའི་རྣལ་འབྱོར་པ་གཞན་དང་པར་གཏང་། དེ་ནས་བྱིན་རླབས་བྱེད་པར་འདོད་པའི་སློབ་མ་རྣམས་ཁྲུས་བྱས་གྲལ་རིམ་གྱིས་དགོད། མཎྜལ་འབུལ་དུ་གཞུག །ཡོན་བླང་། དེ་ནས་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། །སྟོང་པའི་སྙིང་པོར་ཕྱག་འཚལ་བསྟོད། །རྟོག་པ་ཐམས་ཅད་ཡང་དག་སྤང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་པས་ལན་གསུམ་གྱིས་བླ་མ་ལ་བསྟོད། དེ་ནས་ཐབས་དང་ཤེས་རབ་ཀྱིས་རྒྱུད་ལ་བསྟོད་དེ། འགྲོ་བའི་མི་ཤེས་གཅོད་མཛད་ཅིང་། །དག་པ་དེ་ཉིད་དོན་སྟོན་མཛད། །བདེ་ཆེན་ཆོས་ལས་བྱུང་བ་ཡི། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། ལན་གསུམ་དུའོ། དེ་ནས་ཐབས་ཁྱད་པར་ཅན་ལ་བསྟོད་པ་བྱ་སྟེ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཕ་རོལ་ཕྱིན་པའི་ཡོན་ཏན་རྣམས། །མགོན་པོ་ལས་ནི་རྟག་ཏུ་འབྱུང་། །ཐབས་ཆེན་མཆོག་ལ་ཕྱག་འཚལ་བསྟོད། ཅེས་ལན་གསུམ་དུ་བརྗོད་པར་བྱའོ། དེ་ནས་གསོལ་བ་གདབ་པ་ནི། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤང་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་སྐྱོབས། །ཞེས་ལན་གསུམ་དུ་གསོལ་བ་གདབ་བོ། དེ་ནས་སློབ་མས་བདག་གི་བླ་མ་རྡོ་རྗེ་འཆང་ཆེན་པོ་ཡིན་ངེས་སྙམ་པའི་བློ་བསྐྱེད་ལ་གུས་འདུད་དྲག་པོ་བྱེད་དུ་གཞུག །བླ་མས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་ནོ། ཞེས་བྱ་བ་ལ་སོགས་པའི་རྟོགས་པའང་བསྐྱེད། །དེ་དག་ནི་བྱིན་གྱིས་རླབས་པའི་སྔོན་དུ་བྱ་བའི་རིམ་པའོ། །དེ་ནས་བྱིན་གྱིས་རླབས་པའི་ཆོས་དངོས་ནི། སློབ་མ་ལ་དམིགས་པ་བསྟན་ཏེ། རང་གི་མདུན་དུ་ཤིང་རིང་པོ་ཅིག་བསྒོམ། དེ་ནས་རང་གི་ལུས་གཉིས་སུ་ཕྱེ་ལ། གཅིག་ཤིང་གི་རྩ་བར་བཞག །གཅིག་གོས་མེད་པར་གཅེར་བུར་བྱས་ལ། ཤིང་དེ་
༧༡ལ་འཇིགས་ཏེ། རྩེ་མོར་རྩོག་པུར་བསྡད་པར་བསམས་ལ། ཤིང་གི་རྩ་བར་བལྟ་བར། དེའི་ཚེ་གཡང་ཟ་བའི་འཇིགས་པ་རང་ཤུགས་ཀྱིས་འབྱུང་། དེ་དག་གི་དུས་སུ་སློབ་མ་རྣམས་རྐང་པ་གཞིབས་ཏེ་འཕོངས་ལ་མ་རེག་པར་བསྡད་དུ་གཞུག་ལུས་རན་ཚད་དུ་གཡོ་ཞིང་། རླུང་རིམ་གྱིས་འབུད། དེས་འཕྲལ་དུ་ཉམས་མྱོང་སྐྱེ། ཉམས་མྱོང་སྐྱེས་ན་དེ་ཁོ་ན་ཉིད་ཡི་གེ་མེད་པ་ངོ་སྤྲད། གལ་ཏེ་དེས་མ་སྐྱེས་ན། ལུས་དང་རླུང་གི་གནད་སྔར་དང་འདྲ་བ་ལ། སེམས་ཀྱི་གནད་ཉི་ཟླའི་འོད་ཟེར་ལ་འཇུས་ཏེ། ཉི་ཟླའི་སྟེང་དུ་བསྡད་ལ་གླིང་བཞིར་བལྟ། མར་ཤིང་གི་རྩེ་མོ་ལ་སེམས་དྲག་ཏུ་གཏད། ཤིང་གི་རྩ་བ་ལ་གཏད། ཤིང་གི་རྩ་བ་ན་འདུག་པའི་བདག་གི་ལུས་རྙིང་པ་ལ་བལྟ། བདག་གི་ལུས་གང་ཡང་ཡིན་ལ་གང་ཡང་མིན་པའི་ཡི་གེ་མེད་པ་ངོ་སྤྲད། དེ་དག་གི་དུས་སུ་སློབ་དཔོན་གྱི་བྱ་བ་ནི། བདུད་རྩི་བྱིན་གྱིས་རླབས་ལ་ཉེ་བར་བཞག་ལ། བདུད་རྩི་ལུས་ཐམས་ཅད་ལ་ཁྱབ་པར་གཏོར་ཞིང་ཌཱ་མ་རུ་ལ་སོགས་པའི་སྒྲ་ནི་ལུས་ཀྱི་བྱ་བའོ། ངག་གི་བྱ་བ་ནི་ཕྲེང་བའི་སྔགས་བཟླས་སོ། སེམས་ཀྱི་བྱ་བ་ནི། ཏིང་ངེ་འཛིན་གྱི་ཕྲེང་བའི་སྔགས་དམར་པོའི་ཚུལ་གྱིས་འོད་ཟེར་འཕྲོས་སྟེ་སློབ་མའི་ལུས་ཐམས་ཅད་ལ་ཁྱབ་པས་སེམས་ཀྱི་རྟེན་སྙིང་ག་ན་ཡོད་པའི་ཡི་གེ་ཧཱུྃ་དེ་དམར་ལམ་ལམ་སོང་བར་བསམས་མོ། རྫས་ཀྱི་རྟེན་འབྲེལ་གུ་གུལ་གྱི་དུད་པས་བདུག་གོ །ཉམས་སྐྱེས་ནས་དེ་ཁོ་ན་ཉིད་ཀྱི་གླུ་དབྱངས་དང་བཅས་ནས་བླང་བར་བྱ་སྟེ། དེའང་འདི་སྐད་དུ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། ཤ་དང་རུས་པ་ཁྲག་མེད་ན། །ནམ་མཁའ་ལ་ནི་འཇའ་ཚོན་བཞིན། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། སྐུ་ལ་བསྙུང་མེད་མི་གཙང་མེད། བཀྲེས་དང་སྐམ་པ་འབྱུང་མེད་དང་། ཁྱོད་ནི་འཇིག་རྟེན་རྗེས་མཐུན་ཕྱིར། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཆུ་ཟླ་བཞིན་དུ་བཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོད་མི་མངའ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་དང་བཞུགས་པ་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། ཁྱོད་ཀྱི་རྟག་ཏུ་མཉམ་འཇོག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད།
༧༢སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཅིང་། །སྣ་ཚོགས་མིན་ལ་སྙོམ་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་ཅིང་ཕྱག་འཚལ་ལོ། །ཀུན་གྱི་མཚམས་སུའང་ཕྲེང་བའི་སྔགས་དབྱངས་སུ་བླང་། བུང་བ་མེ་ཏོག་ལ་ཞེན་པ་མེད་ཅིང་། སྦྲང་རྩི་གཞིབ་ནས་འགྲོ་བ་ལྟར། །ཡུལ་རྣམས་ལ་ཞེན་པ་མེད་པར་ལོངས་སྤྱོད་ཅིང་། དེ་ཁོ་ན་ཉིད་ཡི་གེ་མེད་པ་ངོ་སྤྲད་དོ། དེ་དག་གིས་ནི་ལུས་འདར་བ་དང་། ངག་སྨྲ་བ་དང་། སེམས་མི་རྟོག་པ་ལ་སོགས་པ་དུ་མ་འབྱུང་སྟེ། དེས་གནད་ཟིན་པ་ཡིན་ནོ། སེམས་དྲན་མེད་དུ་སོང་ན། ལུས་ལ་མི་རེག་པ་དེ་བཞིན་དུ་བཞག །འཕར་གཡོ་འབྱམས་ན་སེམས་སུ་ངོ་སྤྲད་ལ་བཞག །ཡོད་ན་ཚོགས་ལ་ལོངས་སྤྱད། སྨོན་ལམ་གདབ། བདག་དང་སློབ་མའི་གནས་གསུམ་ཡི་གེ་གསུམ་གྱི་བསྲང་ལ་འདི་སྐད་དུ། འདི་ལྟ་བུའི་ཉམས་མྱོང་ཐམས་ཅད་རང་གི་སེམས་རིག་པ་གཅིག་གི་ངང་ཡིན། དེའང་མེད་ནས་སྣང་བ་སྒྱུ་མ། ངོས་བཟུང་མེད་པས་སྟོང་པ། དེ་གསུམ་དབྱེར་མེད་པ་ནི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཞེས་བྱ་བ་ཡིན་ནོ། །ཞེས་བསྟན་ལ་ཉམས་མྱོང་དུ་གཞུག །དེ་ནས་བླ་མའི་ཞབས་ལ་ཕྱག་བྱ། ཡོན་དབུལ། ལས་ཀྱི་རྗེས་བསྡུ། བསྲུང་བ་བྱས་ལ་ཅི་བདེ་བར་གནས་སོ། དེ་དག་གིས་ནི་སྔོན་དུ་བྱིན་རླབས་ཀྱི་ཆོ་གའོ། །དེ་ལྟར་བྱིན་རླབས་ཀྱི་རྒྱུན་དང་ལྡན་པ་དེ་ལ་མན་ངག་བསྟན་པར་བྱ་སྟེ། དེ་ལ་གསུམ། དང་པོ་སེམས་བཟུང་བ། བར་དུ་སེམས་འདུལ་བ། ཐ་མ་དེ་ཁོ་ན་ཉིད་ལ་བློ་བཞག་པའོ། དེ་རེ་རེ་ལའང་གསུམ་གསུམ་སྟེ། དང་པོའི་གསུམ་ནི། སོང་སར་བཟུང་། བཞག་སོང་སྐྱོང་། མཐའ་གཉིས་སྤང་། བར་བའི་གསུམ་ནི། སོང་སར་ཤོར་དུ་མི་གཞུག །བཞག་སར་དལ་དུ་མི་གཞུག །གོང་འོག་ཏུ་ཐལ་ཏུ་མི་གཞུག་ཅེས་བྱ་བ་ཡིན་ནོ། ཐ་མའི་གསུམ་ནི་དཔེ་ལ་བསླབ། དོན་ལ་བསླབ་དཔེ་དོན་བས་ཞེས་བྱ་བ་གསུམ་ཡིན་ཏེ། རེ་ཞིག་མདོར་བསྟན་པ་རྩ་བའི་ཆོས་དགུ་ཡིན་ནོ། དེ་ལ་སེམས་བཟུང་བའི་དང་པོ་སོང་སར་བཟུང་བ་ནི། སྟན་བདེ་བ་ལ་བསྡད། རྩ་བའི་བླ་མ་དང་། རྗེ་བཙུན་
༧༣སྒྲོལ་མ་ནས་བཟུང་སྟེ་བླ་མ་བརྒྱུད་པ་རྣམས་ལ་སྐྱབས་འགྲོ་དང་མོས་གུས་དྲག་ཏུ་བྱས། བྱང་ཆུབ་ཀྱི་སེམས་བསྒོམ། བླ་མ་སྤྱི་བོར་བསྒོམ། ཡི་དམ་གྱི་ལྷ་གསལ་བཏབ་ལ། རང་གི་སེམས་གང་དུ་སོང་བ་གཅིག་ཏུ་དྲན་པའི་ཐག་པས་བཟུང་ངོ་། །བཞག་སར་བསྐྱང་བ་ནི། སེམས་བཟུང་བ་དེ་ལས་གཞན་དུ་ཤོར་དུ་མི་གཞུག་གཉིས་འཛིན་གྱི་རྣམ་པར་རྟོག་པའི་རྗེས་མི་གཅོད་པ་ནི། མཐའ་གཉིས་སྤང་བ་ཡིན་ནོ། ཡང་དཀོན་མཆོག་གི་རྟེན་ལྟ་བུ་ལ་སེམས་བཟུང་བ་དེ་མ་ཐུབ་ནས། མདུན་གྱི་ཀ་བའམ། བུམ་པ་འམ། ཆུའི་སྒྲ་ལྟ་བུ་གཅིག་དང་། རེང་བུའི་དྲི་ལྟ་བུ་ལ་རྣམ་རྟོག་སོང་ན། ཡང་དེ་ཉིད་སོང་སར་བཟུང་ཞིང་། བཞག་སར་བསྐྱང་ལ་མཐའ་གཉིས་སྤང་བར་བྱའོ། འདི་དག་གིས་སེམས་ཟིན་པར་འགྱུར་རོ། གལ་ཏེ་མ་ཟིན་ན། སྔར་བྱིན་རླབས་ཀྱི་དུས་སུ་བྱས་པའི་ཤིང་གི་རྩེ་མོར་འཇོག་པ་དང་། ཉི་ཟླའི་སྟེང་དུ་འཇུ་བ་ལ་སོགས་པ་ལ་སེམས་གཟུང་། དེས་ཀྱང་མ་ཟིན་ན་མདུན་གྱི་ནམ་མཁའ་དང་སྣ་ཡི་རྩེ་མོ་དང་། སྨིན་ཕྲག་དང་། ལྟེ་བ་ལ་སོགས་པའི་བར་དུ་སྤོས་ཤིང་སྔར་གྱི་གནད་གསུམ་གྱིས་སེམས་བཟུང་བར་བྱ་སྟེ། འདིས་ངེས་པར་སེམས་ཟིན་པར་འགྱུར་རོ། །སྤྱི་དོན་གཉིས་པ་སེམས་གདུལ་བའི་དང་པོ་སོང་སར་ཤོར་དུ་མི་གཞུག་པ་ནི། སེམས་གང་དུ་འགྲོ་ཡང་དྲན་པའི་ཐག་པས་བཏགས་ནས། དྲན་པས་མ་ཟིན་པའི་སེམས་རྐྱང་པར་ཤོར་དུ་མི་གཞུག །དྲན་པས་མ་ཟིན་ན་རྣམ་རྟོག་འཁོར་བའི་མཐར་ལྟུང་བ་ཡིན་ནོ། གལ་ལྟེ་དྲན་པས་མ་ཟིན་པ་བྱུང་ན། སེར་སར་ཤོར་བ་ཡིན་པས། གཉེན་པོ་བསྐྱེད་ལ་ཤོར་དུ་མི་གཞུག་གོ །གཉིས་པ་བཞག་སར་དལ་དུ་མི་གདུག་པ་ནི། སེམས་ག་སར་ལྟངས་ནས་ཞི་གནས་སུ་སོང་ན། ཉན་ཐོས་སུ་འགྱུར་པས་ན། སེམས་མ་ཐུལ་བ་ཡིན་པས། སྔར་སྨོས་པའི་དེ་བཞིན་གཤེགས་པའི་རྟེན་ནམ། ཀ་བའམ། བུམ་པ་ལ་སོགས་པ་གང་སེམས་ཐོན་འདུག་པ་དེ་ལས་བཏོན་ལ་གཞན་ལ་བཞག །དེ་བཞིན་དུ་སེམས་དར་གཅིག་ཀྱང་དལ་དུ་མི་གཞུག་པར་དམིགས་
༧༤པ་སྤོ་ཞིང་སེམས་ཞི་གནས་ཀྱི་དབང་དུ་མི་བཏང་བར་སེམས་འདུལ་བར་བྱའོ། གོང་འོག་ཏུ་ཐལ་དུ་མི་གཟུག་པ་ནི་སེམས་འཕྲོ་བ་དང་ཞི་གནས་གཉིས་ཀའི་དབང་དུ་མི་གཏོང་བ་སྟེ། མདོར་ན་གནས་པར་འདོད་ན་གནས་པའི་དབང་ཡང་ཡོད། འཕྲོ་བར་འདོད་ན་འཕྲོ་བའི་དབང་ཡང་ཡོད། གནས་པ་དང་འཕྲོ་བ་གཉིས་ཀའང་དྲན་པའི་ཐག་པས་ཟིན་པ་སྟེ། རང་ཇི་ལྟར་འདོད་པར་ཡོང་བ་ནི་སེམས་ཐུལ་བ་ཡིན་ནོ། སྤྱི་དོན་གསུམ་པ་དེ་ཁོ་ན་ཉིད་ལ་བློ་བཞག་པའི་དང་པོ་དཔེ་ལ་བསླབ་པ་གསུམ། འཁྲུལ་པའི་དུས། འཁྲུལ་པར་གོ་བའི་དུས་འཁྲུལ་པ་གཞི་མེད་དུ་ལོང་དུ་ཆུད་པའི་དུས་སོ། དང་པོ་ནི། སྒྱུ་མའི་དཔེ་བཅུ་གཉིས་ལ་བསླབ་པ་སྟེ། དང་པོ་ལུང་པ་ཐམས་ཅད་སྨིག་རྒྱུའི་ཆུ་ལ་ཆུས་ཁྱེར་བར་མཐོང་སྟེ། འདི་རྣམས་ནི་ཆུའི་རྒྱ་མཚོ་ཡིན་ནོ། སྙམ་པ་ནི་འཁྲུལ་པའི་དུས། དེ་ནས་མར་ཕྱིན་ཙམ་ན་ཆུ་མ་ཡིན་སྨིག་རྒྱུར་མཐོང་བ་སྟེ། འདི་ནི་ཆུ་མ་ཡིན་ལ་སྨིག་རྒྱུར་འདུག་གོ་སྙམ་པ་ནི་འཁྲུལ་པ་ནི་འཁྲུལ་བར་གོ་བའི་དུས། དེ་ནས་དྲུང་དུ་སླེབས་ཙམ་ན་སྨིག་རྒྱུ་ཡང་མི་དམིགས་ཏེ་འཁྲུལ་བ་གཞི་མེད་དུ་ཁོང་དུ་ཆུད་པའི་དུས་སུའོ། །དེ་བཞིན་དུ་རྨི་ལམ་ན་དགྲ་དང་འཐབས་པ་དང་། གཉེན་དང་མཛའ་བ་དུ་མ་ཡོད་པ་ནི་འཁྲུལ་པའི་དུས། གནས་སྐབས་ཁ་ཅིག་ཏུ་རྨི་ལམ་གྱི་སྣང་བ་མ་འགགས་ལ། རྨི་ལམ་དུ་གོ་བ་ནི་འཁྲུལ་པར་གོ་བའི་དུས། གཉིད་སད་ཙམ་ན་སྣང་བ་ཐམས་ཅད་མེད་དེ་འཁྲུལ་པ་གཞི་མེད་དུ་ཁོང་དུ་ཆུད་པའི་དུས་སོང་། དེ་བཞིན་སྒྱུ་མ་དང་། ཆུ་ཟླ་དང་། དྲི་ཟའི་གྲོང་ཁྱེར་དང་། འཇའ་ཚོན་དང་། སྤྲིན་དང་། གློག་དང་། བག་ཆ་དང་། འཕྲོག་པའི་ཟླ་བའི་གྲོང་ཁྱེར་ལ་སོགས་པ་ལའང་སྦྱར་ཞིང་། སྒྱུ་མའི་དཔེ་རྣམས་ལ་ངེས་ཤེས་ཁྱད་པར་ཅན་བསྐྱེད་པར་བྱའོ། །དེ་ནས་དོན་ལ་སྦྱར་བར་བྱ་སྟེ། དེ་ལ་གཉིས། དྲན་སྣང་ལ་སྦྱར་བ་དང་། དམིགས་པ་ལ་བསླབ་པའོ། །དང་པོའང་ཉོན་མོངས་པ་གང་དྲག་ལྟས་ལ་ཞེ་སྡང་ལྟ་བུ་སྐྱེས་པའི་དུས་སུ་དག་ལ་སོགས་པ་བསད་པའམ་འཆིང་བའི་བློ་དྲག་པོ་
༧༥བྱུང་ན་དེ་ནི་འཁྲུལ་པའི་དུས། དེ་ནས་དར་གཅིག་ན་ཉོན་མོངས་པ་ཞི་སྟེ་འཁྲུལ་བར་གོ་བའི་དུས། དེ་ནས་དེར་མི་བདེན་པར་རྟོགས་ནས་འཁྲུལ་པ་གཞི་མེད་དུ་ཁོང་དུ་ཆུད་པའི་དུས་སོ། དེས་ན་ཞེ་སྡང་ནི་རང་གི་སེམས། སེམས་དེ་རྒྱུ་རྐྱེན་ལས་བྱུང་བས་སྒྱུ་མ། སྒྱུ་མ་བརྟགས་ན་མ་རྙེད་པ་རང་བཞིན་མེད་པ་སྟེ། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའོ། །དེ་ལ་ཡི་གེ་ཞེས་བྱ་བ་ནི་རྣམ་རྟོག་ཡིན། བརྗོད་པ་ཡིན་པས། རྣམ་རྟོག་མེད་ཅིང་བརྗོད་དུ་མེད་པ། བརྗོད་པ་དང་བྲལ་བ་ལ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཞེས་བྱའོ། །དེ་བཞིན་དུ་ཉོན་མོངས་པ་སོ་སོ་ལ་སྦྱར་ཞིང་བསྒོམ་པར་བྱའོ། །གཉིས་པ་དམིགས་པ་ལ་བསླབ་པ་ནི། འཆིང་བྱེད་ཀྱི་ལུས་སེམས་གཏོང་། འཛིན་པའི་ལོངས་སྤྱོད་བཏང་། རྣམ་གྲངས་གཞན་ལ་བསླབ་པའོ། །དང་པོ་ནི་མདུན་གྱི་ནམ་མཁར་བླ་མ་དང་ཡི་དམ་གྱི་ལྷ་སྤྱན་གྲངས་ལ། དགྲར་འཛིན་པ་དང་། གཉེན་ཏུ་འཛིན་པ་དང་། རང་གི་ལུས་ཀྱང་དུམ་བུར་གཏུབས་ལ་དབུལ་ཏེ། དེ་རྣམས་ཀྱང་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ལ་བློ་སྦྱར་རོ། །དེ་བཞིན་དུ་ལོངས་སྤྱོད་ཐམས་ཅད་ཀྱང་གཏང་ལ་ཡང་ཡི་གེ་མེད་པ་ལ་བློ་སྦྱར་རོ། །གསུམ་པ་རྣམ་གྲངས་གཞན་ལ་བསླབ་པ་ནི། འོག་དམྱལ་བའི་ཞིང་ཁམས་སུ་ཕྱིན་ལ་བཙོ་བསྲེག་གི་སྡུག་བསྔལ་ཉམས་སུ་མྱོང་བར་བྱ། ཡང་དེ་ལས་ཐར་བར་བྱས་ལ། དེ་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ། དེའང་ཡི་གེ་མེད་པ་ལ་བློ་སྦྱར་བར་བྱའོ། །ཡང་འོག་གི་སངས་རྒྱས་འབུམ་གཟིགས་དང་། སྟེང་གི་སངས་རྒྱས་རྣམས་པར་སྣང་མཛད་ཆེན་པོ་དང་། ཤར་གྱི་མི་བསྐྱོད་པ་དང་། ལྷོའི་རིན་ཆེན་འབྱུང་ལྡན་དང་། ནུབ་ཀྱི་འོད་དཔག་ཏུ་མེད་པ་དང་། བྱང་གི་དོན་ཡོད་གྲུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞིང་ཁམས་བལྟ། སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་མཐོང་བ་ངོ་མཚར་སྙམ་དུ་
༧༦བསམ། དེ་ནས་དེའང་། སེམས་སྒྱུ་མ་རང་བཞིན་མེད་པ། དེ་ཡང་ཡི་གེ་མེད་པ་ལ་བློ་སྦྱར་བའོ། །གསུམ་པ་དཔེ་དོན་བསྲེ་བ་ནི། རྩོལ་བ་དང་བཅས་པ་དང་། རྩོལ་བ་མེད་པ་དང་། གྲུབ་པའི་རྟགས་གསུམ་མོ། །དང་པོ་ནི། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་དང་། ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་བསྲེ་སྟེ། ཕྱོགས་གཅིག་དཔེར་བརྗོད་ན། ཞེ་སྡང་སྐྱེས་པའི་དུས་སུ་འདི་སྒྱུ་མ་ཡིན། རྨི་ལམ་ཡིན་ཞེས་བྱ་བ་ལ་སོགས་པ་དང་། དེ་དག་ཀྱང་སེམས་ཡིན། སྒྱུ་མ་ཡིན། རང་བཞིན་མེད་པ་ཡིན། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཡིན། ཞེས་རྩོལ་བ་ཡིད་ལ་བྱེད་པའོ། གཉིས་པ་རྩོལ་བ་མེད་པ་ནི། སྣང་གྲགས་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་དུས་གཅིག་ཏུ། སེམས་སྒྱུ་མ། རང་བཞིན་མེད་པ། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པར་རང་ཤུགས་ཀྱིས་རྟོགས་པ་ཡིན་ཏེ། ས་ར་ཧས་ཀྱང་། རྟོགས་པ་ནགས་དང་ཁྱིམ་ན་གནས་བར་བྱེད། ཅེས་གསུངས་པ་དང་། སམྦུ་ཊི་ལས་ཀྱང་། གཟུགས་རྣམས་སྣ་ཚོགས་བལྟ་བ་དང་། །སྒྲ་རྣམས་རྒྱས་པ་ཉན་པ་དང་། སྣ་ཚོགས་རོ་ནི་ཟ་བ་དང་། སྨྲ་བ་དང་ནི་རྒོད་པ་དང་། ལས་རྣམས་ཐམས་ཅད་བྱེད་པ་ན། དེ་ཉིད་རིག་པའི་རྣལ་འབྱོར་གྱིས། རྣལ་འབྱོར་རྒྱུན་དུ་སྐྱེ་བར་འགྱུར། ཞེས་གསུངས་པའི་དོན་ཡིན་ཏེ། ཆུ་ལ་ཆུ་བཞག་པའམ། །མར་ལ་མར་བཞག་པ་ལྟར་རོ་གཅིག་ཏུ་གྱུར་པ་ཡིན་ནོ། །ཡང་དེ་ཉིད་ཀྱི་སྟེང་དུ་སྔར་སྨོས་པའི་གནད་དགུ་ཀ་ཡང་འདུ་སྟེ། རྐྱེན་གཞན་གྱིས་རྣམ་རྟོགས་གཞན་ཞིག་བྱུང་ན་ཐུགས་ཕྲད་རྩམ་ལས་འཛིན་པ་མེད་པ་ནི་སོང་སར་ཟིན་པ་ཡིན། དེ་ཉིད་ཀྱི་སྟེང་དུ་བློ་ཅུང་ཟད་གནས་ན་བཞག་སར་སྐྱོང་བ་ཡིན། གཉིས་འཛིན་གྱི་རྣམ་རྟོག་སྤངས་པ་ནི་མཐའ་གཉིས་སྤངས་པ། ཡང་སོང་སར་བཟུང་བ་ནི་རྟོགས་པའི་དུས། བཞག་སར་སྐྱོང་བ་ནི་གོ་བའི་དུས། མཐའ་གཉིས་སྤང་བ་ནི་ཁོང་དུ་ཆུད་པའི་དུས་སོ། ཡང་གོང་ལྟར་ཕྱག་རྒྱ་ཆེན་པོ་ལས་མ་གཡོས་པས་ན་སོང་སར་མ་ཤོར་བ། རྟོག་པ་གོང་ནས་གོང་དུ་འཕེལ་བས་ན་བཞག་སར་མི་དལ་བ།
༧༧འཛིན་པ་ལས་གྲོལ་བས་ན་གོང་འོག་ཏུ་མི་ཐལ་བའོ། དེས་ན་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དཔེ་བཅུ་གཉིས་སུ་གོ་རྟོགས་ཁོང་དུ་ཆུད། དོན་སེམས་ལ་རྟོགས་པར་གོ་རྟོགས་ཁོང་དུ་ཆུད། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པར་གོ་དོན་ཁོང་དུ་ཆུད་དོ། །གསུམ་པ་གྲུབ་པའི་རྟགས་ནི། རྩོལ་བ་དང་བཅས་པའི་རྟགས་དང་། རྩོལ་བ་མེད་པའི་རྟགས་ཏེ། ཡང་རྩོལ་བ་དང་བཅས་པ་ནི། མཉམ་རྗེས་ཡོད་པ་ཡིན་ལ། རྩོལ་བ་མེད་པ་ནི་མཉམ་རྗེས་མེད་པ་ཤིན་ཏུ་མཉམ་བཞག་ཅེས་པའམ། ཡང་རྩོལ་བ་དང་བཅས་པ་ནི་ཞི་གནས་ཡིན་ལ། རྩོལ་བ་མེད་པ་ནི་ལྷག་མཐོང་དང་། ཡང་རྩོལ་བ་དང་བཅས་པ་ནི་ཉོན་མོངས་པ་གློ་བུར་བའི་གཉེན་པོ་ཡིན་ལ། རྩོལ་བ་མེད་པ་ནི་ཆོས་བརྒྱད་དང་བྲལ་ཞིང་བག་ལ་ཉལ་གྱི་གཉེན་པོའམ། ཡང་རྩོལ་བ་བཅས་པ་ནི། ཡུལ་གྱིས་རེས་གནོད། རེས་མི་གནོད་པ་ཡིན་ལ། རྩོལ་བ་མེད་པ་ནི་ཡུལ་རྐྱེན་གྱི་ཕན་འདོགས་པ་འབྱུང་སྟེ། ཐུན་མཚམས་ལས་རྣམ་པར་གྲོལ་བ་མཉམ་རྗེས་མེད་པ་རྩམ་ན། སྣང་བ་སློབ་དཔོན་དུ་འཆར་བའི་དུས། དངོས་པོ་རྣམས་བླ་མར་འཆར་བའི་དུས། ཉོན་མོང་པ་ལམ་དུ་འགྱུར་བའི་དུས། རྣམ་རྟོག་ཡེ་ཤེས་སུ་སློང་བའི་དུས། དུག་ལྔ་སྨན་དུ་འགྱུར་བའི་དུས། འགྲོ་དྲུག་གི་གཡང་ས་བཅད་པའི་དུས། རིག་དྲུག་གི་གྲོང་ཁྱེར་འཇོམས་པའི་དུས། སྣང་བ་སྟོང་པ་སྒྱུ་མར་གོ་བའི་དུས་ཏེ། ནགས་ལ་མེ་མཆེད་པའམ། རྒྱ་མཚོ་ལ་ཁ་བ་བབས་པའམ། ཡར་ངོའ་ཟླ་བ་དང་འདྲ་བར་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་རང་གི་ངང་གིས་འཇུག་སྟེ། སྔར་འདྲིས་པའི་མི་དང་འཕྲད་པ་ལ་རྟོག་དཔྱོད་ཀྱི་རྩོལ་སྒྲུབ་མེད་པ་དང་འདྲ་བའི་དུས་ཏེ་སྒྲ་དང་རྣམ་རྟོགས་ལས་འདས་པ་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་ཡི་གེ་མེད་པ་རྟོགས་པར་འགྱུར་རོ། དེ་ལྟར་ན་འདིའི་ལུགས་ལ་སྤྱོད་པ་ལ་དུས་ངེས་པ་མེད་པ་སྟེ་རྣམ་རྟོག་གཉེན་པོར་འགྱུར་ཞིང་རྟོགས་པའི་གྲོགས་སུ་
༧༨འགྱུར་ན་ཟས་ལ་བླང་དོར་མེད། སྤྱོད་ལམ་ལ་དགག་སྒྲུབ་མེད། གྲོགས་ལ་བཟང་ངན་མེད་པའི་གསང་སྤྱོད་ནས་བརྩམ་པར་བྱའོ། སྤྱི་དོན་གསུམ་པ་འབྲས་བུ་ནི། སྐུ་གསུམ་ཡན་ལག་བདུན་ལྡན་ཡིན་ཏེ། རང་བཞིན་མེད་པ་སྟེ་སྤྲོས་པ་ཉེ་བར་ཞི་བ་རྒྱུན་མི་ཆད་པ་སྟེ་དུས་གསུམ་མཉམ་ཉིད། འགོགས་པ་མེད་པ་སྟེ་འདུས་བྱས་ཀྱི་སྐྱེ་འཇིག་དང་བྲལ། དེ་ལྟར་གསུམ་ནི་ཆོས་སྐུ་སྟེ་རང་བཞིན་ཡིན་ནོ། །ལོངས་སྐུ་ཡན་ལག་གསུམ་སྟེ། མཚན་དང་དཔེ་བྱད་འབར་བ། ཡེ་ཤེས་ཀྱི་སྣང་བའི་ཡུམ་དང་ཁ་སྦྱོར། ཟག་མེད་ཀྱི་བདེ་བས་རྒྱུད་བརླན་ཏེ་ཁྱད་པར་ཅན་དུ་གྱུར་པའོ། །སྐུ་བཞིར་ཡང་བཞེད་དེ། དང་པོ་སེམས་རང་བཞིན་གྱིས་དག་པར་གནས་པ་ལ་ངོ་བོ་ཉིད་ཀྱི་སྐུ། དེ་མངོན་དུ་གྱུར་པ་ཆོས་ཀྱི་སྐུ། མཚན་དཔེ་འབར་བ་ལ་སོགས་པ་རྣམ་པར་སྨིན་པའི་སྐུའོ། །སྤྲུལ་པའི་སྐུ་ནི་ཐུགས་རྗེ་རྒྱས་པའི་ཡན་ལག་སྟེ། དམིགས་པ་མེད་པའི་སྙིང་རྗེས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པའོ། །འདི་ནི་ཡན་ལག་ལྔས་གྲུབ་པའི་འབྲས་བུ་སྟེ་རང་གཞན་གཉིས་ཀའི་དོན་ཏོ། །འབྲས་བུ་བསྟན་ཟིན་ཏོ། །མིང་གི་དོན་ཅུང་ཟད་བརྗོད་པར་བྱ་སྟེ། ཕྱག་རྒྱ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ལ་རྒྱས་འདེབས་པ་ཡིན་ལ། ཆེན་པོ་ཞེས་བྱ་བ་ནི་དེའི་གོང་ན་གཞན་མེད་པ་ཡིན་ནོ། དེ་ལ་གསུམ། རྒྱུ་ཕྱག་རྒྱ་ཆེན་པོ་ནི་སེམས་ཀྱི་ཆོས་ཉིད། ལམ་ཕྱག་རྒྱ་ཆེན་པོ་ནི་བཞི། འབྲས་བུ་ཕྱག་རྒྱ་ཆེན་པོ་ནི་ཆོས་སྐུ། ལམ་གྱི་དང་པོ་ལྟ་བ་ཕྱག་རྒྱ་ཆེན་པོ་ནི་བརྗོད་བྲལ་ཐོས་ཤིང་གོ་བ། སྒོམ་པ་ཕྱག་རྒྱ་ཆེན་པོ་ནི་དཔེ་དོན་བསྲེ་བ། སྤྱོད་པ་ཕྱག་རྒྱ་ཆེན་པོ་ནི་ཤུགས་འབྱུང་། ཉམས་ཕྱག་རྒྱ་ཆེན་པོ་ནི་བདེ་སྟོང་ཟུང་འཇུག་ཡིན་ནོ། །རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས། །སྡེ་སྣོད་འཛིན་པ་དགེ་སློང་བློ་གསལ་བ། །བློ་གྲོས་བསྟན་པའི་ཞལ་ངོ་མ་ཆོག་ནས། ཟབ་མོ་སྦས་པའི་དོན་ལ་ཡི་གེར་བགྱིས། །འདི་ལ་དཔལ་ལྡན་བླ་མ་མཁའ་འགྲོ་
༧༩ཡིས། ཐུགས་རྗེ་ཆེན་པོས་བདག་ལ་བཟོད་པར་མཛོད། དགེ་བ་འདི་ཡིས་སེམས་ཅན་ཐམས་ཅད་ཀྱིས། །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །རྗེ་བཙུན་འཕགས་མ་སྒྲོལ་མས་རྗེས་སུ་གནང་བ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་གསུང་དག །ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཞེས་བྱ་བ་ཡོངས་སུ་རྫོགས་སོ། །ཉེས་པ་རྣམས་བླ་མའི་ཚོགས་ལ་བཟོད་པར་གསོལ་ཞིང་། འདིས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ་དང་། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །སརྦ་མངྒ་ལམ།། །།

ཞུས་ལེན་རྡོ་རྗེ་རོལ་པ་

༡༡༣

༑ བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །ཨ་མ་ཇོ་མོའ་བདུད་ཀྱི་གཅོད་ཡུལ་འདི་ཧྲིལ་གྱིས་དྲིལ་ན་ཇི་ལྟར་བགྱི། ཞུས་པས། གཅོད་ཡུལ་འདི་ལ་གཉིས་སུ་གསུངས། །དེ་ཡང་དད་པ་ཅན་ངན་སོང་གི་གཡང་ལ་མི་བསྐྱུར་བ་དང་། ཤེས་རབ་ཅན་འཁོར་བའི་སྒྲོག་ཏུ་མི་འཇུག་པའོ། །དད་པ་ཅན་ཆོས་སྤྱོད་དུས་གདབ་མེད་པར་བྱ། །རང་སེམས་གཡོ་སྒྱུ་མེད་པར་བྱེད། །དམ་ཚིག་ངོ་ལྐོག་མེད་པར་བསྲུང་བས། འཁོར་བ་དང་ངན་སོང་ལས་ཐར་རོ། །ཤེས་རབ་ཅན་འཇུག་སྒོ་ངན་པ་གྲུབ་མཐའི་སྒོར་མི་འཇུག །རྣམ་རྟོག་ངན་པ་གྲལ་མི་སྒྲིག །བསྒོམ་ཉམས་བདེ་གསལ་གསེར་གྱི་

༡༡༤

སྒྲོག་ཏུ་མི་གཞུགས། ཤེས་རབ་ཅན་ཡིན་ན་འཇུག་སྒོ་མ་ནོར་བ་གཅོད་ཀྱི་སྒོར་ཞུགས་ནས། སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ཉམས་སུ་ལེན་པའོ། །གསུངས། ཉམས་སུ་ལེན་ན་ཇི་ལྟར་བགྱིད། །ཞུས་པས། དང་པོ་ལྟ་བས་ཐག་བཅད་པ་དང་། །བར་དུ་སེམས་མཉམ་པར་བཞག་རག་པ་ལ་ཡིད་ཆེས་པས། ཐ་མར་ཆོས་ཐམས་ཅད་སེམས་སུ་འཁྱེར་ཤེས་པ་གཅིག་དགོས་གསུངས། འདིའི་དྲུང་ན་ཆོས་ཐམས་ཅད་གློར་འདུག་ཞུས་པས། བཤད་པས་འཆལ། བསྒོམ་པས་གོལ། འདོད་པས་ཕུང་གསུངས། འོ་ན་ཇི་ལྟར་བསྒོམ་ཞུས་པས། །གཉིས་འཛིན་གྱི་ཤེས་པ་དགའ་མི་དགའ་དང་བྲལ་བ་ལ་སེམས་སྙེམས་མེད་འགྱུར་མེད་དུ་བཞག་གསུངས། དམིགས་པ་གཅིག་ཞུས་པས། གཏད་སོ་མ་བྱས་པས་གོལ་ས་ཆོད། དམིགས་མེད་ཙམ་གྱིས་འཛིན་པ་གྲོལ། ང་ལ་གདམས་ངག་གཡས་མེད་ཅིག་ལས་མེད་གསུངས། ཉོན་མོངས་པ་སྐྱེས་ནས་གཉེན་པོ་ཇི་ཙུག་ཏུ་བཏང་ཞུས་པས། གསལ་ཆ་མ་འགག་སྟེ་འཛིན་ཆ་མ་གྲུབ། བདུད་ཤར་ཙམ་ན་དགོས་པའི་གཅོད་ཀྱིས་སླེབསླེབས་པར་བྱ་གསུངས། ཆོས་འདི་ལ་ཚིག་བྲལ་གོ་དགོས་པར་འདུག་ཞུས་པས། གཅོད་ཡུལ་འདི་ཚིག་ཉུང་ལ་དོན་ཆེ་སློབ་པར་སླ་ལ་རྟོགས་པར་དཀའ། རྟོག་པའི་སྤྱོད་ཡུལ་མིན་གསུངས། གཉེན་པོ་ཐུབ་ཀྱང་སྣང་བ་འདི་ལ་འཁྲི་ཤིང་གདའ། ཞུས་པས། ལར་ཞེན་པ་རང་ལོག་ཅིག་ནང་ནས་འཆར་དགོས། ཞེན་པ་ནང་ནས་མ་ལོག་ན་ཆོས་ལས་སུ་ཆེ་སྟེ་གཅོད་བྱ་སྙམསསྙམ་པ་རང་ཡང་བདུད་ཡིན་གསུངས། གཅོད་རང་ཇི་ལྟར་བགྱི་ཞུས་པས། །གཅོད་ཀྱང་བྱའོ་བྱེད་དོ་སྙམ་པའི་རྟོག་པ་མེད་པར་དགའ་ལ་རེ་ཙམ་གཡས་མེད་དུ་བྱེད་པ་ཡིན་གསུངས། གཅོད་ཡུལ་རྟོགས་ཚད་གང་ལགས། ཞུས་པས། སྙེམས་དང་བྲལ་བ་ཡིན་གསུངས། སྙེམས་དང་བྲལ་བའི་ཚད་གང་ལགས། ཞུས་པས། སྙེམས་དང་བྲལ་བའི་ཚད་ཉམ་ང་མེད་

༡༡༥

པ་ཡིན་གསུངས། ཉམས་སུ་མྱོང་པའི་རྟགས་ཇི་ལྟ་བུ་མཆི་ཞུས་པས། ཕྱི་སྣང་བ་ལ་ཞེན་པ་མེད་པ། ནང་སེམས་ཉིད་ལ་འཁྲི་བ་མེད་པ། གསང་བ་ཉོན་མོངས་ལ་དམིགས་པ་མེད་པ་ཡོང་གསུངས། གཞི་སྟོང་པ་ཉིད་ལ་ཅི་འཁྲུལ་ཞུས་པས། སྟོང་པ་ཉིད་དུ་མ་ཤེས་པས་མ་རིག་པའི་འཛིན་པ་བྱུང་། དེས་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་པ་ཡིན། ཆོས་ཉིད་ཀྱི་ངོ་བོ་ལ་ངོས་བཟུང་རྒྱུ་མེད། འཛིན་འཛིན་པོ་འདོད་འདོད་པོས་འཁྲུགས་པ་ཡིན་གསུང་། །འཛིན་མེད་དུ་རྟོགས་པ་ལ་སངས་རྒྱས་ཟེར་བ་ལགས་སམ་ཞུས་པས། སངས་རྒྱས་ལ་རང་བཞིན་གྱི་བདེ་བ་ཡོད་ལ། འཛིན་པའི་རྟོག་པ་མེད་པ་ཡིན། །སེམས་ལ་ཅི་ཡང་མེད་བསམ་པར་ཞོག །ང་སྒོམ་པ་མ་ཡིན་གསུང་། མ་བསམ་བྱ་བ་ཅི་ཙམ་གཅིག་ལ་ཟེར་ཞུས་པས། ཡིད་ལ་མི་བྱེད་པ་ལ་ཟེར་བ་ཡིན། རིག་པ་འདི་ལ་འཛིན་པ་མེད་པ་ལ་སངས་རྒྱས་ཟེར་བ་ཡིན་པས། སེམས་འདི་ཆུད་མ་གསོན་པར་སྒོམས་ཤིག་གསུང་། རྣལ་འབྱོར་པབ་བྱ་བ་ཅི་ལ་ཟེར་ཞུས་པས། རྟོག་པ་དང་བྲལ་པབ་ལ་ཟེར་བ་ཡིན། བདག་ཏུ་འཛིན་པའི་འདུ་ཤེས་དང་བྲལ་ནས་ཞེན་པ་རང་ལོག་ཏུ་འགྲོ་དགོས། དེ་ལྟར་རྒྱུད་ལ་མ་སྐྱེས་ན་ཆོས་བྱེད་པ་སྐད་བྱས་ཀྱང་ཕན་མེད་གསུང་། དང་པོའང་གཅིག་པུར་འོངས། ཐ་མའང་གཅིག་པུར་འགྲོ་བས་ད་ལྟ་ཡང་གཅིག་པུ་ལ་སློབ་དགོས་གསུང་། གཅོད་འདི་གོ་ནས་ཆོས་ཀུན་གཏན་ལ་ཕེབས་པར་འདུག་ཞུས་པས། ཆོས་སྤྱི་དང་མཐུན་གདམས་ངག་ཁྱད་པར་འཕགས། གཅོད་གོང་ཁལ་ཡིན་གསུངས། ཆོས་སྤྱི་དང་འབྲེལ་ཕྱིན་དེ་ཙམ་འོང་བ་ཅི་ལགས་ཞུས་པས། །དོན་ལ་འཁྲུལ་པ་འཇིག་པ་ཡིན། །རེ་བ་བཤིག་ན་ལྷ་དང་འབྲལ། །དོགས་པ་བཤིགས་ན་འདྲེ་དང་འབྲལ། །འཁྲུལ་པ་བཤིགས་ན་འདྲེ་དང་འབྲལ། །གསུངས་སོ། །ཞུས་ལེན་རྡོ་རྗེ་རོལ་པ་ཞེས་བྱ་བ་འདི་ནི་ཡོངས་སུ་རྫོགས་སོ།། །།

།ཕྱག་རྒྱ་ཆེན་པོའི་ཚིག་བསྡུས་པ།

༤༧ ༈ །རྒྱ་གར་སྐད་དུ། །མ་ཧཱ་མུ་དྲ་པཱ་ད་མེ་ཐ། །བོད་སྐད་དུ། །ཕྱག་རྒྱ་ཆེན་པོའ་ཚིག་བསྡུས་པ། །བདེ་ཆེན་ངང་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་བརྗོད་བྱ་བ། །དང་པོ་སྣང་བ་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། །ཆོས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་ཏེ་དངོས་པོ་སྟོང་། །སེམས་ཀྱང་གཉིས་པ་རིག་པ་ཕྱག་རྒྱ་ཆེན་པོའ་དོན་གསུངས་པ། དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོས་སྟོང་པ་ནམ་མཁའ་འདྲ། །ཆོས་ཀུན་མཁའ་འདྲ་མཉམ་གནས་པའོ། །ཕྱག་རྒྱ་ཆེན་།།།་གསུམ་པ་ཟུང་འཇུག་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ་།།།་ཞེས་བརྗོད་པ་ནི། རང་གི་ངོ་བོས་བསྟན་དུ་མེད། །དེ་ཕྱིར་སེམས་ཀྱི་དེ་བཞིན་ཉིད། །ཕྱག་རྒྱ་ཆེན་པོའ་ངང་ཉིད་དོ། །དེ་ལ་བཅོས་།།།་དེ་ལྟར་སྣང་བ་རིག་པ་ཟུང་འཇུག་གསུམ་གྱིས་ལྟ་བ་ཕྱག་རྒྱ་ཆེན་པོ་བསྟན་ལ། སླར་ཡང་སྒོམ་པ་ཕྱག་རྒྱ་ཆེན་པོ་ལ་གསུམ་གྱི་དང་པོ་གནས་ལུགས་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། ཤིང་བསྒྱུར་དུ་མེད། གང་གིས་དེ་ཉིད་མཐོང་རྟོགས་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ། །ཆོས་སྐུ་ཁྱབ་བདལ་ཆེན་པོ་བས། །རང་བཞིན་།།།་གཉིས་པ་རྟོགས་ཚུལ་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། མ་བཅོས་ལྷུག་པར་བཞག །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་ན་བསྒོམ་པ་སྟེ། །བཙལ་ཞིང་བསྒོམ་པ་འཁྲུལ་པའི་བློ། །མཁའ་།།།་གསུམ་པ་དབྱེར་མེད་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། དང་ཆོ་འཕྲུལ་ཇི་ལྟ་བ། །བསྒོམ་དང་མི་བསྒོམས་གཉིས་མེད་པ། །བྲལ་དང་མ་བྲལ་ག་ལ་ཡོད། །རྣལ་འབྱོར་པས་ནི་དེ་ལྟར་རྟོགས། །དགེ་དང་སྡིག་པའི་ལས་།།།་སླར་ཡང་སྤྱོད་པ་ཕྱག་རྒྱ་ཆེན་པོ་ལ་གསུམ་གྱིས་དང་པོ་རང་གྲོལ་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། རྣམས་ཀུན། །དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །འགྲོ་དང་འདུག གཉིས་པ་རོ་སྙོམས་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ་།།།་ཏུ་ག་ལ་ཡོད་།།།་
༤༨དགོན་པར་ཕྱིན་ནས་བསམ་གཏན་ཅི། །དེ་ཉིད་མ་རྟོགས་གང་གིས་ཀྱང་། །གནས་སྐབས་ཙམ་ལས་གྲོལ་མི་འགྱུར། །དེ་ཉིད་རྟོགས་།།།་གསུམ་པ་དབྱེར་མེད་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། ན་གང་གིས་འཆི། །ངང་ལ་མ་ཡེངས་གནས་པ་ལས། །མཉམ་པར་བཞག་དང་མ་བཞག་ཅེས། །གཉེན་པོས་བཅོས་ཤིང་བསྒོམ་དུ་མེད། །འདི་ལ་གང་སླར་ཡང་འབྲས་བུ་ཕྱག་ཆེན་ལ་གསུམ་གྱི་དང་པོ་སྣང་སྲིད་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ་།།།་ཡང་མ་གྲུབ་སྟེ། སྣང་བ་རང་གྲོལ་ཆོས་ཀྱི་དབྱིངས། །རྟོག་པ་རང་གྲོལ་ཡེ་ཤེས་ཆེ། །གཉིས་མེད་མཉམ་པ་ཆོས་སྐུའོ། །ཆུ་བོ་ཆེན་པོའ་རྒྱུན་།།།་གཉིས་པ་འཁོར་འདས་ཕྱག་རྒྱ་ཆེན་པོ་དོན་དུ་གསུངས། འབབ་ལྟར། །ཇི་ལྟར་སྤྱད་ཀྱང་དོན་དང་ལྡན། །འདི་ནི་རྟག་ཏུ་སངས་རྒྱས་ཉིད། །འཁོར་བ་ཡུལ་མེད་བདེ་བ་ཆེའོ། །ཆོས་རྣམས་།།།་གསུམ་པ་མཐར་ཐུག་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ་།།།་རང་རང་ངོ་བོས་སྟོང་། །སྟོང་པར་འཛིན་བློ་རང་སར་དག །བློ་བྲལ་ཡིད་ལ་མི་བྱེད་པ། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །སྐལ་པ་།།།་མཐར་གདམས་ཤིང་བསྔོ་བ་གསུངས་པ། རབ་ཏུ་གྱུར་པ་ལ། །བདག་གིས་སྙིང་གཏམ་ཚིག་ཏུ་བསྡུས། །འདི་ཡིས་འགྲོ་བ་མ་ལུས་པ། །ཕྱག་རྒྱ་ཆེ་ལ་གནས་པར་ཤོག །མཁས་པ་ཆེན་པོ་ནཱ་རོ་པའི་ཞལ་སྔ་ནས། །མར་པ་ཆོས་ཀྱི་བློ་གྲོས་ལ་ཕུལླ་ཧ་རིར་གནང་བའོ། །དེ་ལྟར་ཤོ་ལོ་ཀ་བཅུ་གསུམ་གྱིས་ཕྱག་ཆེན་མ་ལུས་པ་བསྡུས་ཏེ་བསྟན་པ་ནི། །དམིགས་དབྱེ་བ་དོན་དང་མཐུན་པར་བྱས་ཀྱིས་ཞིབ་ཏུ་ནི་ཞལ་ལས་ཤེས་པར་བྱའོ། །འཁྲུགས་པ་རྣམས་ལ་ཡིད་བརྟན་མི་བྱ་ལ་འདི་དཔེ་རྙིང་དག་པ་རྣམས་ལྟར་བྲིས་པ་ཡིན་པས་བཅོས་པར་མི་བསམ་མོ། །འདིའི་མཚན་འདི་རྣམས་ཞྭ་དམར་པ་དཔལ་མཁའ་སྤྱོད་དབང་པོས་མཛད་པ་སྟེ། དེ་ཡང་བཀའ་དཔེ་ཡང་། ཕྱག་རྒྱ་ཆེན་པོའ་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །ཞེས་གསུངས་པ་ལྟར་པཎ་གྲུབ་དབང་པོ་ནཱ་རོ་པའི་རྡོ་རྗེའི་གསུང་། །ཕྱག་རྒྱ་ཆེན་པོའ་གདམས་པ་མཐའ་དག་གི་དོན་བསྡུས་སུ་སྒྲུབ་བརྒྱུད་འདི་འཛིན་པའི་དམ་པ་སྔ་མ་རྣམས་ཀྱིས་བཞེད་དོ།

བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་ཞེས་བྱ་བ་བཞུགས་སོ༎

༡༡༡

བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་ཞེས་བྱ་བ་བཞུགས་སོ། །

༡༡༢

རྗེ་བཙུན་བླ་མ་དམ་པ་ཐུབ་དབང་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །འདིར་སྐལ་ལྡན་གྱི་སྐྱེས་བུ་སངས་རྒྱས་ཀྱི་སར་བགྲོད་པར་བྱེད་པའི་ཐབས་ཟབ་མོ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང༌། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པའོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ། སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། ཡིད་མཐུན་གྱི་གནས་སུ་བདེ་བའི་སྟན་ལ་ལུས་འདུག་ལུགས་བརྒྱད་དམ་སྤྱོད་ལམ་གང་བདེར་གནས་ནས། རང་རྒྱུད་ལ་ལེགས་པར་བརྟགས་ཏེ། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་གནས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར། སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ངོ་བོར་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྒྱལ་བ་ཤཱ་ཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། དབུ་གཙུག་ཏོར་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ས་གནོན་དང༌། གཡོན་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ་

༡༡༣

སྐུ་ལ་ཆོས་གོས་ངུར་སྨྲིག་གི་མདོག་ཅན་གསུམ་མཛེས་པར་གསོལ་བ། མཚན་དཔེས་བརྒྱན་པའི་དྭངས་གསལ་འོད་ཀྱི་རང་བཞིན་ཅན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དཀྱིལ་ན་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེ་ཉིད་ཀྱི་མཐའ་བསྐོར་དུ་དངོས་དང་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་བསྟན་སྲུང་ཡེ་ཤེས་པའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པ། དེ་དག་རང་རང་གི་མདུན་ན་གདན་ཁྲི་ཕུན་སུམ་ཚོགས་པ་ལ་རང་རང་གིས་གསུངས་པའི་ལུང་གི་ཆོས་རྣམས་འོད་ཀྱི་རང་བཞིན་ཅན་གྱི་པུསྟིའི་རྣམ་པར་ཡོད་པ། ཚོགས་ཞིང་རྣམས་ཀྱང་རང་ཉིད་ལ་དགྱེས་པའི་ཚུལ་དང༌། རང་ཉིད་ཀྱང་ཚོགས་ཞིང་རྣམས་ཀྱི་ཡོན་ཏན་དང་ཐུགས་རྗེ་དྲན་པའི་དད་པ་ཆེན་པོའི་ངང་ནས་འདི་ལྟར་བསམ་སྟེ། བདག་དང་མ་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་སྣ་ཚོགས་ཞིག་མྱོང་འདུག་ཏུ་ཟིན་ཀྱང༌། ད་དུང་སྡུག་བསྔལ་གྱི་གཏིང་དང་མཐའ་མངོན་པར་དཀའ་བར་འདུག་དེས་ན་ད་རེས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་མི་ལུས་ཁྱད་ཅན་ཐོབ་པའི་དུས་འདིར། འཁོར་བའི་སྡུག་བསྔལ་ཐམས་ཅད་སྤངས་པའི་ཐར་པ་མཆོག་བླ་མས་སངས་རྒྱས་ཀྱི་གོ་འཕང་ཞིག་ད་ལྟ་ཉིད་དུ་ཐོབ་པར་མ་བྱས་

༡༡༤

ན། སླར་ཡང་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་ཅི་རིགས་པ་ཞིག་མྱོང་དགོས་པ་འདུག །དེས་ན་སྡུག་བསྔལ་དེ་དག་ལས་སྐྱོབ་པའི་ནུས་པ་མདུན་ན་བཞུགས་པའི་བླ་མ་དཀོན་མཆོག་གསུམ་ལ་ཡོད་པས། བདག་གིས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་བླ་མ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བར་བྱའོ་སྙམ་དུ་བསམ་ལ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། ཁྱད་པར་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་གྱི་སྒོ་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བསྒོམ་པ་ལ་འཇུག་པར་བགྱིའོ་སྙམ་པ་བདུན་ནམ་ཉེར་གཅིག་སོགས་བྱའོ། །དེ་ནས་རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་གནས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར། སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གཙོ་མ་ལྟ་བུ། ཞེས་པ་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེ་ཉིད་ཀྱི་སྟེང་གི་རྒྱབ་ལ་ཕྱོགས་པར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། རྒྱལ་བ་རྡོ་རྗེ་འཆང་ལ་ཉམས་ལེན་བྱིན་རླབས་བརྒྱད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། གཡས་ཕྱོགས་སུ་རྗེ་བཙུན་བྱམས་པ་ལ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། གཡོན་ཕྱོགས་སུ་རྗེ་བཙུན་འཇམ་དབྱངས་ལ་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མདུན་དུ་དྲིན་ཅན་རྩ་བའི་བླ་མ་ལ་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་

༡༡༥

བཞུགས་པ་དེ་དག་གི་མཐའ་བསྐོར་དུ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་བསྟན་སྲུང་ཡེ་ཤེས་པའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པ། དེ་དག་རང་རང་གི་མདུན་ན་གདན་ཁྲི་ཕུན་སུམ་ཚོགས་པ་ལ་རང་རང་གིས་གསུངས་པའི་ལུང་གི་ཆོས་རྣམས་འོད་ཀྱི་རང་བཞིན་ཅན་གྱི་པུསྟིའི་རྣམ་པར་ཡོད་པ། དེ་དག་གི་ཕྱི་རོལ་དུ་གང་ལ་གང་འདུལ་གྱི་སྤྲུལ་བའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོ་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་སྭ་སེར་པོ། གསང་བར་ཧཱ་ལྗང་གུ་འོད་ཟེར་ལྔ་འཕྲོ་བ། བླ་མ་ཐུབ་པའི་དབང་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། དམ་ཚིག་པ་སོ་སོ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་པའི་བདག་ཉིད་དུ་མོས་ནས། ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཏེ། གསོལ་བ་འདེབས་པ་མན་ངག་བཞིན་རྒྱུད་དང་འདྲེས་ངེས་པ་བྱའོ། །དེ་ནས་བླ་མ་ཐུབ་པའི་དབང་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། མཐའ་བསྐོར་ན་བཞུགས་པའི་ཞི་ཁྲོ་རབ་འབྱམས་ཐམས་ཅད་ལ་ཕོག་པས། དེ་རྣམས་འོད་ཀྱི་རྣམ་པར་བསྡུས་ནས་ཐུབ་པའི་དབང་བོ་ལ་ཐིམ་ཞིང༌། ཐུབ་པའི་དབང་བོ་ཡང་རང་གི་སྤྱི་བོའི་རྩ་བའི་བླ་མ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས་རང་གི་སྤྱི་བོར་སེང་ཁྲི་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྒྱལ་བ་ཤཱཀྱ་ཐུབ་པ་ཞེས་པ་ནས། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ལ་དམིགས་ནས། ཡན་ལག་བདུན་པ་མཎྜལ་དང་བཅས་པ་མདོར་བསྡུས་ཕུལ་བའི་རྗེས་སུ། རང་དང་རང་གི་མཐའ་བསྐོར་ན་གནས་པའི་མ་སེམས་ཅན་ཐམས་ཅད་ཀྱིས་མགྲིན་

༡༡༦

གཅིག་ཏུ་གསོལ་བ་འདེབས་པར་བསམས་ལ། །སྐུ་བཞིའི་བདག་ཉིད་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྒྲིབ་བྲལ་ཆོས་སྐུའི་བདག་ཉིད་བླ་མ་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བདེ་ཆེན་ལོངས་སྐུའི་བདག་ཉིད་བླ་མ་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ༴ །སྣ་ཚོགས་སྤྲུལ་སྐུའི་བདག་ཉིད་བླ་མ་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ༴ །བླ་མ་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ༴ །ཡི་དམ་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ༴ །སངས་རྒྱས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་༴ །དམ་ཆོས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ༴ །མཁའ་འགྲོ་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་༴ །ཆོས་སྐྱོང་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་༴་ཁྱད་པར༴ །སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བར་སྐྱེས་ནས་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་བ་འདི། དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་མ་བསྟེན་པས་ལན་པར་འདུག་པས། ད་བདག་དང་མ་སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་ཏུ་བསྟེན་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས་སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནུས་པ་ལ་གེགས་བྱེད་ཀྱི་སྡིག་སྒྲིབ་ནད་གདོན་དང་བཅས་པ་ཐམས་ཅད་སྦྱངས།

༡༡༧

ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། །ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པར་ནུས་པའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གཉིས། བསམ་པས་བསྟེན་ཚུལ་དང༌། སྦྱོར་བས་བསྟེན་ཚུལ་ལོ། །དང་པོ་ལ་གཉིས། རྩ་བ་དང་པོ་སྦྱང་བ་དང༌། བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པར་བྱ་བའོ། །དང་བོ་ནི། བླ་མ་ཐུབ་པའི་དབང་བོའི་ཐུགས་ཀ་ནས་རང་ལ་དངོས་སུ་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་སྤྲོས་ཏེ། མདུན་གྱི་ནམ་མཁར་བཞུགས་པ་ལ་དམིགས་ནས་བདག་གི་དགེ་བའི་བཤེས་གཉེན་འདི་རྣམས་སངས་རྒྱས་དངོས་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་རྒྱལ་བ་རྡོ་རྗེ་འཆང་གིས་སྙིགས་མའི་དུས་སུ་དགེ་བའི་བཤེས་གཉེན་གྱི་སྐུའི་རྣམ་པར་བསྟན་ནས་འགྲོ་བའི་དོན་མཛད་པར་གསུངས་པ་བཞིན་དུ། བདག་གི་དགེ་བའི་བཤེས་གཉེན་འདི་རྣམས་ཀྱང་སྐུའི་རྣམ་པ་ཐ་དད་དུ་བསྟན་པ་ཙམ་མ་གཏོགས། རྒྱལ་བ་རྡོ་རྗེ་འཆང་གིས་བདག་ཅག་སངས་རྒྱས་དངོས་སུ་མཐོང་བའི་སྐལ་བ་མེད་པ་རྣམས་རྗེས་སུ་བཟུང་བའི་ཕྱིར་དུ་དགེ་བའི་བཤེས་གཉེན་གྱི་སྐུའི་རྣམ་པར་བསྟན་པ་ཡིན་པར་འདུག་པས་སོ། །དེས་ནད་བདག་དང་སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་བཤེས་གཉེན་འདི་རྣམས་ཐུབ་དབང་རྡོ་རྗེ་འཆང་དངོས་སུ་མཐོང་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་

༡༡༨

ལ་སྐྱེས་བར་བསམ་མོ། །འོ་ན་སངས་རྒྱས་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་ལ། བདག་གི་དགེ་བའི་བཤེས་གཉེན་འདི་རྣམས་ལ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྐྱོན་འདི་དང་འདི་ལྟ་བུ་འདུག་པས་སངས་རྒྱས་རང་མ་ཡིན་ནོ་སྙམ་ན། དེ་ནི་རང་གི་སྣང་བ་མ་དག་པའི་དབང་གིས་ཡིན་ཏེ། སྔོན་ཡང་རང་ཉིད་སྣང་བ་མ་དག་པའི་དབང་གིས་ལེགས་པའི་ཀརྨས། སྟོན་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཟོག་འབའ་ཞིག་ཏུ་མཐོང་བ་དང༌། །ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཁྱི་མོར་མཐོང་བ་དང༌། མཻ་ཏྲི་པས་རྣལ་འབྱོར་གྱི་དབང་ཕྱུག་ཤ་ཝ་རི་པ་ཕག་གསོད་པ་སོགས་མི་འཚམ་པ་བྱེད་པར་མཐོང་བ་བཞིན་དུ། བདག་གི་དགེ་བའི་བཤེས་གཉེན་འདི་རྣམས་ལ་སྐྱོན་དེ་ཡོད་ནས་སྣང་བ་མ་ཡིན་གྱི། །རང་ཉིད་སྣང་བ་མ་དག་པའི་དབང་གིས་ཡིན་པས། དེས་ན་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དགེ་བའི་བཤེས་གཉེན་འདི་རྣམས་ལ་སྐྱོན་རྟོག་གི་བློ་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌། ཅི་མཛད་ཡོན་ཏན་དུ་མཐོང་བའི་དད་པ་ཆེན་པོ་བདེ་བླག་ཏུ་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་ནི། རང་གི་མདུན་དུ་དགེ་བའི་བཤེས་གཉེན་རྣམས་གསལ་བར་དམིགས་ནས། དགེ་བའི་བཤེས་གཉེན་འདི་རྣམས་བདག་ལ་བཀའ་དྲིན་ཤིན་ཏུ་ཆེ་སྟེ། བདག་གིས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་སྤངས་པའི་ཐར་པ་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཏུ་སྟེར་བར་བྱེད་པའི་ལམ་ཟབ་མོ་ཁོང་དུ་ཆུད་པ་འདི།

༡༡༩

དགེ་བའི་བཤེས་གཉེན་འདི་རྣམས་ཀྱི་བཀའ་དྲིན་ཡིན་པས། དེས་ན་བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དགེ་བའི་བཤེས་གཉེན་འདི་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་ཆེན་པོ་བདེ་བླག་ཏུ་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་སྦྱོར་བས་བསྟེན་ཚུལ་ནི། དགེ་བའི་བཤེས་གཉེན་རྣམས་མདུན་དུ་གསལ་བཞིན་པའི་ངང་ནས་བདག་གིས་སངས་རྒྱས་དངོས་ཀྱི་དགེ་བའི་བཤེས་གཉེན་འདི་རྣམས་ཀྱི་ཕྱིར་དུ་ལུས་སྲོག་ལོངས་སྤྱོད་ལ་སོགས་པ་ལྟོས་པ་མེད་པར་གཏོང་ཞིང༌། ཁྱད་པར་བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་བྱད་ལས་བདུད་རྩི་སྣ་ལྔ༴་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་གསོལ་བ་འདེབས་པ་དང༌། སྔགས་འདྲེན་པ་དང༌། དེ་ལས་བྱུང་བའི་དགེ་རྩ་རྣམས་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་སུ་འདུན་པ་དྲག་པོས་བསྔོ་བར་བྱའོ། །གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ནི། ཐུན་མཚམས་སུ་ཡང་དགེ་བའི་བཤེས་གཉེན་བསྟེན་ཚུལ་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལྟ་བ་དང༌། དྲན་ཤེས་དང་ལྡན་པའི་སྒོ་ནས་

༡༢༠

དབང་བོའི་སྒོ་སྡོམ་པ་དང༌། ཟས་ཀྱི་ཚོད་རིག་པ་དང༌། མི་ཉལ་བར་རྣལ་འབྱོར་ལ་བརྩོན་ཞིང༌། ཉལ་བའི་ཚེ་ཇི་ལྟར་བྱ་བ་དང༌། ཁྲུས་དང་ཁ་ཟས་ཀྱི་རྣལ་འབྱོར་ལ་བརྩོན་པར་བྱེད་པའོ། །གཉིས་པ་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམས་པ་ལ་གཉིས། དལ་འབྱོར་ལ་སྙིང་བོ་བླང་བའི་ཕྱིར་དུ་བསྐུལ་བ་དང༌། སྙིང་བོ་ཇི་ལྟར་ལེན་པའི་ཚུལ་ལོ། །དང་བོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའོ། །དང་བོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་བོ་ནི། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། ཞེས་པ་ཡན་ཆད་སྔར་བཞིན་ཡིན་ལ། དེ་ནས་བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བར་སྐྱེས་ནས་ཡུན་རིང་ལ་ཤུགས་དྲག་པའི་འཁོར་བའི་སྡུག་བསྔལ་སྣ་ཚོགས་ཞིག་མྱོང་བ་འདི། དལ་འབྱོར་དོན་ཆེ་རྙེད་དཀའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་མ་སྐྱེས་པས་ལེན་པར་འདུག་པས། དེ་བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དལ་འབྱོར་དོན་ཆེ་རྙེད་དཀའི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། །སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དལ་འབྱོར་དོན་ཆེ་རྙེད་དཀའི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་གེགས་བྱེད་ཀྱི་སྡིག་སྒྲིབ་སྦྱངས། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་དལ་འབྱོར་དོན་ཆེ་རྙེད་དཀའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གཉིས། དལ་འབྱོར་དོན་ཆེ་བར་བསམ་པ་དང༌། རྙེད་པར་དཀའ་བ་བསམ་པའོ། །དང་བོ་ནི། སྤྱི་བོར་བླ་མ་ལྷ་

༡༢༡

བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམས་ཏེ་དམ་པའི་ཆོས་སྒྲུབ་པ་ལ་ཁོམས་པས་དལ་བ་དང༌། ཆོས་སྒྲུབ་པའི་ཕྱི་ནང་གི་ཆ་རྐྱེན་ཚང་པས་འབྱོར་བ་ཞེས་བྱ། མདོར་ན་རང་ཅག་རྣམས་ཀྱིས་ཐོབ་པའི་དལ་འབྱོར་གྱི་རྟེན་འདི་དོན་ཤིན་ཏུ་ཆེ་སྟེ་འདི་ལ་བརྟེན་ནས་མངོན་མཐོའི་ལུས་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་སྦྱིན་པ། ཚུལ་ཁྲིམས། བཟོད་པ་སོགས་ཀྱང་སྒྲུབ་ནུས་ལ། ཁྱད་པར་རྟེན་འདི་ལ་སྡོམ་པ་གསུམ་ག་སྐྱེ་ཞིང༌། སྙིགས་དུས་ཀྱི་ཚེ་ཐུང་བ་ཅིག་ལས་སངས་རྒྱས་ཀྱི་གོ་འཕང་ཡང་བདེ་བླག་ཏུ་སྒྲུབ་ནུས་པས་སོ། །དེས་ན་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཚང་བའི་རྟེན་འདི་དོན་མེད་དུ་མི་བཏང་བར་སྙིང་པོ་ཅིག་བླང་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩིས་སྣ་ལྔ་འོད་ཟེར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། །དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་རྙེད་པར་དཀའ་བ་བསམ་པ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། དལ་འབྱོར་ཐོབ་པ་འདི་དོན་ཆེ་བར་མ་ཟད་རྙེད་ཀྱང་ཤིན་ཏུ་དཀའ་སྟེ། མི་ལ་སོགས་པའི་འགྲོ་བ་ཕལ་ཆེར་མི་དགེ་བ་བཅུ་ལ་སོགས་པ་ཤས་ཆེར་སྤྱོད་ལ། དེ་དག་གིས་ཀྱང་དལ་འབྱོར་ཐོབ་པའི་གེགས་བྱེད་ཅིང༌། ཁྱད་པར་དལ་འབྱོར་ཚང་བའི་རྟེན་རྣམ་པར་དག་པ་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་སོགས་དགོས་ན་རྒྱུ་དེ་ལྟ་བུ་སྒྲུབ་པ་ཡང་ཤིན་ཏུ་ཉུང་བ་དང༌། དུད་འགྲོ་ལ་སོགས་པའི་ངན་འགྲོ་ལ་ལྟོས་ན་བདེ་འགྲོ་ཙམ་ཐོབ་པ་སྲིད་མཐར་སྣང་ལ། བདེ་འགྲོ་ལ་ལྟོས་ན་དལ་འབྱོར་ཚང་བའི་རྟེན་ཐོབ་པ་འདི་ཉིན་མོའི་སྐར་མ་ལྟ་

༡༢༢

བུར་ཤིན་ཏུ་དཀོན་པའི་ཕྱིར། དེས་ན་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཚང་བའི་རྟེན་ལན་ཅིག་ཐོབ་པ་འདི། དོན་མེད་དུ་མི་བཏང་བར་སྙིང་བོ་གཅིག་བླང་བར་བྱའོ། །སྙིང་བོ་ལེན་པའི་ཚུལ་ཡང་བླ་མ་སངས་རྒྱས་འབྲལ་མེད་དུ་བསྟེན་ནས། དེས་བསྟན་པའི་ཐེག་པ་མཆོག་གི་གདམས་པའི་སྙིང་བོ་ཉམས་སུ་བླངས་ཏེ། ཚེ་གཅིག་ཉིད་ལ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པ་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། གཉིས་པ་ཐུན་མཚམས་སུ་དལ་འབྱོར་གྱི་ཆོས་སྐོར་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་བལྟ་བ་སོགས་ནི་སྔར་བཞིན་ནོ། །གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཞེས་པ་ཡན་ཆད་སྔར་བཞིན་ཡིན་ལ། དེ་ནས་བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བར་སྐྱེས་ནས་ཡུན་རིང་ཕ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་བ་འདི་ཉིད། འཆི་བ་མི་རྟག་པ་མ་བསམས་ཤིང༌། ངན་འགྲོའི་སྡུག་བསྔལ་གྱིས་འཇིགས་ནས་དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་

༡༢༣

མ་སོང་བ་དང༌། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་ནས། དཀར་ནག་གི་ལས་འབྲས་ལ་བླང་དོར་ཚུལ་བཞིན་མ་བྱས་པས་ལན་པར་འདུག་པས་ད་བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཆི་བ་མི་རྟག་དྲན་པ་དང༌། ངན་འགྲོའི་སྡུག་བསྔལ་གྱིས་འཇིགས་ནས་དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་འགྲོ་ཞིང་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་སྐྱེས་ནས་སྡིག་སྤོང་དགེ་བ་ཚུལ་བཞིན་སྒྲུབ་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དེ་དང་དེའི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་གེགས་བྱེད། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་དངོས་གཞི་ལ་བཞི། འཆི་བ་མི་རྟག་པ་བསམ་པ། ངན་འགྲོའི་སྡུག་བསྔལ་བསམ་པ། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་སྦྱང་བ། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །དང་བོ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་རྟེན་འདི་མྱུར་དུ་འཇིག་སྟེ། འཆི་བདག་ངེས་པར་འོངས་ལ། དེ་ཡང་ཕྱི་ནང་གི་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པ་དང༌། ཚེ་ལ་སྣོན་པ་མེད་ཅིང༌། འབྲིང་བྱེད་བར་མ་ཆད་དང་བཅས་པ་དང༌། གསོན་པའི་ཚེ་ཡང་ཆོས་བྱ་ལོངས་མེད་པ་ངེས་པར་འཆི། །འཆི་བར་མ་ཟད་ནམ་འཆི་ལའང་ངེས་པ་མེད་དེ། རང་ཅག་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་དང༌། འཆི་རྐྱེན་ཤིན་ཏུ་

༡༢༤

མང་ཞིང་གསོན་པའི་རྐྱེན་ཉུང་བ་དང༌། ལུས་ཆུའི་སྦུ་བ་ལྟ་བུར་ཉམས་ཆུང་བས་ནམ་འཆི་ལ་ངེས་པ་མེད། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་ཕན་པ་མེད་དེ། གཉེན་བཤེས་བརྩེ་གདུང་ཇི་ལྟར་ཆེ་བས་མཐའ་བསྐོར་ཀྱང་གཅིག་ཀྱང་ཁྲིད་ས་མེད། ཡིད་དུ་འོང་བའི་ནོར་གྱི་ཕུང་པོ་ཇི་སྙེད་ཅིག་ཡོད་ཀྱང་རྡུལ་ཕྲན་ཙམ་ཡང་ཁྱེར་དུ་མེད། ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་འབྲལ་དགོས་ན་ཚེ་འདིའི་ཕུན་ཚོགས་ལ་ཆགས་པས་ཅི་ཞིག་བྱ། འཆི་བའི་དགྲ་ནི་ངེས་པར་འོང་ཞིང་ནམ་འོང་ལ་ངེས་པ་མེད། དེ་རིང་རང་ཡང་འཆི་ཉེན་ཡོད་པས་འཆི་གྲབས་ཤིག་བྱ་དགོས་པར་འདུག །འཆི་གྲབས་ཀྱང་ཚེ་འདིའི་ཕུན་ཚོགས་ཐམས་ཅད་ལ་མ་ཆགས་པར་ཆོས་རྣམ་དག་ཞིག་ད་ལྟ་ཉིད་དུ་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཚང་བའི་རྟེན་འདི་ཡང་མྱུར་དུ་འཇིག་ཅིང༌། ཞིག་པའི་འོག་ཏུ་མེད་དེ་མི་འགྲོ་བར་སྐྱེ་བ་ཞིག་བླང་དགོས་ལ། སྐྱེས་ཡང་ངན་འགྲོ་དང་བདེ་འགྲོ་གཉིས་ལས་མ་འདས་ཤིང༌། གལ་སྟེ་ངན་འགྲོར་སྐྱེས་ན་དམྱལ་བ་པ་རྣམས་ལ་ཚ་གྲང་དང་དེས་མཚོན་པའི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་དང་དེས་མཚོན་པའི་སྡུག་བསྔལ། དུད་འགྲོ་རྣམས་ལ་གླེན་ཞིང་གཏི་མུག་པ་དང་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་དེ། དེས་ན་འདི་ལྟ་བུའི་ངན་འགྲོའི་སྡུག་བསྔལ་བཟོད་བླག་མི་

༡༢༥

འདུག་པས། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཚང་བའི་རྟེན་ཐོབ་པའི་དུས་འདིར། ངན་འགྲོའི་སྡུག་བསྔལ་མཐའ་དག་སྤངས་པའི་བླ་མ་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གསུམ་པ་ན། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བླ་མ་ཡི་དམ་དཀོན་མཆོག་གསུམ་དཔའ་བོ་དཔའ་མོ་ཆོས་སྐྱོང་སྲུང་མའི་ཚོགས་ནམ་མཁའ་གང་བ་སྤྲོས་ཏེ། སྤྱི་བོའི་བླ་མ་ལྷའི་སྐུའི་མཐའ་བསྐོར་དུ་བཞུགས་པའི་སྐྱབས་ཡུལ་གསལ་ལེགས་པར་བཏབ། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ཡོན་ཏན་ཕྲིན་ལས་དྲན་བཞིན་པས། བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་འགྲོའི་འཇིགས་པ་ལས་ད་ལྟ་ཉིད་དུ་བསྐྱབ་ཏུ་གསོལ་སྙམ་པའི་འདུན་པ་དང་ལྡན་པས། བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། ཞེས་པའི་སྐྱབས་འགྲོ་ལན་བརྒྱ་སྟོང་ཁྲི་འབུམ་སོགས་བྱ་ཞིང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ཤེས་པའི་སྒོ་ནས་སྐྱབས་འགྲོའི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །བཞི་པ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། རྒྱལ་བའི་གསུང་རབ་ལས། རྒྱུ་དགེ་བ་སྤྱད་པ་ལ་བརྟེན་ནས་འབྲས་བུ་བདེ་བ་ཁོ་ན་འབྱུང་ཞིང་སྡུག་བསྔལ་མི་འབྱུང༌། རྒྱུ་མི་དགེ་བ་སྤྱད་པ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་ཞིང་བདེ་བ་མི་འབྱུང་རྒྱུ་དགེ་སྡིག་གཉིས་

༡༢༦

ཆུང་ངུ་ལས་མ་སྤྱད་ཀྱང༌། གེགས་བྱེད་དང་མ་ཕྲད་ན་འབྲས་བུ་ཤིན་ཏུ་ཆེ་བ་འབྱུང༌། རྒྱུ་དགེ་སྡིག་གཉིས་མ་སྦྱང་ན་འབྲས་བུ་བདེ་སྡུག་མྱོང་བ་མེད་ཅིང་རྒྱུ་དགེ་སྡིག་གཉིས་སྤྱད་པ་གེགས་བྱེད་དང་མ་ཕྲད་ན། ལས་བྱས་པ་ཆུད་མི་ཟ་བས་འབྲས་བུ་བདེ་སྡུག་གཉིས་ངེས་པར་འབྱིན། དེ་ཡང་ཞིང་དང༌། བསམ་པ་དང༌། དངོས་པོ་དང་རྟེན་གྱི་སྒོ་ནས་སྟོབས་ཆེ་བར་གསུངས་པ་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་ནས། དགེ་བ་བཅུ་ལ་སོགས་པའི་དགེ་བ་ཕྲ་མོ་ནས་བསྒྲུབ་ཅིང༌། མི་དགེ་བ་བཅུ་ལ་སོགས་པའི་མི་དགེ་བ་ཕྲ་མོས་ཀྱང་སྒོ་གསུམ་ལ་མ་གོས་པའི་བླང་དོར་ལ་འབད་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །དེ་ལྟར་འབད་ཀྱང་གཉེན་པོ་སྟོབས་ཆུང༌། ཉོན་མོང་སྟོབས་ཆེ་བས་མི་དགེ་བས་གོས་ན་སྟོབས་བཞིའི་བཤགས་སྡོམ་ལ་འབད་པར་བྱའོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། །གཉིས་པ་ཐུན་མཚམས་སུ་ཡང་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་བལྟ་བ་སོག་སྔར་བཞིན་ནོ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་བཤད་ཟིན་ཏོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་ལ་གཉིས། ཐར་པ་དོན་གཉེར་གྱི་བློ་བསྐྱེད་པ་དང༌། ཐར་པ་འགྲོ་བའི་ལམ་གྱི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། སྐྱབས་

༡༢༧

གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། ཞེས་པ་ཡན་ཆད་སྔར་བཞིན་ཡིན་ལ། དེ་ནས་བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བར་སྐྱེས་ནས་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་ཞིག་མྱོང་བ་འདི། །འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་མ་སྐྱེས་པས་ལན་བར་འདུག་པས་ད་བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཏུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་ནས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་སྐྱེ་བ་ལ་གེགས་བྱེད། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གཉིས། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་དང༌། སོ་སོའི་སྡུག་བསྔལ་བསམ་པའོ། །དང་པོ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། བདག་གིས་མི་དགེ་བཅུ་སྤོང་བའི་ཚུལ་ཁྲིམས་ལ་ཚུལ་བཞིན་དུ་བསླབ་པས། ངན་འགྲོའི་སྡུག་བསྔལ་ལས་འདས་པའི་བདེ་འགྲོའི་གོ་འཕང་ཞིག་ཐོབ་ཀྱང༌། སྡུག་བསྔལ་རྩ་བ་ནས་སྤངས་པའི་ཐར་པ་ཞིག་མ་ཐོབ་ན་བདེ་བའི་སྐབས་སྐད་ཅིག་ཀྱང་མི་འདུག་སྟེ། དཔེར་ན་མི་ནག་ཅན་ཞིག་ཟླ་བ་

༡༢༨

གཅིག་ནས་གསོད་པར་ངེས་ལ། དེའི་བར་དུ་ཡང་ཉི་མ་རེ་རེ་བཞིན་ཁྲིམས་ཀྱི་ལ་ཐིགས་དང༌། དབྱུག་པས་བསྣུན་པ་སོགས་ཀྱི་སྡུག་བསྔལ་དྲག་པོ་མྱོང་བ་ལ། འགའ་ཞིག་གིས་ངོ་ཆེན་སོགས་ཀྱིས་ད་ལྟ་དབྱུག་པས་བསྣུན་པའི་སྡུག་བསྔལ་མེད་ཀྱང་དེ་ནི་ཉི་མ་རེ་རེ་བཞིན་གསོད་པའི་སྡུག་བསྔལ་ལ་ཇེ་ཉེར་འགྲོ་བས་བདེ་བའི་བློ་ཅུང་ཟད་ཀྱང་མེད་པ་བཞིན་དུ། སྡུག་བསྔལ་རྩ་བ་ནས་སྤངས་པའི་ཐར་བ་མ་ཐོབ་ཕྱིན། བདེ་འགྲོའི་གོ་འཕང་ཅི་འདྲ་ཞིག་ཐོབ་ཀྱང་སར་བྱས་ཀྱི་ལས་བཟང་པོའི་འཕེན་པ་ཟད་ནས་ངན་སོང་གསུམ་དུ་ལྟུང་སྟེ། ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་དགོས་པར་འདུག །གཞན་ཡང་འཁོར་བ་འདིར་ལས་ཉོན་གྱི་དབང་གིས་སྐྱེ་བ་ཞིག་བླངས་ཕྱིན་ཆད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དགྲ་གཉེན་དུ་འགྱུར་བ་དང༌། གཉེན་ཡང་དགྲར་འགྱུར་བས་ཕན་གནོད་བྱེད་པ་ལ་ཡིད་བརྟེན་ནི་མེད། འཁོར་བའི་བདེ་བ་ཅི་ཙམ་སྤྱད་ཀྱང་ངོམས་པའི་མཐའ་མེད་པར་མ་ཟད་ཆགས་པ་རྒྱས་པར་བྱས་ཏེ་སྡུག་བསྔལ་མི་བཟད་པ་དུ་མ་ནི་འདྲེན་པར་བྱེད། ལུས་བཟང་པོ་ཅི་ཙམ་ཐོབ་ཀྱང་ཡང་དང་ཡང་དུ་འདོར་དགོས་པས་ལུས་ཐོབ་པ་ལ་ཡིད་བརྟེན་ནི་མེད། ཐོག་མ་མེད་པ་ནས་ཡང་དང་ཡང་དུ་ཉིང་མཚམས་སྦྱར་བས་སྐྱེ་བའི་མཐའ་མངོན་པ་ནི་མེད། འཁོར་བའི་ཕུན་ཚོགས་ཇི་ཙམ་ཐོབ་ཀྱང་མཐར་ངེས་པར་འདོར་དགོས་པས་ཕུན་ཚོགས་ཐོབ་པ་ལ་ཡིད་བརྟེན་ནི་མེད། རང་ཉིད་གཅིག་པུར་གྲོགས་མེད་པར་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་པས་གྲོགས་ལ་ཡིད་བརྟེན་ནི་མེད། དེས་ན་བདག་གིས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཐོབ་པའི་དུས་འདིར། འཁོར་བའི་སྡུག་བསྔལ་མཐའ་དག་སྤངས་པའི་བླ་མ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་

༡༢༩

བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པ་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་འཁོར་བ་སོ་སོའི་སྡུག་བསྔལ་བསམ་པ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། ཉེར་ལེན་གྱི་ཕུང་པོ་ཞིག་གྲུབ་ཕྱིན་ཆད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། ངན་སོང་གསུམ་ལྟ་སྨོས་ཀྱང་ཅི་དགོས། མིའི་ཉེར་ལེན་གྱི་ཕུང་བོ་གྲུབ་པ་ལ་བརྟེན་ནས། བཀྲེས་སྐོམ་དང༌། ཚོལ་ཁྲོ་དང༌། གཉེན་སྡུག་པ་དང་བྲལ་བ་དང༌། དགྲ་མི་སྡུག་པ་དང་ཕྲད་པ་དང༌། འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་ཅིང༌། མི་འདོད་པའི་དངོས་པོ་ཐོག་ཏུ་བབས་པ་དང༌། སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་མྱོང༌། ལྷ་མ་ཡིན་གྱི་ཉེར་ལེན་གྱི་ཕུང་པོ་སྒྲུབ་པ་ལ་བརྟེན་ནས། ལྷའི་དཔལ་འབྱོར་མི་བཟོད་པའི་ཕྲག་དོག་གིས་ཡིད་གདུང་བའི་སྡུག་བསྔལ་དང༌། དེ་ལ་བརྟེན་ནས་ལུས་ཐོག་ཏུ་བབས་པའི་སྡུག་བསྔལ་མྱོང༌། །འདོད་ལྷའི་ཉེར་ལེན་གྱི་ཕུང་བོ་གྲུབ་པ་ལ་བརྟེན་ནས་ལྷ་མ་ཡིན་རྣམས་དང་འཐབ་པ་ན་ཡན་ལག་བཅད་པ་དང༌། ལུས་འདྲལ་བ་དང༌། གསོད་པ་སོགས་ཀྱི་སྡུག་བསྔལ་དང༌། མི་འདོད་བཞིན་དུ་འཆི་ལྟས་ལྔ་ཕོག་སྟེ། ལྷའི་དཔལ་འབྱོར་དང་བྲལ་ནས། ངན་སོང་གི་སྡུག་བསྔལ་མྱོང་དགོས་པར་ཤེས་པའི་སྡུག་བསྔལ་དང༌། ཁམས་གོང་མ་གཉིས་ཀྱི་ཉེར་ལེན་གྱི་ཕུང་པོ་གྲུབ་ཀྱང་གནས་པས་རང་དབང་མ་ཐོབ་པས། སྔར་གྱི་ལས་བཟང་པོའི་འཕེན་པ་ཟད་ནས་ངན་སོང་དུ་ལྟུང་བའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། མདོར་ན་ཉེར་ལེན་གྱི་ཕུང་པོ་འདིས་ཚེ་འདིའི་སྐྱེ་རྒ་ན་འཆི་སོགས་ཀྱི་རྟེན་བྱེད་ཅིང༌། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གཉིས་འདི་ཕྱི་གཉིས་ཀར་འདྲེན་པ་བྱེད། ཉེར་ལེན་གྱི་ཕུང་བོ་རང་གྲུབ་ཙམ་ནས་ལས་

༡༣༠

ཉོན་གྱི་གཞན་དབང་ཅན་གྱི་འདུ་བྱེད་ཀྱི་ཕུང་བོའི་རང་བཞིན་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡན་ཉེར་ལེན་གྱི་ཕུང་པོའི་རང་བཞིན་ཅན་གྱི་འཁོར་བ་ལས་གྲོལ་བའི་བླ་མ་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། གཉིས་པ་ཐུན་མཚམས་སུ་ཡང་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་དུ་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལྟ་བ་སོགས་ནི་སྔར་བཞིན་ནོ། །གཉིས་པ་ཐར་བར་འགྲོ་བའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་བོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་བོ་སྦྱོར་བ་ནི། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། ཞེས་པ་ཡན་ཆད་སྔར་བཞིན་ཡིན་ལ། དེ་ནས་བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བར་སྐྱེས་ནས་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་བ་འདི་ཐར་པ་དོན་གཉེར་གྱི་བློ་བསྐྱེད་ནས་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་མ་བསླབས་པས་ལན་པར་འདུག་པས། ད་བདག་དང་མ་སེམས་ཅན་ཐམས་ཅད་ཀྱིས་ཐར་བ་དོན་གཉེར་གྱི་བློ་བསྐྱེད་ནས་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་སློབ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་

༡༣༡

ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་ཐར་པ་དོན་གཉེར་གྱི་བློ་བསྐྱེད་ནས་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་དུ་སློབ་པ་ལ་གེགས་བྱེད། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་ཐར་བ་དོན་གཉེར་གྱི་བློ་བསྐྱེད་ནས་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་སློབ་པའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་དངོས་གཞི་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། ཤེས་པ་ཁོ་རང་གི་ངོས་ནས་ལུང་མ་བསྟན་ཡིན་པ་ལ། དང་པོར་བདག་དང་བདག་གི་བ་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པའི་བློ་སྐྱེ། དེས་བདག་ཏུ་བཟུང་བ་ལ་བརྟེན་ནས། རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བ་དང༌། གཞན་ལས་མཆོག་འཛིན་གྱི་ང་རྒྱལ་ལ་སོགས་པའི་ལྟ་ལོག་རྣམས་སྐྱེ། དེ་ལ་བརྟེན་ནས་བདག་མེད་པ་སྟོན་པའི་སྟོན་པ་དང༌། དེས་བསྟན་པའི་ལས་འབྲས་དང༌། བདེན་བཞི་དང༌། དཀོན་མཆོག་གསུམ་སོགས་མེད་པར་འཛིན་པའི་ལོག་ལྟ་དང་ཐེ་ཚོམ་རྣམས་སྐྱེ། དེ་ལ་བརྟེན་ནས་ཉོན་མོངས་པ་གཞན་རྣམས་རྒྱས། དེའི་དབང་གིས་ལས་བསགས་ནས། འཁོར་བར་མི་འདོད་བཞིན་དུ་སྡུག་བསྔལ་སྣ་ཚོགས་མྱོང་བ་འདི་བྱུང་འདུག །དེས་ན་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་མཐར་གཏུགས་ན་མ་རིག་པར་འདུག་པས། འཁོར་བའི་སྡུག་བསྔལ་ཐམས་ཅད་རྩ་བ་ནས་སྤངས་པའི་བླ་མ་སངས་རྒྱས་ཀྱི་གོ་འཕང་ཞིག་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །ཁྱད་པར་བསྲུངས་ན་ཕན་ཡོན་ཆེ་ཞིང་མ་བསྲུང་ན་ཉེས་དམིགས་ཤིན་ཏུ་ཆེ་བར་འདུག་པས། བདག་གིས་ཇི་ལྟར་ཁས་བླངས་པའི་ཚུལ་ཁྲིམས་

༡༣༢

སྲོག་གི་ཕྱིར་ཡང་མི་བཏང་བར་ཚུལ་བཞིན་དུ་བསྲུང་བར་བྱའོ། །དེ་ཡང་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས་དེའི་གཉེན་པོར་བསླབ་བྱ་རྣམས་ཉན་ནས་ཤེས་པར་བྱ། མ་གུས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། དེའི་གཉེན་པོར་སྟོན་པ་དང༌། དེས་བཅས་པའི་བསླབ་པ་དང༌། བསླབ་པ་དེ་ལ་ཚུལ་བཞིན་དུ་སློབ་པའི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པར་བྱ། བག་མེད་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས་དེའི་གཉེན་པོར་དྲན་ཤེས་ངོ་ཚ་ཁྲེལ་ཡོད་པ་སྐྱེས་ནས་བག་དང་ལྡན་པར་བྱ། ཉོན་མོངས་པ་མང་བ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང༌། ཞེ་སྡང་གི་གཉེན་པོར་བྱམས་པ་དང༌། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་སོགས་བསྒོམས་ནས། ཉེས་པ་རྣམས་ཀྱིས་མ་གོས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། གཉིས་པ་ཐུན་མཚམས་སུ་སོ་སོར་ཐར་བའི་དབང་དུ་བྱས་པའི་བསླབ་བྱ་རྣམས་བལྟ་བ་སོགས་ནི་སྔར་བཞིན་ནོ། །སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་བཤད་ཟིན་ཏོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་གཉིས། བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་དང༌། སེམས་བསྐྱེད་ནས་སྤྱོད་པ་ལ་བསླབ་ཚུལ་ལོ། །དང་བོ་ལ་གཉིས། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དངོས་དང༌། སེམས་བསྐྱེད་ཆོ་གས་བཟུང་བའི་ཚུལ་ལོ། །དང་བོ་ལ་གཉིས། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་

༡༣༣

བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་དང༌། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་ལོ། །དང་པོ་ནི། སྔོན་དུ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་བསྒྲུབས་ཏེ། མར་ཤེས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་བསྒོམ་པ་ཡིན་པས་འདི་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། ཞེས་པ་ཡན་ཆད་སྔར་བཞིན་ཡིན་ལ། བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ། སེམས་ཅན་ཐམས་ཅད་ལ་ཉེ་རིང་ཆག་སྡང་དང་བྲལ་བའི་སེམས་སྙོམས་པ་དང་མར་ཤེས་དྲིན་དྲན་དྲིན་གཟོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། ཐོགས་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་སོགས་སྐྱེ་བ་ལ་གེགས་བྱེད། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་ཏུ་གྱུར། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་སོགས་ཀྱི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་དངོས་གཞི་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས། ཕན་གནོད་གང་ཡང་མ་བྱས་པའི་བར་མའི་སེམས་ཅན་གཅིག་མདུན་དུ་གསལ་བར་དམིགས་ནས། །འདིའི་ངོས་ནས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་བས་རེས་འགའ་ནི་ཉེ་བར་

༡༣༤

བཟུང་ནས་ཕན་འདོགས་པ་དང༌། རེས་འགའ་ནི་རིང་བར་བཟུང་ནས་གནོད་པ་སྐྱེལ་བའི་ཆ་གཉིས་མི་བྱ་བར་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་ཞིག་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ལ་སེམས་སྙོམས་པ་ན་ཡིད་དུ་འོང་ངེས་ཤེས་པའི་སེམས་ཅན་གཅིག་མདུན་དུ་གསལ་བར་དམིགས་ནས་སེམས་སྙོམས་པ་སྒོམ་པར་བྱེད། དེ་ལ་སེམས་མི་སྙོམས་པ་ནི་ཆགས་པའི་དབང་གིས་ཡིན་པར་འདུག །སྔར་ཡང་ཡིད་དུ་འོང་བ་ལ་སྲེད་པས་ཀ་འཁོར་བར་སྐྱེས་པ་ཡིན་སྙམ་དུ་སྲེད་པ་བཀག་ནས་སྒོམ་པར་བྱེད། དེ་ལ་སེམས་སྙོམས་པ་ན་ཡིད་དུ་མི་འོང་ངེས་ཤེས་པའི་སེམས་ཅན་གཅིག་མདུན་དུ་གསལ་བར་དམིགས་ནས་སེམས་སྙོམས་པ་སྒོམ་པར་བྱེད། དེ་ལ་སེམས་མི་སྙོམས་པ་ནི་རང་གི་བློས་མཐའ་གཅིག་ཏུ་མི་མཐུན་པར་བཟུང་བས་ཞེ་སྡང་སྐྱེས་པ་ཡིན། དེ་ལ་སེམས་མ་སྙོམས་ན་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གནས་མེད་སྙམ་དུ་ཞེ་སྡང་བཀག་ནས་སྒོམ་པར་བྱེད། དེ་ལ་སེམས་སྙོམས་པ་ན་མ་ལྟ་བུའི་ཆེས་ཡིད་དུ་འོང་བའི་སེམས་ཅན་གཅིག་དང་དགྲ་ལྟ་བུའི་ཆེས་ཡིད་དུ་མི་འོང་བའི་སེམས་ཅན་གཅིག་སྟེ་གཉིས་མདུན་དུ་གསལ་བར་དམིགས་ནས། འདི་གཉིས་ཀྱི་ངོས་ནས་བདེ་བ་འདོད་ཅིང༌། སྡུག་བསྔལ་མི་འདོད་པར་མཚུངས་ལ། རང་གི་ངོས་ནས་ནི་ད་ལྟ་གཉེན་དུ་བཟུང་བ་འདིས་ཀྱང་འཁོར་བ་ཐོག་མ་མེད་པ་ནས་དགྲའི་གཙོ་བོ་བྱས་པ་ལ་གྲངས་ཀྱིས་མི་ཆོད། ད་ལྟ་དགྲར་བཟུང་བ་འདིས་ཀྱང་འཁོར་བ་ཐོག་མ་མེད་པ་ནས་མ་བྱས་ཏེ་བརྩེ་བས་བསྐྱངས་པ་ལ་གྲངས་ཀྱིས་མི་ཆོད་པས། གང་ལ་ནི་ཆགས་པར་བྱ། གང་ལ་ནི་སྡང་བར་བྱ། ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་ཞིག་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ལ་སེམས་སྙོམས་པ་ན་སེམས་ཅན་ཐམས་ཅད་ལ་

༡༣༥

སེམས་སྙོམས་པ་སྒོམ་པར་བྱེད། དེའི་ཚུལ་ནི་སེམས་ཅན་ཐམས་ཅད་ཀྱི་ངོས་ནས་བདེ་བ་འདོད་ཅིང༌། སྡུག་བསྔལ་མི་འདོད་པར་མཚུངས། རང་གི་ངོས་ནས་ནི་སེམས་ཅན་ཐམས་ཅད་གཉེན་ཡིན་པས་འགའ་ཞིག་ལ་ཉེ་བར་བཟུང་ནས་ཕན་འདོགས་པ་དང༌། འགའ་ཞིག་ལ་རིང་བར་བཟུང་ནས་གནོད་པ་སྐྱེལ་བའི་ཆ་གཉིས་མི་བྱ་བར་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་ཞིག་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སོགས་དང༌། དེ་རྗེས་མར་ཤེས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་སྒོམ་ཚུལ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། འོ་ན་སེམས་ཅན་ཐམས་ཅད་བདག་གི་གཉེན་ཡིན་པའི་རྒྱུ་མཚན་ཇི་ལྟར་ཡིན་ཞེན་འཁོར་བ་ལ་ཐོག་མ་མེད་པས་བདག་གིས་སྐྱེ་བ་ལ་ཡང་ཐོག་མ་མེད་ཅིང༌། སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡུལ་ཕྱོགས་དང་ས་ཕྱོགས་འདིར་མ་སྐྱེས་བྱ་བ་གཅིག་ཀྱང་མེད། སྐྱེས་པ་ལ་གྲངས་ཀྱིས་མི་ཆོད། སེམས་ཅན་འདིའི་ལུས་མ་བླངས་བྱ་བ་གཅིག་ཀྱང་མེད། བླངས་པ་ལ་གྲངས་ཀྱིས་མི་ཆོད། སེམས་ཅན་འདིས་བདག་གི་མ་མ་བྱས་བྱ་བ་གཅིག་ཀྱང་མེད། བྱས་པ་ལ་གྲངས་ཀྱིས་མི་ཆོད། སེམས་ཅན་རེ་རེ་ནས་ཀྱང་མིའི་རྟེན་ལ་བདག་གིས་མ་མ་བྱས་བྱ་བ་གཅིག་ཀྱང་མེད། བྱས་པ་ལ་གྲངས་ཀྱིས་མི་ཆོད་ཅིང་ད་དུང་ཡང་བྱེད་པར་འགྱུར། དེས་ན་དྲིན་གྱིས་བསྐྱངས་པའི་མ་ཅིས་ཀྱང་ཡིན་སྙམ་དུ་བསམ་མོ། །འོ་ན་སེམས་ཅན་ལ་གྲངས་མེད་པས་སེམས་ཅན་ཐམས་ཅད་བདག་གི་མ་མ་ཡིན་ནོ་སྙམ་ན་སེམས་ཅན་ལ་གྲངས་མེད་པས་བདག་གི་མ་མ་ཡིན་པར་མི་འགྱུར་ཏེ། སེམས་ཅན་ལ་གྲངས་མེད་པ་བཞིན་དུ་བདག་གི་སྐྱེ་བ་ལ་ཡང་གྲངས་མེད་པས་སེམས་ཅན་ཐམས་ཅད་བདག་གི་མ་ཡིན་སྙམ་དུ་བསམ། གལ་ཏེ་བདག་དང་སེམས་ཅན་ཐམས་ཅད་ཕན་ཚུན་ངོ་མི་

༡༣༦

ཤེས་པས་བདག་གི་མ་མ་ཡིན་ནོ་སྙམ་ན། བདག་དང་སེམས་ཅན་ཐམས་ཅད་ཕན་ཚུན་ངོ་མི་ཤེས་པས་བདག་གི་མ་མ་ཡིན་པར་མི་འགྱུར་ཏེ། ཚེ་འདིར་ཡང་མ་བུ་ཕན་ཚུན་ངོ་མི་ཤེས་པ་དུ་མ་འདུག་པས་སོ་སྙམ་དུ་བསམ། གཞན་ཡང་སེམས་ཅན་ཐམས་ཅད་བདག་གི་ཚེ་རབས་སྔ་མའི་མ་ཡིན་ཀྱང་འདས་ཟིན་པས་མ་ཡིན་པ་མི་འཐད་དོ་སྙམ་ན། འོ་ན་ཁ་སང་གི་དུས་ཀྱི་མ་དེ་དེ་རིང་གི་དུས་སུ་འདས་ཟིན་པས་མ་མ་ཡིན་པར་འགྱུར་ཏེ། དེས་ན་ཁ་སང་གི་དུས་ཀྱི་མ་དང་དེ་རིང་གི་དུས་ཀྱི་མ་གཉིས་མ་ཡིན་པ་ལ་ཡང་ཁྱད་པར་མེད། དྲིན་གྱིས་བསྐྱངས་པ་ལ་ཡང་ཁྱད་པར་མེད་པ་བཞིན་དུ། ཚེ་རབས་སྔ་མའི་མ་དང་ཚེ་འདིའི་མ་གཉིས་ཀྱང་མ་ཡིན་པ་ལ་ཡང་ཁྱད་པར་མེད། དྲིན་གྱིས་བསྐྱངས་པ་ལ་ཡང་ཁྱད་པར་མེད་པས་སེམས་ཅན་ཐམས་ཅད་བདག་གི་མ་ཅིས་ཀྱང་ཡིན་སྙམ་དུ་བསམ། དེ་ལ་མྱོང་བ་ཐོན་པ་ན་དྲིན་བསམ་པ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་རང་གི་ཚེ་འདིའི་མ་གཞོན་པའི་གནས་སྐབས་མ་ཡིན་པ་རྒན་པའི་གནས་སྐབས་ཀྱི་རྣམ་པ་གསལ་བ་གཅིག་མདུན་དུ་བསྒོམས་ནས་འདི་ལྟར་བསམ་སྟེ། བདག་གི་མ་འདིས་ཚེ་འདི་ཁོ་ནར་མ་ཟད་ཚེ་རབས་ཐོག་མ་མེད་པ་ནས་བདག་གི་མ་བགྲང་ལས་འདས་པ་བྱེད་བྱེད་པ་གཅིག་ཡིན་ཁྱད་པར་ཚེ་འདིར་ཡང་དང་པོར་མངལ་དུ་བརྩེ་བས་བསྐྱངས། བཙས་པའི་ཚེ་འཇམ་པའི་སྟན་ལ་བཞག །སོར་མོ་བཅུའི་རྩེ་ལ་གཡེང༌། ཤའི་དྲོད་ལ་སྦྱར། བརྩེ་བའི་འཛུམ་གྱིས་བསུས། དགའ་བའི་མིག་གིས་བལྟས། སྣབས་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས། མ་རང་སྲོག་ལ་བབས་པ་ལྟ་བུའི་སྡུག་བསྔལ་བྱུང་བ་ལས། བདག་ཅུང་ཟད་ན་བ་ལ་སྡུག་བསྔལ་ཆེ་བར་བྱས། སྡིག་སྡུག་གཏམ་ངན་རང་སྲོག་ལའང་མ་བལྟས་པ་ཤ་ཐང་ཐང་དུ་བསྒྲུབས་པའི་ཟས་ནོར་ཐམས་ཅད་བདག་ལ་བརྩེ་བས་ཕོག །མ་རང་གི་འབྱོར་འཁོས་དང་བསྟུན་པའི་

༡༣༧

ཕན་པ་དང་བདེ་བ་ཚད་མེད་པ་བསྒྲུབས། གནོད་པ་དང་སྡུག་བསྔལ་ཚད་མེད་པ་ལས་བསྐྱབས་པས་དྲིན་ཤིན་ཏུ་ཆེ་སྙམ་དུ་བསམ། དེ་ལ་མྱོང་བ་ཐོན་པ་ན་ཕ་ལ་སོགས་པའི་གཉེན་གཞན་རྣམས་ལ་སྒོམ། །དེའི་ཚུལ་ནི་ཕ་ལ་སོགས་པའི་རྣམ་པ་གསལ་བར་དམིགས་ནས། འདིས་ཚེ་རབས་ཐོག་མ་མེད་པ་ནས་བདག་གི་མ་བྱས་པ་བགྲང་ལས་འདས་ཤིང༌། མ་ནམ་བྱས་པའི་ཚེ་ཚེ་འདིའི་མས་ཇི་ལྟར་དྲིན་གྱིས་བསྐྱངས་པ་བཞིན་ཏུ་དྲིན་གྱིས་བསྐྱངས་པས་དྲིན་ཤིན་ཏུ་ཆེ་སྙམ་དུ་བསམ། དེ་ལ་མྱོང་བ་ཐོན་པ་ན་བར་མའི་སེམས་ཅན་ཐམས་ཅད་ལ་བསྒོམ། །དེའི་ཚུལ་ནི་བར་མའི་སེམས་ཅན་རྣམས་མདུན་དུ་གསལ་བར་དམིགས་ནས། ད་ལྟ་བདག་དང་འདི་རྣམས་གང་ཡང་འབྲེལ་མེད་འདྲ་འདྲ་ཞིག་འདུག་མོད། འདི་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་བདག་གི་མ་བྱས་པ་བགྲང་ལས་འདས་ཤིང༌། མ་ནམ་བྱས་པའི་ཚེ་ཚེ་འདིའི་མས་ཇི་ལྟར་དྲིན་གྱིས་བསྐྱངས་པ་བཞིན་དུ་དྲིན་གྱིས་བསྐྱངས་པས་དྲིན་ཤིན་ཏུ་ཆེ་སྙམ་དུ་བསམ། དེ་ལ་མྱོང་བ་ཐོན་པ་ན་དགྲ་ལ་བསྒོམ། དེའི་ཚུལ་ནི་དགྲའི་རྣམ་པ་མདུན་དུ་གསལ་པ་ལ་དམིགས་ནས། ད་ལྟ་འདི་དགྲར་བཟུང་བས་ཅི་ཞིག་བྱ། འདིས་ཚེ་རབས་ཐོག་མ་མེད་པ་ནས་བདག་གི་མ་བྱས་པ་བགྲང་ལས་འདས་ཤིང༌། མ་ནམ་བྱས་པའི་ཚེ་ཕན་པ་དང་བདེ་བ་ཚད་མེད་པར་བསྒྲུབས། གནོད་པ་དང་སྡུག་བསྔལ་ཚད་མེད་པ་ལས་བསྐྱབས། ཁྱད་པར་བདག་གིས་འདི་མེད་ན་ཅུང་ཟད་ཀྱང་སྡོད་མི་ཚུགས་པ་དང༌། འདིས་ཀྱང་བདག་མེད་ན་ཅུང་ཟད་ཀྱང་སྡོད་མི་ཚུགས་པ་ལྟ་བུའི་ཡིད་བཅུགས་པ་བགྲང་ལས་འདས་པ་བྱས། ད་ལྟ་གནས་སྐབས་འདི་འདྲར་གྱུར་པ་ལས་ངན་པའི་དབང་གིས་ཡིན་འདུག །གཞན་དུ་ན་དྲིན་གྱིས་བསྐྱངས་པའི་མ་ཤ་སྟག་ཡིན་སྙམ་དུ་བསམ། དེ་ལ་མྱོང་བ་ཐོན་པ་ན་སེམས་ཅན་ཐམས་

༡༣༨

ཅད་ཀྱི་དྲིན་བསམ་མོ། །དེ་ལྟར་དྲིན་བསམས་ནས་དྲིན་གཟོ་སྒོམ་ཚུལ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་མ་རྣམས་ཉོན་མོངས་པའི་གདོན་གྱིས་སེམས་དཀྲུགས་པས་ན་ཤེས་པ་ལ་རང་དབང་མ་ཐོབ་པར་སྨྱོ། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལྟ་བའི་མིག་དང་ནི་བྲལ། དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་ནི་མེད། སྐད་ཅིག་རེ་རེར་ཉེས་སྤྱོད་ཀྱིས་དབྱེ་ན་སྤྱོད་པས་ནི་བརྡེག་འཆའ། །སྤྱིར་འཁོར་བ་དང་ཁྱད་པར་ངན་འགྲོ་འཇིགས་སུ་རུང་བའི་གཡང་ས་འགྲིམ་པ་རྣམས་ཡལ་བར་དོར་ན་ཁྲེལ་ཤིན་ཏུ་ཆེ་བས་བདག་གིས་དྲིན་ལན་དུ་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་ཐར་བའི་བདེ་བ་ལ་དགོད་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ནས་བྱམས་པ་སྒོམ་ཚུལ་ནི། རང་གི་མ་ལྟ་བུ་ཡིད་དུ་གང་གཅགས་པ་ཅིག་ལ་དམིགས་ནས། འདི་ལ་ཟག་མེད་ཀྱི་བདེ་བ་ག་ལ་ཡོད། ཟག་བཅས་ཀྱི་བདེ་བ་ཙམ་ཡང་མི་འདུག །ད་ལྟ་བདེ་བར་རློམས་པ་འདི་དག་སྡུག་བསྔལ་དུ་འགྱུར་ནས་འགྲོ། བདེ་བ་ཞིག་འདོད་ན་འབད་འབད་དུང་དུང་བྱས་ཀྱང་ཕྱི་མར་ངན་སོང་གི་སྡུག་བསྔལ་གྱི་རྒྱུ་བྱེད། ཚེ་འདིར་ཡང་ངལ་ཞིང་དུབ་པས་སྡུག་བསྔལ་བར་བྱེད་པ་མ་གཏོགས། ཡང་དག་པའི་བདེ་བ་ཞིག་གཏན་ནས་མི་འདུག །དེས་ན་འདི་ཉིད་བདེ་བ་དང་བདེ་བའི་རྒྱུ་ཐམས་ཅད་དང་ལྡན་ན་ཅི་མ་རུང༌། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ལ་མྱོང་བ་ཐོན་པ་ན་ཕ་ལ་སོགས་པའི་གཉེན་གཞན་རྣམས་དང༌། བར་མའི་སེམས་ཅན་རྣམས་དང༌། དགྲ་རྣམས་དང༌། མཐར་སེམས་ཅན་ཐམས་ཅད་ལ་དམིགས་ནས་སྔར་བཞིན་བསྒོམ།

༡༣༩

དེ་ནས་སྙིང་རྗེ་སྒོམ་ཚུལ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས། ཐོག་མར་བཤན་པས་གསོད་བཞིན་པའི་ལུག་ལྟ་བུའི་སྡུག་བསྔལ་གྱིས་ཉམ་ཐག་པའི་འགྲོ་བ་རྣམས་ལ་བསྒོམ། དེའི་ཚུལ་ནི་མདུན་དུ་དེའི་རྣམ་པ་གསལ་བར་དམིགས་ནས། ཡན་ལག་རྣམས་ནི་བཅིངས། བྲང་གི་པགས་པ་ནི་བཤགས། བཤན་པའི་ལག་པ་ཁོང་བར་བཅུག་པས་སྲོག་ལ་འབབས་པ་ནི་མངོན་སུམ་དུ་ཤེས། མིག་བཤན་པའི་གདོང་ལ་རིག་རིག་ཏུ་བལྟ་ཞིང༌། སྡུག་བསྔལ་གྱིས་ཉམ་ཐག་པའི་ཚུལ་བསམས་ནས། དེས་ན་འདི་ཉིད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ན་ཅི་མ་རུང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ལ་མྱོང་བ་ཐོན་པ་ན་དགེ་འདུན་གྱི་དཀོར་ལ་བག་མེད་དུ་སྤྱོད་པ་དང༌། ཚུལ་འཆལ་དང༌། ཆོས་སྤོང་མཁན་དང༌། ལོག་ལྟ་ཅན་དང་སེམས་ཅན་ལ་འཚེ་ཞིང་སྡིག་པ་མི་དགེ་བ་སྣ་ཚོགས་བྱེད་པ་ལ་སྐྱེན་སྐྱེན་པོར་བྱེད་པའི་འགྲོ་བ་རྣམས་ལ་དམིགས་ནས་བསྒོམ། དེའི་ཚུལ་ནི་དེ་དག་གི་རྣམ་པ་མདུན་དུ་གསལ་བར་དམིགས་ནས། ད་ལྟ་འདི་དག་གི་བྱེད་སྤྱོད་འདི་འདྲ་ན། ཚེ་འདིར་ཡང་བདེ་བ་ནི་མི་འདུག །ཤི་མ་ཐག་ཏུ་ནི་ངན་སོང་དུ་སྐྱེ་བ་ལ་ཐེ་ཚོམ་མེད། དེར་སྐྱེས་ན་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་དགོས་པ་འདུག །དེས་ན་འདི་དག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ན་ཅི་མ་རུང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་

༡༤༠

གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ལ་མྱོང་བ་ཐོན་པ་ནམ་ལ་སོགས་པའི་གཉེན་རྣམས་མདུན་དུ་གསལ་བར་དམིགས་ནས། འདི་ཉིད་ཚེ་འདིའི་འབད་འབད་དུང་དུང་གིས་དགྲ་གཉེན་གྱི་གསོ་ཚིས་བྱེད་བྱེད་ནས་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་གཉིས་ཀྱིས་གདུང་ནས་བདེ་བའི་སྐབས་ཅུང་ཟད་ཀྱང་མི་འདུག །ཚེ་འདིར་ཡང་བྱ་བ་ངན་པས་བྲེལ་ནས་དགེ་བའི་བློ་མ་སྐྱེས་པས། ཤི་མ་ཐག་ཏུ་ངན་སོང་དུ་སྐྱེས་ནས་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་དགོས་པ་འདུག །དེས་ན་འདི་དག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ན་ཅི་མ་རུང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ལ་མྱོང་བ་ཐོན་པ་ན་བར་མའི་སེམས་ཅན་དང༌། དགྲ་དང༌། མཐར་སེམས་ཅན་ཐམས་ཅད་ཀྱི་བར་སྔར་བཞིན་སྒོམ་མོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་ལ་ཡིད་འགྱུར་བའི་མྱོང་བ་ཐོན་པ་ན་ལྷག་བསམ་སྒོམ་ཚུལ་ནི་སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། སྡུག་བསྔལ་གྱིས་མནར་ཞིང་བདེ་བས་ཕོངས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་ཞིག་བདག་གིས་བྱའོ། །བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པ་ཞིག་བདག་གིས་བྱའོ། །ཁྱད་པར་མ་སེམས་ཅན་ཐམས་ཅད་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་བདག་གིས་བྱའོ། །དེ་ལྟར་བྱེད་ནུས་པ་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ནས་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། འོ་ན་ཁྱོད་ལ་སེམས་ཅན་

༡༤༡

ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ནུས་པ་ཡོད་དམ་ཞེ་ན། ད་ལྟ་ནི་སེམས་ཅན་གཅིག་ཀྱང་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པའི་ནུས་པ་མི་འདུག །དེར་མ་ཟད་དགྲ་བཅོམ་པ་གཉིས་ཀྱི་གོ་འཕང་ཐོབ་ཀྱང་སེམས་ཅན་གྱི་དོན་ཉི་ཚེ་བ་མ་གཏོགས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ནུས་པ་མེད། དེ་ལྟ་བུའི་ནུས་པ་སུ་ལ་ཡོད་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡོད་དེ། ཁོང་གི་སྐུའི་ཡོན་ཏན་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། གསུང་གི་ཡོན་ཏན་འབད་རྩོལ་མེད་པར་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་དབྱངས་སྐད་ཅིག་རེ་རེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་སྐད་དུ་ཆོས་སྟོན་པར་ནུས་པ། །ཐུགས་ཀྱི་ཡོན་ཏན་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་གཟིགས་ཤིང༌། །སེམས་ཅན་ཐམས་ཅད་ལམ་བུ་གཅིག་པ་ལ་བརྩེ་བ་ལྟར་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པས་གདུལ་བའི་དུས་ལས་སྐད་ཅིག་ཀྱང་མི་འདའ་བ། ཕྲིན་ལས་འབད་མེད་ལྷུན་གྱིས་གྲུབ་ཅིང༌། སྐུ་གསུང་ཐུགས་ཀྱི་འོད་ཟེར་རེ་རེ་ཙམ་སྤྲོས་པས་ཀྱང་སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་ནུས་པ་ལ་སོགས་པ། མདོར་ན་ཡོན་ཏན་གྱི་རིགས་ཐམས་ཅད་དང་ལྡན་ཞིང༌། སྐྱོན་གྱི་རིགས་ཐམས་ཅད་དང་བྲལ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ན་ཡིན། དེས་ན་རང་གཞན་གཉིས་ཀའི་དོན་མཐར་ཕྱིན་པ་ཞིག་བྱེད་ན་དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་དགོས་པ་འདུག་པས། བདག་གིས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་པ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུ་ལས་སྐུ་གཉིས་

༡༤༢

པ་ཞིག་མར་མེ་གཅིག་ལས་གཉིས་ཆད་གྱི་ཚུལ་དུ་བྱུང་ནས་རང་ལ་ཐིམ་པས། སེང་གེ་ཆེན་པོ་བརྒྱད་ཀྱིས་གཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་རང་ཉིད་རྒྱལ་བ་ཤཱཀྱ་ཐུབ་པ། ཞེས་པ་ནས། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་གྱུར་བའི་མོས་པ་བྱེད། རང་ཐུབ་པའི་དབང་བོར་གསལ་བའི་ངང་ནས་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྣམ་པར་སྤྲོས་ནས་སེམས་ཅན་ཐམས་ཅད་ལ་བཏང་བས། སེམས་ཅན་ཐམས་ཅད་ཀྱིས་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པའི་མོས་པ་བྱེད་དོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། གཉིས་པ་ཐུན་མཚམས་སུ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་བཞག་སྟོན་པའི་གསུང་རབ་དགོངས་འགྲེལ་ངང་བཅས་པ་བལྟ་བ་སོགས་སྔར་བཞིན་ནོ། །གཉིས་པ་ནི། སྔོན་དུ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བཏང་སྙོམས་དང་མར་ཤེས་དྲིན་དྲན་གསུམ་སྒོམ་པ་སྔོན་དུ་བཏང་སྟེ། རང་གི་མཐའ་བསྐོར་དུ་སེམས་ཅན་ཐམས་ཅད་གསལ་བར་དམིགས་ནས། རང་གི་བློ་ཡུལ་དུ་རང་གཞན་གཉིས་གང་གཅེས་པར་འཛིན། གང་ཡལ་བར་འདོར་སྙམ་དུ་བརྟགས་པ་ན། རང་གཅེས་པར་འཛིན་ཅིང་གཞན་ཡལ་བ་འདོར་བའི་བློ་དང་ངམ་ཤུགས་ཀྱིས་སྐྱེལ། དེའི་ཚེ་འདི་ལྟར་བསམ་སྟེ་རང་གཅེས་པར་བཟུང་ནས་གཞན་ཡལ་བར་འདོར་མི་རིགས་ཏེ། རང་གཞན་གཉིས་ཀ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་མཚུངས་པའི་ཕྱིར། དེས་ན་རང་གཅེས་པར་འཛིན་པ་བཞིན་དུ་གཞན་གཅེས་པར་འཛིན་དགོས་ཏེ། གཞན་གྱིས་རང་གཅེས་པར་བཟུང་ན་རང་དགའ་བ་བཞིན་དུ། རང་གིས་ཀྱང་གཞན་གཅེས་པར་བཟུང་ན་གཞན་དགའ་བར་འགྱུར་བས་སོ། །གཞན་ཡང་རང་

༡༤༣

ཉིད་ཕུན་སུམ་ཚོགས་པ་གཅིག་བྱེད་པར་འདོད་ནས་འཁོར་བ་ཐོག་མ་མེད་པ་ནས། རང་གཅེས་པར་བཟུང་བས་རང་གཞན་གྱི་དོན་གང་ཡང་མ་གྲུབ་པར་མ་ཟད། སྡུག་བསྔལ་སྣ་ཚོགས་ཞིག་མྱོང་བར་འདུག་དེས་ན་རང་གཅེས་པར་འཛིན་པ་ནི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་སོགས་པའི་རྒུད་པ་ཀུན་གྱི་གནས་སུ་འདུག་པས། རང་གཅེས་འཛིན་མ་སྐྱེས་པ་མི་བསྐྱེད་པ་དང༌། སྐྱེས་པ་རྣམས་སྤོང་བར་བྱེད། གཞན་གཅེས་པར་འཛིན་པ་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འདུག་པས་གཞན་གཅེས་འཛིན་ནམ་སྐྱེས་པ་གསར་དུ་བསྐྱེད་པ་དང༌། སྐྱེས་ཟིན་རྣམས་གོང་འཕེལ་དུ་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། །མདོར་ན་ཐུབ་པའི་དབང་པོས་རང་ཡལ་བར་དོར་ནས་གཞན་གཅེས་པར་བཟུང་སྟེ། གཞན་གྱི་དོན་འབའ་ཞིག་མཛད་པས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན། བདག་གིས་ཀྱང་དེ་ལྟར་བྱས་ནས་ཆེས་སྔ་བར་འཚང་རྒྱ་བ་ལ། དེ་ལྟར་མ་བྱས་པས་ད་ལྟའི་བར་དུ་འཁོར་བར་འཁྱམས། ད་ཡང་རང་གཅེས་འཛིན་ཁོང་ན་གནས་ཕྱིན་ཆད་གཞན་གཅེས་འཛིན་གསར་དུ་མི་སྐྱེ་ཞིང༌། སྐྱེས་ཀྱང་རྒྱུན་མཐུད་མི་ཐུབ་པར་འདུག་པས། རང་གཅེས་པར་བཟུང་ནས་གཞན་ཡལ་བར་འདོར་བའི་བློ་སྐད་ཅིག་ཀྱང་མི་སྐྱེ་ཅིང༌། རང་ཡལ་བདོར་ནས་གཞན་གཅེས་པར་བཟུང་སྟེ། གཞན་གྱི་སྡུག་བསྔལ་དང་སྡིག་པ་ཐམས་ཅད་བདག་གི་རྒྱུད་སྟེང་དུ་བླངས། བདག་གི་བདེ་དགེ་ཐམས་ཅད་གཞན་ལ་བཏང་བས། གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང༌། བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཅིག་བདག་གིས་བྱའོ། །དེ་ཡང་ད་ལྟ་ནི་བདག་ལ་དེ་ལྟ་བུའི་ནུས་པ་མི་འདུག །ནུས་པ་སུ་ལ་ཡོད་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡོད་པས། བདག་གིས་

༡༤༤

སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། གཉིས་པ་སེམས་བསྐྱེད་ཆོ་གས་བཟུང་ཚུལ་ལ་གཉིས། །སྡོམ་པ་མ་ཐོབ་པ་ཐོབ་པར་བྱ་བ་དང༌། ཐོབ་པ་མི་ཉམས་པར་བསྲུང་ཚུལ་ལོ། །དང་པོ་ནི། ལམ་རིམ་དུ་སྨོན་འཇུག་རིམ་ཅན་དུ་ལེན་པའི་དབང་དུ་མཛད་ཀྱང༌། ཞི་བ་ལྷའི་ལུགས་ལྟར་ཅིག་ཅར་དུ་བྱས་ན་འཇུག་པ་བདེ་བས་དེའི་ཚུལ་ནི། སྔོན་འགྲོའི་རིམ་པ་སྤྱི་དང་ཁྱད་པར་བཤེས་གཉེན་བསྟེན་ཚུལ་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་གྱི་དངོས་གཞིའི་དམིགས་པ་རྒྱུད་དང་འདྲེས་པར་སྐྱོངས་པའི་འོག་ཏུ། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྒྱལ་བའི་སྲས་ཀྱི་སྡོམ་པ་བཟུང་ནས་སྤྱོད་པ་རླབས་པོ་ཆེ་རྣམས་ལ་སློབ་ཅིང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སེམས་འདི་ཡང་སངས་རྒྱས་མ་ཐོབ་ཀྱི་བར་དུ་བཟུང་བར་བྱའོ་སྙམ་དུ་བསམས་ལ། བླ་མ་ཐུབ་བའི་དབང་པོའི་རྗེས་སུ་ཟློས་པར་མོས་ནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་ཏུ་བསླབ་པར་བགྱི། ཞེས་ལན་གསུམ་བརྗོད་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པའི་མོས་པ་བྱེད་དོ། །དེ་ནས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་

༡༤༥

སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། ཞེས་སྤྲོ་བ་བསྐྱེད་དོ། །གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་ཚུལ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བྱང་ཆུབ་སེམས་ཀྱི་ཕན་ཡོན་བསམས་ནས། ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱང་ཆུབ་ཀྱི་སེམས་བཟུང་ཞིང༌། སེམས་ཅན་གྱི་ངོས་ནས་བྱེད་སྤྱོད་ཅི་འདྲ་ནའང་བདག་གི་ངོས་ནས་སེམས་ཅན་གཅིག་ཀྱང་བློས་མི་སྤོང༌། སེམས་བསྐྱེད་འཕེལ་བའི་ཕྱིར་དུ་དཀོན་མཆོག་མཆོད་པ་ལ་སོགས་པའི་ཚོགས་གཉིས་གསོག་པ་ལ་བརྩོན་པར་བྱའོ། །གཞན་ཡང་བླ་མ་སོགས་ལ་ཀུ་རེ་དང་བཞད་གད་ཀྱི་ཕྱིར་དུ་ཡང་བརྫུན་གྱིས་དབུ་བསྐོར་བ་དང༌། གཞན་དགེ་བ་བྱེད་པ་ལ་འགྱོད་པ་བསྐྱེད་པ་དང༌། ཐེག་ཆེན་ལ་ཞུགས་པའི་བྱང་སེམས་ལ་ཞེ་སྡང་གིས་མི་སྙན་པར་སྨྲ་བ་དང༌། ལྷག་བསམ་མ་ཡིན་པས་གཡོ་སྒྱུ་བྱེད་པ་སྟེ། ནག་པོའི་ཆོས་བཞི་ལ་སོགས་པ་སེམས་བསྐྱེད་ཉམས་པའི་རྒྱུ་རྣམས་སྤོང་བ་དང༌། དཀར་བོའི་ཆོས་བཞི་བསྟེན་པ་ལ་སོགས་པའི་སེམས་བསྐྱེད་འཕེལ་བའི་རྒྱུ་རྣམས་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །མདོར་ན་རྩ་ལྟུང་བཅོ་བརྒྱད་དང་ཉེས་བྱས་བཞི་བཅུ་ཞེ་དྲུག་གི་ཉེས་པས་ནམ་ཡང་མགོས་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་རྣམ་པར་དག་པ་སྲོག་དང་བསྡོས་ཏེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བསྲུང་བར་བྱའོ། །དེ་ལྟར་བསྲུང་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། གཉིས་པ་སེམས་བསྐྱེད་

༡༤༦

ནས་སྤྱོད་པ་ལ་བསླབ་ཚུལ་ལ་གཉིས། རྒྱལ་བའི་སྲས་ཀྱི་སྤྱོད་པ་སྤྱི་ལ་བསླབ་ཚུལ་དང༌། ཁྱད་པར་ཕར་ཕྱིན་ཐ་མ་གཉིས་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། ཞེས་པ་ཡན་ཆད་སྔར་བཞིན་ཡིན་ལ། དེ་ནས་བདག་དང་མ་སེམས་ཅན་ཐམས་ཅད་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་བརླབས་པོ་ཆེ་རྣམས་ལ་ཚུལ་བཞིན་དུ་བསླབ་ནུས་པའི་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། གཉིས་པ་དངོས་གཞི་ལ་རང་རྒྱུད་སྨིན་བྱེད་ཕར་ཕྱིན་དྲུག་དང༌། གཞན་རྒྱུད་སྨིན་བྱེད་བསྡུ་བཞིའི་ཉམས་ལེན་གཉིས་ལས། །དང་བོ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང༌། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་རྙེད་བསྐུར་དང་གྲགས་པ་སོགས་ལ་མི་ལྟ་བར་ཆོས་ཀྱིས་ཕོངས་པའི་སེམས་ཅན་རྣམས་ལ་དམ་པའི་ཆོས་ཅི་ནུས་སུ་སྟོན་པར་བྱེད་པ་ཆོས་ཀྱི་སྦྱིན་པ་དང༌། མི་དང་མི་མ་ཡིན་དང་འབྱུང་བས་གནོད་པའི་སེམས་ཅན་རྣམས་འཇིགས་པ་དེ་དག་ལས་སྐྱོབ་པར་བྱེད་པ་མི་འཇིགས་པའི་སྦྱིན་པ་དང༌། དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་ལན་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པར་སེར་སྣ་སྤངས་ཏེ། ཇི་ལྟར་འོས་པའི་ཡོ་བྱད་གཏོང་བར་བྱེད་ཟང་ཟིང་གི་སྦྱིན་པ་སྟེ། སྦྱིན་པ་རྣམ་པ་གསུམ་གྱི་ཉམས་ལེན་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །མདོར་ན་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བདག་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་སེམས་ཅན་ཐམས་ཅད་ལ་ཕོངས་པ་མེད་པར་བཏང་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་

༡༤༧

གསོལ། ཞེས་གཏོང་སེམས་སྤེལ་བའི་སྦྱིན་པ་ནི་སྦྱིན་པའི་ཉམས་ལེན་ཡིན་ནོ། །དེ་ནས་ཚུལ་ཁྲིམས་ཀྱི་ཉམས་ལེན་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་མི་དགེ་བ་བཅུ་སྤོང་བ་ལ་སོགས་པ་ཇི་ལྟར་ཁས་བླངས་པའི་སྡོམ་པ་དང་འགལ་བའི་ཉེས་སྤྱོད་རྣམས་སྤངས་ནས། སྦྱིན་སོགས་ཕར་ཕྱིན་དྲུག་དང༌། ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་པར་དག་པ་རང་རྒྱུད་ལ་མ་སྐྱེས་པ་བསྐྱེད། སྐྱེས་པ་རྣམས་གོང་འཕེལ་དུ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་པར་དག་པ་ལ་སྦྱར་ནས་སྨིན་གྲོལ་གྱི་ལམ་ལ་དགོད་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས། ཞེས་སོགས་དང༌། དེ་ནས་བཟོད་པའི་ཉམས་ལེན་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་སེམས་ཅན་ཐམས་ཅད་དགྲར་ལངས་ཀྱང་ཁྲོ་བའི་སེམས་སྐད་ཅིག་ཀྱང་མི་བསྐྱེད་པར་གནོད་ལན་དུ་ཕན་པ་བསྒྲུབས་ཏེ། རང་གཞན་གྱི་རྒྱུད་ལ་བཟོད་པའི་ཕར་ཕྱིན་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་ཟས་ནོར་དང་གནས་མལ་སོགས་ཀྱིས་ཕོངས་པ་དང༌། ན་ཚ་སོགས་མི་འདོད་པའི་སྡུག་བསྔལ་ཐོག་ཏུ་བབས་པའི་ཚེ་སྡུག་བསྔལ་འདི་ལྟར་མྱོང་བ་སྔར་ལས་ངན་བསགས་པའི་འབྲས་བུ་ཡིན། འདི་ལ་བརྟེན་ནས་ལས་ངན་མང་པོ་དག་འགྲོ་བས་མི་འདོད་རྒྱུ་མི་འདུག་ཅིང་ཁྱད་པར་ཆོས་ཕྱིར་སྡུག་བསྔལ་བྱུང་བ་ལ་བཟོད་བསྲན་སྐྱེད་པ་ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་ལམ་ལ་ཉེ་བར་འགྱུར་བས་སྡུག་བསྔལ་འདི་དག་དང་དུ་བླངས་ཏེ། རང་གཞན་གྱི་འཁོར་བ་དང་ངན་སོང་གི་སྡུག་

༡༤༨

བསྔལ་རྒྱུན་བཅད་པར་བྱའོ། །གཞན་ཡང་དཀར་ནག་གི་ལས་ཀྱི་རྣམ་པར་སྨིན་པ་དང༌། དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེན་པོ་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང༌། བླ་ན་མེད་པའི་བྱང་ཆུབ་དང༌། གསུང་རབ་ཡན་ལག་བཅུ་གཉིས་དང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་རྣམས་ལ་མོས་པ་བསྐྱེད་ན་འབྲས་བུ་ཤིན་ཏུ་ཆེ་བས། དེ་ལ་མོས་པར་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བརྗོད་བྱའི་དོན་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་རྣམས་ལ་ཚུལ་བཞིན་ཏུ་བསླབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ནས་བརྩོན་འགྲུས་ཀྱི་ཉམས་ལེན་ནི་སྤྱི་བོར་བླ་མ་ལྔ་བསྒོམ་པའི་ངང༌། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་མཚན་དཔེ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རེ་རེ་བསྒྲུབ་པ་དང༌། སྦྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཆོས་རེ་རེ་བསྒྲུབ་པའི་ཕྱིར་དུ་བསྐལ་བ་འབུམ་ཕྲག་རེ་རེ་མནར་མེད་དུ་གནས་ནས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་ནའང་བརྩོན་པ་མི་འདོར་ཞིང་སྤྲོ་བ་བསྐྱེད་ནས། ཟབ་པ་དང་རྒྱ་ཆེ་བའི་ཆོས་རང་རྒྱུད་ལ་སྡུད་པ་བྱེད་ཅིང༌། གཞན་ཡང་དགེ་བའི་ལམ་ལ་བཀོད་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ནས་བསམ་གཏན་གྱི་ཉམས་ལེན་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང༌། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ངོ་བོའི་སྒོ་ནས་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་བསམ་གཏན། ཕྱོགས་ཀྱི་སྒོ་ནས་ཞི་གནས་དང༌། ལྷག་མཐོང་དང༌། དེ་གཉིས་ཟུང་དུ་འབྲེལ་

༡༤༩

བའི་བསམ་གཏན། བྱེད་ལས་ཀྱི་སྒོ་ནས་ཚེ་འདིར་ལུས་སེམས་བདེ་བར་གནས་པའི་བསམ་གཏན། ཡོན་ཏན་གྱི་རྟེན་བྱེད་པའི་བསམ་གཏན། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ཏེ། རྒྱལ་བའི་སྲས་ཀྱི་བསམ་གཏན་རྣམ་པ་ཐམས་ཅད་པ་རྣམས་ལ་བསླབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ནས་ཤེས་རབ་ཀྱི་ཉམས་ལེན་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང༌། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ། གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་བྱ་ཚུལ་རྟོགས་པའི་ཤེས་རབ་སྟེ། རྒྱལ་བའི་སྲས་ཀྱི་ཤེས་རབ་རྣམ་པ་ཐམས་ཅད་པ་ལ་བསླབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། གཉིས་པ་གཞན་རྒྱུད་སྨིན་པར་བྱེད་པ་བསྡུ་བཞིའི་ཉམས་ལེན་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང༌། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་སེམས་ཅན་ཐམས་ཅད་སྦྱིན་པས་འཁོར་དུ་བསྡུས་ཏེ་ཚར་བཅད་རྗེས་འཛིན་གྱི་སྒོ་ནས་ཆོས་སྟོན་པའི་སྙན་པར་སྨྲ་བ་དང༌། ཆོས་བསྟན་པའི་དོན་ཉམས་སུ་ལེན་དུ་འཇུག་པའི་དོན་སྤྱོད་པ་དང༌། གཞན་ལ་བསྟན་པ་ལྟར་རང་གིས་ཀྱང་ཉམས་སུ་ལོན་པའི་དོན་མཐུན་པ་སྟེ། གཞན་དོན་བྱེད་པའི་ཐབས་བཟང་པོ་འདི་རྣམས་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་དགོད་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། གསུམ་པ་ན་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ནོ། །གཉིས་པ་ཐུན་མཚམས་སུ་ཡང་ཟབ་པ་དང་རྒྱ་ཆེ་བའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་

༡༥༠

པོ་ཆེ་རྣམས་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་བལྟ་བ་སོགས་སྔར་བཞིན་ནོ། །གཉིས་པ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་ཚུལ་ལ་གཉིས། བསམ་གཏན་གྱི་ངོ་བོ་ཞི་གནས་ལ་བསླབ་ཚུལ་དང༌། །ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་བསླབ་ཚུལ་ལོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི། སྔོན་འགྲོའི་རིམ་པ་སྤྱི་དང༌། ཁྱད་པར་སྐྱེས་བུ་ཆུང་འབྲིང་གི་བསམ་པ་སྦྱོང་བ་དང་ས་བཟང་ཞིང་གྲོགས་བཟང་བའི་ཡིད་མཐུན་གྱི་དབེན་པའི་གནས་སུ། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས། སྐྱེ་བོ་མང་པོ་དང་འགྲོགས་འདྲིས་ཧ་ཅང་ཆེ་བ་དང༌། འདོད་པ་ལ་འདུན་པའི་རྣམ་རྟོག་རགས་པ་རྣམས་སྤངས་ཏེ། འདོད་ཆུང་ཆོག་ཤེས་ལ་གནས་ནས་སྟན་བདེ་བ་ལ་ལུས་དྲང་བོར་བསྲང༌། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་དང༌། ལག་པ་གཉིས་མཉམ་བཞག་གི་ཕྱག་རྒྱ་བཅས། རླུང་ཆམ་ལ་འབེབས་པ་སོགས་ཞི་གནས་བསྒྲུབ་པའི་རྒྱུ་ཚོགས་བསྟེན་པ་སྔོན་དུ་བཏང་ནས། དངོས་གཞི་ལ་ཞི་གནས་བསྒྲུབ་པའི་དམིགས་རྟེན་དུ་མ་ཞིག་གསུངས་ཀྱང་གཙོ་བོར་སངས་རྒྱས་རྗེས་སུ་དྲན་པའི་མཆོག་ཏུ་འགྱུར་བ་དང༌། སྔགས་ཀྱི་ལྷའི་རྣལ་འབྱོར་སྒོམ་པའི་སྣོད་རུང་དུ་འགྱུར་བ་སོགས་དགོས་པ་དུ་མ་ཡོད་པས་ལྷའི་སྐུ་ལ་དམིགས་པ་ལེགས་ལ། དེའི་ཚུལ་ནི་སྤྱི་བོའི་བླ་མ་ལྷའི་ཐུགས་ཀ་ནས་འོད་ཟེར་སྡོམ་གྱི་བ་ཐག་ལྟ་བུའི་སྣེ་མོར། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞེས་པ་ནས། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྒྱ་སྲན་གྱི་འབྲུ་ཆད་ཙམ་ཞིག་སྤྲོས་ནས་རང་གི་ལྟེ་བའི་ཐད་ཀྱི་མདུན་གྱི་ནམ་མཁར་བཞུགས་པ་ལ་སེམས་རྩེ་གཅིག་ཏུ་བསྒོམ་པའམ། ཡང་ན་སྤྱི་བོའི་བླ་མ་ལྷ་ལས་བླ་མ་གཉིས་པ་ཞིག་མར་མེ་གཅིག་ལས་གཉིས་ཆད་ཀྱི་

༡༥༡

ཚུལ་དུ་བྱུང་ནས་རང་ལ་ཐིམ་པས། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། རང་ཉིད་རྒྱལ་བ་ཤཱཀྱ་ཐུབ་པ། །ཞེས་པ་ནས། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ནམ་མཁའི་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པ་ལ་སེམས་རྩེ་གཅིག་ཏུ་དམིགས་ནས་བསྒོམ་པར་བྱའོ། །དེའི་ཚེ་སེར་པོ་སྒོམ་འདོད་པ་ལ་དམར་བོ་སོགས་འཆར་བ་དང༌། བཞུགས་པའི་རྣམ་པ་སྒོམ་འདོད་པ་ལ་བཞེངས་པའི་རྣམ་པ་འཆར་བ་དང༌། གཅིག་སྒོམ་འདོད་པ་དུ་མ་འཆར་བ་སོགས་བྱུང་ན་དེ་དག་གི་རྗེས་སུ་མི་འབྲང་བར་རྩ་བའི་དམིགས་རྟེན་ལ་སེམས་རྩེ་གཅིག་ཏུ་དམིགས་ནས་སྒོམ། དང་བོ་ནས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་གྱི་གསལ་པོ་རང་མ་བྱུང་ཡང་སྐུའི་དོན་སྤྱི་ཆ་ཕྱེད་ཙམ་གསལ་བ་ལ་སེམས་རྩེ་གཅིག་ཏུ་དམིགས་ནས་སྒོམ་པར་བྱེད། དེ་ཡང་ཐུན་འདི་ཙམ་གྱི་བར་ལ་བྱིང་རྒོད་གཏན་ནས་མ་བྱུང་བ་ཅིག་བྱེད་ཅིང༌། གལ་ཏེ་བྱུང་ན་དེ་མ་ཐག་ཏུ་ཤེས་པར་བྱས་ཏེ་སྤོང་སྙམ་པའི་འདུན་པ་དྲག་པོ་བཏང་ནས་སེམས་དམིགས་རྟེན་ལ་རྩེ་གཅིག་ཏུ་གཏད་པ་དེ་ཉིད་བློའི་ཡུལ་དུ་མ་བརྗེད་པར་དྲན་ཙམ་དྲན་ཙམ་བྱས་ནས། བློ་དེའི་རྒྱུན་སྐྱོང་བ་ནི་ལས་དང་པོ་པས་སེམས་གནས་སྒྲུབ་པའི་ཐབས་དམ་པའོ། །མདོར་ན་ཏིང་ངེ་འཛིན་རྣམ་པར་དག་པ་གཅིག་སྒོམ་ན། ཉེས་པ་ལྔ་སྤངས་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་གསུངས་པ་ལྟར། ཉེས་པ་ལྔ་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་བསྟེན་པའི་སྒོ་ནས་བསྒྲུབ་དགོས་ཏེ། དེ་ཡང་ཏིང་ངེ་འཛིན་ལ་སྦྱོར་བའི་ཚེ་ལེ་ལོ་ཉེས་པ་ཡིན་པས། དེའི་གཉེན་པོ་བཞི་སྟེ། ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་དད་པ་དང༌། ཏིང་ངེ་འཛིན་ལ་དོན་གཉེར་གྱི་འདུན་པ་དང༌། ཏིང་ངེ་འཛིན་ལ་རྩོལ་བའི་བརྩོན་འགྲུས་དང༌། རྩོལ་བའི་འབྲས་བུ་ཤིན་སྦྱངས་སོ། །ཏིང་ངེ་འཛིན་ལ་བརྩོན་པའི་ཚེ་གདམས་ངག་བརྗེད་པ་ཉེས་པ་ཡིན་པས་དེའི་

༡༥༢

གཉེན་པོ་དྲན་པ་སྟེ། དྲན་པ་ཡང་དམིགས་རྟེན་མ་བརྗེད་པ་གཅིག་པུས་མི་ཆོག་གི། སེམས་དམིགས་རྟེན་ལ་རྩེ་གཅིག་ཏུ་དམིགས་ནས་རིག་པ་ངར་ལྡན་དུ་བྱས་པའི་ངེས་ཤེས་དམ་སྦྲིང་ངེ་བ་དང་ལྡན་པའོ། །ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ་བྱིང་རྒོད་གཉིས་ཉེས་པ་ཡིན་པས་དེའི་གཉེན་པོ་ཤེས་བཞིན་ཏེ། དེ་ཡང་ཤེས་བཞིན་གྱིས་བྱིང་རྒོད་འབྱུང་མི་འབྱུང་ལེགས་པར་བརྟགས་པས། བློ་རབ་ཀྱིས་བྱིང་རྒོད་འབྱུང་བའི་མགོ་རྩོམ་པ་ན་དེ་ཤེས་ནས་སྤོང་ནས་ལ། འབྲིང་གིས་བྱུང་མ་ཐག་དང༌། ཐ་མས་ཀྱང་བྱིང་རྒོད་བྱུང་ནས་རིང་པོ་མ་ལོན་པར་ཤེས་ནས་སྤོང་དགོས་སོ། །འོ་ན་རྨུགས་པ་དང་བྱིང་རྒོད་གཉིས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། དམིགས་རྟེན་མི་གསལ་བའི་ལུས་སེམས་ལྕི་བའི་རྣམ་པ་ཅན་ནི་རྨུགས་པ་ཡིན་ལ། སེམས་ལ་མུན་པ་བབས་པ་ལྟ་བུ་དང༌། སེམས་དམིགས་རྟེན་ལས་གཞན་དུ་མི་འཕྲོ་ཡང༌། དྭངས་ཆ་དང་གསལ་ཆ་མེད་པར་དྲན་པའི་ཤུགས་ཞན་དུ་སོང་བ་ནི་བྱིང་བ་རགས་པ་དང༌། དྭངས་ཆ་དང་གསལ་ཆ་ཡོད་ཀྱང་དམིགས་རྟེན་ངེས་པའི་ངེས་ཤེས་དམ་སྤྲིང་ངེ་བ་ལས་ཅུང་ཟད་ཞན་དུ་སོང་བ་ནི་བྱིང་བ་ཕྲ་མོ་ཡིན་ལ། དེ་དག་གི་གཉེན་པོར་དཀོན་མཆོག་གསུམ་གྱི་ཡོན་ཏན་སེམས་པ་དང༌། སྣང་བའི་མཚན་མ་ཡིད་ལ་བྱེད་པ་དང༌། རླུང་སེམས་ནམ་མཁའ་དང་བསྲེ་བའི་གདམས་ངག་རྣམས་བྱའོ། །སེམས་དམིགས་རྟེན་ལ་གཡོ་མེད་མི་གནས་པར་ཅུང་ཟད་འཕྲོ་བ་ནི་རྒོད་པ་ཕྲ་མོ་ཡིན་ལ། དེའི་གཉེན་པོར་དྲན་ཤེས་བསྟེན་ནས་བསྒོམས་པར་བྱའོ། །དྲན་ཤེས་བསྟེན་ཀྱང་མི་གནས་པར་ཆགས་ཡུལ་རྣམས་ལ་འཕྲོ་བ་ནི་རྒོད་པ་རགས་པ་ཡིན་ལ། དེའི་གཉེན་པོར་མི་རྟག་པ་དང༌། ངན་སོང་གསུམ་དང༌། འཁོར་བའི་སྡུག་བསྔལ་སྒོམ་པ་དང༌། རྒོད་པ་བཙན་ཐབས་སུ་གཅོད་པའི་གདམས་ངག་རྣམས་བྱའོ། །བྱིང་རྒོད་གཉིས་བྱུང་བའི་ཚེ་འདུ་མི་བྱེད་པ་ཉེས་པ་ཡིན་པས། དེའི་གཉེན་པོར་བྱིང་རྒོད་བྱུང་མ་ཐག་ཏུ་རིག་པར་བྱས་ནས་

༡༥༣

སྤོང་བའི་འདུ་བྱེད་བསྟེན་པར་བྱེད། དེ་ཡང་སེམས་དམིགས་རྟེན་ལ་ཆེས་ཆེར་བསྒྲིམས་པའི་རིག་པ་ངར་ལྡན་དུ་བྱས་ན་གསལ་ཆ་ཡོད་ཀྱང༌། རྒོད་ཤས་ཆེ་བས་གནས་ཆ་རྙེད་དཀའ་ལ། ཆེར་མ་བསྒྲིམས་པར་གློང་ཀློང་ན་གནས་ཆ་ཡོད་ཀྱང་བྱིང་ཤས་ཆེ་ཞིང་གསལ་ཆ་རྙེད་དཀའ་བས། དེས་ན་རང་ཉམས་ལ་དཔག་སྟེ་རིག་པ་འཕང་འདི་ཙམ་ཞིག་བསྟོད་ན་རྒོད་པ་སྐྱེ་བར་འདུག་སྙམ་པ་ལས་ཅུང་ཟད་གློད། འདི་ཙམ་དུ་བཞག་ན་བྱིང་བ་སྐྱེ་བར་འདུག་སྙམ་པ་ལས་ཅུང་ཟད་འཕང་བསྟོད་ན་རན་པར་འགྱུར་བས། དེ་གཉིས་ཀྱི་མཚམས་སུ་འཕྲོ་རྒོད་ལས་སེམས་གླན་ཏེ་གནས་ཆ་ཚོལ། གནས་ཆ་ནམ་བྱུང་རེས་ཀྱིས་བྱིང་ཟོན་བྱས་ནས་རིག་པ་ངར་དང་ལྡན་པའི་གསལ་ཆ་འདོན། །དེ་གཉིས་རེས་མོས་སུ་བྱས་ནས་བསྐྱངས་པས་ཏིང་ངེ་འཛིན་སྐྱོན་མེད་འགྲུབ་ཀྱི། ངེས་ཤེས་ཀྱི་འཛིན་སྟངས་ངར་ལྡན་དུ་བྱས་པའི་གསལ་ཆ་མེད་པའི་དྭངས་པ་ཙམ་ལ་ཡིད་བརྟན་མི་བྱའོ། །དེ་ལྟར་བྱིང་རྒོད་ཕྲ་མོ་ཡང་ཆོད་ནས་སེམས་ཏིང་ངེ་འཛིན་ལ་རྒྱུན་ཆགས་སུ་འཇུག་པའི་ཚེ་འདུ་བྱེད་པ་ཉེས་པ་ཡིན་པས། དེའི་གཉེན་པོར་བྱིང་རྒོད་ཀྱི་གཉེན་པོ་འདུ་མི་བྱེད་པར། བཏང་སྙོམས་སུ་གློད་ནས་འཇོག་པའོ། །དེ་ལྟ་བུའི་ཚུལ་གྱིས་ལེགས་པར་བསྐྱངས་པས་སེམས་གནས་པ་དགུ་རིམ་གྱིས་ཐོབ་ནས་ལུས་སེམས་ཤིན་སྦྱངས་དང་བཅས་པའི་ཞི་གནས་འགྲུབ་པར་འགྱུར་རོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ནོ། །གཉིས་པ་ཐུན་མཚམས་སུ་ཡང་ཞི་གནས་ཀྱི་རྣམ་བཞག་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་བལྟ་བ་སོགས་ནི་སྔར་བཞིན་ནོ། །གཉིས་པ་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་བསླབ་ཚུལ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟ་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི། ཞི་གནས་ཀྱི་སྐབས་སུ་བཤད་པ་དང་འདྲ་

༡༥༤

ལ། ཁྱད་པར་དགེ་བའི་བཤེས་གཉེན་མཁས་པ་ཚུལ་བཞིན་དུ་བསྟེན་པ་ལས་ལྷག་མཐོང་གི་གདམས་ངག་ཉན་པ་དང༌། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་བྱས་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་དང༌། བསགས་སྦྱོང་ལ་འབད་པ་སོགས་གསུམ་བསྒྲིལ་དུ་བྱེད་པ་ནི་ལྟ་བ་རྟོགས་པའི་སྔོན་འགྲོར་མེད་མི་རུང་བ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གཉིས། གང་ཟག་གི་བདག་མེད་གཏན་ལ་ཕབ་ནས་བསྒོམ་པའི་ཚུལ་དང༌། ཆོས་ཀྱི་བདག་མེད་གཏན་ལ་ཕབ་ནས་སྒོམ་པའི་ཚུལ་ལོ། །དང་པོ་ནི། རྒྱལ་བའི་གསུང་རབ་རྣམས་ལས་བདག་མེད་གཏན་ལ་འབེབས་པའི་རིགས་པའི་རྣམ་གྲངས་མཐའ་ཡས་པ་ཞིག་གསུངས་ཀྱང༌། ལས་དང་པོ་པ་རྣམས་ཀྱིས་གནད་བཞིའི་སྒོ་ནས་གཏན་ལ་ཕབ་ན་འཆར་སླ་བས། །དེའི་ཚུལ་ནི་རང་ཅག་རྣམས་གཉིད་འཐུག་པོ་ལོག་བཞིན་པའི་གནས་སྐབས་ཚུན་ཆད་དུ། ངང་སྙམ་དུ་སྙིང་གི་དཀྱིལ་དུ་དམ་སྦྲང་སྦྲིང་བློས་འཛིན་པ་ནི་ངར་འཛིན་ལྷན་སྐྱེས་ཡིན་ལ། དེ་ཡང་རང་གིས་ཉེས་པ་དེ་ལྟ་བུ་མ་བྱས་པ་ལ། གཞན་ཞིག་གིས་ཁྱོད་ཀྱིས་ཉེས་པ་འདི་དང་འདི་ལྟ་བུ་ཞིག་བྱས་སོ་ཞེས་བསྙོན་བཙུགས་པ་ན། ངས་ཉེས་པ་འདི་ལྟ་བུ་མ་བྱས་པ་ལ་བསྙོན་འདི་འདྲ་བ་ཞིག་འཛུགས་པ། ངང་སྙམ་དུ་སྙིང་གི་དཀྱིལ་དུ་དམ་སྦྲིང་སྦྲིང་འཆར་བ་ལྟ་བུའི་ཚེ། ངར་འཛིན་ལྷན་སྐྱེས་ཀྱི་ངའི་འཛིན་ཚུལ་གསལ་བར་ཡོད་པས། དེའི་དུས་སུ་ཤེས་པའི་ཆ་ཤས་ཕྲ་མོ་ཞིག་གིས་བློ་དེས་ང་གང་དུ་བཟུང༌། ཚུལ་ཇི་ལྟར་དུ་བཟུང་བརྟག་པར་བྱའོ། །དེ་ཡང་བློ་ཕྱི་མ་དེ་ཤུགས་ཆེས་ན་བློ་སྔ་མ་དེ་ཡལ་ནས་སྟོང་སང་ཞིག་མ་གཏོགས་གང་ཡང་མི་ཡོང་བས་ཤེས་པ་བྱིངས་ངའོ་སྙམ་པའི་བློ་དེའི་ངོ་བོར་བྲེང་ཆགས་སུ་བསྐྱེད་ནས། ཤེས་པའི་ཆ་ཤས་ཕྲ་མོ་ཞིག་གིས་བརྟག་དགོས་ལ། དེ་ལྟར་བརྟགས་པའི་ཚེ། ངར་འཛིན་ལྷན་སྐྱེས་ཀྱིས་ང་གང་དུ་བཟུང་བའི་གནས་

༡༥༥

ནི། རང་གི་ཕུང་བོ་ལྔའམ་ལུས་སེམས་གཉིས་ལས་དོན་གཞན་དུ་མ་ཡིན་ཅིང༌། ཕུང་པོ་ལྔ་རེ་རེ་བ་དང་ལུས་སེམས་གཉིས་རེ་རེ་བའི་སྟེང་དུ་ཡང་མ་ཡིན་ཀྱང༌། ཕུང་བོ་ལྔ་ཚོགས་ཙམ་པའམ་ལུས་སེམས་གཉིས་ཚོགས་ཙམ་པའི་ལམ་མེ་བ་དེའི་སྟེང་དུ་རྟོག་པས་བཏགས་པ་ཙམ་མ་ཡིན་པར། དང་པོ་ནས་ཚུགས་ཐུབ་ཏུ་གྲུབ་པའི་ང་ཞིག་ཡོད་པར་འཛིན་པ་ནི། ངར་འཛིན་ལྷན་སྐྱེས་ཀྱིས་ངའི་འཛིན་ཚུལ་ཡིན་ལ་དེའི་འཛིན་སྟངས་ཀྱི་ཡུལ་གྱི་ང་དེ་འགོག་རྒྱུའི་དགག་བྱ་ཡིན་པས། གཞན་གྱིས་བཤད་པའི་གོ་བ་དང༌། ཚིག་སྤྱི་ཙམ་མ་ཡིན་པར་རང་གི་རྒྱུད་སྟེང་དུ་ཚུལ་དེ་ཉིད་རྗེན་ཆེར་གྱིས་ངེས་པར་བྱ་སྟེ། དེ་ནི་གནད་དང་པོ་དགག་བྱའི་སྣང་ཚུལ་ངེས་པའི་གནད་དོ། །གཉིས་པ་ཁྱབ་པ་ངེས་པའི་གནད་ནི། ངའོ་སྙམ་དུ་སྙིང་གི་དཀྱིལ་དུ་དམ་སྦྲིང་སྦྲིང་དུ་འཛིན་པའི་བློ་དེས་བཟུང་བའི་ང་དེ། རང་གི་ཕུང་བོ་ལྔའི་སྟེང་ན་ཡོད་ན། ང་དེ་ཕུང་བོ་ལྔ་དང་གཅིག་ཏུ་ཡོད་དམ་ཐ་དད་དུ་ཡོད། ཡོད་ཚུལ་དེ་གཉིས་ལས་གཞན་པའི་ཡོད་ཚུལ་ཕུང་གསུམ་པ་གཏན་མི་སྲིད་དེ། ཆོས་གང་དང་གང་ཡིན་ཀྱང་ཡང་ན་གཅིག་གི་རྣམ་པར་ཡོད་དགོས། ཡང་ན་དུ་མའི་རྣམ་པར་ཡོད་དགོས་ལ། ཡོད་ཚུལ་དེ་གཉིས་ལས་གཞན་པའི་ཡོད་ཚུལ་ཕུང་གསུམ་པ་གཏན་མི་སྲིད་སྙམ་དུ་ཐག་བཅད་པར་བྱའོ། །གསུམ་པ་བདེན་པའི་གཅིག་བྲལ་ངེས་པའི་གནད་ནི། །དེ་ལྟར་བཟུང་བའི་ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་ཡོད་དོ་སྙམ་ན། གང་ཟག་གཅིག་ལ་ཕུང་པོ་ལྔ་ཡོད་པ་བཞིན་དུ། ང་ཡང་རྒྱུད་ཐ་དད་པར་ལྔ་ཡོད་པར་འགྱུར་བ་དང༌། ཡང་ན་ང་གཅིག་ཡིན་པ་བཞིན་དུ། ཕུང་བོ་ལྔ་ཡང་ཆ་མེད་གཅིག་ཏུ་འགྱུར་བ་སོགས་ཀྱི་ཉེས་པ་དུ་མ་ཡོད་པས། དེ་ལྟར་བཟུང་བའི་ང་དེ་ཕུང་བོ་ལྔ་དང་གཅིག་མ་ཡིན་སྙམ་དུ་བསམ། གཞན་ཡང་དེ་ལྟར་བཟུང་བ་ལྟར་གྱི་ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་གྲུབ་ན་ཕུང་

༡༥༦

པོ་ལྔ་སྐྱེ་འཇིག་བྱེད་པ་བཞིན་དུ་བློ་དེས་བཟུང་བ་ལྟར་གྱི་ཚུགས་ཐུབ་ཏུ་གྲུབ་པའི་ང་དེ་ཡང་སྐྱེ་འཇིག་བྱེད་པར་འགྱུར་ལ། དེ་ལྟར་ན་སྐྱེ་འཇིག་བྱེད་པའི་ང་དེའི་སྐད་ཅིག་སྔ་ཕྱི་རྣམས་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ། གཅིག་ཏུ་གྲུབ་ན་ཚེ་སྔ་ཕྱིའི་ང་དང་ཚེ་འདིའི་ང་གསུམ་ཆ་མེད་ཅིག་ཏུ་འགྱུར་ལ། ཐ་དད་དུ་གྲུབ་ན། སྤྱིར་ཐ་དད་ཙམ་ལ་འབྲེལ་མེད་ཐ་དད་ཡིན་མི་དགོས་ཀྱང༌། རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་ན་འབྲེལ་པ་གཏན་ནས་མེད་པའི་ཐ་དད་ཡིན་དགོས་པས། ཚེ་སྔ་ཕྱིའི་ང་དང་ཚེ་འདིའི་ང་གསུམ་འབྲེལ་པ་གཏན་ནས་མེད་བའི་ཐ་དད་དུ་འགྱུར་བས། ལས་མ་བྱས་པ་དང་འཕྲད་ཅིང་ལས་བྱས་པ་ཆུད་ཟ་བ་སོགས་ཀྱི་ཉེས་པ་དུ་མ་ཡོད་པས། དེ་ལྟ་བུའི་ང་དེའི་སྐད་ཅིག་སྔ་ཕྱི་རྣམས་ཐ་དད་མ་ཡིན་ལ། དེས་ན་བློ་དེས་བཟུང་བ་ལྟར་གྱི་ང་དེ་ཕུང་བོ་ལྔ་དང་གཅིག་ཏུ་མ་གྲུབ་བོ་སྙམ་དུ་བསམ། གཞན་ཡང་དེ་ལྟར་བཟུང་བའི་ང་དེ་ཕུང་པོ་བ་དང་གཅིག་ཏུ་གྲུབ་ན། བདེན་པར་གྲུབ་པའི་གཅིག་ཡིན་པས་ཆ་ཐམས་ཅད་ནས་ཐམས་ཅད་དུ་གཅིག་ཏུ་འགྱུར་ལ། དེ་ལྟར་ན་ངའམ་བདག་ཕུང་བོ་ལྔ་ཉེ་བར་ལེན་པ་པོ་དང༌། ཕུང་བོ་ལྔའམ་བདག་གིས་ཉེ་བར་བླང་བྱ་མ་ཡིན་པ་སོགས་ཀྱི་ཉེས་པ་དུ་མ་ཡོད་པས། དེ་ལྟར་བཟུང་བའི་ང་དེ་ཕུང་བོ་ལྔ་དང་གཅིག་ཏུ་མ་གྲུབ་པར་བསམ་མོ། །བཞི་པ་བདེན་པའི་དུ་བྲལ་ངེས་པའི་གནད་ནི། དེ་ལྟར་བཟུང་བའི་ང་དེ་ཕུང་བོ་ལྔའི་སྟེང་དུ་གཅིག་ཏུ་མ་གྲུབ་ཀྱང༌། ཕུང་བོ་ལྔའི་སྟེང་དུ་ཐ་དད་དུ་གྲུབ་བོ་སྙམ་ན། ཕུང་བོ་ལྔ་ཡང་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རེ་རེ་ནས་བསལ་བའི་རྗེས་སུ། འདི་རྣམ་ཤེས་ཀྱི་ཕུང་པོའོ། །ཞེས་ཟུར་དུ་ངོས་འཛིན་རྒྱུ་ཡོད་པ་བཞིན་དུ། གཟུགས་ཕུང་སོགས་རེ་རེ་ནས་བསལ་བའི་འོག་ཏུ་དེ་ལྟར་བཟུང་བའི་ང་དེ་འདིའོ། །ཞེས་ཐ་དད་དུ་ངོས་འཛིན་རྒྱུ་དགོས་པ་ལས་དེ་ལྟར་མི་འདུག་པས། དེ་ལྟར་བཟུང་བའི་ང་དེ་ཕུང་

༡༥༧

པོ་ལྔ་དང་ཐ་དད་དུ་མ་གྲུབ་སྙམ་དུ་བསམ། དེ་ལྟར་གནད་བཞིའི་དཔྱད་པ་བྱས་པ་ལ་བརྟེན་ནས་ངར་འཛིན་ལྷན་སྐྱེས་ཀྱི་ང་བཟུང་བ་ལྟར་གྱི་ང་མེད་པར་ངེས་པ་ནས། ངེས་ཤེས་དེ་ཉིད་ཀྱི་རྒྱུན་བྱིང་རྒོད་དང་བྲལ་བར་རྩེ་གཅིག་ཏུ་བསྐྱང་བར་བྱའོ། །དེ་ཡང་ངེས་ཤེས་དེ་ཉིད་ཤུགས་ཅུང་ཟད་ཆུང་ངུ་སོང་བ་ན་ལས་དང་པོ་བ་རྣམས་ཀྱིས་སྔར་ལྟར་གནད་བཞིའི་དཔྱད་པ་བྱས་པ་ལ་བརྟེན་ནས། བདེན་མེད་ཀྱི་ངེས་ཤེས་འདྲེན་པར་བྱེད་ལ། བློ་མཐོ་བ་རྣམས་ཀྱིས་ནི་ངར་འཛིན་ལྷན་སྐྱེས་ལ་ང་ཇི་ལྟར་སྣང་བ་ལྟར་གྲུབ་མ་གྲུབ་དཔྱད་པ་བྱས་པ་ལ་བརྟེན་ནས། གནད་བཞིའི་དཔྱད་པ་བྱས་པ་དང་འདྲ་བར་བདེན་མེད་ཀྱི་ངེས་ཤེས་འདྲེན་པས། དེའི་ཚེ་ངེས་ངོར་ང་རང་བཞིན་མེད་པར་ངེས་པའི་ངེས་ཤེས་དམ་སྦྲིང་ངེ་བ་དང༌། སྣང་ངོར་དགག་བྱ་བདེན་གྲུབ་བཀག་ཙམ་གྱི་སྟོང་སང་ངེ་བའི་ཁྱད་པར་གཉིས་ལྡན་དུ་བྱས་ནས་རྩེ་གཅིག་ཏུ་སྐྱོང་བ་ནི་མཉམ་བཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་ལོ། །རྗེས་ཐོབ་ཏུ་ང་ལ་སོགས་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་རྣམ་རོལ་དུ་བསྒོམ་པར་བྱ་སྟེ། དེ་ཡང་མཉམ་བཞག་ཏུ་བདེན་མེད་ཀྱི་ངེས་ཤེས་ཤུགས་དྲག་པོ་དྲངས་པ་ལ་བརྟེན་ནས། རྗེས་ཐོབ་ཏུ་གང་ཤར་ཐམས་ཅད་སྣང་ཡང་བདེན་མེད་བརྫུན་པ་སྒྱུ་མ་ལྟ་བུའི་རྣམ་རོལ་ཏུ་འཆར་བ་ལ་བསླབ་པར་བྱའོ། །གཉིས་པ་ཆོས་ཀྱི་བདག་མེད་གཏན་ལ་ཕབ་ནས་སྒོམ་ཚུལ་ལ་གཉིས། འདུས་བྱས་རང་བཞིན་མེད་པར་གཏན་ལ་ཕབ་ནས་སྒོམ་ཚུལ་དང༌། འདུས་མ་བྱས་རང་བཞིན་མེད་པར་གཏན་ལ་ཕབ་ནས་སྒོམ་ཚུལ་ལོ། །དང་བོ་ལ་བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་ལས། དང་བོ་ལུས་ལྟ་བུ་ལ་མཚོན་ན་དེ་ཡང་ཤ་རུས་གདོས་བཅས་ཀྱི་ཡན་ལག་ལྔ་ཚོགས་ཙམ་གྱི་ལུས་འདིའི་སྟེང་དུ། རྟོག་པས་བཏགས་པ་ཙམ་མ་ཡིན་པར་ཚུགས་ཐུབ་ཏུ་གྲུབ་པའི་ལུས་ཡོ་རེ་བ་ཞིག་ཡོད་པར་རང་ཅག་རྣམས་

༡༥༨

ལ་བསྙོན་མེད་དུ་འཆར་བ་ནི་དགག་བྱའི་སྣང་ཚུལ་ཡིན་ལ། དེ་ལྟ་བུའི་ལུས་དེ་ཤ་རུས་གདོས་བཅས་ཀྱི་ཡན་ལག་ལྔ་ཚོགས་ཙམ་གྱི་ལུས་འདིའི་སྟེང་དུ་ཡོད་ན་ཤ་རུས་གདོས་བཅས་ཀྱི་ཡན་ལག་ལྔ་ཚོགས་ཙམ་གྱི་ལུས་འདི་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ། གཅིག་ཏུ་གྲུབ་ན་ཤ་རུས་གདོས་བཅས་ཀྱི་ཡན་ལག་ལྔ་ཚོགས་ཙམ་གྱི་ལུས་འདི་ཕ་མའི་ཁུ་ཁྲག་ལས་གྲུབ་པ་ཡིན་པས། རྣམ་ཤེས་འཇུག་པའི་གཞིར་གྱུར་པའི་ཁུ་ཁྲག་གི་ཐིག་པ་དེ་ཡང་ཤ་རུས་གདོས་བཅས་ཀྱི་ཡན་ལག་ལྔ་ཚོགས་ཙམ་གྱི་ལུས་སུ་འགྱུར་བ་དང༌། ཡན་ལག་ལྔ་ཡོད་པ་བཞིན་དུ་ལུས་ཀྱང་ཡན་ལག་ལྔར་ཚོགས་པའི་ལུས་ལྔར་འགྱུར་ལ། ཐ་དད་དུ་གྲུབ་ན་མགོ་ལ་སོགས་པའི་ཡན་ལག་རེ་རེ་ནས་བསལ་བའི་རྗེས་སུ། ལུས་དེ་འདིའོ་ཞེས་བསྟན་རྒྱུ་དགོས་པ་ལས་དེ་ལྟར་མི་འདུག་པས། དེ་ལྟ་བུའི་ལུས་གཏན་ནས་མེད་སྙམ་དུ་ངེས་ཤེས་དྲངས་ནས་བསྐྱང་བར་བྱའོ། །གཉིས་པ་དེ་རིང་གི་ཤེས་པ་ལྟ་བུ་ལ་མཚོན་ན། དེ་རིང་གི་སྔ་དྲོའི་ཤེས་པ་དང་དེ་རིང་གི་ཕྱི་དྲོའི་ཤེས་པ་གཉིས་ཀྱི་སྟེང་དུ་རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པའི་དེ་རིང་གི་ཤེས་པ་ཞིག་ཡོད་ན། དེ་རིང་གི་སྔ་དྲོའི་ཤེས་པ་དང་དེ་རིང་གི་ཕྱི་དྲོའི་ཤེས་པ་གཉིས་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ། གཅིག་ཏུ་གྲུབ་ན་དེ་རིང་གི་སྔ་དྲོའི་ཤེས་པའི་སྟེང་དུ་དེ་རིང་གི་ཕྱི་དྲོའི་ཤེས་པ་ཡོད་པར་འགྱུར་ལ། ཐ་དད་དུ་གྲུབ་ན་དེ་རིང་གི་སྔ་དྲོའི་ཤེས་པ་དང༌། དེ་རིང་གི་ཕྱི་དྲོའི་ཤེས་པ་གཉིས་རེ་རེ་ནས་བསལ་བའི་རྗེས་སུ། དེ་རིང་གི་ཤེས་པ་དེ་འདིའོ་ཞེས་བསྟན་རྒྱུ་དགོས་པ་ལས་དེ་ལྟར་མི་འདུག་པས། དེ་ལྟ་བུའི་ཤེས་པ་གཏན་ནས་མེད་སྙམ་དུ་ངེས་ཤེས་དྲངས་ནས་སྔར་ལྟར་སྒོམ་པར་བྱེད་དོ། །གསུམ་པ་དུས་ལོ་གཅིག་ལྟ་བུ་ལ་མཚོན་ན། ལོའི་གདགས་གཞི་ཟླ་བ་བཅུ་གཉིས་པོའི་སྟེང་དུ་རྟོག་པས་བཏགས་པ་ཙམ་མ་ཡིན་པར། རང་ངོས་

༡༥༩

ནས་གྲུབ་པའི་ལོ་ཞིག་ཡོད་ན་ཟླ་བ་བཅུ་གཉིས་པོ་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ་གཅིག་ཏུ་གྲུབ་ན་ཟླ་བ་བཅུ་གཉིས་ཡོད་པ་བཞིན་དུ་ལོ་ཡང་བཅུ་གཉིས་སུ་འགྱུར་ལ། ཐ་དད་དུ་གྲུབ་ན་ཟླ་བ་བཅུ་གཉིས་པོ་རེ་རེ་ནས་བསལ་བའི་རྗེས་སུ། ལོ་དེ་འདིའོ་ཞེས་བསྟན་རྒྱུ་དགོས་པ་ལས། དེ་ལྟར་མི་འདུག་པས། དེ་ལྟ་བུའི་ལོ་གཏན་མི་འདུག་སྙམ་དུ་ངེས་ཤེས་དྲངས་ནས་སྔར་ལྟར་བསྐྱང་བར་བྱའོ། །གཉིས་པ་འདུས་མ་བྱས་རང་བཞིན་མེད་པར་གཏན་ལ་ཕབ་ནས་སྒོམ་ཚུལ་ནི། དེ་ཡང་ནམ་མཁའ་ལྟ་བུ་ལ་མཚོན་ན་ཕྱོགས་དང་ཕྱོགས་མཚམས་ཀྱི་ནམ་མཁའི་ཆ་དུ་མ་ཞིག་ཡོད་པས། དེ་རྣམས་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ་དཔྱད་དེ་བདེན་མེད་ཀྱི་ངེས་ཤེས་དྲངས་ནས་སྔར་ལྟར་སྒོམ་པར་བྱེད་དོ། །མདོར་ན་ང་དང་ཕུང་པོ་དང་རི་རབ་ཁང་ཁྱིམ་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་མ་ཡིན་པར། རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པར་ངེས་པའི་ངེས་ཤེས་དེ་ཉིད་རྩེ་གཅིག་ཏུ་སྐྱོང་བ་མཉམ་བཞག་ནམ་མཁའ་ལྟ་བུ་དང༌། རྗེས་ཐོབ་ཏུ་ཡུལ་སྣང་ཐམས་ཅད་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་བྱུང་བའི་བདེན་མེད་བརྫུན་པའི་རང་བཞིན་དུ་ཤེས་པའི་རྗེས་ཐོབ་སྒྱུ་མའི་རྣལ་འབྱོར་གཉིས་ལེགས་པར་བསྐྱངས་པ་ལ་བརྟེན་ནས། དཔྱད་པ་བྱས་སྟོབས་ཀྱིས་དྲངས་པའི་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་མཉམ་བཞག་དེ་ཉིད་ལྷག་མཐོང་མཚན་ཉིད་པར་འཇོག་པ་ཡིན་ནོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། གཉིས་པ་ཐུན་མཚམས་སུ་ཡང་ལྷག་མཐོང་གི་རྣམ་བཞག་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་བལྟ་བ་སོགས་སྔར་བཞིན་ནོ། །དེ་ལྟར་ལ་མཐུན་མོང་བས་རྒྱུད་སྦྱངས་ནས་ངེས་པར་རྡོ་རྗེ་ཐེག་པ་ལ་འཇུག་དགོས་ཏེ། ལམ་དེ་ལ་བརྟེན་ནས་བསྐལ་པ་གྲངས་མེད་པ་གསུམ་ལ་མི་ལྟོས་

༡༦༠

པར་ཚོགས་གཉིས་བདེ་བླག་ཏུ་རྫོགས་པར་འགྱུར་བས་སོ། །དེ་ཡང་བཤེས་གཉེན་བསྟེན་ཚུལ་ནས་ཞི་གནས་དང་ལྷག་མཐོང་གི་བར་རྣམས་མྱོང་ཁྲིད་དུ་བྱས་ཏེ། ཉིན་རེ་བཞིན་དུ་ཐུན་བཞིའམ་མ་མཐའ་ཐུན་ཅིག་ཏུ་ཡང་བྱས་ཏེ། ལམ་གྱི་རིམ་པ་རྣམས་ལ་ཡིད་འགྱུར་བའི་མྱོང་བ་འདོན་པར་བྱེད་པ་ནི་དལ་བའི་རྟེན་ལ་སྙིང་པོ་ལེན་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་ནོ། །མཉམ་མེད་བུ་རམ་ཤིང་བའི་དགོངས་པའི་དོན། །དཔལ་ལྡན་མར་མེ་མཛད་དཔལ་ཡབ་སྲས་དང༌། །བློ་བཟང་རྒྱལ་བ་གཉིས་པས་གསལ་མཛད་པ། །མདོར་བསྡུས་ཉམས་ལེན་རིམ་པར་བསྒྲིགས་པ་འདི། །སྐལ་བཟང་ཐར་བར་བགྲོད་པའི་ཆ་རྐྱེན་ཏུ། །ཆོས་ཀྱི་རྒྱལ་མཚན་ཞེས་བྱས་ལེགས་པར་བསྡེབས། །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་རྣམས། །སྐྱེས་བུ་གསུམ་གྱི་ཉམས་ལེན་མཐར་ཕྱིན་ཤོག །ཅེས་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་ཞེས་བྱ་བ་འདི། ཆོས་སྨྲ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དབྱར་ཆོས་ཞིག་ལ་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ལ་ཟིན་ཐུན་དུ་བསྩལ་བ་ཟིན་བྲིས་སུ་བཏབ་པ་ལས་སླར་རང་གི་མིག་ལམ་དུ་ཕབ་ནས་ཞུས་དག་བགྱིས་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །

༄༅། །ཉིང་ཁུའི་ཡན་ལག་ཕྱག་དྲུག་ཡེ་ཤེས་མགོན་པོའི་ཁྲིད་བཞུགས་སོ༎ ༎

༡༩༨ ༄༅། །ཉིང་ཁུའི་ཡན་ལག་ཕྱག་དྲུག་ཡེ་ཤེས་མགོན་པོའ་ཁྲིད་བཞུགས་སོ།། །བླ་མ་མགོན་པོ་དབྱེར་མེད་ལ་ན་མོ། །མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། འདིར་ཉིང་ཁུའི་ཡན་ལག་ཏུ་བླ་མ་ཁྱུང་པོ་ལོ་པཎ་གྱིས་སྦྱར་བའི་བླ་མ་མགོན་པོ་དབྱེར་མེད་ཀྱི་ཉམས་ལེན་ལ། མགོན་པོ་འདིའི་བྱིན་རླབས་ཐོབ་པའི་རྣལ་འབྱོར་པས་གནས་དབེན་པར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། རང་གི་སྤྱི་བོར་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་པར་ཧཱུྃ་སྣ་ཚོགས་ཀྱིས་མཚན་པ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་སྣ་ཚོགས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་སྣ་ཚོགས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་སྣ་ཚོགས་པ། ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་སྣ་ཚོགས། དེ་ལས་འོད་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། བཅོམ་ལྡན་འདས་བདག་
༡༩༩ གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉསཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུྃ་ལས་བདུད་རྩི་ཁ་དོག་ལྔ་ལྡན་བྱུང་། ཡབ་ཡུམ་གཉིས་ཀའི་སྐུ་གང་། དེ་གཉིས་ཀྱི་སྦྱོར་མཚམས་ནས་བདུད་རྩི་བྱུང་། སྤྱི་བོ་ཚངས་པའི་བུ་ག་ནས་བྱོན། སྡིག་སྒྲིབ་ཐམས་ཅད་དུད་ཁུའི་རྣམ་པར་འོག་སྒོ་དང་རྐང་མཐིལ་གཉིས་ནས་ཐོན་པར་བསམས་ནས་ངག་ཏུ་ཡི་གེ་བརྒྱ་པ་བཟླ། མཇུག་ཏུ་བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་བརྗོད། རྡོ་རྗེ་སེམས་དཔའ་བདག་ལ་ཐིམ་པས། རང་རྡོ་རྗེ་སེམས་དཔའ་སྐུ་མདོག་སྣ་ཚོགས་པ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་གཡས་ཅུང་ཟད་བརྐྱངས་ཤིང་གཡོན་བསྐུམས་པ། དར་དང་རིན་པོ་ཆེས་བརྒྱན་པ་ཞིག་ཏུ་བསམ། དེ་ནས་རང་གི་མདུན་གྱི་ནམ་མཁའི་གནས་སུ་པཾ་ལས་པདྨ། རཾ་ལས་ཉི་མའི་གདན་ལ། གཾ་ལས་ཚོགས་བདག་དཀར་པོ་གན་རྐྱལ་དུ་འགྱེལ་བའི་སྟེང་དུ་ཧཱུྃ་དཀར་པོ་ཞིག་བསམ། དེ་ལས་འོད་འཕྲོས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་དྲུག་པ། ཞབས་གཉིས་བཞེངས་ཐབས་སུ་བཞུགས་པ། ཕྱག་གཡས་ཀྱི་དང་པོས་ཡིད་བཞིན་གྱི་ནོར་བུའི་གྲི་གུག །བར་པས་ཐོད་པའི་ཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་དང་པོས་ཐོད་ཁྲག །བར་པས་རྩེ་གསུམ། ཐ་མས་རྡོ་རྗེའི་ཞགས་པ་བསྣམས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་བསྒྲདབགྲད་པ། མཆེ་བ་གཙིགས་པ། སྨིན་མ་དང་སྨ་རའི་
༢༠༠ ཨག་ཚོམ་བརྗིད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ལ། དར་ལྗང་གུའི་སྐེ་རགས་བཅིངས་པ། ལྟོ་བ་འཕྱང་ཞིང་ཡན་ལག་རྣམས་སྦོམ་ལ་རགས་པ། དཔྲལ་བར་སིན་དྷཱུ་རས་བྱུགས་ཤིང་། ཕྱག་ཞབས་རྣམས་ལ་དྲིལ་བུ་གཡེར་ཁས་བརྒྱན་པ། གླང་པོ་ཆེའི་པགས་པ་རློན་པ་གོས་སུ་གྱོན་པ། སངས་རྒྱས་མི་བསྐྱོད་པའི་དབུ་རྒྱན་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ། དེའི་གནས་གསུམ་བྱིན་གྱིས་བརླབས། ཡེ་ཤེས་པ་དགུག་གཞུག་བྱས་ལ། དེའི་སྤྱི་བོའ་སྟེང་གི་མཐོ་གང་ཙམ་གྱི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། རྩ་བའི་བླ་མ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཐོད་པའི་ཌཱ་མ་རུའམ་ནོར་བུ་རིན་པོ་ཆེ། གཡོན་གསེར་གྱི་དྲིལ་བུ་གཡེར་ཁ་བསྣམས་པ། ཞབས་གཉིས་བཞེངས་ཐབས་སུ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ། སྐུ་མཐོང་བ་ཙམ་གྱིས་སྒྲིབ་པ་འདག་ཅིང་། གསུང་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ལ་འགོད་ངེས་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་ཞིག་བསྒོམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རྩ་བརྒྱུད་ཀྱི་བླ་མ་དང་ཡི་དམ་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ། །བཟླས་པ་བྱེད་འདོད་ན། མགོན་པོའ་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་དཀར་པོ་བྱུང་། རང་གི་ཞལ་དུ་ཞུགས། ལྟེ་བར་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ཅིང་བསྲེགས་པར་བསམ་ཞིང་། ངག་ཏུ། ༀ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་
༢༠༡ བི་ན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཌ་ཕཌ་སཱ་ཧཱ། ཞེས་དང་། ༀ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕྲཊ་ཕྲཊ་སྭཱ་ཧཱ། ཞེས་པ་ཅི་རིགས་པ་བཟླའོ། །མ་བཟླས་ཀྱང་མ་ཚང་བའི་ཉེས་པ་མེད་དོ། །མདོར་ན་བླ་མ་མགོན་པོ་དབྱེར་མེད་ལ་དད་གུས་དྲག་པོ་བྱས་པས། བླ་མ་ལས་འོད་ཟེར་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་བྱུང་ནས་མགོན་པོ་ལ་ཕོག་པས་མགོན་པོ་འོད་ཀྱི་རང་བཞིན་དུ་འབར། ཌཱ་མ་རུའི་སྒྲ་སྒྲོག །བླ་མ་དང་མགོན་པོ་དབྱེར་མེད་པར་བསམ། མགོན་པོ་ལས་འོད་ཟེར་བདེ་བའི་རང་བཞིན་དམར་ལ་སྨུག་པ་འཕྲོས་པས། བླ་མ་འོད་དང་བདེ་པའི་རང་བཞིན་དུ་འབར། ཌཱ་མ་རུ་དང་དྲིལ་བུའི་སྒྲ་སྒྲོག །མགོན་པོ་དང་བླ་མ་དབྱེར་མེད་དུ་གྱུར་པར་བསམས་ལ་གསོལ་བ་གདབ་པ་ནི། ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་བྷྱཿ ཧེ་བཛྲ་ཝཱི་ར་ཝཱི་རི་ནཱི་ཌཱ་ཀ་ཌཱ་ཀི་ནཱི་ཛོ་ཀ་ཛོ་ཀི་ནཱི་སརྦ་བུདྡྷཱ་བོ་དྷི་ས་ཏྭཱ་ཡ་ཤ་ར་ཎཾ་གཙྪཱ་མི། ཀྱེ་ཀྱེ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཡི་དམ་ལྷ་ཚོགས་རྣམས་ཀྱིས སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས དཔའ་བོ་དང་དཔའ་མོ། མཁའ་འགྲོ་དང་མཁའ་འགྲོ་མ། རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ། ཁྱེད་རྣམས་ཀྱིས་སྐུའི་སྒོ་ནས་བྱིན་གྱིས་རློབས་ཤིག །གསུང་གི་སྒོ་ནས ཐུགས་ཀྱི་སྒོ་ནས སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་མི་ཟད་པའི་སྒོ་ནས ད་ལྟ་ཉིད་དུ་བྱིན མྱུར་བ་ཉིད་དུ འདུག་ས་འདི་
༢༠༢ རུ་བྱིན་གྱིས སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་སོ། །དཔལ་ལྡནདཔོན་སྟོན་ཤ་བ་རི་དབང་ཕྱུག་ལ མངའ་བདག་མཻ་ཏྲི་པ་ཆེན་པོ་ལ གྲུབ་ཐོབ་རཱ་ཧུ་ལ་ཆེན་པོ་ལ གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ལ མཉམ་མེད་རིན་ཆེན་བརྩོན་འགྲུས་ལ དཔལ་ལྡན་སྐྱེར་སྒང་པ་ཆེན་པོ་ལ བླ་མ་སངས་རྒྱས་གཉན་སྟོན་ལ ཆོས་རྗེ་སངས་རྒྱས་སྟོན་པ་ལ མཁས་གྲུབ་ཤངས་སྟོན་ཆོས་རྗེ་ལ མུས་ཆེན་རྒྱལ་མཚན་དཔལ་བཟང་ལ མཁས་གྲུབ་རྡོ་རྗེ་གཞོན་ནུ་ལ མཚུངས་མེད་ནམ་མཁའི་རྣལ་འབྱོར་ལ བྱང་སེམས་སྦྱིན་པ་བཟང་པོ་ལ ཕ་རྒོད་ཐང་སྟོང་རྒྱལ་པོ་ལ ཕྱག་དྲུག་ཡེ་ཤེས་མགོན་པོ་ལ བླ་མ་མགོན་པོ་དབྱེར་མེད་ལ མགོན་པོ་བླ་མ་དབྱེར་མེད་ལ ཞེས་སོགས་དང་། བླ་མ་མགོན་པོ་དབྱེར་མེད་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་གསོལ་བ་མང་དུ་བཏབ་པས་མགོན་པོའ་དཔྲལ་བ་ནས་ༀ་དཀར་པོ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྒྲིབ་པ་དག་པ་སོགས་སྤྱི་དང་མཐུན། མགྲིན་པ་ནས་ཨཱཿདམར་པོ་ཞིག་བྱུང་། རང་གི་མགྲིན་པར་ཐིམ། ཐུགས་ཀ་ནས་ཧཱུྃ་སྔོན་པོ་ཞིག་བྱུང་། རང་གི་ཐུགས་ཀར་ཐིམ། དེ་ནས་བླ་མ་མགོན་པོ་ལ་ཐིམ། མགོན་པོ་འོད་དུ་ཞུ་ནས་རང་ལ་ཐིམ་པས་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་སེམས་མཉམ་པར་བཞག །ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །དབང་བཞི་པ་ཐོབ་སྙམ་དུ་བསམ་མོ། དེ་ནས་བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ཅེས་བསྔོའོ། །ཚིགས་སུ་བཅད་པ་འདི་མཐོང་ངམ་ཐོས་སམ་ཐ་ན་གསེར་ཡིག་ཏུ་བྲིས་ཏེ་མགུལ་དུ་བཏགས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་འཆི་ཁར་ཞལ་
༢༠༣ མངོན་གསུམ་དུ་མཐོང་བར་འགྱུར་ཞིང་དག་པ་ས་གསུམ་ལ་གནས་པར་འགྱུར་རོ། །བར་དོར་འཇུག་དགོས་སྲིད་ནའང་དེར་རྗེས་སུ་འཛིན་པར་ངེས་སོ། །ཡང་ན་མགོན་པོ་གནག་ལ་དཀར་བའི་མདངས་ཆགས་པར་བསྒོམས་ཀྱང་རུང་ངོ་། །ཡང་གོང་དང་འདྲ་བ་ལས། མདུན་དུ་པད་ཉི་དང་ཚོགས་བདག་གི་སྟེང་དུ་མགོན་པོ་སེར་ནག་རྒྱན་ཆ་ལུགས་བཞུགས་སྟངས་གོང་དང་འདྲ་བའི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་དང་། གཡོན་གསེར་གྱི་དྲིལ་བུ་གཡེར་ཁ་འཛིན་པ་རྒྱན་ཆ་ལུགས་གོང་དང་འདྲ་བར་བསྒོམ། སྔར་བཞིན་གསོལ་བ་བཏབ་པས། བླ་མ་མགོན་པོ་ལ་ཐིམ། མགོན་པོ་རང་ལ་ཐིམ་པའི་ངང་དུ་འཇོག །བསྔོ་བ་གོང་བཞིན་བྱའོ། །ཡང་མདུན་ཏུདུ་གོང་དང་འདྲ་བའི་གདན་གྱི་སྟེང་དུ་མགོན་པོ་དམར་ནག་གི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་སྐུ་མདོག་དམར་པོ། ཕྱག་གཡས་ཌཱ་མ་རུ་དང་གཡོན་ནོར་བུ་རིན་པོ་ཆེ་འཛིན་པ། རྒྱན་དང་ཆ་ལུགས་གོང་དང་འདྲ་བར་བསྐྱེད། སྔར་བཞིན་གསོལ་བ་གདབ། དབང་ཞུ། བསྔོ་བ་བྱའོ། །ཡང་མདུན་དུ་གདན་གོང་དང་འདྲ་བའི་སྟེང་དུ་མགོན་པོ་ལྗང་ནག་ཕྱག་མཚན་སོགས་གོང་དང་འདྲ་བར་བསྒོམ། དེའི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་སྐུ་མདོག་ལྗང་གུ་ཕྱག་གཡས་ཌཱ་མ་རུ་དང་། གཡོན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཆ་ལུགས་གོང་དང་འདྲ་བར་བསྒོམ། སྔར་ལྟར་གསོལ་བ་བཏབ། དབང་ཞུ་བསྔོ་བ་བྱའོ། །ཡང་མདུན་དུ་ཆོས་འབྱུང་ནག་པོའ་ནང་དུ་ཧཱུྃ་ནག་པོ་མགོ་མཐུརཐུར་དུ་བསྟན་པ་ཞིག་བསྒོམ། ཧཱུྃ་ཞེས་བརྗོད་པས་ཆོས་འབྱུང་དེ་པདྨ་དང་ཉི་མ་ཚོགས་བདག་གི་གདན་དུ་གྱུར། ཧཱུྃ་མགོ་བོ་གྱེན་དུ་
༢༠༤ ལོག་པས་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་རྒྱན་ཆ་ལུགས་སོགས་གོང་དང་འདྲ་བ་ཞིག་བསྒོམ། འཁོར་གནོད་སྦྱིན་བཞི་དང་ལྷ་མོ་གཞུང་བཞིན་བསྐྱེད། ཡེ་ཤེས་པ་གཞུག་པ་སོགས་གོང་བཞིན། དེའི་སྤྱི་བོར་རྩ་བའི་བླ་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་བོའ་ཆ་ལུགས་ཅན་མེ་ཕུང་འབར་བའི་དབུས་ན་བཞུགས་པ། གཡས་ཌཱ་མ་རུ་དང་གཡོན་ཡིད་བཞིན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བསྣམས་པ། རྒྱན་ཆ་ལུགས་བཞུགས་ཚུལ་གོང་དང་འདྲ་བར་བསྒོམ། སྔར་བཞིན་གསོལ་བ་བཏབ། དབང་ཞུ། བསྔོ་བ་བྱའོ། །བླ་མ་སྐུ་མདོག་དཀར་པོར་བྱས་ཀྱང་རུང་ངོ་། །ཡང་མདུན་གྱི་ནམ་མཁའི་གནས་སུ་པད་ཉི་ཚོགས་བདག་གི་གདན་དང་བཅས་པའི་སྟེང་དུ། ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་སྣ་ཚོགས་པ་རྒྱན་ཆ་ལུགས་ཕྱག་མཚན་གོང་དང་འདྲ་བར་བསྒོམ། དེའི་སྤྱི་བོར་པད་ཟླ་ལ་རྩ་བའི་བླ་མ་སྐུ་མདོག་སྣ་ཚོགས་པ། གཡས་ཌཱ་མ་རུ་དང་། གཡོན་ནོར་བུ་དབང་གི་རྒྱལ་པོ་བསྣམས་པ། ཞི་མ་ཁྲོའི་རྣམ་པ་ཅན། རྒྱན་ཆ་ལུགས་གོང་དང་འདྲ་བར་བསྒོམས་ལ་སྔར་ལྟར་གསོལ་བ་གདབ། དབང་ཞུས་ནས་སྣང་ལ་རང་བཞིན་མེད་པར་བློ་བཞག །རྗེས་སུ་བསྔོ་བ་རྣམ་པར་དག་པ་བྱའོ། །དེ་ལྟར་མ་ཡེངས་པར་ཟླ་བ་བདུན་བསྒོམས་ན་ཚེ་འདི་ཉིད་དུ་འཚང་རྒྱ་བར་བྱེད་དོ། །ཐོ་རངས་ཐུན་རེ་བསྒོམས་ན་འཆི་ཁར་ཆོས་སྐུ་དང་གཟུགས་སྐུ་ཐོབ། དབང་དང་འབྲེལ་བ་ལན་གཅིག་ཐོབ་ན་མཚམས་མེད་པ་ལྔ་བྱས་པ་ཡང་བར་དོར་ནི་འཚང་མི་རྒྱ་བ་མི་སྲིད་དོ། །འདི་དག་ནི་ཤ་བ་རི་པས། །ཡེ་ཤེས་མགོན་པོའ་སྤྱི་གཙུག་ཏུ། །དབང་གི་རྒྱལ་པོ་བསྒོམས་བྱས་ནས། །འོད་ཟེར་གཟི་བརྗིད་ལྡན་པར་བསམ། །གཡེལ་བ་མེད་པར་གསོལ་བཏབ་ན། །སངས་རྒྱས་ལོ་ཟླས་འགྲུབ་པར་འགྱུར། །བླ་མ་མགོན་པོ་དབྱེར་མེད་འདི། །མི་རབས་བདུན་ལ་མ་
༢༠༥ སྤེལ་ཅིག །ཡེ་ཤེས་མགོན་པོ་མདུན་བྱོན་ནས། །བདག་འདྲ་ཤ་བ་རི་བ་ལ། །ལན་གསུམ་བར་དུ་གསུངས་ནས་ཀྱང་། །བཀའ་རྒྱས་བཏབ་ནས་མཁའ་ལ་གཤེགས། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཆིག་བརྒྱུད་དག་ལས་མ་སྤེལ་ཅིག །ཞེས་གསུངས་པའི་ཉམས་ལེན་ནོ། །ཉིང་ཁུའི་ཆོས་སྐོར་གྱི་ཡན་ལག་བླ་མ་མགོན་པོ་དབྱེར་མེད་དུ་སྒྲུབ་པའི་མན་ངག་འདིའང་ལུང་སྟོང་སྨྱོན་པས་རང་གི་མྱོང་བ་དང་སྦྱར་ཏེ་གནས་ཆེན་རི་བོ་ཆེར་སྦྱར་བའི་ཡི་གེའི་རྐྱེན་ནི་བཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ཡིན་ནོ། །རྗེས་གནང་དང་མན་ངག་མ་ཐོབ་པ་ལ་མི་བསྟན་ནོ། །ཤིན་ཏུ་ཟབ་ཨི་ཐི། །དགེའོ།། །།

༄༅། །རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ་བཞུགས་སོ༎ ༎

༡༢༥ རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ་བཞུགས་སོ།། །།
༡༢༦ བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པ་ལ་ཕྱག་འཚལ་ལོ། །དེའི་ལྷ་ཁྲིད་ཟིན་བྲིས་གསུམ་གྱི་དགོངས་པ་བཞིན་བཤད་པར་བྱའོ། །དེ་ལ་བརྒྱུད་པའི་ལོ་རྒྱུས་ནི་རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་པས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་མན་ངག་མཐའ་དག་རྡོ་རྗེ་རྣལ་འབྱོར་མ་དང་རྡོ་རྗེ་འཆང་དངོས་ལ་གསན་ཏེ་རྗེ་ནཱ་རོ་པ་ལ་གདམས་ཤིང་དེས་ཀྱང་དཔལ་ལྷན་ཅིག་སྐྱེས་མ་དང་དངོས་སུ་མཇལ་ནས་ལྷན་ཅིག་སྐྱེས་མ་དང་རྫོགས་རིམ་རླུང་སེམས་གཉིས་མེད་ཀྱི་མན་ངག་གསན་ནས་སྒྲུབ་ཐབས་ཀྱི་གཞུང་མཛད་དེ་སྲས་ཀྱི་ཐུ་བོ་རྗེ་མར་པ་ལ་གནང་ནས་ད་སྟེ་ཞག་བདུན་ན་དགུན་གྱི་ཉི་མ་ལྡོག །དེ་ནས་ནག་པོའ་ཚེས་བཅུ་ལ་དུར་ཁྲོད་སོ་སའི་གླིང་དུ་སོང་ན་ལྷན་ཅིག་སྐྱེས་མས་རྗེས་སུ་འཛིན་པར་འགྱུར་རོ་གསུངས་ཏེ་དེར་བྱོན་པས་ལྷན་ཅིག་སྐྱེས་མ་མིའི་བུ་མོའ་རྣམ་པར་བསྟན་པ་དང་མཇལ། བསྐྱེད་རྫོགས་དང་བྱིན་རླབས་གནང་། ཤེལ་གྱི་གྲི་གུག་གིས་ཐུགས་ཀ་ཁ་ཕྱེ་ནས་སྔགས་འཁོར་བསྟན། ཁྱོད་རྡོ་རྗེ་གདན་སྐུ་སྟོན་པའི་ཚེམས་མཆེ་བ་ལྟོས་ལ་བོད་དུ་སོང་སྐལ་ལྡན་རྗེས་སུ་ཟུང་ཞིག་པར་ལུང་བསྟན། ཚེམས་
༡༢༧ མཆེ་བ་གཟིགས་པས་ཏ་ལའི་ལོ་མ་ལ་ལི་ཁྲིས་སིངྒ་ལའི་ཡི་གེར་བྲིས་པའི་དཔེ་བྱང་བུ་ཞིག་རྙེད་སྟེ་སྤྱན་དྲངས་པས་བསྐྱེད་རྫོགས་དེ་ཉིད་ཀྱི་དཔེར་སྣང་། དེས་རྗེ་མི་ལ་མཐུ་ཆེན་ལ་བསྐྱེད་རིམ་དང་རྫོགས་རིམ་གྱི་གཙོ་བོ་རྣམས་དངོས་སུ་གནང་། གནད་ཁ་ཅིག་ཤོག་དྲིལ་ལ་ཐམ་གྱིས་མནན་ཏེ། ཁྱོད་ལ་མ་འོངས་པ་ན་རྩ་རླུང་གི་གེགས་ཤིག་འབྱུང་བས་དེའི་ཚེ་ལྟོས་གསུངས་ནས། འཁྲུལ་འཁོར་གནད་ཀྱི་ཁ་བསྒྱུར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །ཅེས་ལུང་བསྟན་ཏེ་གནང་། རྗེ་མི་ལས་དེ་ལ་བརྟེན་ཏེ་གྲུབ་པ་བརྙེས་ནས། རྗེ་སྒམ་པོ་པ་ལ་བསྐྱེད་རིམ་དངོས་སུ་གནང་ནས་རྫོགས་རིམ་ནི་ང་ལ་ཡང་སྒོམ་སྐྱེ་དཀའ་བར་བྱུང་ཡང་འདི་ལ་བརྟེན་ནས་སྐྱེས། ཁྱོད་ལ་ཡང་རྟོག་པ་འཕེལ་འགྲིབ་ཅིག་འབྱུང་དེའི་ཚེ་འདི་དགོས་གསུང་ནས་སྐྱེལ་ཐུང་གི་སར་གནང་། རྗེ་སྒམ་པོ་པས་བཀའ་གདམས་ཀྱི་ཚོགས་སུ་བཞུགས་པས་ཉམས་མྱོང་འགྲིབས་པའི་ཚེ་འདི་ཉམས་སུ་བཞེས་པས་ཆོས་སྐུ་དངོས་སུ་གཟིགས་ཏེ་རྟོགས་པའི་མཐར་ཐུག །དེས་རྗེ་དུས་གསུམ་མཁྱེན་པ་ལ་ཀཾ་པོ་གངས་རར་སོང་ཞིག་
༡༢༨ པའི་འགྲོ་ཆོས་སུ་བསྐྱེད་རྫོགས་གཉིས་གནང་། དེ་ནས་འགྲོ་མགོན་སངས་རྒྱས་རས་ཆེན་ནས་དཔལ་མཁའ་སྤྱོད་པའི་བར་དུ་སྐལ་ལྡན་རེ་རེ་ཙམ་ལས་མི་སྤེལ་བའི་གསང་ཆོས་སུ་བཞུགས་ལ། དཔལ་མཁའ་སྤྱོད་ཞབས་ཀྱིས་བླ་མ་དང་མཁའ་འགྲོ་ལས་རྒྱ་ཆེར་སྤེལ་ཞིག་པའི་གནང་བ་ཐོབ་ནས་གདུལ་བྱ་རིམ་འཇུག་དགོས་པ་རྣམས་དཀྲི་བའི་ཕྱིར་རྗེ་དུས་མཁྱེན་གྱི་བཀའ་འབུམ་ན་བཞུགས་པའི་རྣལ་འབྱོར་མའི་ཆོས་སྐོར་རྣམས་ལས་ཝཾ་སྐྱེད་མ་ལ་ཕྱི་སྒྲུབ་ཏུ་མཛད། གཞུང་ཞལ་གདམས་འདི་ཉིད་ནང་སྒྲུབ་ཏུ་མཛད། གསང་སྒྲུབ་ཞལ་གཉིས་མར་མཛད་དེ་སློབ་མ་རྣམས་རིག་སྤྱོད་ནུས་ངེས་སུ་སྨིན་པར་མཛད་དེ་དེ་ཕྱིན་ལྷ་ཁྲིད་ཀྱི་མཚན་དུ་ཉི་ཟླ་ལྟར་གྲགས་ཤིང་། རྗེ་དེ་བཞིན་གཤེགས་པ་དང་ཆོས་ཀྱི་མིང་ཅན་དང་ལྷ་གཟིགས་པས་ཟིན་བྲིས་སུ་མཛད་པ་སྟེ། ཟིན་བྲིས་གསུམ་གཙོ་བོར་གྲགས་ཅིང་གཞན་ཡང་ཟིན་བྲིས་དུ་མ་བྱུང་བར་སྣང་ངོ་། །དེ་ཡང་གང་བསྒྲུབ་ན་སངས་རྒྱས་ཐམས་ཅད་སྐྱེད་པ་དང་གསོ་བ་དང་བཞེད་དོན་སྒྲུབ་པ་དང་བསྟེན་པའི་ཡུམ་རྡོ་རྗེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཕྱག་རྒྱ་ཆེན་མོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡོངས་སུ་རྫོགས་པ་རྡོ་རྗེ་བཙུན་མོ་དང་སྣ་ཚོགས་ཡུམ་དང་རྡོ་རྗེ་ཕག་མོ་ལ་སོགས་པའི་མཚན་མཐའ་ཡས་པས་བོད་པ་དེ་བསྒྲུབ་པར་བྱའོ། །དེ་ལ་དབྱེ་ན་རྗེ་དོན་ལྡན་ཞབས་ཀྱིས། བརྡ་དོན་རྟགས་ཀྱི་ཕག་མོ་ཞེས་གསུངས་པ་ལྟར་གསུམ་ལས་དོན་གྱི་རྡོ་རྗེ་རྣལ་འབྱོར་མ་ནི་ཆོས་ཉིད་ཀྱི་སྐུ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དངོས་ཏེ་སྐྱེ་མེད་རླུང་སེམས་གཉིས་མེད་ཀྱིས་བསྒྲུབ་ལ། བརྡའི་རྡོ་རྗེ་རྣལ་འབྱོར་མ་ནི། །ལུས་ལ་ཡེ་ཤེས་ཆེན་པོར་གནས། །ཅེས་སམ། ལྟེ་བའི་དབུས་གནས་འབྱུང་བཞི་འཕྲོ། ཞེས་པ་ལྟར་རྡོ་རྗེའི་ལུས་ལ་དམ་ཚིག་པའི་ངོ་བོར་གནས་པའི་ཙཎྜ་ལཱི་སྟེ་གཙོ་བོར་བདེ་ཆེན་རླུང་སེམས་གཉིས་མེད་ཀྱིས་བསྒྲུབ་པ། །རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་ནི་བརྡ་དོན་
༡༢༩ གྱི་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་པ་ཆོས་སྐུ་རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་དང་། དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོའ་ཡུམ་དུ་སྣང་བ་དང་། ལོངས་སྐུ་རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་ནི་ཡུལ་ཉེར་བཞིའམ་ཞེ་བརྒྱད་ལ་སོགས་པར་རྒྱུ་བ་གཙོ་མོ་རབ་གཏུམ་མ་ལ་སོགས་པའི་ཚུལ་དུ་བཞུགས་པའོ། །སྤྲུལ་སྐུ་རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་ནི་ས་འོག་ས་སྟེང་ས་བླ་ཁྱབ་པར་རིགས་སོ་བདུན་སོགས་ཀྱི་སྐུའི་འགྱུར་བ་མཐའ་ཡས་པས་རོལ་པའི་གཙོ་མོ་རིགས་ལྡན་མའི་ཚུལ་དུ་བཞུགས་པ་སྟེ། འདི་རྣམས་ནི་གཙོ་བོར་བསྐྱེད་རིམ་གྱིས་སྒྲུབ་ཅིང་ཤུགས་ཀྱིས་བསྐྱེད་རྫོགས་རེ་རེས་ཀྱང་ཐམས་ཅད་དབྱེར་མེད་དུ་བསྒྲུབ་བོ། །སྒྲུབ་པ་དངོས་ལ་གདུལ་བྱ་རིམ་འཇུག་གི་དབང་དུ་བྱས་ནས་གསུམ་སྟེ། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་བོ། །དང་པོ་ནི། དབང་དང་བྱིན་རླབས་ཐོབ་པའི་རྣལ་འབྱོར་པས། སྟན་བདེ་བ་ལ་འདུག་སྟེ། སྐྱབས་སེམས་དང་ཚད་མེད་པ་བཞི་དང་ཡིག་བརྒྱའི་བསྒོམ་བཟླས་ཀྱིས་རྒྱུད་དག་པར་བྱས་ནས། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་བླ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་པ་ལ་ཕྱག་དང་མཆོད་པ་སོགས་ཡན་ལག་བདུན་པ་བྱས་ལ་ཚོགས་གསག་ཚོགས་ཞིང་གཤེགས་པའམ་རང་ལ་བསྡུས་ཏེ་སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པདྨ་རོ་གདན་ཉི་མའི་སྟེང་དུ་སེམས་ཉིད་ཝཾ་དམར་པོ། དེ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གཅེར་བུ་རུས་རྒྱན་ཅན་གྲི་ཐོད་དང་ཁ་ཊྭཱཾ་ག་འཛིན་པ་གར་སྟབས་ཀྱིས་བཞེངས་པ། ཐོད་སྐམ་གྱི་དབུ་རྒྱན་དང་། ཐོད་རློན་གྱི་དོ་ཤལ་ཅན་ཁྲོ་མོ་སྤྱན་གསུམ་པ་དབུ་སྐྲ་གྱེན་དུ་བརྫེས་ཅིང་མེ་ཕུང་གི་ནང་ན་བཞུགས་པར་བསམ། དེའི་ཐུགས་ཀར་པད་ཉི་ལ་ཝཾ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་བསམ། དེའི་འོད་ཀྱིས་ཡེ་
༡༣༠ ཤེས་པ་སྤྱན་དྲངས་ཏེ་རང་ལ་བསྟིམ། ཡང་འོད་ཀྱིས་དབང་ལྷ་སྤྱན་དྲངས། དབང་བསྐུར་བས་བདུད་རྩིས་སྐུ་གང་། ཆུ་རྒྱུན་སྤྱི་བོར་འཁྱིལ་བས་རྣམ་སྣང་གིས་དབུ་བརྒྱན་པར་བསམ་མོ། །འདི་ལ་ཡེ་ཤེས་པ་དང་དབང་ལྷ་ལྷན་ཅིག་པ་ནང་སྒྲུབ་ལྟར་བྱས་ཀྱང་རུང་ངོ་། །དེ་ནས་ལྷ་སྐུ་གསལ་ལ་རྟོག་པ་མེད་པ་ཅི་ནུས་སུ་བསྒོམ། སྐྱོན་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་ལུས་གང་། ནད་གདོན་སྡིག་སྒྲིབ་དག །འོད་ཕྱིར་འཕྲོས་སྣོད་ཆོས་འབྱུང་གི་གཞལ་ཡས་ཁང་དང་བཅུད་ཡི་དམ་གྱི་སྐུར་གྱུར། སངས་རྒྱས་ཐམས་ཅད་ཡི་དམ་གྱི་རྣམ་པར་སྤྱན་དྲངས། ས་བོན་ལ་བསྟིམ་ཞིང་། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྞྞ་ནཱི་ཡཻ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ༀ་གསུམ་མ་དང་ཧ་རི་ནི་ས་སྤངས་པའི་སྙིང་པོ་ཅི་ནུས་བཟླའོ། །མཐར་ས་བོན་ལས་འཕྲོས་པའི་ལྷ་མོས་མཆོད་པར་བསམ་སྟེ་མཆོད་བསྟོད་མདོར་བསྡུས་བྱ། གཏོར་མགྲོན་སྤྱན་དྲངས་ཏེ་གཏོར་ཆོག་ལྟར་གཏོར་མ་འབུལ། བཟོད་གསོལ་བྱས་ནས་སྣོད་བཅུད་བདག་ཉིད་དང་། དེ་ས་བོན། དེ་ནཱ་ད་དང་། དེ་ཡང་མི་དམིགས་པར་བཞག །དེ་ནས་སྒྱུ་མའི་སྐུར་ལངས་ཏེ་རྗེས་ཐོབ་ལྷའི་ང་རྒྱལ་གྱིས་བྱའོ། །དེ་ལྟར་ཐུན་བཞི་སོགས་སུ་བཅད་དེ་འབུམ་ཕྲག་བཞིར་བཟླ་བ་ནི་ཕྱི་སྒྲུབ་སྟེ་བསྙེན་པའི་དོད་ཝཾ་བསྐྱེད་མའི་ཉམས་ལེན་ཡིན་ནོ། །གཉིས་པ་སྒྲུབ་ཐབས་དངོས་ནི་སྐབས་འདིར་ནང་སྒྲུབ་ཅེས་བྱ་ལ། དེ་ཡང་དཔལ་ནཱ་རོའ་གཞུང་ལས། མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །གསོལ་བ་གང་བཏབ་འཐོབ་འགྱུར་བ། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །ཞེས་པས་དགོས་པ་ཕན་ཡོན་དང་བཅས་པའི་རྩོམ་པར་དམ་བཅའ་བ་བསྟན་ཏོ། །འདི་ཉམས་སུ་བླང་བ་ལ་བཞི། ཇི་ལྟར་སྒྲུབ་པའི་ཚུལ། གྲུབ་ནས་སྤྱོད་པ་བྱ་ཚུལ། བསྲུང་བྱའི་དམ་ཚིག །འཐོབ་བྱའི་འབྲས་བུའོ། །དང་པོ་ལ་
༡༣༡ གསུམ། བསྐྱེད་རིམ་གྱིས་སྒྲུབ་པ། རྫོགས་རིམ་གྱིས་སྒྲུབ་པ། ཡན་ལག་གི་དོན་ཏོ། །དང་པོ་བསྐྱེད་རིམ་ལ་བཞི། གང་དུ་སྒྲུབ་པའི་གནས། ནམ་སྒྲུབ་པའི་དུས། སྒྲུབ་པའི་བཀོད་པ་བཤམས། སྒྲུབ་པ་དངོས་སོ། །དང་པོ་ནི། རི་བོའ་རྩེ་དང་དུར་ཁྲོད་དང་། །ཤིང་གཅིག་དྲུང་དང་ཕུག་སྟོང་དང་། །བས་མཐའ་དབེན་པའི་གནས་དག་ཏུ། །ཞེས་པས་གནས་དེ་དག་དང་། རྗེ་མར་པའི་ཞལ་གདམས་ལས། བྲག་དམར་པོ་ཁ་ནུབ་ཏུ་ལྟ་བ་བྱ་ཐལ་གྱིས་མ་གོས་པ་གྲུབ་ཐོབ་གོང་མས་ཞབས་ཀྱི་བཅག་པའི་གནས་ཅེས་གསུངས་པས་ཁྱད་པར་གྱི་གནས་དེ་ལྟ་བུར་སྒྲུབ་སྟེ་འདིས་ནི་ས་བརྟག་པའི་དོན་ཡང་ཚང་ངོ་། །གཉིས་པ་ནི། ཡར་གྱི་ངོ་ཡི་ཚེས་བཅུ་ལ། །ཞེས་པས་དགུ་ཡན་ལ་བཅའ་ག་ཚོགས་པར་བྱས་ཏེ་བཅུ་ནས་སྒྲུབ། གསུམ་པ་ནི། བསང་ཆུའི་དོན་དུ་ཐོག་མར་ལག་མཆོད་བྱ་སྟེ། སྐྱེས་པའི་ཐོད་པ་ཆ་གཅིག་པའམ་ཆ་གསུམ་པར་འབྲས་སོགས་འབྲུ་དང་། རྒུན་འབྲུ་སོགས་ཤིང་ཐོག་དང་། བུ་རམ་སོགས་ཤིང་དང་། སྦྲང་རྩི་སོགས་མེ་ཏོག་ལས་བྱུང་བའི་མྱོས་བྱེད་དེ་ཆང་སྣ་བཞི་གང་རུང་ལ་བདུད་རྩི་རིལ་བུ་སྦྱར་བ་བཞག །རང་ཉིད་ལྷར་གསལ་བའི་སྲིན་ལག་གཡོན་གྱིས་བདུད་རྩི་བླངས་ཏེ་བི་གྷྞཱཾ་བཟླ་བཞིན་འཐོར་བས་བགེགས་བསང་། ལག་པ་སོ་སོའ་སོར་མ་ལྔ་མཐེ་བོང་ས་ནས་མཐེའུ་ཆུང་ནམ་མཁའི་བར་འབྱུང་བ་ལྔར་ལྷུན་གྲུབ་ཏུ་གནས་པའི་གཡོན་གྱི་ཐེབ་སྲིན་ས་རླུང་ཐབས་ཤེས་སུ་སྦྱར་བ་ཆོས་འབྱུང་ལྷུན་གྲུབ་ཏུ་འབྱུང་བ་སྟེང་དུ་བལྟ་བས་བཅས་ཏེ་འོག་ཏུ་སྦུབ་ནས་སྭ་བྷཱ་ཝ་བརྗོད་བཞིན་པས་ཆང་གི་ནང་དུ་མདུན་ནས་གཡོན་ངོས་སུ་ཟླུམ་པོར་བསྐོར་བས་བདུད་རྩིའི་རྒྱ་མཚོ་དཀར་མེར་བསམ་པ་ནི་བདེ་བའི་བརྡའོ། །དེ་ནས་མདུན་ནས་གཡོན་སྐོར་དུ་ཆོས་འབྱུང་གྲུ་གསུམ་པ་བྲི་བཞིན་པས་ༀ་ཨཱཿཧཱུྃ་བརྗོད་པ་ནི་བདེ་བ་སྟོང་པར་རྟོགས་པའི་བརྡའོ། །དེའི་དབུས་སུ་ཧྲཱིཿཧ་རི་
༡༣༢ ནི་ས་ཞེས་ཐིག་ལེ་ལྔ་བྱས་པ་ནི་སྟོང་པ་རང་རིག་འོད་གསལ་དུ་རྟོགས་པའི་བརྡ་སྟེ་གསུམ་མོ། །དེ་ནས་ཆང་ནང་དུ་ལྷ་ལྔ་བརྟེན་པ་བསྐྱེད་པ་ནི་ཆང་གི་དཀྱིལ་འཁོར་རོ། །དེ་བཞིན་དུ་ལག་པ་ཕན་ཚུན་བསང་སྟེ་གཡས་ཀྱི་མཐེབ་སྲིན་སྦྱར་པས་བདུད་རྩི་བླངས་ཏེ་ལག་མཐིས་གཡོན་པར་བརྡ་གསུམ་གྱི་དཀྱིལ་འཁོར་བྲིས་ཏེ་བསྐྱེད་པ་ནི་ལག་པའི་དཀྱིལ་འཁོར་རོ། །དེ་གཉིས་ལ་ཐུན་མོང་དུ་མཆོད་ཡོན་དང་ཉེར་སྤྱོད་ལྔ་རོལ་མོར་བཅས་པས་མཆོད་པ་ཕྱི་མཆོད། ཤ་ལྔ་བདུད་བདུད་རྩི་ལྔས་མཆོད་པ་ནང་། བདེ་སྟོང་གིས་མཆོད་པ་གསང་བ་སྟེ་མཆོད་པ་གསུམ་བྱ། བསྟོད་ནས་གཡས་འབར་བའི་ཕྱག་རྒྱ་ཕྱེད་པ་དཔྲལ་བར་བཞག་སྟེ་རང་བཞིན་གྱིས་གྲུབ་པའི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་མོས་ཏེ་ཕེཾ་ཡིག་བརྗོད། མཆོད་པ་གསུམ་གྱིས་མཆོད། ཡབ་ཡུམ་གྱི་རྐང་བརྒྱད་བོད་སྐད་མས་བསྟོད། འདི་ལ་རྒྱས་པར་ན་ཡབ་ཀྱི་དཀྱིལ་འཁོར་བསྐྱེད། མངོན་བྱང་ལྔ་ལས་གཙོ་བོ་ཡབ་ཡུམ་དང་ས་བོན་ལས་འཁོར་བསྐྱེད་དེ་ལྷ་ལྔའམ་བཅུ་གསུམ་མམ་དྲུག་ཅུ་རྩ་གཉིས་པ་ལྟ་བུ་གང་མོས་བསྐྱེད། གོ་ཆ་བཀོད། ཡེ་ཤེས་པ་གཞུག །དབང་བསྐུར་རིགས་བདག་གི་རྒྱས་གདབ། མཆོད་བསྟོད་བཟླས་པ་བྱེད་དེ་མདོར་ན་རྒྱས་བསྡུས་གང་ཡིན་ཡང་འདི་ནི་ནམ་མཁའི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་གསུམ་ཞེས་བྱ་སྟེ་བརྡ་གསུམ་དཀྱིལ་འཁོར་གསུམ་མཆོད་པ་གསུམ་སྟེ་ལག་མཆོད་ཀྱི་དོན་དགུར་ཡི་གེ་རྙིང་པ་རྣམས་ལས་བཤད་དོ། །དེ་ནས་ནམ་མཁའི་དཀྱིལ་འཁོར་ལག་པའི་དཀྱིལ་འཁོར་ལ་བསྟིམ་པས་ཡབ་ཡུམ་རྟེན་བརྟེན་པར་བཅས་པ་དབྱེར་མེད་དུ་ཞུ། དེ་ཆང་ལ་བླུགས་པས་ཆང་གི་དཀྱིལ་འཁོར་ཡང་ཞུ་སྟེ་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་སྐུའི་བདུད་རྩིའི་ཟླ་བ་ལྟར་དཀར། གསུང་གི་བདུད་རྩི་ཉི་ལྟར་དམར། ཐུགས་ཀྱི་བདུད་རྩི་་
༡༣༣ མདོག་ལྟར་སྔོ་བར་མོས་ཏེ་རིམ་པས་ༀ་ཨཱཿཧཱུྃ་བརྗོད་བཞིན་པ་ཆོས་འབྱུང་སྐྱེ་གནས་ཀྱི་རྒྱ་གཡོན་དུ་ལན་གསུམ་བསྐོར། ཁ་དོག་དྲི་རོ་ནུས་པ་སྦྱོང་བའི་ཕྱིར་སྡོམ་འབྱུང་ལས་བཤད་པའི་ཧ་ཧོཿཧྲཱིཿཡང་བརྗོད་ན་རུང་ངོ་། །ལག་མཆོད་ཀྱི་བྱ་བ་འདི་ནི་སྡོམ་འབྱུང་ལས། །ཞི་བའི་བཏུང་བ་ལྷ་མོ་སྟེ། །རྡོ་རྗེ་རྣམ་སྣང་མཛད་གཟུགས་གནས། །རྣམ་སྣང་མཛད་མའི་སྐུ་དབུས་སུ། །ཧེ་རུ་ཀ་ནི་ཞུ་བར་གྱུར། །ཞེས་གསུངས་པའི་མན་ངག་སྟེ་ལག་མཆོད་གཞན་ལས་ཁྱད་པར་དུ་འཕགས་ལ། འདིས་བགེགས་བསང་བ་དང་རྫས་སྦྱང་བ་ཐམས་ཅད་བྱེད་དེ། སྡོམ་འབྱུང་ལས། བདུད་རྩི་དྲག་པོའ་གཟུགས་ཅན་མ། །འཕྲོག་དང་བྱ་བ་ལོངས་སྤྱོད་ལ། །དེ་ཕྱིར་སྙིང་པོ་བདུད་རྩི་ཡིན། །ཞེས་སོ། །ཕན་ཡོན་ནི། རྣལ་འབྱོར་མ་ཀུན་སྤྱོད་ལས། ལག་པའི་མཆོད་པས་རྣལ་འབྱོར་པ། །དབུལ་བའི་འདོད་དོན་འགྲུབ་པར་འགྱུར། །སེམས་ནི་གཞན་དུ་གྱུར་པ་དང་། །བཟའ་བཏུང་གོས་སོགས་འཐོབ་པར་འགྱུར། །ལྷ་ཡི་མཆོད་པ་བྱས་ན་ནི། །དེ་ལ་བསམ་པ་རྣམ་འགྲུབ་འགྱུར། །ཞེས་བཤད་དོ། །དེ་ནས་ས་བསླང་བའི་དོན་དུ་གཏོར་མ་ཉེར་སྤྱོད་དང་བཅས་པ་བཤམ། ལག་མཆོད་དང་བི་གྷྞཱཾ་གྱིས་བསང་སྦྱངས་ཏེ་གཏོར་ཆོག་ལྟར་བྱིན་གྱིས་བརླབ། ཕག་མོ་མངོན་པར་འབྱུང་བའི་རྒྱུད་སོགས་མ་རྒྱུད་མང་པོར། མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོ་རྡོ་རྗེ་བརྟན་པོར་སྦྱར་བྱས་ཏེ། །དེ་ནི་དཔྲལ་བའི་དབུས་སུ་རབ་སྦྱར་ནས། །བསྐོར་ཞིང་བསྐོར་ཞིང་ཀུན་ཏུ་བསྐོར་བར་བྱ། །རྐང་པ་མནན་ཞིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་པས། །ཕྱོགས་བཅུའི་འཇིག་རྟེན་ཁམས་གནས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ཅེས་པ་ལྟར་ཙོག་པུ་རྐང་པ་གཡས་ཀྱི་བྲང་བས་གཡོན་གྱི་བོ་ལ་གོང་མནན། ལག་པ་གཉིས་མཛུབ་མོ་ལྕགས་སྒྲོག་ལྟར་
༡༣༤ མདུད་ཅིང་མཐེ་བོང་གཉིས་དང་གུང་མོ་གཉིས་སོ་སོར་རྩེ་སྤྲད། ལྷག་མ་མེ་རི་ལྟར་བརྒྱངས་པ་འབར་བའི་ཕྱག་རྒྱའམ་དྲ་བའི་ཕྱག་རྒྱ་སྨིན་མཚམས་སུ་གཡོན་དུ་བསྐོར་ཞིང་མིག་གྱེན་དུ་བལྟ་བས་ཕེཾ་ཡིག་གསུམ་མམ་བདུན་བརྗོད་པས་འདས་མ་འདས་ཀྱི་གཏོར་མགྲོན་ཐམས་ཅད་རྣལ་འབྱོར་མའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་པར་མོས་ཏེ་བཛྲ་ཨ་ར་ལི་སོགས་ཀྱི་སྔགས་བརྗོད། མཆོད་ནས་གཏོར་སྔགས་ཀྱིས་དབུལ་གཏོར་མ་གཙང་སར་དོར་ཏེ་གཞི་བདག་ལ་བརྡ་བཀྲོལ་ཞིང་དཀར་ཕྱོགས་ལ་གྲོགས་གཞོལ་བར་བྱའོ། །དེ་ནས་ས་སྲུང་བ་དང་བགེགས་སྦྱང་བའི་ཕྱིར་རང་ཉིད་ཀྱི་སྐུ་ལས་ཁྲོ་མོའ་ཚོགས་དཔག་མེད་སྤྲོས་ཏེ་ནག་པོའ་ཕྱོགས་རྣམས་ལ་བཀའ་བསྒོས་ཏེ་བསྐྲད། མི་འགྲོ་བ་རྣམས་མེ་འོད་ཀྱིས་བསྲེགས་ཏེ་སླར་ཐུགས་ཀ་ནས་རྡོ་རྗེའི་ཚོགས་དཔག་མེད་སྤྲོས་པ་འོག་ཏུ་སྤྲིན་འཁྲིགས་པས་རྡོ་རྗེའི་ས་གཞི། དེ་བཞིན་དུ་ར་བ་དྲྭ་བ་གུར་བླ་རེས་ཕྱི་མེ་ཕུང་དང་བཅས་པའི་སྲུང་འཁོར་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་རྣམ་པ་སྲ་ཞིང་བརྟན་པ་བསམ་སྟེ་ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབ། དེ་ནས་ལྟེ་བའི་ཧྲཱིཿལས་སེང་གདོང་མ་དཀར་མོ་གྲི་ཐོད་འཛིན་པ་དཔག་མེད་སྟེང་ཕྱོགས་སུ་སྤྲོ་ཞིང་མཐེབ་སྲིན་གྱིས་བདུད་རྩི་འཐོར་བཞིན་པས་ༀ་སིངྒ་མུ་ཁ་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད། དེ་བཞིན་དུ་ཁྭ་གདོང་མ་ནག་མོ་ཤར་དུ་ༀ་ཀཱ་ཀ་སྱཻ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། འུག་གདོང་མ་ལྗང་གུ་བྱང་དུ་ༀ་ཨཱུ་ལུ་ཀ་སྱེ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཁྱི་གདོང་མ་དམར་མོ་ནུབ་ཏུ་ༀ་ཤྭ་ན་ཀ་སྱཻ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཕག་གདོང་མ་སེར་མོ་ལྷོར། ༀ་སཱུ་ར་ཀ་སྱཻ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། སྟག་གདོང་མ་ནག་མོ་འོག་ཏུ་ༀ་བྱཱ་གྷྲྀ་སྱཻ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། གཤིན་རྗེ་བརྟན་མ་དང་ཕོ་ཉ་མ་དང་མཆེ་བ་མ་དང་འཇོམས་མ་རྣམས་ཕྱེད་གཟུགས་ཅན་དཔག་མེད་མེ་ནས་གཡས་སྐོར་དུ་མཚམས་སོ་སོར་སྤྲོ་ཞིང་བཻ་རོ་ཙ་ནཱའམ་ཡང་ན་ༀ་ཡ་མ་དྲྀ་ཌྷ་ཧཱུྃ་ཧཱུྃ་ཕཊ། ཡ་མ་དཱུ་
༡༣༥ ཏྭི། ཡ་མ་དཾཥྚི་ནཱི། ཡ་མ་མ་ཐ་ནཱི། ཞེས་བརྗོད། ཡང་ན་སྒོ་མཚམས་ཐམས་ཅད་བཻ་རོ་ཙ་ནཱི་ཁོངས་སྤྲོས་ཀྱང་རུང་ངོ་། །ལྷ་མོ་དེ་རེ་རེ་ཡང་དཔག་ཏུ་མེད་པས་སྲུང་འཁོར་གྱི་ཕྱི་ནང་གོ་མཚམས་མེད་པར་ཁྱབ་པ་ལ། འདི་ལྟར་ལྷ་མོ་ཡ་མཚན་ཅན། སོགས་ཀྱིས་བཀའ་བསྒོ། ཐམས་ཅད་ཀྱང་ཉི་ཟེར་གྱི་རྡུལ་ལྟར་འཁྲུགས་པས་སྲུང་ཟློག་གི་ལས་མཛད་བགེགས་ཐམས་ཅད་ཕུར་བུས་བཏབ་པར་བསམ་ཞིང་བྷཱ་ཏ་ཡའི་སྔགས་བརྗོད་དོ། །སྲུང་འཁོར་རྒྱས་པར་སྤྲོ་ན་ལྟེ་བའི་ས་བོན་ལས་སྤྲོས་པའི་ཧྲཱིཿལས་གྲི་གུག་གིར་གུར་བླ་རེ། ཧ་ལས་རྡོ་རྗེ། རི་ལས་རིན་ཆེན། ནི་ལས་པདྨ། ས་ལས་རལ་གྲི་སྟེ་ཕྱག་མཚན་ལྔ་དང་། ལམ་ལས་སའི་རང་བཞིན་འཁོར་ལོ་སེར་པོ། ཝཾ་ལས་ཆུ། རྃ་ལས་མེ། ཡྃ་ལས་རླུང་གི་རང་བཞིན་མཚོན་ཆ་སྣ་ཚོགས་པའི་ས་གཞིར་གུར་བླ་རེ་སོགས་བསམ་ཞིང་སྔར་ལྟར་སྒོ་མཚམས་མ་སྤྲོ་སྟེ་སྲུང་འཁོར་དགུ་རིམ་ཞེས་བྱའོ། །དེ་ནས་ས་བྱིན་གྱིས་བརླབ་པའི་ཕྱིར། མཛེས་པའི་མཎྜལ་ཆག་ཆག་གདབ། དྲི་དང་ཆང་གིས་བྱུག་པར་བྱ། ཞེས་པས་མི་རྟ་ཁྱི་གསུམ་གྱི་ཁྲག་དང་དྲི་བཟང་པོ་དང་རང་བྱུང་གི་མཚལ་དང་ལག་མཆོད་ཀྱི་རྫས་བསྲེས་པས་ས་ཕྱོགས་ཐམས་ཅད་ལ་ཆག་ཆག་བྱ་ཞིང་ཡེ་ཤེས་ཀྱི་རང་བཞིན་དུ་བསམ། དབུས་སུ་སྟེགས་བུ་མཎྜལ་དབུས་མཐོ་ཞིང་ཤར་དང་བྱང་དུ་གཞོལ་བ་འཇམ་ཞིང་བརྟན་པ་ཇི་ལྟར་འཚམ་པ་བྱས་ཏེ་བ་བྱུང་ལྔ་དང་རྫས་དེ་དག་གིས་ཀོ་བ་ཙམ་དུ་བྱུག །དཀྱིལ་འཁོར་བྲི་ཚུལ་ནི། ཆོས་འབྱུང་པདྨར་ལྡན་པ་བྲི། །རང་རང་ཕྱག་མཚན་སྟེང་དུ་དགོད། །མེ་ཏོག་དམར་པོའ་ཚོམ་བུའང་དགྲམ། །ཞེས་པས་རྡུལ་ཚོན་དང་། མཚན་དང་ལྡན་པའི་ཀ་པཱ་ལ། །བཏུང་བ་བཟང་པོས་ལེགས་པར་བཀང་། །བདུད་རྩི་ལྔ་དང་རྩ་བརྒྱད་སྟོང་། །རིན་ཆེན་འབྲུ་དང་སྙིང་པོ་ལྔ། །གང་
༡༣༦ འདོད་རྫས་རྣམས་གཞུག་པར་བྱ། །ཞེས་པས་ཐོད་པའི་དཀྱིལ་འཁོར་དང་། །མ་ཉམས་མེ་ལོང་གཙང་མ་ལ། །ཤེས་རབ་མཚལ་དང་ཞེས་པས་མཁའ་འགྲོ་དབང་སྡུད་ཀྱི་དཀྱིལ་འཁོར། སིནྡྷུ་རས། ཆོས་འབྱུང་གྲུ་གསུམ་བསྣོལ་མར་བྲི། །ཞེས་པ་དང་། ལེབ་རྒན་དམར་པོའ་སྟེང་དུ་བཞག །ཞེས་པས་སིནྡྷུ་རའི་དཀྱིལ་འཁོར་གསུངས་ཏེ། དང་པོར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ལྷ་སྟ་གོན་གྱི་དོད་དུ་ནམ་མཁའི་དཀྱིལ་འཁོར་བྲི་བ་ནི། སྟེགས་བུའི་སྟེང་གི་ནམ་མཁའ་བསངས་ཏེ་གཡོན་གྱི་མཐེབ་སྲིན་གྱིས་བདུད་རྩི་བླངས་པས་རང་གི་སྨིན་མཚམས་ནས་རྣ་བ་གཡས་པའི་ཕྱོགས་སུ་བསྐོར་བས་སྦ་བྷཱ་ཝ་བརྗོད་བཞིན་དུ་ཟླུམ་བསྐོར་བྱ། ཡི་གེ་གསུམ་བརྗོད་བཞིན་པས་རྣ་བ་གཡོན་ནས་གཡས་ཀྱི་བར་དང་དེ་ནས་ནུབ་དང་སླར་རྣ་བ་གཡོན་དུ་འཐེན་ཏེ་གདན་ཐབས་ཀྱི་ཆོས་འབྱུང་བསམ། སྨིན་མཚམས་ནས་རླུང་དང་དེ་ནས་བདེན་བྲལ་དེ་ཤར་སྨིན་མཚམས་སུ་ཐེན་ཏེ་ཁང་ཐབས་ཀྱི་ཆོས་འབྱུང་བྲི། སྙིང་པོ་བརྗོད་བཞིན་པས་དབུས་སུ་ཐིག་ལེ་དམར་པོ་བྱ། ༀ་བཛྲ་ཌཱ་ཀི་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱས་ཤར་དུ་ཐིག་ལེ་སྔོན་པོ། དེ་བཞིན་དུ་རཏྣ་ཌཱ་ཀི། པདྨ་ཌཱ་ཀི། ཀརྨ་ཌཱ་ཀི་ཞེས་ཕྱོགས་སོ་སོར་རང་མདོག་གི་ཐིག་ལེ་བྱ། དེ་རྣམས་ཀྱི་འཕྲོ་འདུས་དོན་གཉིས་བྱས་ཏེ་སླར་བདུད་རྩིའི་ཐིགས་པ་སོ་སོར་རེག་བཞིན་པས་ཧྲཱིཿཧ་རི་ནི་ས་བརྗོད་སྟེ་ཡི་གེ་ལྔ་གྱུར་པར་བསམ། དེ་ལས་ལྷ་ལྔར་བསྐྱེད། ས་བོན་བཀོད་དེ་མདུན་བསྐྱེད་ལྟར་སྤྱན་འདྲེན་མཆོད་བསྟོད་དབང་བསྐུར་ཡེ་ཤེས་པ་བསྟིམ་པ་དང་བཟླས་པ་ཅུང་ཟད་བྱས་ཏེ་མཆོད་ཅིང་བསྟོད་ནས་དཀྱིལ་འཁོར་ཕྱི་མའི་གནང་བ་སྩོལ་བར་གསོལ་བ་གདབ། ཕྱོགས་འདིར་དཀྱིལ་འཁོར་བྲིས་ལ་རང་གཞིན་གྱི་དོན་གྱིས་ཤིག་པར་གནང་བ་བྱིན་པར་བསམ། དེ་ནས་སྲད་བུ་ཆལ་དུ་བཅལ་བས་ས་གཞི་ལ་ཐིག་བྱ་སྟེ། ཚངས་ཟུར་བཞི་བོ་ལེགས་
༡༣༧ པར་བཏབ། ཇི་ཙམ་འཚམ་པར་ཟླུམ་པོར་བསྐོར། །དབུས་ནས་ཟླུམ་པོའ་བར་ཚད་དེ། །ཤར་གྱི་ཟླུམ་མཚམས་ཕྲད་པར་བཟུང་། །ལྷོ་བྱང་གཉིས་སུ་མཚན་མ་བྱ། །དེ་སྟེང་གདན་ཐབས་ཆོས་འབྱུང་གདབ། །ནུབ་ཀྱི་ཟླུམ་ཚངས་ཕྲད་པ་ནས། །སྔར་ལྟར་གཞལ་སྟེ་ཁང་ཐབས་གདབ། །ཆ་ཕྲན་ཕྲ་མོ་རེ་རེའི་ཚད། །གཉིས་ཀའི་ནང་ནས་སླར་ཡང་གདབ། །དབུས་ནས་ངོས་ཆེན་ལ་རེག་པར། །ཟླུམ་སྐོར་སླར་ཡང་དེ་ཡི་ནང་། །སུམ་ཆ་ཕྱེད་གཉིས་དོར་བར་བསྐོར། །སླར་ཡང་ཟླུམ་སྐོར་གཉིས་ཀའི་ནང་། །ཆ་ཤས་ཕྲ་བ་རེ་རེ་བསྐོར། །ནང་ནས་རིམ་བཞིན་ཟེའུ་འབྲུ་དང་། །གེ་སར་འདབ་མ་མུ་ཁྱུད་ཡིན། །ཕོ་བྲང་ཁྱམས་ཀྱི་ཟླུམ་པོའ་ཕྱིར། །ཆ་བྲན་གཉིས་དང་གཅིག་དང་བཞིས། །ནང་ནས་རིམ་བཞིན་བསྐོར་བ་ཡིས། །ཐོད་ཕྲེང་རྡོ་ར་མེ་རིའོ། །ཞེས་པ་ལྟར་བཏབ་སྟེ་ཚོན་ཁ་དོག་སྣ་ལྔ་ཡེ་ཤེས་ལྔ་དང་མཁའ་འགྲོ་ལྔར་མོས་པས་སྙིང་པོ་བརྗོད་བཞིན་པས་ཐོག་མར་ཁང་ཐབས་ཀྱི་ཆོས་འབྱུང་གི་རེ་ཁཱ་གཡོན་སྐོར་དུ་བྲི་ཞིང་དེ་ནས་གཞན་རྣམས་ཀྱང་རིམ་པས་བྲི་ཞིང་དགྲམ་མོ། ཁ་དོག་ཡང་ཆོས་འབྱུང་གི་རེ་ཁཱ་དཀར་ནང་དམར་པདྨའི་ལྟེ་བ་དམར་གེ་སར་དམར་སེར་འདབ་བཞི་ཕྱོགས་མདོག་གོང་རས་མཛེས་ཚོན་མུ་ཁྱུད་དང་ཁྱམས་ལྗང་གུ་ཕྱི་རོལ་གཞི་ནག་པོ་ལ་ཐོད་ཕྲེང་གཡོན་དུ་ལྟ་བ་དཀར་པོ། རྡོ་རྗེ་སེར་པོ་བཞི་ཕྱོགས་ཚོན་མེ་རི་མདོག་སྣ་ཚོགས་གཡོན་དུ་འཁྱིལ་པ་ཟུར་བཞིར་རྡོ་རྗེ་ཕྱེད་པ་བཞི་སེར་པོ། པདྨའི་ལྟེ་བར་ཉི་མ་ལ་གྲི་གུག་སོ་སྔོན་པོ་ཡུ་བ་རྡོ་རྗེ་ཕྱེད་པ་སེར་པོ། འདབ་མ་བཞི་ལ་ཤར་དུ་རྡོ་རྗེ་སྔོན་པོ། ལྷོར་རིན་པོ་ཆེ་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་ལྗང་གུ་སྟེ་ཕྱག་མཚན་ལྔ་བྲི། ཕྱག་མཚན་སོ་སོའ་ལྟེ་བར་མེ་ཏོག་དམར་པོའ་ཚོམ་བུ་དགོད། ཆོས་འབྱུང་གི་ཁུགས་དྲུག་ཏུ་དགའ་འཁྱིལ་དཀར་པོ་གཡོན་དུ་འཁོར་བ་རེ་བྲིའོ། །
༡༣༨ དེ་ནས་དཀྱིལ་འཁོར་དེ་རྟེན་བརྟེན་པ་དང་བཅས་པར་གསལ་བཏབ་སྟེ་ནམ་མཁའི་དཀྱིལ་འཁོར་ཕབ་ནས་དབྱེར་མེད་དུ་བསྟིམ་མོ། །དེ་ནས་གཞུང་དུ་མ་གསུངས་ཀྱང་ཞལ་གདམས་ཀྱི་བཅུ་གཉིས་པར་གསུངས་པ་ལྟར་བུམ་པའི་དཀྱིལ་འཁོར་ནི། བུམ་པ་གཙང་མ་ལ་གུ་གུལ་གྱིས་བདུག་སྟེ། སེ་བའི་མེ་ཏོག་ཨུཏྤལ་སྔོ། །ཀཎྜ་ཀ་རི་ཤུ་དག་དཀར། །ཙེག་མགོ་སྣ་ན་སྨན་ལྔའོ། །ནས་གྲོ་ཏིལ་དཀར་འབྲས་སོ་བ། །མོན་སྲན་བཅས་པ་འབྲུ་ལྔའོ། །གསེར་དངུལ་ཨིནྡྲ་ནཱི་ལ་དང་། །པད་རག་མུ་ཏིག་མཆོག་ལྔ་སྟེ། །ཡང་ན། གསེར་དངུལ་ཟངས་ལྕགས་གཤའ་ཚོ་སྟེ། །ལྕགས་རིགས་ཁོ་ནའི་རིན་ཆེན་ལྔའོ། །ག་བུར་ལི་ཤི་ཛཱ་ཏི་དང་། །གུར་གུམ་ཙནྡན་དྲི་ལྔའོ། །སྦྲང་རྩི་བུ་རམ་ལན་ཚྭ་མར། །ཨ་རུ་ར་སྟེ་སྙིང་པོ་ལྔའོ། །དེ་ལྟར་རྫས་ཉེར་ལྔ་བོ་ཁྲོལ་བུར་བླུག་གོ་།བདུད་རྩི་རིལ་བུ་སྦྱར་ཆུ་གཙང་གིས་བཀང་། །མགུལ་ཆིངས་སྲོག་ལྔ་པས་བཅིང་། །ཤིང་ལོས་ཁ་བརྒྱན་ཏེ་དཀྱིལ་འཁོར་དབུས་སུ་ཁྲིའུའི་སྟེང་དུ་བཞག་གོ་།དེ་ནས་རིམ་བཞིན་ཐོད་པ་མཚན་ལྡན་དང་། དར་དམར་དང་། ལིའི་མེ་ལོང་བུག་པ་མེད་པ་འབྲུག་ལོ་འབྲུག་ཟླ་འབྲུག་ཉི་ལ་འགར་བ་འབྲུག་ལོ་པས་ཉིན་གཅིག་གིས་ཚར་བར་བྱས་ཏེ་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་ཤ་དྲོད་ལ་ཞག་འགའ་བཅངས་པ་ཞིག་འབྱོར་ན་ལེགས། མ་འབྱོར་ན་ཡང་མེ་ལོང་གཙང་མའི་དང་པོར་ནང་དང་དེ་ནས་ཕྱི་རྣམས་སོ་སོར་ལག་མཆོད་ཀྱིས་བགེགས་བསང་། པང་དུ་བཞག་སྟེ་རང་རང་གི་ཚད་ཙམ་དུ་སྟེང་དུ་ནམ་མཁའི་དཀྱིལ་འཁོར་བྲི་ཞིང་བསྐྱེད་དེ་གནང་བ་གསོལ། སིཧླ་དང་གུར་གུམ་དང་བདུད་རྩི་སོགས་སྦྱར་བས་ཐོད་པའི་ནང་། དར་དམར་གྱི་ངོས། མེ་ལོང་གི་ནང་ངོས་རྣམས་ལ་ཟླུམ་སྐོར་ཆོས་འབྱུང་པདྨ་ས་བོན་ལྔ་དགའ་འཁྱིལ་དྲུག་དང་བཅས་པ་དང་། མེ་ལོང་གི་ཕྱི་ངོས་ལ་ལག་མཆོད་ཀྱི་རྫས་བྱུགས། རྒྱ་གར་
༡༣༩ གྱིའམ་མ་འབྱོར་ན་བོད་ཀྱི་ཡང་རུང་སྟེ། སིནྡྷཱུ་ར་བདལ་བའམ་དར་ཆགས་ཀྱིས་བཏབ་སྟེ་ཟླུམ་སྐོར་སོགས་སྔར་འདྲ་བ་ལས་ཧྲཱིཿའི་མཐར་ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས། རི་ནི་ས་ཧ། ནི་རི་ཧ་ས། ས་ནི་རི་ཧ། ཨཱ་ཀརྵ་ཡ་ཛ་ཛཿ ཞེས་གཡོན་སྐོར་དུ་འབྲི། སོ་སོའ་ནམ་མཁའི་དཀྱིལ་འཁོར་བསྟིམ་སྟེ་བུམ་པའི་ཁ་རྒྱན་གྱི་གསེབ་བམ་ཁྲིའུ་ཆེ་བའི་སྟེང་དུ་ཐོད་པ་བདུད་རྩི་རིལ་བུ་དང་བཅས་པའི་མ་ད་ནའམ། སྨན་དུ་བསྒྲུབ་ན་བཤལ་སྨན་དང་དུག་རིགས་མ་གཏོགས་རྩ་བརྒྱད་སྟོང་གི་སྨན་གང་འབྱོར་བླ་མ་གོང་མའི་བྱིན་རླབས་དང་སྦྱར་བའི་ཕྱེ་མའམ་རིལ་བུས་བཀང་སྟེ་བཞག །དར་དམར་གྱིས་དགབ། སྟེང་དུ་མེ་ལོང་བཞག་སྟེ། དེ་ལྟར་རྡུལ་ཚོན། བུམ་པ། ཐོད་པ། དར་དམར། མཁའ་འགྲོ་དབང་སྡུད། སིནྡྷཱུ་ར་སྟེ་དཀྱིལ་འཁོར་དྲུག་པོ་མདུན་ནུབ་ནས་ཤར་དུ་ཕྱོགས་པར་བརྩེགས། སྟེང་ནས་དར་དམར་གྱི་གུར་ཕུབ། མཐའ་མཆོད་པ་དང་ཤ་སྣ་ཚོགས་ཀྱི་གཏོར་མས་བསྐོར་རོ། །འདི་ལ་དར་དམར་ལ་དཀྱིལ་འཁོར་མི་བྱེད་པ་ཡང་ཡོད་ཅིང་། སྤྱིར་སྒྲུབ་པའི་དུས་དྲུག་བརྩེགས། དབང་བསྐུར་གྱི་དུས་མཁའ་འགྲོ་དབང་སྡུད་མ་གཏོགས་པའི་ལྔ་བརྩེགས། དུས་བཟང་གི་མཆོད་པ་སོགས་ལ། རྡུལ་ཚོན་ཐོད་པ་སིནྡྷཱུ་ར་སྟེ་སུམ་བརྩེགས་ཀྱིས་ཀྱང་ཆོག་གོ། །དེ་ལྟར་བཀོད་པ་ཚར་ནས་སྡོད་ཚུལ་ནི། །བདེ་བའི་སྟན་ལ་འདུག་ནས་ནི། །ཨོ་རྒྱན་ཕྱོགས་སུ་ཁ་བལྟས་ལ། །ཞེས་པས་རྣལ་འབྱོར་པ་སྟན་ཅི་བདེ་བ་ལ་ཁ་དཀྱིལ་འཁོར་དུ་ཕྱོགས་པས་འཁོད། ལག་མཆོད་རྡོ་རྗེ་དྲིལ་བུ་ཌ་མ་རུ་རྣམས་གཡོན་ནས་རིམ་གྱིས་མདུན་དུ་དགོད་དོ། །བཞི་པ་སྒྲུབ་པ་དངོས་ལ་གསུམ། བདག་བསྐྱེད། མདུན་བསྐྱེད། དཀྱིལ་འཁོར་བསྡུ་བའི་ཆོ་གའོ། །དང་པོ་ལ་མཉམ་བཞག་གི་བྱ་བ་དང་རྗེས་ཐོབ་ཀྱི་བྱ་བ་གཉིས། དང་པོ་ལ་ཡང་སྔོན་
༡༤༠ འགྲོ་ཚོགས་གསོག །དངོས་གཞི་སྒོམ་བཟླས་གཉིས་ལས་དང་པོ་ནི། བྱང་ཆུབ་སེམས་བསྐྱེད་སྔོན་འགྲོ་བས། །དཀྱིལ་འཁོར་ཆོ་གས་མཉེས་པར་བྱ། །ཡི་གེ་གསུམ་གྱིས་རང་ལ་བསྡུ། །ཞེས་པས་ཐོག་མར་བདུད་རྩི་རིལ་བུའམ་ལག་མཆོད་ཀྱི་ཐིགས་པ་ལྕེ་ཐོག་ཏུ་བཞག་པས་བདུད་རྩི་མྱང་། སྔོན་འགྲོ་གཏོར་མ་བཏང་། སྲུང་འཁོར་བསྒོམ། མཚམས་བཅད། མཆོད་པ་བྱིན་བརླབ། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་པ་སངས་རྒྱས། དེའི་སྙིང་པོ་ལ་སོགས་པ་ཆོས། འཁོར་མཁའ་འགྲོ་རྣམས་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། སེམས་བསྐྱེད་བསྒོམ་མོ། །དེ་ནས་སྤྱི་བོར་པད་ཟླ་ཧཱུྃ་ལས་རྡོར་སེམས་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཞིང་གཡོན་དྲིལ་བུ་བསྙེམས་པས་ཀུར་བརྟེན་པ། དར་དང་རུས་པ་དང་རིན་པོ་ཆེས་བརྒྱན་པ་ཞབས་སེམས་སྐྱིལ་གྱིས་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་ཅན་གྱིས་འཁྱུད་པ། གཉིས་ཀའི་གནས་གསུམ་དུ་ཡིག་འབྲུ་གསུམ་དང་ཁྱད་པར་ཡབ་ཀྱི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་ཡི་གེ་བརྒྱ་བ་དཀར་པོས་བསྐོར་བ། དེ་ལས་འོད་འཕྲོས་ཡེ་ཤེས་པ་བསྟིམ། ཡང་འོད་ཀྱིས་དབང་ལྷ་སྤྱན་དྲངས་ཏེ་དབང་བསྐུར་བས་བདུད་རྩིས་སྐུ་གང་དྲི་མ་དག་ཆུ་ལྷག་མ་སྤྱི་བོར་འཁྱིལ་བས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། བཅོམ་ལྡན་འདས་བདག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ནས་སྟོབས་བཞི་དང་ལྡན་པས་ཐུགས་ཀའི་ས་བོན་གྱི་སྔགས་ཕྲེང་ལ་དམིགས་ཏེ་ཡིག་བརྒྱ་བཟླས་པས་ཡིག་བརྒྱ་ལས་བདུད་རྩི་བབ། རྡོར་སེམས་ཀྱི་སྐུ་གང་། སྦྱོར་མཚམས་ནས་ལུད་དེ་རང་གི་སྤྱི་བོ་ནས་ཞུགས་པས་སྡིག་སྒྲིབ་ཉེས་ལྟུང་རྣམ་སྨིན་གྱི་ཕུང་པོ་དང་བཅས་པ་དག་ནས་ལུས་འོད་གསལ་
༡༤༡ ་བར་བསམ་ཞིང་མཐར་རྡོར་སེམས་འོད་དུ་ཞུ་ནས་རང་ཉིད་ལ་བསྟིམ་མོ། །འདི་ལྟར་ཡིག་བརྒྱ་འབུམ་བཟླས་པས་རྩ་ལྟུང་འདག་ཅིང་ཉེར་གཅིག་རེ་ཐུན་རེ་ལ་བཟླས་པས་ནི་སྔགས་ཀྱི་ལྟུང་བ་བྱིན་བརླབ་བོ། །སྤྲོ་ན་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་གཟུགས་ཕུང་རྣམ་པར་སྣང་མཛད། ཚོར་བ་རྡོ་རྗེ་ཉི་མ། འདུ་ཤེས་པདྨ་གར་དབང་། འདུ་བྱེད་རྡོ་རྗེ་རྒྱལ་པོ། རྣམ་ཤེས་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པ་དཔལ་ལྷན་ཅིག་སྐྱེས་མའོ། །མིག་གཏི་མུག་རྡོ་རྗེ། རྣ་བ་ཞེ་སྡང་རྡོ་རྗེ། སྣ་སེར་སྣ་རྡོ་རྗེ། ཁ་འདོད་ཆགས་རྡོ་རྗེ། ལུས་ཕྲག་དོག་རྡོ་རྗེ། སྐྱེ་མཆེད་དབང་ཕྱུག་རྡོ་རྗེ། ས་ཁམས་ལྟུང་བྱེད་མ། ཆུ་ཁམས་གསོད་བྱེད་མ། མེ་ཁམས་འགུགས་བྱེད་མ། རླུང་ཁམས་གར་གྱི་དབང་ཕྱུག་མ། མཁའ་ཁམས་པདྨ་ཅན་གྱི་བདག་ཉིད་ཏུ་བྱིན་གྱིས་བརླབ་བོ། །དེ་ནས་བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མར་གསལ་བའི་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའ་ས་བོན་ལས་འོད་ཟེར་སྤྲོས་ཏེ་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་ཡན་ལག་བདུན་པས་བསོད་ནམས་ཀྱི་ཚོགས་གསག །མཎྜལ་བྱ། གསོལ་བ་བཏབ་སྟེ་ལྷ་ཚོགས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་བདག་ཉིད་འོད་ཟེར་ཁ་དོག་ལྔ་བྱུང་སྟེ་བདག་ཉིད་ཀྱི་དཔྲལ་མགྲིན་སྙིང་ལྟེ་གསང་བ་སྟེ་ལྔར་ཐིམ་པས་དུག་ལྔ་དག །ཡེ་ཤེས་ལྔ་མངོན་དུ་བྱས་ཏེ་མཁའ་འགྲོ་ལྔའི་གོ་འཕང་ཐོབ་པར་བསམ། ༀ་ཨཱཿཧཱུྃ་ཞེས་ཚོགས་ཞིང་རང་ལ་བསྡུ། སེམས་ཅན་ཐམས་ཅད་ལ་དམིགས་ཏེ་ཚད་མེད་པ་བཞི་བསྒོམ་མོ། །དངོས་གཞི་ལ་སྒོམ་བཟླས་གཉིས་ལས། དང་པོ་རྟེན་བརྟེན་པ་བསྒོམ་པ་ནི། བརྟན་དང་གཡོ་བའི་དངོས་པོ་ཀུན། །སྐད་ཅིག་ཙམ་གྱིས་རྫོགས་པར་བསྒོམ། །སྟོང་པའི་ངང་
༡༤༢ ཡི་གེ་ཧྲཱིཿ །བསྐལ་པའི་མེ་ལྟར་འབར་བའི་འོད། །ཁྲོ་མོ་ཞལ་གཅིག་ཕྱག་གཉིས་མ། །ཛཱ་ཝ་སིནྡྷཱུ་ར་དང་མཚུངས། །སྐུ་ཡི་འོད་ཟེར་སྟོང་གསུམ་ཁྱབ། །དབུ་སྐྲ་ཐོར་ཚུགས་ཚངས་པར་འཁྱིལ། །སངས་རྒྱས་ལྔ་མཚོན་ཐོད་པས་བརྒྱན། །རྡོ་རྗེ་ཐོད་ཁྲག་ཁ་ཊྭཱཾ་བཅས། །དར་དབྱངས་ཅོད་པན་རྣམ་པར་འཕུར། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །མི་མགོ་རློན་པའི་དོ་ཤལ་ཅན། །མེ་ཏོག་ཕྲེང་བའི་རྒྱན་གྱིས་སྤྲས། །པདྨ་རོ་དང་ཉི་མའི་གདན། །གཡས་བསྐུམ་གཡོན་བརྐྱང་གར་གྱིས་བཞུགས། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །སྐད་ཅིག་ཙམ་གྱིས་རྫོགས་པར་བསྐྱེད། །ཅེས་པས་སྭ་བྷཱ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྲུང་འཁོར་གྱི་ནང་དུ་དུར་ཁྲོད་ཀྱི་ས་གཞི་ཕྱོགས་མཚམས་བརྒྱད་དུ་ཕྱེ་བ། ཤིང་། མེ། ཆུ། སྤྲིན། ཕྱོགས་སྐྱོང་ཞིང་སྐྱོང་སོགས་དུར་ཁྲོད་ཀྱི་མཚན་ཉིད་ཚང་བར་བསྒོམ་པ་ནི་གང་ཟག་ཐ་མལ་མི་རྟག་པ་དང་འབྲིང་ལ་བདག་མེད་དང་རབ་ལ་འཁོར་འདས་རོ་མཉམ་དུ་སྟོན་པའོ། །དེའི་དབུས་སུ་འཁོར་བ་དག་པའི་གདན་ཐབས་ཀྱི་ཆོས་འབྱུང་བཏིང་བའི་སྟེང་དུ་མྱང་འདས་དག་པའི་ཁང་ཐབས་ཀྱི་ཆོས་འབྱུང་གཞལ་ཡས་ཁང་དངོས་ནི་སྲིད་པར་མི་གནས་ཅིང་སྲིད་པ་མི་འདོར་བས་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ་ཕྱི་དཀར་ལ་ནང་དམར་བ་ཆོས་ཀྱི་དབྱིངས་ཀྱི་ཁྱོན་དང་མཉམ་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར་སྐྱེས་པའི་རོ་སེར་པོ་ཚོ་ཞིང་སྣུབ་པ་དབང་པོའ་སྒོ་ནས་ཁྲག་རྒྱུན་འཛག་པ་དྲོད་མ་ཡལ་བ་ཞིག་མགོ་གཡོན་དུ་བསྟན་ཏེ་གན་རྐྱལ་དུ་འགྱེལ་པའི་སྙིང་གར་ཉི་མའི་དཀྱིལ་འཁོར་དམར་ཞིང་ཟླུམ་པའི་སྟེང་དུ་རང་སེམས་འོད་གསལ་བའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་བཏགས་སྟན་ལ་ཟུག་པ་གུ་གུ་ནམ་མཁའ་ལ་ལྡིང་བ་ཚེག་དྲག་གཉིས་ཀྱིས་བརྟེན་པ་
༡༤༣ དེ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ལ་མཆོད། སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མར་གྱུར། དེ་རྣམས་དང་བཅས་ཏེ་འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ་པས་ཆུ་ལས་ཉ་ལྡངས་པ་ལྟར་སྐད་ཅིག་གིས་རང་ཉིད་རྡོ་རྗེ་ཕག་མོའ་སྐུར་གྱུར་ཏེ་དེ་ཡང་ཆོས་ཐམས་ཅད་ཀྱི་སྐུ་རོ་གཅིག་པའི་ཕྱིར་ཞལ་གཅིག་དང་ལྡན་པ། ཞེས་པ་ནས། བརྐྱང་བསྐུམ་གྱིས་གར་སྟབས་སུ་བཞུགས་པའོ། །ཞེས་པའི་བར་ཞལ་གདམས་ལྟར་རྣམ་དག་དྲན་པས་བསྒོམ་མོ། །དེ་ནས་ལུས་གནད་བཅས་ཏེ་སྟོང་ར་རྩ་གསུམ་འཁོར་ལོ་བཞི་རྣམས་ཆོས་དྲུག་ལྟར་བསྒོམ། འཁོར་བསྐྱེད་པ་ནི། དེ་ཡི་འཁོར་ལོ་རྣམ་བཞི་ལ། །མཁའ་འགྲོ་སྡེ་བཞི་འཁོར་བཅས་བསྐྱེད། །ཅེས་པས་ལྷ་ཡས་ནས་མར་གསལ་གདབ་པ་ནི་དབུ་མའི་ཡར་སྣའི་རང་བཞིན་སྤྱི་བོར་ཐོར་ཚུགས་ཀྱི་ནང་རྡོ་རྗེ་ཕྱེད་པའི་ལྟེ་བ་སྦུབས་སྟོང་གི་ནང་དུ་བླ་མ་རྣམ་སྣང་འཁོར་ལོས་སྒྱུར་བའམ་རྣམ་སྣང་ཧེ་རུ་ཀའི་རྣམ་པས་པད་ཉི་ལ་བཞུགས་པ། དེའི་འཁོར་དང་ཕྱི་རོལ་གྱི་དུས་པའི་འཁོར་ལོའ་སྟེང་དུ་ཡང་བརྒྱུད་པའི་བླ་མ་དང་གྲུབ་ཐོབ་ཀྱི་ཚོགས་སྤྲིན་ལྟར་དུ་གཏིབས་པ། འཁོར་ལོའ་དབུས་སོ་སོར་པད་ཉི་རེ་རེ་གནས་པའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའ་དབུས་ཀྱི་པད་ཉི་ལ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་རྡོ་རྗེའི་གྲི་ཐོད་ཅན། རྩ་སྒོ་སོ་གཉིས་སུ་འཁོར་རང་འདྲ་རེ་རེ། དེ་བཞིན་དུ་ལྟེ་བར་ས་ལས་ལས་ཀྱི་མཁའ་འགྲོ་ལྗང་མོ་རལ་གྲིའི་གྲི་ཐོད་ཅན། འཁོར་དྲུག་ཅུ་རྩ་བཞིས་བསྐོར་བའི་བར་གཞུང་ལྟར་བསྒོམ། དེ་ནས་གཙོ་མོའ་ནང་གི་གསང་གནས་ཏེ་རྩ་གསུམ་འདུས་མདོར་ཡེ་ཤེས་ཀྱི་མེའི་རང་བཞིན་གྱི་ཆོས་འབྱུང་བསྣོལ་མ་གདན་ཐབས་ཀྱི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཉི་མའི་དཀྱིལ་འཁོར་བསམ་མོ། །དེ་ནས་ས་བོན་གྱི་ཡི་གེ་མས་ནས་དགོད་སྟེ། ཉི་མའི་ལྟེ་བར་ཧྲཱིཿདམར་པོ་དེའི་མཐར་ༀ་
༡༤༤ བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་དམར་པོ་མེ་ལྟ་བུ་ༀ་ནས་གཡས་སུ་བཀོད་དེ་བསྐོར་བ། འདབ་མ་བཞི་ལ་ཧ་རི་ནི་ས། ཁུགས་དྲུག་ཏུ་དགའ་འཁྱིལ་དཀར་པོ་གཡོན་དུ་འཁྱིལ་བ་རེ་བསམ། འཁོར་བཞིའི་གཙོ་མོའ་ཐུགས་ཀར་པདྨ་དང་མདོག་གི་ལྟེ་བ་ཅན་འདབ་བཞིའི་ལྟེ་བར་ཉི་མའི་དཀྱིལ་འཁོར་རེ་བསྒོམ། དེ་ལས་ལྟེ་བའི་ལས་ཀྱི་མཁའ་འགྲོའི་ཐུགས་ཀར་དབུས་སུ་ས་ཡིག་ལྗང་གུ། འདབ་མ་བཞི་ལ་མདུན་ནས་གཡས་བསྐོར་དུ་ཧྲཱིཿཧ་རི་ནི། འཁོར་རྣམས་ཀྱི་ཐུགས་ཀར་ས་རྐྱང་པ་རེ། སྙིང་གའི་པདྨ་མཁའ་འགྲོའི་ཐུགས་ཀར་ནི་དམར་པོ། འདབ་བཞི་ལ་ཧཱིཿཧ་རིས། འཁོར་ལ་ནི་རྐྱང་། མགྲིན་པར་རིན་ཆེན་མཁའ་འགྲོའི་ཐུགས་ཀར་རི་སེར་པོ། འདབ་མ་བཞིར་ཧྲཱིཿཧ་ནི་ས། འཁོར་ལ་རི་ཡིག །སྤྱི་བོའ་རྡོ་རྗེ་མཁའ་འགྲོ་ལ་དབུས་སུ་ཧ་སྔོན་པོ། འདབ་མ་བཞི་ལ་ཧྲཱིཿརི་ནི་ས། འཁོར་ལ་ཧ་ཡིག་རེ་བསམ་མོ། །དེ་ལྟར་ལྷ་བསྐྱེད་ཡི་གེ་བཀོད་ནས་ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་བའི་ཕྱིར་རང་བཞིན་གནས་པའི་ཕོ་བྲང་ནས། སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། ཞེས་པས་ས་བོན་གྱི་ཡི་གེ་ཐམས་ཅད་དང་ཁྱད་པར་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའ་ཡི་གེ་རྣམས་ལས་འོད་ཟེར་འཕྲོས། ཨོ་རྒྱན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་འཁོར་བཅས་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་སྤྲོ་ན་མཆོད་པ་གསུམ་འབུལ། ཡེ་ཤེས་པའི་སྐུ་ལས་སྐུའི་ཚོགས་བྱོན། དམ་ཚིག་པ་ལ་ཐིམ་སུ་དབྱེར་མེད་དུ་བྱས་པས་བུམ་དབང་ངོ་། །ཡེ་ཤེས་པའི་མགྲིན་པ་ནས་ཨཱཿལི་དཀར་པོ་དང་ཀཱ་ལི་དམར་པོའ་ཚོགས་བྱོན་མགྲིན་པར་ཐིམ། གསུང་དབྱེར་མེད་དུ་བྱས་པས་གསང་དབང་ངོ་། །ཐུགས་ཀ་ནས་ཡེ་ཤེས་ལྔའི་བདུད་རྩིའི་རྒྱུན་བྱུང་དམ་ཚིག་པའི་ཐུགས་ཀར་ཞུགས་བདེ་སྟོང་གི་ཡེ་ཤེས་སྐྱེས་ཏེ་ཐུགས་དབྱེར་མེད་དུ་བྱས་པ་དབང་
༡༤༥ གསུམ་པའོ། །དེ་ནས་ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་དབྱེར་མེད་དུ་གྱུར་པ་ནི་དབང་བཞི་པའོ། །གཉིས་པ་བཟླས་པ་ནི། དེ་ཡང་རང་རང་ཐུགས་ཀར་ནི། །གསང་སྔགས་ཡི་གེ་བཀོད་བཟླས་བྱ། །ཞེས་པ་སྟེ་འདི་ལ་སྒོ་གསུམ་གྱི་བཟླས་པ་གསུམ་ལས། དང་པོ་ལུས་ཀྱི་བཟླས་པ་ནི། བོདྷི་ཙིའམ་ཙནྡན་དམར་པོ་ལ་སོགས་པའི་ཕྲེང་བ་ཕྲེང་ཐག་ཟུང་མ་ཡིན་པ་མདུད་འཛིན་གཉིས་བརྩེགས་ཅན་ལག་མཐིལ་གཡོན་པདྨ་འདབ་མ་གསུམ་པར་བསམས་པའི་དབུས་སུ་སྦྲུལ་པ་སྐྱིལ་བ་ལྟར་བཞག །གཡས་རྡོ་རྗེ་རྩེ་ལྔ་པར་མོས་པས་སྟེང་ནས་བཀབ་སྟེ་ཕྲེང་ཐག་སྙིང་པོའ་སྔགས་ཕྲེང་། ཕྲེང་རྡོག་རྣམས་ས་བོན་སོ་སོའ་ཨཱ་ལི་ཀཱ་ལིའི་ཚོགས་ལས་འཁོར་མཁའ་འགྲོའི་ཚོགས་དང་མདུད་འཛིན་འོག་མ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་གཟུགས་སྐུའི་རང་བཞིན་དང་སྟེང་མ་ཡང་འཁོར་ལོ་སྡོམ་པ་ཆོས་སྐུའི་བདག་ཉིད་དེ་ཁ་སྦྱོར་གྱི་སྐུ་སངས་རྒྱས་དཀོན་མཆོག་གི་ངོ་བོར་མོས་ཏེ་ཡེ་ཤེས་པ་དཔག་མེད་བསྟིམ། མཆོད་ཅིང་བསྟོད་ནས་ཞུ་བ་ལས་རྣམ་པ་འདུ་བྱེད་དག་པའི་ཐོད་རློན་ལྔ་བཅུ་རྩ་གཅིག་གི་ངོ་བོ་སྔགས་ཀྱི་དཀོན་མཆོག་གསུམ་གྱི་བདག་ཉིད་ཏུ་མོས་ཏེ་མཐེ་བོང་གཡོན་པ་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་ཕྲེང་རྡོག་རེ་རེ་ཞིང་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་ངོ་བོར་སྤྱན་དྲངས་ཏེ་ལྟེ་བའི་ཧྲཱིཿཡིག་ལ་ཐིམ་པས་ལྷ་དབང་དུ་གྱུར་པར་བསམ་སྟེ་སོར་མོ་བཞི་སྦྱར་བའི་མཛུབ་མོའ་སྟེང་དུ་བགྲང་བར་བྱའོ། །ངག་གི་བཟླས་པ་ནི་སྔགས་དག་ཅིང་གསལ་བས། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྙིང་པོ་བཟླ་ཞིང་བརྟན་པ་ཐོབ་ནས་གཞུང་ནས་གསུངས་པའི་ལས་སྦྱོར་གྱི་སྔགས་ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ནི་རི་ས་ཧ་ནི་རི་ཧ་ས་ས་ནི་རི་ཧ་ཨཱ་ཀརྵ་ཡ་ཧྲཱིཿཛ་ཞེས་བཟླའོ། །སྒོ་གསུམ་ཐུན་མོང་དུ་མི་སྡོད་པ་རྣམ་གསུམ་གྱི་བཟླས་པ་ནི། འོག་རླུང་ཅུང་ཟད་འཐེན་ཏེ་སྟེང་རླུང་གློད་སྟེ་ལུས་མི་
༡༤༦ སྡོད་པ་གཡོ་འགུལ་དང་བཅས་ནས་བཟླ་བ་ནི་ཕྱི་མཁའ་འགྲོ་མའི་སྐུའི་སྲོག་དབང་དུ་བསྡུ་བའོ། །མིང་ཚིག་གི་བར་མ་ཆོད་པར་བཟླ་བ་ནི་ནང་མཁའ་འགྲོ་མའི་གསུང་གི་སྲོག་དབང་དུ་བསྡུ་བའོ། །དང་པོ་དམིགས་པ་ལ་སེམས་རྩེ་གཅིག་ཏུ་སྡུད་ཅིང་མཐར་རྣམ་པར་རྟོག་པ་གཅིག་གིས་ཀྱང་བར་མ་ཆོད་པར་བཟླ་བ་ནི་གསང་བ་མཁའ་འགྲོ་མའི་ཐུགས་ཀྱི་སྲོག་དབང་དུ་བསྡུ་བའོ། །སེམས་ཀྱི་བཟླས་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས་ཐུན་མོང་གི་བཟླས་པ་ནི། དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའ་དབུས་ཀྱི་ཧྲཱིཿལས་འོད་དམར་པོ་སྤྲོས་ཏེ་སྣོད་བཅུད་སྦྱངས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ནས་རང་དང་ས་བོན་ལ་བསྟིམ་ཞིང་ལུས་ངག་ཡིད་གསུམ་དང་མི་སྡོད་རྣམ་གསུམ་གྱིས་བཟླའོ། །ཐུན་མོང་མ་ཡིན་པའི་བཟླས་པ་ལ་ལྔ་སྟེ། སྐུ་གསལ་གདབ་ཀྱི་བཟླས་པ། འགོག་བཟླས་ཆུང་ངུ་། སྤྲོ་བསྡུའི་བཟླས་པ། རྡོ་རྗེའི་བཟླས་པ། འགོག་བཟླས་ཆེན་པོའོ། །དང་པོ་ནི། དང་པོ་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའ་དབུས་ཀྱི་ཧྲཱིཿཡིག་ལ་རྩེ་གཅིག་ཏུ་དམིགས་ཏེ་བཟླ། དེ་ནས་རིམ་བཞིན་སྔགས་ཕྲེང་ཉི་མའི་དཀྱིལ་འཁོར། ཟེའུ་འབྲུ། གེ་སར། ས་བོན་བཞི། འདབ་མ་བཞི། དགའ་འཁྱིལ་དྲུག །ཆོས་འབྱུང་བསྣོལ་མ་དམར་ལ་ཚ་བ་རོ་རྐྱང་གི་མར་སྣ་དབུ་མར་ཆུད་པ། དབུ་མའི་མར་སྣ་རག་དུང་གི་ཁ་ལྟར་ཡངས་པ། དབུ་མའི་ནང་ལྟེ་བའི་ལས་ཀྱི་མཁའ་འགྲོའི་ཐུགས་ཀའི་ས་ཡིག་ལྗང་གུ། ཉི་མ། ཟེའུ་འབྲུ། གེ་སར། ཤར་གྱི་ཧྲཱིཿ ལྷོའི་ཧ། ནུབ་ཀྱི་རི། བྱང་གི་ནི། འདབ་མ་བཞི། ལས་ཀྱི་མཁའ་འགྲོའི་སྤྱི་བོ་རྡོ་རྗེ་ཕྱེད་པ། ཐོར་ཚུགས། འཁོར་ལོ། ཐོད་སྐམ་གྱི་དབུ་རྒྱན། ཞལ་རས། ཕྱག་གཉིས། ཕྱག་མཚན། སྐུ་སྟོད། སྐུ་སྨད། ཞབས་བརྐྱང་བསྐུམ་གྱིས་བཞེངས་པ། རུས་པའི་རྒྱན་ལྔ། ཉི་གདན། རོ་
༡༤༧ སེར་པོ། པདྨ། འཁོར་རྣམས་ཀྱི་ཐུགས་ཀའི་ས་ཡིག །འཁོར་སོ་སོ། །ལྟེ་བའི་རྩ་འཁོར་འདབ་མ་རེ་བཞི་པ་གདུགས་འདེགས་ཀྱི་པདྨ་ལྟར་ཁ་གྱེན་བསྟན་སོགས་རིམ་བཞིན་སྤྱི་བོའ་རྡོ་རྗེ་མཁའ་འགྲོའི་བར་དང་། གཙུག་ཏོར་གྱི་ཐད་དུ་བླ་མ་རྣམ་སྣང་དུ་བཞུགས་པ། དེའི་འཁོར་གྲུབ་ཐོབ་ཀྱི་ཚོགས་གཙུག་ཏོར་གྱི་ཕྱི་དབྱིབས་རྡོ་རྗེ་རྩེ་ལྔ་པ་ཕྱེད་པའི་རྣམ་པ། དབུ་སྐྲ་གནག་ལ་སྣུམ་པ་ཕྱེད་གྱེན་དུ་བརྫེས་ཏེ་འཁོར་ལོའ་ལྟེ་བ་ནས་དྲངས་ཏེ་རལ་པའི་ཅོད་པན་དུ་བྱས་པ། ལྷག་མ་རྒྱབ་དུ་སིལ་བུར་གྲོལ་བ། མི་རུས་ཀྱི་འཁོར་ལོ་རྩིབས་དྲུག་པ་ཕྱི་མུ་ཁྱད་མེད་པ། སྐྲ་མཚམས་སུ་རྡོ་རྗེ་ནག་པོ་ཆུར་ཉལ་བའི་ཕྲེང་བ་བསྒྲིགས་པ། དེའི་སྟེང་དུ་ཐོད་པ་སྐམ་པོ་དཀར་ལ་འཚེར་བ་ཕེཾ་གྱི་སྒྲ་སྒྲོགས་པ་ལྔ་ཡིས་དབུ་བརྒྱན་པ། དེའི་སྟེང་དུ་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་ཀྱི་རྩེ་བྲན་ཅན། ཐོད་སྐམ་གྱི་ཁ་ནས་རུས་པའི་ཟ་ར་ཚགས་དྲ་བ་དང་དྲ་ཕྱེད་ཏུ་འཕྱང་བ། འཁོར་ལོའ་རྩིབས་དང་དབུ་རྒྱན་གྱི་རྩེ་རུས་པའི་ཕྲེང་བས་སྦྲེལ་བ། དབུ་སྐྲ་བཅིངས་པའི་དར་དཔྱངས་ཕན་ཚུན་དུ་རླུང་གིས་སྤྱོད་པ། སྐུ་མདོག་མེ་དང་སིནྡྷཱུ་ར་ལྟར་དམར་ཞིང་བསྐལ་པའི་མེ་འོད་འཕྲོ་བས་བརྟན་གཡོ་ཐམས་ཅད་རྡོ་ཁབ་ལེན་གྱི་ལྕགས་ཕྱེ་དང་རྡུལ་འདྲེས་པ་ལས་བཏབ་པ་ལྟར་གཡོ་ཞིང་བཅུད་འཕྲོག་པ། ཞལ་རས་ཉི་མའི་དཀྱིལ་འཁོར་ལྟར་རྒྱས་ཅིང་དམར་བ། སྤྱན་གསུམ་དམར་ཞིང་གཡོ་བ། དཔྲལ་བའི་དབྱེས་ཡངས་པ། སྨིན་མ་དམར་ཞིང་འཁྱུག་པ། ཤངས་དཀྱུས་རིང་ཞིང་མཛེས་པ། མཁུར་ཚོས་རྒྱས་ཅིང་ཁྲག་གིས་ལྕིད་པ། ཞལ་མཆུའི་སྒྲོས་མཛེས་ཅིང་ཡིད་དུ་འོང་བ། ཚེམས་དཀར་ཞིང་ཐག་བཟང་བ་བཞི་བཅུ་ཚང་བ། ཁྱད་པར་མཆེ་བ་བཞི་དགར་ཟླུམ་རྣོ་བ། ཅུང་ཟད་གཙིགས་ཏེ་ཡས་ཀྱི་མཆེ་བས་མ་མཆུ་ནོན་ཙམ་པ། ལྗགས་དམར་ཞིང་སྲབ་ལ་ཡངས་པ་ཡས་རྐན་ལ་དྲིལ་ཏེ་ཧྲཱིཿདང་ཕེཾ་གྱི་སྒྲ་འབྲུག་ལྟར་སྒྲོགས་
༡༤༨ པ། སྙན་གཉིས་སྙན་ཤལ་རིང་པོར་འཕྱངས་ཤིང་སྙན་རྒྱན་གྱིས་མཛེས་པ། མགུལ་པ་འཇམ་ཞིང་མགུལ་རྒྱན་གྱིས་བཀྲ་བ། སྐུ་སྟོད་སེང་གེའི་རྒྱལ་པོ་ལྟར་ཁོ་ལག་ཡངས་ཅིང་བརྟན་པ། ཟླུམ་ཞིང་འབུར་བའི་ནུ་འབུར་ཟུང་ཟླ་བ་ལྟར་རྒྱས་པ། པདྨའི་སྡོང་བུ་ལྟར་འཇམ་ཞིང་གཞོན་མཉེན་པའི་ཕྱག་གཉིས་ཀྱི་མཐིལ་དམར་ཞིང་འཇམ་ལ་སོར་མོ་དྲ་བས་འབྲེལ་བ་ཅན། ཕྱག་གདུབ་དང་དཔུང་གདུབ་དང་སོར་གདུབ་ཀྱིས་མཛེས་པའི་ཕྱག་གཡས་པས་རྡོ་རྗེ་གྲི་གུག་འཕྱར་བ། གཡོན་པས་སྐྱེས་པའི་ཐོད་ཆེན་ཆ་གཅིག་པ་ལྷ་མིན་གྱི་ཁྲག་གིས་བཀང་སྟེ་རྦ་རླབས་འཁྱིལ་བ་ཞལ་དུ་གསོལ་བཞིན་པ། གྲུ་མོ་གཡོན་གྱི་ནང་དུ་ཁ་ཊྭཱཾ་ག་རྩེར་རྡོ་རྗེ་ཕྱེད་པ་དང་བར་དུ་མི་མགོ་སྐམ་རྙིང་རློན་པ་བརྩེགས་པའི་འོག་ཏུ་བདུད་རྩིའི་བུམ་པ་དང་རྡོ་རྗེ་རྒྱ་གྲམ་ལས་དར་དཔྱངས་དང་དྲིལ་བུ་དང་ཌཱ་མ་རུ་འཕྱངས་པ་ལ་ཡུ་བ་བརྒྱད་གཞོགས་སམ་འབྱུང་བ་རིམ་བརྩེགས་ཀྱི་ཚུལ་གྱི་མར་སྣར་རྡོ་རྗེ་ཕྱེད་པ་ཅན་རོའ་ལྟེ་བའི་ཁུང་བུར་ཟུག་ཅིང་སྐུ་ཚད་དང་དཔངས་མཉམ་པ། རྐེད་པ་ཕྲ་ཞིང་ལྡེམ་པ་ལ་རུས་པ་དང་རིན་པོ་ཆེའི་སྐ་རགས་དྲིལ་བུ་གཡེར་ཀ་འཁྲོལ་བས་བརྒྱན་པ་སྐུ་སྨད་རྒྱས་ཤིང་སྒེག་ལ་བཅུད་ཀྱིས་གང་བ། བརླ་ཟུང་ཆུ་ཤིང་ལྟར་སྲ་ཞིང་ཟླུམ་ལ་འདྲིལ་བ། བྱིན་པ་རི་དྭགས་ཨེ་ནྱ་ལྟ་བུར་ཟླུམ་ཞིང་བྱིན་གྱིས་ཕྲ་བ་ཞབས་ལོང་བུ་མི་མངོན་ལ་མཐིལ་མཉམ་ཞིང་དམར་ལ་རྟིང་པ་ཡངས་ཤིང་ཞབས་སོར་རྣམས་དྲ་བས་འབྲེལ་པ་དང་ལྡན་པ། ཞབས་གདུབ་ཀྱིས་མཛེས་པའི་ཞབས་གཡས་བསྐུམས་ཏེ་ཁ་ཊྭཱཾ་ལ་འཁྱུད་ནས་གཡོན་པའི་བརླ་ལ་ཞབས་སོར་གཏད་པ། གཡོན་བརྐྱངས་པས་རོའ་སྙིང་གའི་ཉི་མའི་དཀྱིལ་འཁོར་ལ་ཞབས་ཀྱི་བྲང་བ་རེག་ཙམ་པས་གར་ལིང་ལིང་བྱེད་བཞིན་པ་ལྟ་བུ། སེམས་བྱུང་གི་རྟོག་པའི་རང་བཞིན་མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་འཕྱངས་པ། མེ་ཏོག་ཀར་ཝཱི་ར་དམར་པོའ་ཕྲེང་བ་དང་རུས་པ་དང་
༡༤༩ རིན་པོ་ཆེའི་དོ་ཤལ་གྱི་ཚོགས་དུ་མས་བརྒྱན་པ། གདན་ཉི་མའི་དཀྱིལ་འཁོར་དམར་ཟླུམ་ཚ་ཞིང་འོད་ཟེར་འཕྲོ་བ། དེའི་འོག་གི་སྐྱེས་པའི་རོ་སེར་པོ་ཚོ་ཞིང་སྣུམ་པ་གཞོན་ཞིང་ཡིད་དུ་འོང་བ་ཕྱི་དབུགས་ཆད་པ་ནང་དབུགས་མ་ཆད་པས་དྲོད་མ་ཡལ་བ་དབང་པོའ་སྒོ་ནས་ཁྲག་རྒྱུན་འཛག་པ་མགོ་གཡོན་དུ་བསྟན་ནས་གན་རྐྱལ་དུ་བསྒྱེལ་པ། གདན་པདྨའི་ཟེའུ་འབྲུ་དམར་པོ་གེ་སར་དམར་སེར། འདབ་བཞི་ཕྱོགས་མདོག །སྡོང་བུ་འདབ་མ་དང་བཅས་པ། ཁང་ཐབས་ཀྱི་ཆོས་འབྱུང་ཟུར་གསུམ་པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ། ཕྱི་དཀར་ཞིང་ནང་ཐམས་ཅད་འོད་ཀྱི་རང་བཞིན་དམར་བ་རྒྱ་ཚད་ཆོས་ཀྱི་དབྱིངས་དང་མཉམ་པ། འོག་ཏུ་གདན་ཐབས་ཀྱི་ཆོས་འབྱུང་པདྨ་རཱ་གའི་ས་གཞི་ལྟ་བུར་དམར་ཞིང་འོད་འཕྲོ་བ། ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དུ་ཤི་ལ་སོགས་ཤིང་ཆེན་པོ་བརྒྱད། ཤིང་དེའི་རྩ་བར་བརྒྱ་བྱིན་སོགས་ཕྱོགས་སྐྱོང་བརྒྱད། ཤིང་གི་ལོ་མའི་དབུས་ནས་ལུས་ཕྱེད་ཐོན་པའི་ཞིང་སྐྱོང་བརྒྱད། གྲུབ་པའི་རི་བརྒྱད་རྩེར་མཆོད་རྟེན་ཆེན་པོ་བརྒྱད། ལོགས་ལ་དངོས་གྲུབ་ཀྱི་ཕུག་ལ་བརྟེན་པའི་གྲུབ་པའི་རྣལ་འབྱོར་པ་བརྒྱད། ཆུ་ཆེན་པོ་བརྒྱད། དེ་ལ་བརྟེན་པའི་ཀླུ་ཆེན་པོ་བརྒྱད། སྟེང་དུ་འབྲུག་སྒྲོགས་ཞིང་ཆར་འབབ་པའི་སྤྲིན་བརྒྱད། གཞན་ཡང་མེ་ཆེན་པོ་དང་ཤ་ཟ་དང་སྲིན་པོ་དང་འབྱུང་པོ་དང་རོ་ལངས་དང་རོ་གསར་རྙིང་གི་ཚོགས་ཀྱིས་ཁྱབ་པའི་དུར་ཁྲོད་ཆེན་པོ་བརྒྱད། དེ་ནས་འོག་རྡོ་རྗེའི་ས་གཞི་སྲ་ཞིང་ལྷུན་སྟུག་ལ་རྒྱ་རྔམས་ཚད་མེད་པ་ལ་སོགས་རྡོ་རྗེའི་ར་བ་དང་དྲ་བ་འཐུག་ཞིང་སྲ་ལ་ཡངས་པ་སྟེང་རྡོ་རྗེའི་གུར་དང་བླ་རེས་སྲ་ཞིང་དཔང་མཐོ་ལ་ནང་ཡངས་པ་ཕྱི་རོལ་ཐམས་ཅད་རྡོ་རྗེའི་འོད་ཟེར་མེ་ལྕེ་གཅིག་ཏུ་འཁྱིལ་བ། སྒོ་མཚམས་ཀྱི་ལྷ་མོ་ཉི་ཟེར་གྱི་རྡུལ་གྲངས་ལྟ་བུས་སྲུང་འཁོར་གྱི་ནང་བར་ཐམས་ཅད་ལང་ལོང་དུ་གོ་མཚམས་མེད་པས་
༡༥༠ སྲུང་ཟློག་གི་ལས་ལ་བརྩོན་པའི་བར་དུ་རེ་རེ་ཞིང་གསལ་བཏབ་སྟེ་གསལ་ཞིང་དྲག་ལ་ཡུན་རིང་བར་བསྒོམ་ཞིང་བཟླ་བ་ནི་ནང་ནས་ཕྱིར་གསལ་གདབ་པའོ། །ཡང་སྒོ་མཚམས་ཀྱི་ལྷ་མོ་ནས་ལྟེ་བའི་ཧྲཱིཿའི་བར་སྔར་ལྟ་བུ་ལས་ཚུར་རིམ་གྱིས་གསལ་གདབ་ཅིང་བཟླ་བ་ནི་ཕྱི་ནས་ནང་དུ་གསལ་གདབ་པའོ། །ལས་དང་པོ་པ་སྐུ་སྤྱི་ལ་དམིགས་མི་ནུས་པ་ཡིན་ན་དང་པོར་ནང་གི་ཡི་གེ་རྣམས་ཁོ་ན་ལ་འོག་ནས་སྟེང་དང་སྟེང་ནས་འོག་ཏུ་གསལ་བཏབ་ཅིང་བཟླ་བ་ལ་ཡི་གེ་གསལ་གདབ་ཅེས་བྱ་ཞིང་ཕྱིས་གོམས་ནས་སྔར་བསྟན་པ་ལྟར་སྒོམ་པ་ལ་སྐུ་གསལ་གདབ་ཅེས་བྱའོ། །འདི་རྣམས་ཀྱིས་དམིགས་པ་གསལ་ཞིང་ལས་སུ་རུང་ལ་རྣམ་རྟོག་གི་གཉེན་པོར་འགྱུར་རོ། །གཉིས་པ་འགོག་བཟླས་ཆུང་ངུ་ནི། དེས་དམིགས་པ་གར་གཏད་དུ་ཟིན་པའི་ཚེ། དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའ་ཧྲཱིཿལ་སེམས་རྩེ་གཅིག་ཏུ་གློད་སྟེ་བཟླ་ཞིང་དེ་བཞིན་དུ་དོན་སྒྲུབ་འཁོར་ལོ་ཚད་མ་དང་། འཁོར་ལོ་སོ་སོའ་ལྷ་འཁོར་བཅས་དང་། སྤྱི་བོའ་བླ་མ་དང་། སྐུ་ཡོངས་རྫོགས་དང་། རྟེན་བརྟེན་པའི་དཀྱིལ་འཁོར་ཚང་མའི་བར་གྱི་གོང་གསལ་རེ་རེར་རྩེ་གཅིག་ཏུ་བཞག་སྟེ་བཟླ་ཞིང་སྐབས་སུ་དམིགས་པ་སྤོ་ལ་བྱིང་རྒོད་སོགས་བྱུང་ན་སྐུ་གསལ་གདབ་ཀྱི་བཟླས་པ་བྱས་པས་སེལ་ལོ། །འདིས་ནི་རླུང་དང་རྟོག་པ་འགོག་ནུས་པའི་ཕྱིར་འགོག་བཟླས་ཡིན་ལ་རྟོག་པའི་སྒོམ་པ་དང་ཅུང་ཟད་འདྲེས་པས་ན་འགོག་བཟླས་ཆུང་ངུའོ། །འདི་གཉིས་ཀྱིས་ཡུལ། ཡུལ་ཅན་གྱི་གཡོ་བ་འཆིང་ཞིང་བསམ་གཏན་གྱི་ཡན་ལག་གྲུབ་པས་སོར་བསམ་དང་ཆོས་མཚུངས་སོ། །གསུམ་པ་སྤྲོ་བསྡུའི་བཟླས་པ་ནི། དེ་ནས་རླུང་དང་རྟོག་པ་དབྱེར་མེད་པ་འཆིང་བའི་ཕྱིར་དང་པོར་འཁོར་ལོའ་དབུས་ཀྱི་སྔགས་ཕྲེང་ཧྲཱིཿལ་བསྐོར་བའི་ཚུལ་དུ་གཡོན་དུ་གུ་ལུ་ལུ་འགྲོ་བར་བསམ། དེ་ནས་རིམ་གྱིས་ཇེ་དམར་ཇེ་ཚ་ཇེ་མགྱོགས་སུ་སོང་སྟེ་མེ་འབར་ལ་ཁད་པར་གཡོན་དུ་དྲག་ཏུ་འཁོར་ཞིང་སྔགས་དེ་རྣམས་ལས་དུ་བའི་
༡༥༡ ཚུལ་དུ་འོད་དཀར་པོ་སྤོས་རེང་ལས་དུད་པ་ཐོན་པ་ལྟར་སྐྱ་ཐོལ་ཐོལ་བྱུང་། །སྔགས་ཕྲེང་གི་སྟེང་གི་ནམ་མཁར་འོད་དེ་རྣམས་ཕན་ཚུན་འབྲེལ་པས་དངུལ་གྱི་ཨ་ལོང་སྲུབ་མེད་པ་ལྟ་བུའི་འོད་ཀོར་དུ་གྱུར་ཏེ་སྔགས་ཕྲེང་དང་འོད་ཀོར་གཉིས་ག་གཡོན་དུ་དྲག་ཏུ་འཁོར་བ་ལ་དམིགས་ནས་བཟླ་བ་ནི་སྤྲོ་བསྡུའི་གཞི་འཛིན་པའོ། །སྤྲོ་བསྡུ་དངོས་ལ་རྩ་གཡོན་ལམ་སྦྱང་བ་དང་། གཡས་ལམ་སྦྱང་བ། དབུ་མ་ནས་དྲང་བ་སྟེ་གསུམ། རེ་རེ་ལ་ཡང་སྟེང་སྤྲོ་སྟེང་སྡུད། སྟེང་སྤྲོ་འོག་སྡུད། འོག་སྤྲོ་སྟེང་སྡུད། འོག་སྤྲོ་འོག་སྡུད་སྟེ་བཞི་བཞི་ཡོད་པས་དམིགས་པ་བཅུ་གཉིས། དེ་རེ་རེ་ལ་འོད་དམར་པོ་དང་། དཀར་དམར་དང་། དམར་པོ་དང་། སྔགས་ཕྲེང་སྟེ་བཞིར་འགྱུར་བས་དམིགས་པ་བཞི་བཅུ་རྩ་བརྒྱད་དུ་འགྱུར་རོ། །དེ་ཡང་འོད་དཀར་པོ་དེའི་གཡོན་ངོས་ནས་གཡོན་རྐྱང་མའི་རླུང་སེམས་ཀྱི་ངོ་བོ་འོད་སྐུད་དཀར་པོ་དངུལ་གྱི་སྐུད་པ་ལྟ་བུ་ནར་གྱིས་བྱུང་ཐུར་དུ་ལྷུང་རྐྱང་མའི་མར་སྣ་ནས་ཞུགས་གྱེན་དུ་སོང་སྤྱི་བོའ་ཐད་ནས་ཐུར་དུ་བྱུང་སྟེ་སྣ་བུག་གཡོན་ནས་ཐོན་ཏེ་སྨིན་མཚམས་ཀྱི་ནམ་མཁར་སོར་བཅུ་དྲུག་གི་སར་དགའ་འཁྱིལ་དཀར་པོ་ཡོལ་ཐབས་སུ་གཡོན་དུ་འཁོར་བར་གྱུར། དེ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ལུས་དག་པར་བྱས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་འོད་དཀར་པོར་བསྡུས། དགའ་འཁྱིལ་ལ་ཐིམ་པས་འོད་སྐུད་དུ་གྱུར་ཏེ་སྣ་བུག་གཡོན་ནས་ཞུགས་རྐྱང་མ་བརྒྱུད་དེ་འོད་ཀོར་རམ་གཞིའི་སྔགས་ཕྲེང་ཧྲཱིཿབཅས་ལ་ཐིམ་པས་སྐུའི་བྱིན་རླབས་ཞུགས་པར་བསམ་ཞིང་བཟླ་བ་ནི་སྟེང་སྤྲོ་སྟེང་སྡུད་དོ། །གཞན་དེ་ལྟ་བུ་དང་འདྲ་བ་ལ་དགའ་འཁྱིལ་འོད་སྐུད་དུ་གྱུར་པའི་ཚེ་འོད་སྐུད་ཐུར་དུ་སོང་གསང་བའི་སྒོ་ནས་ཞུགས་སྔགས་ཕྲེང་དང་ཧྲཱིཿལ་ཐིམ་པ་ནི་སྟེང་སྤྲོ་འོག་སྡུད་ཏོ། །ཡང་ནང་གི་འོད་ཀོར་གྱི་གཡོན་ངོས་ནས་འོད་སྐུད་ཐུར་དུ་ལྷུང་དབུ་མའི་མར་སྣ་ནས་ཐོན་གསང་གནས་ཀྱི་སྒོ་ནས་ཕྱིར་བྱུང་ཞབས་
༡༥༢ གཡས་ཀྱི་རྟིང་པའི་ཐད་སོར་བཅུ་དྲུག་གི་ནམ་མཁར་དགའ་འཁྱིལ་དཀར་པོ་གདན་ཐབས་གཡོན་དུ་འཁོར་བར་གྱུར། འོད་སྤྲོ་བསྡུ་སྔར་བཞིན་ལ་དགའ་འཁྱིལ་འོད་སྐུད་དུ་གྱུར་པའི་ཚེ་འོད་སྐུད་གྱེན་དུ་བྱུང་སྟེ་སྣ་གཡོན་ནས་འཇུག་ཞིང་ཐིམ་པ་ནི་འོག་སྤྲོ་སྟེང་སྡུད་དང་། འོད་སྐུད་གསང་གནས་ཉིད་ནས་ཞུགས་ཏེ་ཐིམ་པ་ནི་འོག་སྤྲོ་འོག་སྡུད་ཅེས་བྱའོ། །དེ་བཞིན་དུ་འོད་ཀྱི་གཡས་ངོས་ནས་རོ་མ་ཉི་མའི་རླུང་སེམས་ཀྱི་རང་བཞིན་འོད་སྐུད་ལྷུང་རོ་མའི་མར་སྣ་ནས་ཞུགས་ཅིང་སྣ་བུག་གཡས་ནས་སྤྲོས་ཤིང་དགའ་འཁྱིལ་དུ་གྱུར་ཅིང་སེམས་ཅན་གྱི་ངག་སྦྱངས། གསུང་གི་བྱིན་རླབས་བསྡུས་ཏེ་སླར་ཐིམ་པ་སོགས་ཀྱི་གཡས་ལམ་སྦྱང་བའི་དམིགས་པ་བཞིན་ནོ། །འོད་ཀོར་དེའི་ཆ་ཐམས་ཅད་ནས་སྤོས་རེང་ལས་དུ་བ་ཐོན་པ་ལྟར་དབུ་མ་སྒྲ་གཅན་གྱི་རླུང་སེམས་ཀྱི་རང་བཞིན་གྱེན་དུ་དབུ་མའི་ཡངས་པ་ལ་བྱ་མཁར་བརྩེགས་པ་ལྟར་འཁྱིལ་ཞིང་འཁོར། ཕྲས་ནས་མདའ་འཕངས་པ་ལྟར་གྱེན་དུ་ཕྱུར་གྱིས་བྱུང་། ལས་ཀྱི་མཁའ་འགྲོའི་གཙོ་མོའ་གསང་བ་ནས་ཞུགས། ས་ཡིག་ལ་གཡོན་སྐོར་ལན་གསུམ་བྱས་པས་ལས་ཀྱི་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་མཉེས་ཏེ་བདེ་སྟོང་དུ་འུར་འུར་འདུག །སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པར་བསམ་ཞིང་བཟླ། ལས་ཀྱི་མཁའ་འགྲོའི་སྤྱི་བོ་ནས་ཐོན་ཏེ་སྙིང་ག་།མགྲིན་པ། སྤྱི་བོའ་ལྷ་ལ་ཡང་དེ་ལྟར་བྱ། དེ་ནས་གྱེན་དུ་སོང་དབུ་མ་ནས་སོང་སྟེ་རྡོ་རྗེ་ཕྱེད་པའི་ནང་གི་བླ་མ་ལ་གཡོན་སྐོར་ལན་གསུམ་བྱས་པས་དམ་ཚིག་ཉམས་ཆགས་དང་། །བདེ་སྟོང་གིས་མཉེས་ཏེ་བྱིན་གྱིས་རློབ་པར་བསམ། སླར་ཐུར་དུ་བྱུང་སྟེ་སྨིན་མཚམས་ནས་ཐོན་ཏེ་སོར་བཅུ་དྲུག་གི་སར་དགའ་འཁྱིལ་དུ་གྱུར། དེ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སེམས་སྦྱངས། སངས་རྒྱས་ཀྱི་ཐུགས་ཀྱི་བྱིན་རླབས་བསྡུས་ཏེ་བསྟིམ། དགའ་འཁྱིལ་འོད་སྐུད་དུ་གྱུར། སྨིན་མཚམས་ནས་ཞུགས་གྱེན་དུ་
༡༥༣ སོང་ནས་བླ་མའི་སྐུ་ལ་གཡོན་སྐོར་གསུམ་སོགས་སྔ་མགོ་ཟློག་པས་མར་ལོག །གཞིའི་རླུང་སེམས་དབྱེར་མེད་པའི་སྔགས་ཕྲེང་ས་བོན་ནམ་འོད་ཀོར་ལ་བསྟིམ་ཞིང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམས་ཏེ་བཟླ། དེ་བཞིན་དུ་གཞན་འདྲ་བ་ལས་དགའ་འཁྱིལ་འོད་སྐུད་ཏུ་གྱུར་ཚེ་གསང་གནས་ནས་ཞུགས་ཏེ་ཐིམ་པས་དབུ་མའི་སྟེང་སྤྲོ་འོག་སྡུད་དང་འོད་ཀོར་གྱི་ཆ་ཐམས་ཅད་ནས་སྤྲོས་ཏེ་འོད་སྐུད་ཐུར་དུ་ལྟུང་དབུ་མའི་མར་སྣ་དང་གསང་གནས་ནས་ཕྱུངས་ཏེ་སོར་བཅུ་དྲུག་གི་སར་དགའ་འཁྱིལ་གདན་ཐབས་སུ་འཁོར་བར་གྱུར། སྤྲོ་བསྡུ་བྱས། འོད་སྐུད་དུ་གྱུར་ཚེ་གྱེན་དུ་སོང་སྨིན་མཚམས་ནས་ཞུགས་པ་སོགས་སྔར་ལྟར་བྱས་པས་དབུ་མའི་འོག་སྤྲོ་སྟེང་སྡུད། གསང་གནས་ཉིད་ནས་ཞུགས་ན་དབུ་མའི་འོག་སྤྲོ་འོག་སྡུད་དེ། དེ་ལྟར་འོད་ཀོར་འོད་སྐུད་དགའ་འཁྱིལ་འོད་ཟེར་རྣམས་དཀར་པོ་ལ་བརྟེན་ནས་དམིགས་པ་བཅུ་གཉིས་སོ། །དེ་ནས་བརྟན་པ་ཅུང་ཟད་ཐོབ་པ་ན་དེ་ཐམས་ཅད་དཀར་ལ་དམར་བའི་མདངས་ཆགས་པར་བསྒྱུར་ནས་དམིགས་པ་བཅུ་གཉིས་བྱའོ། །བརྟན་པ་དེ་བས་ཆེར་ཐོབ་ནས་དེ་ཐམས་ཅད་མེ་འོད་ལྟ་བུ་དམར་ཞིང་ཚ་ལ་འབར་བར་བསྒྱུར་བས་དམིགས་པ་བཅུ་གཉིས་བྱའོ། །མཚན་མ་ལེགས་པར་རྙེད་ཅིང་བརྟན་པ་ཆེར་ཐོབ་ནས་འོད་ཀོར་གྱི་འོད་སྐུད་དགའ་འཁྱིལ་འོད་ཟེར་དེ་བཞི་གཡང་འོད་དུ་མི་བྱེད་པར་སྔགས་ཕྲེང་གི་འཁོར་ལོ་སྔགས་ཕྲེང་མདའི་ཤུགས་ལྟ་བུ། སྔགས་ཕྲེང་ཚར་བཞིའམ་གཉིས་སམ་མང་པོ་ལས་གྲུབ་པའི་དགའ་འཁྱིལ་སྔགས་ཀྱི་ཡིག་འབྲུ་བྱེ་མ་གཏོར་བ་ལྟ་བུ་སྟེ་བཞི་ཀའང་ངོ་བོ་རླུང་དང་སེམས་ཐ་མི་དད་པ་རྣམས་སྔགས་ཁ་དོག་དམར་བ་རེག་བྱ་ཚ་བ་འོད་གསལ་བ་མེ་ལྟ་བུ་ཤ་སྟག་ཏུ་བྱས་པའི་དམིགས་པ་བཅུ་གཉིས་བསྒོམ་མོ། །འདི་རྣམས་ཀྱིས་རླུང་སེམས་ཅུང་ཟད་ལས་སུ་རུང་སྟེ་སྲོག་རྩོལ་དབུ་མར་ཚུད་པས་བདེ་སྟོང་གི་མྱོང་བ་ཅི་རིགས་སྐྱེ་བར་འགྱུར་རོ། །བཞི་པ་རྡོ་རྗེའི་བཟླས་པ་ནི།
༡༥༤ རླུང་རོ་ལེགས་པར་བསལ། འཇམ་རླུང་ཁ་སྦྱོར་དུ་བཟུང་། ལྟེ་བར་དགང་དབུ་མར་གཞིལ། མི་ཐུབ་ན་མདའ་ལྟར་འཕང་བའི་སྦྱོར་བ་བཞི་དང་ལྡན་པས་བུམ་ཅན་དུ་འཆིང་། སྔར་གྱི་གཞིའི་སྔགས་ཕྲེང་འཁོར་བ་ལ་དམིགས་པའི་བུམ་ཅན་བདུན། སྟེང་དུ་སྔར་གོང་དུ་སྤྲོས་པའི་འོད་ཀོར་དཀར་པོ་གསལ་བཏབ་ནས་དེ་གཡོན་དུ་དྲག་ཏུ་འཁོར་བཞིན་པས་བུམ་ཅན་བདུན། དགའ་འཁྱིལ་དྲུག་པོ་རང་གནས་སུ་གཡོན་དུ་འཁོར་བར་དམིགས་ནས་བུམ་ཅན་བདུན། ཆོས་འབྱུང་བསྣོལ་མ་ཡང་གཡོན་དུ་འཁོར་ཞིང་དེ་ལས་དགའ་འཁྱིལ་དྲུག་མགྱོགས་པར་འཁོར། དེ་ལས་སྔགས་ཕྲེང་མགྱོགས་དེ་ལས་འོད་ཀོར་མགྱོགས་པར་གཡོན་དུ་དྲག་ཏུ་འཁོར་བར་དམིགས་ཏེ་ཡིད་ཀྱིས་བཟླ་ནུས་ན་ལེགས། མ་ནུས་ཀྱང་སྲོག་རྩོལ་བཅིངས་ཏེ་སྔགས་ཕྲེང་སོགས་བསྐོར་བ་འདི་ཉིད་བཟླས་པ་ཡིན་ནོ། །དེ་ལྟར་བུམ་ཅན་ཉི་ཤུ་རྩ་བརྒྱད་ཀྱིས་བཟླས་པ་ཚར་གཅིག་སྟེ་ཡང་སྔར་བཞིན་བྱའོ། །འདི་ནི་འོད་ཀོར་ཐབས་ཧཾ་ཡིག་གི་ངོ་བོ་སྔགས་ཕྲེང་གཏུམ་མོ་ཨ་ཐུང་གི་ངོ་བོ་དང་། དགའ་འཁྱིལ་དྲུག་ཐབས་དཀར་ཆ་ཆོས་འབྱུང་ཤེས་རབ་དམར་ཆ་སྟེ་ཐབས་ཤེས་གཉིས་སུ་གནས་ལ་འབར་ཞུའི་རྣལ་འབྱོར་རྣམ་པ་གཞན་དུ་བསྒྱུར་བ་སྟེ་བྱང་ཆུབ་ཀྱི་སེམས་མི་འཕོ་བར་བརྟན་པ་འཛིན་པའི་ཡན་ལག་ཡིན་ནོ། །ལྔ་པ་འགོག་བཟླས་ཆེན་པོ་ནི། ཞལ་གདམས་ལས། སེམས་རྣམ་པར་མི་རྟོག་པ་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་ནི་ནང་ཐུགས་ཀྱི་སྲོག་དབང་དུ་བསྡུ་བའོ། །ཞེས་གསུངས་པའི་མི་སྡོད་པ་གསུམ་པའི་བཟླས་རིམ་དངོས་ཏེ་ལུས་སྣང་ལྷ་སྐུ་སྣང་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོ་ངག་གྲགས་སྟོང་སྔགས་ཀྱི་སྒྲ་དབྱངས་བྲག་ཆ་ལྟ་བུ་སེམས་རིག་སྟོང་འོད་གསལ་གཞི་རྩ་དང་བྲལ་བ་ཆོས་ཉིད་ཕྱག་རྒྱ་ཆེན་པོ་ལས་གཡོ་བ་མེད་པར་བཞག་སྟེ་བཟླས་པ་སྟེ་དབང་པོ་ཡང་རབ་ཡིན་ན་བཟླས་རིམ་འདི་ཁོ་ན་ལ་དང་པོ་ཉིད་ནས་འཇུག་ནུས་པས་གཞུང་ཞལ་གདམས་ཀྱི་དགོངས་པ་དངོས་
༡༥༥ ཡིན་ལ། དེ་ལྟར་མི་ནུས་པའི་ལས་དང་པོ་པ་ལ་བཟླས་རིམ་སྔ་མ་བཞིས་རིམ་གྱིས་དཀྲི་དགོས་པ་ཡིན་ནོ། །དེ་ནས་ཐུན་གྱི་མཐར་ལག་མཆོད་བྱས་བདུད་རྩིའི་ཐིགས་པ་ཕྱི་རོལ་དུ་འཐོར་བས་བགེགས་དང་མ་དག་པ་ཚར་བཅད་ནས་མཁའ་འགྲོ་མའི་དྲ་གུར་དུ་བསམ་པ་ནི་གནས་སྲུང་བའོ། །བདག་ཉིད་ལ་འཐོར་བས་བ་སྤུའི་ཁུང་བུ་ཐམས་ཅད་མཁའ་འགྲོ་མས་གང་བར་བསམ་པ་ནི་བདག་སྲུང་བའོ། །མཆོད་རྫས་ལ་གཏོར་བས་བདུད་རྩིར་བསམ་པ་ནི་རྣལ་འབྱོར་སྲུང་བ་སྟེ་སྲུང་བ་རྣམ་པ་གསུམ་མོ། །དེ་ནས་མཐེབ་སྲིན་གྱིས་བདུད་རྩི་བླངས་ཏེ་སྨིན་མཚམས་ནས་རྩ་བརྒྱུད་ཀྱི་བླ་མ་དང་སྙིང་ག་ནས་ཡི་དམ་ཆོས་སྐྱོང་། པུས་མོ་གཡོན་གྱི་ཐད་ནས་གཞི་བདག་དང་རིགས་དྲུག་ལྷར་གསལ་བ་ལ་ཡི་གེ་གསུམ་གྱིས་དབུལ་ཞིང་མཐར་ཐིགས་པ་ལྕེ་ཐོག་དུ་མྱངས་པས་ལུས་དཀྱིལ་གྱི་ལྷ་མཉེས་པར་བྱེད། དེ་ནས་མཆོད་བཞི་བསྟོད་བཞིའམ་མཆོད་བསྟོད་ཅི་རིགས་བྱས། གཏོར་མ་བྱིན་གྱིས་བརླབས་ཏེ་མདུན་བསྐྱེད་ཡོད་ན་དེ་ལ་དབུལ་ཞིང་མེད་ན་གཏོར་མགྲོན་སྔགས་དང་འབར་རྒྱས་སྤྱན་དྲངས་པ་ལ་གཏོར་ཆོག་ལྟར་དབུལ་ཞིང་ཁ་ཁ་ཁཱ་ཧི་སོགས་དང་ༀ་ཧྲཱིཾ་ཧྲཱིཾ་སོགས་དང་། ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། སོགས་ཀྱིས་མཁའ་འགྲོ་སྤྱི་གཏོར་བཏང་། མགྲོན་བསྡུ་བའམ་གཤེགས། རྗེས་གཏང་རག་གི་མཆོད་བསྟོད་ཅུང་ཟད་བྱ། ཡིག་བརྒྱ་བརྗོད། །མ་འབྱོར་བ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ཏེ། སྒྲུབ་པའི་དུས་སུ་སྲུང་འཁོར་མ་གཏོགས་སྣོད་བཅུད་སྐད་ཅིག་གིས་བསྡུས་ནས་བདག་ཉིད་དང་དེ་འདུས་མདོའ་ཧྲིཾཿདང་དེ་ཡང་ནཱ་ད་དང་དེ་སྟོང་ཉིད་དུ་ཡལ་བ་ལ་བཞག །སྐད་ཅིག་གིས་སྒྱུ་མ་ལྟ་བུའི་སྐུ་རྟེན་བརྟེན་པ་དང་བཅས་པར་ལྡང་ངོ་། །གཉིས་པ་རྗེས་ཐོབ་ཀྱི་བྱ་བ་ནི། སྣོད་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ཆོས་འབྱུང་གི་གཞལ་ཡས་ཁང་དང་བཅས་པར་བསམ། བཅུད་ཀྱི་སེམས་ཅན་རྡོ་རྗེ་རྣལ་འབྱོར་མ་རིགས་ལྔར་བསམ་
༡༥༦ སྒྲ་ཐམས་ཅད་བཻ་རོ་ཙ་ནཱའི་སྔགས་སུ་མས། རང་ཉིད་ལྷའི་ང་རྒྱལ་དང་མ་བྲལ་བས་བཟའ་བཏུང་རྣམས་བདུད་རྩིར་བྱིན་གྱིས་བརླབས་ཏེ་ཚོགས་འཁོར་དུ་སྤྱད། གོས་ཞིང་ཆེན་གྱི་པགས་པ་དང་རྒྱན་རུས་རྒྱན། གདན་པད་རོ་ཉི་མ། གནས་ཁང་ཆོས་འབྱུང་གི་ཁང་པར་བྱས་ཏེ་ལོངས་སྤྱད། ཉལ་བའི་ཚེ་སྣོད་བཅུད་ཧྲིཾཿལ་བསྡུས་ཏེ་ཉལ་བའམ་ཧྲིཾཿཡལ་བར་བྱས་ཏེ་ཉལ། ལྡང་བའི་ཚེ་ནམ་མཁའ་ནས་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱིས་ཌཱ་མ་རུ་དང་སྔགས་ཀྱི་སྒྲས་བསླང་བར་བསམ་སྟེ་ལྡང་ཞིང་སླར་ཡང་ཐུན་གྱི་བྱ་བ་ལ་འཇུག་པ་སྟེ། འདི་ལྟར་དབང་རྣོན་གྱིས་ཐུན་གཉིས། འབྲིང་གིས་ཐུན་བཞི། ཐ་མས་ཐུན་དྲུག་ཏུ་ཉམས་སུ་བླང་ཞིང་ཐུན་རེ་རེའི་མཐའ་འམ་ཡང་ན་ཕྱི་མའི་མཐར་འོག་ནས་འབྱུང་བའི་མདུན་བསྐྱེད་བུམ་བསྐྱེད་ཀྱང་ཅི་རིགས་བྱའོ། །སྔགས་ཀྱི་ཕན་ཡོན་ནི། འབྱུང་བཞི་དབང་སྡུད་ཡི་གེ་བཞི། །སྡེ་བཞི་མཁའ་འགྲོ་གསང་བའི་གནད། །འདོད་དགུ་འགྱུང་བའི་སྔགས་སུ་བཤད། །ཅེས་སྙིང་པོ་སྤྱི་དང་ཁྱད་པར་ཧ་རི་ནི་ས་ནི་དངོས་གྲུབ་མཐའ་དག་འབྱུང་བའི་སྔགས་ཡིན་ནོ། །བསྙེན་ཚད་ནི། གྲངས་ཀྱི་བསྙེན་པ་འབུམ་ཚོ་ལྔས། །ཐ་མལ་ཤེས་པ་བསྒྱུར་བར་ནུས། །ཟླ་བ་དྲུག་ཏུ་བཟླས་པ་ཡིས། །འཁྲུལ་པའི་རྟོག་པ་ཟད་པར་འགྱུར། །ཞེས་གྲངས་བསྙེན་དང་དུས་བསྙེན་གསུངས་ཅིང་། འོག་ནས་འབར་བ་གསུམ་དང་ཚུགས་པ་གསུམ། འདུ་བ་གསུམ་དང་དྲོད་གསུམ་ཐོབ། །ཤེས་པ་གཏིང་ནས་ལྷོངས་པ་དང་། །ལུས་སེམས་གཉིས་འཛིན་མེད་པ་དང་། །ཞེས་པས་སྐབས་འདིར་མཚན་མའི་བསྙེན་པར་ལེན་པ་ཞལ་གདམས་ཀྱི་དགོངས་པའོ། །བསྙེན་ཚད་དེ་རྣམས་ཀྱང་གང་ཟག་གི་དབང་པོ་རིམ་པས་ཞལ་གདམས་ལས་གསུངས་ཏེ་ཇི་སྐད་དུ། དེ་ལ་དུས་ཀྱི་བསྙེན་པ་ནི་རབ་ཟླ་བ་གསུམ་འབྲིང་ལྔ་ཐ་མ་ཡང་བདུན་གྱིས་འགྲུབ་པར་འགྱུར་རོ། །གྲངས་ནི་རབ་འབུམ་ཚོ་ལྔ་འབྲིང་བཅུ་ཐ་མ་ཡང་བཅོ་
༡༥༧ ལྔས་འགྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །མཚན་མ་ལ་གཉིས་ལས། ལས་དང་པོ་པའི་མཚན་མ་ནི་ཞལ་གདམས་དང་པོར། མ་དང་སྲིང་མོ་ལ་སོགས་པའམ་བུ་མོ་དང་བུད་མེད་ཆས་བཟང་པོ་དང་ལྡན་པ་རྣམས་ཀྱིས་གླུ་ལེན་པ་དང་ཤོན་རྩེ་བ་དང་ཕྱག་དང་བསྐོར་བ་བྱེད་པ་དང་བཟའ་བཏུང་འདྲེན་པ་དང་བག་ཕེབས་པ་ནི་ཉེ་བའི་རྟགས་ཡིན་ནོ། །ཕོ་མོ་འདྲེས་མ་བྱུང་ན་ཆོ་འཕྲུལ་སྟོན་པ་ཡིན་པས་ཏིང་ངེ་འཛིན་སྦར་རོ། །ཕོ་ཉི་ཚེ་བ་བྱུང་ན་རྒྱལ་པོའ་བར་ཆད་ཡིན་པས་བདུད་རྩི་ལྔའི་སྦྱིན་སྲེག་བྱ་ཞིང་དགེ་སྦྱོར་དྲག་ཏུ་བྱའོ། །ཞེས་སོགས་གསུངས་པས་བུ་མོ་རྒྱན་ཅན་གྱིས་བཟའ་བཏུང་སྟེར་བ་སོགས་དངོས་ཉམས་རྨི་ལམ་དུ་སྣང་ན་དངོས་གྲུབ་ཉེ་བའི་རྟགས་ཡིན་ལ། ཕོ་མོ་འདྲེས་མ་བྱུང་ན་རིག་པ་ངར་བསྐྱེད་སྟེ་བསྒོམ་བཟླས་ལ་འབད། ཕོ་ཉི་ཚེ་བ་བྱུང་ན་བདུད་རྩི་ལྔའི་སྦྱིན་སྲེག་དངོས་སམ་མ་འབྱོར་ན་ཡང་སྲེག་རྫས་རྣམས་བདུད་རྩི་ལྔས་སྦགས་ལ་སྦྱིན་སྲེག་བྱ། སྤྲང་མོར་བྱུང་ན་ཚོགས་གཏོར་ལ་འབད། ཡུགས་ས་མོར་བྱུང་ན་རྐྱེན་ཟློག་དང་རིམ་གྲོ་བྱ། མཛེ་མོར་བྱུང་ན་དམ་ཚིག་ལ་བཤགས་པ་དང་ཚོགས་འཁོར་བྱེད། ཕྱིར་བསྐྱེད་ནས་འདུག་ན་སྒྲུབ་པ་ལ་བརྩོན་འགྲུས་བསྐྱེད། ཤོ་རེ་མར་བྱུང་ན་གྱིས་གསང་བ་མི་བསྐྲག་ཅིང་བསྒྲགས་པ་ལ་བཤགས་པ་བྱའོ། །ཁྱད་པར་གྱི་ལྟས་ནི་ཞལ་གདམས་ལས། མཁའ་འགྲོ་མ་རྣམས་ཀྱིས་ཆོས་གསུང་བ་དང་ལུང་སྟོན་པ་དང་སྐུ་མཐོང་བ་ཌཱ་མ་རུའི་སྒྲ་གྲགས་པ་དང་ཆང་གི་རྒྱུན་འབབ་པ་དང་ཉིན་མོ་མི་འདུ་བ་དང་མཚན་མོ་མཁའ་འགྲོ་མ་འདུ་བ་དང་ནང་ནུབ་ཟས་འདུ་བ་དང་ལུས་ལ་བདེ་བ་འབར་བ་དང་ངག་ལ་ནུས་པ་འབར་བ་དང་སེམས་ལ་རྟོགས་པ་འབར་བས་རང་གཞན་གྱིས་ལུས་ངག་ཡིད་གསུམ་བྱིན་གྱིས་རློབ་ནུས་པ་དང་སྡུག་བསྔལ་ལ་སྲན་ཚུགས་པ་དང་ཉམས་ལ་ཡན་ཚུགས་པ་དང་གདམས་ངག་ལ་རང་བྱན་ཚུགས་
༡༥༨ པའང་། ཕྱིའི་དྲོད་ལུས་ཡོད་དུ་མི་ཚོར་བ་དང་ནང་གི་དྲོད་དབུགས་རྒྱུ་བ་མི་ཚོར་བ་དང་། གསང་བའི་དྲོད་རྟོགས་པ་ལ་གསལ་འགྲིབ་མེད་པ་སོགས་འབྱུང་བར་འགྱུར་རོ། །དེ་དག་ནི་ཁྱད་པར་གྱི་རྟགས་ཐོབ་པའོ་ཞེས་གསུངས་པ་ཉིད་དོ། །གཉིས་པ་མདུན་བསྐྱེད་དུ་སྒྲུབ་པ་ནི། ཞལ་གདམས་ཀྱི་དགོངས་པས། དེ་དབུས་ཧྲིཾཿལས་གྱུར་པ་ཡི། །བདུད་བཞི་ལས་རྒྱལ་ཁོ་མོར་བསྐྱེད། །ཕྱོགས་ཀྱི་པདྨ་འདབ་བཞི་ལ། །འབྱུང་བཞི་བསྐྱེད་པའི་ས་བོན་ལས། །མཁའ་འགྲོ་སྡེ་བཞི་འཁོར་བཅས་བསྐྱེད། །ཅེས་གོང་དུ་གསུངས་པ་འདིར་བླངས་ནས་བདུད་རྩི་དང་བིགྷྣཾ་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་བགེགས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་ཨེ་ལས་གདན་ཐབས་དང་ཁང་ཐབས་ཀྱི་ཆོས་འབྱུང་གདན་པད་རོ་ཉི་མའི་གདན་སྔར་འདྲ་བ་ལས་ཉི་མའི་སྟེང་དུ་ས་བོན་ཧྲཱིཿདམར་པོ་བསམ་སྟེ་འཕྲོ་འདུ་ལས་གཙོ་མོའ་སྐུ་རྫོགས་པར་བསྒོམ། འདབ་མ་བཞི་ལ་ཧ་རི་ནི་ས་སོ་སོ་ལས་འཁོར་སོ་སོ་བསྒོམ། གཙོ་མོ་ལ་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོ་དང་འཁོར་བཞིའི་ཐུགས་ཀར་ཧ་རི་ནི་ས་བཀོད། དེའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ་བྱོན་ལེགས་དང་གདན་ཕུལ་ནས་ཕྱི་ནང་གསང་བས་མཆོད། ཅུང་ཟད་བསྟོད་ནས་དེ་རྣམས་ཀྱི་སྐུ་ལས་ཞེས་སོགས་ཀྱི་དབང་བསྐུར་ནས་མཐར་དམ་ཡེ་དབྱེར་མེད་དུ་བསྟིམ་མོ། །དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གསུམ་བརྒྱུད་ཀྱི་བཟླས་པ་ནི། བདག་བསྐྱེད་ཀྱི་དཔྲལ་བ་ནས་སྐུའི་འོད་ཟེར་དཀར་པོ་འཕྲོས། མདུན་བསྐྱེད་ཀྱི་དཔྲལ་བར་ཐིམ། མདུན་བསྐྱེད་གཙོ་འཁོར་གྱི་དཔྲལ་བ་ནས་སྐུའི་འོད་ཟེར་དཀར་པོ་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་དཔྲལ་བར་ཐིམ་པས་དེ་རྣམས་ཀྱི་སྐུའི་ཡོན་ཏན་དང་ནུས་མཐུ་དང་བྱིན་རླབས་ཐམས་ཅད་སྐུའི་
༡༥༩ འོད་ཟེར་དཀར་པོའ་རྣམ་པས་ཚུར་བྱོན་མདུན་བསྐྱེད་གཙོ་འཁོར་གྱི་དཔྲལ་བར་ཐིམ་པས་མདུན་བསྐྱེད་གཙོ་འཁོར་གྱི་སྐུའི་བྱིན་རླབས་ཐམས་ཅད་བསྡུས་ཏེ་དཔྲལ་བ་ནས་འོད་དཀར་པོའ་རྣམ་པས་ཚུར་བྱོན་རང་གི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་ཐམས་ཅད་ཐོབ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བདག་ཉིད་ངའོ་ཞེས་ང་རྒྱལ་བརྟན་པས་སྔགས་བཟླའོ། །དེ་བཞིན་དུ་མགྲིན་པ་ནས་འོད་ཟེར་དམར་པོས་གསུང་གསུམ་བརྒྱུད། ཐུགས་ཀ་ནས་སྔོན་པོས་ཐུགས་གསུམ་བརྒྱུད། ལྟེ་བ་ནས་སེར་པོས་ཡོན་ཏན་གསུམ་བརྒྱུད། གསང་བ་ནས་ལྗང་གུས་ཕྲིན་ལས་གསུམ་བརྒྱུད་ཀྱི་བཟླས་པ་བྱའོ། །དེ་ནས་མཆོད་བཞི་བསྟོད་བཞི་དང་ཚོགས་གཏོར་དབུལ་བ་སོགས་བྱའོ། །སྤྱིར་སྒྲུབ་ཚུལ་གསུམ་ལས་བདག་བསྐྱེད་གཙོ་བོར་སྒྲུབ་ན་བདག་བསྐྱེད་ཀྱི་ཐུན་རེ་རེའི་མཐའ་འམ་ཐུན་གཉིས་ཀྱི་མཐའ་འམ་ཡང་ན་ཐུན་ཕྱི་མའི་མཐར་མདུན་བསྐྱེད་ཀྱི་བསྒོམ་བཟླས་བྱེད་ཅིང་བདག་བསྐྱེད་ཀྱི་གཞལ་ཡས་ཁང་གི་ནང་དུ་མདུན་བསྐྱེད་ཀྱི་སྲུང་འཁོར་སོགས་ཆུད་པར་བསྒོམ་ལ། མདུན་བསྐྱེད་གཙོ་བོར་སྒྲུབ་པའི་ཚེ་ཐུན་རེ་རེའི་མགོའམ་ཐུན་དང་པོའ་མགོར་བདག་བསྐྱེད་ཀྱི་བསྒོམ་བཟླས་བྱེད་ལ་བདག་བསྐྱེད་ཀྱི་སྲུང་འཁོར་སོགས་ཀྱང་མདུན་བསྐྱེད་ཀྱི་ཆོས་འབྱུང་གི་ནང་དུ་ཆུད་པར་བྱས་ནས་ཕལ་ཆེར་མདུན་བསྐྱེད་ཉིད་སྒྲུབ་པའོ། །ཆ་མཉམ་དུ་སྒྲུབ་པའི་ཚེ་གཞལ་ཡས་ཁང་ཐ་དད་པའམ་ཡང་ན་བདག་བསྐྱེད་བསྡུས་ནས་མདུན་བསྐྱེད་དུ་འཕོ་བའམ་ཐུན་རེ་བཞིན་ཐུན་སྟོད་བདག་བསྐྱེད་ཐུན་སྨད་མདུན་བསྐྱེད་དུ་སྒྲུབ་པར་གསུངས་ལ། སྤྱིར་དང་པོར་བདག་བསྐྱེད་གཙོ་བོར་སྒྲུབ། གྲངས་བསྙེན་ཙམ་ཐེམས་ནས་ཆ་མཉམ་དང་། བདུད་རྩི་སྒྲུབ་པ་སོགས་ལ་མདུན་བསྐྱེད་གཙོ་ཆེ་བས་བརྟན་པ་ལེགས་པར་ཐོབ་ནས་བདག་མདུན་དང་མཉམ་རྗེས་སོགས་ཐ་དད་མེད་པར་བསྐྱེད་རྫོགས་དབྱེར་མེད་ཀྱིས་བསྒྲུབ་བོ། །གསུམ་པ་བུམ་པ་སོགས་སྒྲུབ་པ་ནི། བཅུ་གཉིས་དབང་
༡༦༠ བསྐུར་གྱི་ཞལ་གདམས་ལས་གསུངས་པ་ལྟར་བྱ་སྟེ། བུམ་པ་སོགས་བསང་སྦྱང་བྱས་ནས། བུམ་ལས་བྱུང་བའི་བུམ་པ་དམར་པོ་མཚན་ཉིད་དང་ལྡན་པའི་ནང་དུ་ཆོས་འབྱུང་གི་གཞལ་ཡས་ཁང་དང་བརྟེན་པ་ལྷ་མོ་ལྔ་བསྐྱེད་ལ་ས་བོན་རྣམས་དགོད། སིནྡྷུ་རའི་མཎྜལ་གྱི་སྟེང་དུ་ཧྲཱིཿཡིག་དམར་པོ་ཚོན་གང་པ་བསམ། ས་བོན་རྣམས་ཀྱི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་རྣམ་པས་སྟེང་གི་ནམ་མཁར་ཁྱབ་པར་སྤྱན་དྲངས་ཏེ་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབ་པས་ཧྲཱིཿཡིག་ལ་རྒྱུན་མི་འཆད་པར་ཐིམ་ཞིང་ཧྲཱིཿཡིག་དེ་ལྕི་ཞིང་སྣུམ་པས་བདུད་རྩིའི་རྒྱུན་བབ་སྟེ་སིནྡྷཱུ་རའི་མཎྜལ་གང་ཕྱིར་ལུད་པས་མཁའ་འགྲོ་དབང་སྡུད་ཀྱི་དཀྱིལ་འཁོར་གང་། སླར་ཡང་ལུད་པས་དར་དམར་གྱི་དཀྱིལ་འཁོར་གང་། དེ་ནས་ལུད་པས་ཐོད་པ་གང་། སླར་ལུད་པས་བུམ་པ་གང་ཞིང་མཐར་བུམ་ཐོད་ཀྱི་རྟེན་བརྟེན་པ་ཡང་བདུད་རྩིར་ཞུ་བར་བསམ་ཞིང་སིནྡྷཱུ་རའི་མཎྜལ་གྱི་སྟེང་དུ་གཟུངས་ཐག་རྡོ་རྗེ་བཞག་ལ་གཟུངས་ཐག་ནས་བཟུང་ལ་བཟླས་པ་བྱའོ། །བདུད་རྩི་རིལ་བུའམ་སྨན་དུ་སྒྲུབ་ན་འདི་ཁོ་ན་གཙོ་བོར་བྱེད་ལ། ཐོད་པའི་རྫས་ཁོལ་ཞིང་འཕྱུར་བ་དང་དྲི་བཟང་པོ་བྲོ་བ་དང་མང་དུ་འཕེལ་བ་སོགས་ནི་དངོས་གྲུབ་ཀྱི་ལྟས་ཡིན་ལ། དྲོ་བ་དང་དུ་བ་དང་འབར་བ་གསུམ་ནི་དངོས་གྲུབ་ཐ་མ་དང་འབྲིང་དང་མཆོག་གི་མཚན་མའོ། །སྤྱིར་ལས་དང་པོ་པ་དབང་པོ་ཅུང་ཟད་བརྟུལ་བ་ཡིན་ན་དང་པོར་བསྙེན་པའི་དོད་དུ་དཀྱིལ་འཁོར་མ་བྱས་པར་བདག་བསྐྱེད་རྐྱང་པས་བསྒྲུབས་ནས་ཕྱིས་དཀྱིལ་འཁོར་དང་བཅས་པའི་སྒྲུབ་པ་བྱ་ལ་དཀྱིལ་འཁོར་དང་བཅས་པའི་སྒྲུབ་པའི་ཚེ་འདི་ནི་མཐར་སྒྲུབ་པ་འགྲོལ་ཁར་བདག་འཇུག་བརྒྱ་སྟོང་སོགས་བླང་ངོ་། །བཞི་པ་དཀྱིལ་འཁོར་བསྡུ་བ་ནི། བུམ་ཆུ་དབང་གི་དུས་སུ་དངོས་གྲུབ་ཏུ་བླང་། སིནྡྷཱུ་རའི་ཕྱི་ནང་གི་མཎྜལ་མཐའ་ནས་བསྡུས་ཏེ་ལྟེ་བ་དང་སྙིང་གར་བྱུགས། ལྷག་མ་ཟ་མ་ཏོག་ཏུ་བཅང་ངོ་། །ཐོད་པའི་བཅུད་ནང་མཆོད་ཡིན་ན་དངོས་
༡༦༡ གྲུབ་ཏུ་བཏུང་ཞིང་སྨན་ནམ་རིལ་བུ་ཡིན་ན་གྲུབ་ནས་ཕུད་བླ་མ་ལ་འབུལ་ཞིང་ཆ་གཅིག་སྒྲུབ་པའི་གྲོགས་ལ་ཕྱིན་ལྷག་མ་རིལ་བུ་ཡུངས་ཀར་གྱི་འབྲུ་ཙམ་བྱས་པ་ནང་རེ་བཞིན་མྱང་། ཐོད་པ་སིནྡྷཱུ་ར་དང་མེ་ལོང་དུ་བཅས་པ་དར་དམར་དཀྱིལ་འཁོར་ཅན་དེས་དྲིལ་ཞིང་འགྲོ་ན་མཆན་འོག་གམ་སྡོད་ན་དབེན་པར་བཅང་། རྡུལ་ཚོན་གྱི་དཀྱིལ་འཁོར་མཐའ་ནས་འོད་དུ་ཞུ་བར་བསམ་སྟེ་ཁྱམས་ཀྱི་བར་ཕྱི་ནས་ནང་དུ་ཕྱོགས་ནས་ཁང་ཐབས་ཆོས་འབྱུང་གི་སྟེང་དུ་དྲི་ཞིམ་པོའ་ཤིང་དམར་པོས་ཆོས་འབྱུང་གི་དབྱིབས་རྒྱའི་ཕྱེད་ཀྱི་དཔངས་སུ་བརྩིགས། ལྷ་མཚན་སོགས་ལ་མ་གནོད་པར་དྲི་ཞིམ་པོས་ཅུང་ཟད་བཀང་། དགེ་འདུན་གྱི་ཚང་མང་གི་མེའམ་རྒྱལ་པོའ་མེ་སོགས་ཀྱིས་སྦར་ཏེ་དབུས་སུ་གཞུག །དཀྱིལ་འཁོར་གྱི་ལྷ་ཡེ་ཤེས་ཀྱི་མེ་ལྷར་བཞུགས་པ་ལ་སྨན་སྣ་འབྲུ་སྣ་རིན་པོ་ཆེ་དྲི་སྣ་དར་སྣ་ཚོགས་སོགས་བདུད་རྩིས་སྦགས་པ་རྣམས་ཡེ་ཤེས་ཀྱི་བདུད་རྩིར་བསམ་ནས་ཞལ་དང་ཕྱག་ཏུ་འབུལ་བར་བསམ་སྟེ་གཡོན་གྱི་མཐེབ་སྲིན་ནམ་བླུགས་གཟར་གྱིས་དབུལ་ཞིང་སྙིང་པོའ་སྔགས་ལ་འབྲུ་གསུམ་བཏགས་པ་བརྗོད། དེ་བཞིན་དུ་མར་ཁུ་དང་ཞལ་ཟས་སྣ་ཚོགས་དང་བཏུང་བ་སྣ་ཚོགས་དང་ཚོགས་དང་གཏོར་མ་ཡང་ཐབ་ཏུ་དབུལ། མཆོད་བཞི་བསྟོད་བཞི་བྱ། འདོད་དོན་ལ་གསོལ་བ་བཏབ། འདི་སྒྲུབ་པའི་མཐའ་བསྡུ་བའི་སྦྱིན་སྲེག་བྱ་སླ་ཞིང་ཚེགས་ཆུང་བ་སྟེ། གལ་ཏེ་སྤྲོས་པ་ལ་དགའ་ན་བྲི་ཐབ་བམ་བྲུ་ཐབ་བམ་རྩིགས་ཐབས་གང་ཡང་རུང་པ་ཐབ་ཟུར་དུ་བྱས་ཏེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་རྫས་སྔགས་སོ་སོས་དབུལ་བ་ཡང་བྱར་རུང་ངོ་། །དེ་ནས་མཆོད་པ་ཅི་འབྱོར་བཤམས་ཏེ་གཏང་རག་གི་མཆོད་བསྟོད་རྒྱས་པ་བྱ། ཡིག་བརྒྱ་བརྒྱ་རྩ་སོགས་བཟླ་ཞིང་ནོངས་པ་བཟོད་གསོལ་བྱ། མདུན་བསྐྱེད་ཀྱི་སྣོད་བཅུད་རྟེན་བརྟེན་པ་དང་བཅས་པ་འོད་དུ་ཞུ་སྟེ་གཙོ་མོ་ལ་ཐིམ། དེ་ས་བོན་ཧྲཱིཿཡིག་ལ་ཐིམ། དེ་རང་གི་ཧྲཱིཿཡིག་ལ་བསྡུས་ཏེ་བདག་
༡༦༢ བསྐྱེད་ཀྱང་བསྡུས་ནས་འོད་གསལ་བར་བཞག །སླར་སྒྱུ་མའི་སྐུར་ལངས་ཏེ་དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་ཐལ་བ་དང་རྡུལ་ཚོན་ཕྱགས་ཏེ་རྒྱ་མཚོར་འབབ་པའི་ཆུའམ་རི་བོ་ཆེན་པོའ་རྩེར་དོར། ལས་ཀྱི་རྗེས་མི་མངོན་པར་བྱས་ཏེ་ཤིས་པ་བརྗོད་དོ། །འདི་ན་གཞུང་ཉིད་ལས་གསང་སྒྲུབ་ཀྱི་མཚན་དུ་གསུངས་པ་ཟིན་བྲིས་རྣམས་ལས་ནང་སྒྲུབ་ཅེས་བཤད་པ་ཉམས་སུ་བླང་བའི་དངོས་གཞི་ཡིན་ནོ། །གསུམ་པ་གསང་བའི་སྒྲུབ་པ་ཞལ་གཉིས་མར་བསྒྱུར་བ་ནི། སྤྱིར་ཞལ་གཉིས་མའི་ཡིག་སྣ་མང་བར་བཞུགས་ཀྱང་འདི་ནི་གཞུང་ཞལ་གདམས་ཀྱི་ཡན་ལག་ཏུ་རྗེ་མར་པས་མི་ལ་ལ་གནང་བའི་ཞལ་གདམས་ཤོག་གཅིག་མ་ཞིག་ཡོད་པ་དེ་ལྟར་དུ་བསྒོམ་པ་སྟེ། གནས། དུས། བཀོད་པ། བཤམས་པ། སྒྲུབ་པ་དངོས་རྣམས་གཞན་སྔ་མ་ཞལ་གཅིག་མ་དང་ཁྱད་མེད་ལ། བདག་མདུན་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོ་ཚངས་བུག་ནས་ཐོན་པའི་ཕག་ཞལ་རང་མདོག་ཅན་སྤྱན་གསུམ་ནམ་མཁའ་ལ་ལྟ་བ། ཟེ་པ་མདུན་ཕྱོགས་སུ་ལངས་ཤིང་རྒྱབ་ཏུ་ཞལ་ལྟ་བ། མཆེ་བ་གཙིགས་ཅིང་ངུར་སྒྲ་དྲག་ཏུ་སྒྲོག་པ་རེ་རེ་ཐོན་པར་བསམ་ཞིང་ཐུན་མོང་མ་ཡིན་པའི་བཟླས་རིམ་ལྔ་པོ་སྔར་ལྟར་བྱ་ཞིང་། སྤྲོ་བསྡུའི་བཟླས་པའི་དབུ་མའི་སྟེང་སྤྲོ་དང་སྟེང་སྡུད་ཀྱི་ཚེ་འོད་ཁ་དོག་དམར་པོ་དང་སྔགས་ཕྲེང་ཕག་ཞལ་གྱི་སྤྱན་དབུ་མའམ་ཚངས་བུག་ནས་སྤྲོ་བ་ནི་ཁྱད་པར་ཡིན་ནོ། །མཐར་ཧཱུྃ་གིས་མཁའ་འགྲོ་གནད་ནས་བསྐུལ། ཞེས་པའི་ཞལ་གདམས་དེ་ཉིད་གཙོ་བོར་བསྒོམ་ཞིང་འདི་ལ་ཡང་གྲི་གུག་ལ་བརྟེན་ནས་ཕཊ་ཡིག་དང་། ཐོད་ཁྲག་ལ་བརྟེན་ནས་ཧྲཱིཿཡིག་བརྗོད་པའི་ཁྱད་པར་གསུམ་དུ་ཕྱེ་བས་ཞལ་གདམས་ཧཱུྃ་ཧྲཱིཿཕཊ་གསུམ་ཞེས་ཟིན་བྲིས་སུ་གསུངས་སོ། །མཐར་སྐད་ཅིག་གིས་རང་ཉིད་དཔལ་འཁོར་ལོ་སྡོམ་པའི་ང་རྒྱལ་དུ་འཕོས་ཏེ་ཐུགས་ཀའི་ཧཱུྃ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་དབུ་མའི་ནང་བརྒྱུད་རྡོ་རྗེ་ནོར་བུའི་སྒོ་ནས་ཐོན་ཡུམ་གྱི་སྐུའི་
༡༦༣ དབྱིབས་བརྒྱུད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་སྔགས་ཕྲེང་དང་དབྱེར་མེད་དུ་སྤྱན་དྲངས་ཞལ་ནས་ཞལ་དུ་ཞུགས་ཏེ་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམ་ཞིང་། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡིག་བདུན་འབུམ་ཕྲག་བཞི་བཟླའོ། །མདོར་ན་ཕྱི་སྒྲུབ་མཚམས་དམ་ལྷོད་ཅི་རིགས་པས་འབུམ་ཕྲག་བཞི། ནང་སྒྲུབ་དང་གསང་སྒྲུབ་མཚམས་དམ་ཞིང་སྐྱེ་བོའ་ཚོགས་དང་མི་བསྲེ་བར་བརྩོན་འགྲུས་ཆེན་པོས་བཅུ་དྲུག་རེ། མཐར་ཡབ་ཀྱི་ང་རྒྱལ་དུ་འཕོས་ནས་ཡིག་བདུན་འབུམ་ཕྲག་བཞི་སྟེ་འབུམ་ཕྲག་བཞི་བཅུས་གྲངས་བསྙེན་ཚར་ཕྱིན་པར་འགྱུར་ལ། དེ་ཐམས་ཅད་ཀྱི་དུས་སུ་ཡང་སྙེམས་ཐག་ཇི་ལྟར་བཅད་པ་ནི། ཡང་མེད་ཅིང་ཚད་བཟུང་མེད། རིག་པ་ངར་དང་བཅས་པ་ཡིས། །མི་ཕོད་བརྫི་ཞིང་ཞེན་པ་ལྡོག །འཁྲི་བ་བཙན་ཐབས་དག་ཏུ་བཅད། །རང་བྱུང་ཡེ་ཤེས་ཡི་གེ་བཞི། །དབྱིངས་སུ་ཤར་ནས་དབྱིངས་སུ་རོལ། །གཟུང་བའི་ཡུལ་དང་འཛིན་པའི་སེམས། །ཡང་དག་དོན་ལ་གྲུབ་པ་མེད། །ཅེས་དང་། ཞལ་གདམས་དྲུག་པར། ཚོགས་དྲུག་གི་སྣང་བ་ཐམས་ཅད་སྐྱེ་མེད་ཆོས་ཀྱི་སྐུར་རྟོགས་པའི་གདིང་དང་ལྡན་པས་དཔའ་རྩལ་ཆེ་བ་སྟག་ལྟ་བུ་དང་། གང་ལའང་ཉམ་ང་དང་བག་ཚ་མེད་པ་སེང་གེ་ལྟ་བུ་དང་། དམིགས་པ་རྣོ་ཞིང་རིག་པ་མྱུར་ལ་འཁྱུག་པ་གློག་ལྟ་བུ་དང་། རིག་པ་ངར་དང་བཅས་ཅིང་རྩལ་དྲག་པ་ཐོག་ལྟ་བུ་དང་། སྔགས་ཀྱི་སྒྲ་གྲགས་ཤིང་དཔའ་བ་འབྲུག་ལྟ་བུ་དང་། གང་ལའང་གཟའ་གཏད་མེད་པར་འགྲོ་བ་སྨྱོན་པ་ལྟ་བུ་དང་། ཆགས་ཞེན་དང་གཟུང་འཛིན་གྱི་མདུད་པ་གྲོལ་བ་ནམ་མཁའ་ལྟ་བུའི་རྟོགས་པ་དང་ལྡན་པས་ཤེས་པ་ཀག་ལངས་སུ་ཧུར་བསླངས་ལ་བརྟུལ་ཞུགས་ཐུག་ཕྲད་དུ་བརྡེག །ནད་ལ་གཟིར་གདོན་ལ་གཟིར་ཉོན་མོངས་ལ་གཟིར་བར་བྱའོ། །ཞེས་གསུངས་པ་ལྟར་རྣམ་པ་བསྐྱེད་རིམ་ངོ་བོ་ཆོས་ཉིད་གཞི་རྩ་དང་བྲལ་བ་དབྱེར་མེད་དུ་ཤེས་པས་སྣང་གྲགས་རྟོགས་གསུམ་གྱི་ཚོགས་ཟིལ་གྱིས་མནན་ལ་ཐད་ཀར་བཅད་པར་བྱའོ།། །།གསུམ་པ་ཡན་ལག་གི་དོན་ནི། །ནད་ལ་སྨན་དང་
༡༦༤ འདྲ་བར་སྤྱད། །ལྟོག་ན་ཟས་དང་འདྲ་བར་སྤྱད། །འཁྱགས་ན་གོས་དང་འདྲ་བར་སྤྱད། །འཇིགས་ན་སྐྱབས་དང་འདྲ་བར་སྤྱད། །གནོད་སྦྱིན་ཕོ་མོའ་གནོད་པ་ལ། །བརྟུལ་ཞུགས་ཐུགས་ཕྲད་ལམ་དུ་ཁྱེར། །ཧཱུྃ་གིས་མཁའ་འགྲོ་གནད་ནས་བསྐུལ། །ལམ་དུ་རྟེན་འབྲེལ་གང་འཕྲད་བསྒྲིག །ཞེས་དོན་ཚན་བདུན་གསུངས་པ་ཞལ་གདམས་གཉིས་པ་ནས་བརྒྱད་པའི་བར་སོ་སོས་སྟོན་ནོ། །གཉིས་པ་རྫོགས་རིམ་གྱི་སྒྲུབ་པ་ནི། འོག་ནས་འབྱུང་བའི་རླུང་དང་མེ་སོགས་ཚིག་རྐང་དྲུག་གིས་བདེ་ཆེན་རླུང་སེམས་གཉིས་མེད་དང་། སྔར་བསྟན་པ། གཟུང་བའི་ཡུལ་དང་ཞེས་པའི་རྐང་པ་གཉིས་ཀྱིས་སྐྱེ་མེད་རླུང་སེམས་གཉིས་མེད་གསུངས་ཏེ་མན་ངག་ལས་རིག་པར་བྱའོ། །གཉིས་པ་གྲུབ་ནས་སྤྱོད་པ་བྱ་ཚུལ་ནི། ནང་གི་གདེང་དང་ལྡན་ནས་ནི། །རིག་པ་བརྟུལ་ཞུགས་སྤྱོད་པ་བྱ། །གཅེར་བུ་སྟག་གི་ཤམ་ཐབས་བྱ། །ཕྱག་རྒྱ་ལྔས་བརྒྱན་ཅང་ཏེའུ། །དྲིལ་བུ་སིལ་སིལ་ཚངས་སྐུད་དང་། །ཐོད་པ་དང་ནི་ཁ་ཊྭཱཾ་ཐོགས། །དུར་ཁྲོད་ཀུན་ཏུ་རྒྱུ་བར་བྱ། །རིགས་ལྔའི་མཁའ་འགྲོ་མ་དག་ཀྱང་། །རྣལ་འབྱོར་དབང་དུ་བསྡུས་ལ་སྤྱད། །རླུང་དང་མེ་དང་བང་བའི་ཁམས། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །བསྐྱིལ་དང་ལྡོག་དང་དགྲམ་ཞིང་བསྟིམ། །དགའ་བཞིའི་ཡེ་ཤེས་རང་ངོས་བཟུང་། །ཞེས་པ་སྟེ་དངོས་གྲུབ་ཀྱི་ཐོད་པ་མཆན་ཁུང་དུ་བཅུག་སྟེ་སིནྡྷཱུ་རས་སྨིན་མཚམས་སུ་ཐིག་ལེ་བྱས་ནས་བཟའ་གཏད་མེད་པར་གྲོང་དང་གྲོང་ཁྱེར་སོགས་སུ་སྤྱད་པས་རང་བཞིན་གྱི་རྣལ་འབྱོར་མས་རྗེས་སུ་བཟུང་སྟེ་སྤྱོད་པ་མཐར་ཕྱིན་པར་འགྱུར་རོ། །གསུམ་པ་བསྲུང་བྱ་དམ་ཚིག་ལ་གཉིས་ལས་དམ་ཚིག་དངོས་ནི། རིགས་ལྔའི་མཁའ་འགྲོ་མ་རྣམས་ཀྱི། །སོ་སོའ་དམ་ཚིག་སྲུང་ཚུལ་ནི། །སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ། །བླ་མ་ལ་གུས་སྤྱི་བོར་བཀུར། །སེམས་ཅན་
༡༦༥ རྣམས་ལ་བྱམས་པ་བསྒོམ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །ཤ་ལྔ་བདུད་རྩི་ལྔ་ལ་སྤྱད། །རྣམ་པར་མི་རྟོག་སྟོང་ཉིད་བསྒོམ། །རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ། །ཚོགས་དང་གཏོར་མ་རྒྱ་ཆེན་བཤམ། །ཆགས་ཞེན་སྤངས་ལ་རི་ཁྲོད་འགྲིམ། །པདྨ་མཁའ་འགྲོའི་དམ་ཚིག་ཏུ། །ཕྱག་རྒྱ་བསྟེན་ཅིང་བདེ་བ་བསྒོམ། །མེ་མཆོད་དབུལ་ཞིང་གླུ་གར་བྱ། །ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ། །རྒྱུད་ལ་གང་སྐྱེས་ཤེས་པ་རྣམས། །མི་དགག་ཐད་ཀར་སྤྱད་པར་བྱ། །ཞེས་གསུངས་ཤིང་ཉམས་ན་བསྐང་བའི་ཚུལ་ཡང་། ཉམས་ན་ཚོགས་ཀྱི་འཁོར་ལོ་དང་། །ཡི་གེ་བརྒྱ་པས་བཤགས་པ་བྱ། །ཞེས་པས་ཚོགས་འཁོར་དང་དུས་བཟང་གི་མཆོད་པ་བྱའོ། །མཐར་ཐུག་གི་འབྲས་བུ་ནི། ངོ་བོ་འགྱུར་བ་མེད་པ་དང་། །ཞེས་པས་ལྷན་ཅིག་སྐྱེས་པའི་སྐུ་དང་། རང་བཞིན་སྐྱེ་བ་མེད་པ་དང་། །ཞེས་པས་ཆོས་སྐུ། མཚན་ཉིད་གཉིས་སུ་མེད་པ་དང་། །ཞེས་པས་ལོངས་སྐུ། ཐུགས་རྗེ་འགག་པ་མེད་པར་པར་འཆར། ཞེས་པས་སྤྲུལ་སྐུ་སྟེ་འཁོར་ལོ་བཞིར་སྐུ་བཞིར་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ནོ། །དཔལ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་སློབ་དཔོན་ཆེན་པོ་ནཱ་རོ་པས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁས་པ་ཆེན་པོ་ནཱ་རོ་པཎྜི་ཏའི་ཞལ་སྔ་ནས། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་བྱང་ཕྱོགས་སེང་ལྡེང་སྟུག་པོའ་ནག་གསེབ་ཏུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་རྗེ་ལོ་ཙཱ་བས་མཛད་བྱང་དང་འགྱུར་བྱང་འགོད་པར་མཛད་དོ། །བསྐྱེད་རིམ་ལྷན་ཅིག་སྐྱེས་པའི་ལྷ་ཁྲིད་ཇི་ལྟར་ཉམས་སུ་ལེན་ཚུལ་འདི་ནི་བསྐྱེད་རིམ་གསང་སྒྲུབ་ཀྱི་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་ཏེ་ཟིན་བྲིས་གསུམ་གྱི་དགོངས་པ་བཞིན་དཔལ་གཙུག་ལག་ཕྲེང་བས་བཤད་པ་ལེགས་པར་གྲུབ་བོ། །སརྦ་མངྒ་ལཾ།། །།

༄༅། །དཔལ་འཁོར་ལོ་བདེ་མཆོག་ངམ་རྫོང་སྙན་བརྒྱུད་ཀྱི་མན་ངག་རྩ་བ་ཚེ་རིང་སྐོར་གསུམ་གྱི་གཞུང་བཞུགས་སོ༎ ༎

༡༠༣དཔལ་འཁོར་ལོ་བདེ་མཆོག་ངམ་རྫོང་སྙན་བརྒྱུད་ཀྱི་མན་ངག་རྩ་བ་ཚེ་རིང་སྐོར་གསུམ་གྱི་གཞུང་བཞུགས་སོ།། །།
༡༠༤ན་མོ་གུ་རུ་ཝེ། གངས་ཁྲོད་གྲུབ་རིགས་རྒྱ་མཚོའ་གཙུག་རྒྱན་རྗེ་བཙུན་ཆེན་པོ་མི་ལ་རས་པ་དེ་ཉིད་འབྲོག་ལ་ཕྱི་གངས་ཀྱི་ར་བ་སྨན་ལུང་ཆུ་བར་གྱི་དབེན་གནས་སུ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བཞུགས་པའི་ཚེ། ཆུ་ཕོ་འབྲུག་གི་ལོའ་དབྱར་ཟླ་ར་བའི་ཡར་ངོའ་ཚེས་བརྒྱད་ཀྱི་ནམ་གུང་ཡོལ་ཙ་ན། ཤ་ཟའི་ཌཱ་ཀི་ནཱི་མཆེད་ལྔས་གཙོར་བྱས་པའི་སྣང་སྲིད་ཀྱི་ལྷ་འདྲེའི་ཆོ་འཕྲུལ་སྟོན་པའི་སྐབས་མི་འཇིགས་པ་ཁོང་དུ་ཆུད་ཅིང་རྟོགས་པ་གདིང་དུ་གྱུར་པའི་མགུར། ཡང་ཡུལ་ལ་མཚན་གསོལ་དིང་མ་བྲིན། །ཁེ་ཚོལ་འདུ་བའི་ཚོང་འདུས་ཏེ། །མི་རྒྱ་བོད་གཉིས་ཀྱི་འགྲིམ་ས་ཡིན། །གངས་མཐོ་ལ་གཉན་པའི་ཚེ་རིང་མ། །རི་བཀྲ་ཤིས་ཤེལ་གྱི་ཟུར་ཕུད་ཅན། །ལྷ་སྨན་རྒྱལ་མོའ་ཐུ་བ་ལ། །འབྲོག་དབྱར་ས་སྨན་ལུང་མི་ཟེར་རམ། །ས་ཁོལ་དུ་བྲེས་པའི་ཆུ་བར་དུ། །ཁྱེད་སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས། །ལྷ་གནས་གཞན་འཕྲུལ་མན་ཆད་ནས། །ས་འོག་ལྟོ་འཕྱེ་ཡན་ཆོད་ལ། །ལྐུགས་པའི་ཀླུ་དང་ནམ་མཁའ་ལྡིང་། །དྲི་ཟ་སྲུལ་པོ་མིའམ་ཅི། །ལྟོ་འཕྱེ་གྲུལ་བུམ་སྲིན་པོའ་གདོན། །རོ་ལངས་
༡༠༥གནོད་སྦྱིན་འབྱུང་པོ་རྣམས། །རེ་རེའི་མིང་ནས་བརྗོད་མི་ལང་། །བསམ་གྱིས་མི་ཁྱབ་མང་པོའ་ཚོགས། །ཁྱད་པར་འཇིགས་པའི་སྲིན་མོ་ལྔ། །མི་ངལ་མི་སྙན་ངག་ཏུ་སྨྲ། །ཚེ་འདི་ནས་ཕ་རོལ་འགྲོ་དགོས་ཟེར། །ང་འཆི་བ་ཁོ་ནས་འཇིགས་འཇིགས་ནས། །སེམས་འཆི་མེད་གཉུག་མའི་ངང་དུ་སྦྱངས། །འཁོར་བ་རང་གྲོལ་གཞི་ཡི་གནད། །སྙིང་པོའ་དོན་ལ་ངོ་སྤྲོད་བགྱིས། །ནང་རིག་བརྟེན་མེད་གཅེར་བུ་འདི། །འགྱུར་བ་དྭངས་སངས་ལྟ་བའི་གདེངས། །འོད་གསལ་སྟོང་པར་བློ་ཐག་ཆོད། །ང་སྐྱེ་འཆི་གཉིས་ལ་ཉམ་ང་མེད། །ང་མི་ཁོམས་བརྒྱད་ལ་འཇིགས་འཇིགས་ནས། །མི་རྟག་འཁོར་བའི་ཉེས་དམིགས་བསྒོམས། །སྐྱབས་དཀོན་མཆོག་གསུམ་ལ་བློ་ཕུག་གཏད། །ལས་རྒྱུ་འབྲས་ཆོས་ལ་ནན་ཏན་བསྐྱེད། །ཐབས་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་པས། །བག་ཆགས་སྒྲིབ་པའི་རྒྱུན་ལམ་བཅད། །སྣང་བ་ཅི་སྣང་སྒྱུ་མར་རྟོགས། །ངན་སོང་གསུམ་ལ་ཉམ་ང་མེད། །ང་གློ་བུར་ཚེ་ལ་འཇིགས་འཇིགས་ནས། །ལམ་རྩ་དང་རླུང་ལ་རྟེན་འབྲེལ་བསྒྲིགས། །གནད་
༡༠༦བསེ་བ་གསུམ་ལ་སྦྱངས་པ་ཡིས། །ཚོགས་དྲུག་གི་སྣང་བ་འགགས་པའི་ཚེ། །ཆོས་སྐུ་ངོ་སྤྲོད་ཀྱི་གདིང་ཡོད་དེ། །ཤེས་རྒྱུད་ཚངས་པའི་ལམ་ནས་ཐོན། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འཕོ། །ངས་ད་ལྟ་ཤི་ཡང་ཉམ་ང་མེད། །ལར་ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །སྐྱེ་འགྲོའི་ཚེ་སྲོག་ཉུལ་བ་རྣམས། །ང་སྒྱུ་མ་གཟུགས་ཀྱི་ཕུང་པོ་འདི། །མི་རྟག་འཇིག་པའི་ཆོས་ཅན་ཏེ། །ལར་ཅིས་ཀྱང་མི་སྟོངས་འདོར་བ་ལ། །འདྲེ་ཁྱོད་ལ་དགོས་ན་སུ་དགའ་ཁྱེར། །སྤྱིར་འགྲོ་བ་ཡོངས་ཀྱི་གླུད་དུ་གཏོག །དགོས་དྲིན་ཅན་ཕ་མའི་དོན་དུ་བསྔོ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱེད་དགའ་མགུ་རངས་ཤིང་ཚིམ་གྱུར་ནས། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་པར་གྱིས། །ལན་ཆགས་ཤ་འཁོན་བྲལ་བར་མཛོད། །སེམས་འགྱུ་བ་དངོས་མེད་སྟོང་པ་དེ། །འདྲེ་ཁྱོད་བས་ངས་ཀྱང་མཐོང་བ་མེད། །དམྱལ་ཁམས་བཅོ་བརྒྱད་དགྲར་ལངས་ཀྱང་། །འཇིགས་སོ་སྙམ་ན་ང་ལ་སྡིག །ང་སྟོང་ཉིད་ནམ་མཁའི་རྣལ་འབྱོར་པ། །འཁྲུལ་པའི་དེ་ཉིད་ཤེས་པའི་ཕྱིར། །འདྲེ་ཁྱོད་ལ་ཉམ་ངའི་འཇིགས་པ་མེད། །ལར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ། །ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་བཞིན་སྣང་བ་ངོ་མཚར་ཆེ། །ཞེས་བཞེངས་པ་ན་དེར་ཚོགས་པའི་ལྷ་འདྲེ་ཐམས་ཅད་མོས་ཤིང་འདུན་པར་གྱུར་ཏེ། སླར་ཡང་མཁའ་འགྲོ་ཆེན་མོ་ལྔས་སྙིང་གཏམ་སྲོས་སུ་བསྙད་པའི་གླུ་དབྱངས་ཕུལ་བ་ན། རྗེ་བཙུན་རིན་པོ་ཆེས་ལན་གསུངས་པ། སྤྱིར་ཕྱི་རོལ་བདུད་ཀྱི་རིགས་ལྷ་འདྲེའི་བར་དུ་གཅོད་པ་ཐམས་ཅད་ནང་རྣམ་པར་རྟོག་པ་སེམས་ཀྱི་ཉེར་ལེན་ལས་བྱུང་བ་ཁྱེད་ཅག་ཟེར་བ་ལྟར་བདེན་ན་ངེད་རྣལ་འབྱོར་པའི་ལུགས་ཀྱིས་བར་ཆད་ལ་སྐྱོན་དུ་མི་བལྟ་སྟེ། ལྟས་དང་ཆོ་འཕྲུལ་གྱི་རྣམ་པ་ཅི་བྱུང་ཡང་། དེ་ཉིད་བཀའ་དྲིན་ཅན་ནམ་འདོད་
༡༠༧ཐོག་ཏུ་འཁྱེར་ཏེ་ལས་དང་པོ་པའི་གང་ཟག་ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་ཀྱི་ལྕག་འདེབས། གཉེན་པོ་གློ་བུར་དུ་སྐྱེ་ཞིང་རིག་པའི་ངར་འདོན། འདི་ཉིད་ཀྱིས་ལུས་ངག་དགེ་སྦྱོར་ལ་བསྐུལ་ནས་བསམ་གཏན་མྱུར་དུ་རྒྱུད་ལ་སྐྱེ་བའི་རྒྱུ་བྱེད་ལ། ལམ་གོམས་ཤིང་བརྟན་པ་ཐོབ་པ་རྣམས་ལ་ནི་དྲན་པ་ཡེ་ཤེས་ཀྱི་གསོས་འདེབས། རིག་པ་འོད་གསལ་གྱི་མདངས་འདོན་ཞིང་ནང་ཏིང་ངེ་འཛིན་གྱི་རྩལ་སྦྱོང་། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་ལམ་གྱི་བོགས་གོང་ནས་གོང་དུ་འབྱིན་པར་བྱེད་དོ། །དུས་དེའི་གནས་སྐབས་ན་བདུད་རིགས་ཆོས་སྐྱོང་དུ་ཞལ་འགྱུར་ཞིང་ཆོས་སྐྱོང་སྤྲུལ་སྐུར་མཐོང་བས་རྐྱེན་ངན་དངོས་གྲུབ་ཏུ་འབབས། བར་ཆད་ལམ་དུ་བསླངས། རྣམ་རྟོག་ཆོས་སྐུར་འཆར། །སྐྱོན་ཡོན་ཏན་ཏན་དུ་གྲོལ་ཏེ་ཐུན་མོང་ལམ་གྱི་མཐུན་རྐྱེན་ཐམས་ཅད་ཁྱེད་ཅག་གིས་སྒྲུབ་པར་བྱེད་དོ། །མཐར་ཐུག་ཤེས་བྱའི་གཤིས་ལ་ལྷ་དང་འདྲེ་གཉིས་ཀ་མ་གྲུབ་སྟེ། རེ་དོགས་སྤོང་ལེན་གྱི་མཚན་མ་རང་སར་གྲོལ་བས། འཁྲུལ་པ་གཞི་མེད་དུ་རྟོགས་ཤིང་འཁོར་བ་ཕྱག་རྒྱ་ཆེན་པོར་ཤར་ལ་དེ་ལ་གློ་བུར་གྱི་རྣམ་པར་རྟོག་པ་དབྱིངས་སུ་ཐིམ་པའི་ཚེ་ཆོས་སྐུ་འདུ་འབྲལ་མེད་པ་ཞེས་མིང་དུ་བཏགས་སོ་གསུངས་ནས། དེ་དག་གི་དོན་ཚིགས་སུ་བཅད་དེ་གསུངས་པ། རྒྱལ་བའི་ཞིང་ཁམས་འཛམ་གླིང་འདིར། །སངས་རྒྱས་གཉིས་པ་ལྟར་གྲགས་ཤིང་། །མི་ནུབ་བསྟན་པའི་རྒྱལ་མཚན་གྱི། །ཅོད་པན་གཙུག་གི་ནོར་བུ་ལྟར། །ཀུན་གྱིས་བཀུར་ཞིང་མཆོད་པའི་གནས། །སྙན་པའི་བ་དན་སྒྲ་དབྱངས་ཀྱིས། །ཕྱོགས་རྣམས་ཀུན་ཏུ་ཁྱབ་པ་དེ། །རྗེ་མངའ་བདག་མཻ་ཏྲི་མ་ལགས་སམ། །དེ་ཉིད་ཞབས་ཀྱི་པདྨོ་ལ། །གུས་པས་བརྟེན་ཅིང་བཅུད་འཐུངས་པས། །ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །མཐའ་བྲལ་གཉུག་མའི་དོན་རྟོགས་ཤིང་། །ཡོན་ཏན་ཐམས་ཅད་རབ་རྫོགས་ཏེ། །སྐྱོན་རྣམས་ཀུན་གྱི་མ་གོས་པ། །
༡༠༨བདེ་གཤེགས་སྤྲུལ་པ་མི་གཟུགས་ཅན། །སྐྱེས་མཆོག་མར་པ་འདི་སྐད་གསུང་། །ཕྱི་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་དུས་ན་འཁྲུལ་སྣང་སྟེ། །ཡུལ་གྱི་ཞེན་པས་འཆིང་བར་བྱེད། །རྟོགས་པ་རྣམས་ལ་སྒྱུ་མར་སྣང་། །ཡུལ་སྣང་སེམས་ཀྱི་གྲོགས་སུ་འཆར། །མཐར་ཐུག་དོན་ལ་སྣང་མ་མྱོང་། །སྐྱེ་མེད་ཆོས་སྐུར་དག་གོ་གསུང་། །ནང་འགྱུ་བ་ཡིད་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་མོངས་ཀུན་གྱི་གཞི་རྩ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའ་ཡོན་ཏན་རྫོགས་པར་འབྱུང་། །མཐར་ཐུག་དོན་ལ་ཡེ་ཤེས་མེད། །ཆོས་རྣམས་ཟད་སར་སྐྱོལ་ལོ་གསུང་། །ཉེར་ལེན་གཟུགས་ཀྱི་ཕུང་པོ་འདི། །མ་རྟོགས་དུས་ན་འབྱུང་བཞིའི་ལུས། །ན་ཚ་སྡུག་བསྔལ་དེ་ལས་འབྱུང་། །རྟོགས་ན་ལྷ་སྐུ་ཟུང་འཇུག་སྟེ། །ཐ་མལ་ཞེན་པ་ཟློག་པར་བྱེད། །མཐར་ཐུག་དོན་ལ་ལུས་མེད་དེ། །སྤྲིན་བྲལ་མཁའ་ལྟར་དག་གོ་གསུང་། །གདོན་གནོད་སྦྱིན་ཕོ་མོའ་སྣང་བ་འདི། །མ་རྟོགས་དུས་ན་བདུད་ཡིན་ཏེ། །ཐོ་འཚམ་བར་དུ་གཅོད་པར་བྱེད། །རྟོགས་ན་བགེགས་རྣམས་ཆོས་སྐྱོང་སྟེ། །སྣ་ཚོགས་དངོས་གྲུབ་ཁྱེད་ལས་འབྱུང་། །མཐར་ཐུག་དོན་ལ་ལྷ་འདྲེ་མེད། །རྣམ་རྟོག་ཟད་སར་སྐྱོལ་ལོ་གསུང་། །སྤྱིར་ཐེག་པའི་མཐར་ཐུག་གསང་སྔགས་ཀྱི། །རྣལ་འབྱོར་བླ་མེད་རྒྱུད་ནས་ཀྱང་། །ཁམས་འདུས་པ་རྩ་ཡི་རྟེན་འབྲེལ་གྱིས། །ཕྱི་རོལ་འདྲེ་གཟུགས་མཐོང་བར་གསུངས། །དེ་རང་སྣང་རྫུན་དུ་མ་ཤེས་ཤིང་། །བདེན་ནོ་སྙམ་ན་ཤིན་ཏུ་རྨོངས། །ང་སྔོན་ཆད་རྨོངས་པས་མགོ་བོ་འཁོར། །མ་རིག་འཁྲུལ་པའི་ཚང་དུ་ཞུགས། །ཕན་གནོད་ཀྱི་ལྷ་འདྲེ་བདེན་པར་བཟུང་། །ད་གྲུབ་ཐོབ་རྗེ་ཡི་བཀའ་དྲིན་གྱིས། །འཁོར་འདས་དགག་སྒྲུབ་མེད་པར་གོ་།ཅིར་སྣང་ཕྱག་རྒྱ་ཆེན་པོར་ཤར། །འཁྲུལ་པ་གཞི་མེད་དུ་རྟོགས་པ་དེས། །རིག་པའི་ཆུ་ཟླ་རྙོགས་པ་དྭངས། །
༡༠༩འོད་གསལ་གྱི་ཉི་མ་སྤྲིན་དང་བྲལ། །མ་རིག་མུན་པ་མཐའ་ནས་སངས། །རྨོངས་པའི་མགོ་འཁོར་ཡལ་ནས་ཐལ། །ཡིན་ལུགས་ཞིག་ནང་ནས་འཆར་གྱིན་གདའ། །ལར་འདྲེར་འཛིན་གྱི་རྣམ་རྟོག་རིན་པོ་ཆེ། །གཞི་སྐྱེ་མེད་ཀྱི་གསལ་འདེབས་ངོ་མཚར་ཆེ། །ཞེས་བླ་མའི་གསུང་ཚད་མར་འཛིན་ཅིང་། གདམས་ངག་ལ་ངེས་ཤེས་སྐྱེས་པའི་མགུར་དེ་རྣམས་རྗེ་བཙུན་གྱིས་བཞེངས་པ་ལས། དེར་ཚོགས་པ་ཐམས་ཅད་ཤིན་ཏུ་གུས་པས་ཅི་གསུང་བཀའ་བཞིན་དུ་བསྒྲུབ་པར་གཡར་དམ་བླངས་ཏེ་སོ་སོ་རང་རང་གི་གནས་སུ་གྱེས་སོ། །འདི་ནི་ལམ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་ཕྱག་རྒྱ་ཆེན་པོ་དང་། ནཱ་རོ་གསང་སྤྱོད་ཀྱི་དགོངས་པ་རྣམས་གཅིག་ཏུ་དྲིལ་བའི་རྡོ་རྗེའི་གླུ་སྟེ། དོན་རྒྱས་པར་སྔ་ཕྱིར་འབྱུང་བའི་ཕྱག་རྒྱ་ཆེན་པོ་དང་། རས་ཆུང་སྙན་བརྒྱུད་དང་འབྲེལ་བའི་དཔལ་ནཱ་རོ་པའི་གསང་སྤྱོད་ཀྱི་ཁྲིད་ཡིག་རྣམས་ལས་ཤེས་པར་བྱའོ། །ཞུས་ལན་གྱི་སྐོར་དང་པོའོ། ༈ །གཉིས་པ་ནི། ལོ་དེའི་ཕྱི་མ་ཆུ་མོ་སྦྲུལ་གྱི་ལོའ་དབྱར་ར་བའི་ཚེས་བཅུ་གཅིག་གི་ནུབ་མོ། །སླར་ཡང་ཞིང་སྐྱོང་ཌཱ་ཀིའི་དབང་མོ་མཆེད་ལྔ་སྤྱན་སྔར་ལྷགས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གསོལ་བ་ན། སྣོད་བརྟག་པ་ལས་བརྩམས་ཏེ་ཐུན་མོང་གི་ལམ་རིམ་རྡོ་རྗེའི་མགུར་དུ་བཞེངས་པ། དཔལ་དོ་ནུབ་སྲོད་ཀྱི་གུང་ཐུན་ལ། །ཕྱོགས་ཤར་ནས་འོད་ཅིག་མདངས་གསལ་བས། །སྨག་ཁྲི་མུན་མཐའ་ནས་སངས་པ་དེ། །ཆུ་ཤེལ་ཟླ་བ་མ་ལགས་སམ། །ཟླ་ཟེར་མདངས་ཀྱི་རྟ་ཞོན་ནས། །ལུས་འོད་དུ་འཁྱིལ་ཞིང་འོང་བ་དེ། །ཁྱེད་འཇིག་རྟེན་ཌཱ་ཀི་མ་ལགས་སམ། །ཆུ་བོ་ལོ་ཏ་ཧན་གྱི་ཀླུང་འགྲམ་ན། །རང་བྱུང་གི་དབེན་གནས་ཉམས་དགའ་བ། །ཆུ་དབར་དཔལ་གྱི་ཕོ་བྲང་ན། །བརྟུལ་ཞུགས་སྤྱོད་པའི་སྨྱོན་པ་ཞིག །
༡༡༠འབྱུང་བའི་ལུས་ལ་ཚ་གྲང་མེད། །ངོ་ཚ་མི་ཤེས་གཅེར་ཉལ་མཁན། །ཡིད་ལ་མི་བྱེད་སྙིང་པོའ་དོན། །སྐད་ཅིག་མ་ཡེངས་སྒོམ་དུ་མེད། །ནམ་མཁའི་མཚན་ཉིད་ལྟ་བ་དེ། །མི་ལ་སྒོམ་ཆེན་མ་ལགས་སམ། །ང་སྤྱོད་པའི་རྣལ་འབྱོར་རས་པ་དང་། །ཁྱེད་རྫུ་འཕྲུལ་ཅན་གྱི་བུད་མེད་ལྔ། །གླུ་ཕར་ཅིག་ཚུར་གཅིག་ལེན་པ་དེ། །སྔོན་ཆད་སྨོན་ལམ་བཏབ་པར་ངེས། །ཁྱོད་ད་ཅི་ཕན་ཆད་ངོ་མ་ཤེས། །ད་ནི་ངོ་ཤེས་གློ་བ་དགའ། །ན་ནིང་སོས་ཀྱི་ད་ཙམ་ན། །སྲིད་པའི་བུད་མེད་དབང་མོ་ཆེ། །གཙོ་མོ་ཁྱེད་ཀྱིས་གཡོ་གཡོ་ནས། །འཇིག་རྟེན་སྲིད་པའི་ལྷ་འདྲེ་ཚོགས། །དཔུང་བཞི་དམག་གི་རུ་དར་ཕྱར། །འཐབ་རྩོད་གཡུལ་ངོ་བཤམས་ནས་ཀྱང་། །གདུག་རྩུབ་མཚོན་གྱི་ཆར་འབེབས་ཤིང་། །མི་ང་ལ་བར་གཅོད་ཅི་མ་བྱས། །ང་སྣང་བ་སེམས་སུ་ཐག་ཆོད་ཅིང་། །སེམས་ཉིད་སྟོང་པར་ཤེས་པའི་ཕྱིར། །འཁྲུལ་སྣང་བགེགས་ཀྱི་ཆོ་འཕྲུལ་ལ། །ཡ་ང་བག་ཚ་བྱེད་མ་མྱོང་། །སྤྱིར་ཡང་ཁྱེད་ཅག་མཐོང་ཙམ་གྱིས། །ཁོ་བོ་ཤིན་ཏུ་མི་བཟོད་པས། །རང་དབང་མེད་པའི་སྙིང་རྗེ་སྐྱེས། །དཀར་པོའ་ཆོས་ཀྱི་འཇམ་ཆར་ཕབ། །ཁྱེད་སླར་ཡང་མོས་ཤིང་གུས་པར་འགྱུར། །ངོ་གཅིག་ལོ་ཡི་དིང་སང་ན། །མཚར་སྡུག་ལྡན་པའི་བུད་མེད་ལྔ། །བསྐོར་ཞིང་བསྐོར་ཞིང་ཕྱག་འཚལ་ནས། །ཡ་མཚན་ཆེ་བའི་སྤྱན་གཟིགས་དྲངས། །རྩེ་གཅིག་གུས་པའི་ཐལ་སྦྱར་ནས། །ངག་སྙན་པའི་ཚིག་གིས་ཞུ་འབུལ་བ། །བྱང་ཆུབ་སེམས་ཀྱི་སྤྲིན་ཕུང་ལས། །བདུད་རྩིའི་ཆོས་ཆར་ཕོབ་ཅིག་སྐད། །ཁྱེད་དེ་ཙམ་གུས་པའི་སེམས་ཡོད་ན། །མི་ང་ཡི་ཅོད་པན་ནོར་བུ་ལ། །རྩ་གསུམ་པདྨའི་གདན་སྟེང་ན། །རྗེ་འགྲན་གྱི་དོ་མེད་བཀའ་དྲིན་ཅན། །སྒྲ་སྒྱུར་མར་པ་ལོ་ཙཱ་དེ། །དག་པ་ལོངས་སྐུའི་ཚུལ་དུ་བཞུགས། །ཁོང་ཐུགས་རྗེ་སྤྲིན་
༡༡༡བྲལ་ཟླ་བ་ལས། །དྲི་མེད་དཀར་པོའ་འོད་འཕྲོས་པས། །གདུལ་བྱའི་སྙིང་གི་ཀུ་མུ་ད། །མཛེས་པའི་མེ་ཏོག་ཁ་ཕྱེ་ནས། །རྟོགས་པའི་ཟེའུ་འབྲུ་གཡོ་བར་བྱེད། །དེ་མཐོང་ངམ་འཇིག་རྟེན་མིག་སྒྱུར་མ། །མ་མཐོང་སྒྲིབ་པ་ཆེ་བའི་ཕྱིར། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །ཁ་ན་མ་ཐོ་ལྕི་བ་རྣམས། །མཐོལ་ཞིང་བཤགས་པ་མ་བྱས་ན། །ཟབ་མོ་བཤད་པའི་སྣོད་མི་རུང་། །ཁྱེད་སྔོན་ཆད་མི་བསྲུན་ཐོད་རྒལ་ཆེ། །ངན་སྤྱོད་གཡོ་སྒྱུ་གོམས་པའི་ཕྱིར། །ཕྱིན་ཆག་གཙིགས་ལ་དབབ་པ་ཡོད། །ཁས་བླངས་དམ་བཅའ་ལེན་སྤྱོད་ན། །བསྟན་པ་དོན་གཞན་མ་ལགས་ཏེ། །དགེ་དང་མི་དགེའི་ལས་རྣམས་ལ། །རྒྱུ་འབྲས་དག་པར་མ་བསམས་ན། །ངན་སོང་སྡུག་བསྔལ་མི་བཟོད་པས། །ཕྲ་ཞིང་ཕྲ་བའི་རྣམ་སྨིན་ལ། །བག་ཡོད་དྲན་པས་ཟིན་ཀྱང་འཚལ། །འདོད་ཡོན་སྐྱོན་དུ་མ་བལྟས་ཤིང་། །ཞེན་པ་ནང་ནས་མ་ལོག་ན། །འཁོར་བའི་བཙོན་ར་མི་སྒྲོལ་བས། །ཐམས་ཅད་སྒྱུ་མར་ཤེས་པའི་བློས། །ཀུན་འབྱུང་གཉེན་པོ་བསྟེན་ཡང་འཚལ། །འགྲོ་དྲུག་དྲིན་ཅན་ཕ་མ་ལ། །བྱས་པ་དྲིན་དུ་མི་བཟོ་ན། །ཐེག་པ་དམན་པར་གོལ་བའི་སྐྱོན། །དེ་ཕྱིར་བརྩེ་བ་ཆེན་པོ་ཡིས། །བྱང་ཆུབ་སེམས་ལ་བསླབ་ཀྱང་འཚལ། །ལེགས་བཤད་དེ་ཆོ་ཉན་སྤྱོད་ན། །ཐེག་ཆེན་ལམ་གྱི་རྣལ་འབྱོར་མ། །འོ་སྐོལ་མིང་སྲིང་ལྟ་སྦྱོང་མཐུན། །གནས་སྐབས་བགྲོད་པའི་ལམ་ཡང་གཅིག །ཡོན་ཏན་ཕྲིན་ལས་མཐར་ཕྱིན་པའི། །དག་པ་མངོན་དགའི་ཞིང་ཁམས་དེར། །འོ་སྐོལ་འཛོམ་པར་གདོན་མི་ཟ། །ཞེས་གདམས་སོ།། །།དེ་ལྟར་བཀའ་སྩལ་བ་ན་སླར་ཡང་ནན་དུ་གསོལ་བ་བཏབ་པའི་ངོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་སྩལ་ཏེ་རང་གི་གནས་སུ་སོང་བར་གྱུར་ཏོ། །འདི་ནི་སྐྱེས་བུ་གསུམ་གྱི་ལམ་རིམ་སྙིང་པོར་དྲིལ་བ་སྟེ་དོན་རྒྱས་པར་དྭགས་པོ་རིན་པོ་ཆེས་མཛད་པའི་ལམ་རིམ་ཐར་
༡༡༢རྒྱན་སོགས་ལས་ཤེས་པར་བྱའོ། །ཡང་ཟླ་བ་དེའི་ཕྱི་མའི་མཚམས། བཅུ་གཅིག་གི་ནུབ་མོར་འཇིག་རྟེན་མིག་སྒྱུར་གྱི་ཌཱ་ཀི་ནཱི་མཆེད་ལྔ་འཁོར་དང་བཅས་པ་སྤྱན་སྔར་ལྷགས་ཏེ། མཆོད་པའི་རྣམ་གྲངས་དུ་མས་མཆོད་པ་དང་ཆབ་ཅིག །རྗེ་བཙུན་ཁྱེད་རང་གི་ཐུགས་ལས་བྱོན་པའི་རྟོགས་ཚད། དུས་གསུམ་སངས་རྒྱས་རྣམས་ཀྱི་དགོངས་པ་མཐར་ཐུག་ལམ་གྱི་བསྐྱོལ་ས་འདི་ལས་མེད་ཅེས་པ། ངེས་དོན་གྱི་ཆོས་ཞིག་དོན་འདིར་ཚོགས་པའི་ལྷ་མ་སྲིན་རྣམས་ལ་གསུང་བར་ཞུ་འཚལ་ཞུས་པས། དེའི་དུས་སུ་རྗེ་བཙུན་གྱིས་རྟོགས་ཚད་ལྟ་བའི་མགུར། གནས་ལུགས་ངེས་དོན་འབའ་ཞིག་ཏུ་གདམས་པ་འདི་རྣམས་ཡིན་གསུང་ནས་མགུར་བཞེངས་པ། ཡང་བལ་བོད་གཉིས་ཀྱི་སོ་མཚམས་ན། །ཡུལ་ཡ་མཚན་ཆེ་བའི་དིང་མ་བྲིན། །ཟོང་འདོད་དགུ་འབྱུང་བའི་ཚོང་འདུས་ན། །ལ་སྨན་བཙུན་མི་ལ་དཔལ་མགོན་པ། །སྦ་བརྗིད་གངས་ཀྱི་རྒྱལ་མོ་ལ། །ཚེ་གཡུང་དྲུང་བརྟན་པའི་ཟུར་ཕུད་ཅན། །དེ་མཚན་སྙན་བཀྲ་ཤིས་ཚེ་རིང་མ། །རི་ན་བུན་འཐིབས་ཀྱི་གཡོན་ཟུར་ན། །འབྲོག་སྨན་གཡང་གངས་ཀྱིས་བསྐོར་བ་དེ། །སྨན་ལུང་ཆུ་དབར་མ་ལགས་སམ། །གནས་དེ་ན་རྩེ་གཅིག་ཉམས་ལེན་པ། །ང་མི་ལ་རྣལ་འབྱོར་མི་ཟེར་རམ། །མི་ང་ལ་སྔོན་ཆད་མཐོ་འཚམ་ཞིང་། །ཅོ་འདྲི་བཞད་གད་བྱེད་པ་དེ། །ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །ཤིན་ཏུ་དྲེགས་ཤིང་མི་བསྲུན་པ། །རྣལ་འབྱོར་ཡོངས་ཀྱི་དྲོད་ཉུལ་བ། །དེ་རིང་འདིར་ཚོགས་མ་ལགས་སམ། །འདང་སང་དགུན་ཟླ་སྔ་མ་ལ། །ཡིད་འཕྲོག་བུ་མོ་མཛེས་མ་ལྔ། །བླ་མེད་མཆོག་ཏུ་སེམས་བསྐྱེད་དེ། །ཅི་འདོད་དངོས་གྲུབ་ཁས་བླངས་ནས། །མི་སྣང་མཁའ་ལ་འཕུར་ནས་ཐལ། །དེ་ཡང་ངོ་མཚར་ཁྱེད་ཅག་ལྔ། །དགུང་དོ་ནུབ་དཀར་གསལ་ཟླ་མདངས་ལ། །སྤྲུལ་པའི་བུད་མེད་བཞིན་བཟང་མ། །གར་སྒྱུར་སྒེག་མོའ་ཆ་བྱད་ཅན། །ལྷབ་ལྷུབ་
༡༡༣དར་གྱི་ན་བཟའ་དང་། །དོ་ཤལ་རྒྱན་གྱིས་མཛེས་པ་ཡི། །གཙོ་མོ་ཁྱོད་ཀྱིས་མདོངས་གསོལ་ནས། །སྡེ་བརྒྱད་དྲེགས་པའི་ལྷ་མ་སྲིན། །སྡེ་དང་དཔུང་དང་དམག་མི་དང་། །རིགས་མཐུན་འཁོར་གྱི་ཚོགས་བཅས་རྣམས། །ནམ་མཁའ་ཁེངས་པའི་མཆོད་སྤྲིན་དང་། །རོ་བརྒྱ་ལྡན་པའི་ཁ་ཟས་དང་། །སྣ་ཚོགས་རོལ་མོ་ཕུལ་ནས་ཀྱང་། །ངེས་དོན་དགོངས་པ་ཞུ་བ་དེ། །ཁྱེད་སྣང་སྲིད་ལྷ་འདྲེ་མ་ལགས་སམ། །ཚིག་དེ་སྐད་ཟློ་ན་རྣ་བར་སྙན། །ངག་བདེན་པས་བཀྲོལ་ན་ཀུན་ཀྱང་ཉོན། །ད་ཅ་ཅོ་མ་ཟེར་གླུ་འདི་ཉོན། །སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་ལ། །འདོད་པའི་བྱེ་བྲག་སྣ་ཚོགས་ཡོད། །ངར་འཛིན་ལྟ་བ་ཐ་དད་ཡོད། །དེ་དག་སྤྱོད་ཚུལ་སྣ་ཚོགས་ཡོད། །གཞི་བདག་ཏུ་ལྟ་བ་ཤིན་ཏུ་མང་། །ཁྱེད་བློ་དམན་རྣམས་ཀྱིས་བསམ་པ་དང་། །བསྟུན་ནས་ཀུན་མཁྱེན་སངས་རྒྱས་ཀྱིས། །ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། །དོན་དམ་བདེན་པའི་དབང་དུ་ནི། །བགེགས་པས་སངས་རྒྱས་ཉིད་ཀྱང་མེད། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །བགྲོད་བྱས་དང་ལམ་རྟགས་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །དེ་ཕྱིར་མྱ་ངན་འདས་པ་མེད། །མིང་དང་ཚིག་གིས་བཏགས་པ་ཙམ། །ཁམས་གསུམ་བརྟན་དང་གཡོ་བར་བཅས། །གདོད་ནས་མ་གྲུབ་སྐྱེ་བ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །མཐར་ཐུག་དོན་ལ་དེ་ལྟར་གདའ། །ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་བྱུང་། །རྒྱུ་མེད་འབྲས་བུ་མི་སྲིད་པས། །ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །ཆོས་ཅན་མ་མཐོང་ཆོས་ཉིད་མཐོང་། །དེ་ལས་སྙིང་རྗེ་ཤུགས་འབྱུང་སྟེ། །སྟོབས་དང་མི་འཇིགས་གཟུངས་
༡༡༤ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་འབྱུང་། །དེ་རྣལ་འབྱོར་ང་ཡི་རྟོགས་ཚད་ཡིན། །ཁྱེད་འདིར་ཚོགས་ལྷ་འདྲེའི་རྣ་ལམ་དུ། །ཆོས་ཟབ་མོ་བས་ཀྱང་བོན་སྒྲ་སྙན། །ཨ་བྷི་ར་ཡི་རྒྱལ་ཁམས་སུ། །མཁས་པ་བས་ཀྱང་སྨྱོན་པ་བྲིན། །དུར་ཁྲོད་ཉུལ་བའི་ཝ་སྤྱང་རྣམས། །སེང་གེའི་ང་རོས་འཇིགས་ཤིང་སྐྲག །འགའ་ཞིག་སྐལ་ལྡན་ཡོད་སྲིད་ན། །འདི་དོན་ཐོས་པས་གྲོལ་བར་འགྱུར། །ལར་མི་ང་ལ་དགའ་བའི་ཉམས་ཞིག་སྐྱེས། །བསོ་དགའ་ཡོ་སྐྱེད་དོ་ཐེ་ལེ་རྒྱལ། །ཞེས་པའི་མགུར་དེ་སྐད་གསུངས་ནས་དེ་དག་གི་དོན་བཤད་པ། སྤྱིར་སྟོན་པ་སངས་རྒྱས་ཀྱི་ཞལ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་ཅིག་གསུངས་པ་དེ་དག་ཐམས་ཅད་གདུལ་བྱ་གང་ཟག་གི་བློ་ངོ་དང་བསྟུན་ནས་ཐེག་པ་སྣ་ཚོགས་སུ་བསྟན་པ་ཡིན་གྱིས། མཐར་ཐུག་བསྐྱལ་ས་གཅིག་ལས་མེད། གཅིག་པོ་དེ་གཞི་ཆོས་ཉིད་མ་བཅོས་པ་ཡིན། དེ་ཡིན་ལུགས་ཤེས་པས་མི་གྲོལ་ཏེ། ལམ་སྦྱངས་པ་མངོན་དུ་འགྱུར་དགོས། དེ་ལ་ལམ་གྱི་ངོ་བོ་སྟོང་པ་སྙིང་རྗེ་ཟུང་འཇུག་ཡིན། ལམ་གྱི་བགྲོད་ཚུལ་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཅིག་ཡོད་ཀྱང་མདོར་ཧྲིལ་གྱིས་དྲིལ་ན་ཐབས་ཤེས་ཟུང་འཇུག་གམ། བདེན་གཉིས་དབྱེར་མེད་དུ་ཁྱེར་འཚལ་ལོ། །ཅེས་གསུངས་པས། ཌཱ་ཀི་མ་ལྔས་མངོན་པར་བསྟོད་ཅིང་སྨོན་ལམ་གྱི་གླུ་ཕུལ། རྗེ་བཙུན་ཆེན་པོས་ཀྱང་རྡོ་རྗེ་ཐེག་པའི་སྒོར་བཅུག་པར་མཛད་དོ། །ཚུལ་འདི་ནི་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ཆེན་པོའ་དགོངས་དོན་གསལ་བར་སྟོན་པའི་རྡོ་རྗེའི་གླུ་སྟེ། རྒྱས་པར་ཐམས་ཅད་མཁྱེན་པ་པདྨ་དཀར་པས་མཛད་པའི་གཞུང་འདིའི་འགྲེལ་པ་ངེས་དོན་གྲུབ་པའི་ཤིང་རྟ་སོགས་ལས་རྟོགས་པར་བྱའོ། །ཞུས་ལེན་གྱི་སྐོར་གཉིས་པའོ། ༈ །གསུམ་པ་ནི། སླར་ཡང་ཟླ་བ་དེའི་ཕྱི་མ་སྟོན་ཟླ་འབྲིང་པོའ་ཚེས་བཅུ་གཅིག་གི་དགོངས་མོ་རྗེ་བཙུན་རིན་པོ་ཆེ་སྨན་བཙུན་ཆེན་མོ་རང་གི་བསྟི་གནས་སུ་གདན་དྲངས་ཤིང་།
༡༡༥ཡུལ་དེར་དམར་ཐབས་ཆེན་པོ་ཤོར་བའི་རྐྱེན་གྱིས་གཙོ་མོ་བཀྲ་ཤིས་ཚེ་རིང་མ་བྲོ་འཚལ་བ་ལ་རྗེས་སུ་འཛིན་པར་མཛད་པས་དབུགས་དབྱུང་ཞིང་རང་གནས་སུ་ཕེབས། སླར་ཟླ་བ་དེའི་ཉི་ཤུ་དགུ་ལ་བཀྲ་ཤིས་ཚེའི་དབང་ཕྱུག་མཆེད་ལྔ་སྤྱན་སྔར་ལྷགས་ཏེ། ནན་ཏན་ཆེན་པོས་གསོལ་བ་བཏབ་པ་ལས། ཡུམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་ལུགས་སུ་དབང་བསྐུར་ཞིང་བྱིན་རླབས་མཛད་དེ། དེའི་དུས་སུ་བར་དོ་གནད་ཀྱི་འཕྲང་སྒྲོལ་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པས་དག་པ་བདེ་ཆེན་གྱི་ཞིང་དུ་བགྲོད་ལུགས་འདི་རྣམས་མགུར་དུ་བཞེངས་པ། འཛམ་གླིང་སྙིང་པོ་རྒྱ་གར་ཡུལ། །གཙུག་ལག་ཁང་ཆེན་བི་ཀྲ་མ། །རིག་པའི་འབྱུང་གནས་དེ་ཉིད་ཀྱི། །བྱང་སྒོ་སྲུང་བའི་པཎྜི་ཏ། །མི་ཡི་སེང་གེ་འགྲན་ཟླ་མེད། །རྒོལ་བ་ངན་པའི་གླད་འགེམས་ཕྱིར། །གྱད་སྟོབས་པོ་ཆེ་ཡི་དཔེ་དང་མཚུངས། །བཀའ་རྒྱུད་སྡེ་བཞི་ལམ་རྨོངས་ཤིང་། །མཆོག་ཐུན་མོང་དངོས་གྲུབ་བརྙེས་པ་དེ། །རྗེ་ནཱ་རོ་པཎ་ཆེན་མ་ལགས་སམ། །དེ་ཉིད་སྲས་ཀྱི་མཆོག་གྱུར་པ། །ཕ་དཀའ་བ་སྤྱད་པའི་ཐུགས་རུས་ཅན། །ལྷོ་བྲག་མར་པ་ལོ་ཙཱ་ཞེས། །མཚན་ཡོངས་སུ་གྲགས་སོ་འབྲུག་སྒྲ་ལྟར། །རྗེ་བཀའ་དྲིན་ཅན་གྱི་ཞལ་སྔ་ནས། །ཤཱཀ་ཐུབ་བསྟན་པའི་སྙིགས་མ་ལ། །མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ། །བདུད་རིགས་བར་ཆོད་མང་བའི་ཕྱིར། །དུས་ཡུན་རིང་སྡོད་པའི་ལོང་མེད་ཅིང་། །ཤེས་བྱའི་མཐའ་ལ་ཆོད་དུས་མེད། །རྒྱུད་སྡེའི་མཁྱེན་རྒྱ་མི་འཚལ་བས། །བུ་སྒྲུབ་པ་སྙིང་པོར་ལོངས་ཤིག་གསུངས། །མི་ངས་ཀྱང་ལེ་ལོ་མ་བགྱིས་ཏེ། །རྗེ་གསུངས་པའི་བཀའ་བཞིན་རྗེས་སུ་མཉན། །གནས་རི་ཁྲོད་བས་མཐའ་བསྙེགས་ནས་ཀྱང་། །ལུས་དཀའ་ཐུབ་སྤྱད་དེ་བསྒོམས་པ་ལས། །ཉམས་ཅུང་ཟད་རྒྱུད་ལ་སྐྱེས་པ་ཡོད། །སེམས་ལྷན་ནེ་གཏོད་ཅིག་སྐལ་བཟང་མ། །སྤྱིར་འོ་སྐོལ་འགྲོ་དྲུག་སེམས་
༡༡༦ཅན་ལ། །གཞི་བར་དོའ་ཆོས་དྲུག་ཤེས་ཀྱང་འཚལ། །ལམ་སྲིད་པ་གསུམ་གྱི་འབྱུང་འཇུག་གིས། །གནས་ཁམས་གསུམ་འཁོར་བར་ཡང་ཡང་འཁྱམས། །འཕྲང་འཇུར་མེད་གསུམ་གྱི་སོ་མཚམས་སུ། །ཤུལ་རིང་མགྲོན་པོ་མི་གསུམ་ལ། །མཛའ་བཤེས་གཉེན་གྱི་བྱ་ར་བས། །དགའ་བྲོད་གདོང་ནས་བསུ་བ་ཡོང་། །བསུ་མ་དེ་དང་མ་མཇལ་ན། །དགྲ་སྡང་གཤེད་མའི་ཕྱག་བརྙན་པས། །བྱ་སྤྱོད་བལྟ་མྱུལ་འོང་སྟེ་མཆི། །དཔུང་དེད་དཔོན་གསུམ་དང་མ་འགྲོགས་ན། །རྒྱུས་མེད་འཇིགས་བཅས་ཚོང་པ་རྣམས། །མ་མཐོང་འཇིགས་པའི་སྐུང་ས་ནས། །ལུང་སྟོན་བདུད་ཀྱི་ཕོ་ཉ་གསུམ། །ཐར་མེད་ཇག་པས་ལམ་ན་བསྒུགས། །འདྲ་མིན་སྤྲུལ་པའི་གཟུགས་འཛིན་ཅིང་། །སླུ་བའི་ཚིག་གིས་ཡིད་བསྒྱུར་ཏེ། །ལམ་གོལ་ལོག་པར་ཁྲིད་ནས་ཀྱང་། །བདུན་ཕྲག་བདུན་པ་ཡན་ཆད་དུ། །སྣང་མུན་སྲིད་པའི་བར་དོ་རུ། །ཚ་གྲང་སྡུག་བསྔལ་ཉམས་སུ་མྱོང་། །དེ་ནས་ལས་ཀྱི་རྗེས་འབྲངས་ཏེ། །སླར་ཡང་འཁོར་བའི་བཙོན་རར་འཇུག །ད་བཙོན་ར་དེ་ལས་ཐར་འདོད་ན། །ད་རེས་འཁོར་འདས་བར་དོ་རུ། །གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། །གཞི་ལྟ་བ་གཏན་ལ་འབེབས་ཀྱང་འཚལ། །སྣང་བ་སྐྱེ་ཤིའི་བར་དོ་རུ། །རིག་པ་སེམས་ཀྱི་རྩལ་སྦྱང་ཕྱིར། །ལམ་བསྐྱེད་རྫོགས་གཉིས་ལ་འབད་ཀྱང་འཚལ། །རང་བཞིན་ལམ་གྱི་བར་དོ་རུ། །གཉུག་མ་ཡེ་ཤེས་ངོས་གཟུང་ཕྱིར། །སྙན་བརྒྱུད་ཀྱི་གདམས་ངག་བསྒོམ་ཡང་འཚལ། །རྨི་ལམ་གཉིད་ཀྱི་བར་དོ་རུ། །བག་ཆགས་ལམ་དུ་བསྒྱུར་བའི་ཕྱིར། །འོད་གསལ་སྒྱུ་ལུས་སྦྱང་ཡང་འཚལ། །ཐ་མ་སྲིད་པའི་བར་དོ་རུ། །སྐུ་གསུམ་མངོན་དུ་གྱུར་ནས་ཀྱང་། །ཞིང་ཁམས་གསུམ་དུ་བགྲོད་ཀྱང་འཚལ། །གལ་ཏེ་མངོན་དུ་མ་གྱུར་ན། །སྐྱེ་གནས་བརྒྱུད་པའི་བར་དོ་རུ། །སྨོན་ལམ་དག་པས་མཚམས་སྦྱར་ནས། །རྒྱུ་འབྲས་མི་བསླུའི་རྟེན་འབྲེལ་གྱིས། །དལ་
༡༡༧འབྱོར་འཛོམ་པའི་ལུས་ཐོབ་ཅིང་། །སྔ་མའི་ལས་འཕྲོ་སད་ནས་ཀྱང་། །ལམ་གྱི་རྟོགས་པ་མཐར་ཕྱུང་སྟེ། །རིང་པོར་མི་ཐོགས་དེ་ཉིད་དུ། །གྲོལ་བར་འགྱུར་བ་ཐེ་ཚོམ་མེད། །ཁྱེད་ཡ་མཚན་ཆེ་བའི་བུད་མེད་ལྔ། །རྩེ་གཅིག་གུས་པས་བཀའ་ཉན་ཞིང་། །དོན་ཆེད་དུ་བསྐྱར་ཏེ་ཞུ་བ་ལ། །མི་ཁོ་བོས་བར་དོའ་གདམས་ངག་བཤད། །རྗེ་ལྷོ་བྲག་མར་པའི་ཐུགས་ཕྱུང་ཡང་། །གནད་དེ་ལས་ཟབ་པ་ཡོད་རེ་སྐན། །ཞེས་མགུར་དུ་བཞེངས་ཤིང་། །དེའི་དོན་ལྷུག་པར་གསུངས་པ་བཞིན་བཟང་མ་རྣམས་གཞི་གསུམ་དུ་མི་ཁོམ་པ་བརྒྱད་ཀྱི་འདུ་བྱེད་ཀྱིས་ཐང་ཆད་ཅིང་ལམ་སྲིད་པ་གསུམ་ནས་ཡུན་རིང་བཤར་བས་ལུས་ངལ་དུབ་ཏུ་གྱུར་པ་ཤུལ་རིང་གི་མགྲོན་པོ་གསུམ་ཡོད་དེ། །གདམས་ངག་ཀྱང་ཡོད་ལ་ཉམས་སུ་ཡང་བླངས་པའི་གང་ཟག་དང་། །གདམས་ངག་ཡོད་ལ་ཉམས་སུ་མ་བླངས་པའི་གང་ཟག་དང་། གདམས་ངག་ཀྱང་མེད་ལ་ཉམས་སུ་ཡང་མ་བླངས་པའི་གང་ཟག་གོ། །སྔ་མ་དེ་ནི་སྲིད་པའི་ལམ་དང་། འཇིགས་པའི་འཕྲང་དང་། བདུད་ཀྱི་སྐུངས་ལ་སོགས་པ་ཡ་ང་བ་གང་ཡང་མེད་དེ། བསྒོམས་པའི་གནད་ཀྱིས་གྲོལ་བའི་ཕྱིར་རོ། །ཕྱི་མ་ནི་སྐྱེ་བོ་ཐ་མལ་པ་དང་མཚུངས་ཏེ། ཡ་ང་བ་དང་བཅས་པའི་འཕྲང་དེ་རྣམས་སུ་ཞུགས་ནས་རང་བཞིན་གྱི་བདུད་ཀྱིས་ཁྲིད་དེ། ཁམས་གསུམ་འཁོར་བའི་གནས་སུ་སྐྱེ་འཆི་བར་མ་ཆད་པར་ཟོ་ཆུན་ཁྱུད་མོ་ལྟ་བུར་ལོངས་སྤྱོད་པའོ། །བར་མ་དེ་ལ་སྔར་བསྟན་པའི་ཡ་ང་བ་དང་བཅས་པའི་ལམ་འཕྲང་གི་དོགས་པ་དེ་དག་བསལ་ཞིང་བར་ཆོད་བདུད་ཀྱི་ཕྱག་བརྙན་བརྟགས་པའི་གདམས་ངག་ཡོད་དེ་ཁྱེད་ལ་མི་འགྱུར་བའི་དད་པ་དང་། ཟབ་མོ་ལ་མོས་པའི་ཤེས་རབ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་གོ་ཆ་ཡོད་ན། ཁམས་དང་དབང་པོའ་དུས་ཚོད་དང་སྦྱར་ལ་ཁད་ཀྱིས་བསྙད་པར་བྱ། ད་རེས་སྐུ་གསུམ་མངོན་འགྱུར་གྱི་སོ་མཚམས་ལག་ལེན་དུ་བསྟན་ན་ལམ་འཆི་བའི་
༡༡༨སྲིད་པ་ལ་འགྱུ་བ། གནད་གཅོད་ཀྱི་འཕྲང་ཕྱི་ནང་འབྱུང་བའི་སྐྱེ་མཆེད་རིམ་གྱིས་ཐིམ་པའི་རྗེས་ལ། ཉོན་མོངས་པའི་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བའི་ནམ་མཁའ་སྤྲིན་མེད་པ་ལ་ཉི་ཟླ་ཤར་བ་ལྟ་བུ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ངོ་བོ་སྟོང་པ་ཉིད་ཀྱི་གནས་ལུགས་མ་བཅོས་པ་ཇི་ལྟ་བ་དུས་དེར་འཆར་བས་དེ་ཀ་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཡིན་ཏེ་དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ། ད་ལྟ་བླ་མ་དམ་པས་ངོ་སྤྲོད་པའི་གནས་ལུགས་ལྟ་བའི་དོན་གོ་བ་དང་། མཚོན་བྱེད་ལམ་གྱི་འོད་གསལ་སྦྱང་འཚལ། ལམ་སྲིད་པ་བར་མདོ་ལ་སྔོན་བྱུང་ཡིད་ཀྱི་གཟུགས་ཅན་ལས་ཀྱི་གཤེད་མས་འཚེ་བའི་འཕྲང་། སྣང་མུན་འོད་ཀྱི་བར་དོ་རུ། །དབང་པོ་ཀུན་ཚང་ཐོགས་པ་མེད་ཅིང་ལས་ཀྱི་རྫུ་འཕྲུལ་འོད་དང་ལྡན་པའི་ལུས་ཤིག་ཡོད་པ་དེ་ཀ་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། ཟུང་འཇུག་ལྷའི་སྣང་བ་སྒྱུ་མ་ལྟ་བུར་བཞེངས་ནས་བག་ཆགས་སྔ་མའི་ལྷག་ལུས་སྦྱོང་བ་ཡིན་པས། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་བསྐྱེད་པའི་རིམ་པ་ལྷའི་སྐུ་ལ་དམིགས་པ་གསལ་བ་དང་། མཚོན་བྱེད་ལམ་གྱི་སྒྱུ་མ་རྨི་ལམ་སྦྱང་འཚལ། ལམ་སྲིད་པ་ཐ་མ་རིག་པ་ལས་ཀྱི་རླུང་གིས་རང་དབང་མེད་པར་སྐྱོད་པའི་འཕྲང་དྲི་ཟ་མངལ་གྱི་སྐྱེ་གནས་འཚོལ་བའི་དུས་དེར་ཕོ་མོ་སྦྱོར་བ་བྱེད་པ་ལ་ཆགས་སྡང་སྐྱེ་བས་སྔར་གྱི་གདམས་ངག་དྲན་པའི་གནད་ཀྱིས། རང་ཉིད་བདེ་སྟོང་གི་ཉམས་དང་མི་འབྲལ་བར་གཉེན་པོའ་རྩལ་མཐར་ཕྱིན་པས་ལས་ཀྱི་སྣང་བ་མི་འཆར་ཞིང་། དུས་ཕྱིན་ཆད་བསམ་ནས་སྐྱེ་བ་ལེན་པ་དེ་ཀ་སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་གྲོལ་ལམ་གཏུམ་མོ་དྲོད་ཀྱི་ཡེ་ཤེས་སྐྱེས་པ་དང་། ཆགས་ལམ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དབང་གསུམ་པ་རྫོགས་པའི་དོན་ཉམས་སུ་མྱོང་
༡༡༩ཁས་ཕྲག་དོག་མིག་སེར་སྦྱང་འཚལ། མདོར་ཧྲིལ་གྱིས་དྲིལ་བ་ལ་འབྲས་བུ་སྐུ་གསུམ་མངོན་དུ་འགྱུར་ལུགས་ཀྱི་དུས་དང་ས་མཚམས་དེ་ལྟར་ཤེས་པར་བགྱིད་འཚལ། རྗེ་ལྷོ་བྲག་མར་པའི་ཐུགས་ཀྱི་བཅུད་ཕྱུང་བ་སྙན་བརྒྱུད་དོན་གྱི་ངོ་སྤྲོད་ཐབས་ལམ་གནད་ཀྱི་མཐར་ཐུག་ཀྱང་དེ་ལས་མེད་དོ། །རྣལ་འབྱོར་པ་ང་ཡི་དགོངས་པའི་བཞེད་ལུགས་བློ་ཡིད་ཆེས་ཀྱི་གདིང་འཕྲལ་ཉམས་སུ་བླང་རྒྱུ་དེ་ལས་མེད་པས། བཞིན་བཟང་མ་ཁྱེད་ཀྱིས་ཀྱང་དེ་ལྟར་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག་གསུངས་པ་ལས། མིག་སྒྱུར་མ་དེ་ལྔའི་ནང་ནས་གཙོ་མོ་བཀྲ་ཤིས་ཚེ་རིང་མ་ཐབས་ལམ་ཟབ་མོ་དོན་གྱི་ངོ་སྤྲོད་ལ་ཤིན་ཏུ་མོས་ཤིང་དད་པར་གྱུར་པ་དེས། ཡང་ཞབས་སྤྱི་བོར་བླངས་ནས་རྗེ་བཙུན་ལ་དུས་འདི་ནས་བཟུང་སྟེ་སྐྱེ་གནས་ཐམས་ཅད་ཁོ་མོ་ཕྱི་བཞིན་དུ་འབྲང་ཞིང་ལས་ཀྱི་ཕྱག་རྒྱ་བགྱིད་པར་འཚལ་བས། བར་དོ་ངོ་སྤྲོད་ཀྱི་གནད་དེ་རྣམས་ཀྱི་ཉམས་དང་རྟོགས་པ་མཐར་མ་ཕྱིན་གྱི་བར་དུ་ཐུགས་ལ་གདགས་འཚལ། ཞེས་ཞུ་བ་ནན་ཏན་དུ་གསོལ་ནས། ཕྱག་དང་བསྐོར་བ་ལན་གྲངས་དུ་མར་བྱས་ཏེ། སླར་ཁོང་རང་གི་གནས་སུ་སོང་སྐད་དོ། །འདིའི་དོན་རྒྱས་པར་ཆོས་དྲུག་གི་བར་དོའ་ཁྲིད་དང་། ཁྱད་པར་རྒྱལ་བ་ཡང་དགོན་པས་མཛད་པའི་བར་དོ་འཕྲང་སྒྲོལ་གྱི་གཞུང་ལྷན་ཐབས་དང་བཅས་པ་རྣམས་ལས་ཤེས་པར་བྱའོ། །ཞུས་ལེན་གྱི་སྐོར་གསུམ་པའོ། །དེ་ལྟར་ཚེ་རིང་སྐོར་གསུམ་དུ་གྲགས་པའི་རྡོ་རྗེའི་གསུང་འདི་རྣམས་མདོ་སྔགས་ཀྱི་གདམས་པ་མཐའ་དག་གི་དོན་གྱི་བཅུད་ཕྱུངས་ཏེ། གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་རྐྱེན་ཚང་ལ་མ་ནོར་བར་བསྟན་པ་ཡིན་ཏེ། སྐོར་དང་པོས་ལམ་ཐུན་མོང་བ་དང་། ཁྱད་པར་ཕྱག་རྒྱ་ཆེན་པོའ་དགོངས་དོན། བོགས་འདོན་གསང་སྤྱོད་དང་བཅས་པ་བསྟན། གཉིས་པས་བསྟན་པ་ཡོངས་རྫོགས་ཀྱི་གདམས་ངག་སྐྱེས་བུ་གསུམ་གྱི་ལམ་
༡༢༠རིམ་དང་། དཔལ་མཻ་ཏྲི་པའི་བཞེད་པ་ལྟར་དབུ་མ་ཟུང་འཇུག་རབ་ཏུ་མི་གནས་པའི་དགོངས་པ་བསྟན། གསུམ་པ་མཐར་ཐུག་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་གནད་ཐུན་མོང་མ་ཡིན་པ་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་བར་དོ་རྣམ་པ་དྲུག་གི་སྒོ་ནས་བསྟན་པ་ཡིན་ལ། འདི་རྣམས་ལས་འཕྲོས་ཏེ། གདམས་ངག་ནཱ་རོ་ཆོས་དྲུག་ལ་རྒྱས་པར་རས་ཆུང་སྙན་བརྒྱུད། འབྲིང་པོ་ངམ་རྫོགས་པའམ་ཞི་བ་འོད་ཀྱི་སྙན་བརྒྱུད། བསྡུས་པ་དྭགས་པོ་སྙན་བརྒྱུད་གསུམ་དུ་གྲགས་པའི་ལམ་འབྲིང་པོའ་ཆོས་སྐོར་རྣམས་བྱུང་བ་ཡིན་པས་རྒྱས་པར་དེ་དག་གི་གཞུང་དང་མན་ངག་གི་ཡི་གེ་ལས་ཤེས་པར་བྱའོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། །།

ཡེ་ཤེས་མདོའི་ཞལ་ཆེམས་བཞག་ཐབས་བཞི་པ་བཞུགས་སོ༔

༡༥ ༈ ཡེ་ཤེས་མདོའ་ཞལ་ཆེམས་བཞག་ཐབས་བཞི་པ་བཞུགས་སོ༔ སརྦ་ཨེ་ཀ་ར༔ སྟོང་པ་ཡེ་དག་ངང་ལ་ཕྱག་འཚལ་ལོ༔ གསང་སྔགས་གསང་བའི་མདོ་དོན་འདིར་སྣང་བ༔ དུས་གསུམ་བཞུགས་པའི་ཐུགས་ཀྱི་དགོངས་ཤར་བ༔ བློ་ཡི་མུན་སེལ་སྒྲོན་མ་འོད་པོ་ཆེ༔ འཇིག་རྟེན་རབ་རིབ་རྣམས་ནི་བསལ་བྱའི་ཕྱིར༔ རང་རིག་ཡེ་ཤེས་རྟོགས་དཀའ་ཀུན་སྤངས་པ༔ འགྱུར་མེད་ཐབས་ཀྱི་རྒྱ་ཡིས་གཟུང་བྱས་ཏེ༔ རྒྱ་ཆེ་རབ་ཟབ་དབྱིངས་སུ་བཅུག་ནས་ཀྱང་༔ མཐའ་བྲལ་ཉག་གཅིག་ངང་དུ་བཞག་པར་བྱོས༔ བརྒྱལ་བ་རྣམས་ནི་འདི་ཡིས་དབུགས་ཕྱུངས་ཏེ༔ སངས་རྒྱས་རྣམས་དང་མཉམ་པ་ཉིད་དུ་གྲགས༔ གང་ཞིག་བཟུང་བས་མ་ཟིན་རིག་པ་དེ༔ དེ་ཉིད་འཛིན་འདོད་སྐལ་ལྡན་བློ་ཆེ་བ༔ ཡི་གེ་འདི་ལ་རྟག་ཏུ་གོམས་པར་གྱིས༔ ཨེ་མ་ཧོ༔ འདི་ལ་རྟག་ཏུ་གོམས་པར་བྱས་ན་བདེ་བ་ཤུགས་ལ་འབྱུང་ངོ་༔ ཀྱེ་མ་མཉམ་པ་ཆེན་པོའ་ས་ཐོབ་པར་འདོད་ན་འདི་ཉིད་ལ་རྟག་ཏུ་གོམས་པར་གྱིས་ཤིག༔ སྤྱོད་པ་ཐམས་ཅད་ལ་རྩལ་སྦྱོང་བར་འདོད་ན༔ སྣང་བ་ཅོག་བཞག་གིས་སྣང་བ་ཐམས་ཅད་ཅེར་བཞག་ཏུ་ཞོག་ཅིག༔ སྒོམ་པ་ཐམས་ཅད་ལ་སྟོབས་རྙེད་པར་འདོད་ན༔ རྒྱ་མཚོ་ཅོག་བཞག་གི་དགོངས་པས་བློ་དངོས་གཉིས་གཅིག་ཏུ་དྲིལ་ལ་ཞོག་ཅིག༔ ལྟ་བ་ཐམས་ཅད་ལས་རང་གྲོལ་བར་འདོད་ན༔ རི་བོ་ཅིག་བཞག་གི་ལྟ་བས་ཆོས་ཐམས་ཅད་ཟད་སར་སྐྱོལ་ཞིག༔ འབྲས་བུ་ཐམས་ཅད་རང་སར་གནས་པར་འདོད་ན༔ རིག་པ་ཅོག་བཞག་གི་ལྟ་བས་མན་ངག་ལ་འཁྲུལ་པ་ཐམས་ཅད་རང་སར་གྲོལ་བར་ཞོག་
༡༤ ཅིག༔ སྣང་བ་རང་བཞག་ཡིན་པས་ཡེ་ནས་སྟོང་པ་དང་འབྲེལ་བ་དང་༔ བློ་རང་སར་བཞག་པས་ཡེ་ནས་དངོས་པོ་དང་འབྲེལ་བ་དང་༔ ཆོས་རྣམས་རང་སར་བཞག་པས་དབྱིངས་རིག་དང་འབྲེལ་བ་དང་༔ འཁྲུལ་པ་ཐམས་ཅད་ཅོག་བཞག་ཡིན་པས་ཡེ་ནས་རང་གྲོལ་དང་འབྲེལ་བའོ༔ ཝལ་པོ་རྗེས་མེད་ཆུ་ཡི་རི་མོ་ལྟ་བུས་སྣང་བ་གཅིག་ཐོག་ཏུ་གཅིག་བཞག་པ་དང་༔ དྲན་པ་རྗེས་མེད་མཁའ་ལ་བྱ་འཕུར་བ་ལྟ་བུས་བསམ་པ་གཅིག་ཐོག་ཏུ་གཅིག་བཞག་པ་དང་༔ འཁྲུལ་པ་རང་དག་མཁའ་འགྲོ་སྙི་ལས་བཏོན་པ་ལྟ་བུས་སྟོང་པ་གཅིག་ཐོག་ཏུ་གཅིག་བཞག་པ་དང་༔ དག་པ་ལྡོག་མེད་རིམས་ནད་བྱང་བ་ལྟ་བུས་རིག་པ་གཅིག་ཐོག་ཏུ་གཅིག་གྲོལ་པའོ༔ ༔ སྣང་བ་སྤྱོད་ཅིང་བསྒྱུར་ནུས་པ་ཆང་དང་ར་རོ་བ་ལྟ་བུས་འབྱུང་བ་ལྔ་རང་སར་བཞག་པ་དང་༔ སེམས་གནས་ཤིང་ཚད་ཟིན་པ་རྔོན་པས་རི་དྭགས་རྒྱ་ལ་ཟིན་པ་བཟུང་བ་ལྟ་བུས་སེམས་རང་སར་བཞག་པ་དང་༔ ཆོས་ལ་མི་གནས་པའི་ཤེས་པས་རིག་པ་མཐོང་བ་བཞིན་དང་མེ་ལོང་ལྟ་བུས་ཆོས་ཐམས་ཅད་རང་སར་བཞག་པ་དང་༔ འཁྲུལ་པ་མ་ཐོག་ཏུ་གྲོལ་བ་སྦྲུལ་དང་མདུད་པ་ལྟ་བུས་འཁྲུལ་དང་མ་འཁྲུལ་མེད་པ་རང་སར་བཞག་པའོ༔ སྣང་བ་རང་གྲོལ་བ་གཟུ་བོའ་བློ་ཅན་ལྷ་ཁང་དུ་ཕྱིན་པ་ལྟ་བུའོ༔ བསམ་པ་ཐམས་ཅད་གཞི་ལ་ཐིམ་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུའོ༔ དབྱིངས་དང་རིག་པ་རང་འཕྲད་པ་རི་རྒྱལ་གྱི་རྩེ་མོར་ཕྱིན་པ་ལྟ་བུའོ༔ སྐུ་གསུམ་ཕྱིར་མི་ལྡོག་པ་རང་ས་ལ་སླེབ་པ་བསེ་ཤིང་གི་འབྲས་བུ་ལྟ་བུའོ༔ ལྟ་སྒོམ་སྤྱོད་པའི་སྲོག་ཤིང་ཡིན༔ རེངས་པ་རྣམས་ཀྱི་གཉའ་གཅོག་ཡིན༔ སྟོར་བ་རྣམས་ཀྱི་རྗེས་གཅོད་ཡིན༔ ལྟེབས་པ་རྣམས་ཀྱི་རྒྱངས་ཤིང་ཡིན༔ རྒྱ་ཆེ་སྤར་གྱིས་བཟུང་བའི་མན་ངག༔ རྨུ་རྒོད་འཐུར་སྲབ་འཇུག་པའི་མན་ངག༔ རྣོ་ལ་ངར་གྱིས་འདོགས་པའི་མན་ངག༔ བྱས་པ་ཐམས་ཅད་རང་སར་བཞག་པའི་མན་ངག་གོ༔ ༔ སྣ་ཚོགས་ལམ་དུ་ཁྱེར་བའི་རྐང་༔ དྲན་པ་རྒྱུན་
༡༥ ཐག་གཅོད་པའི་ལག༔ རིག་པ་དངོས་ལ་ལྟ་བའི་མིག༔ འཁྲུལ་པ་གཞི་ལ་དག་པའི་ཁྲུས་སོ༔ སྣང་བ་ཐུག་ཕྲད་ཀྱི་ལམ༔ རིག་པ་ཐུག་ཕྲད་ཀྱི་གཞི༔ མཐོང་བ་ཐུག་ཕྲད་ཀྱི་ཡུལ༔ གྲོལ་བ་ཐུག་ཕྲད་ཀྱི་འབྲས་བུའོ༔ ཛྙཱ་ན་སཱུ་ཏྲ་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ༔ བི་མ་ལ་མི་ཏྲ་བརྒྱལ་ཞིང་ས་ལ་འགྱེལ་ཏེ་ཀྱེ་མ་ཀྱི་ཧུད་ཀྱི་སྒྲ་ཆེན་པོ་འདོན་ཞིང་གནས་པ་ལས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སྒྲ་ཆེན་པོ་གྲགས་ཏེ་བརྒྱལ་སངས་ནས་བལྟས་པས༔ ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུངས་ཏེ༔ བི་མ་ལ་མི་ཏྲའི་ཕྱག་གཡས་པའི་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་བབས་སོ༔ དེ་ཞལ་ཕྱེས་ནས་གཟིགས་པས་་མཐིང་ཀས་རང་ནན་དུ་རིན་པོ་ཆེ་ལྔའི་ཤོག་བུ་ལ་བྲིས་པ་གཅིག་བཞུགས་འདུག་སྟེ༔ བི་མ་ལས་བལྟས་པ་ཙམ་གྱིས་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ༔ དུར་ཁྲོད་ཆེན་པོ་བྷ་སེང་དུ་སྣང་བར་བྱས་པ༔ ཡེ་ཤེས་མདོའ་ཞལ་ཆེམས་བཞག་ཐབས་བཞིས་རྟེན་གཅིག་ལ་སངས་རྒྱ་བར་བྱེད་པ༔ མུན་ཁུང་གི་སྒྲོན་མེ་དང་འདྲ་བ་རྫོགས་སོ༔ སྤྱོད་པ་རང་བཞག༔ སྒོམ་པ་རང་བཞག༔ ལྟ་བ་རང་བཞག༔ འབྲས་བུ་རང་བཞག་གི་གདམས་ངག་གོ༔ ས་མ་ཡ༔ ༔ རིག་འཛིན་བཞིའི་ཞལ་ཆེམས་དང་པོས་ཁྲེགས་ཆོད་ཐོད་རྒལ་གཉིས་ཀའི་ངོ་སྤྲོད་རྩ་བ་སྟོན། གཉིས་པས་ཐོད་རྒལ་གྱི་སྒོམ་པ་གཙོ་བོར་སྟོན། གསུམ་པས་བོགས་འབྱིན་དང་གེགས་སེལ་སྟོན། བཞི་པས་ཁྲེགས་ཆོད་ཀྱི་བཞག་ཐབས་གཙོ་བོར་སྟོན། བཞི་ཀས་ཀྱང་བཞི་ཀ་སྟོན་པས་ན་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་རྐྱེན་རྫོགས་པར་སྟོན་པ་ཡིན་ནོ། །མངྒལཾ་བྷ་བ་ཏུ།། །།

༄༅། །གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གཞུང་རྡོ་རྗེའི་ཚིག་རྐང་གི་འགྲེལ་པ་བཞུགས་སོ༎ ༎

༣༥གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གཞུང་རྡོ་རྗེའི་ཚིག་རྐང་གི་འགྲེལ་བ་བཞུགས་སོ།། །། རྣམ་འགྲེལ་གཉགས་མའོ། །
༣༦བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། བླ་མ་དམ་པ་ཞེས་བྱ་བ་བཞི་སྟེ། ཕྱི་སྒྲོ་ལུས་ལ་བུམ་དབང་བསྐུར་ནས་སྤྲུལ་སྐུར་སྟོན། འདོགས་ཡོངས་སུ་གཅོད་པར་བྱེད་པའི་བླ་མ། ནང་ངག་གསང་དབང་བསྐུར་ནས་ལོངས་སྐུར་སྟོན། རང་བྱུང་གི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ། གསང་བ་སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས་ཆོས་སྐུར་སྟོན་པ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ། །མཐར་ཐུག་ ལུས་ངག་ཡིད་གསུམ་ཀ་ལ་བཞི་པ་བསྐུར་ནས་སྙིང་པོ་ཡེ་ཤེས་རླུང་ངོ་བོ་ཉིད་སྐུར་སྟོན་པ། དེ་ཁོ་ན་ཉིད་དུ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་བླ་མ་རྡོ་རྗེ་སློབ་དཔོན་ཏེ། དེའི་ཞབས་ཀྱི་པད་མ་ལ་རེག་ན་བདག་ལ་ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པས་དྭངས་བའི་དད་པ་ཁྱད་པར་ཅན་གྱིས་ཀུན་ནས་བསླངས་ཏེ། ལུས་ངག་ཡིད་གསུམ་གྱིས་འདུད་པའོ། ལམ་ནི་འཇིག་རྟེན་ཚོགས་སྦྱོར་གཉིས། པ་དང་འཇིག་རྟེན་ལས་འདས་མཐོང་སྒོམ་མཐར་ཕྱིན་གསུམ། པའི་ལམ་གཉིས། འཁོར་ལོ་ལུས་བྷ་ག་བྱང་སེམས་གསུམ། འཆམ་པ་དང་འཁོར་ལོ་བསྐོར་བའི་ས་དང་པོ་ཡན་ཆད། ལམ་གཉིས་མི་བརྟན་ཏེ་བསླུ། དྲོད་ཀྱི་གསུམ། བསྡུས་པ་དང་། རྟགས་བརྟན་ཏེ་མ་བསླུ། ཀྱི་བསྡུས་པའི་ལམ་གཉིས་ཡེ་ཤེས་ཕན་འདོགས་ཆུང་། འཇུག་ལྡོག་དང་། རྣམ་རྟོག་ རྟོག་པ་གནོད་པ་ཆུང་། འཇུག་ལྡོག་གིས་བསྡུས་པའི་ཡན་ལག་གཉིས། རྣམ་གྲངས་ཀྱི་ཚུལ་གྱིས་བརྒྱད་དོ། །འབྲས་བུ་ནི་ཚུལ་གསུམ་སྟེ། གསུམ་བདག་ཉིད་ལ་རྟེན་
༣༧འབྲེལ་འགྲིག་ཅིང་ཚོགས་ཡོངས་སུ་རྫོགས་པའི་ཆེ་བ་སྐུ་ལྔ། གཞན་དོན་གྱི་ཆེ་བ་ལང་བ་རྣམས་ཀྱི་མིག་ཐབ་བ་ལ་སོགས་པ་དུ་མ། བདག་གཞན་གཉིས་ཀའི་ཆེ་བ་འཁོར་ཚོམ་བུ་གཅིག་དང་བཅས་ཏེ་སངས་རྒྱ་བའོ། །དེ་བས་ན་ལམ་འབྲས་བུ་དང་བཅས་པའི་གདམས་ངག་འབྲས་བུ་ལམ་དུ་བྱེད་པས་ན། འབྲས་བུ་ལམ་དང་བཅས་པའི་གདམས་ངག་གནས་འགྱུར་ཡེ་ཤེས་སུ་འདོད་པ། གཅིག་ཤེས་པས་ཐམས་ཅད་ནད་དང་གསང་བ་རྟེན་འབྲེལ་འབྱུང་བ། མང་པོ་ཤེས་པའི་གདམས་ངག །སྐྱོན་རེ་དོགས་དང་བྲལ་བའི་ལམ་གྱིས། ཡོན་ཏན་དུ་སློང་བའི་གདམས་ངག །བར་ཀྵ་ཡིག་སོགས་ཀྱི་རྟེན་འབྲེལ་ཤེས་པས། ཆད་དངོས་གྲུབ་ཏུ་སློང་བའི་གདམས་ངག །གསེར་འགྱུར་བདག་གི་ལུས་སོགས་ལ་སྐུ་ལྔ་རྟེན་འབྲེལ་ལྔར་བསྒྱུར་བས། གྱི་རྩི་ལྟ་བུའི་གདམས་ངག་ཞེས་བྱ་སྟེ། གསུང་མདོ་ཞེས་བྱ་བ་སྤྲུལ་པའི་སྐུ་ལས་རྗེས་སུ་གནང་བ་ཐོབ་པ་བཞིན་ཚིག་ཉུང་མང་པོའ་དོན་དུ། ལ་དོན་རྒྱས་པར་བསྟན་པས་གསུང་མདོ་ཞེས་བྱ་སྟེ། མདོར་ན་རྟོགས་དཀའ། རྡོ་རྗེའི་ཚིག་རྐང་སྡེ་སྣོད་གསུམ་གྱི་ལམ་གྱི་སྙིང་པོ། དེ་ཉིད། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་བྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །ད་ནི་གཞུང་གི་དོན་འཁོར་འདས་ཐུན་མོང་གི་ལམ་ལ་དོན་བདུན་གྱི་དང་པོ་སྣང་བ་གསུམ་དུ་བསྟན་པའི་ལམ་ལས། དེ་ཡང་མ་དག་པའི་སྣང་བ། ཉམས་ཀྱི་སྣང་བ། འདོད་པ་དོན་འབྱུང་། དག་པའི་སྣང་བའོ། །དེ་རེ་རེ་ལའང་གསུམ་གསུམ་སྟེ། རྟེན་གང་ཡིན་པ། རྒྱུ་གང་ཡིན་པ།
༣༨སྣང་བ་གང་ཡིན་པའོ། །དེ་ལ་རྟེན་ནི་སེམས་ཅན་ཏེ། སྤྱིར་རིགས་དྲུག་གི་བསྡུས་པ་ལས། ཁྱད་པར་དུ་གང་ཟག་གཅིག་གི་རྒྱུད་དབང་ཐོབ་ཀྱང་ཉམས་མ་སྐྱེས་པའོ། ལ་བཞག །རྒྱུ་ནི་ཉོན་མོངས་པའི་སྣང་བ་ཞེས་སྨོས་ཀྱང་ལས་དང་ཉོན་མོངས་པའི་བག་ཆགས་ཀྱི་དབང་གིས་སྣང་བ་ནི་མ་དག་པའི་སྣང་བ་སྟེ། དེ་ལ་གཉིས། འཁྲུལ་དངོས་པོ་ལ་མེད་ཀྱང་རིགས་དྲུག་སོགས་མཐུན་སྣང་། པའི་སྣང་བ་དང་། ལས་ཀྱི་སྣང་བའོ། བདེ་སྡུག་སོགས་སོ་སོར་སྣང་བའམ་ཆུ་ལྟ་བུ་སྣང་བ་སྟོང་པར་འགྲོ་བ། རྟེན་ནི་རྣལ་འབྱོར་ཏེ། དེ་ལ་གསུམ། ལུས་ཁྱད་པར་ཅན་གྱུར་པའི་གང་ཟག །རྒྱུད་ཡོངས་སུ་དག་པའི་གང་ཟག་ ལས་འཕྲོ་སད་པ་སོགས་ཀྱི། ཉམས་རྒྱུད་ལ་སྐྱེས་པའི་གང་ཟག་ རྟེན་འབྲེལ་ལྔ་སྟེ་འཇིག་རྟེན་པའི་ལམ་དང་པོ་གསུམ་ལ་ཕྱི་མ་གཉིས་མི་འགྲོགས། གོ །རྒྱུ་ནི་ཏིང་ངེ་འཛིན་ལ་ཞེས་སྨོས་ཀྱང་། ཤུགས་ཀྱིས་བསྟན་པ། དབང་པོ་ཚང་བ་རྒུར་སོགས་མིན་པ། རྩ་ཡི་གེའི་ཕོ་བྲང་དུ་རླུང་སེམས་མཁའ་འགྲོ་ཡབ་ཡུམ་བཅུའི་བྱིན་གྱིས་བརླབས་པའོ། །ཉམས་ཀྱི་སྣང་དྲོད་ཀྱིས་བསྡུས་པ་དང་། རྟགས་ཀྱིས་བསྡུས་པའོ། བ་ཞེས་བྱ་བ་ལས། ཉམས་སྐྱེས་པས། རྒྱུད་ལ་འབྱུང་བ་ལ་ནི་འཇུག་པ་སེལ་བ་ལ་སོགས་པ་ལམ་གསུམ་སྟེ། འཇུག་པ་སེལ་པའི་ལམ། གང་རུང་ལ་སེམས་གནས་པ། ཆགས་པ་གཅོད་པའི་ལམ། དེས་ཀྱང་སྟོང་པ། བྱང་ཆུབ་ཆེན་པོའ་ལམ་མོ། ཟུང་འཇུག་གསུམ། ཉམས་གསུམ་ནི། ལུས་ཉམས་དང་། ན་ཚ་སོགས་སེམས་ཉམས་དང་། ཉོན་མོངས་སོགས། རྨི་ཉམས་སོ། རྟ་རྨི་སོགས། རྟེན་འབྲེལ་གསུམ་ནི། རླུང་ལོག །གསུམ། མཐོང་སྣང་། དུ་བ་སོགས། རྨི་ལམ་གྱི་རྟེན་འབྲེལ་ལོ། རང་འཕུར་སོགས། དྲོད་གསུམ་ནི། རྣམ་རྟོག་སྔོན་དུ་སོང་བའི་དྲོད། སྔར་གྱི་མཐོང་ཐོས་ལ་གནས་པ། ཁམས་དགུ་འདུས་པའི་དྲོད། ཉི་ཟླ་མཐོང་བ་སོགས། ཐིག་ལེ་འབར་ཞིང་འདུས་པའི་དྲོད་དོ། །བདེ་བ། ཏིང་ངེ་འཛིན་གསུམ་ནི། མཚན་ཉིད་སྣ་ཉམས་སོགས་ལྷ་སྐུ། ཚོགས་ཀྱི་ཏིང་ངེ་འཛིན། རང་བཞིན་སྟོང་པའི་ཡུལ་གྱི་སྟོང་པ་སོགས། ཏིང་ངེ་འཛིན། ངོ་བོ་ཟུང་འཇུག་གི་ཏིང་ངེ་འཛིན་ཏོ། །དེ་ལྟར་
༣༩ཉམས་བཅོ་ལྔ་པོ་ཐམས་ཅད་ཀྱང་རིམ་པ་ཡིན་མིན་དུ་སྐྱེ་བས་ཏིང་ངེ་འཛིན་ངོ་ཤེས་པར་བྱས་ལ་ལམ་དུ་བསལ་ལོ། །རྟེན་ནི་བདེ་བར་གཤེགས་པ་དེ་ལ་བཞི། ཕྱི་དབྱིབས་ཀྱི་བདེ་གཤེགས་ཏེ། ཚོགས་གཉིས་ཀྱི་ལམ་བདེ་བ་ནས་འབྲས་བུ་བདེ་བར་གཤེགས་པས་སོ། །བསྐྱེད་རིམ་དང་འབྲེལ་བས། ནང་སྔགས་ཀྱི་བདེ་གཤེགས་ཏེ། ཙནྡ་ལི་དང་འབྲེལ་བས། དབུ་མའི་ལམ་བདེ་བ་ནས་གཤེགས་པས་སོ། གསང་བ་དབང་གི་བདེ་གཤེགས་ཏེ། ཡུམ་གྱི་མཁའ་བདེ་བ་ནས་གཤེགས་པས་སོ། །ཕྱག་རྒྱའི་ལམ་གྱི། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་བདེ་གཤེགས་ཏེ་རྣམ་ཐར་སྒོ་གསུམ་གྱི་ལམ་རྡོ་རྗེའི་རྦ་རླབས་དང་འབྲེལ་པས། བདེ་བ་ནས་གཤེགས་པས་སོ། །དེའི་སྐུ་མི་ཟད་པ་ནི། སྐུ་ཡི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། མདོ་བཞིན། སྐུ་ཐམས་ཅད་པ། ཅིར་ཡང་སྣང་། གསུང་མི་ཟད་པ་ནི། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། རིགས་དྲུག་གི་སྐད་ཅིག་དུ་མར་སྟོན་པ། གསུང་ཐམས་ཅད་པ། ཐུགས་མི་ཟད་པ་ནི། ཡེ་ཤེས་ལྔ། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ། ཐུགས་ཐམས་ཅད་པའོ། །རྒྱན་ནི། རང་གཞན་གཉིས་ཀ་ལ་མཛེས་པས། འཁོར་ལོ་ནི། མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་སྟེ། དོན་བྱེད་པ་དང་། དོན་བྱས་པ་གཉིས་ཀས་ཀྱང་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་འཛད་པར་བྱེད་པའོ། །འདུལ་བྱ། དེས་ནི་རྟེན་བསྟན་ཏོ། ཤུགས་ཀྱིས་བསྟན་པའི་རྒྱུ་ནི་འོག་ནས་འབྱུང་བའི་འགྲོས་བཞི་ཐིམ་པ་སྟེ་འདིར་མ་བསྟན་ཏོ། ཕྱི་ནང་གི་རྟེན་འབྲེལ་ཞེས་པ་ལ་སོགས་པ། སྣང་བ་ནི་དག་ འདུལ་བྱེད། པའི་སྣང་བ་ཞེས་བྱ་བ་སྟེ། མདོར་ན་རང་གི་ཡེ་ཤེས་ཡོངས་སུ་དག་པ་ཉིད་ལས་མ་གཏོགས་པའི་འཁོར་འདས་ཀྱི་སྣང་བ་ཐ་དད་མེད་པར་རྟོགས་ཏེ། དེ་ཙམ་བདག་གིས་རྒྱུད་གཅིག་གིས་རྟོགས་པ་ལ། ན་འཁོར་འདས་རོ་གཅིག །ལམ་སྒོམ་པའི་དུས་སུ་དང་འབྲས་བུ་གྲུབ་པའི་དུས་སུ་གྱུར་ཙམ་ན་རོ་གཅིག །སངས་རྒྱས་ཕྱི་མ་དང་སེམས་ཅན་རྒྱུད་གཅིག་སྔར་སྤང་
༤༠བྱ་སེམས་ཅན་ཙམ་ན་དང་གཉེན་པོ་ཏིང་ངེ་འཛིན། རོ་གཅིག །དེ་ཙམ་ན་བླང་དོར་གཉིས་མེད་སྤང་ཐོབ་གཉིས་མེད་ཅེས་བྱ་བའི་དོན་ཏོ། །རྟོགས་པ་གཅིག་གི་སྤྱོད་ཡུལ་དུ་གྱུར་པ་དང་། ད་ནི་རྒྱུད་གསུམ་དུ་བསྟན་པའི་ལམ་ལས། ཀུན་གཞི་རྒྱུ་རྒྱུད། ཀུན་གཞི་ལ་འབྲས་བུ་འབྱུང་རུང་གིས་ཆོས་ཡོད་པས། ལུས་ཐབས་རྒྱུད། ལམ་ལ་རྟེན་འབྲེལ་ འགྲིགས་པ་ལ་བརྟེན་ནས་འབྱུང་བས། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་དོ། དེ་ལ་བརྟེན་ནས་འབྲས་བུ་ཐོབ་པས། ཡང་ཀུན་གཞི་རྩ་རྒྱུད། རྣམ་གྲངས། ལུས་བཤད་རྒྱུད། སྐུ་གསུང་ཐུགས་རྡོ་རྗེ་འབྲས་བུའི་རྒྱུད་དོ། །ཡན་ལག་གི་དོན་བརྗོད་ན། འདི་ལ་དྲུག་སྟེ། རྟེན་གང་ཡིན་པ། བརྟེན་པ་ཀུན་གཞི། དེ་གཉིས་ཚུལ་ཇི་ལྟར་གནས་པ། དེ་ལ་འཁོར་འདས་ཚང་བར་བསྟན་པ། དེ་རྒྱུ་རྒྱུད་བསྟན་པ། ཡང་རྩ་རྒྱུད་དུ་བསྟན་པའོ། །ཀུན་གཞི་ཞེས་བྱ་བ་ནི་ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་གིས་འཁོར་འདས་གཉིས་ཀའི་གཞིར་གྱུར་པའོ། །རྒྱུ་ནི་འབྲས་བུ་སྐུ་ལྔ། སྐྱེ་རུང་གི་ནུས་ལྔ་རིག་པ་འདི། པའི་མཐུ་ལ་བྱ། རྒྱུད་ནི་སེམས་ཅན་ནས་ཐ་མི་དད་པ། གསུམ་དུ་རྡོ་རྗེ་འཛིན་པའི་བར་འབྲེལ་བས་རྟོགས་པ་དུ་རང་རིག་པའི་ཕྲེང་བ་སེམས་ཉིད་རིག་པ། རྒྱུན་མི་འཆད་པའོ། །འཁོར་འདས་སྦོམ་འཕྲོས་རྣམ་རྟོག་སྡུག་བསྔལ་དམྱལ་བ་སོགས། ཐམས་ཅད་ཀུན་གཞི་ཉིད་ལ་ཚང་པས་རྒྱུ་རྒྱུད། ཚང་བ་ནི་འཁོར་བའི་ཆོས་ཐམས་ཅད་མཚན་ཉིད་ཀྱི་ཚུལ་དུ་ཚང་། མྱ་ངན་ལས་ཕྱི་རོལ་བྱེད་ནས་བསྐྱེད་རྫོགས་ཀྱི་བར་ས་བོན་གྱི་ཚུལ་དུ་ཚང་། འདས་པའི་ལམ་ཐམས་ཅད་རྟོག་པ་དུ་མ་ཡོན་ཏན་གྱི་ཚུལ་དུ་ཚང་། འབྲས་བུའི་ཚེ་ཐམས་ཅད་ནུས་མཐུའི་ཚུལ་དུ་ཚང་ངོ་། །དེ་ཉིད་ལ་རྩ་རྒྱུད་ཅེས་ཀྱང་བྱ་སྟེ། ལུས་ལ་རྟེན་འབྲེལ་འགྲིག་པས་རྟོགས་པར་བྱ་རྒྱུ་སེམས་ཀུན་གཞི་ཡིན་པས་སོ། །ད་ནི་ལུས་ཐབས་རྒྱུད་ཚོམ་བུ་རྣམ་པ་ལྔར་བྱས་ སྐུ་ལྔ་འགྲུབ་པའི་ནུས་པ་རྒྱུད་ལ་ཡོད་པས་དེ་ལྟར་ན་ཀུན་གྱི་རྒྱུ་རྒྱུད་དུ་འགྲུབ་བོ། ནས། ཐབས་རྒྱུད་ཀྱི་དང་པོ་རྒྱུའི་དབང་། ལམ་ལ་སོགས་པ་ཆོས་ཉི་ཤུ། དམ་ཚིག་གི་ཚོགས་བསྟན་པ་ཉམས་ན་མཁའ་འགྲོ་ལྔ་ཡི་ཉམས་ཆགས་བསྐང་བ་བསྟན་པ། ཐབས་རྒྱུད་ཀྱི་གཙོ་བོ་ལམ་གྱི་དབང་བསྟན་པའོ། །དེ་ལ་དང་པོ་ལུས་ཐབས་རྒྱུད་ཅེས་བྱ་བ་ནི་སེམས་ཀུན་གཞི་རྟེན་དང་
༤༡བརྟན་པ་ལྔ། ལ་ས་བོན་ནམ་རྒྱུའི་ཚུལ་དུ་གནས་པ་དེ་རྟེན་འབྲེལ་ལུས་ལ་འགྲིགས་པས་རྟོགས་པར་བྱེད་པའི་ཐབས་ཡིན་པས་སོ། སྩོགས་ཀྱི་བསྡུས་པས་ནི་ལུས་བཤད་རྒྱུད་ཀྱང་ཡིན་ཞེས་འོག་ཏུ་སྦྱར་ཏེ། སེམས་འཁོར་འདས་ཀྱི་རྩ་ཀུན་གཞི་འཁོར་འདས་ཀྱི་རྩ་རྒྱུད་དོ། བ་ཡིན་པའི་ལུས་ལ་རྟེན་འབྲེལ་འགྲིགས་པས་རྟོགས་ཤིང་ཁོང་དུ་ཆུད་པར་ནུས་པས་བཤད་རྒྱུད་དོ། སོ། །གསུམ་པ་བཞི་ནི། ད་ནི་ཐབས་ཀྱི་དབང་ལ་ལམ་ལས་ཐོག་མར་དབང་སྟེ། དེ་མེད་ན་ལམ་བསྟན་དུ་མི་བཏུབས་པས་སོ། །དཀྱིལ་འཁོར་གང་ལས་དབང་གང་ཐོབ་པ། དྲི་མ་གང་དག་པ་སྟེ། གསུམ་ཚན་བཞིའོ། །དེ་ལ་གདན་སྩོགས་ཞེས་བྱ་བ་ནི་དཀྱིལ་འཁོར་བཞི་ཆར་ལ་སྦྱར་རོ། །དེ་ལ་གདན་གསུམ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གདན། རིག་མ་དང་ལྷ་མོའ་གདན། ཁྲོ་བོ་དང་ཁྲོ་མོའ་གདན་ནོ། །དེ་ལ་སངས་རིགས་ལྔ་གང་རུང་། རྒྱས་ཀྱི་གདན་དབུས་སུ་བྱང་ཆུབ་སེམས་དཔའི་གདན་བརྒྱད་ནི་ནང་གི་ཕྱོགས་མཚམས་སུ། རིག་མ་ལ་སྤྱན་སོགས་ཡེ་ཤེས་ཀྱི་རིག་མའི་གདན་དབུས་སུ། དངོས་ཀྱི་རིག་མའི་གདན་དབང་དུས་སོགས། གཡོན་དུ། ལྷ་མོའ་གདན་གཟུགས་རྡོ་རྗེ་སོགས། ཡང་རོ་གཅིག་པའི་ཚུལ་ལ་སོགས་པར་ནང་གི་ཕྱོགས་མཚམས་སུ། ཁྲོ་བོ་དང་ཁྲོ་མོའ་གདན་བཅུ་ནི་ཕྱི་ཡི་ཕྱོགས་མཚམས་སུའོ། །འདི་དག་ཀྱང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི་གདན་གསུམ་ཇི་ལྟ་བ་བཞིན་དུ་བཀོད་པ་ཡིན་ལ། ལྷག་མ་དཀྱིལ་འཁོར་གསུམ་ལ་ནི་གདན་གསུམ་ཚང་བར་བསྒོམ་པ་དང་ལྡན་ཞིང་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་ནོ། །དེས་ནི་དང་པོ་དཀྱིལ་འཁོར་བསྟན་ཏེ། གཉིས་པ་དབང་གང་ལས་ཐོབ་པ་ལ། བུམ་དབང་བཅུ་གཅིག་ རིག་པའི་དབང་ལ་དྲུག་པ་རྫོགས་པའི་སངས་རྒྱས་བདུན་ལ་བུམ་དབང་། རྗེས་གནང་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད། གསང་དབང་རྣམ་པ་ལྔ་ལས་གང་ཡང་རུང་བ། ཡབ་ལ་ཐོབ། ཡུམ་ལ་ཐོབ་པ་གྲོལ་སྟོབས་ལས་ཐོབ་པ་གསུམ། ཤེས་རབ་ཡེ་ཤེས་གཉིས། གཞི་པ་ཚིག་དོན་འབྲས་བུ་ལམ་བརྟེན་ཅན། རྣམ་པ་ལྔ་ལས་རྟེན་ཅན་ལ་སོགས་པ་ལྔ་ཅི་རིགས་
༤༢པར་ཐོབ་པ་ཡིན་ནོ། །གསུམ་པ་དྲི་མ་གང་དག་པ་ནི། ལུས། ངག །སེམས། ལུས་ངག་ཡིད་གསུམ་ཆར་གྱི་དྲི་མ་དག་སྟེ། ཟངས་ཀྱི་གཡའ་དག་པ་བཞིན། ཐ་མལ་པ་བཅོམ་ཞིང་ལམ་ལ་སོགས་པ་བསྒོམ་དུ་རུང་ལ་འབྲས་བུ་རྣམ་པ་བཞི་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་དག་ཀྱང་དངོས་ཀྱི་རིག་མ་ལ་ཐོབ་ན་རབ། ཡེ་ཤེས་ཀྱི་རིག་མ་ལ་ཐོབ་ན་འབྲིང་། ཚིག་ཙམ་གྱིས་ཐོབ་ན་ཐ་མའོ། །རྒྱུ་ཡི་དབང་ཞེས་བྱ་བ་ནི། ཐོག་མར་བླ་མ་དམ་པ་ལས་ཐོབ་པ་སྟེ། སྣོད་དག་པའམ་ཞིང་ས་དག་པ་ལྟ་བུའོ། །དེ་དག་གིས་ནི་གདན་སྩོགས་གསུམ་པ་བཞིས་རྒྱུའི་དབང་ཞེས་བྱ་བའི་ཡན་ལག་གི་དོན་བསྟན་ཏོ། །ད་ནི་ལམ་དུ་བསྐྱེད་རིམ་སྩོགས་ལྔ་པ་བཞི་ཡིས་བསྟན་ཅེས་པས་དབང་དང་འབྲེལ་པ་ལམ་ལ་སོགས་པའི་ཆོས་ཉི་ཤུ་བསྟན་ཏེ། དབང་རེ་རེ་ལ་ལམ་གང་ཡིན་པ། ཚོགས་ལམ་འདོད། ལྟ་བ་གང་ཡིན་པ། སྦྱོར་ལམ་དྲོད། གྲུབ་མཐའ་གང་ཡིན་པ། འདས་པའི་ལམ་གསུམ། འདའ་ཀ་མ་གང་ཡིན་པ། གང་ཟག་འབྲིང་ལ། འབྲས་བུ་གང་ཡིན་པ་སྟེ་ལྔ་ལྔའོ། །དེ་ལ་དང་པོ་བུམ་དབང་གི་ལྔ་ནི། ལམ་བསྐྱེད་པའི་རིམ་པ་དབྱིབས་ལྟ་བ་ངོ་བོ་ཉིད་རྣམ་པ་གསུམ། གྲུབ་མཐའ་འཁོར་འདས་དབྱེར་མེད། འདའ་ཀ་མ་གང་དུ་འཕོ་བ། འབྲས་བུ་སྤྲུལ་སྐུ་རང་བཞིན་གྱི་ལྷུན་གྲུབ་སྟེ་ལྔའོ། །དེ་ལ་ལམ་དབྱིབས་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །ལྟ་བ་ངོ་བོ་ཉིད་རྣམ་པ་གསུམ་ནི། སྣང་ཕྱོགས་ཀྱི་ངོ་བོ་ཉིད། སྟོང་ཕྱོགས་ཀྱི་ངོ་བོ་ཉིད། ཟུང་འཇུག་གི་ངོ་བོ་ཉིད་དེ། ཆུ་ཟླ་སོགས། དེ་རེ་རེ་ལའང་མ་རིག་པའི་སྣང་བ་ལས་ལོག་པའི་ཆོས་ཅན། རིག་པ་གསལ་བས་ཟིན་པ། ཡིད་ཀྱི་ཀུན་བརྟགས་དང་བྲལ་བའི་ཆོས་ཉིད་དེ། རྟོག་མེད་དུ་སྐྱེས་པ་ཐད་ཀའི་ཆོས་ཉིད། དེ་ཡང་ངོ་བོ་གཅིག་ཚུལ་གྱི་ཐ་དད་དོ། །རིག་པ་གཅིག་གིས་བསྡུས་པ། འཇོག་ཚུལ་མི་འདྲ། གྲུབ་མཐའ་འཁོར་འདས་གཟུགས་ལ་སོགས་པ། དབྱེར་མེད་ནི་འཇིག་རྟེན་ལས་འདས་པའི་ནམ་མཁའ་སྟོང་པ་ལ་སོགས་པ། ལམ་ས་དྲུག་ལ་སྟོང་གསུམ་ཡུངས་འབྲུར་ཆུད་པ་ལ་ཆེ་ཆུང་མེད། རྩིག་པ་དང་རི་ལ་སོགས་པ་ལ་
༤༣ཐོགས་པ་མེད། ཆུ་བོ་གྱེན་ལ་ཟློག །ཉི་ཟླ་རྟིང་པར་འཛིན། གཅིག་ལས་མང་པོར་བྱེད་ཅིང་། མང་པོ་ལ་གཅིག་ཏུ་བྱེད་པ་ལ་སོགས་པ་འབྱུང་ངོ་། །གྲུབ་མཐའ་མ་སྙོགས་ན་འདའ་ཀ་མ་གོང་དུ་འཕོ་བ་ལ་གསུམ། སྣང་བ་སྒྱུར་བའི་འདའ་ཀ་མ། འོད་ཀྱི་གོང་བུས་འཕོ་བའི་འདའ་ཀ་མ། སྒྲས་འཕོ་བའི་འདའ་ཀ་མ་སྟེ། འདི་དག་གི་ཉམས་སུ་བླང་བའི་རིམ་པ་ཡང་བླ་མའི་ཞལ་ལས་ཤེས་པར་བྱའོ། །འབྲས་བུ་སྤྲུལ་པའི་སྐུ་རང་བཞིན་གྱིས་ལྷུན་གྲུབ་ནི་འབྲས་བུའི་སྐབས་སུ་འཆད་པར་འགྱུར་བས་འདིར་མ་བརྗོད་དོ། །དེ་ལྟར་བུམ་དབང་གི་ལྔའོ། །གསང་དབང་གི་ལྔ་ལ། ལམ་བདག་བྱིན་གྱིས་རླབས་པའི་རིམ་པ། ལྟ་བ་རང་བྱུང་གི་ཡེ་ཤེས་བཞི་གྲུབ་མཐའ་མ་འདྲེས་ལ་ཡོངས་སུ་རྫོགས་པ། འདའ་ཀ་མ་འོད་གསལ། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་གྱིས་ལྷུན་གྲུབ་སྟེ་ལྔའོ། །དང་པོ་ལ་སྤྱིར་ཐམས་ཅད་མཁྱེན་པས་གདུལ་བྱའི་བསམ་པ་དང་། རྡོ་རྗེ་ལུས་ཀྱི་གནས་ལུགས་མི་གཅིག་པ་ལ་དགོངས་ནས། བསམ་གྱིས་མི་ཁྱབ་པ་གསུངས་ན་ཡང་དེ་དག་གི་གནད་དགུ་བརྒྱ་ཕྲག་གཅིག་ཏུ་འདུས། རླུང་སྦྱོར་བ་གཅིག་ལ་དགོངས་ནས། དེ་ཡི་གནད་ཡི་གེའི་གནད་ལ་དགོངས་ནས། ཀྱང་བདུན་ཅུར་རྩ་ལྔར་འདུས། དེ་ཡིས་ཉམས་སུ་བླང་བའི་མན་ངག །ཉམས་མྱུར་བས། མདོར་བསྡུས་ན་དགུར་འདུས་ཏེ། འཁོར་ལོ་ལ་མ་བརྟེན་པ་ལ་ལྔ། མར་མེ་གསོ་བ། ཚངས་པའི་ཐོག །རྩ་ཡི་རྣལ་འབྱོར། སྲུབས་ཤིང་གི་འཁོར་ལོ། ཐིག་ལེའི་རྣལ་འབྱོར་རོ། །འཁོར་ལོ་ལ་བརྟེན་པ་ལ་གསུམ། གཅིག་ལ་བརྟེན་པ། གཉིས་ལ་བརྟེན་པ། བཞི་ལ་བརྟེན་པའོ། །གཞན་མན་ངག་གི་གནད་ལ་བརྟེན་པས་མྱུར་བ་སྟེ་དགུར་བསྡུའོ། །དེ་ལ་དང་པོ་ནི། རྒྱས། ལུས་ཙོག་པུར་གནད་ལ་དབབ་པ་ལ་སོགས་པ་བྱས་ལ། ལྟེ་བའི་འོག་སོར་བཞིར་ཀྵ་ཡིག་དམར་ནག་མགོ་བོ་ཐུར་ལ་བལྟས་པ་གསལ་གདབ། ལྟེ་བར་ཨཾ་ཁ་དོག་དམར་སྐྱ་གསལ་བཏབ་ལ། དེ་ནས་རླུང་མ་རྩེ་སྐྲད་པས་
༤༤སུམ་མདོའ་མེ་འབར་ནས་ཀྵ་ཡིག་ཆེར་འབར་བས་དེ་ཨཾ་ལས་བདུད་རྩིའི་རྒྱུན་ཆ་ཕྲ་བ་བབས་པས་ཀྵ་ཡི་མེ་གསོས། དེ་བཞིན་དུ་འབར་འཛག་ལ་དམིགས་ཤིང་རླུང་རན་ཚད་དུ་ཁ་སྦྱར། ལམ་སྦྱང་། ལྟ་བ་བསྐྱང་། ཉམས། དྲོད་བྱུང་རྒྱལ་དུ་བཏང་། ཉམས་བཅོ་ལྔ་པོ། ཐུན་ཚད་མེད་པར་བྱ། ཡིད་འཇུག་ཡུལ་བརྟག །ཁམས་ཚོད་བཟུང་ངོ་། །གཉིས་པ་ནི། རླུང་གི་གཞུ་གཤང་ལམ། དང་མེ་ཡི་མདའ། བྱང་སེམས་ཧཾ་གི་འབེན་ལ་བརྡེག །མེ་སོང་ནས། མྱུར་ཏུ་ཡེ་ཤེས་འཆར་བར་འགྱུར། བསྐྱར་བའི་སྦྱོར་བ་མེད་པའོ། ཐུན་གཅིག་ལ། ཉམས་ཐམས་ཅད་ནི་བྱུང་རྒྱལ་དུ་བསྐྱངས་ཏེ། ཐུན་གྲངས་དང་ཐུན་ཚད་ལ་སོགས་ལུས་ཀྱི་འཁྲུལ་འཁོར་བཅས་པ། སུམ་མདོའ་མེ། པ་ནི་མེད་དོ། །གསུམ་པ་ནི། ལུས་སྐྱིལ་ཀྲུང་ལ་སོགས་པ་ཅི་རིགས་པ་གནད་ལ་ཕབ་ལ་དབུགས་ཕྱིར་ལྡང་བ་དང་བསྟུན་ཏེ། གཡས་རོ་མ་མེ་ཡི་རང་བཞིན་ཁ་དོག་དམར་པོ་གསལ་གདབ། དབུགས་ནང་དུ་འཇུག་པ་དང་བསྟུན་ཏེ། གཡོན་རྐྱང་མ་ཟླ་བ་ཆུའི་རང་བཞིན་ཁ་དོག་དཀར་པོ་གསལ་གདབ། དབུགས་ནང་དུ་གནས་པ་དང་བསྟུན་ཏེ། དབུ་མ་ཆོས་བཞི་ལྡན་དུ་གསལ་གདབ་པ་ནི། པདྨའི་སྣལ་མ་ལྟར་ཕྲ་བ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་། ཏིལ་མར་གྱི་མར་མེ་ལྟར་གསལ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར། ཞེས་དྲན་པར་བྱ་སྟེ། དེ་ལྟར་ཡང་ནས་ཡང་དུ་སྦྱངས་པས་དྲོད་ཉམས་ཐམས་ཅད་བྱུང་རྒྱལ་དུ་བཏང་ཞིང་། ཐུན་ཆད་ལ་སོགས་པ་ངེས་པ་མེད་པར་བྱའོ། །བཞི་པ་ནི། ལུས་ཙོག་པུར་གནད་ལ་ཕབ་ལ། ལུས་ཀྱི་དབུས་ལྟེ་བ་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་ཁ་དོག་དམར་པོ་སྦོམ་ཕྲ་ཅི་རིགས་པ་གཅིག་གསལ་གདབ། རྩ་གཡས་གཡོན་གཉིས་ཁ་དོག་དཀར་པོ་ཡང་སྦོམ་ཕྲ་ཅི་རིགས་པ་གསལ་བཏབ་ལ། དབུ་མ་ལ་སྲུབ་པའམ། ཡང་ན་རྩ་གཉིས་སྲུབ་ཐག་གི་ཚུལ་དུ་བྱས་ལ་དབུ་མ་བསྲུབས་ཤིང་ལྟ་བུ་སྟེ། བསྲུབས་ཏེ། རླུང་ནི་སྟེང་རླུང་དང་། འོག་རླུང་གཉིས་དྲག་ཏུ་ཁ་སྦྱར་རོ། ཐུབ་ཚད། འདི་ལའང་ཟས་
༤༥དང་། སྤྱོད་ལམ་གྱི་ལྕག་གིས་བསྐུལ་ཞིང་ཐུན་གྲངས་དང་ཐུན་ཚད་མེད་པར་ལམ་སྦྱང་། ལྟ་བ་བསྐྱེད་ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བཏང་ངོ་། །ལྔ་པ་ནི། ལུས་ཅི་རིགས་པར་གནད་ལ་ཕབ་ལ། སྙིང་གའི་ཉི་ཟླ་ཁ་སྦྱར། ལྟེ་བའི་དཔའ་བོ་འབའ་ཞིག །གསང་གནས་བཅུད་ཆེ། གྲང་། བདེ་བའི་ཐིག་ལེ། མཛོད་སྤུ་སྐྲ་དཀར་ས་བོན་དང་བཞི་རླུང་དང་བསྟུན་ཏེ། ཉམས་སུ་བླང་བ་བླ་མའི་ཞལ་ལས་ཅུང་ཟད་དྲི་བར་བྱའོ། །དེ་དག་གིས་ནི་འཁོར་ལོ་ལ་མ་བརྟེན་པའི་ཕྱོགས་ལྔ་བསྟན་ཏོ། །འཁོར་ལོ་ལ་བརྟེན་པ་ལས། དང་པོ་གཅིག་ལ་བརྟེན་པ་ནི། ཉམས་མྱུར་བས། ལུས་ཙོག་པུར་གནད་ལ་ཕབ་ལ། བསམ་གཏན་གྱི་ཡན་ལག་རྣམས་ཚང་བར་བྱ་སྟེ། གཤང་སྒོར་རླུང་། སུམ་མདོར་མེ། ལྟེ་བར་ཕྱི་བསྐོར་འདབ་མ་དྲུག་ཅུ་རྩ་བཞི་ལ་ཡི་གེ་བཀོད་པ་དང་བྲལ་བ་ནང་སྐོར་འདབ་མ་བརྒྱད་ལ་སྡེ་ཚན་གྱི་གཙོ་བོ་བརྒྱད་གཡས་སྐོར། ལྟེ་བར་ཨཾ་ཤིན་ཏུ་ཆ་ཕྲ་བ། ཡིག་འབྲུ་ཐམས་ཅད་ཁ་དོག་དམར་པོ་གསལ་གདབ། དེ་ནས་འོག་རླུང་གཉིས་མ་རྩེ་སྤྲད་པས་རླུང་གིས་སུམ་མདོའ་མེ་བསྐུལ། གཡས་ནས་མེ་ལ་གཡོན་ནས་གཉིད་མ། དེ་ལྟེ་བའི་ཨཾ་ལ་ཕོག་ནས་ཨཾ་ལས་མེ་ཁ་དོག་དམར་ཞིང་ངོ་བོ་ཚ་བ་སོར་བཞི་ཙམ་ལ་སོགས་པར་འབར་བ་ལ་དམིགས་པ་གཏད་དེ། རླུང་ཡང་རིམ་གྱིས་ཁ་སྦྱར། ཐུན་གྲངས་དང་ཐུན་ཚད་མེད་པར་བྱ། ཡིད་འཇུག་ཡུལ་བརྟག་པ་ལ་སོགས་པ་སྔ་མ་བཞིན་བྱ། ལམ་སྦྱང་། ལྟ་བ་བསྐྱང་ཞིང་དྲོད་ཉམས་ཐམས་ཅད་བྱུང་རྒྱལ་དུ་བཏང་ངོ་། །འཁོར་ལོ་གཉིས་ལ་བརྟེན་པ་ནི། སྔར་གྱི་ལྟེ་བའི་སྟེང་དུ་སྙིང་ག་འདབ་བརྒྱད་ལ་ཡི་གེ་དགོད་པ་དང་བྲལ་བ་ལྟེ་བར་ཧཱུྃ་ཁ་དོག་སྔོ་སྐྱ་མགོ་མཐུར་ལ་བྱེད་སྙིང་འདོད། མི་འདོད། བལྟས་པ་བསམ། དེ་ནས་ཨཾ་ཧཱུྃ་གཉིས་རྩ་དབུ་མ་ཤིན་ཏུ་ཆ་ཕྲ་བས་ཟུང་སྦྲེལ་བར་བསམས་ལ། དེ་ནས་ཡང་རླུང་མ་དྲོད་ཀྱིས་བསྡུས་པའི་རྟགས་མྱུར་བས། རྩེ་སྤྲད་པས་ཨཾ་ལས་མེ་ཤིན་ཏུ་ཆ་ཕྲ་བ་ཧཱུྃ་གི་བར་དུ་འབར། ཧཱུྃ་ལས་བྱང་ཆུབ་ཀྱི་སེམས་ཆ་ཕྲ་བ་ཨཾ་གི་བར་དུ་འཛག་པས་འབར་འཛག་
༤༦དཀར་དམར་གྱི་རྣམ་པ་ལ་བློ་གཏད་དེ་རླུང་ཡང་རིམ་གྱིས་ཁ་སྦྱར། ཐུན་ཚད་ལ་སོགས་པ་སྔ་མ་དང་འདྲ་བར་ཤེས་པར་བྱ། དེ་ལ་དྲོད་ཀྱིས་བསྡུས་པའི་མཐོང་སྣང་འབྱུང་བ་ནི་རྟགས་ལྔ་དང་། རྟགས་ཀྱི་རྟགས་ལྔ་སྟེ་བཅུའོ། །དེ་ལ་དང་པོ་གཡས་ཀྱི་དབང་དུ་བྱས་ནས་དུ་བ། ས་ལ། སྨིག་རྒྱུ། ཆུ་ཟིན་པ་ལ། སྲིན་བུ་མེ་ཁྱེར། མེ་ལས། མར་མེ་འབར་བ། ནམ་མཁའ་སྤྲིན་མེད་པ་ལྟ་བུའོ། །ནམ་མཁའ་ལས། གཡོན་གྱིས་བསྡུས་པ། ནམ་མཁའ་ནས་ལུགས་ལྡོག །མུན་ནག །འཇའ་ཚོན། གློག །ཟླ་བའི་འོད་ཟེར། ཉི་མའི་འོད་ཟེར་ལྟ་བུ་རྣམས་འབྱུང་སྟེ། མཐོང་སྣང་དང་རྨི་ཉམས་ལ་ཅི་རིགས་པའོ། །ཉམས་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་ངོ་། །གསུམ་པ་འཁོར་ལོ་བཞི་ལ་བརྟེན་པ་ནི། བརྟན་ཞིང་ཐམས་ཅད་ལ་ཁྱབ་པ་ ལུས་གནད་ལ་དབབ་པ་ལ་སྩོགས་པ་སྔ་མ་དང་འདྲ། དེ་ནས་ལས་བྱེད་པའི་འཁོར་ལོ་གཉིས་ཀྱང་གསལ་གདབ། དེ་ནས་ལྟེ་བའི་འཁོར་ལོ་ཕྱི་བསྐོར་འདབ་མ་དྲུག་ཅུ་རྩ་བཞི་ལ་ཨཱ་ལི་བཅུ་དྲུག་ཕྲག་གཉིས་གཡོན་སྐོར། ཧ་དང་ཀྵ་སྤངས་པའི་ཀཱ་ལི་གཡས་སྐོར། ནང་བསྐོར་འདབ་མ་བརྒྱད་སྔ་མ་དང་འདྲ་སྟེ། ཡི་གེ་ཐམས་ཅད་ཁ་དོག་དམར་པོ་མགོ་གྱེན་ལ་བལྟ་བའོ། །དེ་ནས་སྙིང་གའི་འདབ་མ་བརྒྱད་ལ་ཕྱོགས་བཞིར་བྷྲཱུཾ་སྩོགས་བཞི། ༀ་ཛཱིཾ་ཁཱཾ། མཚམས་བཞིར་མཾ་སྩོགས་བཞི། ལཱཾ་པཱཾ་ཏཱཾ། དབུས་ཀྱི་ཧཱུྃ་འདྲ། ཡི་གེ་ཐམས་ཅད་ཁ་དོག་ནག་པོ་མགོ་ཐུར་ལ་བལྟ་བའོ། །མགྲིན་པ་འདབ་མ་བཅུ་དྲུག་ལ་ཨཱ་ལི་བཅུ་དྲུག་གཡོན་སྐོར། ལྟེ་བར་ༀ་ཡིག་འབྲུ་ཐམས་ཅད་ཁ་དོག་དམར་པོ་མགོ་གྱེན་ལ་བལྟ་བའོ། །སྤྱི་བོར་འདབ་མ་སུམ་ཅུ་རྩ་གཉིས་ལ་ཨཱ་ལི་བཅུ་དྲུག་གཡོན་སྐོར། ཀ་ནས་ཏ་བརྣལ་པོའ་བར་བཅུ་དྲུག་གཡས་སྐོར། ལྟེ་བ་ལ་ཧཾ། ཡིག་འབྲུ་ཐམས་ཅད་ཁ་དོག་དཀར་པོ་མགོ་ཐུར་ལ་བལྟ་བའོ། །དེ་ནས་རླུང་མེ་མ་དང་གཉིད་མ་གཉིས་རྩེ་སྤྲད་པས་སུམ་མདོའ་མེ་སྦར། ལྟེ་བའི་ཨཾ་ལ་ཕོག་པས་རླུང་དྲོད་ཀྱི་རང་བཞིན་ཅན་དེ་གཡས་རོ་མ་ནས་སོང་སྙིང་གའི་ཡིག་འབྲུའི་ཁམས་རྣམས་
༤༧བསྲེགས། ཡང་རེ་མ་ནས་སོང་མགྲིན་པའི་ཡིག་འབྲུའི་ཁམས་རྣམས་བསྲེགས། ཡང་རོ་མ་ནས་སོང་སྟེ་སྤྱི་གཙུག་གི་ཧཾ་འོད་དུ་ཞུ་ནས། གཡོན་རྐྱང་མ་ནས་བབས་མགྲིན་པའི་ཡིག་འབྲུ་རྣམས་སྔར་བཞིན་གསོས་བཏབ་རྒྱས་པར་བྱ། ཡང་རྐྱང་མ་ནས་སོང་སྙིང་གའི་ཡིག་འབྲུ་རྣམས་གསོས་བཏབ་ཅིང་རྒྱས་པར་བྱ། ཡང་རྐྱང་མ་ནས་སོང་སྟེ་ལྟེ་བའི་ཨཾ་ལ་ཕོག་སྟེ་ཨཾ་ཆེར་འབར་ཏེ་དབུ་མ་ཉིད་ཅུང་ཟད་ཁ་ཕྱེ་ནས་གློག་གི་ཟེར་མའི་ཚུལ་གྱི་དབུ་མ་ནས་སོང་སྟེ་སྙིང་གའི་ཧཱུྃ་དང་མགྲིན་པའི་ཨཾ་གཉིས་ཀྱང་ཞེན་ཐོགས་མེད་པར་བཅོམ་སྟེ། རེག་པ་ཙམ་ལས་ཧཾ་ལས་བདུད་རྩིའི་རྒྱུན་ཆ་ཕྲ་བ་དབུ་མ་ཉིད་ལས་བབས། ཨཾ་དེ་རིམ་གྱིས་མར་བདས་ནས་མགྲིན་པ་ནས་ལྟེ་བའི་སྟེང་སོར་བཞི་ཙམ་དུ་ཡིད་ཡུལ་གང་བྱུང་པ་དེར་འབར་འཛག་ལ་དམིག་པ་ལ་རླུང་རན་ཚད་དུ་ཁ་སྦྱར། ཉམས་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་། ལྷག་མ་སྔ་མ་བཞིན་ནོ། །མན་ངག་གི་གནད་ལ་བརྟན་པ་ནི། ལུས་ཙོག་པུར་གནད་ལ་ཕབ་ལ་བསམ་གཏན་གྱི་ཡན་ལག་གཞན་ཡང་རང་གང་འདོད། འདྲ་བར་བྱ། དེ་ནས་རང་གི་ལུས་ཁོང་སྟོང་དུ་དམིགས་ལ་མེ་དམར་སྐྱས་ལུས་ཀྱི་ནང་གང་བར་བསམ། རླུང་གྲངས་ཅན་དང་གྲངས་མེད་ཉི་ཤུ་རྩ་བཞིར་བྱ། རླུང་གི་སྦྱོར་བས་ཐུན་ཚད་བཟུང་། ཟས་དང་སྤྱོད་ལམ་གྱི་ལྕག་གིས་བསྐུལ། ཉམས་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་། ཐུན་བཞིའི་ངེས་པར་བྱ། རབ་ཞག་གསུམ། ཉམས་མྱུར་བ། འབྲིང་ལྔ། དེ་བས་བུལ། ཐ་མ་དགུ་ན་དམིགས་པ་འཕོ། །ཉམས་སྐྱེ་དཀའ་ དེ་ནས་རྐང་མཐིལ་གཉིས་སུ་རཾ་དམར་ནག་བསམ། དེ་ནས་མེ་འབར་ལོང་བུའི་རྩ་ནས་སོང་བརླའི་རྩ་བོ་ཆེ་ནས་ཞུགས། གསང་གནས་སུ་འཛོམ། རྣོ་བ། རྩེ་མོ། མྱུར་བ། གཡོ་དྲག་པ། ཚ་བ་གཉིས་པ་མེ་འབར་བའི་དམིགས་པ། རྩུབ་པའི་མེ་སྟག་ མེ་ལ་དམིགས་པ་གཏད། གཞན་ཐམས་ཅད་ཚུལ་སྔ་མ་བཞིན། ཐིག་ལེའི་གཉིས་པོ།
༤༨འཐབ་མོ་ཚུལ་སྔ་མ་བཞིན། འཁོར་ལོའ་དམིགས་པ་ཚུལ་སྔ་མ་བཞིན། རྩེ་མ་ན་ཐིག་ལེ་བཞི་བརྩེགས་པ་ན་མེ་སྐེར་བུ་བཞི། དེ་ལས་ལྔ་པ་ཐམས་ཅད་དུ་མེ་འབར་བ་ཚུལ་མཐོ་གང་དུ་སྔ་མ་བཞིན། དེ་ལས་མེ་དྲུག་ཆེར་འབར་བ་ཚུལ་སྔ་མ་རླུང་བཞིན་དེ་ལས་ཐམས་ཅད་མེ་འབར་བ་ཚུལ་སྔ་མ་བཞིན་ཏེ། ཐམས་ཅད་ལ་ཉམས་བྱུང་རྒྱལ་དུ་བསྐྱང་ངོ་། །ལྟ་བ་རང་བྱུང་གི་ཡེ་ཤེས་བཞི་ནི་ཉོན་མོངས་ཡུལ་རྐྱེན་ལ་མ་ལྟོས་པར། པ་ལྔ་རང་བྱུང་གི་ཏིང་ངེ་འཛིན་བདུན་པ་ལུས་ཀྱི་ནང་ཐམས་ཅད་རྣམ་པར་རྟོག་པ་རང་བྱུང་གི་སྐྱེ་བ།ཏིང་ངེ་འཛིན། ཅུང་མི་གསལ། སྣེལ་ཞི་རང་བྱུང་གི་ཏིང་ངེ་འཛིན། གསལ་ཞིང་ཡངས་པ་རང་བྱུང་གི་ཡེ་ཤེས་ཆེན་པོའ་ཏིང་ངེ་འཛིན། གསལ་སྟོང་མཆོག གྲུབ་མཐའ་མ་འདྲེས་ལ་སོངས་སུ་རྫོགས་པ་ནི། ཐ་སྙད་སྣ་ཚོགས། ས་གཞི་ལ་རིགས་དྲུག་གི་སྐད་ཤེས་དེ་དག་གི་སྐད་དུ་ཆོས་སྟོན། ཨཱ་ལི་ཀཱ་ལི་ལ་དབང་ཐོབ། ཚིག་དེ་ལས་བྱུང་བ།གི་མཆོག་གྲུབ། ཅིང་བརྗོད་པ་ལྟར་འབྱུང་བ། ཐ་སྙད་ལ་སོ་སྡེ་སྣོད་གསུམ་སོགས་ཤེས། སོ་ཡང་དག་པ་རིག་པ་ཆོས་དོན་ངེས་ཚིག་སྤོབས་པ།བཞི་ལ་དབང་ཐོབ་པ། ཚངས་པའི་དབྱངས་སུ་གྱུར་པ་ལ་སོགས་པ་ཡོན་ཏན་རྒྱུད་ལ་འཆར་རོ། །གྲུབ་མཐའ་མ་སྙོགས་ན་འདའ་ཀ་མ་འོད་གསལ་བ་ནི། འཆི་ཁའི་རླུང་གིས་རྐྱེན་བྱས་ནས་རླུང་ཐམས་ཅད་དབུ་མར་ཞུགས་ཏེ་སྟོང་གསལ་མཆོག་གི་ཏིང་ངེ་འཛིན་སྐྱེ། རང་གི་ངང་གིས། དེ་སྔར་གྱི་རང་བྱུང་གི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་དང་འདྲེས་ནས་བར་དོ་མེད་པར་གྲུབ་མཐའ་སྙོགས་པའམ། རིག་པ་འཛིན་པ་ལ་སོགས་པར་འགྱུར་རོ། །འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་རང་འཕོ་བས་བཞིན་གྱི་ལྷུན་གྲུབ་ནི་འབྲས་བུའི་སྐབས་ཉིད་དུ་འཆད་པར་འགྱུར་བས་འདིར་མ་བརྗོད་དོ། །གསང་དབང་གི་ལྔའོ། །ཤེས་རབ་ཡེ་ཤེས་ཀྱི་ལྔ་ལ། ལམ་དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ། ལྟ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དགའ་བ་བཞི། གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ། འདའ་ཀ་མ་ནམ་འཆི་ཚེ་རྡོ་རྗེ་སེམས་དཔའ་བྱོན་
༤༩པར་འགྱུར་བ། འབྲས་བུ་ཆོས་ཀྱི་སྐུ་རང་བཞིན་གྱི་ལྷུན་གྲུབ་སྟེ་ལྔའོ། །དེ་ལ་དང་པོ་ལམ་ལ་གཉིས། རྒྱས་པ་དང་། བསྡུས་པའོ། །རྒྱས་པ་ལ་ལྔ། ལུས་ངག་མཉམ་པ། འདོད་པ་མཉམ་པ། བྱིན་རླབས་མཉམ་པ། རིག་མ་དག་པ། མན་ངག་གི་གནད་ཀྱིས་ཟིན་བསྟན་པའོ། །དེ་བཤད་པ་ལ་དང་པོ་ལུས་ངག་མཉམ་པ་ནི། ལུས་མཉམ་པ་བདག་དང་ཕྱག་རྒྱ་གཉིས་པོ་ཡན་ལག་བཞིའམ། དམ་ཚིག་པ་སྐྱེད་པ། ཡེ་ཤེས་པ་གཞུག་པ། སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་དབང་བསྐུར་བཞི། སྐད་ཅིག་གིས་ལྷར་བསྒོམ་པར་མཉམ། ངག་རྩ་སྔགས་ལ་སོགས་པ་ཟློས་པར་མཉམ་པ་སྟེ། ལུང་བརྟག་པ་གཉིས་པ་ལས་ཀྱང་ལྷ་ཡིག་གཟུགས་ཀྱི་སེམས་དང་བསྟན་བཤད་པ་ནི། །དམ་ཚིག་སེམས་དང་གཅིག་པ་སྟེ། འདིས་སྤྲུལ་སྐུ་སློབ་ཅེས་འབྱུང་ངོ་། །འདོད་པ་མཉམ་པ་ནི། བདག་རིག་མ་ལ་བརྟེན་ནས་ལྷན་ཐ་མར་རྣམ་རྟོག་ཡལ་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་ཏེ་རྫོགས་པའི་བྱང་ཆུབ་འདོད། རིག་མའང་བདག་ལ་བརྟེན་ནས་དེ་བཞིན་དུ་འདོད་པ་སྟེ། རྫོགས་པའི་བྱང་ཆུབ་འདོད་པར་མཉམ་པའོ། །བྱིན་རླབས་མཉམ་པ་ནི། མཁའ་གསང་ཡུམ་གྱི་བསྣོལ་མར་བྱིན་གྱིས་བརླབ་པ་སྟེ། ཡབ་ཀྱིས་ཡུམ་གྱི་ཐ་མལ་པས་སྟོང་མཁའ་མི་དམིགས་ཏེ་སྟོང་པ་ལས། ཨ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་ཨས་བྱིན་གྱིས་བརླབས་པར་བསམ། ཡུམ་གྱིས་ཡབ་ཀྱི་གསང་བའི་གནས་ཐ་མལ་པས་སྟོང་། མི་དམིགས་ཏེ་སྟོང་པ་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་མོ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པའི་སྦུ་གུར་ཕཊ་དམར་ནག་མགོ་གྱེན་ལ་བལྟ་བ། ནོར་བུ་མུ་ཏིག་གི་ཕྲེང་བའི་འོད་ༀ་གྱིས་བྱིན་གྱིས་རླབས། སྭཱ་ལས་རིན་པོ་ཆེའི་ཏོག་རྭ་དབུ་མའི་རྩེ་རིག་མ་དག་པ་ནི། སྐྱེ་བས་ཐོབ་པའི་རིག་མ་དག་པ། སྦྱངས་པ་ལས་བྱུང་བའི་རིག་མ་དག་པའོ། །དང་པོ་ལ་ལྔ། རི་དྭགས་ཅན་མ། དུང་ཅན་མ། གླང་པོ་ཅན་མ། རི་མོ་ཅན་མ། སྣ་ཚོགས་ཅན་མའོ། །འདི་དག་གི་མཚན་ཉིད་བླ་མའི་ཞལ་ལས་ལེགས་པར་ཁོང་ལོགས་སུ་ཤེས་དུ་ཚུད་པར་བྱའོ། །སྦྱངས་པ་ལས་བྱུང་བ་ལ་གསུམ། ཐོས་བསམ་དང་བསླབ་ལྟ་བ་དང་སྤྱོད་པ་ཐམས་ཅད་
༥༠སོ་སོར་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་སྡོམ་པ། ཕས་རྒྱུད་ཡོངས་སུ་དག་པ། དབང་གི་དག་པ། རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱི་དག་པའོ། །རིམ་པ་གཉིས་ལ་གནས། དེ་ལྟར་ན་དང་པོ་རིག་མ་དག་པ་འབྱུང་། དེ་ནས་ལུས་ངག་མཉམ་པར་སྤྲུལ་པའི་སྐུར་བྱིན་གྱིས་རླབས་པ་འབྱུང་། དེ་ལྟར་སྐུ་གསུམ་ལམ་དུ་བྱེད། དེ་ནས་བྱིན་རླབས་མཉམ་པ་ལོངས་སྤྱོད་རྫོགས་པའི་སྐུར་བྱིན་གྱིས་རླབས་པ་འབྱུང་བཞི་རྫོགས། དེ་ནས་འདོད་པ་མཉམ་པ་ཆོས་ཀྱི་སྐུར་བྱིན་གྱིས་རླབས་པ་འབྱུང་ངོ་། །ལྔ་པ་མན་ངག་གི་གནད་ཀྱིས་ཟིན་པ་ལའང་ལྔ་སྟེ། དགའ་བ་སྐྱེ་བའི་གོང་མ། དང་པོར་དབབ། དེ་ནས་བཟུང་། དེ་ནས་ལྡོག །དེ་ནས་ཁྱབ་པར་བྱ། མཐར་མི་ཉམས་པར་བསྲུང་ངོ་། །དེ་ལ་དང་པོ་ནི། རྟེན་ཡོངས་སུ་དག་པ། དེ་ལ་ཉེ་རིང་རན་པར་བྱས་ལ་དེའི་གཟུགས་ལ་ལྟ་ཞིང་དེས་འདོད་ཆགས་ཀྱི་མེ་འབར་བས་ཐིག་ལེ་དབབ། བདེ་བ་བསྒོམ། བགྲད་པའི་མཐས་བསྲུང་། གསང་ཐུབ་པར་བྱ། དེ་བཞིན་སྒྲ་ལ་ཉན་དྲི་ལ་སྣོམས་རོལ་སྣང་དུ་ལུས་ཀྱི་གནས་ཅི་རིགས་པ་ལ་རེག་པར་བྱ་བའི་བར་དུ་འདོད་ཆགས་ཀྱི་མེ་འབར་བས་ཐིག་ལེ་དབབ། བདེ་བ་བསྒོམ། བགྲད་པའི་མཐས་བསྲུང་། ལག་གཉིས་བསྣོལ་ཏེ་མིག་གཉིས་སྟེང་དུ་བགྲད་པ། སྙོམས་འཇུག་སྤང་བ། གསང་ཐུབ་པར་བྱ། དེ་ཐམས་ཅད་ལ་ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང་། བདེ་བ་དང་མི་རྟོག་པ་དེ་ལྟར་ཐིག་ལེ་དབབ་ཅིང་སྤེལ། མང་དུ། སྤེལ་མི་ཉམས་པར་ཞིང་གཟུང་གཟུང་ཞིང་རིམ་གྱིས་ལྡོག །ཅེས་བྱ་བ་གསུམ་འབྲེལ་བ་ཅན་དུ་འབྱུང་སྟེ། སྐད་ཅིག་དང་པོ་དང་ལ་དགའ་བའི་ཡེ་ཤེས་སོ། །བྱ་བ་མང་བདེ་བ་སྟེ། དེ་ནས་པོ་ལ་དང་ཀཀྐོ་ལ་མཉམ་པར་སྦྱར་ཞིང་འདོད་ཆགས་ཀྱིས་མེས་ཐིག་ལེ་དབབ། བདེ་བ་བསྒོམ། བགྲད་པའི་མཐའ་འགྱུར་པས་བསྲུང་། གསང་ཐུབ་པར་བྱ། སྐད་ཅིག་གཉིས་པ་ལ། རྩ་བ་ཉུང་བ་དེ་བ་ཆེ་མཆོག་དགའི་ཡེ་ཤེས་སོ། །དེ་གཉིས་ནི་ཐིག་ལེ་དབབ་ཅིང་བདེ་ཤུགས་ཆེ་བས་ཐིག་ལེ་འབར་བའི་དྲོད་
༥༡ཅེས་བྱའོ། །དེ་ནས་བསྲུང་བ་ན་བདེ་བ་དང་། མི་རྟོག་པ་དང་ལྡན་པ་འབྱུང་སྟེ། སྔ་མ་བཞིན་ཐིག་ལེ་དབབ་ཅིང་བདེ་བ་དང་མི་རྟོག་པ་དེ་བསྒོམ། བགྲད་པའི་མཐས་བསྲུང་། གསང་ཐུབ་པར་བྱ་བ་གཉིས་གཅེས། ཐིག་ལེ་ཉམས་པ་བསྲུང་། སྐད་ཅིག་གསུམ་པ་ལ་དགའ་བྲལ་གྱི་དགའ་བ་ཐིག་ལེ་གཡོ་ཅུང་ཟད་གྱེན་ལ་བའི་དྲོད་ཅེས་ཀྱང་བྱའོ། །དེ་ཙམ་ན་ཐིག་ལེ་བཟུང་དཀའ་བར་གྱུར་ན་སྟེང་རླུང་རྣམ་པར་འགོག་པའམ། འགྱུར་བ་རྣམ་པ་དྲུག་ལ་སོགས་པས་འདིར་ཐིག་ལེ་བསྲུང་། བསྲུང་བ་སླ་ན་སྐད་ཅིག་མ་བཞི་པ་ལ་བསྲུང་ངོ་། །དེ་ཙམ་ན་སྲིན་པོའ་ལམ་བེམ་བེམ་བྱེད་པ། ལྕི་ཡོར་ཡོར་བྱེད་པ། བདེ་ཤུགས་ཀྱིས་ཙུབ་ཙུབ་བྱེད་པ། དྲི་ཆེན་དང་དྲི་ཆུ་ལ་སོགས་པ་ཡང་རེས་མི་ཐོན། རེས་ཐོན། སྐྲ་རྩེ་སེང་བྱེད་པ། བདེ་བ་མི་ཟད་པ།གཡལ་དང་མཆིལ་མ་ཅི་རིགས་པ་འབྱུང་པའི་ཚེ་ཐིག་ལེ་ཟིན་པ་ཡིན་ནོ། །སྦྲིད་པ་ལྟ་བུ་དེ་ཙམ་ན་རྟེན་ཡོངས་སུ་དག་ པད་ཅན་མའི་སྐབས་སུ་འབྱུང་སྟེ་སྒ་གཏད་པ་ལ་སོགས་པ་ཐིག་ལེ་ཟིན་པ་པའི་རྩ་བཙལ། བྱིན་གྱིས་རླབས་པ་གསུམ་སྔོན་དུ་སོང་བས་རྡོ་རྗེ་དང་པདྨ་གཉིས་ཁ་སྦྱོར། རྩ་གཉིས་དབུ་མ་གཉིས་ཁ་སྦྱོར་ཐིག་ལེ་ཉི་ཟླ། གཉིས་ཁ་སྦྱོར། རླུང་ཐུར་སེར་གྱིས་གཉིས་ཁ་སྦྱོར་དུ་གྱུར་པས་བདེ་བ་དང་སྟོང་པ་ཟུང་དུ་ཆུད་ཅིང་། བདེ་བ་ངོས་གཟུང་དང་བྲལ་བར་ཏིང་ངེ་འཛིན་སྐྱེ་སྟེ། འདིར་ཡང་ཏིང་ངེ་འཛིན་དེ་བསྐྱང་། བགྲདབགྲོད་པའི་མཐའ་ལ་སོགས་པས་བསྲུང་། གསང་ཐུབ་པར་བྱ་བ་གཉིས་པ་ཐིག་ལེ་ཐུབ་པར་བྱ་གཅེས། དེ་ལས་འགྱུར་བ་དྲུག་གིས་བསྲུང་ན། རྒྱ་མཚོ་རི་རབ་ལ་སྐམ། ལྟེ་བ་སྒལ་པ་ལ་གཅེར་བ་གླིང་བཞི་དབང་དུ་བསྡུས། ཡན་ལག་བཞི་བསྐུམ་པ། རོ་འཛིན་རང་གི་གནས་སུ་སྦྱར། ལྕེ་རྐན་ལ་སྦྱར། དབང་པོའ་མཆོག་སྟེང་དུ་བཞག །མིག་བགྲད་པ་ངག་སྟོབས་ཀྱི་ཧཱུྃ་དྲག་ལ་རིང་བར་དྲང་ཏིང་ངེ་འཛིན་ཧཱུྃ་ཕཊ་ཀྱིས་ཧཱུྃ་གིས་ཕཊ་དྲངས་ཕཊ་ཀྱིས་ཧཱུྃ་ཕུལ་བ་མདའ་གཞུས། འཕངས་ཏེ་བཟློགས་ལ་དེ་ནས་རླུང་གི་སྐེ་རགས་བཅིང་། ཞགས་པ་
༥༢འཕངས། ལུས་གཏུན་ཤིང་གི་འཁོར་ལོ་ལྟར་བསྐོར། བུ་ཆུང་གི་སྤྱོད་ལམ་ལྟར་བྱས་པས་ལུས་ཐམས་ཅད་ལ་ཁྱབ་པར་བྱའོ། །སྐད་ཅིག་བཞི་པ་ལ་ལྷན་ཅིག་སྐྱེས་པའི་དགའ་བ། རྩ་གནས་སུ་ཁྲེམས་ཏེ་ཉམས་ཐིག་ལེ་བརྟན་པའི་དྲོད་ཅེས་ཀྱང་བྱ་བའོ། །མི་ཉམས་པར་བསྲུང་བ་རྣམ་པ་དྲུག་ནི་འོག་ཏུ་ཐིག་ལེ་འཛག་པ་བསྲུང་བའི་སྐབས་སུ་འབྱུང་བས་འདིར་མི་བརྗོད་དོ། །ལམ་བསྡུས་ལ་ནི། ལུས་ཀྱི་སྤྱོད་ལམ་ཙོག་པུ་ལྡན་བྱས་ནས། །ལག་གཡས་ཉི་མ་གཡོན་པ་ཟླ། །པུས་མོ་གཉིས་ལ་བསྣོལ་མར་འདི་ལག་ལེན་བཞིན་བྱ། དགབ། །ཧུ་རིང་ཧུ་ཐུང་མདུན་དུ་རྒྱུ། །གཡས་གཡོན་དག་ཏུ་གསུམ་གསུམ་སྟེ། །འབུད་པ་གསུམ་དང་རྔུབ་པ་གསུམ། །འཁོར་བ་དག་ཏུ་སྦྱར་བར་ཡང་བསྐྱར་ལ་བྱ་བ་བྱ། །ཉི་མ་དག་ནི་གསུམ་པ་ན། ཐ་མས་ཀྱང་། བར་དྲན་ལ། སྦ་རྗེས་རབ་རླུང་སྟོབས་ཆེན་ཉི་མ་ཕྱེད་སོགས་ཙམ་ལ་སྦ་བ་ནུབ།བ་སྦུབས་སུ་ནུབ་པར་འགྱུར། །སྦྱོར་བའོ། ངག་ཏུ། དངོས་གཞི་ལ། བྱིན་མཉམ་པ་གསུམ་གྱིས་རླབས་སོགས་བྱས་ནས་ནི། །སྲིན་པའི་དབུས་དང་གཡས་དང་གཡོན་དང་གསུམ་མཉམ། ལམ་བདེ་བ་སྐྱེས་ནས་ཐིག་ལེ་བཟུང་བའི་ཕྱིར་ནི་ཅུང་ཟད་བསྡམ། །གུང་མཛུབ་གཉིས་ནི་དྲག་ཏུ་གཞིག །མིག་གཉིས་སྟེང་དུ་བགྲད་པར་བྱ། །འདིས་ལུས་ཀྱི་གནད་གསུམ་ནི་ཐིག་ལེ་ཟིན་པར་འགྱུར། །ཡང་ངག་བྷ་ཞིག་ །ན་ཧ་ཧལ་དྲག་ཏུ་བརྗོད། །ལུས་ཀྱི་སྟེང་རླུང་འགོག་པ་འཁྲུལ་འཁོར་གཞན་ཡང་བྱ། །འདིས་ཀྱང་ཐིག་ལེ་ཟིན་དེ་ཡན་ཆད་ཀྱིས་དབབ་བཟུང་གཉིས་བསྟན། པར་འགྱུར། བཅད་པ་ལ། གླང་ཆེན་ཧིཀ་དང་སྟག་མོ་ཧཱུྃ་ཧཱུྃ་ངུར། །གཅན་གཟན་སྐྱུག ཧག་ དང་ཝ་ཧིག་ །ལྟར་སྣོམས། །ལྟེ་བ་སྙིང་ག་མགྲིན་པ་དང་། །སྤྱི་གཙུག་དག་ཏུ་རིམ་གྱིས་དྲོངས། དེ་དག་ཏུ་ཤེས་པ་གཏད་རྣམ་གྲོལ་ལག་ལེན་བཞིན་ཧིང་ཧིང་རྒྱ་ཡིས་ལུས་ལ་དགྲམ། དེ་ལ་མི་མཁས་པ་བཞི་འབྱུང་སྟེ། དབབ་པ་སྙོམས་འཇུག་ལ་སྐམ་ན། ལ་མ་མཁས་ན་ཐིག་པ་མྱུར་ཏུ་ཉམས། བཟུང་བ་ལ་མ་མཁས་
༥༣ན་སྡས་པས་བདེ་བ་ཡུན་ཐུང་། བཟློག་བཞི་པོ་མ་ཤེས་པ་པ་ལ་མ་མཁས་ན་ཆུ་དང་སྡོང་། དགྲམ་རྣམ་གྲོལ་རྒྱ་སོགས་པ་ལ་མ་མཁས་ན་ནད་དུ་འགྱུར་རོ། །དེ་ལ་གཉེན་པོ་མཁས་པ་བཞི་འཇུག་སྟེ། དབབ་པ་དལ་བུས་སྤྱོད་པ་ལ་མཁས་པ་རུ་སྦལ་གྱི་འགྲོས། གཟུང་བ་ལ་མཁས་པ་ལུས་ངག་གི་སྲིན་པོའ་ལམ་བསྡམས་སོགས་ འགྱུར་བ་གསུམ་དང་གཅིག །བཟློག་པ་ལ་མཁས་གླང་ཆེན་ཧིང་སོགས་པ་དུད་འགྲོའི་འགྱུར་བ་བཞི། ཁྱགཁྱབ་པར་བྱ་བ་ལ་མཁས་པ་རྣམ་གྲོལ་གྱི་ཕྱག་རྒྱའོ། །གཞན་རླུང་གི་སྐེ་རགས་བཅིང་པ་ལ་སོགས་པ་ནི་ལམ་རྒྱས་པ་བཞིན་ནོ། །རེ་ཞིག་ལམ་བསྟན་ཟིན་ཏོ། །ལྟ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དགའ་བ་བཞི་ནི། གོ་རིམ་ལ་ལྟོས་པའི་དགའ་བ་བཞི། གནས་ལ་ལྟོས་པའི་དགའ་བ་བཞི། སྤང་བྱ་ལ་ལྟོས་པའི་དགའ་བ་བཞི། རང་གི་ངོ་བོ་ལ་ལྟོས་པའི་དགའ་བ་བཞིའོ། །དེ་ལ་དང་པོ་གོ་རིམ་ལ་ལྟོས་པའི་དགའ་བ་བཞི་ནི། ལམ་སྦྱོང་བའི་སྐབས་ཉིད་དུ་བསྟན་པས་ལོགས་ཤིག་ཏུ་མ་བརྗོད་དོ། །གཉིས་པ་གནས་ལ་ལྟོས་པ་ལ་གཉིས། །ཕྱི་གནས་ལ་ལྟོས་པ་དང་། ནང་གནས་ལ་ལྟོས་པའོ། །དེ་ལ་དང་པོ་ནི་ལུས་ཀྱི་གནས་ཁོལ་བུར་སྐྱེས་ན་དགའ་བ། ལུས་གནས་ཕལ་ཆེར་ལ་སྐྱེས་ན་མཆོག་དགའ། ལུས་ཐམས་ཅད་ལ་ཁྱབ་པར་སྐྱེས་ན་དགའ་བྲལ། སྣང་བའི་དངོས་པོ་ཐམས་ཅད་ལུང་ལས་བདེ་བར་ཤར་ན་ལྷན་སྐྱེས་སོ། །གཉིས་པ་སྤྱི་བོ་ནས་མགྲིན་པའི་ཉམས་མྱོང་ཅི་སྐྱེས་ཀྱང་བར་དགའ་བ། མགྲིན་པ་ནས་སྙིང་གའི་བར་མཆོག་དགའ། སྙིང་ག་ནས་ལྟེ་བའི་བར་དགའ་བྲལ། ལྟེ་བ་ནས་གསང་གནས་ཀྱི་བར་དུ་ལྷན་སྐྱེས་སོ། །གསུམ་པ་སྤང་བྱ་ལ་བདེ་བ་རྒྱུ་དང་མི་རྒྱུ་ཀུན་སོགས་ལྟོས་པ་ན། གཟུང་འཛིན་གྱི་རྣམ་པར་རྟོག་དང་པོ་དགའ་བ་འགྲོ་བའི་གཟུགས་ལ་སོགས་པ་རགས་རིམ་འགོག་པ་དགའ་བ། བདག་གི་རྣམ་རྟོག་རགས་རིམ་འགོག་པས་མཆོག་
༥༤དགའ། ཕྱག་རྒྱའི་རྣམ་པར་རྟོག་པ་རགས་རིམ་འགོག་པས་དགའ་བྲལ། དགའ་བྲལ་གྱི་རྣམ་པར་རྟོག་པ་འགོག་པས་ལྷན་སྐྱེས་སོ། །བཞི་པ་ངོ་བོ་ནི། བདེ་བའི་ཉམས་མྱོང་ཆུང་བས་དགའ་བ། བདེ་བ་ཆེར་འབར་བ་མཆོག་དགའ། བདེ་བ་ནི་རྟོག་པ་དང་ལྡན་པ་དགའ་བྲལ། བདེ་བ་སྟོང་པ་དང་གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པའི་བྱང་ཆུབ་བརྗོད། ཅེས་འབྱུང་ ལྷན་སྐྱེས་སོ། །ལུང་དང་ཡང་གསུམ་པོ་སྤང་བ་ཉིད་ཕྱིར་སྦྱར་བར་དེ་ལྟ་བས་ན་སྦྱོར་ལམ་དྲོད་སྟོན་བྱའོ། །གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ་ནི། མྱ་ངན་ལས་ལོ་ཀ་ལས་འདས་པའི་ལམ་འདས་པའི་ཆོས་ལ་སོགས་པ་ཅི་རིགས་པ་རྣམས་བདེ་སྟོང་དུ་རྟོགས་པ་འབྱུང་སྟེ། ས་བཅུ་གཅིག་པ་དང་བཅུ་གཉིས་པ་ལའོ། །གྲུབ་མཐའ་མ་སྙོགས་ན་འདའ་ཀ་མ་ནམ་འཆི་བའི་ཚེ་རྡོ་རྗེ་སེམས་དཔའ་བྱོན་པར་འགྱུར་བ་ནི། འཆི་བའི་རླུང་གིས་རྐྱེན་བྱས་ནས་རྩ་མདུད་རྣམས་དྲལ་ཏེ། སེམས་ཀྱི་རྟེན་ཁམས་ཐིག་ལེ་རིམ་གྱིས་ལྷན་ཅིག་ཏུ་འཚོགས་ཏེ་དབུ་མར་ཡང་ཅུང་ཟད་ཞུགས་པས་འཆི་ཁར་བདེ་སྟོང་མཆོག་སྐྱེ་སྟེ། རྡོ་རྗེ་ནི་སྟོང་པ། སེམས་དཔའ་ནི་བདེ་བ། དེ་སྔར་གྱི་བདེ་སྟོང་གི་ལྟ་བ་དང་འདྲེས་ནས་བར་དོ་མེད་པར་གྲུབ་མཐའ་སྙོགས་པ་ལ་སོགས་པར་འགྱུར་རོ། །འབྲས་བུ་ཆོས་ཀྱི་སྐུ་ནི་འབྲས་བུའི་སྐབས་ཉིད་དུ་འཆད་པར་འགྱུར་བས་འདིར་མ་བརྗོད་དོ། །ཤེས་རབ་ཡེ་ཤེས་ཀྱི་ལྔའོ། །དབང་བཞི་པའི་ལྔ་ལ། ལམ་རྡོ་རྗེ་རྦ་རླབས་གསུམ། ལྟ་བ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་ལས་བརྟེན་པའི་དགའ་བ་བཞི། གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ། འདའ་ཀ་མ་ཕྱག་རྒྱ་ཆེན་པོ་ནས་འཕོ་བ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་གྱིས་ལྷུན་གྲུབ་སྟེ་ལྔའོ། །དེ་ལ་དང་པོ་ནི། ལུས་སྦྱང་བ་ལ་སོགས་པ་སྔོན་དུ་སོང་ནས། བསམ་གཏན་གྱི་ཡན་ལག་དགུ་རྣམས་ཚང་བར་བྱས་ཏེ། སྲོག་དང་རྩོལ་བ་རླུང་གཞན་ལ་སོགས་པ་སྔོན་དུ་སོང་ནས། འོག་རླུང་བསྐྱོད་པ་རླུང་ཁ་སྦྱོར་བ་ལུས་ཀྱི་རྦ་རླབས། དེ་ནས་ངག
༥༥གི་རྦ་རླབས། ཞི་དྲག་གཉིས་དེ་ནས་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་བསྒོམ་སྟེ། དེ་ཡང་པད་ཅན་མ་དངོས་སམ། ཡེ་ཤེས་ཀྱི་ཕྱག་རྒྱ་འབྲིང་ལ་བརྟེན་ནས་ལམ་སྦྱང་བ་ལ། དེ་ལ་གསུམ་ཐབས་རྒྱུད་དག་པར་བྱ་བ། དེ་ནས་ཤེས་རབ་ཀྱི་རྒྱུད་དག་པར་བྱ་བ། དེ་ནས་གཉིས་ཀའི་རྒྱུད་སོ་སོར་དག་པར་བྱའོ། །དེ་ཡང་ལུས་ངག་མཉམ་སྐུ་གསུམ་ལམ་དུ་བྱེད་པ་པ་ལ་སོགས་པ་རབ། གསུམ་དབང་གསུམ་པའི་ལམ་དང་འདྲ་བར་བྱས་ལ། དེ་ནས་སྐད་ཅིག་གི་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས། ཡབ་ཡུམ་གཉིས་ཀའི་ཁམ་དྭངས་མ་མཆོག་གི་ཟེ་རྩ་གཉིས་འཛོམ་སར་བར་བྱོན། དེ་ནས་འོད་ཟེར་ཀྱི་རྣམ་པར་གྱུར། རྩ་གཡས་རོ་མ་ནས་སོང་སྟེ་ལྟེ་བར་བྱོན། ལྟེ་བའི་འཁོར་ལོ་ནམ་ལངས་པ་བཞིན་ཡལ་ཡལ། ཉི་མ་ཤར་བ་བཞིན་སལ་སལ། གློ་བ་རྒྱངས་པ་བཞིན་ལྟང་ལྟང་སོང་། ཡང་གཡས་རོ་མ་ནས་སོང་། སྙིང་གར་བྱོན། ཆོས་གསུམ་ལྡན་དུ་དྲན། ཡང་རོ་མ་ནས་སོང་། མགྲིན་པར་བྱོན། ཆོས་གསུམ་ལྡན་དུ་དྲན། ཡང་རོ་མ་ནས་སོང་། རྣ་བ་གཡས་པ་ནས་འོད་ཟེར་གྱི་ཚུལ་དུ་འཕྲོས། འོད་ཟེར་གྱི་སྒོ་ལས་ལྷག་པ་ལྷའི་དཀྱིལ་འཁོར་འཕྲོས། སེམས་ཅན་གྱི་རྒྱུད་ལ་དབང་བཞི་བསྐུར། སེམས་ཅན་རྣམས་ལྷག་པའི་ལྷར་བྱས། གཉིས་འདྲེས་བདུད་རྩིའི་བཅུད་བདག་རྒྱུད་སྐུ་ལྔར་སྒྱུར་ནུས་པ་དུ་གྱུར། ཚངས་པའི་སྒོར་ཞུགས། སྤྱི་བོ་ཆོས་གསུམ་ལྡན་དུ་དྲན། མགྲིན་པར་བྱོན། ཉི་མ་སྟོང་གི་གཟི་བརྗིད་དང་ལྡན། སྙིང་གར་འོད་ཁ་དོག་ལྔར་གྱུར། རྩ་དག་པའི་ལམ་ལྟེ་བ་ནས་བྱུང་ནས་ཡུམ་གྱི་མཁར་སྔ་མ་བཞིན་དུ་གནས་སོ། །གཡས་བཟུང་བའི་རྦ་རླབས་རེངས་པ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཞེས་བྱ། འབྲས་བུ་དང་པོའོ། །དེ་བཞིན་དུ་གཡོན་དུའང་བྱ་སྟེ། འཛིན་པའི་རྦ་རླབས་རེངས་པ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་སྟེ། འབྲས་བུ་རྩ་གཡས་རླུང་ཕྱིར་རྒྱུ་དབང་དུ་འདུས་གཟུང་ལྡོག་ནུས་པ་གཉིས་པའོ།
༥༦དེ་བཞིན་དུ་དབུ་མར་ཡང་བྱ་སྟེ། གཟུང་འཛིན་གཉིས་ཀའི་རྦ་རླབས་རྩ་དབུ་མ་རླུང་གནས་པ་དབང་ཐོབ་གཟུང་འཛིན་རྟོག་པ་ཕྲ་མོ་ནུབ་པ།རེངས་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དེ། འབྲས་བུ་གསུམ་པའོ། །ཐབས་རྒྱུད་དག་པར་བྱ་བ་བསྟན་ཏོ། །དེ་བཞིན་དུ་ཤེས་རབ་ཀྱི་རྒྱུད་ལ་ཡང་བྱ་སྟེ། རྩ་གཡས་གཡོན་གཉིས་ནས་ནི་རྣ་བ་གཉིས་ཀྱི་སྒོར་བྱོན་པ་ཙམ་ལས་ཕྱིར་འཕྲོ་བ་ནི་མེད་དོ། །དབུ་མ་ནས་སོང་སྟེ་ཚངས་པའི་སྒོ་ནས་སྤྲོ་བ་དང་བསྡུ་བ་བྱས་ཀྱང་རུང་། མ་བྱས་ཀྱང་རུང་། འདྲ་བར་བཞེད་དོ། །རྦ་རླབས་རེངས་པ་དང་། རྣམ་ཐར་གསུམ་དང་ཡང་སྦྱར་བ་སྔ་མ་བཞིན་ཤེས་པར་བྱའོ། །དེ་ནས་ཐབས་ཤེས་རབ་ཀྱི་རྒྱུད་སོ་སོར་དག་པའི་ཕྱིར་ཡབ་ཀྱི་དབུ་མ་ནས་ཁམས་དྭངས་མ་དེ་འོད་ཟེར་ཀྱི་རྣམ་པར་སོང་ནས་གཙུག་ཏོར་མཆོག་ཏུ་ཐིམ། ཡུམ་གྱི་ཡང་དེ་བཞིན་དུ་ཐིམ་སྟེ། གཉིས་ཀ་ཡང་སྐུ་ལྔ་ལྷུན་གྱིས་གྲུབ་པར་དྲན་པ་ཙམ་བྱའོ། །ཉམས་གང་དུ་སྐྱེ་བ་ནི་ངེས་པ་མེད་དེ། ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང་ངོ་། །ལྟ་བ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་མས་བརྟན་གྱི་དགའ་བ་བཞི་སྟེ། དེ་ཡང་རྒྱུ་མཐུན་ལྟེ་བར་པས་ནི་སྐྲ་དཀར་འཇོམས། རྣམ་པར་སྨིན་སྙིང་གར་པས་སྟོབས་སྟེར་བྱེད། །སྐྱེས་བུ་བྱེད་པས་རྣམ་མགྲིན་པར་པར་འཕེལ། །དྲི་མ་སྤྱི་བོར་མེད་པས་འཆི་མེད་འགྱུར། ཞེས་བྱ་སྟེ། དང་པོ་ལ་འགྲོ་བ་ཐམས་ཅད་ཀྱི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་ཡོན་ཏན་བར་འགྱུར། གཉིས་པ་ལ་མངོན་པར་ཤེས་པ་ཅུང་ཟད་འཆར། གསུམ་པ་ལ་འཇིག་རྟེན་གྱི་ཁམས་ཀྱི་ཅི་རིགས་པ་ལ་ རོ་ཐམས་ཅད་ལ་ལོངས་སྤྱོད་ནུས། བཞི་པ་ལ་རྫུ་འཕྲུལ་ཅུང་ཟད་སྟོན་ནོ། །ཡང་དང་པོ་ལ་བདེ། སྟོང་གི་ཏིང་ངེ་འཛིན་ཆུང་། བདག་རྒྱུ་ལ་བྱ་བ། གཉིས་པ་ལ་འབྲིང་། སྣང་བ་ཙམ་གསུམ་པ་ལ་ཆེན་པོ། མྱ་ངན་ལས་འདས་པ་ཙམ། བཞི་པ་ལ་ཆེན་པོའ་ཡང་འཁོར་འདས་ཐམས་ཅད། ལ་ཁྱབ། ཆེན་པོར་འགྱུར་རོ། །གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ་ནི། ས་བཅུ་གསུམ་པའི་ཕྱེད་ལ་
༥༧འཁོར་འདས་ཐམས་ཅད་བདེ་སྟོང་གཅིག་གི་ངང་དུ་རྟོགས་ཏེ་བླང་དོར་མེད། སྤངས་ཐོབ་མེད་པར་འགྱུར་རོ། །གྲུབ་མཐའ་མ་སྙོགས་ན་འདའ་ཀ་མ་ལམ་ཕྱག་རྒྱ་ཆེན་པོ་ནས་འཕོ་བ་ལ་གསུམ། སྦྱང་བ་དང་། གོམས་པ་ལས་ལ་སྦྱར་བའོ། །དེ་ལ་སྦྱང་བ་ནི་རླུང་སྦྱང་བ་སྟེ། གང་ཟླ་བ་ཡང་རུང་བའི་ཉི་མ་དང་པོ་ལ་སྲོག་རྩོལ་གྱི་རླུང་ཁུག་པ་བཅུ་བདུན་ཐུན་བཞིའི་ངེས་རྩ་བ་ལྔ་པ་ལ་ཅི་ནུས་སུཔས་བྱ། དེ་བཞིན་དུ་ཉི་མ་རེ་རེ་ལ་ཁུག་པ་རེ་རེ་བསྐྱེད་ལ་ཞག་ཉི་ཤུ་རྩ་གཅིག་གི་བར་སྦྱངས་ཏེ། ཉི་མ་ཐ་མ་ལ་སྲོག་རྩོལ་གྱི་རླུང་ཁུག་པ་སུམ་ཅུ་སོ་བདུན་དུ་འགྱུར་རོ། །ཡང་ཉི་མ་དང་པོ་ལ་གཅིག་དབྲི། དབྲི་བ་དེ་བཞིན་དུ་ཉི་མ་རེ་རེ་ལ་རེ་རེ་ཕྲི་བས་ཉི་ཤུ་གཅིག་ལ་ཡང་སྔར་གྱི་ཚད་དུ་འགྱུར་རོ། །དེ་ལྟར་ཞག་བཞི་བཅུ་རྩ་གཉིས་སུ་རླུང་སྦྱངས་པས་རྒྱུ་བ་གསལ་གནས་རྒྱུ་བ་དང་རྣམ་པ་ངེས་པ་འབྱུང་ངོ་། །བར་བསྐྱེད་པ། གོམས་པ་ལ་གཉིས། སྒྲ་ལ་གོམས་པར་བྱ་བ་དང་། ཡི་གེ་ལ་གོམས་པར་བྱ་བའོ། །དང་པོ་ནི་ལུས་ལ་སོགས་པ་གནད་ལ་ཕབ་ལ། ཧི་ཀ་ཅེས་པ་ཉི་ཤུ་རྩ་གཅིག་གིས་དྲང་ཞིང་། ཀ་ཧི་ཅེས་པ་ཉི་ཤུ་རྩ་གཅིག་གིས་ངལ་ཁ་དོག་སོགས་སུ་འབྱུང་། གསོས་ལ། དེ་ལྟར་ཐུན་བཞིའི་ངེས་པས་ཞག་བདུན་དུ་སྦྱང་ངོ་། །ཡི་གེ་ལ་གོམས་པར་བྱ་བ་ལ་གཉིས། ཕྱི་ཡི་གེ་ལ་གོམས་པར་བྱ་བ་དང་། ནང་ཡི་གེ་ལ་གོམས་པར་བྱ་བའོ། །དེ་ལ་ཕྱི་ནི་དངོས་་འོག་ནས་གཞིའི་སྐབས་སྤེལ་བ་ནང་གི་འཁོར་ལོ་བཞི་ལ་བརྟེན་པའི་ཙཎྜ་ལཱི་རྒྱས་པ་བཞིན་ཡིན་པ་ལས། འོན་ཀྱང་རྩ་གཡས་གཡོན་གཉིས་སུ་ཨཱ་ལི་བཅུ་དྲུག་ཁ་དོག་དམར་པོ་མགོ་གྱེན་ལ་ལྟ་བ་རེ་རེ་དང་། ཀཱ་ལི་དཀར་པོ་མགོ་ཐུར་ལ་ལྟ་བ་གཉིས་སྤེལ་མར་བཀོད་པས་རྩ་གཡས་གཉིས་དགག་པ་སྟེ། དེའང་རྩོལ་བའི་དུས་སུ་ཡས་མར་གསལ་གདབ། སྲོག་གི་དུས་སུ་མས་ཡར་གསལ་གདབ་བོ། །དེ་ཡང་ཐུན་བཞིའི་ངེས་པས་ཞག་བདུན་གོམས་པར་བྱའོ། །ལས་ལ་སྦྱར་བ་
༥༨ལ་བཞི། བདེ་འགྲོ་ལ་སྦྱར། འགྲོ་བ་གཞན་ལ་སྦྱར། གླིང་དང་སྐྱེ་གནས་གཞན་ལ་སྦྱར། ཕྱག་རྒྱ་ཆེན་པོ་ལ་སྦྱར་བ་སྟེ། འདི་ཡིས་ཉམས་སུ་བླང་བའི་རིམ་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ནི་འབྲས་བུའི་སྐབས་སུ་འཆད་པར་འགྱུར་བས་འདིར་མ་བརྗོད་དོ། །དབང་བཞི་པའི་ལའོ། །དེ་ལྟར་གང་ཟག་དབང་པོ་ཐ་མའི་དབང་དུ་བྱས་ནས་ལམ་སོགས་ཉི་ཤུས་བསྟན་ཏོ། །མཉམ་གཞག་གི་དམ་ཚིག་གི་ཚོགས་བསྟན་པ་ནི། མཉམ་གཞག་གི་དམ་ཚིག་སྩོགས་བསྲུང་བྱ་བ་སྟེ་ལམ་འབྲིང་པོ། དབང་རེ་རེ་ལ་མཉམ་གཞག་གི་དམ་ཚིག་རྗེས་ཏིང་ངེ་འཛིན་ཉིད་ཡིན་པས་སྤྱོད་ཀྱི་ལྟ་བ་རྟེན་འབྲེལ་ལྔ་ལུས་ལ་འགྲིག་དམ་ཚིག་བཟའ་བའི་དམ་ཚིག །བསྲུང་བའི་དམ་ཚིག །འགལ་རྐྱེན་སྤོང་བ་མི་འབྲལ་བའི་དམ་ཚིག་གོ །དེ་ལ་བུམ་དབང་གི་མཉམ་གཞག་གི་དམ་ཚིག་བསྐྱེད་རིམ། རྗེས་སྤྱོད་ཀྱི་དམ་ཏིང་ངེ་འཛིན་སྐྱེ་བའི་རྒྱུ་ཡིན་པས་ཚིག་ངོ་བོ་ཉིད་གསུམ་བཟའ་བའི་ལུས་སེམས་ལ་ཕན་འདོགས་པས་དམ་ཚིག་བདུད་རྩི་ལྔ་དང་ཐུན་པའི་རྟེན་ལས་ཤ་ལྔའི་རིལ་བུ། བསྲུང་བ་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས། མི་འབྲལ་བ་རྡོ་རྗེ་དང་དྲིལ་བུའོ། །གསང་དབང་གི་མཉམ་གཞག་གི་དམ་ཚིག་རྩ་རླུང་། རྗེས་སྤྱོད་ཀྱི་དམ་ཚིག་རང་བྱུང་གི་ཡེ་ཤེས། བཟའ་བའི་དམ་ཚིག་སྟོང་གསལ། བསྲུང་བ་རང་བྱུང་དང་རླུང་དང་འགལ་བ་མཐའ་དག །མི་འབྲལ་བ་མཐུན་པ་བརྟེན་པས་རླུང་ཞི་དྲག་གང་རུང་ངོ་། །ཤེས་རབ་ཡེ་ཤེས་ཀྱི་མཉམ་གཞག་གི །དམ་ཚིག་དཀྱིལ་འཁོར་འཁོར་ལོ། རྗེས་སྤྱོད་ལྷན་སྐྱེས། བཟའ་བ་བདེ་བ་བསྲུང་བ་ཐིག་ལེ་འཛག་པ་དྲུག་ཕན་འདོགས་པས་མི་འབུལ་བ་དངོས་སམ་ཡེ་ཤེས་འགལ་བ་སྤོང་པས་ཀྱི་ཕྱག་རྒྱའོ། །དབང་བཞི་པའི་མཉམ་གཞག་རྦ་རླབས་གསུམ། རྗེས་སྤྱོད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་བཟའ་བ་བདེ་ཆེན་བདེ་སྟོང་། བསྲུང་བསྒྲིབ་གཉིས་ལས་ཀྱང་ཤེས་བྱའི་སྒྲིབ་པ།
༥༩མི་ལས་དང་པོ་པས་གོམས་དགོས་པས། འབྲལ་བ་པདྨ་ཅན་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་དག་མི་ཉམས་པར་བསྲུང་བའི་ཚུལ་ནི་བཞི་སྟེ། ཚུལ་ཇི་ལྟ་བ་བཞིན་དུ་རྒྱུད་ལ་སྐྱེས་པས་མི་ཉམས་པར་བསྲུང་བ་དང་། རྣམ་གྲངས་རྗེས་སུ་དྲན་པས་མི་ཉམས་པར་བསྲུང་བ་དང་། ཉམས་སུ་མྱོང་བ་ཅིག་འདི་ལ་གནད་ཐམས་ཅད་ཚང་བས་སྐྱེས་པས་མི་ཉམས་པར་བསྲུང་བ་དང་། བླ་མ་དམ་པ་ལམ་ཟབ་མོ་བླ་མ་ཡིན་པས་ལ་གུས་པ་ཁྱད་པར་ཅན་གྱི་མི་ཉམས་པར་བསྲུང་བའོ། །ཉམས་པ་ལ་ཡང་གཉིས་ཏེ། སྲིད་པའི་སྡུག་བསྔལ་འདྲེན་པའི་དམ་ཚིག་ཉམས་པ་དང་། ལམ་བགྲོད་པ་ལས་རིང་དུ་འགོར་བའི་དམ་ཚིག་ཉམས་པའོ། །དེ་ལ་དང་པོ་ནི་ཐོག་མར་དམ་བཅས་པ་བུམ་དབང་གི་བསྲུང་བའི་དམ་ཚིག་རྩ་ལྟུང་བཅུ་བཞི་ལ་སོགས་པའོ། །གཉིས་པ་ནི་དམ་ཚིག་ལྷག་མ་རྣམས་ཉམས་པས་ལམ་བགྲོད་པ་ལས་རིང་དུ་འགོར་ཞིང་དངོས་གྲུབ་རིང་དུ་འགོ་བ་ཡིན་པས་དམ་ཚིག་ཉམས་ཞེས་བྱའོ། །སྐོང་བའི་ཐབས་ནི། རྡོ་རྗེ་མཁའ་འགྲོ་སོགས་ཀྱི་ཉམས་ཆགས་བསྐང་ཞེས་སྨོས་ཏེ། རྡོ་རྗེ་མཁའ་འགྲོ་ནི་བླ་མ། ཡེ་ཤེས་མཁའ་འགྲོ་ནི་ལོངས་སྐུ། མ་མོ་མཁའ་འགྲོ་ནི་སྤྲུལ་སྐུ། ཤ་ཟ་མཁའ་འགྲོ་ཏིང་ངེ་འཛིན་གྱི་རྒྱུ་དང་། ཏིང་ངེ་འཛིན་ཉིད་ལ་སོགས་པ་སྤངས་པས། ནི་དུར་ཁྲོད་ཀྱི་བདག་པོ་ལ་སོགས་པ། དམ་ཚིག་གཅིག་པས་གི་མཁའ་འགྲོ་ནི་རྡོ་རྗེ་སྤུན་གྲོགས་སོ། །དེ་ཉམས་ན་མཁའ་འགྲོ་ལྔའི་ཉམས་ཆགས་བསྐང་བ་ནི། དམ་ཚིག་ཐམས་ཅད་ཉམས་ན་རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་སྟེ། འོག་ཏུ་སྦྱར་ལ། འདོད་ཡོན་སྩོགས་ལྔས་མཉེས་པ་སྩོགས་བྱ་ཞེས་སྨོས་ཏེ། ཕྱི་འདོད་པའི་ལོངས་སྤྱོད་ལྔ་རྫས་དང་ལོངས་སྤྱོད་ལ་སོགས་པ་དང་། ནང་འདོད་པའི་ལོངས་སྤྱོད་ལྔ་རིག་མ་ཁྱད་པར་ཅན་རྒྱན་གྱིས་བརྒྱན་ལ་དབུལ་བའོ། །མཉམ་གཞག་གི་དམ་ཚིག་ཉམས་ན་ཡེ་ཤེས་མཁའ་འགྲོ་མཉེས་དགོས་ལ། དེ་ལ་ལྟ་བ་སེམས་གནས་པས་ཚད་དུ་བསྐྱལ། རྗེས་
༦༠སྤྱོད་ཀྱི་དམ་ཚིག་ཉམས་ན་མ་མོ་མཁའ་འགྲོ་མཉེས་དགོས་ཏེ། དེ་ལ་སྒོམ་པ་ཚད་དུ་བསྐྱལ། དམ་ཚིག་ལྷག་མ་གསུམ་ཉམས་ན་ཤ་ཟ་མཁའ་འགྲོ་དང་དམ་ཚིག་མཁའ་འགྲོ་མཉེས་དགོས་ཏེ། དེ་ལ་ཤ་ཁྲག་གི་གཏོར་མ་དང་ཚོགས་ཀྱི་ལོངས་སྤྱོད་ཀྱིས་སོ། །དེ་དག་གི་ལམ་འབྲིང་པོའ་ཡན་ལག་གི་དམ་ཚིག་ཉི་ཤུ་ཉམས་ན་ཉམས་ཆགས་བསྐང་བ་བསྟན་ཏོ། །ད་ནི་ཐབས་རྒྱུད་ཀྱི་གཙོ་བོ་དབྱིབས་དང་འབྲེལ་པ་དབང་གི་ལམ་སོགས་ཡིན་པས།ལམ་གྱི་དབང་བཞི་བསྟན་པའི་ཕྱིར། ལམ་གྱི་ཐུན་བཞི་ལ་དབང་བཞི་བསྒོམ་པས་ཞེས་སྨོས་ཏེ། དབང་རྒྱས་བསྡུས་ལ་སོགས་པ་བླང་བ་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །ལུས་ལ་བརྟེན་ནས་ཞེས་བྱ་བ་རྒྱུ་དུས་ཀྱི་དབང་ཡང་ལུས་ལས་ཐོབ། ལམ་དུས་ཀྱི་དབང་ཡང་ལུས་ལས་ལེན། རྟེན་འབྲེལ་ལྔ་ཡང་ལུས་ལ་འགྲིགས། ས་ལམ་ཡང་ལུས་ལ་བགྲོད། སྤང་བྱ་ཡང་ལུས་ལ་སྤོང་པས་དེ་སྐད་ཅེས་བྱའོ། །བདེ་ཆེན་ཀྱི་སྒྲིབ་པ་ནི། སྤྱིར་ཉམས་སྐྱོན་ཅན་བརྒྱད། ཤེས་བྱའི་སྒྲིབ་པ་ཡིན་ལ། སྐྱོན་མེད་ལས་ཀྱང་ཡུལ་སྣང་སྟོང་ཟུང་འཇུག་དང་། ཤེས་པ་གསལ་སྟོང་ཟུང་འཇུག་དང་། ལུས་བདེ་སྟོང་ཟུང་འཇུག་དང་གསུམ་ཡང་བདེ་སྟོང་བཞི་པའི་ལྟ་བ་སྐྱོན་མེད་ཀྱིས་མཆོག་གི་རོ་གཅིག་པའི་ཚུལ་རྩ་འགགས་པར་བྱེད་དོ། །འཚང་རྒྱ་བར་གསལ་བ་ནི་ལུས་ལ་རྟེན་འབྲེལ་འགྲིག་པ་ཉིད་ཀྱི་འབྲས་བུ་སྐུ་བཞིའམ། ལྔ་འགྲུབ་པར་གསལ་བའོ། །བཤད་རྒྱུད་ཅེས་བྱ་བ་རྟོགས་པར་བྱ་རྒྱུ་རྩ་བ་སེམས་ཏེ། རྟོགས་བྱེད་ལུས་ལ་རྟེན་འབྲེལ་འགྲིག་པས་རྟོགས་ཤིང་ཁོང་དུ་ཆུད་པའི་ཕྱིར་བཤད་རྒྱུད་དོ། །དེ་ཡན་ཆད་ཀྱིས་ལུས་ཐབས་རྒྱུད་བསྟན་ཏོ། །ད་ནི་ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་ནི། འབྲས་བུ་དབང་བཞིས་ཐམས་ཅད་མཁྱེན་ཏོ། །ཞེས་སྨོས་ཏེ། ཕྱག་རྒྱལ་བརྟེན་པའི་དངོས་གྲུབ་ཡིན་པའི་ཕྱག་རྒྱའི་དངོས་གྲུབ་བམ། རིག་མའི་སྐྱེས་བུ་ཞེས་ཀྱང་བྱ་ལ། འདི་ཡི་གོང་ན་གཞན་མེད་པས་ཆེན་པོ་མཆོག་གོ །དེ་འགྲུབ་པའི་ཉི་རྒྱུའི་རྒྱུ་མཐར་ཕྱིན་པའི་ལམ་
༦༡ནི། འབྲས་བུའི་དབང་བཞི་ཞེས་ཀྱང་བྱ་སྟེ། བུམ་དབང་རྩའི་འགྲོས། གསང་དབང་ཡི་གེའི་འགྲོས། ཤེས་རབ་ཁམས་དྭངས་མ་ཡེ་ཤེས་བདུད་རྩིའི་འགྲོས། དབང་བཞི་ཡེ་ཤེས་ཀྱི་རླུང་ལྔ་པ་རླུང་གི་འགྲོས་སོ། །དེ་སྒྲུབ་པའི་འབྲས་བུ་ནི་ཐམས་ཅད་མཁྱེན་ཏོ། །ཞེས་བྱ་བ། སྐུ་ཐམས་ཅད་མཁྱེན་སྤྲུལ་སྐུ་ཏོ། །གསུང་ཐམས་མཁྱེན་ལོངས་སྐུ་ཏོ། དབུ་མར་ཁ་དོག་དབྱིབས་སྟོབས་གསུམ་ཐིམ་པས། ཐུགས་ཐམས་ཅད་མཁྱེན་ཆོས་སྐུ་ཏོ། །སྐུ་གསུང་ཐུགས་ངོ་བོ་ཉིད་ཀྱི་སྐུ་ཐམས་ཅད་མཁྱེན་ཏོ། །ཞེས་བྱ་བ་སྐུ་བཞི་དང་། སྐུ་ལྔའི་དངོས་གྲུབ་སྟེ། དེ་ལྟར་ན་དེ་ཡན་ཆད་ཀྱི་རྒྱུད་གསུམ་དུ་བསྟན་པའི་ལམ་བསྟན་ཏོ། །ད་ནི་ཡིད་ཆེས་ཁྱད་པར་ཅན་བསྐྱེད་པས་ལམ་མྱུར་ཏུ་བགྲོད་པའི་ཕྱིར་ཚད་མ་བཞིར་བསྟན་དང་པའི་ལམ་ལ། ཚད་མ་བཞིས་འབྲས་བུ་གཏན་ལ་ཕབ་ནས་ཞེས་སྨོས་ཏེ། བདེ་བར་གཤེགས་པའི་བཀའ་ཡང་དག་ལུང་བརྟག་པ་གཉིས་པ་སོགས། གི་ཚད་མ། བླ་མ་རང་གི་བླ་མ་རྡོ་རྗེ་སློབ་དཔོན་གྱི་ཉམས་ཀྱི་མན་ངག་ཚད་མ། དང་རྣལ་འབྱོར་པ་བདག་ཉིད་ཉམས་མྱོང་སེམས་ཉམས་རྗེས་སུ་དྲན་པའི་ཚད་མ། དངོས་པོའ་མཐའ་རྟེན་ཅིང་འབྲེལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཉམས་ཀྱི་གདམས་ངག་བར་འབྱུང་བ་ལོ་རྒྱུས་ཀྱི་ཚད་མའོ། །ཚད་མ་བཞིས་འབྲས་བུ་གཏན་ལ་ཕབ་ནས་ཞེས་བྱ་བ་ནི་མཚོན་པ་ཙཱམ་སྟེ། ཚད་མ་བཞིས་འབྲས་བུ་གཏན་ལ་ཕབ་ནས་ལམ་ལྔ་སོགས་གཏན་ལ་ཕབ་ནས། རྒྱུ་འཁོར་བ་ཐམས་ཅད་གཏན་ལ་ཕབ་ནས། ཞེས་ཤེས་པར་བྱའོ། །ད་ནི་ཏིང་ངེ་འཛིན་མྱུར་ཏུ་སྐྱེས་པ་ལ་སོགས་པའི་གྱི་གདམས་ངག་བར་ཆད་མྱུར་ཏུ་སེལ།དྲུག་ཏུ་བསྟན་པའི་ལམ་ལས། འགལ་འདུས་སྐྱོན་མེད་སྩོགས་གསུམ་གྱིས་བསམ་གཏན་གྱི་དུག་དབྱུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་གྱི་དུག་དབྱུང་། བདུད་རྩི་བརྟེན། ལ་དོར་གསུམ། ལྟ་བའི་དུག་དབྱུང་། བདུད་རྩི་བརྟེན། ལ་དོར་གསུམ་སྟེ་
༦༢དྲུག་གོ །དེ་ལ་གཞུང་ལས་ནི། བསམ་གཏན་གྱི་གསུམ་དང་ལ་གསུངས་པ། མངོན་པར་རྟོགས་པ་ལ་ནི་ལྟ་བའི་གསུམ་དང་ལ་འབྱུང་སྟེ། འཁྲུགས་ཀྱི་ཚུལ་དུ་བྱས་ལ། འཇུག་པ་སེལ་བའི་ལམ་ཡིད་འདག་པའི་རྣམ་རྟོག་བསྒོམ་པས་ལྟ་བའི་དུག་དབྱུང་ཞེས་སྨོས་ཏེ། དེ་ལ་སྤྱིར་ལྟ་བ་ནི་གཉིས་ཏེ། རྟོགས་པ་ཙམ་ལ་ལྟ་བར་བཞག་པ་དང་། ཉམས་མྱོང་གི་ཏིང་ངེ་འཛིན་ལ་ལྟ་བར་བཞག་པའོ། །དེ་ལ་དང་པོ་ནི། ཐོས་བསམ་འདི་ལ་རིག་པའི་དུག་འབྱིན།གྱི་སྒྲོ་འདོགས་ཆོད་པའི་ལྟ་བ། སོ་སོའ་གཞུང་ལུགས་ལ་སེམས་ཙམ་སོགས་པས། ཞེ་འདོད་ཀྱི་ལྟ་བ། མོས་པའམ་གོ་ཡུལ་དུ་བྱེད་པའི་ལྟ་བ། ཕ་རོལ་ཏུ་ཕྱིན་པའི་ཐེག་རྡོ་རྗེ་ཐེག་པ་ལ་ཁྱད་པར་དུ་མྱུར་བར་བྱ་པ་དང་མཉམ་པའི་ལྟ་བ་དང་། དེ་ཁོ་དུས་ཐམས་ཅད་ཞེན་ཅིང་མི་འབྲལ་བས་ན་ཉིད་རྒྱ་མཚོའ་དོན་དང་མ་བྲལ་བའི་ལྟ་བ་སྟེ། དེ་ལྟ་བུའི་ལྟ་བ་རྟོགས་སུ་ཟིན་ཀྱང་རྣམ་རྟོག་རྒྱུན་ཆགས་བཙལ་བའི་དུག་ཞེས་ཀྱང་བྱ།ཀྱི་དུག །ཞི་བར་མ་ནུས་པས་ཟག་པ་མེད་པའི་ལམ་དུ་མི་འགྱུར་ཞིང་བདེན་པ་མཐོང་བར་མི་འགྱུར་ཏེ། རོ་བརྒྱ་དང་ལྡན་པའི་ཟས་ཀྱང་དུག་དང་བཅས་ན་ཕན་མི་ཐོགས་པ་བཞིན་ནོ། དེ་ཉིད་ལ་ཞེན་ཅིང་མོས་པས། །དེ་ལ་དུག་དེ་འབྱིན་པ་ནི། འཇུག་པ་སེས་བའི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་དང་པོ་བསམ་གཏན་གྱི་ཡན་ལག་ཚང་བར་བྱས་ལ། སྲོག་རྩོལ་གྱི་རླུང་ཕྱིར་རྒྱུ་བ་ལ་ཕྱིར་རྒྱུ་ཅེས་པ་ལ་སོགས་པས་ལྟ་བུ་གཅིག་ལ་རླུང་དང་སེམས་རྗེས་སུ་མཐུན་པར་བསྒོམ་པས། དེ་ཉིད་ལ་བློ་གནས་ན་འཇུག་པ་སེལ་བའི་ལམ། མིང་གི་རྣམ་གྲངས་ཡིད་འདག་པའི་རྣམ་རྟོག་ཞེས་ཀྱང་བྱའོ། །དེ་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་ཀྱང་བྱའོ། །དེས་ཀྱང་གཏོང་ན་ཆགས་པ་བཅད་པའི་ལམ་ཞེས་ཀྱང་བྱ། གཞན་དུ་བ་ལ་སོགས་པ་ཅིག་ལ་བློ་གནས་ན་བྱང་ཆུབ་ཆེན་པོའ་ལམ་ཡུལ་སྣང་སྟོང་ཟུང་འཇུག་ཡིན་པས་རྗེས་སུ་མཐུན་པའི་བསྒོམས་ཞེས་བྱ་བར་བསལ་ལོ། །འདི་དག་རིམ་པ་ཡིན་མིན་དུ་སྐྱེ་བས་ཏིང་ངེ་འཛིན་
༦༣ངོ་ཤེས་པར་བྱས་ལ་བྱུང་རྒྱལ་དུ་བསྐྱང་ངོ་། །དེས་ལྟ་བའི་དུག་ཐོན་པར་མ་གྱུར་ན་སྐོམ་པ་ཆུ་སྙོགས་པ་བཞིན་ཤེས་པ་ཡུལ་འདོད་པ་ཡིན་པས་ཡུལ་གྱི་བདུད་རྩི་བརྟེན་པར་བྱ་སྟེ། རྣམ་ཤེས་ལྔ་ཡུལ་ལྔ་མ་སྤངས་པས་བདུད་མེ་འབར་བ་ལ་ཤིང་བསྣན་པ་དང་འདྲ་རྩི་བརྟེན་ཞེས་བྱ་བ་མིག་ངོ་མཚར་གྱི་ལྟད་མོ་སྣ་ཚོགས་ལྟ་བ་ནས་བཟུང་ནས་རེག་བྱའི་བར་དུ་བརྟེན་པས་ཤེས་པ་ཡུལ་གྱིས་ཚིམས་ནས་ཡུལ་དེ་ཉིད་སྟེང་དུ་གནས་ཏེ། སྔར་སེམས་མ་གནས་པ་ལ་ནི་རྣམ་རྟོག་སྔོན་དུ་སོང་བའི་དྲོད་དུ་འགྱུར་ལ། སེམས་གནས་པ་ལ་ནི་ཡུལ་སྣ་ཚོགས་ཀྱི་བདུད་རྩི་བརྟེན་པ་བྱ་བ་བོགས་འབྱིན་བརྒྱད་ལས་གཅིག་ཏུ་འགྱུར་རོ། །དེ་ལ་ཡུལ་བདུད་རྩིར་འགྱུར་ན་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཡུལ་བརྟེན་པས་ཐམས་ཅད་ཀྱང་ཏིང་ངེ་འཛིན་དང་ལྡན་པར་འགྱུར་རམ་སྙམ་པ་ལ་མ་ཡིན་ཏེ། དག་པའི་ཆོས་རྣམས་གདོད་ནས་སྟོང་པར་ཤར་བས་ལ་དོར་ཞེས་སྨོས་སོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཡུལ་རྣམས་ནི་གདོད་ནས་སྐྱེ་མེད་སྟོང་པ་ཡིན་ཞིང་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཡིན་པས་འཆིང་བ་དང་གྲོལ་བ་གཉིས་ཀའི་རྒྱུ་མ་ཡིན་ལ། སྐྱེ་མེད་སྟོང་པ་ཁོ་ནར་ལ་དོར་ཞིང་འཆིང་བ་དང་གྲོལ་བ་ནི་ཐབས་ལ་མཁས་པ་ལ་རགས་ལས་པ་ཡིན་ཏེ། བྱུང་རྒྱལ་གྱི་གནད་ཤེས་ན་རྣམ་རྟོག་སྔོན་དུ་སོང་བའི་དྲོད་དུ་འགྱུར་ལ། མ་ཤེས་ན་རྣམ་རྟོག་རྒྱུན་མའམ། རྣམ་རྟོག་རྐུན་བུ་སྒོམ་པའི་བདུད་ཞེས་བྱ་བར་འགྱུར་ཏེ་ཐ་མལ་རྣམ་རྟོག་ཏུ་འགྱུར་རོ། །དེ་བས་ན་ཐབས་ལ་མཁས་པ་ན་རག་ལས་པར་ཤེས་པར་བྱ་ཞིང་ཡུལ་སྐྱེ་མེད་སྟོང་པར་ལ་དོར་རོ། །ལྟ་བའི་གསུམ་བསྟན་ཏོ། །ད་ནི་བསམ་གཏན་གྱི་གསུམ་ལས། འགལ་འདུས་སྐྱོན་མེད་སྩོགས་གསུམ་གྱིས་བསམ་གཏན་གྱི་དུག་དབྱུང་ཞེས་སྨོས་ཏེ། དེ་ལྟར་ལྟ་བའི་དུག་ཐོན་ཀྱང་བསམ་གཏན་གྱི་དུག་ཤེས་བྱའི་སྒྲིབ་པ་ཉམས་སྐྱོན་ཅན་བརྒྱད་བྱུང་ན་སྐྱོན་མེད་གསུམ་གྱི་དུག་ཐོན་པར་འགྱུར་རོ། །དེ་ལ་དོན་ནི་འདི་ཡིན་ཏེ། ངོ་བོ་ཉིད་ལས་སྣང་ཕྱོགས་ཡིན་ཏིང་ངེ་འཛིན་
༦༤ཡིན་ཡང་། སྟོང་ཕྱོགས་གཉིས་སྐྱོན་ཅན་ཡིན་ཏེ། སྒྲོ་སྐུར་གྱིས་བསྡུས་པའོ། །རང་བྱུང་ལ་ཉོན་མོངས། རྣམ་རྟོག །སྣྲེལ་ཞི་དང་གསུམ་སྐྱོན་ཅན་ཏེ། བྱིང་རྒོད་ཀྱིས་བསྡུས་པ་དང་། དེ་ཉིད་ཀྱིས་སྤང་ཉོན་མོངས་པ་རྟོགས་པའོ། བྱའི་གཉེན་པོར་མི་འགྱུར་བ་དང་། ཐ་མལ་པའི་ཉོན་མོངས་པ་ལ་སོགས་པ་དང་ཁྱད་པར་དབྱེ་བ་ཉམས་འདྲ་བར་སྐྱེ་བས་ས་དཀའ་བས་སོ། །ལྷན་སྐྱེས་དང་ཤིན་ཏུ་རྣམ་དག་ལ་དགའ་བ་དང་པོ་གསུམ་སྐྱོན་ཅན་ཏེ། སྲེད་པས་བསྡུས་པས་ཁམས་གསུམ་གྱི་ལམ་མམ་རྒྱུར་འགྲོ་བས།སོ། །དུག་བརྒྱད་པོ་དེ་འབྱིན་པ་ནི་སྐྱོན་མེད་གསུམ་སྟེ། ངོ་བོ་ཉིད་ལ་ཟུང་འཇུག་འགལ་འདུས་སྐྱོན་མེད་དེ། རང་བྱུང་ཡེ་ཤེས་ཆེན་པོ་གསལ་སྟོང་འགལ་འདུས་སྐྱོན་མེད་ལྷན་སྐྱེས་དང་ཤིན་ཏུ་རྣམ་དག་ལ་ལྷན་ཅིག་སྐྱེས་པའི་དགའ་ལུས་ལ་དང་པོ་དགའ་བར་འགྲོ་བའི་གཟུགས་ལ་སོགས་པས་བདེ་སྟོང་འགལ་འདུས་སྐྱོན་མེད་དོ། །སྐྱོན་ཅན་བརྒྱད་ཀྱང་ཏིང་ངེ་འཛིན་དུ་ཤེས་པར་བྱས་ལ་བྱུང་རྒྱལ་གྱི་གནད་ཀྱིས་ལམ་དུ་གྱུར་པས་བརྒྱད་པོ་ཡོངས་འདྲ། སྐྱོན་མེད་གསུམ་སྐྱེ་སྟེ་དུག་དེ་ཐོན་པར་འགྱུར་རོ། །སྐྱོན་མེད་གསུམ་མ་སྐྱེས་ན་ནི་སྐྱེས་པའི་ཐབས་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ལྟར་སྐྱོན་མེད་མ་སྐྱེས་སམ། སྐྱོན་ཅན་ཉིད་ཀྱང་མ་སྐྱེས་པའི་ཚེ་བདུད་རྩི་བརྟེན་པར་བྱ་སྟེ། དེ་ལ་ཚུལ་བདུན་དུ་གནས་ཀྱང་གསུམ་དུ་བསྡུ་ན། ཏིང་ངེ་འཛིན་མ་སྐྱེས་པ་སྐྱེད་པར་བྱེད་པའི་བདུད་རྩི་ལྔ། སྐྱེས་པ་བོགས་འབྱིན་པར་བྱེད་པ་དང་། སྐྱོན་སེལ་བར་བྱེད་པ་རེ་རེ་སྟེ་བདུན་ནོ། །དེ་ལ་དང་པོ་ཟས་ནི། སྤང་བར་བྱ་བ་ལ། ཧ་ཅང་ལན་ཚ་ཆེས་པ་དང་། རི་སྒོག །ཆང་། ཚ་སྐྱུར་ཤ་རུལ་སུམ། རྩུབ་པའི་ཟས་རྣམས་སྤང་བར་བྱའོ། །བསྟེན་པར་བྱ་བ་ལ་བདུད་རྩིའི་རྒྱུན་སྦྱོར་ཞེས་བྱ་བ་ལྡུམ་སྒོག་ཅུང་ཟད་བརྟེན། ཨ་རུ་ར་འོ་མར་སྤངས་པ་རྒྱུན་དུ་མུར། ཆུ་དང་མར་བཙོ་བསྟན་པ། དེ་རེ་རེ་ནས་བཤད་ན། བའི་མན་ངག །འབྲས་བུ་གསུམ་དང་སྦྲང་རྩི། དྲི་ཆེན་དང་སྦྲང་རྩི། དེ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་རིམ་གྲོར་གྱུར་ནས་བདུད་རྩི་མཆོག་ཏུ་འགྱུར་རོ། །སྤྱོད་ལམ་ལ་སྤང་བར་བྱ་བ་ལ། མེ་དང་ཉི་མ་
༦༥དུབ་པ། རྡུལ་ཐོན་པ་དེ་རྣམས་སྤང་བར་བྱའོ། །བརྟེན་པར་བྱ་བ་ནི་དལ་བ་དང་བག་ཡངས་ཀྱི་བདུད་རྩི་ཁོ་ནའོ། །རླུང་གི་མན་ངག་རྣམ་པ་བདུན་གང་ཡང་རུང་འོག་ནས་བསྟན་ནོ། བ་ཅིག་བྱའོ། །ཐིག་ལེའི་རྣལ་འབྱོར་རྣམ་པ་བཞི་གང་རུང་གཅིག་གི་བསམ་གཏན་མཆོག་སྔར་ཙཎྜ་ལིའི་སྐབས་སུ།ཏུ་འགྱུར་རོ། །ཕྱག་རྒྱ་མ་བརྟེན་པ་ནི། དབང་གསུམ་པའི་ལམ་བཞིན་ཏེ། དེ་དག་གིས་ཏིང་ངེ་འཛིན་མ་སྐྱེས་པ་བསྐྱེད་བོགས་འབྱིན་དུ་ཡང་འགྱུར།པར་འགྱུར་རོ། །དངས་མ་ལྔའི་བདུད་རྩི་ལྔ།བདེ་བ་ཞེས་བྱ་བ་ནི་ཁོགས་འབྱིན་པར་བྱེད་པ་སྟེ། བདེ་བ་གང་དུ་སྐྱེས་པ་དེ་ལུས་ཐམས་ཅད་ལ་ཁྱབ་པར་འདོད་དམ། སྣང་བ་ཐམས་ཅད་ལ་ཡང་བདེ་བས་ཁྱབ་པར་འདོད་ན་རྩོལ་གཡས་བ་བཀག་སྟེ། སྲོག་ནས་རན་པར་གཏོང་ཞིང་ཅུང་ཞིག་མིག་སྟེང་དུ་ལྟ་བའི་འགྱུར་བས་གོམས་པར་བྱའོ། །དབང་པོ་ལྔ་ཉམས་དང་མ་བྲལ་བ་ནི་སྐྱོན་སེལ་མིག་མི་གསལ་བ་ལ་སོགས་བར་བྱེད་པ་ཡིན་ཏེ། གང་དང་གང་དུ་བདེ་བ་སྐྱེས་པ་དེ་རང་ལ་ཅུང་ཞིག་ཤེས་པ་གཏད་ལ། དེ་དག་འདྲེན་པ་ཞི་དྲག་གང་རུང་གིས་དབང་པོའ་སྒོར་འཕང་བར་བྱའོ། །ལྔ་པ་ཉམས་དང་བྲལ་བ་ནི་སྐྱོན་སེལ་བར་བྱེད་དོ། །དེས་ལུས་ལ་བདེ་བ་དང་ཏིང་ངེ་འཛིན་སྐྱེ་ཞིང་སྐྱོན་རྣམས་སེལ་དབང་པོ་མི་གསལ་བ་ལ་སོགས་པ་བར་བྱེད་དོ། །དེ་ལྟར་བདུད་རྩི་བརྟེན་པས་ཏིང་ངེ་འཛིན་སྐྱེས་པས་ན་སླར་རྩ་རླུང་གི་ཟུག་འབྱུང་བས་ལ་དོར་བ་བསྟན། དེ་ལ་གསུམ། རྩ་དེ་ཉིད་ཀྱི་གནས་སུ་ལ་དོར། རླུང་རྔན་དགས་བྱིན་ཏེ་ལ་དོར། སེམས་ཉམས་ཀྱི་དྲོད་བྱུང་རྒྱལ་གྱིས་ལ་དོར་རོ། །དེ་ལ་ཕྱི་མ་གཉིས་རླུང་གི་མན་ངག་བདུན་ཅུའི་སྐབས་དང་།ནི་འོག་ནས་འབྱུང་། རྩལ་དོར་ལ་གཉིས། འཁོར་བའི་རྩལ་དོར་བ་དང་། མྱ་ངན་ལས་འདས་པའི་རྩལ་དོར་བའོ། །དང་པོ་ལ་སྤྱིར་རྩའི་རིགས་དྲུག་སྟེ། དྲུ་གུ་དྲིལ་རྩ་སྙིང་གར་བ་ལྟ་བུ། ལྟེ་བ། ཐག་པ་བརྒྱངས་པ་ལྟ་བུ། སྦྲུལ་མགྲིན་པར་ རེ་དོགས་དང་བྲལ་བའི་སྐབས་སུ་ཅུང་གཅུས་པ་ལྟ་བུ། གདུགས་
༦༦ཕུབ་པ་ལྟ་བུ། སྤྱི་བོར་ལྗོན་ཤིང་གྱེས་ལུས་ཐམས་ཅད་པ་ལྟ་བུ། སྐྲ་ཤད་འཛིང་སོར་ཚིག་ཐམས་ཅད་ལ་པ་ལྟ་བུ་གནས་ཏེ། དེ་དང་དེ་ལ་དོར་ན་སར་གཏང་པ་བར་བྱའོ། །དེ་ལ་འཁོར་བའི་རྩ་བཞི་ནི། རོ་རྐྱང་གཉིས་ཏེ། ལྟེ་བ་ཡན་ཆད་ནས་ལུས་ཀྱི་གཡས་གཡོན་གཉིས་ལ་བརྟེན་ནས་གནས་ཏེ། ལྟེ་བ་མན་ཆད་ནས་བཞིར་ཕྱེ་སྟེ་གཡས་གཡོན་གཉིས་ལ་མདུན་རྒྱབ་གཉིས་ཏེ་བཞིར་གནས་པར་བཞེད་དོ། །དེ་ཡང་གཡས་ནི་སིཧླ་རླུང་དང་བཅས་པའི་སྟེང་འཕེན་ཅིང་འཛིན་པར་བྱེད་པའི་རྩ། གཡོན་ན་གཡ་བུར་འཕེན་ཅིང་འཛིན་པར་བྱེད་པའི་རྩ། མདུན་ན་གླ་རྩི་འཕེན་ཅིང་འཛིན་པར་བྱེད་པའི་རྩ། རྒྱབ་ན་གཞི་མཉམ་འཕེན་ཅིང་འཛིན་པར་བྱེད་པའི་རྩ་སྟེ། དེ་དག་ཀྱང་ལས་ཀྱིས་བསྐྱེད་པའི་རིས་ཅན་ལུས་དང་སེམས་གཟུང་འཛིན་དང་བཅས་པར་བསྐྱེད་པས་འཁོར་བའི་རྩ་ཞེས་བྱའོ། །འཁོར་ལོ་རྣམས་དང་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་མི་གཡོ་བའི་འཁོར་ལོ་མཛོད་སྤུ་ན་ཕའི་ཟླ་བ་གསང་གནས་མའི་སིཧླ་གཉིས། གཡོ་བའི་འཁོར་ལོ་བཞི་སྟེ་སྤྱི་བོ་སོགས་དྲུག །གཞན་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོ་ནད་འདུ་བ་བཞི་བསྐྱེད་པའི་རྩ་འདབ་སུམ་ཅུ་རྩ་གཉིས་པོ་དེ་བཅུ་གཉིས་ཏེ། དེ་ལྟར་བཅོ་བརྒྱད་དུ་གནས་ལ་ཡང་ཟུག་བྱུང་ན་དེ་དང་དེར་ལ་དོར་བར་བྱའོ། །གཞན་རྣམས་ནི་སུམ་ཅུ་རྩ་གཉིས་གཞན་རྣམས་དང་། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པ་ཕྲན་གཞན་རྣམས་ཏེ། ཟུག་བྱུང་ན་དེ་དང་དེའི་གནས་སུའང་ལ་དོར་བར་བྱའོ། །དེ་ནི་མྱ་ངན་ལས་འདས་པའི་རྩ་ལ་དོར་བ་སྟེ། རྩ་དབུ་མར་རླུང་སེམས་དྭངས་ན་དོགས་པར་འགྱུར་བའི་མདུད་པ་སུམ་ཅུ་རྩ་གཉིས་ཡོད་པ་ལས། ས་དང་པོ་རབ་ཏུ་དགའ་བ་དང་། ས་བཅུ་གཉིས་པ་ཡེ་ཤེས་ཆེན་པོ་ལ་མདུད་པ་རེ་རེ་ལ་དོར། གྱེན་ལ་བར་དུ་ས་བཅུ་ལ་སྦྱོར་བ་མགོ་རྩོམ། དངོས་གཞི་ལོངས་སྤྱོད། མཇུག་ཡོངས་སུ་རྫོགས་ཤིང་ཐིམ་སྟེ། མདུད་པ་གསུམ་གསུམ་ལ་དོར་རོ། །དེ་བས་ན་ས་ཐོག་མཐའ་ལ་རེ་རེ། གསུམ་པ་
༦༧བཅུས་བར་གྱི་རྩ་མདུད་དྲལ་བས་ལ་དོར་ཞེས་སྨོས་སོ། །དེ་ལྟར་གདམས་ངག་དྲུག་ཉེ་བར་ཕན་འདོགས་པའི་ཏུ་བསྟན་ཏོ།། །ད་ནི་སྙན་བརྒྱུད་བཞི་དོན་གྱི་བརྒྱུད་པ་བར་མ་ཆད་པ་ལས་དངོས་གྲུབ་རྣམས་འབྱུང་བས་རུ་བསྟན་པའི་ལམ་ལས། གསང་སྔགས་སྙན་བརྒྱུད་སྩོགས་བཞི་མ་ཆད་པ་ཞེས་སྨོས་ཏེ། དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་ངག་གི་སརྒ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམ་པར་ནུས་པའོ། །དེའི་དང་པོ་ལ་གསུམ། རྒྱུ་དུས་ཀྱི་དབང་གི་ཆུ་བླ་མ་ལས་ཟབ་འབྲིང་གསུམ་གང་རུང་བོ་མ་ནུབ་པ། ལམ་དུས་རྒྱས་བསྡུས་གསུམ་གང་རུང་སོགས་ཀྱི་དབང་གི་ཆུ་བོ་མ་ནུབ་པ། འབྲས་བུའི་དུས་སུ་དབང་གི་ཆུ་བོ་མ་ནུབ་འགྲོས་བཞི་ཐིམ་པ་པ་སྟེ། མདོར་ན་དབང་གི་ལམ་ཡོངས་སུ་རྫོགས་པར་བྱེད་པའི་གཞུང་ངོ་། །གཉིས་པ་ཡང་གསང་སྔགས་མཐའ་བཞིའི་བདག་ཉིད་ཡིན་ཏེ། ལག་ཏུ་བླང་བའི་མཐའ་ཉམས་ལུས་ཉམས་ལ་སོགས་སུ་མྱོང་བའི་ཡན་ལག་ཚང་རླུང་སོགས་མཐའ། བྱིན་གྱིས་རླབས་པའི་སྐུ་ཡི་མཉེན་ལྕུགས་སོགས་མཐའ། གྲུབ་པའི་མཐའ་ས་དང་པོ་ཡན་ཆད་ཅན་ནོ། །གསུམ་པ་ནི། སྲིན་པོ་ལ་སོགས་པའི་བདུད་དང་བར་ཆོད་རྣམས་སམ། འཇིགས་ཤིང་ཉམས་ང་བ་ལ་སོགས་པ་མི་འཚམས་པ་དུ་མ་བྱུང་བའི་ཚེ་དེ་ཉིད་ལམ་དུ་ཤེས་ན། ཏིང་ངེ་འཛིན་ཤེས་པས་བསམ་གཏན་གྱི་གེགས་སེལ། བར་ཆད་ངོ་ཤེས་པས་བདུད་ཀྱི་གེགས་སེལ། སྐྱོན་ཡོན་ཏན་དུ་སློང་ཤེས། བར་ཆོད་དངོས་གྲུབ་ཏུ་ལེན་ཤེས་པའི་གདམས་ངག་ཅེས་བྱའོ། །བཞི་པ་ནི་བར་ཆད་དང་དངོས་གྲུབ་དོགས་པ་དང་རེ་བ་ཐམས་ཡི་གེའི་རྟེན་འབྲེལ་ཅད་བདག་ཉིད་ཀྱི་ལུས་ལ་རྩ་རླུང་གི་རྟེན་འབྲེལ་འགྲིགས་པ་ལས་བྱུང་བར་བླ་མ་དམ་པ་བསྟེན་པས་ཡིད་ཆེས་ཁྱད་པར་ཅན་སྐྱེས་ཏེ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་འཇུག་པའོ། །ད་ནི་རྟེན་འབྲེལ་ལྔ་རུང་བརྟེན་པའི་ལམ་ལས།
༦༨རྟེན་འབྲེལ་འགྲིག་པའི་ལུས་ཁྱད་པར་ཅན་ལ་བརྟེན་ནས་གཞི་གང་ཡིན་པ། རྟེན་འབྲེལ་གྱི་མཐའ་གང་ཡིན་པ། རྟེན་འབྲེལ་གཞན་དབང་རྟེན་འབྲེལཉིད་གང་ཡིན་པ། དེ་ལམ་བྱང་ཆུབ་ཆེན་པོའ་ལམ།བཞི་ལས་གང་ཡིན་པ། ཚད་མ་བཞི་ལས་ལོ་རྒྱུས་ཀྱི་ཚད་མ་གང་ཡིན་པ། རྟེན་འབྲེལ་དེས་ཀུན་གཞི་རྣམ་ཤེས་དག་པའི་ལོ་རྒྱུས་ཆེན་པོ།མཚོན་ཅིང་མངོན་དུ་བྱ་བའི་དོན། རྟེན་ཅིང་འབྲེལ་བར་འབྱུང་བ་དུ་ཞིག་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ནང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། གསང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། མཐར་ཐུག་རྟེན་ཅིང་འབྲེལ་བར་འབྱུང་བ།གིས་ལམ་ཡོངས་སུ་རྫོགས་པ་སྟེ་བདུན་གྱི་བསྟན་ལ། དེ་ཡང་རྡོ་རྗེའི་ཚིག་རྐང་དང་རིམ་པ་བཞིན་སྦྱར་རོ། །ད་ནི་ཐམས་ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པའི་ལམ་གྱི་བར་ཆད་སྲུང་བ་ནི། ཐབས་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པ་ལ་བར་ཆད་བཞི་ལ་སྲུང་བ་བརྒྱད། ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པ་ལ་བར་ཆད་བཞི་ལ་སྲུང་བ་བརྒྱད། རྣལ་འབྱོར་པ་གཉིས་ཐུན་མོང་དུ་སྲུང་བ་བཅུ་བཞི་སྟེ། འཇིག་རྟེན་པའི་ལམ་མན་ཆད་སྲུང་བ་སུམ་ཅུ་ཐམ་པས་སྲུང་བ་ཡིན་ནོ། །དེ་ལ་ཐབས་ཀྱི་ཕྱོགས་སུ་ལྷུང་བ་ཞེས་པ་ལ་སོགས་པས་དང་པོ་བསྟན་ཏེ། དེ་ལ་ཐབས་ཀྱི་ཕྱོགས་སུ་ལྷུང་བ་ནི། མོས་དང་པོ་ནས་སྐུ་ལྔ་ལ་སོགས་པ་ལ་དང་པ།པའམ་འཇུག་པས་ལྷུངས་པའམ། ཉམས་མཐོང་སྣང་དུ་མ་སོགས།ཀྱིས་ལྷུངས་པ་གཉིས་སོ། །གང་ཟག་དེ་ལ་དུས་བཞིར་བར་ཆད་བཞི་འཇུག་སྟེ། ལམ་ལ་ཐུན་བཞི་སོགས་འཇུག་པ་ན་འཇིག་རྟེན་པའི་ཆོས་ཀྱི་བར་ཆད། ལམ་དུ་ཞུགས་པ་ན་ཉམས་སྐྱེས་ཕན་ཆད་ཕྱི་རོལ་བདུད་ཀྱི་བར་ཆད། སེམས་ཅུང་ཟད་འཕེལ་བ་བདུད་སྟོབས་འཕེལ་བའི་བར་ཆད། སེམས་བརྟན་པ་ཏིང་ངེ་འཛིན་ངོ་མ་བར་མ་དང་ཐ་མ་ནའོ། ཤེས་པའི་བར་ཆད་དོ། །དང་པོ་ལ་གཉིས། གཉེན་འདུན་དང་འབྲེལ་པ་ལ་སོགས་པའི་གདུངས་པས་ལམ་ལས་བཟློག་ཅིང་ཟང་ཟིང་ལ་འཇུག་པའོ། བར་ཆད་དང་། བླ་མ་དང་གྲོགས་ཀྱི་བར་ཆད་དོ། བྱ་བ་ལ་འཛུད་པ། དང་པོ་ནི།
༦༩ཟང་ཟིང་གི་སྦྱིན་པ་ཕྲ་མོ་སྔོན་དུ་འགྲོ་བའི་དད་པ་བརྟན་པོས་སྲུངས། གཉིས་པ་ནི་ཟང་ཟིང་གི་སྦྱིན་པ་དང་བརྩེ་བའི་སེམས་སྔོན་དུ་འགྲོ་བའི་དད་པ་བརྟན་པོས་བསྲུང་ངོ་། །ཕྱི་རོལ་བདུད་ཀྱི་བར་ཆད་ནི་རྡོ་རྗེའི་རྭ་བ་ལ་སྒྲུབ་ཐབས་སྤྱི་ལས་བྱུང་བ་སོགས་པས་སྲུང་འཁོར་སུམྦྷ་ནི་ལ་སོགས་པའི་སྔགས་བཟླས། བླ་མ་དང་གྲོགས་གཞན་རྐྱེན་ལ་ལྟོས་པའི་སྔགས་ནུས་པ་ཅན་གྱིས་གནང་བ་མདུད་ལ་སོགས་པ་སྟེ་གསུམ་གྱིས་ངེས་པར་བསྲུང་ངོ་། །དེ་དག་གིས་ཐབས་ཀྱི་བར་ཆད་ཐབས་ཀྱིས་སྲུང་བ་བཞིའོ། །བདུད་སྟོབས་འཕེལ་བའི་བར་ཆད་ནི། སྲུང་བའི་འཁོར་ལོ་གོ་འཕོ་དོན་དམ་པའི་སྲུང་འཁོར་དུ་བ་ཡིན་ཏེ། བར་དུ་གཅོད་བྱའི་བདག་དང་། གནོད་བྱེད་ཀྱི་བདུད་དང་། བར་ཆད་དང་གསུམ་ཡང་། སེམས་སུ་ཤེས་པ། སྒྱུ་མར་ཤེས་པ། རང་བཞིན་མེད་པར་ཤེས་པ་གསུམ་གྱིས་བསྲུང་སྟེ། དེ་ལྟར་ན་ཐབས་ཀྱི་བར་ཆད་ཤེས་རབ་ཀྱིས་སྲུང་བ་གསུམ་མོ། །སེམས་བརྟན་པ་ན་ཀྵ་ཡིག་ལ་སོགས་པའི་གནས་སུ་རླུང་སེམས་མཉམ་པར་འདུས་པས་སྲིན་པོ་དང་ཤ་ཟས་རྡེག་པ་ལ་སོགས་པ་མི་འཚམས་པ་བྱུང་བ་ནི། ཏིང་ངེ་འཛིན་ངོ་ཤེས་དེ་ཉིད་ཏིང་ངེ་འཛིན་དུ་པས་བསམ་གཏན་གྱི་གེགས་སེལ། གུད་ན་མེད་བར་དོ་མེད་པར་ངོ་ཤེས་པས་བདུད་ཀྱི་གེགས་སེལ། སྐྱོན་ཡོན་ཏན་དུ་སློང་ཤེས། བར་ངོ་མ་ཤེས་ན།ཆད་དངོས་ཤེས་ན་གྲུབ་ཏུ་སློང་ཤེས་པས་བར་ཆད་ཞི་སྟེ། མདོར་ན་གཞན་དབང་རྟེན་གསུམ་ཀའམ་གང་རུང་གཅིག་འབྲེལ་ཤེས་པས་བསྲུང་ངོ་། །དེ་ལྟར་ན་སྲུང་བ་བརྒྱད་ཀྱང་གསུམ་དུ་འདུ་གསུངས་མ་ཤེས་པའང་། ཏེ། ཐབས་ཀྱི་བར་ཆད་ཐབས་ཀྱིས་སྲུང་བ་བཞི། ཐབས་ཀྱི་བར་ཆད་ཤེས་རབ་ཀྱིས་སྲུང་བ་གསུམ། ཐབས་ཀྱི་བར་ཆད་རྟེན་འབྲེལ་གྱིས་སྲུང་བ་གཅིག་སྟེ་བརྒྱད་གསུམ་དུ་བསྡུའོ། །ཤེས་རབ་ཀྱི་ལམ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཡང་གང་ཟག་ནི་གཉིས་ཏེ། མོས་པའམ་འཇུག་པས་ཤེས་རབ་ཀྱི་ཕྱོགས་སུ་ལྷུངས་པ་དང་། ཉམས་ཀྱིས་
༧༠ཤེས་རབ་ཀྱི་ཕྱོགས་ལྷུངས་པའོ། །དེ་གཉིས་ལའང་བར་ཆད་བཞི་འཇུག་སྟེ། ཉམས་ན་ཚ་སོགས།དང་སྡུག་བསྔལ་སྐྱེད་པའི་བར་ཆད། གཟུགས་དུ་མ།སྟོན་པའི་བར་ཆད། སྒྲ་བརྗོད་པའི་ལུང་སྟོན་པ་ལ་སོགས་པ།བར་ཆད། ལྟ་གྲུབ་སྒྱུར་བའི་བར་ཆད་དོ། །དེ་དག་ལ་སྲུང་བ་རིམ་པས་འཇུག་སྟེ། སད་པ་བཞིའོ། །དེ་ཡང་འོག་ཏུ་སྦྱར་ལ། ཤེས་རབ་ཀྱི་ལམ་ལ་ལྷའི་བུའི་བདུད་འོང་པས། སད་པ་བཞིའི་སྲུང་ཞེས་པ་དང་འབྲེལ་ལོ། དེ་ལ་སད་པ་བཞི་ནི། ཉམས་ཀྱིས་སད་སྲུང་འཁོར་གསུམ་གྱིས་བསྲུང་། ལམ་སྒོམ་དུས་ན་བ་སོགས་བྱུང་ན་ཡིན། ཏིང་ངེ་འཛིན་གྱིས་སྲུང་། སྔགས་མར་མོ་སད་ན་ཡིན།ཀྱིས་སད། ལྟ་བཞི་པའི་མ་ཤེས་ན་ཡིན།གྲུབ་ཀྱིས་སད་དོ། །ཡན་ལག་གི་དོན་ཅུང་ཟད་བརྗོད་ན། ཕྱིའི་བདུད་ཅེས་བྱ་བ་ནི། དང་པོ་ནས་ནག་པོའ་ཕྱོགས་བར་ཆད་འབའ་ཞིག་བྱེད་པ་ལོག་འདྲེན་ནོ། །ལམ་གཉིས་ལྟ་གྲུབ་བརྒྱད་སྒྱུར་བ་ནི་བར་ཆད་བཞི་པ་ཡིན་ལ། བར་ཆད་གསུམ་ནི་ཤུགས་ཀྱི་ཤེས་པར་བྱའོ། །ད་ནི་ནང་གི་བདུད་ཅེས་སྨོས་པས་ཡང་བར་ཆད་སྔ་མ་ལྟ་བུ་བཞི་ལ་སྲུང་བ་ནི། དབང་བཞིས་བརྡས་བསྲུང་སྟེ། དེ་ལ་ནང་གི་བདུད་ནི་ཕན་མཉེས་ན།འདོགས་པ་དང་གནོད་མ་མཉེས་ན།པ་སྐྱེལ་བའམ། ཚར་བཅད་པ་དང་རྗེས་སུ་བཟུང་བ་གཉིས་ཀ་བྱེད་པ་སྟེ། ནང་གི་བདུད་ཅེས་བྱ་ལ། གེགས་ཞེས་ཀྱང་བྱའོ། །ལམ་ལ་སྩོགས་པ་བཅུ་ཡང་སྔ་མ་བཞིན་ནོ། བརྡ་ཤེས་པ་བསྲུང་བ་ནི། ལུས་བརྡ་ལ། ལྔ་བསྡུས་རྩེ་དབང་བཞི་དང་རིམ་པ་བཞི་སྦྱར། མོ་མནན་པ་དང་། །མཐེབ་སྲིན་ཨེ་གསང་དབང་གི་དུས་སུ་བླ་མས།ལ་རིག་བྱེད་གཅིག །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། །མཛུབ་མོས་ནམ་མཁའ་མཚོན་པའོ། །ངག་བརྡ་ལ། སོར་མོ་ལྔ་ནི་ཕྲལ་ཏེ་བསྟན། །རྡོ་རྗེ་ཁུ་ཚུར་མི་ཕྱེད་འགྱུར། །རྡོ་རྗེ་རྩེ་གསུམ་ཕྱར་ཏེ་བསྟན། བྱང་ཆུབ་སེམས་ལ་བཞག་གམ། །མཛུབ་མོས་ནམ་མཁའ་མཚོན་པའོ། །ངག་བརྡ་ལ། ཀ་ལ་ཤ་ཨ། ཡ་ར་ལ་
༧༡ཝ། ཨེ་བཾ་མཱ་ཡཱ། ༀ་ཨཱཿཧཱུྃ་ཧོཿༀ་བཞི་སྡེ་ཚན་ནི་རྣམ་དབང་རེ་རེ་ལ་ཡི་གེ་བཞི་བཞི། པ་བཞིར་ཤེས་བྱ། བར་ཆད་ངེས་པར་སྲུང་བའོ། །དེ་དག་གིས་ནི་ཐབས་ཤེས་རབ་ཀྱི་ཕྱོགས་སུ་ལྷུངས་པའི་སྲུང་བ་བརྒྱད་བརྒྱད་བཅུ་དྲུག་བསྟན་ཏོ། །ད་ནི་རྣལ་འབྱོར་པ་གཉིས་ཐུན་མོང་གི་སྲུང་བ་བཅུ་བཞི་ལ། གྲིབ་དང་སྒྲིབ་པ་ཐིག་ལེ་འཛག་པ་སྲུང་ཞེས་བྱ་བ་སྨོས་ཏེ། གྲིབ་མ་དྲུག །གཙོ་བོར་འདུས་པ་དང་པོ་ལ། ཐིག་ལེ་འཛག་པ་དྲུག་གཙོ་བོར་བར་པ་ལ། སྒྲིབ་པ་གཉིས་བསྲུང་ངོ་། །གཙོ་བོར་ཐ་མ་ལ། དེ་ལ་གྲིབ་མ་དྲུག་ནི། དམ་ཚིག་གི་གྲིབ། གདོན་གྱི་གྲིབ། གྲོགས་ངན་གྱི་གྲིབ། ཟས་ཀྱི་གྲིབ། གནས་ཀྱི་གྲིབ། །རོ་ཡི་གྲིབ་བོ། །དེ་ལ་དང་པོ་གྲིབ་མ་ཆེན་པོ། བར་པ་བཞི་འབྲིང་། ཐ་མ་ཆུང་ངུའོ། །དེ་ལ་གྲིབ་མ་གསུམ་རྨི་ཉམས་སུ་རྟོགས་པར་འགྱུར་ཏེ། གང་མི་འབུ་སྦུར་སོགས་གཙང་བར་བརྟག་པས་ལུས་ལ་ཆེན་པོ། གོས་ལ་འབྲིང་། གནས་ཁང་ལ་སྦགས་པར་འགྱུར་ན་ཆུང་ངུའོ། །ཡང་གྲིབ་མ་དྲུག་རྨི་ཉམས་སུ་ཡང་སོ་སོར་རྟོགས་པར་འགྱུར་རོ། །དེ་ལ་གྲིབ་མ་ཆེན་པོས་སྲོག་འཕྲོག །འབྲིང་གིས་ལུས་སེམས་ལ་སྡུག་བསྔལ་བསྐྱེད། ཏིང་ངེ་འཛིན་འཕྲོག །ཆུང་ངུས་ཀྱང་ཏིང་ངེ་འཛིན་ཉམས་མི་སྐྱེ།འཕྲོག་གོ །དེ་ལ་གྲིབ་མ་སེལ་བ་ནི། གྲིབ་མ་ཆེན་པོ་དབང་བླ་མ་ལས།གིས་སེལ། འབྲིང་ཚོགས་དམ་ཚིག་མཁའ་འགྲོ་ལ། ཀྱིས་སེལ། ཆུང་ངུ་ཁྲུས་རང་གིས་སྙིང་པོ་བཟླས་པའོ། ཀྱིས་སེལ་ལོ། །དེ་ལ་ཁྲུས་ཀྱི་སེལ་བའི་དབང་དུ་བྱས་ཀྱང་། གདོན་གྱི་གྲིབ་མ་ཆེ་འབྲིང་ཆུང་གསུམ་ལ། གྲིབ་མ་ཆེན་པོ་ལ་བུམ་པའི་ཆོ་ག་ཇི་ལྟ་འབྲུ་སྨན་སོགས།བ་བཞིན་བྱ་སྟེ། དྲག་པོའ་སྦྱིན་སྲེག་གི་ཐལ་བ། བཙན་དུག །མི་རུས་ཕྱེ་མ། ཉུངས་ཀར་དང་། དེ་རྣམས་བླུགས་ལ་དྲི་ཞིམ་པོའ་ཆུ་ཡིས་བཀང་། ལྷག་པའི་ལྷའི་སྙིང་པོ་མང་དུ་བཟླས་ཏེ། དུས་གསུམ་དུ་ཁྲུས་བྱས་ན་སིལ། འབྲིང་ནི་རྒྱས་པའི་སྦྱིན་སྲེག་གི་ཐལ་གསུམ་པའི་དོད་པས་སོ། །
༧༢་ཆུང་ངུ་ཞི་བའི་སྦྱིན་སྲེག་གི་ཐལ་བས་སོ། །རིམས་ནད་བཅད་པ་ལ་སོགས་པ་ལ་ནི་དབང་གི་སྦྱིན་སྲེག་གི་ཐལ་བས་ཏེ་ཆོ་ག་ཇི་ལྟ་བ་བཞིན་བྱའོ། གུད་དུ། །གྲིབ་མ་སྤྱི་སེལ་བ་ཡང་དབང་གི་སེལ། དུས་ཁྱད་པར་ཅན་གྱི་ཚོགས་དང་ཁྲུས་ཀྱིས་སྔགས་མང་དུ་བཟླས།ཀྱང་སེལ། སཱཙྪས་ཀྱང་སེལ་ཏེ། ཕྱེད་ནི་གནས་དབེན་པར་བཞག་ཅིང་། ཕྱེད་ཆུ་བོར་དོར་བར་བྱའོ། །གཞན་ཡང་སྲོག་ཆགས་ཀྱི་ཚེ་བསྐྱབ་པ་དང་། ངག་གི་སྨྲེ་བཤགས་ཡི་གེ་བརྒྱ་པ་སོགས་ལ་སོགས་པས་ཀྱང་སེལ་ལོ། །འདི་དག་ནི་ལྷ་གྲངས་དང་མཐུན་པ་ལ།ཁམས་འདུས་པ་དང་པོ་ལ་གཙོ་བོར་བར་དུ་གཅོད་པས་གྲིབ་མ་བསལ་བ་ཤིན་ཏུ་གཅེས་སོ། །ཐིག་ལེ་འཛག་པ་དྲུག་ནི། བདེ་བ་སྐྱེས་ཏེ་གང་བས་འཛག །གདོན་དང་བག་ཆགས་ཀྱི་རྨི་ལམ་དུ་འཛག །ནད་གཞིའི་གྲང་བ།ཆུ་དང་བསྡོངས་ཏེ་འཛག །རིག་མའི་རྐྱེན་ཡུལ་སྡུག་པ།གྱིས་ཆགས་པ་སྐྱེས་ཏེ་འཛག །ཁ་ཟས་རྩུབ་པ།མི་མཐུན་པས་རང་ཉམས་ཏེ་འཛག །སྤྱོད་ལམ་ངལ་དུབ་སོགས་གྱིས་རྡུལ་དང་བསྡོངས་ཏེ་འཛག་གོ །དེ་ལ་སྲུང་བ་ནི། དང་པོར་འགྱུར་བ་རྣམ་པ་དྲུག །དག་འདྲེན་པ། ཞི་དྲག །ཁྱད་པར་དུ་སྟོབས་ཀྱི་ཧཱུྃ་ལ་སོགས་པས་བསྲུང་ངོ་། །གཉིས་པ་ནི་གུ་གུལ་ནག་པོ། །མིའི་ཀླད་པ། ཉུངས་ཀར་བསྲེགས་དང་པོ་ཉུངས་ཀར་བསྲེགས། དེ་ནས་གུ་གུལ། །དེ་ནས་གཞན་རྣམས། པའི་ཐལ་བ། པདྨའི་རཀྵ། དེ་སྦྱོར་བ་ལེགས་པར་བྱས་ལ། སྲོད་ཀྱི་དུས་སུ་གསང་གནས་དང་སྐེད་པ་ལ་ལེགས་པར་བྱུག །ཡང་སྐུད་པ་ནག་པོ་གཅིག་ལ་མདུད་པ་ཉི་ཤུ་གཅིག་བྱས་ལ། ལྷག་པའི་ལྷའི་སྙིང་པོ་མང་དུ་བཟླས་ཏེ་སྐེད་པར་བཅིང་ངོ་། །བག་ཆགས་ལ་བུད་མེད་ཀྱི་དྲི་མས་སོ། །གཞན་ལུས་ཀྱི་སྤྱོད་ལམ་ཙོག་པུ།དང་བྱ་བའི་རྒྱུད་དང་ཐུན་མོང་ལ་སོགས་པས་བསྲུང་ངོ་། །གསུམ་པ་ནི་སྤྱིར་ཟས་བཅུད་ཅན་ལ་བརྟེན། ཚ་བ་གསུམ་གྱི་གམ་ཕྱེ་ལྟོ་སྟོང་ལ་ཅུང་ཟད་གཏོང་། གཅན་གཟན་ལ་སོགས་པ་དྲོ་བར་གྱུར་པའི་
༧༣རས་མས་གསང་གནས་དང་སྐེད་པར་དཀྲི། ལངས་ཏེ་གྲུ་མོ་སླེབ་པའི་སར་མེ་ལྔའམ་བདུན་གདབ། ངེས་པར་ཞི། བཞི་པ་སྲུང་བ་ནི་འགྱུར་བ་དྲུག །བགྲད་པའི་འདིའང་མིག་སྟེང་དུ་མཐས་ཁྱད་པར་དུ་སྲུང་བ་སྟེ། འདིའི་སྲུང་བ་གཞན་དང་པོ་དང་ཐ་མ་ལ་བྱུང་ཡང་རྣམས་དང་། བླ་མའི་ཞལ་ཁ་ཟས་དང་སྨན།གདམས་ཞིབ་ཏུ་ཤེས་པར་བྱའོ། འཛག་པ་གཉིས་ནི་སྔར་ཟས་དང་སྤྱོད་ལམ་གྱི་བདུད་རྩི་བརྟེན་པའི་སྐབས་སུ། བསྟན་པ་དང་ཁྱད་པར་མེད་པ་ཡིན་ནོ། །ཁམས་འདུས་པ་བར་པ་ལ་གཙོ་བོར་བར་དུ་གཅོད་པས་སྲུང་བ་ཤིན་ཏུ་གཅེས་སོ། །སྒྲིབ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པའོ། །དང་པོ་ནི་རྣམ་རྟོག་རྒྱུན་ཆགས་ཏེ། དེ་ནི་འཇུག་པ་སེལ་བ་ལ་སོགས་པ་གསུམ་གྱིས་སེམས་ཟིན་པས་བསྲུང་། ཤེས་བྱའི་སྒྲིབ་པ་ནི་ཏིང་ངེ་འཛིན་ཡིན་ཡང་ཉམས་སྐྱོན་ཅན་བརྒྱད་དེ། དེ་དག་ནི་བྱུང་རྒྱལ་གྱི་གནད་ཀྱིས་སྐྱོན་མེད་གསུམ་གྱིས་བསྲུང་ངོ་། །སྐྱོན་མེད་མ་སྐྱེས་ན་སྐྱེད་པའི་ཐབས་ཀྱང་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་དག་གིས་ནི་རེ་ཞིག་ཐུན་མོང་གི་སྲུང་བ་བཅུ་བཞི་བསྟན་ལ། སྤྱིའི་སྲུང་བ་སུམ་ཅུ་ཐམ་པ་བསྟན་ཏོ། །དེ་ལྟར་གཞུང་ཚོམ་བུ་བདུན་དུ་བཅད་ནས་འཁོར་འདས་ཐུན་མོང་གི་ལམ་བསྟན་ཏོ། །ད་ནི་འཁོར་ལོ་འཆམ་པ་འཇིག་རྟེན་པའི་ལམ་བསྟན་པ་ལས། དེ་ཡང་གཞུང་ཚོམ་བུ་བདུན་དུ་གསུང་ཡང་ལམ་སྤྱིའི་རྣམ་པར་གཞག་པ་ནི། ལམ་ཁྲིད་ལུགས་གསུམ། བགྲོད་ལུགས་གཉིས་སོ། །དེ་ལ་དང་པོ་ལ་གསུམ་སྟེ། རླུང་གིས་སེམས་རིག་པ་འདི་གོང་ནས་གོང་དུ་ལམ་ཁྲིད། ཁམས་བདུད་རྩིས་ལམ་ཁྲིད། རྩ་ཡི་གེས་ལམ་ཁྲིད་དོ། །དེ་ལ་དང་པོ་ནི་འཇིག་རྟེན་པའི་ལམ་གནད་དུ་ཁམས་འདུས་པ་དང་པོ་ལ་གནོད་པ་སྐྱེལ་བའི་རླུང་གིས་ཟུག་ཆེ།ལམ་ཁྲིད། བར་པ་ལ་ཕན་གནོད་ཟུག་འབྲིང་མེད་པའི་རླུང་གིས་ལམ་ཁྲིད། ཐ་མ་ཕན་འདོགས་པའི་རླུང་གིས་ནད་འདུས་པ་ལ་སོགས་པའི་
༧༤འཕེལ་བ་སེལ་བ་སོགས།ལམ་ཁྲིད་དེ། འཇིག་རྟེན་པའི་ལམ་མན་ཆད་འཆད་དོ། །དེ་ནས་ལོ་ཀ་པས་འདས་པའི་ལམ་ལ་ཟག་པ་མེད་པའི་རླུང་གིས་ས་དྲུག་ལམ་ཁྲིད། དེ་ནས་དབང་པོ་ས་བཞི་ལྔའི་རླུང་གིས་ལམ་ཁྲིད། དེ་ནས་སྟོབས་ལྔའི་རླུང་གིས་ལམ་ཁྲིད། དེ་ནས་སྲོག་དང་རྩོལ་ས་བརྒྱ་བ་རབ་ཏུ་ཐིམ་པའི་རླུང་གིས་ལམ་ཁྲིད་དེ། དེ་ནས་ནི་རླུང་གི་འགྲོས་ཐིམ་ས་བཅུ་གསུམ་པ་ལ།ནས་ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་འགྱུར་རོ། །གཉིས་པ་ཁམས་བདུད་རྩིས་ལམ་ཁྲིད་པ་ལ་ཡང་ཁམས་འདུས་པ་དང་པོ་ལ་ཁམས་དྭངས་སྙིགས་མ་ཕྱེད་པས་ལམ་ཁྲིད། བར་པ་ལ་ཅུང་ཟད་དྭངས་པས་ལམ་ཁྲིད། ཐ་མ་ལ་ཕལ་ཆེར་དྭངས་པས་ལམ་ཁྲིད་དེ། ལོ་ཀའི་ལམ་མན་ཆད་དོ། །དེ་ནས་ལོ་ཀ་ལས་འདས་པའི་ལམ་ལ་ཁམས་དྭངས་མས་ལམ་ཁྲིད། དེ་ནས་བདུད་རྩིའི་བཅུད་ཀྱིས་ལམ་ཁྲིད། དེ་ནས་ཁམས་དྭངས་མ་ཆེན་པོས་ལམ་ཁྲིད། དེ་ནས་དྭངས་མའི་དྭངས་མ་ཆེན་པོས་ལམ་ཁྲིད། དེ་ནས་བདུད་རྩིའི་འགྲོས་ཐིམ་ནས་དྭངས་མ་མཆོག་ཏུ་འགྱུར་རོ། །གསུམ་པ་རྩ་ཡི་གེས་ལམ་ཁྲིད་པ་ལ། ཡང་ཁམས་འདུས་པ་དང་པོ་ལམ་ངེས་པ་འཁྲུལ་སྣང་དུ་འཆར་བའི་ཡི་གེས་ལམ་ཁྲིད། གཉིས་པ་ལ་ངེས་པ་མཐོང་སྣང་དུ་འཆར་བས་ལམ་ཁྲིད། གསུམ་པ་ཤིན་ཏུ་ངེས་པ་གསལ་སྣང་དུ་འཆར་བས་ལམ་ཁྲིད་དེ། དེས་ལོ་ཀ་བའི་ལམ་མན་ཆད་ཆོད་དོ། །དེ་ནས་ལོ་ཀ་ལས་འདས་པའི་ལམ་ལ་ཡི་གེའི་སྟོབས་ཅུང་ཟད་དག་པས་ཁྲིད། དེ་ནས་ཡི་གེའི་སྟོབས་དག་པས་ལམ་ཁྲིད། །དེ་ནས་ཡི་གེའི་སྟོབས་ཆེར་དག་པས་ལམ་ཁྲིད། དེ་ནས་ཡི་གེའི་འགྲོས་ཐིམ་ནས་མི་ཤིགས་པའི་ཡི་གེར་འགྱུར་རོ།། །།ད་ནི་ལམ་འགྲོད་ལུགས་གཉིས་ལས། ལུང་སྒོ་བསྟུན་གྱི་དབང་དུ་བྱས་ནས་ལམ་ལྟར་ན་ལྔས་བགྲོད་དོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལྟར་ལམ་བགྲོད་དོ། །དང་པོ་ལ་ཕྱི་དབྱིབས་གསུམ་པ་ཡོད།ཀྱི་ཚོགས་ལམ་སོགས་པ་ཚོགས་ལམ་བཞི། སྦྱོར་ལམ་རྣམ་རྟག་སྔོན་ཕ་རོལ་ཏུ་ཕྱིན་པ་དང་
༧༥དུ་སོང་བ་ལ་སོགས་པ་དྲོད་གསུམ། ཕྱི་རྟོགས་པ།ནང་གི་རྩེ་མོ་གཉིས། མ་སྐྱེས་པའི་དབུ་མར་རླུང་འདུས་པ།ཆོས་ལ་བཟོད་པར་དཀའ་བ་སྟོང་པ་ཉིད་ཀྱི་བཟོད་པ་གཅིག །འཁོར་བའི་སྤང་བྱ།ཆོས་ལས་འདས་པའི་ཆོས་མཆོག་དང་། མྱ་ངན་ལས་འདས་པའི་བླང་བྱ། ལམ་ཆོས་རྣམས་རྫོགས་པའི་ཆོས་མཆོག་གཉིས་ཏེ། དེ་ལྟར་ན་ལམ་ཚོགས་སྦྱོར་གཉིས་ཀྱིས་འཇིག་རྟེན་པའི་ལམ་མན་ཆད་ཆོད་དོ། །རྟགས་གསུམ་དང་པོས་མཐོང་ལམ། རྟགས་གསུམ་ཕྱི་རྟགས་སོགས་ཕྲག་བཅུ་གཅིག་གིས་སྒོམ་ལམ། འགྲོས་བཞི་ཐིམ་པས་མཐར་ཕྱིན་གྱི་ལམ་མོ། །གཉིས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལྟར་ལམ་བགྲོད་ན། དང་པོ་རྫུ་འཕྲུལ་གྱི་རྐང་པ་བཞིས་སྣང་བ་དགྲར་ལངས་ཀྱི་གཉེན་པོར་འགྱུར། དེ་ནས་སྟོང་པ་དགྲར་ལངས་ནས་དྲན་པ་ཕ་རོལ་ཏུ་ཕྱིན་པ་ལས་གོ་ལྡོག་སྟེ་ལམ་མྱུར་ཏུ་བྱེད་པ།ཉེ་བར་བཞག་པ་བཞི། དེ་ནས་བདེ་བས་རྒྱལ་བ་ན་ཡང་དག་པར་སྤོང་བ་བཞི་སྟེ། བཅུ་གཉིས་ཀྱིས་ལོ་ཀའི་ལམ་མན་ཆད་ཆོད་དོ། །དེ་ནས་ལོ་ཀ་ནས་འདས་པའི་ལམ་ལ་ས་དྲུག་མན་ཆད་བྱང་ཆུབ་ཀྱི་ཡན་ལག་བདུན། ལ་བརྩིས། ས་བཞི་ལ་དབང་པོ་རླུང་ལ་རྩིས།ལྔ། ས་གཉིས་ལ་སྟོབས་ལྔ། བཅུ་གསུམ་གྱི་ས་ཕྱེད་ལ་བརྟེན་པ་རྣམ་པར་ཤེས་པ་བརྒྱད་དེ་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཉི་ཤུ་རྩ་ལྔས་ལོ་ཀ་ལ་འདས་པའི་རྩ་ལམ་ཆོད་དོ། །ད་ནི་ཡན་ལག་གི་དོན་རིམ་གྱིས་རླུང་ལ།བརྗོད་པ་ལས། ཚོགས་ལམ་ཞེས་བྱ་བ་སྟེ། ཚོགས་ལམ་ནི་བཞི་སྟེ། ཕྱི་དབྱིབས་ཀྱི་ཚོགས་ལམ་ལྷ་དང་བླ་མ་ཐ་མི་དད་དུ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ། མཆོད་པ་ལྔ་བྱས་པ་ནས་བཟུང་སྟེ་ཚོགས་ལམ། བསྐྱེད་རིམ། ནང་སྔགས་ཀྱི་ཚོགས་ལམ་སྟེ། ཙཎྜ་ལཱི། ལྟེ་བའི་གནས་སུ་རླུང་སེམས་ཚོགས་པ་ནས་བཟུང་སྟེ་ཚོགས་ལམ། གསང་དབང་གི་ཚོགས་
༧༦ལམ་སྟེ་ཡུམ་གྱི་ཕྱག་རྒྱ།མཁར་རླུང་སེམས་འཚོགས་པ་ནས་བཟུང་སྟེ་ཚོགས་ལམ། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་ཚོགས་རྦ་རླབས།ལམ་སྟེ་དགྱེས་སྩོགས་པད་ཅན་བཅུ་གཉིས་མའི་མཆོག་གི་ཟེ་བར་རླུང་སེམས་ཚོགས་པ་ནས་བཟུང་སྟེ་ཚོགས་ལམ་མོ། །མདོར་ན་ཏིང་ངེ་འཛིན་སྐྱེ་བའི་ལམ་ཞེས་བྱ་བར་བཞེད་དོ། །ལམ་དེས་སྦྱོར་ལམ་དྲོད་དང་འབྱོར་པར་འགྱུར་བས་ན་དྲོད་རྣམ་རྟོག་སྔོན་དུ་སོང་ལ་སོགས་གསུམ་ལ་ཆེ་འབྲིང་ཆུང་གསུམ་གྱི་བྱེ་བྲག་གིས་ཁམས་འདུས་པ་གསུམ་ཆེན་པོ་ལ་འབྲས་བུ་འབྱུང་།རིམ་གྱིས་འཇུག་པས་དེ་དག་གི་ཡོན་ཏན་རྣམས་འབྲས་བུ་བཞིར་འཆར་བ་ནི།ཐ་ལམ་པའི་ལུས་ངག་ཡིད་དང་བྲལ་བའི་འབྲས་བུ་བཞི་ཐོབ་ནས་ཞེས་སྨོས་ཏེ། དེ་ལ་སྤྱིར་རྒྱུ་དུས་ན་འཆར་བའི་འབྲས་བུ་བཞི། གྲུབ་མཐའ་དང་པོ་ལ་འཆར་བའི་འབྲས་ཆུང་བ་ལ་ཡུལ་གྱི་རྐྱེན་གྱིས་གནོད།བུ་བཞི། གྲུབ་མཐའ་སོ་སོ་ལ་འཆར་བའི་འབྲས་བུ་བཞིའོ། །དེ་ལ་དང་པོ་ནི། ཐ་མལ་པའི་ལུས་ངག་ཡིད་གསུམ་དང་བྲལ་བས་བྲལ་བའི་འབྲས་བུ། ཀུན་གཞི་དུད་འགྲོའི་སྐད་ཤེས་པ་སོགས།ལ་ཡོད་པ་རང་ལ་སྨིན་པས་རྣམ་པར་སྨིན་པའི་འབྲས་བུ། །ཇི་ལྟར་བྱས་པ་བཞིན་མྱོང་བས་རྒྱུ་མཐུན་ལྷན་ཅིག་སྐྱེས་པའི་སྡུག་བསྔལ་གྱི་རྐྱེན་གྱིས་བདེ་བ། འབྲས་བུ། སྐྱེས་བུའི་རྩོལ་ཆོས་བརྒྱད་ལ་ཞེན་པ་ཆུང་།བ་ལས་བྱུང་ཞིང་སྡང་བྱ་མི་མཐུན་པའི་ཕྱོགས་སྣང་བ་སོགས་འཆར།སྤོང་བས་སྐྱེས་བུ་བྱེད་པའམ་དྲི་མ་མེད་པའི་འབྲས་བུའོ། །དེ་ལ་དང་པོ་ནི་དྲོད་ཉམས་རིམ་གྱིས་བརྟན་པར་གྱུར་པ་ལས་བདག་གཞན་གྱི་ལུས་ལྷར་འཆར། ངག་སྔགས་སུ་འཆར། སེམས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུན་མི་འཆད་དེ་འབྲས་བུ་དང་པོའོ། །ཡང་དེ་ཙམ་ན་དུད་འགྲོ་ལ་སོགས་པའི་སྐད་ཅི་རིགས་པར་གོ །ཅི་རིགས་པར་སྨྲ་ཤེས་སྣང་བ་གང་ལ་ཡང་ཐོགས་པ་མེད་པ་སྙམ་བྱེད་པ་འབྱུང་སྟེ། །འབྲས་བུ་གཉིས་པའོ། །ཡང་དེ་ཙམ་ན་ལུས་ལ་བདེ་བ་རྒྱུན་མི་འཆད། སྡུག་བསྔལ་གྱི་རྐྱེན་གྱིས་ཀྱང་བདེ་བ་སྐྱེ་སྟེ། འབྲས་བུ་གསུམ་པའོ། །ཡང་དེ་ཙམ་ན་ཉོན་མོངས་པ་
༧༧གློ་བུར་བཟློག་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པའི་བློ་ཡང་རིམ་གྱིས་འགག །གང་ལ་ཡང་ཞེན་པ་ཆུང་སྟེ། འབྲས་བུ་བཞི་པའོ། །གྲུབ་མཐའ་དང་པོ་ལ་འཆར་བའི་འབྲས་བུ་བཞི་ནི། སྤྲུལ་སྐུའི་སངས་རྒྱས་རྣམས་ཀྱི་ཞལ་ལྟ། བདག་ཉིད་ཀྱང་ལྷར་གསལ་བསྐྱེད་རིམ་བརྟན་ཏེ་ཐ་མལ་པའི་ལུས་དང་བྲལ། ངག་གི་གདུལ་བྱ་བརྒྱ་ལ་སོགས་པ་ལ་ཆོས་འཆད་དེ་ཐ་མལ་པའི་ངག་དང་བྲལ། སེམས་ལ་མཉམ་རྗེས་མེད་པའི་ཏིང་ངེ་འཛིན་སྐྱེ་སྟེ་ཐ་མལ་པའི་སེམས་དང་བྲལ་བས་འབྲས་བུ་དང་པོའོ། །ཡང་དེ་ཙམ་ན་རྩིག་པ་དང་རི་ལ་ཐོགས་པ་མེད། སྟོང་གསུམ་ཉུངས་འབྲུར་ཆུད་པ་ལ་ཆེ་ཆུང་མེད། གཅིག་ལས་མང་པོར་བྱེད་ཅིང་། མང་པོ་ལས་གཅིག་ཏུ་བྱེད་པ་ལ་སོགས་པ་འབྱུང་བས་འབྲས་བུ་གཉིས་པའོ། །ཡང་དེ་ཙམ་ན་རླུང་སེམས་དབུ་མར་ཆུད། བཙུན་མོས་ཕངས་ནས་འཁྱུད། ཟག་མེད་ཀྱི་བདེ་བ་རྒྱུན་མི་འཆད་པས་འབྲས་བུ་གསུམ་པའོ། །ཡང་དེ་ཙམ་ན་མཐོང་སྤོང་ལ་སོགས་པའི་རྣམ་པར་རྟོག་པ་ཅི་རིགས་པར་ལྡོག །སྤང་བྱ་མི་མཐུན་པའི་ཕྱོགས་སྟོབས་ཆུང་། གཉེན་པོ་ཡེ་ཤེས་སྟོབས་ཆེ། རྟོག་པའི་འགྲོ་ལྡོག་ཏུ་འགྱུར་བས་འབྲས་བུ་བཞི་པའོ། །གྲུབ་མཐའ་སོ་སོའ་འབྲས་བུ་བཞི་ནི། གྲུབ་མཐའ་བཞི་ཉིད་ལ་འབྲས་བུ་ཞེས་མིང་དུ་གདགས་པ་ཡིན་ནོ། །དེ་དག་ལས་ཀྱང་དྲོད་ཀྱི་སྐབས་སུ་དང་པོ་བཞི་གཙོ་བོར་འབྱུང་བས་དེ་ལྟར་གཟུང་ངོ་། །ད་ནི་ཏིང་ངེ་འཛིན་གྱི་རྒྱུ་དང་ཏིང་ངེ་འཛིན་ཉིད་དང་ཕན་ཡོན་ཐམས་ཅད་མདོར་བསྡུས་ནས་བསྟན་པའི་ལམ་ལྔ་རྫོགས་པ།ཕྱིར། ཁམས་འདུ་ལུགས་གསུམ་གྱིས་ཕྱོགས་མེད་རྣམས་དང་ཞེས་སྨོས་ཏེ། དེ་ལ་ཁམས་འདུ་ལུགས་གསུམ་ནི་རྒྱུ་དུས་སུ་ཏིང་ངེ་འཛིན་སྐྱེ་བ་སོགས།ལས་འཕྲོ་ཅན་རང་གིས་ཁམས་འདུ། མོས་གུས་ཅན་བླ་མ་ལ་སོགས་པ། བྱིན་རླབས་ཀྱིས་ཁམས་འདུ། བརྩོན་འགྲུས་ཅན་འབད་ཐུན་བཞི་སོགས། རྩོལ་གྱིས་ཁམས་འདུའོ། །དེ་ལ་ཕྱོགས་མེད་བདུན་
༧༨ནི་དང་པོ་ལ་སྦྱར་ན། ལས་འཕྲོ་ཕྱོགས་མེད་དུ་རྒྱུ་སད་པས་རླུང་ལྔ་ཏིང་ངེ་འཛིན་ཕྱོགས་མེད་དུ་ལྡོག །དེས་གཏུམ་མོའ་མེ་ཕྱོགས་མེད་དུ་འབར། དེས་རྩ་ཕྱོགས་མེད་དུ་དྲལ། དེས་ཁམས་ཕྱོགས་མེད་དུ་འདུ། དེས་ཟག་བཅས་ཀྱི་མངོན་ཤེས་ཕྱོགས་མེད་དུ་འཆར། དེས་ཟག་མེད་ཀྱི་མངོན་ཤེས་ཕྱོགས་མེད་དུ་འཆར་ཏེ་བདུན་ནོ། །དེ་བཞིན་དུ་མོས་གུས་ཕྱོགས་མེད་ལ་བདུན་དང་། བརྩོན་འགྲུས་ཕྱོགས་མེད་ལ་ཡང་བདུན་ཏེ་ཉི་ཤུ་རྩ་གཅིག་ཏུ་ཡང་འགྱུར་རོ། །དེ་ལྟར་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་དང་ལྡན་ན་ཚེ་འདི་ལ་གྲུབ་མཐའ་སྙོགས་སོ། །བཅུ་བཞི་དང་ལྡན་ན་བར་དོར་སྙོགས། བདུན་དང་ལྡན་ན་སྐྱེ་བ་བཅུ་དྲུག་ལ་སོགས་པ་ལ་གྲུབ་མཐའ་སྙོགས་པར་འགྱུར་རོ། །དེ་དག་ཀྱང་དང་པོ་རེ་རེ་ཏིང་ངེ་འཛིན་གྱི་རིང་བའི་རྒྱུ། བར་དུ་ལྔ་ལྔ་ཏིང་ངེ་འཛིན་གྱི་རང་གི་ངོ་བོ། །ཐ་མ་རེ་རེ་ཕན་ཡོན་ནམ་འབྲས་བུའོ།། །།ད་ནི་སེམས་གནས་ལུགས་གསུམ་བརྟན་པ་ལས། རླུང་སེམས་བདག་བྱིན་གྱིས་རླབས་ན་ཞེས་སྨོས་ཏེ། དེ་ཡང་རླུང་ལོག་པས་སེམས་གནས། རླུང་སེམས་བདག་བྱིན་གྱིས་རླབས་པས་སེམས་རྟེན་མཉམ་དུ་འདྲེས་པས་སེམས་གནས་ཏེ། དང་པོ་ནི་ཆུ་བཀག་པའམ་རྟ་དཔེར་བཟུང་བ་ལྟ་བུ། གཉིས་པ་ནི་དུག་གིས་བརྒྱལ་བ་ལ་སོགས་པ་ལྟ་བུ། གསུམ་པ་ནི་ཆུ་ལ་ཆུའམ་མར་ལ་མར་བཞག་པ་ལྟ་བུའོ། །དེ་ལ་ཐོག་མཐའ་གཉིས་ནི་འོག་ནས་འབྱུང་ལ། འདིར་ནི་རླུང་སེམས་བདག་བྱིན་གྱིས་རླབས་པ་བསྟན་ཏོ། །ད་ནི་ལུང་སྒོ་བསྟུན་གྱི་དབང་དུ་བྱས་ནས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལྟར་ལམ་བགྲོད་ན་ཞེས་སྨོས་ཏེ། བྱང་ཆུབ་ནི་ས་བཅུ་གསུམ་པའི་སྤངས་པ་དང་ཡེ་ཤེས། ཕྱོགས་ནི་རྒྱུ། སུམ་ཅུ་རྩ་བདུན་ནི་རྟེན་འབྲེལ་རླུང་ལ་སོགས་པ་ལ་བཞག་སྟེ་གྲངས་སོ། །དེ་ལས་དང་པོ་ལམ་མྱུར་ཏུ་འཇུག་པའམ། བགྲོད་པའི་དབང་དུ་བྱས་ནས་སྒོམ་པ་མི་འཆོར་བའི་རྫུ་འཕྲུལ་གྱི་རྐང་བཞི་ཞེས་སྨོས་ཏེ། བསྒོམ་པ་མི་འཆོར་བ་ནི་རྟེན་འབྲེལ་བདག་ཉིད་ལ་
༧༩འགྲིག་ཅིང་གང་ཡང་ཏིང་ངེ་འཛིན་ཡིན་པས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། སའི་རླུང་གིས་ཏིང་ངེ་འཛིན་ཁྱད་པར་ཅན་དུ་བ་ལ་སོགས།སྐྱེད་པས་སའི་རླུང་རྫུ་འཕྲུལ་གྱི་རྐང་པ་གསུམ་པོ་དེས་འགྲེ། དེ་ལ་ལས་ཀྱི་རླུང་ཞེས་བྱ་བ་ནི་ལོ་ཀ་པའི་ལམ་མན་ཆད་དུ་ལས་བཅུ་བྱེད་པས་ལས་ཀྱི་རླུང་ངོ་། །དེ་ལ་སྤྱིར་ལས་ཀྱི་རླུང་འཇུག་པ་རིགས་བཞི། རྣམ་པར་དབྱེ་བ་བཅུ། ཉམས་སུ་བླང་བའི་གནད་བདུན། མན་ངག་གི་གནད་བདུན་ཅུ་ཐམ་པའོ། །དེ་ལ་དང་པོ་ནི་ཕོ་གང་ཟག་གཅིག་གམ་སོ་སོ་ལ་རླུང་གིས་འཕར། མོ་རླུང་གིས་འདར། མ་ནིང་གི་རླུང་གིས་བརྟན། ཐོད་རྒལ་ཡེ་ཤེས་མེ་འབར་བའི་རླུང་འཇུག་པས་འཕྱོང་རྒྱུག་ལ་སོགས་པ་དུ་མ་བྱེད་དོ། །ཁམས་འདུས་པ་དང་པོ་ལ། ཞེས་བྱ་བ་ནི་ཕྲོང་བཞི་ལ་སོགས་པར་རླུང་སེམས་ཡབ་ཡུམ་བཅུ་དམ་ཚིག་བཞིར་གནས་པ། པ་དང་ཡེ་ཤེ་ཀྱི་མཁའ་འགྲོའི་བསྒོམ་པས་འཕེལ་ཏེ་བྱོན་ལཚུལ་འདུའོ། །རླུང་ཕོ་ལག་ཆ་ཅན་གྱིས་རྩ་དྲལ་ཞེས་བྱ་བ་དེ་ཙམ་ན་སྔར་བྱངས་པར་མ་གྱུར་པས་རྩ་རླུང་གི་ཟུག་འབྱུང་བ་སྟེ། དཔེ་ལས་ཀྱང་རྒུན་གྱི་རླུང་སོ་གྲང་བའི་རེག་བྱ་ཆེ་བ་བཞིན་ནོ། །སེམས་གནས་པ་སེམས་ཉམས། རྟ་རྨི་བ་རྨི་ཉམས་སོ། །རྩ་རླུང་གི་ཟུག་འབྱུང་བ་ལུས་ཉམས་སོ། །དེ་ལ་དོན་གྱིས་བསྟན་པ་རྣམ་པར་དབྱེ་བ་བཅུ་ནི། གཞི་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ་སྟེ་བཅུའོ། །ཉམས་སུ་བླང་བའི་གནད་བདུན་ནི། སྤྱིར་གང་ཟག་གཅིག་ལ་རླུང་བཞི་སྟེ། ཕྱིར་མི་ལྡང་བ་རྩ་སོགས་རེ་རེ་ལའང་།ནང་དུ་འཇུག་པ། གནས་པ། དེ་དག་བསྡོམས་པས་དབུགས་གཅིག་ཅེས་བྱ་སྟེ་བཞིའོ། །དེ་ལ་ཐ་མ་དང་པོར་བརྗོད་ན། ཉམས་བླང་། བསམ་གཏན་གྱི་ཡན་ལག་རྣམས་ཚང་བར་བྱས་ལ། དང་པོ་རྩོལ་ཕྱིར་རྒྱུ།བ་ནས་བཟུང་། དེ་ནས་སྲོག་ནས་བཟུང་། ནང་རྒྱུ། དེ་ནས། རྔན་དགས་ནང་དུ་རིང་རྒྱུ་སོགས།རིམ་གྱིས་སྦྱིན། ཉམས་ལུས་ཉམས་སོགས། ཐམས་ཅད་བྱུང་རྒྱལ་དུ་བསྐྱང་། ཡིད་འཇུག་ཡུལ་བརྟག །ཁམས་ཚོད་བཟུང་། དེ་བརྟན་ཞིང་
༨༠བོགས་དབྱུང་བའི་ཕྱིར་དབུགས་ཕྱིར་བཏང་ཞིང་གདམས་ངག་ནི་གཏོང་བའི་ཡན་ལག་ཡིན་ཏེ། དེ་ལ་གསུམ། རྩོལ་གཡས་བ་བཀག་སྟེ་སྲོག གཡོན་ནས་གཏོང་། ཤུགས་བསྐྱེད་ཤེས་པ་མཛོད་སྤུར་དེ་གཉིས་ཀ་ནས་གཏོང་ངོ་། །ཁ་ནས་སྒྲ་བཅས་སུ་ཡང་དྲངསགཏོང་ངོ་། །ཡང་བརྟན་ཞིང་བོགས་དབྱུང་བའི་ཕྱིར། ནང་དུ་འཇུག་པའི་གདམས་ངག་ནི་དགང་བའི་ཡན་ལག་ཡིན་ཏེ། དེ་ལ་གཉིས་ཁ་ནས་སྒྲ་མེད་དུ་དགང་། ཤེས་པ་ལྟེ་བའི་ༀ་ལ་བསྟིམ། རྩོལ་བ་བཀག་སྟེ་འབིར་བ་ཉིད་ཡོན་ཏན་འདི་ལས་སྐྱེས།སྲོག་ནས་དགང་ངོ་། །ཡང་བརྟན་ཞིང་བོགས་དབྱུང་བ་ལ་སོགས་པའི་ཕྱིར་རོ། །གཙོ་བོར་འཇུག་པ་དབུགས་གནས་པའི་གདམས་ངག་ནི་ཁ་སྦྱོར་ཡིན་ཏེ། དེ་ཡང་བསམ་གཏན་གྱི་ཡན་ལག་རྣམས་ཚང་བར་བྱས་ལ། དང་པོར་འོག་རླུང་བསྐུམ། དེ་ནས་སྟེང་རླུང་གཞུག །དེ་ནས་འོག་རླུང་བསྐུམ་ལ། གནད་དུས་མཉམ་དུ་འགྲོ་བ་དང་། དུས་མཉམ་དུ་མི་འགྲོ་བ་འཁྲུལ། འོག་མ་གློད་པར་སྟེང་འགྲོ་ན་འཁྲུལ་པར་ནང་དུ་འགྲོ་ཡོན་ཏན་སྐྱེ། གསུམ་མ་འཁྲུལ་བ་ཤིན་ཏུ་གཅེས། ཤེས་པ་ལྟེ་བའི་ཨ་ལ་སོགས་པ་ལ་གཏད་ལ། རྩོལ་བ་ཡང་རབ་རྒྱུན་མི་འཆད། རྩོལ་བ་རབ་ལ་དྲུག་ཅུ་རྩ་བཞི། འབྲིང་ལ་སུམ་ཅུ་རྩ་གཉིས་སུ་བཤད། རྩོལ་བ་ཐ་མ་ལ་ངེས་པ་མེད། ཅེས་བྱའོ། །ཉམས་ཐམས་ཅད་ཀྱང་རིམ་པ་ཡིན་མིན་དུ་སྐྱེ་བས་དྲོད་བྱུང་རྒྱལ་དུ་བསྐྱང་ངོ་། །གཞི་རྩ་བའི་རླུང་སྩོགས་བཅུ་ཟིན་པའི་བྱེ་བྲག་བདུན་གྱི་ཞེས་སྨོས་ཏེ། མན་ངག་གི་གནད་བདུན་ཅུ་ཐམ་པ་སྟེ། རླུང་རེ་རེ་ལ་མིང་གང་ཡིན་པ། གནས་གང་གནས་པ། ལས་ཅི་བྱེད་པ། དེ་ཟིན་པའི་ཟུག །ཏིང་ངེ་འཛིན་གང་ཡིན་པ། རེངས་པའི་སྐྱོན། བཅོས་པའི་ཐབས་ཏེ་བདུན་ནོ། །དེ་ལ་མིང་ནི་སྲོག་ཆུ་རླུང་འཛིན་པ། གནས་སྲོག་པ་རྩ་ན་གནས། ལས་ལུས་དང་སེམས་མི་འབྲལ་བར་བྱེད། ང་བདག་ཏུ་འཛིན་པར་བྱེད། དེ་ཟིན་པའི་ཟུག་ནི། སྙིང་འཆུ་ཞིང་སྤྲག །རོ་སྟོད་གཟེར་ཞིང་ན། ཁ་ཤུགས་འབྱིན་ནོ། །
༨༡ཏིང་ངེ་འཛིན་སྟོང་གསལ་ཡུན་རིང་བ་ཅིག་སྐྱེ། རེངས་ན་སྙིང་རླུང་ལ་སོགས་པར་འགྱུར་རོ། །བཅོས་པའི་ཐབས་ལ་གསུམ། ལ་དོར། བྱིན་གྱིས་རླབས། བདེ་བ་བསྒོམ་མོ། །མིང་ནི་མེ་དང་མཉམ་དུ་ས་རླུང་གནས་པ་ལྟེ་བ་ན་གནས། ལས་ཁ་ཟས་འཇུ་བར་བྱེད། དྭངས་སྙིགས་འབྱེད་པར་བྱེད། དེ་ཟིན་ན་ཟུག་ནི་འཕོ་བ་ལ་སོགས། འུར་སྒྲ་ལ་སོགས་པ་འབྱིན། ཏིང་ངེ་འཛིན་བདེ་སྟོང་ཡུན་ཐུང་བ་ཞིག་སྐྱེ། རེངས་ན་དམུ་ཆུ་ལ་སོགས་པར་འགྱུར། བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། །མིང་ནི་ཐུར་རླུང་གི་རླུང་། སེལ། གནས་གསང་གནས་ན་གནས། ལས་སིཧླ་དང་ག་པུར་འཕེན་པར་བྱེད། སྡོམ་པར་བྱེད། གཞི་མཉམ་དང་གླ་རྩི་འཕེན་པར་བྱེད། སྡོམ་པར་བྱེད། དེ་ཟིན་ན་ཟུག་ནི་འགྲོ་འོང་གི་བར་དུ་ཟུག་ཅིང་ན། ཏིང་ངེ་འཛིན་བདེ་སྟོང་ཡུན་རིང་བ་ཞིག་སྐྱེ། རེངས་ན་རོ་སྨད་བཤལ་ཅིང་མི་ཐེག །དྲི་ཆེན་དྲི་ཆུ་ལ་སོགས་པ་སྡོམ། བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། །མིང་མི་རླུང་ནི་གྱེན་དུ་རྒྱུ་བ། གནས་མགྲིན་པ་ན་གནས། ལས་སྨྲ་བ་དང་རྒོད་པར་བྱེད། ཁ་ཟས་འཕུལ་ཞིང་གྱེན་དུ་འདྲེན་པར་བྱེད་དོ། །དེ་ཟིན་ན་ཟུག་ནི་མགྲིན་པ་སྐྲང་ཞིང་ན། ཏིང་ངེ་འཛིན་ཤེས་པ་གསལ་སྟོང་ཡུན་རིང་བ་ཞིག་སྐྱེ། རེངས་ན་ལྐོག་འབྲས་ལ་སོགས་མི་རླུང་པར་འགྱུར། བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། །མིང་ནི་ཁྱབ་ནམ་མཁའི་རླུང་བྱེད། གནས་སྤྱི་བོ་དང་ཚིགས་ཆེན་བཅུ་གཉིས་ན་གནས། ལས་འཕྱོང་བ་དང་། རྒྱུག་པ་དང་། འདེགས་པ་དང་། འཇོག་པ་ལ་སོགས་པ་བྱེད། དེ་ཟིན་པའི་ཟུག་ནི་མགོ་བོ་ན། ཚིགས་ཀྱི་ཚོགས་ཐམས་ཅད་ན། ཏིང་ངེ་འཛིན་ལུས་བདེ་གསལ་གྱི་རྣམ་པར་སྐྱེ། རེངས་ན་ཡན་ལག་འཁུམས་ཤིང་སྒུར་པོ་ལ་སོགས་པར་འགྱུར་རོ། །བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། །དེ་དག་གིས་ནི་གཞི་རྩ་རླུང་ལྔའི་མན་ངག་གི་གནད་སུམ་ཅུ་རྩ་ལྔ་བསྟན་ཏོ། །ད་ནི་ཡན་ལག་གི་རླུང་ལྔ་ལས། མིང་ནི་རྒྱུ་བ།
༨༢གནས་མིག་གཉིས་ལ་གནས། ལས་གཟུགས་རབ་འབྲིང་གསུམ་རིག་པར་བྱེད། དེ་ཟིན་ན་ཟུག་ནི་མིག་དང་མིག་ཕུགས་སུ་ཟུག་ཅིང་ན། ཏིང་ངེ་འཛིན་ཡུལ་དེས་མི་གནོད་ཅིང་སླར་རྟོགས་པའི་ཡེ་ཤེས་ཀྱི་གྲོགས་བྱེད། རེངས་ན་ལོང་བ་ལ་སོགས་པར་འགྱུར། འདི་དག་ནི་ལྔ་ཀ་རྒྱུ་བ་བཅོས་པའི་ཐབས་ནི་སྔ་མ་བཞིན་ཏེ་བདུན་ནོ། །མིང་ནི་རབ་ཏུ་རྒྱུ་བ། གནས་རྣ་བ་གཉིས་ན་གནས། ལས་སྒྲ་རབ་འབྲིང་གསུམ་རིག་པར་བྱེད། དེ་ཟིན་ན་ཟུག་ནི་རྣ་གུང་གཟེར་ཞིང་ན། ཅུང་ཟད་ཐོས་པར་དཀའ། ཏིང་ངེ་འཛིན་ཡུལ་དེས་མི་གནོད་ཅིང་སླར་རྟོགས་པའི་ཡེ་ཤེས་ཀྱི་གྲོགས་བྱེད། རེངས་ན་འོན་པ་ལ་སོགས་པར་འགྱུར། སྐབས་སུ་རྣག་ཁྲག་འཛག །བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། །མིང་ནི་ཤིན་ཏུ་རྒྱུ་བ། གནས་སྣའི་འདོམས་ལ་གནས། ལས་དྲི་རབ་འབྲིང་གསུམ་རིག་པར་བྱེད། དེ་ཟིན་ན་ཟུག་ནི་སྣ་དང་སྣ་རུས་ན། ཏིང་ངེ་འཛིན་ཡུལ་དེས་མི་གནོད་ཅིང་སླར་རྟོགས་པའི་ཡེ་ཤེས་ཀྱི་གྲོགས་བྱེད། རེངས་ན་སྣ་ཞོམ་ཞིང་དྲི་མི་ཚོར། བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། །མིང་ནི་མངོན་པར་རྒྱུ་བ། གནས་ལྕེ་དང་ལྕེ་ཆུང་ལ་གནས། ལས་རོ་རབ་འབྲིང་གསུམ་རིག་པར་བྱེད། དེ་ཟིན་ན་ཟུག་ནི་ལྕེ་དང་ལྕེ་ཆུང་སྐྲངས་ཤིང་ན། ཏིང་ངེ་འཛིན་ཡུལ་དེས་མི་གནོད་ཅིང་སླར་རྟོགས་པའི་ཡེ་ཤེས་ཀྱི་གྲོགས་བྱེད། རེངས་ན་ལྐུགས་པ་ལ་སོགས་པར་འགྱུར། བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། །མིང་ནི་ཡང་དག་པར་རྒྱུ་བ། གནས་རྩ་དང་། པགས་པ་དང་། བ་སྤུའི་ཚོགས་ཐམས་ཅད་ལ་གནས། ལས་རེག་བྱ་རབ་འབྲིང་གསུམ་རིག་པར་བྱེད། དེ་ཟིན་ན་ཟུག་ནི་སྤུ་ལུས་ཐམས་ཅད་ཚ་ཞིང་འབྲབ་པ་ལ་སོགས་པ་འབྱུང་། ཏིང་ངེ་འཛིན་ཡུལ་དེས་མི་གནོད་ཅིང་སླར་རྟོགས་པའི་ཡེ་ཤེས་ཀྱི་གྲོགས་བྱེད། རེངས་ན་པགས་པ་འགོག་ཅིང་ཟ་འབྲུམ་ལ་སོགས་པར་འགྱུར། བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། །དེ་ལ་བཅོས་པའི་
༨༣ཐབས་དང་པོ་ལ་དོར་བ་ལ་གསུམ། རྩ་དེ་ཉིད་ཀྱི་གནས་སུ་ན་སར་གཏད་པ།ལ་དོར། རླུང་རྔན་དགས་བྱིན་ཏེ་ནང་དུ་རྔུབས་ཏེ་ན་སར་གཏད་པ།ལ་དོར། སེམས་ཉམས་ན་བ་ཉིད་ཏིང་ངེ་འཛིན་ཡིན་ལ།ཀྱི་དྲོད་བྱུང་རྒྱལ་དུ་ལ་དོར་རོ། །བྱིན་རླབས་ལ་དྲུག །བླ་མ་དམ་པས་བྱིན་གྱིས་སྤྱི་བོར་མོས་གུས་ཀྱི། བརླབ། ལྷག་པའི་ལྷས་ཡེ་ཤེས་པ་གཞུག་པ།བྱིན་གྱིས་བརླབ། ཕྱི་ནང་མཁའ་ཚོགས་ཀྱིས་མཉེས་པ།འགྲོས་བྱིན་གྱིས་བརླབ། ཐེག་པ་ཆེན་ངོ་མཚར་ཆེ་བས་ཡིད་ཆེས།པོ་ཟབ་མོ་མདོ་རྒྱུད་ཀྱི་ཚིག་གི་བྱིན་གྱིས་བརླབ། སྣང་བ་ངོ་མཚར་ཆེ་བསྣ་ཚོགས་ཀྱི་བྱིན་གྱིས་བརླབ། རྟེན་འབྲེལ་ཟབ་མོས་ལུས་སྦྱང་བ་སོགས་བྱིན་གྱིས་བརླབ་བོ། །བདེ་བ་སྒོམ་པ་ལ་གཉིས་ཏེ། སྟེང་དུ་ལོངས་མ་གཏོར་བཙལ་བ་དང་འདྲ།སྤྱོད་ཀྱི་རླབས་ལ་བརྟེན་ནས་བདེ་བ་སྒོམ། འོག་ཏུ་གསང་བའི་སྙོམས་འཇུག་ལ་བརྟེན་ཏེ་བདེ་བ་སྒོམ་མོ། །ད་ནི་ཡན་ལག་གི་དོན་ལས། སྣ་ཚོགས་མདུད་པ་ནི་ལྟེ་བ། སྩོགས་ཀྱིས་བསྡུས་པས་ཕོ་བྲང་འདུ་ས་བཞི། བྱེ་བྲག་བདུན་ནི་མིང་གང་ཡིན་པ་ལ་སོགས་པ་སྔར་བསྟན་པ་བཞིན་བདུན། ཡན་ལག་གི་རླུང་རིམ་གྱི་ནང་དུ་འགགས། ཞེས་བྱ་བ་གཞི་རྩ་བའི་རླུང་ལྔ་ཟིན་པའི་སྟོབས་ཀྱིས་རྒྱུ་བ་ལ་སོགས་པ་ཡན་ལག་གི་རླུང་ལྔ་ཡང་ཁད་ཀྱི་ནང་དུ་འགགས་སོ། །ཤུགས་ཀྱིས་བསྟན་པ། དེས་གཏུམ་མོའ་མེ་དྲོང་ཆེ་སྦར། དེས་རྩ་དུལ། དེས་ཁམས་འདུས་ཅེས་པ་གསུམ་ཤུགས་ཀྱིས།ཤེས་པར་བྱས་ལ། ཁམས་དྭངས་མ་ཐིག་ལེ་ཞོ་དཀྲོགས་པའི་མར་བཞིན་དུ་མང་དུ་ཁ་འབུ་བ་རྟེན་ཡིན།ཡིན་ནོ། །རྟེན་མཉམ་དུ་འགྲེ་བ་ནི། རྩ་རིན་པོ་ཆེའི་ཕོ་བྲང་དུ། ཐིག་ལེ་གཞིར་གནས་པ་དང་སྒོམ་པའི་བསྒོམས་ཀྱིས་གཡོས་པ་གཉིས། དམ་ཚིག་གི་མཁའ་འགྲོ་དང་ཡེ་ཤེས་ཀྱི་མཁའ་འགྲོའི་ཚུལ་དུ་འདྲེས་ཏེ་བྱིན་གྱིས་རླབས་ཏིང་ངེ་འཛིན་རྒྱུ།པའོ། །དེ་བས་ཏིང་ངེ་འཛིན།ན་སེམས་ནང་དུ་གནས་པ་ནི་ཡིད་འཛིན་པ། རྣམ་ཤེས་ལྔ་ནང་དུ་འདུས་པ་མིག་ལ་སོགས་པ་ཡུལ་གྱི་རྗེས་སུ་མི་འབྲང་བ་སྟེ།
༨༤དེ་དག་གིས་ཏིང་ངེ་འཛིན་སྐྱེ་བའི་རྒྱུ་དང་། ཏིང་ངེ་འཛིན་རང་གི་ངོ་བོ་གཉིས་བསྟན་ཏོ། །ཕུང་ཏིང་ངེ་འཛིན་གྱི་ཕན་ཡོན།པོ་ལྔ་དུལ་ཞེས་བྱ་བ་ནི་ཕན་ཡོན་ཏེ། དང་པོར་ཉོན་མོངས་པ་གློ་བུར་བ་ཅུང་ཟད་ཟློག །གང་ལའང་ཞེན་པ་ཆུང་བ་ལ་སོགས་པ་དང་། མཉེན་ལྕུགས་རྣམ་པ་བཞི་ཡང་རིམ་གྱིས་འཆར་བ་ཡིན་ནོ། །ཡེ་ཤེས་འགྲོ་ལྡོག་བྱེད་ཅེས་པ་ནི་ཏིང་ངེ་འཛིན་སྐྱེ་བའི་ཚུལ་ཏེ། ལས་དང་པོ་པ་ཁམས་འདུས་དང་པོ་ལ་སོགས་པའི་དུས་སུ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་ཡང་མི་བརྟན་ཏེ་རྟོག་པས་དབང་བྱེད་རླུང་རྩ་ཡི་གེ་བདུད་རྩི་པས་ཡེ་ཤེས་སྐྱེས་ཀྱང་ཡེ་ཤེས་ལྡོག་སྟེ་ཕན་འདོགས་ཆུང་བས་སྤྲིན་གསེབ་ཀྱི་ཉི་མ་བཞིན་ནོ། །ད་ནི་ཏིང་ངེ་འཛིན་སྐྱེ་བའི་ཚུལ་རྣམས་དྲོད་གསུམ་གྱི་བྱེ་བྲག་གིས་མདོར་བསྡུས་ནས་བསྟན་པའི་ཕྱིར། སྒོམ་པ་མི་འཆོར་བ་ནི་ཚུལ་སྔ་མ་བཞིན་ནོ། །མཐོང་སྣང་ནི་དུ་བ་ལ་སོགས་པ། རྨི་ལམ་ནི་རྟ་རྨི་བ་ལ་སོགས་པ། ཉམས་ནི་ལུས་ཉམས་ཏེ་རྩ་རླུང་གི་ཟུག་ལ་སོགས་པའོ། །རྣམ་རྟོག་སྔོན་དུ་སོང་བ་ལྟར་ཞེས་བྱ་བ་དྲོད་གསུམ་གྱི་བྱེ་བྲག་གིས་ཏེ། རྣམ་རྟོག་སྔོན་དུ་སོང་བའི་མཐོང་སྣང་གསུམ་དེ་བཞིན་དུ་ཁམས་དགུ་འདུས་པའི་གསུམ། ཐིག་ལེ་འཕར་ཞིང་འདུས་པའི་གསུམ་སྟེ་དགུའོ། །ཁམས་གསུམ་ཀུན་ཏུ་སྣང་ཞེས་བྱ་བ་སྣང་བ་གཞན་མི་དམིགས་པར་དེ་ཉིད་ལ་ཏིང་ངེ་འཛིན་དུ་གནས་པས་སོ། །ད་ནི་ལམ་འཁྲིད་ལུགས་གསུམ་ལས། རླུང་གིས་ལམ་འཁྲིད་པའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། ས་ཆུ་ལ་ཐིམ་ན་སྨིག་རྒྱུ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་རླུང་ལྔ་རང་རང་གི་གནས་སུ་ཟིན་པའི་ཉམས། སྟོབས་འཕེལ་བའི་ཉམས། རླུང་འབྱུང་བཞིར་ཆ་མཉམ་སྟེ་ཟིན་པའི་ཉམས། བཅུ་དྲུག་ཏུ་ཆ་མཉམ་སྟེ་ཟིན་པའི་ཉམས་སོ། །དེ་ལ་ས་ཆུ་ལ་ཐིམ་ན་སྨིག་རྒྱུ། ཞེས་བྱ་བ་ས་རླུང་རང་གི་གནས་ལྟེ་བར་ཟིན་ན་ཉམས་གྲངས་དང་ཚད་ཟིན་པ་དང་ནུས་མཐུ་ཟིན་པ་གསུམ་ཅར་ལ་སྨིག་རྒྱུ། ལྷག་མ་འགྲེས་ཏེ་ཤེས་པར་བྱ། དེ་དག་མཆོག་གི་གནས་དབུ་མར་ཟིན་པར་གྱུར་
༨༥ན་སྨིག་རྒྱུ་ལ་སོགས་པ་ཤིན་ཏུ་གསལ་ཞིང་ཤིན་ཏུ་བརྟན་པ་འབྱུང་ངོ་། །གཞུང་ཇི་ལྟར་འགྲོ་བ་ཡང་བླ་མའི་ཞལ་ལས་ཅུང་ཟད་ཤེས་པར་བྱའོ། །ད་ནི་འབྱུང་བ་ལྔའི་རླུང་སྟོགས་འཕེལ་བའི་ཉམས་ལས། ས་ཆུ་མེ་རླུང་དང་ཞེས་བྱ་བ་དམ་ཚིག་གི་མཁའ་འགྲོའི་ཚུལ་དུ་གནས་པ་དང་། རླུང་སེམས་མཉམ་པར་འདུས་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོའི་ཚུལ་གྱིས་བྱིན་གྱིས་བརླབ་པ་ཡིན་ལ། ཁྱད་པར་དུ་ཕྱི་ནང་གི་རྟེན་འབྲེལ་གཉིས་ཀྱི་རིམ་པ་ཡིན་མིན་སྐྱེ་བ་ལ་ཉེས་པ་མེད། དེ་བཞིན་དུ་བསྒྲེས་ལ་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་བའི་བར་དུ་འགྲེ་ཤེས་པར་བྱའོ། ནམ་མཁའ་ལ་རླུང་རང་གི་གནས་སྤྱི་བོར་ཟིན་ན་ནམ་མཁའ་ལ་སྤྲིན་ཆད་པ་ལྟ་བུ་མཐོང་བའོ། །མདོར་ན་ཐིམ་ཞེས་བྱ་བ་ནི་འབྱུང་བ་རང་རང་གི་རླུང་རྒྱུ་བའི་བསྐལ་པ་དེ་ཟིན་ནས་འབྱུང་བ་གཞན་གྱི་རླུང་རྒྱུ་བ་ལ་ཐིམ་པ་ཞེས་བྱའོ། །རླུང་འདྲེས་ལྟ་བུ་ལ་ཐིམ་ཞེས་བྱ་བ་ནི་མ་ཡིན་ནོ། །མེ་རླུང་གིས་བྱིན་གྱིས་རླབས་ན། ཁམས་གསུམ་ཀུན་ཏུ་མེ་ལྟར་སྣང་ཞེས་བྱ་བ་མཐོང་སྣང་། རྨི་ཉམས་སུ་གྲོང་ཁྱེར་ཆེན་པོ་མེས་ཚིག་པ་ལ་སོགས་པ་འབྱུང་། ལུས་ཉམས་སུ་ཡང་སྤུ་ལུས་ལ་སོགས་པ་ཐམས་ཅད་ཚ་ཞིང་འབྲབ་སྟེ། གཉིས་ཤུགས་ཀྱིས་ཤེས་པར་བྱའོ། །ཆུ་རླུང་དང་སྤུ་ལུས་གྲང་ཞེས་བྱ་བ་ནི་ཆུ་རླུང་སྟོབས་འཕེལ་བས་བདག་རྒྱུད་བྱིན་གྱིས་བརླབས་ན་ལུས་ཉམས་སུ་གྲང་། རྨི་ཉམས་སུ་རྒྱ་མཚོ་ལ་གྲུ་གཟུགས་པ་ལ་སོགས་པ་རྨི། མཐོང་སྣང་དུ་རྒྱ་མཚོ་བཞི་ལ་སོགས་པ་མཐོང་། གཉིས་ཤུགས་ཀྱིས་ཤེས་པར་བྱ། འོག་ཏུ་སྦྱར་ལ། ནམ་མཁའ་དང་མཉམ་པ་དང་སྤུ་ལུས་བདེ་ཞེས་བྱ་བ་ནི། ནམ་མཁའི་རླུང་སྟོབས་འཕེལ་བས་བདག་བྱིན་གྱིས་རླབས་ན། ལུས་ཉམས་སུ་སྤུ་ལུས་ཐམས་ཅད་ཚིམ་ཞིང་བདེ་བ་ལ་སྡུག་བསྔལ་གྱི་རྐྱེན་གྱིས་ཀྱང་མི་གནོད། སེམས་ཉམས་སུ་སྟོང་ཤས་ཆེ། རྨི་ཉམས་སུ་སྣང་བ་གང་ལའང་ཐོག་གཞུང་ལས་མེད་པས། བ་མེད་པ་རྨི་སྟེ། གཉིས་ཤུགས་ཀྱིས་ཤེས་པར་བྱའོ། །རླུང་གི་རླུང་སྟོབས་འཕེལ་བས་བདག་བྱིན་གྱིས་བརླབས་ན། འདུ་འཕྲོ་ཞེས་བྱ་བ་སེམས་ཉམས་ཏེ་ཤེས་པ་སྐད་ཅིག་ཀྱང་མི་མི་མཚོན་སོགས།གནས་མི་རྟོག་པར།པར་རྣམ་པར་རྟོག་པ་རྒྱུན་ཆགས་ཀྱི་འདུ་འཕྲོ་དུ་མ་བྱེད་ཅིང་གཉིད་ཀྱང་འཆག་གོ །བརྒྱ་ཞིག་ལ་གཉིད་བྱུང་ན་རྨི་ཉམས་ནི་རང་འཕུར་བ་དང་། བྱའི་ཁྱུ་མང་པོ་
༨༦རྨིའོ། །ལུས་ཉམས་སུ་ནི་རྟ་ལྟར་མགྱོགས། མཐོང་སྣང་དུ་སྟོང་གསུམ་ཐམས་ཅད་རླུང་ཆུབ་ལྟར་དུ་མཐོང་སྟེ་ཐ་མ་གཉིས་ཤུགས་ཀྱིས་བསྟན་ཏོ། །ས་རླུང་གི་ཉམས་ཤུགས་ཀྱིས་བསྟན་པ་ནི། ས་རླུང་སྟོབས་འཕེལ་བས་བདག་བྱིན་གྱིས་བརླབས་ན། ལུས་ཉམས་སུ་སྤུ་ལུས་ཐམས་ཅད་ལྕི་ཞིང་མི་ཐེགས། སེམས་ཉམས་སུ་གསེར་གྱི་ས་གཞི་ལ་སོགས་པ་མཐོང་ཞིང་སྣང་བ་གསེར་དུ་འཆར། རྨི་ཉམས་སུའང་ཐད་རྡོ་རྗེའི་ཚིགས་རྐང་ཟོར་ཡང་བར་བྱ་བའི་ཕྱིར།ཆེན་པོར་འགྲོ་མི་ནུས་པ་ལ་སོགས་པ་རྨི་སྟེ། གསུམ་ཀ་ཤུགས་ཀྱིས་བསྟན་ཏོ། །དེ་དག་གིས་ཀྱང་རྡོ་རྗེའི་ཚིག་རྐང་ཟོར་ཡང་བར་བྱ་བའི་ཕྱིར་མེ་རླུང་གི་ཉམས་མཐོང་སྣང་ལ་སྦྱར་བ་གཉིས་ཤུགས་ཀྱིས་བསྟན། ཆུ་རླུང་དང་། ནམ་མཁའི་རླུང་ལུས་ཉམས་ལ་སྦྱར། གཉིས་ཤུགས་ཀྱིས་བསྟན། རླུང་གི་རླུང་སེམས་ཉམས་དང་རྨི་ཉམས་ལ་སྦྱར། ལུས་ཉམས་དང་མཐོང་སྣང་གི་ཏིང་ངེ་འཛིན་ཤུགས་ཀྱིས་བསྟན། ས་རླུང་གི་ཉམས་གསུམ་ཀ་ཤུགས་ཀྱིས་བསྟན་ཏེ། དེ་ལྟར་ཉམས་བཅོ་ལྔར་ཤེས་པར་བྱའོ། །ད་ནི་འབྱུང་བཞིའི་རླུང་ཆ་མཉམ་པའི་ཉམས་ལས། འབྱུང་བཞིའི་རླུང་མཉམ་རྒྱུ་དང་ལྷ་མོ་སྣ་ཚོགས་ཀྱིས་གར་མཆོད་ཞེས་སྨོས་ཏེ། འབྱུང་བཞིའི་རླུང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་པ་བཞི་དགུ་བརྒྱ་པ་ཕྲག་གཅིག་ཏུ་ཟིན་ན་མཐོང་སྣང་དང་རྨི་ཉམས་སུ་ལྷ་མོ་གླུ་ལེན་པ་སྣ་ཚོགས་ཀྱིས་གླུ་དང་གར་གྱིས་མཆོད་པ་བྱེད་པ་འབྱུང་སྟེ། འདི་ལ་ལུས་ཉམས་ནི་གཙོ་ཆུང་བས་མ་བརྗོད་དོ། །འབྱུང་བ་བཅུ་དྲུག་ཏུ་ཆ་མཉམ་པའི་ཕྱིར། འབྱུང་བ་བཞིའི་རླུང་སྣ་ཚོགས་ཞེས་བྱ་བ་འཕོ་བ་གཉིས་ཀྱི་རླུང་ཆ་མཉམ་པར་ཟིན་པས་ནང་གི་རྟེན་འབྲེལ་བྱས་ནས། ཕྱི་རོལ་ཏུ་སྣ་ཚོགས་དང་དྲི་རོ་ཞེས་བྱ་བ་ལོ་ཀའི་ཁམས་ཀྱི་དྲི་སྣ་ཚོགས་ཉམས་སུ་མྱོང་བ་སྙམ་བྱེད་པ་འབྱུང་སྟེ། འདི་ལ་ལུས་ཉམས་འབའ་ཞིག་ལ་མཐོང་སྣང་དང་རྨི་ཉམས་ས་གཞི་ལ་སོགས་པ།ནི་མེད་དོ། །འདི་དག་ཀྱང་མཚན་ཉིད་སྣ་ཚོགས་སུ་འཆར་བའི་ཉམས་ཡིན་ཞིང་། གཞན་རང་བཞིན་དེ་འཕོས་ནས།སྟོང་པ་
༨༧དང་། ངོ་བོ་ཟུང་འཇུག་ཀྱང་རིམ་པ་ཡིན་མིན་དུ་སྐྱེ་བས་དྲོད་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་ངོ་། །ལོ་ཀ་ལས་འདས་པའི་ལམ་དུ་རླུང་གིས་ལམ་ཁྲིད་པ་ལྷག་མ་རྣམས་ནི་སྔར་ལམ་སྤྱིའི་རྣམ་པར་གཞག་པ་བསྟན་པ་དང་། ལོ་ཀ་ལས་འདས་པའི་ལམ་ཉིད་དུ་འཆད་པར་འགྱུར་བས་འདིར་མ་བརྗོད་དོ། །ད་ནི་ཁམས་བདུད་རྩིའི་ལམ་ཁྲིད་པ་ལས། བདུད་རྩི་ལྔ་དང་དེ་བཞིན་གཤེགས་སྐུ་སྩོགས་ཞེས་བྱ་བ་བདུད་རྩི་ལྔ་ཆ་མཉམ་ནས་བདག་བྱིན་གྱིས་རླབས་ནས། ཉམས་གསུམ་ཀ་ལ་དེ་བཞིན་གཤེགས་པ་ལྔ་དང་། དེའི་རིགས་དང་། ཁ་དོག་ལ་སོགས་པ་ཅི་རིགས་པ་གཉིས་པ་འབྱུང་ངོ་། །སིཧླ་དང་ཉི་མ་ཞེས་བྱ་བ་ཁྱད་པར་དུ་མ་ལས་ཐོབ་པའི་རཀྟས་བདག་བྱིན་གྱིས་རླབས་ན། མཐོང་སྣང་དང་རྨི་ཉམས་སུ་སྟོང་གསུམ་ལ་སོགས་པའི་ཉི་མ་ངེས་མེད་དུ་མཐོང་། ལུས་ཉམས་སུ་འོད་དམར་པོས་བསྐོར། ག་བུར་དང་ཟླ་བ་ཞེས་བྱ་བ་ཕ་ལས་ཐོབ་པའི་ཟླ་བ་བྱང་ཆུབ་ཀྱི་སེམས་སྟོབས་འཕེལ་ན། མཐོང་སྣང་དང་རྨི་ཉམས་སུ་སྟོང་གསུམ་ལ་སོགས་པའི་ཟླ་བ་མཐོང་། ལུས་ཉམས་སུ་འོད་ཁ་དོག་དཀར་པོས་བསྐོར། རྩ་ཕྲན་རྣམས་སུ་ཐིག་ཕྲན་དང་སྐར་མ་ཞེས་བྱ་བ་རྩའི་གཙོ་བོ་ལས་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་གྱེས་པར་ཐིག་ལེ་ཕྲ་མོ་འཕེལ་ན་མཐོང་སྣང་དང་རྨི་ཉམས་སུ་སྟོང་གསུམ་ལ་སོགས་པའི་སྐར་མ་མཐོང་། ལུས་ཉམས་སུ་བ་སྤུའི་བུ་ག་ནས་གཟའ་དང་སྐར་མ་ལ་སོགས་པ་དུ་མ་འཕྲོའོ། །དེ་དག་ཀྱང་མཚན་ཉིད་སྣ་ཚོགས་སུ་འཆར་བའི་ཉམས་ཡིན་ཞིང་། ཉམས་གཞན་གཉིས་ཀྱང་ཤུགས་ཀྱིས་བསྟན་ལ་བདུད་རྩིའི་ལམ་ཁྲིད་པ་ལྷག་མ་རྣམས་ནི་ལོ་ཀ་ལས་འདས་པའི་ལམ་ཉིད་དུ་རྟོགས་པར་འགྱུར་རོ།། །ད་ནི་རྩ་ཡི་གེས་ལམ་ཁྲིད་པ་ལ། དེ་ལ་གཞུང་ཚོམས་སུ་བཅད་ན། ཡི་གེ་ཕལ་པས་ལམ་ཁྲིད། ཡི་གེ་བཅུ་བཞི་པ་ལམ་ཁྲིད། ཡི་གེ་བསམ་གྱིས་མི་ཁྱབ་པས་ལམ་ཁྲིད་དོ། །དེ་ལ་རྩ་འཛིན་སྩོགས་
༨༨ཞེས་བྱ་བ། རྩ་འཛིན་ཆེན་པོར་རླུང་སེམས་མཉམ་པར་འདུས་ན་ཉམས་གསུམ་ལ་རི་བྲག །རྩ་འཛིན་ཆུང་ངུར་འདུས་ན་ཉམས་གསུམ་ཀ་ལ་ཤིང་སྡོང་། ཆགས་སྡང་རྣམ་པ་ལྔ་དང་ཞེས་བྱ་བ། སྙིང་གའི་ཧཱུྃ་ལ་སོགས་པ་ཉོན་མོངས་པ་ལྔའི་ཡི་གེར་རླུང་སེམས་མཉམ་པར་འདུས་ན། བདག་གི་རྒྱུད་ལ་ཉོན་མོངས་པ་ལྔ་རང་བྱུང་དུ་སྐྱེ། གཞན་རྒྱུད་འཁྲུལ་པ་ལྟ་བུར།ལའང་སྐྱེས་པར་སྣང་། ཉོན་མོངས་པ་ལྔའི་རྣམ་པ་འཇོམས་པར་མཐོང་སྟེ། འདོད་ཆགས་ཀྱི་དུག་འཇོམས། ཞེ་སྡང་གི་མེ་གསོད། གཏི་མུག་གི་མུན་པ་སེལ། ང་རྒྱལ་གྱི་རི་བོ་ཆེན་པོ་སྙིལ། ཕྲག་དོག་གི་ལྕགས་སྒྲོག་འགྲོལ་བ་མཐོང་ངོ་། །ཉམས་ངའི་རྩ་ནི་མཁལ་མའི་ནང་གཉིས་ན་གནས་ཏེ། དེར་རླུང་སེམས་འདུས་ན་སེམས་ཉམས་དང་རྨི་ཉམས་སུ་འཇིགས་ཤིང་ཉམ་ང་བ་འབྱུང་ལ། ལུས་ཉམས་སུ་ཉམ་ང་བའི་སྤྱོད་ལམ་འགྱུར་བ་འབྱུང་ངོ་། །མྱ་ངན་གྱི་རྩ་ནི་རྐང་པའི་མཐེ་བོང་གཉིས་དང་པོ་ལ་གཉིས་ལ་གཙོ་བོར་གནས། ལག་པའི་མཐེ་བོང་གཉིས་ལ་ཕལ་པའི་ཚུལ་དུ་གནས་ཏེ། དེ་དག་ཏུ་རླུང་སེམས་མཉམ་པར་འདུས་ན་ཉམས་གསུམ་ཀ་ལ་མྱ་ངན་རང་བྱུང་དུ་སྐྱེ། འདྲེའི་རྩ་ནི་ལག་པའི་སྲིན་ལག་གཉིས་ལ་གཅེ་བོར་གནས། རྐང་སྲིན་གཉིས་ལ་ཕལ་པའི་ཚུལ་དུ་གནས་ཏེ། དེར་རླུང་སེམས་འདུས་ན་ཉམས་གསུམ་ཀ་ལ་འདྲེས་ནོན་པ་ལྟ་བུ་འབྱུང་། གཡལ་དང་མཆིལ་མའི་རྩ་ནི། འོག་ཏུ་མཁལ་མའི་ཕྱི་རོལ་གཉིས་ན་གནས། སྟེང་ན་མིག་རྩ་འཁྱིལ་པ་གཉིས་ན་གནས་ཏེ། དེར་རླུང་སེམས་མཉམ་པར་འདུས་ན་ལུས་ཉམས་འབའ་ཞིག་ལ་གཡལ་དང་མཆིལ་མ་འབའ་ཞིག་རྒྱུན་མི་འཆད་པར་འབྱུང་ངོ་། །དེ་དག་གིས་ནི་ཡི་གེ་ཕལ་པས་ལམ་ཁྲིད་པ་བསྟན་ཏེ། མཚན་ཉིད་སྣ་ཚོགས་སུ་འཆར་བ་ཡིན་ཞིང་། གཞན་ཉམས་གཉིས་ཀྱང་རིམ་པ་ཡིན་མིན་དུ་སྐྱེ་བས་དྲོད་བྱུང་རྒྱལ་དུ་བསྐྱང་ངོ་། །ད་ནི་ཡི་གེ་བཅུ་གཉིས་སེམས་ཀྱི་བག་ཆགས་ཀྱི་རྟེན་ལམ་ཁྲིད་པ་ལ། ལྟེ་བར་དང་པོར་ཆགས་པའི་རིགས་དྲུག་གི་ཡི་གེར་རླུང་སེམས་མཉམ་
༨༩པར་འདུས་ན་རིགས་དྲུག་གི་གར་སྔགས་དེར་ཁྲིད་པ་རྨི་ལམ་ཉམས་ལྟ་བུར་ཁམས་གསུམ་ཀུན་ཏུ་སྣང་ངོ་ཞེས་སྨོས་ཏེ། དེ་ལ་ལྷའི་ས་བོན་བྷ་གའི་དཀྱིལ་འཁོར་གྱི།ཨ་ཡིག་དཀར་པོར་རླུང་སེམས་མཉམ་པར་འདུས་ན། ལྷའི་ཉམས་སྔར་བས་དགའ་ཞིང་བདག་ཉིད་ལྷ་ཡིན་པ་སྙམ་བྱེད་པ་འབྱུང་། གར་མེ་ཏོག་གི་ཕྲེང་བ་འདོགས་པ་ལ་སོགས་པ་ལུས་ཀྱི་སྤྱོད་ལམ་འགྱུར་བ་ཡོད། སྔགས་ལེགས་པར་སྦྱར་བ་ལ་སོགས་པ་ལྷའི་། སྐད་འབྱུང་སྟེ། དེ་ཡང་བྱིན་གྱིས་བརླབས་པས།ཉམས་སེམས་ལ་འཆར། གར་ལུས་ལ་འཆར་རོ། །སྔགས་ངག་ལ་འཆར་རོ། །མཐོང་སྣང་གིས་གསུམ་ལ་ལྷའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་ལ་སོགས་མཐོང་། ལྷ་དང་ལྷའི་བུ་དང་བུ་མོ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་མཐོང་། བདག་གཞན་ཡང་དེར་ཁྲིད་པ་མཐོང་། དེ་དག་ཅི་རིགས་པར་རྨི་ལམ་དུའང་འབྱུང་བའི་རྨི་ཉམས་ཏེ་བདུན་ནོ། །མིའི་ས་བོན་ནྲྀ་ཡིག་སྔོན་པོར་རླུང་སེམས་མཉམ་པར་འདུས་ན། མིའི་ཉམས་སྔར་བས་འཇིག་རྟེན་གྱིས་ཆོས་ལ་ལྷག་པར་དགའ་ཞིང་ཞེན་པ་འབྱུང་། གར་ཡུལ་སྣ་ཚོགས་ཀྱི་སྤྱོད་ལམ་དང་ཆ་ལུགས་འགྱུར་བ་འབྱུང་། སྔགས་ཡུལ་སོ་སོའ་སྐད་དང་གཏམ་རྒྱུད་སྣ་ཚོགས་པ་བརྗོད་པ་འབྱུང་སྟེ། ཉམས་སེམས་ལ་འཆར་བ་ལ་སོགས་པ་གསུམ་སྔ་མ་བཞིན་ནོ། །མཐོང་སྣང་གི་གསུམ་ལ། མིའི་ས་ནས་གླིང་བཞི་མཐོང་། ཁྱད་པར་མ་ག་དྷ་ལ་སོགས་པ་མཐོང་། མི་རིང་སྣ་བོ་ཆེ་དང་སྣ་བོ་ལ་སོགས་པ་ལུས་མི་མཐུན་པ་དུ་མ་མཐོང་། བདག་གཞན་ཡང་དེར་ཁྲིད་པ་མཐོང་། དེ་དག་ཅི་རིགས་པར་རྨི་ལམ་དུའང་འབྱུང་བས་རྨི་ཉམས་ཏེ་བདུན་ནོ། །ལྷ་མ་ཡིན་གྱི་ས་བོན་སུ་ཡིག་སེར་པོར་རླུང་སེམས་མཉམ་པར་འདུས་ན། ལྷ་མ་ཡིན་གྱི་ཉམས་སྔར་བས་ཚིག་པ་ཟ་བ་ལ་སོགས་པ་འབྱུང་། གར་དབྱུག་པ་ལེན་པ་དང་མཚོན་ཆ་ལེན་པ་ལ་སོགས་པ་ལུས་ཀྱི་སྤྱོད་ལམ་འགྱུར་བ་འབྱུང་། སྔགས་རྒྱོབ་སོང་ལ་སོགས་པ་དུ་མ་འབྱུང་སྟེ། ཉམས་སེམས་ལ་
༩༠འཆར་བ་ལ་སོགས་པ་གསུམ་སྔ་མ་བཞིན་ནོ། །མཐོང་སྣང་གི་གསུམ་ལས། ལྷ་མ་ཡིན་གྱི་གནས་རི་རབ་ཀྱི་ཁོང་གསང་ལ་སོགས་པ་མཐོང་། ལྷ་མ་ཡིན་རང་འཐབ་རྩོད་ཅན་དུ་མ་མཐོང་། བདག་གཞན་ཡང་དེར་ཁྲིད་པ་མཐོང་། དེ་དག་ཅི་རིགས་པར་རྨི་ལམ་དུའང་འབྱུང་བས་རྨི་ཉམས་ཏེ་བདུན་ནོ། །ཡིད་བཏགས་ཀྱི་ས་བོན་པྲེ་ཡིག་དམར་པོར་རླུང་སེམས་མཉམ་པར་འདུས་ན། ཡིད་བཏགས་ཀྱི་ཉམས་ཟོས་ཀྱང་ལྟོགས་ཤིང་འཐུངས་ཀྱང་སྐོམ་པ་ལ་སོགས་པ་དང་། དང་གི་འགག་པ་ལ་སོགས་པ་འབྱུང་། གར་བཀྲེས་སྐོམ་ཀྱི་སྤྱོད་པ་འགྱུར་བ་འབྱུང་། སྔགས་པྲེ་ཞེས་བརྗོད་པ་དང་། ཟས་སྐོམ་གྱི་གཏམ་བརྗོད་པ་འབྱུང་སྟེ། ཉམས་སེམས་ལ་འཆར་བ་ལ་སོགས་པ་སྔ་མ་བཞིན་ནོ། །མཐོང་སྣང་གི་གསུམ་ལ་ཡི་དྭགས་ཀྱི་གནས་གྲོང་ཁྱེར་སེར་སྐྱ་མཐོང་། ཁང་པ་དམར་ཞིང་ཡིད་དུ་མི་འོང་བ་ལ་སོགས་པ་མཐོང་། ཡི་དྭགས་བཀྲེས་སྐོམ་ཅན་དུ་མ་མཐོང་། བདག་གཞན་ཡང་དེར་ཁྲིད་པ་མཐོང་། དེ་དག་ཅི་རིགས་པར་རྨི་ལམ་དུ་འབྱུང་བས་རྨི་ཉམས་ཏེ་བདུན་ནོ། །དུད་འགྲོའི་ས་བོན་དུ་ཡིག་དུད་ཁ་རླུང་སེམས་མཉམ་པར་འདུས་ན། དུད་འགྲོའི་ཉམས་སྔར་བས་བླུན་ཞིང་གཙང་རྟོག་ཆུང་བ་ལ་སོགས་པ་འབྱུང་། གར་ཁྱི་དང་བ་གླང་ལ་སོགས་པ་དུད་འགྲོའི་སྤྱོད་ལམ་དུ་འགྱུར་བ་དུ་མ་འབྱུང་། སྔགས་དུད་འགྲོའི་སྐད་དུ་མ་འབྱིན་ཏེ། ཉམས་སེམས་ལ་འཆར་བ་ལ་སོག་གསུམ་སྔ་མ་བཞིན་ནོ། །མཐོང་སྣང་གི་གསུམ་ལ། དུད་འགྲོའི་གནས་རྒྱ་མཚོ་ཆེན་པོ་ལ་སོགས་པ་མཐོང་། དུད་འགྲོ་རང་། ཆུ་སྲིན་དང་ཉ་ཆེན་པོ་ལ་སོགས་པ་མཐོང་། བདག་གཞན་ཡང་དེར་ཁྲིད་པ་ལ་སོགས་པ་མཐོང་། དེ་དག་ཅི་རིགས་པར་རྨི་ལམ་དུའང་འབྱུང་བས་རྨི་ཉམས་ཏེ་བདུན་ནོ། །དམྱལ་བའི་ས་བོན་ཏྲི་ཡིག་ནག་པོར་རླུང་སེམས་མཉམ་པར་འདུས་ན། དམྱལ་བའི་ཉམས་ཚ་གྲང་ལ་སོགས་པའི་སྡུག་བསྔལ་དུ་མ་མྱོང་བ་འབྱུང་། གར་ལུས་སུམ་བལྟ་བས་ལ་སོགས་པ་སྡུག་བསྔལ་གྱི་སྤྱོད་ལམ་བྱེད་པ་འབྱུང་། སྔགས་ཀྱི་སྒྲ་ཀྱི་ཧུད་སི་ཐ་ཞེས་
༩༡བྱ་བ་ལ་སོགས་པ་སྡུག་བསྔལ་གྱི་སྐད་བརྗོད་པ་འབྱུང་། ཉམས་སེམས་ལ་འཆར་བ་ལ་སོགས་པ་གསུམ་སྔ་མ་བཞིན་ནོ། །མཐོང་སྣང་གི་གསུམ་ལ། དམྱལ་བའི་གནས་ལྕགས་རབ་ཏུ་འབར་བའི་ཁང་པ་ལ་སོགས་པ་མཐོང་། དམྱལ་བ་ཚ་གྲང་ཅན་དུ་མ་མཐོང་། བདག་གཞན་ཡང་དེར་ཁྲིད་པ་མཐོང་། དེ་དག་ཅི་རིགས་པར་རྨི་ལམ་དུའང་འབྱུང་བས་རྨི་ཉམས་ཏེ་བདུན་ནོ། །འདི་དག་ཀྱང་མཚན་ཉིད་སྣ་ཚོགས་སུ་འཆར་བའི་ཉམས། གཞན་ཡང་རང་བཞིན་སྟོང་པ་དང་ངོ་བོ་ཟུང་ཡང་རིམ་པ་ཡིན་མིན་དུ་སྐྱེ་བས་དྲོད་བྱུང་རྒྱལ་དུ་བསྐྱང་ངོ་། །གནས་སྦྱོང་བཞི་བཅུ་རྩ་གཉིས་པོ་འདི་དག་ཅི་རིགས་པར་འབྱོངས་ན་ཕྱི་ནང་གི་སྲིན་བུ་སྤོང་། ཕན་ཡོན་ལུས་ལ་འབྱུང་བ། ངན་སོང་དུ་མི་འགྲོ་བའི་གདིང་ཐོབ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་ཐོབ་བོ། །རེ་ཞིག་ཞིབ་ཏུ་བརྗོད་ཀྱིས་མི་ལོངས།འདོད་ཁམས་ཀྱི་ཉམས་རགས་རིམ་ཙམ་བསྟན་ནོ། །ༀ་ལས་བསམ་གཏན་སྩོགས་ཀྱི་ཏིང་ངེ་འཛིན་ཞེས་པ་བསམ་གཏན་གྱིས་ༀ་དུ་རླུང་སེམས་མཉམ་པར་འདུས་ན་གཟུགས་བདག་བྱིན་གྱིས་རླབས་ནས།ཁམས་བསམ་གཏན་བཞིའི་ཉམས་སྐྱེ་སྟེ། རྟོག་དངོས་པོ་གང་ཕྲ་རགས་སོགས།པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཤེས་རབ་ཞིབ་མོས་འཇུག་པའི་ཏིང་ངེ་འཛིན་དགའ་སེམས་བ་དང་བཅས་ཤིང་བདེ་བ་ལུས་དང་བཅས་པའི་ཏིང་ངེ་འཛིན་བདེ་ལུས་ཀྱི།བ་དང་བྲལ་ནས་དགའ་ཙམ་གྱི་ཏིང་ངེ་འཛིན། བཏང་སྙོམས་ཆོས་བརྒྱད་དུ་བྲལ་བ།ཡོངས་སུ་དག་པའི་ཏིང་ངེ་འཛིན་ཏེ། དེ་དག་ཀྱང་རིམ་པ་ཡིན་མིན་དུ་སྐྱེ་བས་དྲོད་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་ངོ་། །ཡུམ་གྱི་མཁའ་ཨ་ལ་ཡང་དག་པར་ཐིམ་ན་ཁམས་གསུམ་ནམ་མཁའ་ཞེས་བྱ་བ་ཤེས་རབ་ཀྱིས་ཨར་རླུང་སེམས་མཉམ་པར་འདུས་ན་གཟུགས་མེད་སྐྱེ་མཆེད་བཞིའི་ཉམས་སྐྱེ་སྟེ། ཆོས་འཁོར་འདས།ཐམས་ཅད་ནམ་མཁའ་ཙམ། རྣམ་པར་ཤེས་པ། ཅིའང་མེད་པ། ཡོད་མེད་ལས་འདས་པ།
༩༢བཞིའང་རིམ་པ་ཡིན་མིན་དུ་སྐྱེའོ། །རེ་ཞིག་ཁམས་གསུམ་གྱི་ཉམས་ཅི་རིགས་པ་ཙམ་བསྟན་ཏོ། །ད་ནི་འཇིག་རྟེན་ལས་འདས་པའི་ཉམས་ལས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྩོགས་ཀྱི་ཕོ་བྲང་དུ་ཐིམ་ན་ཆོས་སྐུ་ཉམས་སུ་མྱོང་ཞིང་གཟུང་འཛིན་གྲོལ་ཞེས་བྱ་བ་སྙིང་པོའ་ཨར་རླུང་སེམས་མཉམ་པར་འདུས་ན། སྤང་རྟེན་མ་སྤངས་རེ་ཤིག་བྱ་གཟུང་འཛིན་གྱི་རྣམ་རྟོག་སྤངས་པ་སྙམ། ཐོབ་བྱ་ཆོས་སྐུ་བདེ་ཆེན་ཐོབ་པ་སྙམ་བྱེད་པ་འབྱུང་། ཧཱུྃ་ལས་གསལ་ཞིང་ཡང་པ་རང་བྱུང་གི་ཡེ་ཤེས་ནམ་མཁའ་ཤིན་ཏུ་དྲི་མ་མེད་པ་ཞེས་པ་ཟུང་འཇུག་གི་ཧཱུྃ་དུ་རླུང་སེམས་མཉམ་པར་འདུས་ན་རང་བྱུང་གི་ཡེ་ཤེས་ཆེན་པོའ་ཏིང་ངེ་འཛིན་སྐྱེ་བ་ནི། གསལ་བ་ནི་སེམས། ཡང་རས་བལ་གཟེགས་མ་ལྟར།བ་ནི་ལུས། ནམ་མཁའ་དྲི་མ་མེད་པ་ནི་དཔེ་སྟེ། འདི་དག་ཐམས་ཅད་ཀྱང་རིམ་པ་ཡིན་མིན་དུ་སྐྱེ་བས་དྲོད་བྱུང་རྒྱལ་དུ་བསྐྱང་ངོ་། །དེ་དག་གིས་ཁམས་སྤྱིར་ཉམས་བསམ་གྱིས་མི་ཁྱབ་པ།འདུས་པ་དང་པོའ་ཉམས་ཅི་རིགས་པར་རྫོགས་པ་བསྟན་ཏོ། །ཁམས་འདུས་པ་བར་པ་ཞེས་བྱ་བ་འཁོར་ལོ་བཞིའི་རྩ་མདུད།ཕོ་བྲང་འདུ་། ས་བཞི་ལ་སོགས་པ་རླུང་སེམས་ཀྱི་ཚོགས་ཡབ་བདུད་རྩི་ལྔ་ཡུམ་རླུང་ལྔ།བཅུ་ཅུང་ཟད་དྭངས་ཤིང་ཚོགས་པར་གྱུར་པ་སྟེ། རླུང་ཕོ་ལག་ཆ་བྲི་བས་རྩ་དྲལ་ཞེས་བྱ་བ་དཔྱིད་ཀྱི་རླུང་གྲང་བའི་རེག་བྱ་བྲི་བ་བཞིན་རྩ་རླུང་གི་ཟུག་ཅུང་ཟད་རྩའི་མཉེན་ལྕུག་ཤར་བས།བྲི་བའོ། །ཐིག་ལེའི་ཟུག་ནི་དེ་ཙམ་ན་ཐིག་ལེ་ཆེར་འབར་བས་བདེ་བ་དང་བཅས་པའི་ཟུག་རྔུ་འབྱུང་ཞིང་འཛག་པ་ཡང་སྲུང་བ་གཅེས་སོ། །མཐོང་སྣང་བསྟན་པ་ནི། ཁམས་ཅུང་ཟད་དྭངས་པ་དང་། རླུང་མེ་ལོང་གཡའ་དག་པ་བཞིན།ཅུང་ཟད་བརྟན་པས་དུ་བ་ལ་སོགས་པ་རྣམས་མི་སླུ་བར་མཐོང་བ་ཡིན་ནོ། །ད་ནི་མདོར་བསྡུས་ནས་ཚིག་ཉུང་།རྒྱས་དོན་མང་།པར་བསྟན་པ་ལ། མདོར་ན་རཀྟ་སྩོགས་སུ་ཞེས་པ་ལྟེ་བའི་འོག་གི་ཀྵ་ཡིག་དེ་སྲིན་པོའ་གནས་སེམས་ཀྱི་བག་ཆགས་ཀྱི་རྟེན།ཤ་ཟ་དང་། འབྱུང་
༩༣པོ་དང་། གཤིན་རྗེ་དང་། གནོད་སྦྱིན་ལ་སོགས་པ་ཐམས་ཅད་ཀྱི་གནས་སོ། །དེར་རླུང་སེམས་མཉམ་པར་འདུས་ན་མཐོང་སྣང་དང་རྨི་ལམ་ཉམས་སུ་སྲིན་པོ་ལ་སོགས་པ་མི་སྡུག་པ་དུ་མས་རྡེག་ཅིང་སྡིག་པ་ལ་སོགས་པ་དུ་མ་འབྱུང་སྟེ། འདིས་ནི་དོགས་བར་ཆད་མེད།པ་དང་བྲལ་བའི་ལམ་ཤེས་པར་བྱའོ། །དེ་བས་ན་འོག་ཏུ་སྦྱར་རོ། །ལྷའི་མིག་རྣམ་པར་དག་པ་སྲིད་པའི་རྩེ་མན་ཆད་ཏིང་ངེ་འཛིན་གྱི་ཉམས་སུ་འབྱུང་བ་སྙམ་བྱེད་པ་ཞེས་སྨོས་ཏེ། མཐོང་སྣང་བརྟན་པས་ཕལ་ཆེར་མི་སླུ་བས།ཟག་པ་དང་བཅས་པའི་མིག་ཐོགས་བཅས།གི་མངོན་ཤེས་འཆར་བ་ཡིན་ནོ། །དྲིལ་ཅན་གྱི་སྒྲ་ཞེས་བྱ་བ་དྲིལ་ཅན་མཆོག་ནི་དབུ་མ་ཡིན་ལ། དེར་རླུང་སེམས་འདུས་ན་བུང་བའི་སྒྲ་ལྟ་བུ་འབྱུང་། མཆོག་མ་ཡིན་པ་ནི་རྣ་བ་གཡོན་པ་ནས་ཤེས་རབ་ཀྱི་ཨའི་བར་དུ་གནས་ཏེ། དེར་རླུང་སེམས་འདུས་ན་ཁམས་གསུམ་གྱི་སྒྲ་ཉེ་བ་དང་རིང་བ་ཅི་རིགས་པར་ཐོས་ཏེ། ལྷའི་རྣ་བ་རྣམ་པར་དག་པ་བཞིན། ཞེས་ཤུགས་ཀྱིས་ཤེས་པར་བྱའོ། །བཤད་ཀྱིས་མི་ལོང་བ་མཚོན་ཞེས་བྱ་བ་ཡི་གེ་བསམ་གྱིས་མི་ཁྱབ་པས་ལམ་ཁྲིད་པ་སྟོན་པ་ཡིན་ཏེ། རླུང་རིམ་གྱིས་དྭངས་པས་བདུད་རྩིའི་གང་བསྡུ་བར་ནུས་པ།མཉེན་ལྕུག་ཏུ་འགྱུར་རོ། །དེས་རྩའི་མདུད་པ་གྲོལ་ཏེ་རྩའི་མཉེན་ལྕུག་ཏུ་འགྱུར་རོ། །དེ་ཉིད་ཀྱིས་རྩ་ཡི་གེའི་དབྱིབས་སྣ་ཚོགས་སུ་འཆར་བས་ཡི་གེའི་མཉེན་ལྕུག་ཏུ་འགྱུར། དེ་དག་གི་སྟོབས་ཀྱིས་འབྱུང་བ་ལུས་འཁྲུགས་ལ་སོགས་པའི་བར་ཆད་སེལ་བའི་སྐུའི་མཉེན་ལྕུག་ཏུ་འགྱུར་ཏེ། མདོར་ན་མཉེན་ལྕུག་བཞི་ལས་ཀྱང་ཡི་གེ་དང་བདུད་རྩིའི་མཉེན་ལྕུག་ ཇི་ལྟར་འདོད་པ།གི་སྟོབས་ཀྱིས་འཁོར་འདས་ལ་ཆོས་ཇི་སྙེད་ཡོད་པ་རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བར་འཆར་ཏེ། ཨཱཀྵ་ར་རྣམ་གྲངས།ཡི་གེའི་མན་ངག །མི་སླུ་བ་དོན་གྱི་མན་ངག་གཅིག་ཤེས་གསང་བ་རྟེན་འབྲེལ།པས་མང་པོ་ཤེས་པའི་མན་ངག་སྟེ། ལོ་བྱེ་བས་ཀྱང་བཤད་ཀྱིས་མི་ལོངས་བ་ཡི་གེའི་མན་ངག་ཚིག་གཅིག་གིས་ཤེས་པར་ནུས་སོ། །ལྔ་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་གྲགས།
༩༤པའི་ལམ་ལྔ་མཐར་ཕྱིན་པ། བཅུ་ནི་ས་བཅུའི་འཁོར་འདས།བྱང་ཆུབ་སེམས་དཔའ་སྟེ། དེ་དག་ལ་ཡང་མཉེན་ལྕུགས་བཞི་དང་ཡི་གེའི་དོན་གྱི་མན་ངག་མ་གྲགས་པའི་ཕྱིར་གསང་བ་སྟེ། ན་རི་ཀེ་རའི་གླིང་པ་ལ་བ་གླང་གི་སྒྲ་མ་གྲགས་པ་བཞིན་ནོ། །དེ་དག་གིས་ཏིང་ངེ་འཛིན་སྐྱེ་བའི་རྒྱུ་དང་། ཏིང་ངེ་འཛིན་རྣམས་མདོར་བསྟན་པ་དང་། མདོར་བསྡུས་ནས་རྒྱས་པར་བསྟན་པའི་ལམ་བསྟན་ནོ། །ད་ནི་རེ་དོགས་དང་བྲལ་རླུང་སེམས་ཡི་གེ་ཡབ་ཡུམ་བཅུ་གཅིག་ཡི་གེ་བའི་ལམ་བསྟན་པ་ལ་དེ་ལ་བཞི། རེ་དོགས་དང་བྲལ་བའི་རྒྱུའམ་འཆད་པ་བསྟན་པ། རེ་བ་དང་བྲལ་བའི་ལམ་བསྟན་པ། དོགས་པ་བྲལ་བའི་ལམ་བསྟན་པ། དེ་ཉིད་ཀྱི་ཕྱིར་ན་དྲོད་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་བར་བསྟན་པའོ། །ཡན་ལག་གི་དོན་བརྗོད་པར་བྱ་ན། སྒོམ་པ་མི་འཆོར་བ་ཞེས་བྱ་བ་ནི་ཚུལ་སྔ་མ་བཞིན་ནོ། །ཕྱི་རྟེན་འབྲེལ་ཞེས་བྱ་བ་ནི། ཕྱི་རོལ་ཏུ་རགས་པར་སྣང་བའི་ཕྱིར་ཕྱི་རྟེན་འབྲེལ་ཏེ། འཕར་གཡོ་ལ་སོགས་པའི་རླུང་ལྡོག་སྩོགས་ཀྱིས་བསྡུ་བ་དུ་བ་ལ་སོགས་པའི་མཐོང་སྣང་། རྟ་རྨི་བ་ལ་སོགས་པའི་རྨི་ཉམས་ཏེ། གསུམ་གསུམ་ཞེས་བྱ་བ་དྲོད་གསུམ་གྱི་བྱེ་བྲག་གིས་དགུར་ཡང་འགྱུར་རོ། །དེ་དག་འབྱུང་བའི་རྒྱུ་ནང་རྟེན་འབྲེལ་ནི། ནང་གི་མཁའ་འགྲོ་ལྔ། ཞེས་བྱ་བ་རླུང་ལྔ། དེ་བཞིན་གཤེགས་པའི་སྐུ་ལྔ་ནི་ཁམས་བདུད་རྩི་ལྔ་སྟེ། ནང་གི་མཁའ་འགྲོ་ཡབ་ཡུམ་བཅུ་རྩ་རིན་པོ་ཆེའི་ཕོ་བྲང་རྣམས་སུ་བྱོན་ཅིང་གཤེགས་ལ། དེ་ཡང་དམ་ལུས་ཀྱི་ཟུང་དང་སེམས་ཀྱི་རྟེན་དུ།ཚིག་གི་མཁའ་འགྲོ་དང་། ཡེ་ཤེས་ཀྱི་སྒོམ་པས་ཡས་བྱོན་པ།མཁའ་འགྲོའི་ཚུལ་དུ་འགྲོ་ཞིང་བདག་གི་རྒྱུད་བྱིན་གྱིས་རླབས་པ་ནི། བྱང་ཆུབ་ཆེན་པོའ་རྟེན་འབྲེལ་མཛད། ཅེས་བྱ་བ་ས་བཅུ་གསུམ་པའི་རྟེན་འབྲེལ་མཛད་པའོ། །དེ་དག་གིས་ནི་རེ་དོགས་དང་བྲལ་བའི་འཐད་པ་བསྟན་པའོ། །ད་ནི་དེ་ཉིད་ཀྱི་ཕྱིར་ན་དངོས་གྲུབ་གསལ་བྱེད་གཞན་ན་མེད་པར།རེ་བ་དང་བྲལ་བའི་ལམ་བསྟན་པ། དངོས་གྲུབ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་
༩༥གྲུབ་ནི། གྲུབ་མཐའ་བཞི་དང་། སྐུ་ལྔ་ལ་སོགས་པའོ། །རང་ལས་འབྱུང་བར་ཞེས་བྱ་བ། མཁའ་འགྲོ་ཡབ་ཡུམ་རྟེན་འབྲེལ་འགྲིགས་ནས།བཅུ་ལས་ཤེས་པ་ནི། དང་པོ་ཐོས་བསམ་གྱིས།བླ་མ་ལས་ཤེས་ཤིང་། ཕྱིས་ནས་བདག་ཉིད་ཀྱི་ཉམས་མྱོང་རྗེས་སུ་དྲན་པའི་ཚད་མས་སོ། །རེ་བའི་བློ་སེལ་བ་ནི་ཕྱིའི་རྒྱལ་བ་སྤྲུལ་སྐུ་ལ་སོགས་པ་ལ་དངོས་གྲུབ་རེ་བ་དང་བྲལ་བའོ། །རྩོལ་བ་ནི་ཕྱིའི་ལྷ་མཆོད་པ་དང་། རླུང་སེམས། གཏོར་མ་དང་། སྦྱིན་སྲེག་ལ་སོགས་པ་རྣམས་ཀྱི་རྒྱུ་ནང་དུ་སྒྲ་སོགས་ཆད་པས་རྩོལ་བ་དང་བྲལ་བའོ།། །ད་ནི་དོགས་པ་དང་རེ་དོགས་དང་བྲལ་བའི་རྒྱུ་དང་དེ་ཉིད་ཀྱི་ཕྱིར་རེ་བ་དང་བྲལ་བའི་ལམ་དང་དོགས་པ་དང་བྲལ་བའི་ལམ་དང་རེ་དོགས་དང་བྲལ་བའི་ཕྱིར་དྲོད་ཉམས་ཐམས་ཅད་བྱུང་རྒྱལ་དུ་བསྐྱངས་བས་དེ་བཞིན་བསྡུས་པའོ། །དང་པོ་ལ་གཉིས་ཕྱི་རྟེན་འབྲེལ་རླུང་ལོག་མཐོང་སྣང་རྨི་ཉམས་གསུམ་རིམ་པ་ཡིན་མིན་དུ་འབྱུང་བ་ལྟར་འབྱུང་བའི་རྒྱུ་ནི་རྟེན་འབྲེལ་རླུང་སེམས་ཡབ་ཡུམ་བཅུ་རྩ་རིན་པོ་ཆེའི་ཕོ་བྲང་རྣམས་སུ་དམ་ཚིག་གི་མཁའ་འགྲོའི་ཚུལ་གྱིས་བྱིན་གྱིས་རློབ་པས་རེ་བའི་མཐོང་སྣང་དང་། དོགས་པའི་མཐོང་སྣང་དང་། མཐོང་སྣང་ཐམས་ཅད་བྱེད་པའི་རྒྱུ་གྱི་རོལ་ན་མེད་པར་སྒྲོ་འདོགས་ཆོད་པའོ། །ལྷག་མ་གསུམ་ནི་རྩ་ཉིད་དང་སྦྱར་བས་གོ་བར་ནུས་སོ། །ཞལ་ཤེས་གུད་ན་ཡོད་པ་བྲིས་པ་ཡིན་ནོ།བྲལ་བའི་ཕྱི་ནས་བར་ཆད་འབྱུང་བས། ལམ་ལས། བདུད་དང་གོལ་ས་ཞེས་བྱ་བ་མ་ཤེས་པའི་རྣལ་འབྱོར་པ་ལ་སྲིན་པོ་ཤ་ཟས་རྡེག་པ་དང་། འཇིགས་ཤིང་ཉམ་ང་བ་དང་། འདྲེས་ནོན་པ་ལ་སོགས་པ་རྣམས་ལམ་ཤེས་ནང་གི་གནད།པའི་རྣལ་འབྱོར་པ་ལ་ལམ་དང་རྟེན་འབྲེལ་ཏེ། ཟམ་འཕྲང་ངམ། ཆུ་བོ་ལ་སོགས་པ་བཞིན་ཏེ། དེ་བས་ན་ཏིང་ངེ་འཛིན་རྣམ་གྲངས།ངོ་ཤེས་པས་བསམ་གཏན་གྱི་གེགས་སེལ། བར་ཆད་ངོ་ཤེས་པས་བདུད་ཀྱི་གེགས་སེལ། སྐྱོན་ཡོན་ཏན་དུ་སློང་ཤེས། བར་ཆད་དངོས་གྲུབ་ཏུ་ལེན་ཤེས་པའི་གདམས་ངག་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ན་དྲོད་བྱུང་རྒྱལ་དུ་བསྐྱང་བ་ནི། རིམ་པ་ཡིན་མིན་དུ་སྐྱེ་བའི་ཞེས་སྨོས་ཏེ། ཕྱིར་ཉམས། རེ་བ་དང་བཅས་པ་དང་། དོགས་པ་དང་བཅས་པ་གཉིས་ཀྱང་ནང་དུ་
༩༦རྟེན་འབྲེལ་རིམ་མིན་དུ་འགྲིགས་པའི་ཕྱིར་ཉམས་ཀྱང་རིམ་པ་ཡིན་མིན་དུ་སྐྱེ་བས་གཉིས་ཀ་ལ་བླང་དོར་མེད་པར་རྣལ་འབྱོར་པས་དྲོད་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་ངོ་། །ད་ནི་སད་པ་བཞི་རུ་བསྟན་པའི་ལམ་ལས་ཤེས་རབ་ཀྱི་ཕྱོགས་སུ་ལྷུངས་པའི་ལམ་ལ། ལྷའི་བུའི་བདུད་འོངས་པས་སད་པ་བཞིས་སྲུང་ཞེས་སྨོས་སོ། །འདི་ནི་སྔར་ཐབས་ཤེས་རབ་ཀྱི་ཕྱོགས་སུ་ལྷུངས་པའི་བྱེ་བྲག་སུམ་ཅུ་བསྟན་པའི་སྐབས་ལས། ཁྱད་པར་དུ་ཤེས་རབ་ཀྱིས་སྲུང་བའི་སྐབས་སུ་འཁྲུགས་ཀྱིས་ཚུལ་དུ་སྦྱར་ཤེས་པར་བྱ་བས་འདིར་མ་བརྗོད་དོ། །མདོར་ན་དེ་ཡན་ཆད་ཀྱིས་རླུང་གིས་ལམ་ཁྲིད་པའི་དབང་དུ་བྱས་ནས་རྫུ་འཕྲུལ་གྱི་རྐང་པ་བཞིས་སྣང་བ་དགྲར་ལངས་ཀྱི་ཡུལ་སྣང་བ་བུ་ལ་སོགས་རྟོགས་པ་དུ་མ་བསྐྱེད་པའོ། །ཤེས་བྱའི་སྒྲིབ་པ། གཉེན་པོ་བསྟན་ནོ། །ད་ནི་སྟོང་པ་དགྲར་ལངས་ཀྱི་གཉེན་པོར་དྲན་པ་ཉེ་བར་བཞག་པ་བཞི་འཇུག་པ་ལས་བསྒོམ་པ་མི་འཆོར་བའི་དྲན་པ་ཉེ་བར་བཞག་པ་བཞི་ནི་ཞེས་སྨོས་ཏེ། སེམས་གཙོ་བོར་གྱུར་པའི་དབང་དུ་བྱས་ནས་སོ། །ཡུལ་འགགས་ཕ་ཞེས་བྱ་བ། སྤྱིར་སྟོང་པ་དགུར་གནས་པ་ཡིན་ཡང་། སྒྲུབ་པའི་ཉམས་ལ་སྟོང་པ་ལྔར་སྐྱེ་སྟེ། ཤེས་རབ་ཀྱི་ཨར་ཐིམ་པས་མཐོང་ཡུལ་འགགས་པའི་སྟོང་པ། སྙིང་པོའ་ཨར་ཐིམ་པས་སྤང་བྱ་གཟུང་འཛིན་གྲོལ་བའི་སྤོང་པ། འགོགས་པའི་སྙོམས་འཇུག་གི་རྩར་ཐིམ་པས་ཚོགས་དྲུག་འགགས་པའི་སྟོང་པ། རླུང་གི་རླུང་སྤུ་གྲི་སྟོབས་སུ་གྱུར་པས་ཡོན་ཏན་ཏིང་ངེ་འཛིན་ཀྱིས་སྟོང་པའི་སྟོང་པ། ཕྱི་དབྱིབས་ཀྱི་ཨར་ཐིམ་པས་བདེ་བས་བརྒྱལ་བའི་སྟོང་པའོ། །དེ་ལས་དང་པོ་ནི་སྐྱོན་དངོས་པོ་དང་མཚན་མས་སྟོང་པ། ཡོན་ཏན་ཏིང་ངེ་འཛིན་ཞི་གནས་དང་ལྷག་མཐོང་གིས་སྟོང་པ། བསམ་གཏན་གྱི་ཁང་བུ་བསམ་གཏན་གྱིས་སྟོང་པ། སྤང་བྱ་མཐོང་ཡུལ་སྣ་ཚོགས་ཀྱིས་སྟོང་པ། ཞེས་བྱ་སྟེ། དེའི་གཉེན་པོར་སྤྱོད་པ་ཆུང་ངུ་དྲན་པ་ཉེ་བར་བཞག་པ་བཞི་ནི། རང་ཡི་གཟུང་འཛིན་རགས་པ་དམ་གྱི་ལྷ་དང་ཞེས་བྱ་བ་ལུས་རྗེས་སུ་དྲན་པ་ཤུགས་ཀྱིས་བསྟན་པ། ལྷ་རྗེས་སུ་དྲན་པ་སྟེ་ཡེ་ཤེས་སེམས་དཔའ་དགུག་
༩༧གཞུག །སྔགས་རྗེས་སུ་དྲན་པ་སྟེ། ལྷག་པའི་ལྷའི་སྙིང་པོ། གུག་ཀྱེད་ཀྱི་དགོས་པ་བསམ་ཞེས་བྱ་བ་རྒྱན་དྲུག་གི་དགོས་པ་བསམ་པ་སྟེ། འདི་ནི་ཡི་གེའི་དོན་གྱིས་དབང་དུ་བྱས་པའོ། །དོན་ནི་འདི་ཡིན་ཏེ། ལུང་ལས། བླ་མ་རྡོ་རྗེ་འཛིན་པ་ལ། ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །ཞེས་བྱ་བ་ལ་སོགས་པ་རྣམས་དང་སྦྱར་རོ། །ཏིང་ངེ་འཛིན་ཆ་མཉམ་པས། ཞེས་བྱ་བ་ནི་སྔར་སྟོང་ཉམས་འབའ་ཞིག་ཏུ་སྐྱེས་པ་དེ་ལྟར་སྣང་བ་དང་ཟུང་དུ་ཆུད་པས་སྟོང་པ་དགྲར་ལངས་ཀྱི་འཕྲང་ལས་གྲོལ་ཏེ་དྲན་པས་བསློངས་ནས།སྣང་བ་ལྷག་པའི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་འཆར། སྒྲ་ཐམས་ཅད་སྔགས་རང་གི་ལྷའིསུ་འཆར། བདེ་བའི་སེམས་ལ།རྒྱུན་བརྟན་པ་སྙམ་བྱེད་པ་འབྱུང་། དེ་ཙམ་ན་བསྐྱེད་རིམ་ཅུང་ཟད་བརྟན་པ། ཞེས་ཀྱང་མིང་ཐོབ་བོ། །ཏིང་ངེ་འཛིན་གྱི་རྒྱུན་དེ་བཞིན་དུ་གོམས་པ་ལས་སྐབས་སྐབས་སུའམ། རྒྱུན་ཆགས་སུ་འདི་ཉིད་ཟག་པ་མེད་པའི་བདེ་ཆེན་ནམ། བདེན་པ་མཐོང་བའམ། གྲུབ་མཐའ་སྙོགས་པ་ཡིན་སྙམ་པའི་ཆོག་ཤེས་པའི་བདུད་དེ་ཉིད་ལས་གཞན་དུ་མི་གཡོ་བའི་བྱིང་བ་ཆེན་པོའ་འཕྲང་ཞེས་བྱ་བ་འབྱུང་སྟེ། འདི་ནི་ཕྱི་དབྱིབས་ཀྱི་ཨར་རླུང་སེམས་འདུས་པའི་མཐུ་ཡིན་ནོ། །དེའི་གཉེན་པོར་སྤྱོད་པ་ཆེན་པོར་ཡང་དག་པར་སྤོང་བ་བཞི་འཇུག་སྟེ། དེའང་དོན་ནི་དབང་བཞི་པ་མཚན་ཉིད་པ་ཡིན་པས། དེ་ཡང་དབང་བླང་བའི་ཡུལ། གང་ལས་བླང་བ། རྟེན་གང་ལས་ཐོབ་པ། དབང་རང་གི་ངོ་བོ་གང་ཡིན་པ། དེ་ལ་ཕན་ཡོན་འབྱུང་བ་བཞིར་ཤེས་པར་བྱའོ། །ཡན་ལག་གི་དོན་བརྗོད་པ་ལས། ཁམས་འདུས་པ་ཐ་མ། ཞེས་བྱ་བ་རླུང་སེམས་ཀྱི་ཚོགས་པ་ཕལ་ཆེར་དྭངས་པ་མཁའ་འགྲོ་ཡབ་ཡུམ་དམ་ཚིག་གི་དང་ཡེ་ཤེས་པའི་ཚུལ་དུ་འདུས་པའོ། །རླུང་པོ་ལག་ཆ་བྲལ་བ་ནི། རྩ་རླུང་གི་ཟུག་ཞི་སྟེ་ཕན་འདོགས་པར་འགྱུར་བའོ། །སྐྱེ་མཆེད་དྲུག་གི་ནང་དུ་ཐིག་ལེ་འདུས། ཞེས་བྱ་བ་མིག་ལ་སོགས་པ་སྐྱེ་མཆེད་དྲུག་གི་གནས་སུ་ཁམས་དྭངས་མ་འདུས་པ་ལས་རྗེས་སུ་དྲན་པ་དྲུག་ཤེས་ཞེས་བྱ་བ། མིག་
༩༨གིས་གཟུགས་ཉེ་རིང་མེད་པར་མཐོང་བ་ལ་སོགས་པ་ཟག་བཅས་ཀྱི་མངོན་ཤེས་ཕྱོགས་མེད་དུ་འཆར་རོ། །སྤྲུལ་སྐུ་འགའ་མཐོང་བ་ནི། ཁམས་དྭངས་མའི་རྟེན་འབྲེལ་གྱིས་སྤྲུལ་པའི་སྐུ་མཚན་དབང་བླང་བའི་ཡུལ།ཉིད་པ་གཅིག་ནས་བཅུའི་བར་དུ་ཅི་རིགས་པར་མཐོང་བའོ། །སྒོམ་པ་མི་འཆོར་བ་ནི་སྔ་མ་བཞིན་ནོ། །ཡང་དག་པར་སྤོང་བ་བཞི་ནི་དགྱེས་སྩོགས་དབང་གི་རྟེན།པད་ཅན་བཅུ་གཉིས་མའི་རྩ་རྙེད་པས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པས་ཡང་དག་པར་སྤོང་བ། དེ་བཞིན་དུ་དལ་རྒྱུ་སྩོགས་རིགས་པ་ཡིད་འཇུག་པས་རྣམ་པར་རྟོག་པ་ཐམས་ཅད་སྤོང་བ། ལུས་ངག་ཡིད་རྡོ་རྗེ་སྐྱིལ་ཀྲུང་བཅས་པས་རྣམས་པར་རྟོག་པ་ཐམས་ཅད་སྤོང་བ། ཐིག་ལེས་རླུང་ནོན་པས་རྣམ་པར་རྟོག་པ་ཐམས་ཅད་སྤོང་བ་སྟེ། འོག་ཏུ་རྒྱས་པར་ཤེས་པར་བྱའོ། །སྤྲུལ་སྐུ་ལས་ཞེས་བྱ་བ་ནི་དབང་བླང་བའི་ཡུལ་བསྟན་ཏོ། །དབང་གསུམ་གྱི་རྗེས་དབང་གི་རང་གི་ངོ་བོ།ལས་བྱུང་བའི་ཤེས་པ་བསམ་པ་ནི་བཞི་པ་རྟེན་ཅན་ཏེ། ལུང་བསྟན་པའི་བུ་མོ་པད་ཅན་མ་ལས་མས་བརྟན་པའི་དགའ་བ་བཞི་ཉམས་སུ་མྱོང་བའོ། །ད་ནི་དབང་དེ་རང་གི་ངོ་བོ་རྟེན་འབྲེལ་བཞི་ལས་སྐྱེ་བ་བསྟན་པའི་ཕྱིར། དགྱེས་སྩོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དགྱེས་པ་མ་ཡིན་ཏེ་དགྱེས་པ་སྐྱེད། མཚན་དང་མི་ལྡན་པ་མ་ཡིན་ཏེ་མཚན་དང་ལྡན། བྱིན་གྱིས་མི་རློབ་པ་མ་ཡིན་ཏེ་བྱིན་གྱིས་རློབས་ཅེས་བྱའོ། །པད་ཅན་ནི་བུ་མོ་པད་ཅན་གྱི་རིགས་ཏེ་ལག་པ་དང་རྐང་པ་ལ་འདབ་བརྒྱད་ཀྱི་རི་མོ་ལ་སོགས་སོ། །བཅུ་གཉིས་མ་ནི་བཅུ་ཚན་གཉིས་ཏེ་ཉི་ཤུའོ། །རྩ་བཙལ་བ་ནི་སྒ་གཏད་པའི་སྦྱོར་བས་པདྨའི་སྣལ་མ་ལྟར་ཕྲ་བ། མདུང་གི་རྩེ་མོ་ལྟར་རྣོ་བ། རལ་གྲིའི་སོ་ལྟར་གཅོད། མེ་ལོང་གི་ངོས་ལྟར་འཇམ། ཞེས་བྱ་བ་ཆོས་བཞི་ལྡན་དུ་ཤེས་པར་བྱའོ། །དེས་ཡང་དག་པར་སྤོང་བ་དང་པོ་བསྟན་ནོ། །སྙིང་པོའ་ཡང་དག་གི་རྟེན་འབྲེལ།ཨ་ནི་ཆོས་སྐུའི་རྟེན་ཏེ་ཀུན་འདར་གྱི་སྣ་རྩེར་བྱོན། ཅེས་པས་ཐིག་ལེའི་གཟུགས་ཀྱིས་དབུ་མའི་སྣ་རྩེར་ཞུགས།
༩༩དེ་ལས་ཨ་གྱེན་ལ་བསྐྱོད་པའོ། །དལ་རྒྱུ་སྙིང་པོ་ཡེ་ཤེས་ཀྱི་རླུང་གི་རྟེན་འབྲེལ།སྩོགས་ཞེས་བྱ་བ་ནི་གཞི་རྩ་བའི་རླུང་ལྔ། རིག་པ་ནི་བྱངས་པ། ཡིད་ནི་དབུ་མ་སྟེ་དེར་འཇུག་པའོ། །འདིས་ནི་ཡང་དག་པར་སྤོང་བ་གཉིས་པ་བསྟན་ཏོ། །ལུས་གཡས་རོ་མ། ངག་གཡོན་རྐྱང་མ། ཡིད་དབུ་མ་སྟེ། རྡོ་རྗེ་སྐྱིལ་ཀྲུང་བཅས་པ། ཞེས་བྱ་བ་མི་ཕྱེད་པར་ཡི་གེའི་ཆའི་དབྱིངས་སུ་གྱུར་པའོ། །འདིས་ནི་ཡང་དག་པར་སྤོང་བ་གསུམ་པ་བསྟན་ཏོ། །ཐིག་ལེས་ཁམས་བདུད་རྩིས་རྟེན་འབྲེལ།རླུང་ནོན་པ། ཞེས་བྱ་བ་ཁམས་དྭངས་མ་རྩ་གསུམ་འཛོམ་པའི་གནས་སུ་བྱོན་པས་རྩ་གཡས་གཡོན་གཉིས་ཀྱི་རླུང་མནན་པ་སྟེ། འདིས་ཟག་བཅས་ཀྱི་བདེ་བ་ཆོས་མཆོག་མན་ཆད་ཀྱི་ཉམས་མཆོག་ཏུ་གྱུར་པ་སྐྱེའོ། །འདིས་ནི་ཡང་དག་པར་སྤོང་བ་བཞི་པ་བསྟན་ཏོ། །རྔ་སྒྲ་ཕན་ཡོན་བསྟན་སྩོགས་མི་ཐོས་པ་ནི་དེ་ཙམ་ན་ཡིན་ཟག་བཅས་ཀྱི་བདེ་བ་ཡིན་ཡང་བདག་གིས་ཟག་མེད་ཀྱི་བདེ་བར་བཟུང་། དེས་བརྒྱལ་བ་རྔ་བོ་ཆེ་བརྒྱ་དང་དུང་དང་ཆ་ལང་ལ་སོགས་པ་རྣམས་ཀྱིས་ཀྱང་སད་པར་མི་ནུས་སོ། །དེ་ཉིད་ལ་ཆོག་ཤེས་པའི་བདུད་ཅེས་ཀྱང་བྱ་སྟེ། དེ་ལ་སྤྱིར་ཆོག་ཤེས་པ་ནི་ལྟ་བས་ཆོག་ཤེས་པ། ཉམས་མྱོང་ཏིང་ངེ་འཛིན་གྱིས་ཆོག་ཤེས་པ། གདམས་ངག་ལ་ཆོག་ཤེས་པ་དུ་མ་འབྱུང་ན་ཡང་འདི་ནི་ཆོག་ཤེས་པ་སྩོགས་ཀྱིས་བདུད་ཆོམས་ཞེས་པ། སྔར་དྲན་པ་ཉེར་གཞག་གི་ལམ་མན་ཆད་དུ་ཟག་མེད་བདེ་བར་འཛིན་པ་ལ་ཆོག་ཤེས་པའི་བདུད་ཆོམས་ནས་ཡང་དག་པར་སྤོང་བ་བཞིས་ཟག་མེད་ཀྱི་བདེ་བ་དང་ཆ་མཐུན་པས་ས་དང་པོ་ལ་ཉེ་བར་གྱུར་པའི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་པས་དེ་སྐད་ཅེས་བྱ་སྟེ། ཆོག་ཤེས་པའི་བདུད་མ་ལུས་པ་ནི། མཐོང་བའི་ལམ་ཉིད་ཀྱིས་ཆོམ་པས་སོ། །དེ་དག་གིས་ནི་ཁམས་འདུས་པ་གསུམ་ལ་དྲོད་གསུམ་གྱིས་བསྡུས་པའི་ཏིང་ངེ་འཛིན་སྐྱེས་པས་སྦྱོར་ལམ་བཞི་ལས་དྲོད་བསྟན་ཏོ། །ད་ནི་དྲོད་ཀྱི་ཡོན་ཏན་གྱི་ལྡོག་པས་སྦྱོར་ལམ་ལྷག་མ་གསུམ་བཞག་
༡༠༠པ་ནི། ནང་གི་སངས་རྒྱས་རྣམས་ཀྱི་ལམ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ནང་གི་སངས་རྒྱས་རྣམས་ནི་རླུང་སེམས་ཡབ་ཡུམ་བཅུའོ། །སྲིད་པའི་རྩེ་མོ་ནི་རྩ་གཡས་གཡོན་གྱི་སྣ་རྩེ་ཡིན་ལ། དེ་ལ་འདས་པའི་རྩེ་མོ་ནི་དབུ་མའི་སྣ་རྩེར་བྱོན་པའོ། །དེས་ན་ཡོན་ཏན་གྱི་ལྡོག་པས་སྦྱོར་ལམ་གཉིས་པ་བསྟན་ཏོ། །མ་སྐྱེས་པའི་ཆོས་ལ་བཟོད་པར་དཀའ་ཞེས་བྱ་བ་སྔར་ལོ་ཀའི་ལམ་མན་ཆད་དུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྐྱེ་ཡང་སྐྲག་པ་ཆེན་པོ་སྐྱེ་ལ། དབུ་མར་རླུང་སེམས་འདུས་པའི་སྐབས་འདིར་ནི་འཁོར་འདས་སྟོང་པ་ཉིད་དུ་རྟོགས་པའི་ཏིང་ངེ་འཛིན་སྐྱེ་ཡང་དེ་ལ་མི་སྐྲག་པས་བཟོད་པའོ། །དེ་ཡི་ནང་རྟེན་འབྲེལ་ནི། དབུ་མར་སེམས་རྟོག་མེད་ལོག་སེམས་འཕོས་ན་བཟོད་པ་ཞེས་སྨོས་ཏེ་སྦྱོར་ལམ་གསུམ་པའོ། །འཁོར་བའི་ཆོས་ལས་འདས་ཞེས་བྱ་བ་དེ་མན་ཆད་དུ་ཚོགས་སྦྱོར་གཉིས་ལ་ཏིང་ངེ་འཛིན་སྐྱེ་ཡང་སྲིད་པའི་སྡུག་བསྔལ་ཚོར་བ་དྲག་པོ་འགག་ནད་དྲག་པོ་སོགས་དེ་འབྱུང་བ་ལུས་འཁྲུགས་དང་གདོན་སོགས།མི་ནུས་པས། དེ་ལ་འདས་པའི་སྤང་བྱ་སྤངས་པ།ཆོས་མཆོག་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ཟག་མེད་ས་དང་པོ་ཡོན་ཏན་རྟེན་འབྲེལ་འགྲིག་པའི།ཡིན་ལ། ལམ་ཆོས་རྣམས་རྫོགས་ཞེས་བྱ་བ་ཡང་དག་པ་སྤོང་བ་བཞིའི་རྟེན་འབྲེལ་མ་ལུས་པར་ཚང་བའོ། །དེ་ལྟར་ན་ཆོས་མཆོག་གཉིས་ཀྱིས་སྦྱོར་ལམ་བཞི་པ་བསྟན་ཏོ། །ད་ནི་དེ་ས་དང་པོའ་རྟོག་པ་འཆད་པའི།ལྟར་བསྟན་པ་རྣམས་ཀྱིས་གཞུང་ཉེ་བར་བསྡུ་བ་བསྟན་པ་ལས། དེ་ལྟར་ཉམས་སྐྱོན་ཅན་ཞེས་བྱ་བ་ནི་བརྒྱད། སྐྱོན་མེད་ནི་གསུམ། ཕྱི་དབྱིབས་ཀྱི་ཨ་ན་ཡར་རླུང་སེམས་མཉམ་པར་འདུས། ཞེས་བྱ་བ་ལོ་ཀའི་ལམ་མན་ཆད་ཀྱི་རྩ་དང་ཡི་གེ་དང་བྱང་ཆུབ་ཀྱི་སེམས་དང་རླུང་རྣམས་ལ་འདས་ནས་དབུ་མར་ཞུགས་ཏེ་ལོ་ཀ་ལས་འདས་པའི་ལམ་མགོ་རྩོམ་ཞེས་བྱ་བའི་དོན་ཏོ། །ད་ནི་སྔར་ལམ་གཉིས་ཀ་ལ་སྐྱེ་བའི་ཏིང་ངེ་འཛིན་རྣམས་དང་། ལོ་ཀ་ལས་འདས་པའི་ལམ་ལ་སྐྱེ་བའི་ཏིང་ངེ་འཛིན་གསུམ་དུ་བསྡུ་བའི་ཕྱིར། དེ་ལྟར་ལམ་དུ་འབྱུང་བ་རྣམས་ངོ་བོ་རང་བཞིན་མཚན་ཉིད་དོ། །ཞེས་སྨོས་ཏེ། མས་རིམས་
༡༠༡སུ་སྦྱར་ལ། མཚན་ཉིད་སྣ་ཚོགས། མཐོང་སྣང་སོགས། རང་བཞིན་སྟོང་པ། ཡུལ་འགགས་པ་སོགས། ངོ་བོ་ཟུང་འཇུག །ཡུལ་སྣང་སྟོང་སོགས། ཅེས་བྱའོ། །དེ་དག་གིས་ནི་གཞུང་ཚོམ་བུ་བདུན་དུ་བཅད་ནས་ལམ་ཚོགས་སྦྱོར་གཉིས། བྱང་ཆུབ་ཀྱི་ཕྱོགས་བཅུ་གཉིས་ལས་ཁམས་འདུས་པ་གསུམ་དུ་བཅད་དེ་འཇིག་རྟེན་པའི་ལམ་གྱི་གདམས་ངག་བསྟན་ཏོ། །ད་ནི་འཇིག་རྟེན་ལས་འདས་པའི་ལམ་ལ། དེ་ཡང་ལམ་སྤྱིའི་རྣམ་པར་གཞག་པ་ནི། ལམ་ལྟར་ན་མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་དང་གསུམ། བྱང་ཆུབ་ཀྱི་ཕྱོགས་ལྟར་ན་ཉི་ཤུ་རྩ་ལྔ། ས་ལྟར་ན་ཕྱེད་དང་བཅུ་གསུམ། དེས་ལམ་མ་ལུས་པར་རྫོགས་པ་ཡིན་ན་ཡང་། རེ་ཞིག་ས་ལམ་སྤྱིའི་རྣམ་གཞག་སྟོན།རྣམས་ཚོམ་བུར་བཅད་ན་བཞིར་བསྡུ་སྟེ། ས་དྲུག་བུམ་དབང་གིས། དབང་ལྟར་ན། བཞི་གསང་དབང་གི་ས། གཉིས་ཤེས་རབ་ཡེ་ཤེས་ཀྱི་ས། ཕྱེད་དབང་བཞི་པའི་སའོ། །ཡང་དང་པོ་ལ་བསྐྱེད་རིམ་བསྟེན། གཉིས་པ་ལ་བདག་བྱིན་གྱིས་རླབས་པ་བསྟན། གསུམ་པ་ལ་དཀྱིལ་འཁོར་འཁོར་ལོ་བསྟན། བཞི་པ་ལ་རྡོ་རྗེ་རྦ་རླབས་བསྟན་ཏོ། །ཡང་དང་པོ་ལ་སྤྲུལ་སྐུའི་ཞིང་ཁམས་ལྟར་ན།ཞིང་ཁམས་ལ་དབང་། གཉིས་པ་ལ་ལོངས་སྐུའི་ཞིང་ཁམས་ལ་དབང་། གསུམ་པ་ཆོས་སྐུའི་ཞིང་ཁམས་ལ་དབང་། བཞི་པ་ངོ་བོ་ཉིད་ཀྱི་སྐུའི་ཞིང་ཁམས་ལ་དབང་ཐོབ་བོ། །ཡང་དང་པོ་གྲུབ་མཐའ་ལྟར་ན།ལ་ལུས་ཀྱི་དཀྱིལ་འཁོར་མངོན་དུ་འགྱུར། གཉིས་པ་ལ་བྷ་གའི་དཀྱིལ་འཁོར། གསུམ་པ་ལ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར། བཞི་པ་ལ་དུས་གསུམ་བདེ་གཤེགས་བཅུད་འདུས་ཀྱི་དཀྱིལ་འཁོར་མངོན་དུ་འགྱུར་རོ། །ཡང་དང་པོ་ལ་འཁོར་འདས་དབྱེར་མེད་ཀྱི་གྲུབ་མཐའ་རྙོགས། གཉིས་པ་ལ་མ་འདྲེས་པ་ལ་ཡོངས་སུ་རྫོགས་པའི་གྲུབ་མཐའ། གསུམ་པ་ལ་བདེ་སྟོང་རྒྱ་ཆུང་བའི་གྲུབ་མཐའ། བཞི་པ་ལ་བདེ་སྟོང་རྒྱ་ཆེ་བའི་གྲུབ་མཐའ་སྙོགས་སོ། །ད་ནི་ས་རེ་རེའི་དབང་དུ་བྱས་ནས་རྡོ་རྗེའི་ཚིག་རྐང་གི་དོན་བརྗོད་པར་བྱ་སྟེ། དེ་ལ་ས་རེ་རེ་ལ་རྒྱུ་བསྟན་པ།
༡༠༢རྟགས་བསྟན་པ། འབྲས་བུ་བསྟན་པ། འཇུག་སྡུད་བསྟན་པ་དང་བཞི་བཞིས་ཤེས་པར་བྱའོ། །དེ་ལ་ས་དང་པོའ་དབང་དུ་བྱས་ནས་རྒྱུ་ལ་གཉིས། རིང་རྒྱུ་དང་། ཉེ་རྒྱུའོ། །རིང་རྒྱུ་ལའང་གཉིས། དབང་དང་། བུམ་དབང་། ལམ་མོ། །བསྐྱེད་རིམ། དང་པོ་ལ་གཉིས། རྒྱུ་དུས་ན་བླ་མ་ལས་བུམ་དབང་ཐོབ་པ་དང་། བཅུ་གཅིག །ལམ་དུས་ན་རང་གི་བུམ་དབང་ཐུན་བཞི་ལ་རྒྱས་བསྡུས་གསུམ།སོགས་པར་བསྒོམ་པའོ། ལམ་ནི་བསྐྱེད་པའི་རིམ་ལུས་ཀྱི་དཀྱིལ་འཁོར།པ་དབྱིབས་སོ། ཉེ་རྒྱུ་དེ་ཉིད་གྲུབ་པའི་རྒྱུ།ལ་ཡང་གཉིས། ཕྱི་རྟེན་འབྲེལ་དང་། ནང་རྟེན་འབྲེལ་ལོ། །དེ་ལ་ཕྱི་རྟེན་འབྲེལ་ནི་སྤྲུལ་སྐུ་ལས་དབང་ཐུན་ཚད་མེད་པར།བཞི་ལེན་པ། ནང་རྟེན་འབྲེལ་ལུས་ཀྱི་དཀྱིལ་འཁོར་མཐོང་རྩའི་འཁོར་ལོ།བའོ། རྟགས་ལ་གསུམ་ལས། ཕྱི་རྟགས་ཐིག་ལེ་ལ་འཆར་བ། ནང་རྟགས་རླུང་ལ་འཆར་བ། དེ་ཁོ་ན་ཉིད་ཀྱི་རྟགས་སེམས་འདི་དང་པོ།ལ་འཆར་བའོ། ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། འཇིག་རྟེན་ལས་འདས་པའི་ལམ་ཞེས་བྱ་བའི་ལམ་ཚོགས་སྦྱོར་རྩ་ཡི་གེ། རླུང་བདུད་རྩི།གཉིས་ལས་འདས་ནས་མཐོང་བའི་ལམ་བརྩམས་པས་སོ། ད་ནི་རྒྱུ་བསྟན་པ་ལས། ཕྱི་ནང་རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ་གྱི་ཞེས་བྱ་བ་ལོ་ཀ་བའི་ལམ་མན་ཆད་དུ་ནི། རྟེན་འབྲེལ་གསུམ་གྱིས་ལམ་བགྲོད་པ་ཡིན་ལ། འདིར་ནི་ཉེ་རྒྱུའི་དབང་དུ་བྱས་ནས། ཕྱི་རྟེན་འབྲེལ་ནི་སྤྲུལ་སྐུ་ལས་དབང་བཞི་ལེན་པ། ཐུན་མོང་། ནང་རྟེན་འབྲེལ་འོག་ནས་འབྱུང་བའི་ལུས་ཀྱི་དཀྱིལ་འཁོར་མཐོང་བའོ། །སྤྲུལ་སྐུ་རང་བཞིན་གྱི་ལྷུན་གྲུབ་ཐོབ་པར་བྱེད་པ་ཞེས་བྱ་བ་འབྲས་བུ་སྟེ། རྒྱུ་རྩ་ལ་གནས་པ་འབྲས་གྲུབ་མཐའི་དུས་སུ་འབྲས་བུ་རྩིས་པ།བུ་ས་བཅུ་གསུམ་པ་ལ་སྐུ་ཐམས་ཅད་པ་སྤྲུལ་པའི་སྐུ་མངོན་དུ་འགྱུར། ཞེས་བྱ་བའི་དོན་ཏོ། །བུམ་དབང་མཐར་ཕྱིན་ཞེས་བྱ་བ་རིང་རྒྱུའི་དབང་ཡིན་ལ། ལམ་བསྐྱེད་རིམ་ཀྱང་ཤུགས་ཀྱིས་ཤེས་པར་བྱའོ། །ད་ནི་ཉེ་རིང་རྒྱུ་ནང་རྟེན་འབྲེལ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་བ། བྱང་ཆུབ་ཀྱིས་ས་དང་པོའ་ཡེ་ཤེས།
༡༠༣ཡན་ལག་གིས་དེ་ཡིས་རྒྱུ་སྟེ། འཁོར་ལོ་བཞིའི་རྩ་མདུད་ཕོ་བྲང་གི་དབྱིབས་ཨེ་ཝཾ་མཱ་ཡཱ་བཞིར་གནས་པ་དང་། རྩ་རོ་རྐྱང་གཉིས་དབུ་མ་དང་གསུམ་སྟེ་བདུན་མཐོང་བའོ། །རྟོག་པའི་འགྲོ་ལྡོག་བྱེད་ཞེས་པ་ནི། སྤང་བྱ་སྤང་བའི་ཚུལ་ཏེ། སྤྱིར་ལོ་ཀ་ལས་འདས་པའི་ལམ་ཡན་ཆད་དུ་རྣམ་པར་རྟོག་པ་ཆེ་འབྲིང་བཅུ་གཉིས་སྤོང་བ་ལས། དེ་ཐ་མས་ཀྱང་སྲིད་པའི་སྡུག་བསྔལ་དང་ཚོར་བ་དྲག་པོ་སྐྱེད་པའི་རྒྱུ་སྤང་བྱ་མི་མཐུན་པའི་ཕྱོགས་ནི་མ་ཡིན་ལ་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པ་དང་། ས་གོང་མ་གོང་མར་བགྲོད་པ་ལའང་འགོར་བའི་སྒྲིབ་པ་སྟེ། མདོར་ན་སྤང་བྱ་སྟོབས་ཆུང་། གཉེན་པོ་སྟོབས་ཆེ་བས་རྟོག་པ་བྱུང་ཡང་དེ་མ་ཐག་ཡེ་ཤེས་ཉིད་དུ་ཐིམ་པས་རྒྱ་མཚོ་དང་རླབས་བཞིན་དུ་ཤེས་པར་བྱའོ། །ད་ནི་རྟགས་བསྟན་པ་ལ། དེ་ཡང་གཞུང་ཚོམ་བུར་བཅད་ན་བཞི་སྟེ། ཡོན་ཏན་བརྒྱ་ཕྲག་བདུན་བསྟན་པ། ཁྱད་པར་དུ་མཐོང་རིགས་དྲུག་གི་རྩ་གཉིས་སོགས།ལམ་ས་དང་པོ་བཞག་པ། ཡོན་ཏན་གྱི་ཁྱད་སྔོན་བླ་མས་རྒྱུ་དུས་སུ་བསྟན་པ་སོགས།པར་གཞན་བསྟན་པ། ཟག་མེད་དེ་ཙམ་ན་ལི་ག་བསྟན་པ་སོགས།དགའ་བ་བཅུ་དྲུག་ལས་གང་ཡིན་པ་བསྟན་པའོ། །དེ་ལ་སྤྲུལ་སྐུའི་ཞིང་ཁམས་བརྒྱ་སྒུལ། ཞེས་བྱ་བ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ལ་སོགས་པའི་ཞིང་ཁམས་བརྒྱ་སྒུལ། ཞིང་སངས་རྒྱས་དེ་དག་གི་ཞལ་ལྟ་བ་དང་། དེ་དག་ལས་ཆོས་ཉན་པ་དང་། སྦྱིན་བརྒྱ་ཞེས་བྱ་བ་མིག་གཏོང་བ་ལ་སོགས་པའི་མི་འདྲ་བ་བརྒྱ་བཏང་བའོ། །འོད་བརྒྱ་ཞེས་བྱ་བ་དཀར་པོར་སྤྲོས་ནས་དམར་པོར་འདུ་བ་མཐོང་བ་ལ་སོགས་པ་བརྒྱ། མར་བརྒྱ་འཆད་པ་ནི་བདག་བས་དམན་པའི་གདུལ་བྱ་མི་འདྲ་བ་བརྒྱ་ལ་རང་རང་གི་བསམ་པ་དང་མཐུན་པར་ཆོས་སྟོན་པ། ཏིང་ངེ་འཛིན་མི་འདྲ་བ་བརྒྱ་ནི་དཔའ་བར་འགྲོ་བ་དང་། སེང་གེ་རྣམ་པར་བསྒྱིང་པ་ལ་སོགས་པ་རྒྱལ་བའི་ཡུམ་ལས་འབྱུང་བ་ལྟ་བུ་མི་འདྲ་བ་བརྒྱ་ལ་སྙོམས་པར་འཇུག་པ། འོག་ཏུ་སྦྱར་ལ། རྫུ་འཕྲུལ་སྣ་ཚོགས་སྐད་ཅིག་མས་འབྱུང་ཞེས་བྱ་བ་སྟོད་ནས་མེ་འབར་ཞིང་། སྨད་ནས་ཆུ་འབྲུབ་པ་ལ་སོགས་པ་དང་
༡༠༤གཅིག་ལས་མང་པོར་བྱེད་ཅིང་། མང་པོ་ལས་གཅིག་ཏུ་བྱེད་པ་ལ་སོགས་པ་བརྒྱ་སྟོན་པའོ། །དེ་ལྟ་བུའི་ཕྱི་རོལ་ཏུ་སྣང་བའི་ཡོན་ཏན་བརྒྱ་ཕྲག་བདུན་པོ་འབྱུང་བའི་རྟེན་འབྲེལ་ནི་ནང་གི་ཞིང་ཁམས་མཐོང་བའོ། །ནང་མི་མཐོང་བར་ཕྱི་མི་མཐོང་ཞེས་སྨོས་ཏེ་སྔར་གྱི་བྱང་ཆུབ་ཀྱི་ཡན་ལག་བདུན་ཉིད་དོ། །ད་ནི་མཐོང་ལམ་ས་དང་པོར་བཞག་པ་ལ། རིགས་དྲུག་གི་རྩར་ཁྱད་པར་མིའི་རྟེན་མཐོང་ན་ཞེས་བྱ་བ། ནྲྀ་ཡིག་སྔོན་པོ་མཐོང་བས་གསང་བ་རྟེན་འབྲེལ་ནས་ཕྱི་རོལ་ཏུ་ཉམས་ཀྱི་སྣང་བ་ལ་མི་སླུ་བར། དགའ་ལ་ཞེས་བྱ་བ་ཟག་མེད་ཀྱི་བདེན་པའི་དོན་སྔར་མ་མཐོང་བ་མཐོང་བས་དགའ་བ་ཁྱད་པར་ཅན་སྐྱེ་བ་ཡིན་ལ། གཡང་ཟ་ཞེས་བྱ་བ་སྔར་ལོ་ཀའི་སྐབས་སུ་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཇི་སྙེད་ཅིག་བདག་གིས་མྱོང་བ་དང་འགྲོ་བ་འཁྲུལ་པ་དང་བཅས་པ་རྣམས་ལ་ཇི་སྙེད་ཅིག་གི་སྡུག་བསྔལ་འདུག་པ་མཐོང་ལ། བདག་འཁྲུལ་པ་དང་བྲལ་ཞིང་སྡུག་བསྔལ་མི་མྱོང་བཞིན་དུ་ཡང་། མྱོང་བ་སྙམ་བྱེད་པའི་དོགས་པ་འབྱུང་བས་གཡང་ཟ་བའོ། །ངོ་ཚ་ལ་སྐྱུག་བྲོ་བ་ནི་སྔར་སེམས་འཁྲུལ་པའི་དུས་སུ་མ་བག་མར་ལེན་པ་དང་། མི་གཙང་བ་ལ་གཙང་བར་གཟུང་བ་ལ་སོགས་པ་འཁོར་བའི་སྤྱོད་པ་རྣམས་ལ་ཡིད་འབྱུང་བས་དེ་སྐད་ཅེས་བྱའོ། །ད་ནི་ས་དང་པོ་དེ་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བ་གཞན་བསྟན་པ་ལ། སྔོན་བླ་མས་རྒྱུ་དུས་ན་བསྟན་པའི་འཁོར་འདས་དབྱེར་མེད་དེ་ཙམ་ན་རྟོགས་ཞེས་བྱ་བ་བླ་མས་ལམ་སྩོགས་ཉི་ཤུའི་སྐབས་སུ་བསྟན་པ་དེ་འདིར་གྲུབ་མཐའ་དང་པོ་ལ་ཤར་བ་ནི། སྟོང་གསུམ་ཉུངས་འབྲུར་ཚུད་པ་ལ་ཆེ་ཆུང་མེད། ཆུ་བོ་གྱེན་ལ་ཟློག །ཉི་ཟླ་རྟེང་པར་འཛིན། རྩིགས་པ་དང་རི་ལ་སོགས་པ་ལ་ཐོགས་པ་མེད་པ་དུ་མ་བདག་རྒྱུད་ལ་ཤར་བ། སྙིང་རྗེ་སྐྱེ་བ་ན་སེམས་ཅན་འཁྲུལ་པ་དང་བཅས་པ་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་སྐྱེ་བ་དེའི་སྟོབས་ཀྱིས་མཆི་མ་ལྷུང་བའོ། །གཞན་གྱི་སེམས་སྣ་ཚོགས་ཤེས་པ་ནི་སེམས་ཅན་རྣམས་གཞན་ལས་ཀྱང་མིའི་རྟེན་རྣམས་ཀྱི་འདོད་ཆགས་དང་བཅས་
༡༠༥པ་ལ་སོགས་པའི་སེམས་ཟག་མེད་ཀྱི་མངོན་ཤེས་ཀྱིས་མཐོང་ཡེ་ཤེས་ཀྱི་སླང་ལ།བའོ། འདོད་ཡོན་སྣ་ཚོགས་མཐོང་བས་རྒོད་བྲོ་བ་ནི་སྔར་མ་མཐོང་བའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་དང་། གཟུགས་རྡོ་རྗེ་ལ་སོགས་པའི་འདོད་པའི་ཡོན་ཏན་རྣམས་ཞེན་པ་མེད་པའི་ཚུལ་གྱིས་ལོངས་སྤྱོད་པ་མཐོང་བའོ། །ད་ནི་ཟག་མེད་དགའ་བ་བཅུ་དྲུག་ལས་གང་ཡིན་པ་བསྟན་པ་ལ། དེ་ཙམ་ན་ལིང་ག་བརྟན་རྡོ་རྗེའི་རྩེར་ལྷན་ཅིག་སྐྱེས་པའི་སར་ཐིག་ལེ་གནས་པ་ལྟར་ལུས་ཐམས་ཅད་བདེ་བས་མྱོས་ཤིང་བརྒྱལ་ཞེས་སྨོས་ཏེ། ལིང་ག་བརྟན་པ་ནི་ཕྱི་དབྱིབས་ཀྱི་ཨ་ན་ཡར་རླུང་སེམས་འདུས་ནས་དབུ་མའི་མདུད་པ་དང་པོ་གྲོལ་ཏེ་གསང་གནས་ཀྱི་འཁོར་ལོ་ཕྱེད་ཀྱང་ཁམས་དྭངས་མས་བརྟན་པས་དེ་ཙམ་ན་ལིང་ག་རབ་ཏུ་མ་ཞི་བ་ཉིད་དོ། །རྡོ་རྗེའི་རྩེ་ཞེས་བྱ་བ་ཡང་ཕྱི་དབྱིབས་ཀྱིས་ཨ་ནས་མདུད་པ་དང་པོའ་བར་རོ། །ལྷན་ཅིག་སྐྱེས་པའི་སར་ཞེས་བྱ་བ་ཡས་བབས་ཀྱི་དགའ་བ་བཅུ་དྲུག་པའི་ས་མས་བརྟན་པའི་དགའ་བ་དང་པོ་དང་། གཉིས་པ་དང་། གསུམ་པའི་སར་ཡང་ཐིག་ལེ་བརྟན་པའོ། །ལུས་བདེ་བས་མྱོས་ཤིང་བརྒྱལ་བ་ནི་ས་དང་པོའ་ཡེ་ཤེས་ཐོབ་པའི་ཚེ་ཅུང་ཟད་ལུས་ཟག་མེད་ཀྱི་བདེ་བས་མྱོས། སེམས་དགའ་བདེས་བརྒྱལ་བའོ། །རང་གཞན་ངོ་མི་ཤེས་པ་ནི་མཐོང་སྤོང་གིས་རྣམ་རྟོག་མ་ལུས་པ་སྤངས་པའོ། །དེ་དག་གིས་ནི་དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་འཆར་བ་བསྟན་ཏོ། །ནང་རྟགས་རླུང་སོར་གཅིག་འགགས་པ་ཞེས་བྱ་བ་ཚད་དེ་ཕྱིའི་སོར་གཅིག །ནང་གི་གཅིག་ཕྱི་ནང་གི་སོར་གཉིས་འགགས་པ་ཡིན་ལ། གྲངས་འཕོ་བ་གཅིག་གི་རླུང་།ཀྱང་སྟོང་བརྒྱད་བརྒྱ་པ་གཅིག་དབུ་མར་ཐིམ་མོ། ཕྱི་རྟགས་གསང་གནས་ཕྱེད་ཐིག་ལེས་བརྟན་ཞེས་བྱ་བ་དབུ་མའི་མདུད་པ་དང་པོ་གྲོལ་ཞིང་གསང་གནས་ཀྱི་འཁོར་ལོ་ཕྱེད་ཁམས་དྭངས་མས་གང་ནས་སླར་མི་ལྡོག་འོག་ཏུ་པར་འགྱུར་རོ། །ས་དང་པོ་ཞེས་བྱ་བ་མཇུག་སྡུད་དེ་ལུང་སྒོ་བསྟུན་ནས་རབ་ཏུ་དགའ་བའི་སའོ། །ད་ནི་བུམ་དབང་གིས་བསྡུས་པའི་སྒོམ་
༡༠༦ལམ་ས་ལྔ་བསྟན་པ་ལས། ཡང་དབང་བཞི་བཞི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བསྟན་པ་བཞིན་ཡང་རྒྱུ་བསྟན་པ་ལ་སོགས་བཞི་ལས། རྒྱུ་བསྟན་པ་ལ་ཡང་ཉེ་རྒྱུ་དང་རིང་རྒྱུ་གཉིས། རིང་རྒྱུ་ལའང་དབང་བུམ་དབང་།ལམ་བསྐྱེད་རིམ།གཉིས། ཉེ་རྒྱུ་ལའང་ཕྱི་དབང་བཞི།རྟེན་འབྲེལ་དང་། ནང་རྟེན་ལུས་ཀྱི་དཀྱིལ་འཁོར།འབྲེལ་གཉིས་སུ་སྔ་མ་བཞིན་ཤེས་པར་བྱའོ། འབྲས་བུ་ནི་དོན་གྱིས་བསྟན་པ་སྤྲུལ་སྐུ། རྟགས་ལ་གསུམ་ལས། དང་པོར་དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་འཆར་བའི་དབང་དུ་བྱས་ནས། སྤྲུལ་པའི་སྐུའི་ཞིང་ཁམས་སྟོང་ལ་སོགས་པ། སྒུལ་བ་ལ་སོགས་པ་ནུས་ཞེས་སྨོས་ཏེ། སྔར་གྱི་ཡོན་ཏན་བརྒྱ་ཕྲག་བདུན་པོ། སྟོང་ཕྲག་བདུན་དང་། ཁྲི་ཕྲག་བདུན་དང་། འབུམ་ཕྲག་བདུན་དང་། ས་ཡ་ཕྲག་བདུན་དང་། བྱེ་བ་ཕྲག་བདུན་གྱི་བར་དུ་འགྲེས་ཏེ་ཤེས་པར་བྱའོ། །དེ་བས་ན་ཡོན་ཏན་སྩོགས་འཕེལ་ཞེས་བྱ་བའི་དོན་ཡང་དེ་ཡིན་ཏེ་ས་དྲུག་མན་ཆད་ལ་སྦྱར་རོ། །འགྲོ་ལྡོག་སྩོགས་འགག །ཞེས་བྱ་བ་སྤང་བྱ་སྤངས་པའི་ཚུལ་ཏེ། རྟོག་པ་ཆེ་འབྲིང་བཅུ་གཉིས་ལས་ཀྱང་དྲུག་མན་ཆད་འགག་ཞིང་། རྟེན་འབྲེལ་བཅུ་གཉིས་ལས་ཀྱང་ཚོར་བ་མན་ཆད་དྲུག་ལུགས་ལྡོག་ཏུ་འགག་པའོ། །ནང་རྟགས་རླུང་སོར་དྲུག་འགགས་ཅེས་པ་ཕྱིའི་སོར་དྲུག །ཕྱི་ནང་གི་སོར་བཅུ་གཉིས་ཀྱི་ཚད་འགགས་ལ། གྲངས་ཀྱང་ལས་ཀྱི་རླུང་སྟོང་བརྒྱ་བརྒྱ་པ་དྲུག་འགགས་སོ། ཕྱི་རྟགས་གསང་གནས་ལྟེ་སྙིང་ཐིག་ལེས་བརྟན་པ་ནི་འཁོར་ལོ་གསུམ་པོ་རེ་རེ་ལ་ས་གཉིས་གཉིས་དབུ་མའི་བཅུ་དྲུག་བྲལ་ཏེ་ཁམས་དྭངས་མ་སླར་མི་རྟོག་པ་བསྟན་པའོ། །ལོངས་སྐུ་འགའ་བདུན་ཐོབ་པའི་དབང་གི་ཡུལ།མཐོང་ཞེས་བྱ་བ་གཅིག་ནས་བཅུའི་བར་དུ་རྟེན་འབྲེལ་དྲུག་མན་ཆད། ཞལ་མཐོང་ཞིང་བྱིན་གྱིས་རླབས་པ་མཐོང་བའོ། སྒོམ་ལམ་ས་དྲུག་གོ་ཞེས་བྱ་བ་མཇུག་སྡུད་དེ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ་སྟེ། ལུང་སྒོ་བསྟུན་གྱིས་བཤད་པའོ། །དེ་ལྟར་ས་དྲུག་གིས་བུམ་དབང་གི་ས་བསྟན་ཏོ། །
༡༠༧ད་ནི་ལོངས་སྐུ་ལ་དབང་བཞི་བཞི་ཞེས་བྱ་བ་ལ་སོགས་པས་གསང་དབང་གིས་བསྡུས་པའི་ས་བཞི་བསྟན་པ་ལས། དེ་ལ་ཡང་རྒྱུ་བསྟན་པ། རྟགས་བསྟན་པ། འབྲས་བུ་བསྟན་པ། མཇུག་སྡུད་བསྟན་པ་དང་བཞི་ཤེས་པར་བྱའོ། །དེ་ལ་དང་པོ་རྒྱུ་ལ་ཡང་། ཉེ་རྒྱུ་དང་། རིང་རྒྱུ་གཉིས་ལས། ཉེ་རྒྱུ་ལ་ཡང་དབང་དང་ལམ་གཉིས། དེ་ཡང་གཞུང་ཉིད་དང་སྦྱར་ལ་གསང་བའི་དབང་དབང་ལས་རྒྱུ་དུས་ཀྱི་དབང་དང་། ལམ་དུས་ཀྱི་གཉིས་ཀའོ།ཞེས་སྨོས་སོ། །ལམ་ལས་བདག་བྱིན་གྱིས་རླབས་པའི་ལམ་ནས་ཞེས་པ་དང་སྦྱར། དབང་ལས་གསང་བའི་དབང་མཐར་ཕྱིན་ཞེས་སྨོས་སོ། །ཉེ་རྒྱུ་ལ་གཉིས་ལས། ཕྱི་རྟེན་འབྲེལ་ནི་ལོངས་སྐུ་ལས་དབང་བཞི་ཐུན་ཚད་མེད་པར་ལེན་པ་ཡིན་ལ། ནང་རྟེན་འབྲེལ་ནི་འོག་ཏུ་སྦྱར་ལ། བྷ་གའི་དཀྱིལ་འཁོར་ལྟེ་བར་ཡི་གེ་ཕྱི་མོ་བརྒྱད་ཅེས་པ་ལ་སོགས་པའང་སྦྱར་རོ།དུ་རིགས་དྲུག་གི་ས་བོན་མཐོང་། ས་བོན་དྲུག་ལ་མངའ་བརྙེས། ཅེས་སྦྱར་རོ། །འབྲས་བུ་བསྟན་པ་ནི། ལོངས་སྐུའི་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ་ཅེས་བསྟན་ཏོ། །རྟགས་བསྟན་པ་ལ་གསུམ་ལས། དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་འཆར་བའི་དབང་དུ་བྱས་ནས། དབང་པོ་ལྔ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སའི་རླུང་མཛོད་སྤུ་མན་ཆད།དབུ་མར་དབང་དུ་གྱུར་པས་འབྱུང་བ་སའི་གནོད་པས་མི་བརྫི། གསུམ་པོ་དེ་བསྒྲེས་ཏེ་ཤེས་པར་བྱའོ། །ནམ་མཁའི་རླུང་དབུ་མར་དབང་དུ་གྱུར་པས་དཔག་ཚད་སྟོང་ལ་སོགས་པའི་གཡང་སས་ཀྱང་མི་འཇིགས་ཏེ། དེ་དག་འབྱུང་བའི་ནང་རྟེན་འབྲེལ་ནི། དྭངས་མ་རླུང་ལྔ་ལ་མངའ་བརྙེས། ཞེས་བྱ་བས་བསྟན་ཏེ། ཡང་དེ་ཙམ་ནས་ས་བདུན་པ་ནས་བཅུ་པའི་བར་ལ་ས་རླུང་ལ་སོགས་པ་དབུ་མར་ཅུང་ཟད་སྟོབས་སུ་གྱུར་པ་ལས་འབྱུང་བ་སར་སྤྲུལ་ནུས་པ་ལ་སོགས་པ་ཡང་ཐོགས་བཅས་ཟད་ཙམ་ཅི་རིགས་པར་འབྱུང་བ་རིགས་པར་བྱའོ། །ནུས་པ་ལྔ་ནི་དེ་ཙམ་ན་ས་རུ་སྤྲུལ་ནུས་པ་ལ་སོགས་པ་བཞི་དང་། བདག་གཞན་མི་སྣང་བར་སྦེད་ནུས་པ་དང་ལྔ་ཅི་རིགས་
༡༠༨པར་འབྱུང་བའོ། །ལྟ་སྟངས་རྣམས་ལ་ཐོགས་པ་མེད་ཅེས་བྱ་བ་མིག་གི་སྒོར་རླུང་སེམས་བསྡུ་བ་ལ་དབང་ཐོབ་པས་ཡང་དེ་ཙམ་ན་ལྟ་སྟངས་བཞི་དང་། ལྟ་སྟངས་བརྒྱ་ལ་སོགས་ཐོགས་པ་མེད་པར།པ་ལ་དབང་ཐོབ་པ་འབྱུང་ངོ་། བྷ་གའི་དཀྱིལ་འཁོར་དུ་རིགས་དྲུག་གི་ས་བོན་མཐོང་ཞེས་བྱ་བ་ལྷའི་ས་བོན་ཨ་ལ་སོགས་དྲུག་མཐོང་བ་གསང་བ་རྟེན་འབྲེལ་ཡིན་ལ། ཕྱི་རོལ་ཏུ་སེམས་ཅན་རྣམས་ཀྱི་སྐད་དུ་ཆོས་སྟོན་ཞེས་སྨོས་ཏེ་འགྲོ་བ་དྲུག་རང་རང་གི་སྐད་དང་། རང་རང་གི་བསམ་པ་དང་མཐུན་པར་ཆོས་སྟོན་པའོ། །སྤྱིའི་མཚན་ཉིད་ནི་འདྲ་བ་ཐུན་མོང་བ། རང་གི་མཚན་ཉིད་ནི་མི་འདྲ་བ་ཐུན་མོང་མ་ཡིན་པ་སྟེ། དེ་དག་ལ་ཐོགས་པ་མེད་པ་འབྱུང་བའོ། །ཡི་གེ་ཕྱི་མོ་བརྒྱད་ནི་ལྟེ་བའི་ནང་སྐོར་གྱི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད། ཨཱ་ལི་ཀཱ་ལི་མཐོང་བ་ནི་ཕྱི་སྐོར་གྱི་ཡི་གེ་ལྔ་བཅུ་འདུས་བྱས་མི་རྟགས་བྱ་བ་སོགས།མཐོང་བ་གསང་བ་རྟེན་འབྲེལ་ཕྱི་རོལ་ཏུ་མདོ་ས་སྲ་བ་སོགས།སྡེའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ལ་ཐོགས་པ་མེད་ཅེས་པ། དེ་རྣམ་གྲངས་ཙམ་ན་ངག་གི་དབང་ཕྱུག་ཆེན་པོར་གྱུར་པའི་དུས། ཐ་སྙད་ལས་སད་པའི་དུས། ཚིག་གི་མཆོག་མ་ལུས་པ་འགྲུབ་པའི་དུས། སོ་སོ་ཆོས་དོན་ངེས་ཚིག་སོགས།ཡང་དག་པར་རིག་པ་བཞི་ལ་དབང་ཐོབ་པའི་དུས་ཞེས་བྱའོ། །བདུད་རྩི་ལྔ་དང་རོ་དྲུག་ལ་ལོངས་སྤྱོད་ཅེས་བྱ་བ་མགྲིན་པའི་འཁོར་ལོར་ཁམས་དྭངས་མ་བྱོན་ཏེ་བརྟན་པས་ཕྱི་རོལ་ཏུ་ལོ་ཀའི་ཁམས་ཀྱི་རོ་ལ་ལོངས་སྤྱོད་པ་འབྱུང་ངོ་། །ཚངས་པའི་དབྱངས་སུ་གྱུར་པ་ཞེས་བྱ་བའི་དོན་ཡང་སྙིང་པོའ་ཨ་ཡང་མགྲིན་པའི་འཁོར་ལོའ་བར་དུ་བྱོན་པས་གསང་བ་རྟེན་འབྲེལ་བྱས་ནས་ཕྱི་རོལ་ཏུ་བདག་གཞན་ལ་རྣར་ཉན་ཅིང་ཉེ་རིང་མེད་པ་ལ་སོགས་པ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་བཅུ་དྲུག་ལ་སོགས་པ་འབྱུང་ངོ་། དེ་བས་ཚངས་པའི་དབྱངས་སུ་གྱུར་པ་ཞེས་སྨོས་སོ། སྙིང་པོའ་ཨ། ཨ་ནི་ཡིག་འབྲུ་ཞེས་སྩོགས་དྲུག་གིས་གསལ་བ་ཡང་། སྒྱུ་འཕྲུལ་དྲྭ་བ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་
༡༠༩སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡིས་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་རབ་ཏུ་གསུངས་སོ། །དེ་དག་འབྱུང་བའི་ནང་རྟེན་འབྲེལ་བསྟན་པ་ཡང་། ནང་དུ་འཁོར་ལོ་བཞི་ལ་འཁོར་ལོ་རེ་རེ་ལ་ས་གཉིས་གཉིས་ཁམས་གཙོར་རླུང་།དྭངས་མ་དེ་དག་ལས་མི་གཡོ་བར་བརྟན་པ་མངོན་དུ་གྱུར་པའི་སྟོབས་འབྱུང་བ་ཡིན་ཞེས་བྱ་བའི་དོན་ཏོ། །ཚུལ་གཞན་ཡང་ས་དྲུག་མན་ཆད་དུ་སྤྲུལ་སྐུ་ལ་རྒྱན་དྲུག་དང་བཅས་པར་གསལ་བ་ཡིན་ལ། འདིར་ནི་ལོངས་སྐུ་ལ་རྒྱན་དྲུག་དང་བཅས་པར་གསལ་བ་ཡིན་ལ། འདིར་ནི་ལོངས་སྐུ་ལ་རྒྱན་དྲུག་ལ་རིགས་དྲུག་གི་ངོ་བོ་གསལ་བར་ཡང་ཤེས་པར་བྱའོ། །ད་ནི་དེ་ཁོ་ན་ཉིད་ཀྱི་རྟགས་ཡོན་ཏན་གཞན་སེམས་ལ་འཆར་བ་བསྟན་པ་ལས། ས་བདུན་ཡན་ཆད་འཁོར་བཞི་བརྒྱ་ལོངས་སྐུའི་ཞིང་ཁམས་དུང་ཕྱུར་ལ་སོགས་པ་སྒུལ་བ་ལ་སོགས་པ་ནུས་ཞེས་སྨོས་ཏེ། སྔར་ས་དྲུག་མན་ཆད་དུ་ནི་སྤྲུལ་སྐུའི་ཞིང་ཁམས་བརྒྱ་ལ་སོགས་པ་ཡོན་ཏན་བརྒྱ་ཕྲག་བདུན་འགྱུར་ས་དྲུག་ཡོད་པས་དྲུག་དུ་འགྲེ་བ་ཡིན་ལ། འདིར་ལོངས་སྐུའི་ཞིང་ཁམས་དུང་ཕྱུར་ཕྲག་བདུན་ལ་སོགས་པ་བཞི་འགྱུར་དུ་བསྒྲེ་བར་བྱའོ། །ནང་རྟགས་རླུང་སོར་བཅུ་འགགས་ཞེས་བྱ་བའི་ཕྱིའི་སོར་བཅུ། ཕྱི་ནང་གི་སོར་ཉི་ཤུ་གྲངས་ཀྱང་ལས་ཀྱི་རླུང་སྟོང་བརྒྱད་བརྒྱ་བཅུ་དབུ་མར་འགགས་སོ། །ཕྱི་རྟགས་མགྲིན་སྨིན་ཐིག་ལེས་བརྟན་པ་ནི་འཁོར་ལོ་གཉིས་ལ་དབུ་མའི་མདུད་པ་བཅུ་གཉིས་གྲོལ་ནས་ཁམས་དྭངས་མ་དེ་ལས་མི་གཡོ་བར་བརྟན་པར་འགྱུར་རོ། །དེ་དག་གིས་ནི་རྟགས་གསུམ་བསྟན་ཏོ། །སྒོམ་ལམ་ས་བཅུ་ཞེས་བྱ་བ་མཇུག་སྡུད་དོ། །བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ཏེ། ལུང་སྒོ་བསྟུན་གྱི་མིང་ངོ་། །ད་ནི་ཤེས་རབ་ཡེ་ཤེས་ཀྱི་ས་གཉིས་པ་བསྟན་པ་ལས། དེ་ཡང་རྒྱུ་བསྟན་པ་ལ་སོགས་པ་བཞི། རྒྱུ་ལའང་རིང་རྒྱུ་དང་། ཉེ་རྒྱུ་གཉིས། རིང་རྒྱུ་ལའང་དབང་། ལམ་གཉིས་ལས། དབང་ནི་དཀྱིལ་འཁོར་་རྒྱུ་དུས་དང་ལམ་དུས་དང་གཉིས།འཁོར་ལོའ་ཐབས་ཀྱི་ལམ་ཞེས་བྱ་བ་དང་
༡༡༠སྦྱར་རོ། །ཉེ་རྒྱུ་ལའང་། ཕྱི་ནང་གི་རྟེན་འབྲེལ་གཉིས་ལས་ཕྱི་རྟེན་འབྲེལ་ནི། ཡང་དབང་བཞི་བཞི་ཞེས་སྨོས་ཏེ། རྒྱལ་བ་སྤྲུལ་པའི་སྐུ་དང་ལོངས་སྐུ་ཐ་མི་དད་པ་ལ་དབང་བཞི་ཐུན་ཚད་མེད་པར་ལེན་པའོ། །ནང་རྟེན་འབྲེལ་ནི། ཡང་འོག་ཏུ་སྦྱོར་ལ། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་ཞེས་སྨོས་ཏེ། དེ་དག་གིས་ནི་རེ་ཞིག་རྒྱུ་བསྟན་ཏོ། །ཆོས་ཀྱི་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ་ནི་འབྲས་བུ་སྟེ། འབྲས་བུའི་སྐབས་ཉིད་དུ་འཆད་པར་འགྱུར་བས་འདིར་མ་བརྗོད་དོ། །ད་ནི་རྟགས་བསྟན་པ་ལ་གསུམ་ལས། དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་འཆར་བའི་དབང་དུ་བྱས་ནས། སྟོབས་ལྔ་ནི་ཞེས་བྱ་བ་ལ་སོགས་སྨོས་ཏེ། ནང་དུ་དྭངས་མ་ལྔ་དང་བྱང་ཆུབ་ཀྱི་སེམས་བདུད་རྩི་ལྔ་རོ་གཅིག་ཅིང་འདྲེས་པ་དབུ་མ་སྟོབས་སུ་གྱུར་པ་ལས་ཕྱི་རོལ་ཏུ་སྟོབས་ལྔ་འབྱུང་བ་ནི། ས་རླུང་དབུ་མར་སྟོབས་སུ་གྱུར་པ་ལས་འབྱུང་བས་སལ་ནུས། གསུམ་པོ་དེས་འགྲེའོ། །ནམ་མཁའི་རླུང་དང་དེའི་བྱང་ཆུབ་ཀྱི་སེམས་དབུ་མར་སྟོབས་སུ་གྱུར་པ་ལས་སྤྱི་གཙུག་འཁོར་ལོའ་བར།བདག་གཞན་མི་སྣང་བར་སྦེད་ནུས་པ་འབྱུང་ངོ་། ད་ནི་ཉེ་རིང་གཉིས་ཀའི་རྒྱུའི་དབང་དུ་བྱས་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ཡོན་ཏན་གྱི་ཆོས་བརྩི་བ་ནི། སྐུ་གསུམ་ཡེ་ཤེས་ལྔ་སྩོགས་ཀྱི་དབང་ཐོབ་ནས་ཞེས་སྨོས་ཏེ། རྟེན་ཡོངས་སུ་དག་པའི་ཕྱག་རྒྱ་ལ་འདུ་ཤེས་གསུམ་གྱིས་བྱིན་གྱིས་བརླབས་ནས་ཐབས་ཤེས་རབ་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་མེས་ལུས་ཀྱི་ཁམས་དྭངས་མ་བཞུ་སྟེ་རྩ་ཐམས་ཅད་ཀྱི་གནས་ནས་སྤྱི་གཙུག་གི་ཧཾ་ལ་འདུས། བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་མགྲིན་པའི་བར་དུ་བྱོན། དེ་ཙམ་ན་ཉམས་མྱོང་ཆུང་བས་དགའ་བའི་ཡེ་སྐད་ཅིག་གིས།ཤེས། སྤང་བྱ་ཉོན་མོངས་པ་ཕྱེད་ཞི་ལ་ཕྱེད་མ་ཞི་བས་ཉན་ཐོས་ཀྱི་ལམ་ཆོད། སྙིང་གའི་བར་དུ་བྱོན། བདེ་བའི་ཉམས་མྱོང་ལྷན་སྐྱེས་ཀྱིས་མངོན།འཕེལ་བས་མཆོག་དགའི་ཡེ་ཤེས། སྤང་བྱ་ཉོན་མོངས་པ་བཞི་གསུམ་ཞི་ལ། བཞི་ཆ་མ་ཞི་བས་རང་སངས་རྒྱས་ཀྱི་ལམ་ཆོད། གཉིས་པོ་དེ་བདེ་བ་ལ་ལོངས་སྤྱོད་པས་ལོངས་
༡༡༡སྐུའི་དབང་ཐོབ། ལྟེ་བའི་བར་དུ་བྱོན། བདེ་བ་མི་རྟོག་པས་བརྒྱན། ཟུང་དུ་ཚུད། དགའ་བྲལ་གྱི་དགའ་བའི་ཡེ་ཤེས། སྤང་བྱ་ཀུན་བརྟགས།ཉོན་མོངས་ཐམས་ཅད་ཞི་བས་བྱང་ཆུབ་སེམས་དཔའི་ལམ་ཆོད། མི་རྟོག་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་རྟོགས་པས་ཆོས་སྐུའི་དབང་ཐོབ་བོ། །ཁམས་དྭངས་མ་དེ་གསང་གནས་ཀྱི་བར་དུ་བྱོན། བདེ་བ་དང་སྟོང་པ་ཟུང་དུ་ཚུད་པས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས། སྤང་བྱ་ཉོན་མོངས་པ་ཐམས་ཅད་ཞི་བ་བརྟན་པས་བྱང་ཆུབ་ཆེན་པོའ་ལམ་ཆོད། ཐིག་ལེ་མི་བརྟན་པའི་དོན་གྱིས་སྤྲུལ་པའི་སྐུའི་དབང་ཐོབ་བོ། །དེ་ལྟར་ན་སྐུ་གསུམ་གྱི་དབང་ངོ་། །དེ་ཉིད་ལ་ཡོན་ཏན་གྱི་ཁྱད་པར་གྱི།ཡེ་ཤེས་ལྔའི་དབང་དུ་ཡང་བཞག་སྟེ་ཆོས་ཐམས་ཅད་མ་སྐྱེས་པའི་ངོ་བོར་གསལ་བས་མེ་ལོང་ལྟ་བུའི་དབང་། འཁོར་འདས་མཉམ་པ་ཉིད་དུ་རྟོགས་པས་མཉམ་པ་ཉིད། ཀུན་རྫོབ་ཀུནྡ་ལྟ་བུ་མི་འཆོར་རླུང་བརྟན་པས།བར་ཡང་དག་པར་རྟོགས་པས་སོ་སོར་རྟོག་པ། དེ་ཁོ་ན་ཉིད་རང་ལས་གྲུབ་པས་བྱ་བ་གྲུབ་པ། མི་རྟོག་པའི་དོན་གྱི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དབང་ངོ་། །དེ་ཉིད་ལ་ཕྱག་ཆོས་མཐུན་གྱི་དབང་དུ་བྱས་ནས།རྒྱ་ལྔ་ཡི་དབང་དུ་ཡང་བཞག་སྟེ། ལྷན་སྐྱེས་རྣམ་རྟོག་ལ་མི་རེག་པས་བྲམ་ཟེ་མོ། རྣམ་རྟོག་ལྷན་སྐྱེས་ལ་མི་རེག་པས་གཡུང་མོ། བདག་ཉིད་ཀྱི་རྒྱུད་བདེ་ཆེན་དུ་སྒྱུར་བས་གར་མ། གཞན་ཐམས་ཅད་བདེ་ཆེན་དུ་སྒྱུར་བས་ཚོས་མ། མཚན་མ་དང་རྣམ་པར་རྟོག་པ་གསོད་པ་ལ་གཏུམ་མོའ་དབང་ངོ་། །དེ་ཉིད་ལ་ཡོན་ཏན་གྱི་ཁྱད་པར་གྱིས།ཧེ་རུ་ཀ་བཅུ་གཅིག་གི་དབང་དུ་ཡང་བཞག་སྟེ། གཟུགས་ཀྱི་ཧེ་རུ་ཀ་ལ་སོགས་པ་དྲུག །བདག་རང་ལྷར་བསྐྱེད་པས།དམ་ཚིག་གི་ཧེ་རུ་ཀ །གཞན་ཡེ་ཤེས་ཀྱི་ཡེ་ཤེས་སེམས་དཔའ་བཞུགས།ཧེ་རུ་ཀ །གདགས་པ་ལུགས་སྐུ་སོགས།བརྡའི་ཧེ་རུ་ཀ །གདགས་པ་ཧེ་རུ་ཀ་ཅེས་པས།མིང་གི་ཧེ་རུ་ཀ །དོན་ཡེ་ཤེས་ཀྱི་ཧེ་རུ་ཀ །རྣམ་ཐར་ཅེས་བཞི།སྟེ་བཅུ་གཅིག་གོ །དེ་ལྟར་ན་བདག་གི་ལུས་ལ་གནས་ཤིང་བྱིན་གྱིས་བརླབས། བདེ་བ་ལ་རོལ་པའི་དོན་གྱི་ལྷ་སྟེ་
༡༡༢ལྷའི་དེ་ཁོ་ན་ཉིད་ཉི་ཤུ་རྩ་བཞིའི་དབང་ངོ་། །དེ་ལྟ་བུའི་ཉམས་དང་ལྡན་པའི་རྣལ་འབྱོར་པའི་ལག་པས་ཅི་ཕན་ཡོན་བསྒྱུར་བ།བསྒྱུར་བ་ཕྱག་རྒྱར་འགྱུར་བས་ཕྱག་རྒྱའི་དེ་ཁོ་ན་ཉིད་ཀྱི་དབང་། རྐང་པས་ཅི་བྱས་པ་ཐམས་ཅད་དཀྱིལ་འཁོར་དུ་འགྱུར་བས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་དབང་། ངག་གིས་ཅི་བརྗོད་པ་གསང་སྔགས་སུ་འགྱུར་བས་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དབང་སྟེ། དེ་ཁོ་ན་ཉིད་བཞི་ཉམས་སུ་མྱོང་བ་དང་རྟོགས་པ་དང་ལྡན་ན་ཤེས་རབ་ལ་བརྟེན་ནས་ཡེ་ཤེས་ཀྱི་དབང་དུ་ཐོབ་ཞེས་བྱའོ། །མདོར་ན་དབང་དེས་གྲུབ་མཐའ་ས་བཅུ་གཅིག་པ་དང་བཅུ་གཉིས་པའི་རྒྱུ་བྱེད་པའི་ཕྱིར་སྐབས་འདིར་སྦྱར་བས་ཤེས་པར་བྱའོ། །ད་ནི་ཕྱི་ནང་རྟེན་འབྲེལ་གཉིས་ཀྱིས་དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་འཆར་བ་དེ་ཁོ་ན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོན་ཏན་མི་བསླུ་བས་གཞན་རྣམས་བསྟན་པ་ལས། བདུད་རྩི་ལྔ་གར་བདུ་བ་མཐོང་ན་ཞེས་བྱ་བ་ཁམས་དྭངས་མ་བདུད་རྩི་ལྔ་རླུང་ལྔ་དང་དབྱེར་མེད་པའི་ཚུལ་གྱིས་ཕོ་བྲང་འདུ་འཁོར་ལོ་བཞི་ཨེ་ཝཾ་མཱ་ཡཱ།ས་བཞི་ལ་སོགས་པར་འདུ་བ་མཐོང་བས་ནང་རྟེན་འབྲེལ། སངས་རྒྱས་རྣམས་གཞན་དོན་མཛད་པ་མཐོང་བ་ན་རྒྱལ་བ་སྤྲུལ་པའི་སྐུ་རྣམས་རང་རང་གི་གདུལ་བྱ་ལ་སྐུ་དང་གསུང་གི་དོན་མཛད་པ་མཐོང་བ་དེ་ནི་དོན་ཕྲིན་ལས་ཡོངས་སུ་དག་པ་ཡིན་ནོ། །སྤྲུལ་པ་བདེ་ཆེན་དུ་ཐིག་ལེ་འདུ་བ་མཐོང་བ་ནི་རེ་ཞིག་ཁམས་དྭངས་མ་རྣམས་ལྟེ་བ་སྤྲུལ་པའི་འཁོར་ལོར་བསྡུས་ཏེ། ད་ནས་སྤྱི་བོ་བདེ་བ་ཆེན་པོའ་འཁོར་ལོར་ཡང་བསྡུས་ཏེ། བརྟན་པར་བྱས་ན་ཉམས་ཀྱི་སྣང་བ་མི་སླུ་བར་སངས་རྒྱས་འོག་མིན་གྱི་གནས་ན་ཟབ་མོ་ལ་བཞུགས་པ་མཐོང་ཞེས་བྱ་བ་ལ་སོགས་པ་རྒྱལ་བ་ལོངས་སྐུ་རྣམས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་ལ།ཆོས་སྐུ་བདེ་སྟོང་སྤྲོས་བྲལ་གཅིག་ལས་མ་གཡོས་བཞིན་དུ་དེའི་ངང་ལ་བཞུགས་ཤིང་གདུལ་བྱའི་དོན་ཡང་མཛད་པར་ཤེས་པར་བྱ་སྟེ། འདི་ཉིད་ལ་ཆོས་སྐུའི་ཞིང་ཁམས་མཐོང་ཞེས་བྱ་སྟེ། ཡང་དེ་ཙམ་ན་ལྟེ་བ་སྤྲུལ་པར་བདུད་རྩི་ལྔ་དང་རླུང་ལྔ་འདུ་བ་རང་གིས་བསྡུས་བས།མཐོང་བས་དང་རྟེན་འབྲེལ་དུ་གྱུར་ནས་ཕྱི་རོལ་ཏུ་ཟག་པ་མེད་པའི་ཏིང་ངེ་འཛིན་
༡༡༣གྱི་སྣང་བ་ལ་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔ་ཡབ་ཡུམ་གནས་ཀྱི་ཁྱད་པར་ཆོས་འབྱུང་གི་ནང་ན། རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་ཡེ་ཤེས་ཀྱི་སྣང་བར་གྱུར་པ་ན། འཁོར་གྱི་ཁྱད་པར་སྐལ་ལྡན་བྱང་ཆུབ་སེམས་དཔའ། ས་བཅུ་གཅིག་པ་དང་། བཅུ་གསུམ་པ་ལ། བསྟན་པར་བྱ་བ་ཆོས་ཀྱི་ཁྱད་པར་ཟབ་མོ་རྡོ་རྗེའི་ཐེག་རྒྱུད་སྡེ་བཞིའི།པ་གསང་བ་མཆོག་ཏུ་གྱུར་པའི་དོན་སྒྲོགས་པ་མཐོང་ངོ་། ཕྱག་རྒྱ་མའི་དྭངས་མ་མཐོང་བ་ནི་ཡུམ་གྱི་རྩ་གནས་རྣམས་སུ་ཁམས་དྭངས་མ་ཆེན་པོ་ཐོགས་པ་མེད་མེ་ལོང་ལྟ་བུ།པར་མཐོང་བས་ཕྱི་རོལ་ཏུ་ཉམས་ཀྱི་སྣང་བ་ལ་མངོན་པར་ཤེས་པ་ལྔ་ལ་ཐོགས་པ་མེད་པ་འབྱུང་ངོ་། །ཡང་བདག་ཉིད་ཀྱི་རྩའི་རང་འདོད།དབྱིབས་སྣ་ཚོགས་སུ་བསྒྱུར་ཏེ་དེར་རླུང་སེམས་དྭངས་མ་དྲངས་ན་ཕྱི་རོལ་ཏུ་གཟུགས་སྣ་ཚོགས་སུ་བསྒྱུར་བའི་རྫུ་འཕྲུལ་ལ་ཐོགས་པ་མེད་པ་འབྱུང་ངོ་། །དེ་ཉིད་སླར་སྤོས་ན་ཞེས་བྱ་བ་དང་ཕོ་བྲང་གང་ནས་དྲངས་པའི་ཨ་ཡི་གེ་ལ་སོགས་གནས་ཉིད་དུ་སྤོས་ཏེ། བཞག་ན་ཕྱི་རོལ་ཏུ་སེམས་ཅན་གཞན་རྣམས་དང་བདག་ཉིད་ཀྱི་ཡང་སྐྱེ་བ་དུ་མ་རྗེས་སུ་དྲན་པ་འབྱུང་ངོ་། །དེ་དག་གིས་ནི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་བཞིའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་འཆར་བ་བསྟན་ཏོ། །ཡིད་ཀྱིས། ནང་རྟགས་རླུང་སོར་བཅུ་གཉིས་འགག་ཞེས་བྱ་བ་ཕྱིའི་སོར་བཅུ་གཉིས། ཕྱི་ནང་གི་སོར་ཉི་ཤུ་རྩ་བཞི། གྲངས་ཀྱང་ལས་ཀྱི་རླུང་སྟོང་བརྒྱད་བརྒྱ་པ་བཅུ་གཉིས་དབུ་མར་འགགས་ཏེ། རྟེན་འབྲེལ་བཅུ་གཉིས་ལས་མ་རིག་པའི་བར་དུ་འགགས་པ་ཡིན་ནོ། །ཕྱི་རྟགས་སྤྱི་གཙུག་ཧྲིལ་ཐིག་ལེས་བརྟན་ཞེས་བྱ་བ་སྤྱི་གཙུག་གི་འཁོར་ལོ་ལ་དབུ་མའི་མདུད་པ་བཞི་གྲོལ་གསུམ་པ་གཅིག་ཐ་མ་གཅིག་ནས་ཁམས་དྭངས་མ་དེ་ལས་མི་ལྡོག་པར་གྱུར་པའོ། །ས་བཅུ་གཉིས་པོ་ཞེས་བྱ་བ་སྦས་པའི་དོན་གྱི་ས་བཅུ་གཅིག་པ་དཔེ་མེད་པའི་ཡེ་ཤེས་དང་། བཅུ་གཉིས་པ་ཡེ་ཤེས་ས་ཆེན་པོའོ།། །།ད་ནི་དབང་བཞི་པའི་ས་ཕྱེད་ལས། དེ་ལའང་བཞི། རྒྱུ་བསྟན་པ། རྟགས་བསྟན་པ། འབྲས་
༡༡༤བུ་བསྟན་པ། མཇུག་སྡུད་བསྟན་པའོ། །རྒྱུ་བསྟན་པ་ལའང་། རིང་རྒྱུ་དང་། ཉེ་རྒྱུ་གཉིས་ལས། རིང་རྒྱུ་དེ་ལའང་དབང་དང་། ལམ་གཉིས་ལས། དབང་ནི་བཞི་པ་སྟེ། བཞི་པ་ལུས་ངག་ཡིད་ཀྱི་དབང་ཞེས་སྨོས་སོ། །ལམ་རྡོ་རྗེའི་རྦ་རླབས་ཀྱི་ལམ་ཞེས་པ་དང་། སྲིད་པ་རྣམ་པར་དག་པའི་ལམ་ཞེས་པ་དང་སྦྱར་རོ། །ཉེ་རྒྱུའི་ཕྱི་རྟེན་འབྲེལ་ནི། ཡང་དབང་བཞི་བཞི་ཞེས་བྱ་བ་རྒྱལ་བ་སྐུ་གསུམ་ཐ་མི་དད་པ་ལས་ས་བཅུ་གཉིས་མའི་རིག་མ་ཡོངས་སུ་དག་པ་ལ་བརྟེན་ཏེ་དབང་བཞི་ལེན་པར་སྣང་བའོ། །ནང་རྟེན་འབྲེལ་ནི་འགྲོས་བཞི་ཐིམ་པའི་དབང་ཉིད་དོ། །ཉེ་བའི་རྒྱུ་དེ་ཉིད་ལ་ལུང་སྒོ་བསྟུན་ཏེ། ལམ་ལྔ་ལས། མཐར་ཕྱིན་གྱི་ལམ་ནས་ཞེས་བྱ་བ། རྟེན་འབྲེལ་ལྔ་ལས་ཀྱང་མཐར་ཐུག་རྟེན་འབྲེལ། སྤང་བྱ་ལས་ཀྱང་ཤེས་བྱའི་སྒྲིབ་པ་མཐར་ཐུག་འདག་པར་ཤེས་པར་བྱའོ། །ཚིག་གི་དོན་ལས། སྲིད་པ་རྣམ་པར་དག་པའི་ལམ་ཞེས་བྱ་བ་ནི། སྲིད་པ་ནི་རྩ་རླུང་ལྡང་འཇུག་གནས་པ་གསུམ། ཉོན་མོངས་པ་དུག་གསུམ། ལུས་དང་། ངག་དང་། ཡིད་དང་གསུམ། ཁམས་གསུམ་སྟེ། དེ་རྣམ་པར་དག་པའི་ལམ་ནི་རྦ་རླབས་གསུམ་མོ། །འཕགས་པ་ནི་ཡེ་ཤེས་ལྔ། ཡན་ལག་ནི་དེ་ཡི་རྒྱུ་རྣམ་པར་ཤེས་པ་ཚོགས་བརྒྱད་དོ། །འབྲས་བུ་གཉིས་ཐོབ་པ་ཅེས་བྱ་བ་ཡང་གཡས་གཟུང་བའི་རྦ་རླབས་རེངས་པ་ལས་རྣམ་པར་ཐར་པ་མཚན་མ་མེད་པ། གཡོན་འཛིན་པའི་རྦ་རླབས་རེངས་པ་ལས་རྣམ་པར་ཐར་པ་སྨོན་པ་མེད་པའོ།། །།ད་ནི་མཐར་ཕྱིན་གྱི་ལམ་ས་བཅུ་གསུམ་པའི་ས་ཕྱེད་ཀྱི་རྟགས་སེམས་ལ་འཆར་བ་ལས། ས་ཆེན་འདི་ནི་དགའ་ཞིང་རངས་ལ་མགུ། ཞེས་བྱ་བ་ནི་བདག་སྟོང་གསུམ་གྱི་སའི་ལྷ་མོ་རྣམས་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་སྐད་ཅིག་མ་དང་པོ་ལ་དགའ། །གཉིས་པ་ལ་རངས། གསུམ་པ་ལ་མགུ་ཞེས་པའི་དེའི་གད་མོའ་སྒྲས་ས་རྣམ་པ་དྲུག་ཏུ་གཡོ་བ་ཡང་ལྡེག་ལྡེག་རབ་ཏུ་ལྡེག་ཞེས་བྱ་བ་ལ་སོགས་པ་རྒྱལ་བའི་ཡུམ་ལས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །བདུད་གནས་སུ་སྒྲ་བསྒྲག་པ་ཡང་བདུད་བཞི་བཅོམ་པས་བདུད་བཞི་
༡༡༥དཔའ་བཀང་བའི་ཆོ་འཕྲུལ་ཡིན་ཏེ། གནམ་རྡོ་ལྟུང་བ་དང་། རྒྱ་མཚོ་ཆེན་པོ་རབ་ཏུ་འཁྲུག་པ་ལ་སོགས་པའི་སྒྲ་དང་། བདུད་ཀླད་པ་འགེམས་པའི་ཆ་ལང་ལྟ་བུའི་སྒྲ་འབྱུང་སྟེ། འདི་ཡང་སྲོད་ལ་བདུད་བཏུལ་བའི་དུས་སམ་བར་ཆད་མེད་པའི་དུས་ཤེས་པ་དང་སྦྱར་རོ། །ཕྱག་རྒྱའི་གནས་སུ་ཁམས་གསུམ་མཐོང་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ས་བཅུ་མ་ལ་སོགས་པ་ཡུམ་གྱི་བྷ་ག་དེར་གནས་པ་ཁམས་དྭངས་མའི་དྭངས་མ་ཆེན་པོའ་ཐིག་ལེ་གཅིག་ལ་ཆེ་ཆུང་དང་ཡངས་དོགས་མེད་པར་རོ་གཅིག་ཚུལ་གཅིག་པར་བལྟ་བྱ་དང་ལྟ་བྱེད་ཀྱི་ཚུལ་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མཐོང་བ་སྟེ། འདི་ནི་ཐམས་ཅད་མཁྱེན་པ་ཆུང་ངུ་གཅིག་ཡིན་ནོ། །ཧ་རི་མ་ལ་སོགས་པ་དབང་ཕྱུག་གི་དོན་བརྒྱད་འཆར་བ་ཡང་། དེ་ཙམ་ན་རྩ་གཉིས་ཀྱི་སྲོག་རྩོལ་གྱི་རླུང་ཨ་ཝ་དྷཱུ་ཏིར་ཞུགས་པས་རྟགས་བརྒྱད་འཆར་བ་སྟེ། །ཕྲ་ཞིང་ཡང་ལ་ཕྲ་བར་ནུས་པ་དང་། །སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང་། །དགའ་མགུར་བྱེད་དང་ཐམས་ཅད་དབང་དུ་འགྱུར། །ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །མཁའ་འགྲོ་རིང་ནས་འདུ་བ་ཡང་དེ་ཙམ་ན་ནང་གི་མ་མཁའ་འགྲོ་རིང་ནས་འདུ་ཞེས་བྱ་བ་སྟེ། རྩ་གནས་ཐམས་ཅད་ཀྱི་ཁམས་དྭངས་མའི་དྭངས་མ་ཆེན་པོ་ཡབ་ཡུམ་བཅུའི་ཚུལ་གྱིས་ཕོ་བྲང་དབུ་མར་འདུ་བ་མཐོང་བའོ། །ཕྱིའི་མཁའ་འགྲོ་རིང་ནས་འདུ་བ་ཡང་མཁའ་འགྲོ་སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། ཆོས་ཀྱི་སྐུ་རྣམས་སྒྲུབ་པ་པོ་བདག་གི་བ་སྤུའི་བུ་ག་རེ་རེ་ཡང་ཐ་མི་དད་པའི་ཚུལ་གྱིས་བྱིན་གྱིས་རློབ་པ་མཐོང་སྟེ། དེ་ཡང་། པདྨའི་འབྱུང་གནས་ཉམས་དགའ་ལ། །ངང་པའི་ཚོགས་འདུ་ཇི་བཞིན་དུ། །དམ་ཚིག་གནས་ལ་མཁའ་འགྲོ་མ། །རིང་ན་གནས་ཀྱང་བྱིན་གྱིས་རློབ། །ཞེས་བྱའོ། །དེ་དག་གིས་ནི་ཐོ་རངས་མངོན་པར་བྱང་ཆུབ་པ་དང་། རྣམ་པར་གྲོལ་བའི་དུས་ཞེས་བྱ་བར་ཡང་བསྟན་ཏོ། །ནང་རྟགས་སྲོག་རྩོལ་ཨ་ཝ་དྷཱུ་ཏིར་འཇུག་ཅེས་བྱ་བ་རྩ་གཉིས་ཀྱི་སྲོག་རྩོལ་གྱི་རླུང་ཕྱི་དབྱིབས་ཀྱི་ཨ་ནི་ཡར་གཙུག་
༡༡༦ཏོར་ཕྱེད་ཀྱི་བར་དུ་བཞུགས་པའོ། །ཕྱི་རྟགས་གཙུག་ཏོར་ཕྱེད་ཐིག་ལེས་བརྟན་ཞེས་པ་དབུའི་གཙུག་ཏོར་ཕྱེད་ཁམས་དྭངས་མས་བརྟན་ཞིང་དེ་ཙམ་ན་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ། ཆོས་ཀྱི་དུང་དང་། ཐུགས་ཀའི་དཔལ་བེའུ་དང་། སྨིན་མཚམས་ཀྱི་མཛོད་སྤུ་ཡང་འགྲུབ་པ་ཡིན་ནོ། །ས་ཕྱེད་དང་བཅུ་གསུམ་མོ་ཞེས་བྱ་བ་མཇུག་སྡུད་དོ། །བཅུ་གསུམ་པའི་རྒྱུ་སྐད་ཅིག་དང་པོ་མཐར་ཕྱིན་གྱི་ལམ་འགྲོས་བཞི་ཐིམ་པ་ཉིད་ལ་མིང་བཏགས་པ་ཡིན་ནོ། །ད་ནི་འབྲས་བུ་གཅིག་གི་དབང་དུ་བྱས་ནས་རྒྱས་པར་བསྟན་པའི་ཕྱིར། བཞི་པ་ཡིད་ཀྱི་དབང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་ཏེ། བཞི་པ་ནི་དབང་བཞི་པས་བསྡུས་པའི་ས་ཡིན་པས་སོ། །ཡིད་ཀྱི་དབང་ཞེས་བྱ་བ། རྩ་གཡས་ལུས། གཡོན་ངག །དབུ་མ་སེམས་ཡིན་པ་ལས། དབུ་མར་རྩ་གཉིས་ཀྱི་རླུང་སེམས་ཐམས་ཅད་དང་པོར་ཞུགས་ནས་དེ་ནས་འགགས་ཤིང་ཐིམ། ཞེས་བྱ་བའི་དོན་ཏོ། །མཐར་ཕྱིན་དེ་ཁོ་ན་ཉིད་ཀྱི་རྟགས་ཀྱང་ཕྱི་རྟགས་ནང་རྟགས་གཉིས་སྔོན་དུ་སོང་ནས་དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་འཆར་བ་སྟེ། ལོངས་སྐུ་ཞེས་འོག་ནས་སྨོས་ཀྱང་། ཆོས་སྐུའི་ཞིང་ཁམས་མ་ལུས་པ་ལ་སོགས་པ་སྒུལ་བ་ལ་སོགས་པ་ནུས་ཞེས་སྦྱར་བར་བྱའོ། །འབྲས་བུ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གཟུང་འཛིན་གྱི་རྣམ་པར་རྟོག་པ་མ་ལུས་པ་ནུབ་པ་ཉིད་ལ་བྱའོ། །དེའི་དོན་གྱིས་བསྟན་པ་འབིགས་བྱེད་ཅེས་བྱ་བ་ལ་སོགས་སྨོས་ཏེ། །འབིགས་པར་བྱེད་པ་ནི་རླུང་སེམས་དྭངས་མའི་དྭངས་མ་ཆེན་པོ། །དབུག་པར་བྱ་བ་ནི་དབུ་མ་སྟེ། སངས་རྒྱས་བསམ་པའི་གྲོང་ཁྱེར་ཆོས་ཀྱི་དབྱིངས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མཐར་ཐུག་གི་ཕོ་བྲང་ངོ་། །བྱང་ཆུབ་སེམས་ཀྱིས་ནི་འབིགས་ཞེས་སྨོས་ཀྱང་རླུང་སེམས་དྭངས་མའི་དངས་མ་ཆེན་པོས་དབུ་མ་འབིགས་ཤིང་ཁ་ཕྱེ་ནས་མཐར་གཙུག་ཏོར་མཆོག་ཏུ་འགྲོས་བཞི་ཐིམ་པ་ཡིན་ནོ། །ས་ཕྱེད་པ་ཉིད་ཀྱིས་དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་འཆར་བའི་དབང་དུ་བྱས་ནས། ལོངས་སྐུའི་ཞིང་ཁམས་རབ་བཀྲམ་ལ་སོགས་པ་སྒུལ་བ་ལ་སོགས་པ་ནུས་ཞེས་སྨོས་ཀྱང་།
༡༡༧འདིར་ནི་ས་བཅུ་གཉིས་པར་སྦྱར་ལ། འོག་གི་མ་ལུས་པར་ནི་ཕྱེད་པོ་འདིར་སྦྱར་བར་ཤེས་པར་བྱའོ། །ནང་རྟགས་སྲོགས་རྩོལ་ཨ་ཝ་དྷཱུ་ཏིར་འཇུག་ཅེས་བྱ་བ་ཐོག་མར་འཇུག་པ་ཡིན་ཞིང་སྐད་ཅིག་གཉིས་པ་ལ་ནི་འགག་པར་འགྱུར་རོ། །ད་ནི་དེའི་རྟེན་གྱི་སྒོ་ནས་ཤིན་ཏུ་རྒྱས་པར་བཤད་པའི་ཕྱིར། ས་བཅུ་གསུམ་ཐོབ་ཁར་ས་བཅུ་མ་ལ་སོགས་པ་ཡིད་ཀྱིས་བཀུག་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཁམས་འདུས་པ་ཐ་མར་པད་ཅན་ལུང་བསྟན་པ་ལ་བརྟེན་ནས་ས་བཅུ་གསུམ་གྱི་བར་དུ་བགྲོད་པ་ཡིན་ནོ། །སྔར་མགྱོགས་ཕོ་ཉའི་ལམ་དུ་གྱུར་པ་ཡིན་ན་ནི་རྟེན་མི་དགོས་ལ། དེ་ལྟར་མ་ཡིན་ཀྱང་སྩོགས་ཀྱིས་བསྡུ་བ། བདག་ས་དང་པོ་ཡིན་པའི་ཚེ་རིག་མ་ཡང་ས་དང་པོ་པ། དེ་བཞིན་དུ་བདག་བདུན་ཡིན་ན་རིག་མ་ཡང་བདུན་པ། དེ་བཞིན་དུ་བདག་ས་བཅུ་པ་ཡིན་པའི་ཚེ་རིག་མའང་བཅུ་པ་ཡིན་པར་ཤེས་པར་བྱའོ། །ཡིད་ཀྱིས་དགུག་ཅེས་པ་དྲན་པ་ཙམ་གྱིས་འགྲུབ་པ་ཡིན་ཏེ། ཕྱི་རྫས་ལ་སོགས་པ་ལ་མ་གཏོས་པས་སོ། །ད་ནི་མཐར་ཕྱིན་གྱི་ལམ་གྱིས་འགྲོས་བཞི་ཐིམ་པའི་དབང་བཞི་བླང་བ་ལས། བླང་བའི་ཡུལ་ནི། སློབ་དཔོན་དུས་གསུམ་བདེ་གཤེགས་བཅུད་འདུས་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གསུམ་ནི་གོང་ནས་རིམ་གྱིས་འབྱུང་བའི་འཁོར་ལོ་གསུམ་མམ། རྩ་གསུམ་མམ། རླུང་ལྔར་འཇུག་གནས་པ་གསུམ་མམ། ཐིག་ལེ་ཞུ་བདེ་མི་རྟོག་པ་གསུམ་མམ། མདོར་ན་དཀྱིལ་འཁོར་གསུམ་གྱི་ཡང་དྭངས་མའི་དྭངས་མ་ཆེན་པོར་སྒྱུར་བ་སྐྲའི་རྩེ་མོ་ཙམ་མོ། །ཡི་དམ་ལྷ་དང་བླ་མ་དབྱེར་མེད་ཅེས་བྱ་བ་ཐིག་ལེ་དེ་ཉིད་ལ་སོ་སོ་སྐྱེ་བོའ་བླ་མ། རྒྱལ་བ་སྤྲུལ་པའི་སྐུའི་བླ་མ། ལོངས་སྐུའི་བླ་མ། ཆོས་སྐུའི་བླ་མ། ངོ་ཉིད་ཀྱི་སྐུའི་བླ་མ་རྣམས་ཐ་མི་དད་པར་མངོན་དུ་གྱུར་པའོ། །བླ་མ་ཕུན་སུམ་ཚོགས་པ་དེའི་བཞུགས་པའི་གནས་ནི་བྷ་གར་ཞེས་བྱ་བ་ལ་སོགས་པ་ས་བཅུ་མ་ལ་སོགས་པ་ཡུམ་གྱི་མཆོག་གི་ཟེ་བར་རོ། །དངོས་གྲུབ་ལེན་ཞེས་བྱ་བ་ཡང་འགྲོས་བཞི་ཐིམ་པའི་དབང་ཉིད་བླ་མ་དེ་ལས་འགྲོས་ཐིམ་པའི་དབང་གིས་སྐད་ཅིག་གཉིས་
༡༡༨པ་སྐུ་ལྔ་མངོན་དུ་འགྱུར་བའི་དངོས་གྲུབ་ལེན་པས་སོ། །སྲིད་པ་རྣམ་པར་དག་པའི་ལམ་ཞེས་བྱ་བ་ཡང་འགྲོས་བཞི་ཐིམ་པའི་དབང་ཉིད་ཀྱིས་ཏེ། ཡན་ལག་གི་དོན་ནི་སྔ་མ་བཞིན་ནོ། །དེ་དག་གིས་ནི་ཉེ་བའི་རྒྱུ་བསྟན་ཏོ། །ངོ་བོ་ཉིད་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ལྷུན་གྲུབ་ཀྱི་སྐུ་ཐོབ་པར་བྱེད་པ་ཞེས་བྱ་བ་རྟེན་གནས་གྱུར་གྱི་སྐུ་བཞི་དང་གྲུབ་བདེ་གཅིག་པ་བརྟེན་པ་གནས་གྱུར་སྐུ་ཡང་གྲུབ་ཅེས་བྱ་བའི་དོན་ཏེ་འབྲས་བུའོ། །ལོངས་སྐུའི་ཞིང་ཁམས་མ་ལུས་པ་ལ་སོགས་སྒུལ་བ་ལ་སོགས་པ་ནུས་ཞེས་སྨོས་ཀྱང་། །ངོ་བོ་ཉིད་ཀྱི་སྐུའི་ཞིང་ཁམས་མ་ལུས་པ་ལ་སོགས་པ་སྒུལ་བར་ཤེས་པར་བྱའོ། །ནང་རྟགས་སྲོག་རྩོལ་ཨ་ཝ་དྷཱུ་ཏིར་འགགས་པ་ཡང་རྩ་གཉིས་ཀྱི་སྲོག་རྩོལ་གྱི་རླུང་གཙུག་ཏོར་མཆོག་གི་འགྲོས་བཞི་ཐིམ་པའོ། །ཕྱི་རྟགས་གཙུག་ཏོར་ཧྲིལ་ཐིག་ལེས་བརྟན་ཞེས་བྱ་བ། དབུའི་གཙུག་ཏོར་མཆོག་གྲུབ་ནས་རྟེན་དང་བརྟེན་པ་མ་ལུས་པ་གནས་གྱུར་ཞེས་བྱ་བའི་དོན་ཏོ། །རེ་ཞིག་དེ་དག་གིས་ལོ་ཀ་དང་ལོ་ཀ་ལས་འདས་པའི་ལམ་གཉིས་ལ་ལུང་སྒོ་བསྟུན་ཏེ། ལམ་ལྟར་ན་ལྔ། བྱང་ཆུབ་ཀྱི་ཕྱོགས་ལྟར་ན་སུམ་ཅུ་བདུན། ས་ལྟར་ན་ཕྱེད་དང་བཅུ་གསུམ་གྱི་ལམ་མ་ལུས་པ་བསྟན་ཏོ། །ད་ནི་ལམ་དེས་བསྒྲུབས་པའི་འབྲས་བུ་བསྟན་པ་ལས། ཕྱི་དང་ནང་གི་རྟེན་འགྲོས་བཞིས་ཐིམ་པ་རྣམས་ཀྱི་སྒོམ་ཉམས་སྐྱོན་ཡོད་མེད་ཕྱེད་པས་ས་བཅུ་གསུམ་པའོ། །ཐམས་ཅད་མཁྱེན་ཏོ། །བཅུ་གསུམ་རྡོ་རྗེ་འཛིན་པར་རྟེན་འབྲེལ་འགྲིག་པ་ལྟར་སྣང་། འཚང་རྒྱ་ཁར་འཁོར་ཚོམ་བུ་གཅིག་དང་སངས་རྒྱས་ཞེས་སྨོས་ཏེ། དེ་ལ་དོན་ནི་འདི་ཡིན་ཏེ། བདག་ཉིད་ཚོགས་རྫོགས་ཤིང་ཇི་ལྟར་རྟེན་འབྲེལ་འགྲིག་པ། གནས་གྱུར་སྐུ་ལྔ་བསྟན་པ་དང་། ཁྱད་པར་དུ་གཞན་གྱི་དོན་ཆེ་བ་སེམས་མ་བསྐྱེད་པ་བསྐྱེད་པ་ལ་སོགས་པ་དང་། བདག་གཞན་གཉིས་ཀའི་ཆེ་བ་འཁོར་ཚོམ་བུ་གཅིག་དང་སངས་རྒྱས་བསྟན་པའོ། །དེ་ལ་དང་པོ་རྩ་ཐམས་ཅད་ཀྱི་འགྲོས་རིམ་གྱིས་ཐིམ་པ་ལས་དབུ་མ་མཆོག་ཏུ་གྱུར། དེ་ལ་སྐུ་ཐམས་ཅད་པ་སྤྲུལ་སྐུ། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་མཚན་དཔའ་འབར་བ་དང་། ཐུབ་པ་ལ་སོགས་པ་སྤྲུལ་པ་མཆོག་ནས་བཟུང་སྟེ་འགྲོ་བ་མཐའ་དག་དང་། དཔག་བསམ་
༡༡༩གྱི་ཤིང་ལ་སོགས་པ་སྣོད་མཐའ་དག་གི་རྣམ་པར་སྣང་བས་གདུལ་བྱ་མཐའ་དག་གི་དོན་དུ་འགྱུར་བའོ། །གསང་དབང་ཡི་གེའི་འགྲོས་ཏེ་ཡི་གེ་ཐམས་ཅད་རིམ་གྱིས་འགྲོས་ཐིམ་སྟེ། དེ་ཡང་ཁ་དོག་ཐིམ་པས་དཀར་པོ། །དབྱིབས་ཐིམ་པས་ཨ་ཧཾ་མི་ཐིའི་ཟུང་འཇུག་མི་ཤིགས་པའི་ཡི་གེ་སྟེ། སྟོབས་ཐིམ་པས་བདུད་བཞི་ཟིལ་གྱིས་གནོན་པ་ཧཱུྃ་གི་སྟོབས་ལྟ་བུར་འགྱུར་རོ། །དེ་ལས་གསུང་ཐམས་ཅད་པ་ལོངས་སྤྱོད་རྫོགས་པའི་སྐུ། ཞེས་བྱ་བ་ལེགས་པར་སྦྱར་བའི་སྐད་ནས་བཟུང་སྟེ། འགྲོ་བ་མཐའ་དག་གི་སྐད་དང་། འབྱུང་བ་མཐའ་དག་གི་སྒྲ་དང་། ནམ་མཁའ་ལས་ཀྱང་གསུང་ཡོངས་སུ་དག་པའི་སྒྲ་འབྱུང་སྟེ་གདུལ་བྱའི་དོན་དུ་འགྱུར་བའོ། །ཤེས་རབ་ཡེ་ཤེས་བདུད་རྩིའི་འགྲོས་ཏེ། ཁམས་དགུ་རིམ་གྱིས་དྭངས་མ་ལས་ཁམས་དྭངས་མ་མཆོག་ཏུ་འགྲོས་ཐིམ་པས་བདུད་རྩི་གནས་གྱུར། ཐུགས་ཐམས་ཅད་པ་ཆོས་ཀྱི་སྐུ། ཞེས་བྱ་བ་ཇི་ལྟ་བ་དང་། ཇི་སྙེད་པ་མ་ལུས་པ་མཁྱེན་ཅིང་ཇི་ལྟར་རྟེན་འབྲེལ་འགྲིག་པ་ལྟར་མངོན་དུ་འགྱུར་བའོ། །དབང་བཞི་པ་རླུང་གི་འགྲོས་ཏེ། ལས་ཀྱི་རླུང་རྣམས་རིམ་གྱིས་ཐིམ་ནས་ཡེ་ཤེས་ཀྱི་རླུང་དུ་འགྱུར་རོ། །དེ་ལ་རླུང་གནས་གྱུར། སྐུ་དང་། གསུང་དང་། ཐུགས་ཐམས་ཅད་པ་ངོ་བོ་ཉིད་ཀྱི་སྐུ། ཞེས་བྱ་བ་མངོན་དུ་འགྱུར་ཏེ། སྐུ་ཐམས་ཅད་པའི་དུས་ནའང་། གསུང་དང་། ཐུགས་ཐམས་ཅད་པ་ཡིན་ལ། གཉིས་པོའ་ཚེ་ན་ཡང་དེ་བཞིན་དུ་ཡིན་པས་གྲུབ་པ་དང་། བདེ་བ་གཅིག་པའི་ཚུལ་གྱིས་གདུལ་བྱ་མཐའ་དག་གི་དོན་དུ་འགྱུར་བའོ། །དེ་དག་གིས་ནི་རྟེན་གནས་གྱུར་གྱི་སྐུ་བཞི་བསྟན་ཏོ། །བསྟན་པ་གནས་གྱུར་པ་ནི། ངོ་བོ་ཉིད་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ལྷུན་གྲུབ་ཀྱི་སྐུ་ཞེས་བྱ་བ་ཡིན་ཏེ། དེ་ལྟ་བུའི་སྐུ་བཞི་ཀ་ཡང་ཡོངས་སུ་དག་པ་ཡེ་ཤེས་གཅིག་ཉིད་དེ་དང་དེར་སྣང་བ་མངོན་དུ་གྱུར་པའོ། །དེ་ལྟར་ཡང་སྒྱུ་འཕྲུལ་དྲྭ་བ་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཞེས་འབྱུང་ངོ་། །རང་གི་ངོ་བོ་སྐུ་གཅིག་ཡིན་པར་ཡང་དེ་ཉིད་ལས། ཡེ་ཤེས་མིག་གཅིག་དྲི་མ་མེད། ཅེས་འབྱུང་ངོ་། །གཞན་དོན་གྱི་ཆེ་བ་ནི་སེམས་མ་བསྐྱེད་པ་
༡༢༠དེ་བསྐྱེད་པ་དང་། ས་ནས་སར་འཕར་བ་དང་། མངོན་པར་བྱང་ཆུབ་པ་དང་། ལོང་བ་རྣམས་ཀྱི་མིག་གིས་གཟུགས་མཐོང་བ་ལ་སོགས་པ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྣམས་ནི་འདིར་མ་སྨོས་སོ། །གཉིས་ཀའི་ཆེ་བ་འཁོར་ཚོམ་བུ་གཅིག་དང་སངས་རྒྱས་ཞེས་བྱ་བ། སྒྲུབ་པ་པོ་བདག་ཉིད། རྒྱུད་ཡོངས་སུ་དག་པའི་རིག་མ་གཅིག །བརྒྱུད་པའི་བླ་མ་གཅིག །བྱིན་གྱིས་རློབ་པའི་མཁའ་འགྲོ་གཅིག །ཞིང་ཡོངས་སུ་དག་པའི་སློབ་མ་གཅིག་སྟེ་ལྔ་དུས་གཅིག་ཏུ་གྲོལ་བར་འགྱུར་རོ། །དོན་བསྟན་པས་ཚང་བས་དེ་ཉིད་ཀྱིས་གོ་བར་ནུས་པའི་ཕྱིར་ཚིག་དོན་རྣམ་པར་ཕྱེ་བའོ། །འབྲས་བུ་བསྟན་ཏོ། །ད་ནི་གཞུང་དེ་དག་གི་གཞུང་ཉེ་བར་བསྡུ་བ་བསྟན་པ་ལས། གསང་སྔགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ལོ་ཀ་ལས་འདས་པའི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །སྔགས་ནི་ནང་དུ་བྱིན་གྱིས་རློབ་པར་བྱེད་པས། རྡོ་རྗེ་ཐིག་པ་ནི་བདག་ཉིད་ཀྱི་ལུས་ལ་སོགས་པ་བཞི་དང་། འབྲས་བུ་སྐུ་རྡོ་རྗེ་འཆང་ལ་སོགས་པ་བཞི་དབྱེར་མི་ཕྱེད་པར་ལམ་དུ་བྱེད་པས་སོ། །རྒྱུའི་དབང་བླ་མ་ལས་དང་པོར་ཐོབ་པ། ལམ་གྱི་དབང་རང་གིས་ཐུན་བཞི་ལ་སོགས་པ་བསྒོམས་པས་འབྲས་བུའི་དབང་འགྲོས་བཞི་ཐིམ་པའོ། །རྟོག་པས་བརྟགས་པ་ལམ། །རྟོག་མེད་རྟོགས་པ་ལྟ་བ། ཡེ་ཤེས་སྣང་བ་འབྲས་བུའོ། །ཡང་རྟོག་པས་བརྟགས་པ་འཇིག་རྟེན་པའི་ལམ། རྟོག་མེད་རྟོགས་པ་འཇིག་རྟེན་ལས་འདས་པའི་ལམ། ཡེ་ཤེས་སྣང་བ་འབྲས་བུའོ། །ཡང་རྟོག་པས་བརྟགས་པ་མཚན་ཉིད་སྣ་ཚོགས། རྟོག་མེད་རྟོགས་པ་རང་བཞིན་སྟོང་པ། ཡེ་ཤེས་སྣང་བ་ངོ་བོ་ཟུང་འཇུག་གོ །ད་ནི་དེ་ལྟར་བསྟན་པའི་ལམ་རྣམས་ཀྱང་ཟབ་འབྲིང་གསུམ་དུ་བསྡུ་བའི་ཕྱིར། ལམ་ཟབ་བླ་མ་ཞེས་བྱ་བ་གང་ཟག་དབང་པོ་རབ་བླ་མ་ལས་རྫོགས་པ་ཡིན་ཏེ། དབང་པོ་རབ་ཀྱིས་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཉིད་ཀྱིས་བླ་མས་ཚིག་གཅིག་བསྟན་པ་མེད། སློབ་
༡༢༡མས་ཐུན་གཅིག་བསྒོམ་པ་མེད་ཀྱང་རྟེན་འབྲེལ་རང་འགྲིག་ཏུ་གྱུར་ནས་གྲུབ་མཐའ་སྙོགས་པ་ལ་སོགས་པར་འགྱུར་རོ། །དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལམ་འབྲིང་པོ་སྟེ། གང་ཟག་དབང་པོ་འབྲིང་གིས་དམ་ཚིག་ཉི་ཤུ་ལ་བསླབ་ཚུལ་གསུམ་གྱིས་བསླབ་ཅིང་། ལུས་སོ་སོར་བརྟགས་པའི་འགོག་པ་ཞེས་བྱ་བ་གང་ཟག་དབང་པོ་ཐ་མའི་ལམ། ཉམས་སྐྱེ་བ་དང་། རྟེན་འབྲེལ་འགྲིག་པ་དང་། ཡིད་ཆེས་དཀའ་བས་ཐ་མ་སྟེ། ལུས་ལ་རྟེན་འབྲེལ་ལྔ་རིམ་གྱིས་འགྲིག་པ་ན། གཉེན་པོ་ལུས་ཀྱིས་བྱེད། སྤང་བྱ་ལུས་ཀྱིས་སྤོང་པས་ལུས་སོ་སོར་བརྟགས་པའི་འགོག་པ་ཞེས་བྱའོ། །དེ་དག་གིས་ལམ་འབྲས་བུ་དང་བཅས་པའི་གདམས་ངག་དབྲི་བསྣན་མེད་པར་བསྟན་ཏོ།། །།ད་ནི་དེ་དག་གི་གཞུང་རྫོགས་པར་བསྟན་པའི་ཕྱིར། ལམ་འབྲས་བུ་དང་བཅས་པའི་གདམས་ངག་མན་ངག་དང་བཅས་པ་རྫོགས་སོ།། །།ཞེས་སྨོས་ཏེ། ལམ་དང་འབྲས་བུ་ནི་སྔར་བཤད་པའི་དམ་པའི་སྐབས་སུ་བཤད་པ་བཞིན་ནོ། །གདམས་ངག་ནི་འཇིག་རྟེན་པའི་ལམ་གྱིས། མན་ངག་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས། ཡང་གདམས་ངག་ནི་ལམ་གྱི། མན་ངག་ནི་འབྲས་བུ་གཏན་ལ་དབབ་པའི། ཡང་གདམས་ངག་ནི་བླ་མས་རྗེས་སུ་བསྟན་པའི། མན་ངག་ནི་བདག་ཉིད་ལས་ཉམས་མྱོང་རྗེས་སུ་དྲན་པའི་ཚད་མ་སྐྱེས་པ་རྣམས་ཀྱིས་ཏེ། དེ་ལྟར་རྣམ་གྲངས་ཀྱི་ཚུལ་གྱིས་སོ། །རྫོགས་སོ། །ཞེས་བྱ་བ་མང་ཉུང་མེད། དབྲི་བསྣན་མེད་པར་བསྟན་པའི་ཐ་ཚིག་སྟེ། ས་མཱ་པ་ཐ་མི་ཐི། ཞེས་བྱ་བའི་དོན་ཏོ། །ས་མཱ་སྟ་མི་ཐི། །རྣལ་འབྱོར་ཆེན་པོའ་མཆོག་གི་ལམ། །ཡོན་ཏན་ཀུན་གྱིས་བརྒྱན་པ་འདི། །གྲགས་པས་ཀུན་ཁྱབ་རབ་དགའི་སྙིང་། །ས་སྐྱའི་མཚན་དང་ལྡན་པས་མཛད། །ཐམས་ཅད་མཁྱེན་པའི་ས་ཡི་རྟེན་གྱུར་ཅིང་། །ཡོན་ཏན་མ་ལུས་སྐྱེད་པའི་གཞིར་གྱུར་པ། །ས་སྐྱ་ཞེས་བྱའི་གཙུག་ལག་ཁང་ཆེན་དུ། །གྲགས་པ་རྒྱལ་མཚན་བདག་གིས་གུས་པས་བླངས། སརྦ་མངྒ་ལཾ། །

༄༅། ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་བཞུགས་སོ། །

༡༢༡ ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་བཞུགས་སོ། །
༡༢༢ ༀ་སྭ་སྟི་སིདྡྷི། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཟབ་ཁྲིད་མ་འདྲེས་བརྒྱ་མཐར་བརྒྱད་ཀྱི་གྲངས། །ཕྲེང་དུ་བསྒྲིགས་པའི་འཇུག་སྒོ་རྣམ་གཉིས་ལས། །ཐུན་མོང་སྔར་བཤད་ཐུན་མོང་མ་ཡིན་པའི། །ལག་ཁྲིད་གསལ་བར་སྟོན་པ་འདི་ལྟར་རོ། །དེ་ཡང་སྤྱིའི་སྔོན་འགྲོས་རྒྱུད་སྦྱངས་གོང་ལྟར་བྱས་མཐར། །གནས་ཁང་དག་པའི་ཞིང་དུ་མོས་བཞིན་པས། །ངག་ཏུ་ཡང་། །ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་། །རང་བཞིན་བཟང་པོར་གནས་གྱུར་ཅིག །དེ་ཉིད་ཀྱི་དབུས་སུ་འདོད་དགུ་འབྱུང་བའི་དཔག་བསམ་ལྗོན་ཤིང་ལོ་འབྲས་རྒྱས་པའི་སྟེང་དུ། ངོ་བོ་དངོས་གྲུབ་མ་ལུས་པའི་འབྱུང་གནས། །རྣམ་པ་རྩ་བརྒྱུད་ཀྱི་བླ་མ་མཁའ་ཁྱབ། ངོ་བོ་རང་གི་ལས་བསགས་པའི་ལྷ། རྣམ་པ་རྒྱུད་སྡེ་བཞི་དང་འབྲེལ་པའི་ཡི་དམ། ངོ་བོ་སྐྱེ་མེད་ཆོས་སྐུ། རྣམ་པ་ལོངས་སྤྲུལ་གྱི་སངས་རྒྱས། ངོ་བོ་འགོག་པའི་བདེན་པ། རྣམ་པ་མདོ་རྒྱུད་ཀྱི་གླེགས་བམ། ངོ་བོ་སར་བཞུགས་ཀྱི་
༡༢༣ འཕགས་པ། རྣམ་པ་རྒྱལ་སྲས་བྱང་སེམས། ངོ་བོ་སྟོབས་བཅུའི་བདེན་པ། རྣམ་པ་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་འཐིབས་པ་བཞིན་དུ་བསམས་ལ། རང་དང་མཚུངས་པར། ངོ་བོ་དྲིན་ཅན་ཕ་མ། རྣམ་པ་འགྲོ་དྲུག་གི་སེམས་ཅན་རྣམས་ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་འགྲོ་བར་དམིགས་ཏེ། ངག་ཏུ། གུ་རུ་ཤ་ར་ཎཾ་གཙྪ་མི། བུདྡྷ་ཤ་ར་ཎཾ་གཙྪ་མི། ཤ་ར་ཎཾ་གཙྪ་མི། སཾ་གྷ་ཤ་ར་ཎཾ་གཙྪ་མི། མཎྜལ་ལ་དེ་ཝ་ཤ་ར་ཎཾ་གཙྪ་མི། པཱ་ལ་ཤ་ར་ཎཾ་གཙྪ་མི། བརྒྱ་སྟོང་དུ་བཟླས་བརྗོད་བྱ་ཞིང་། སྔར་ལྟར་སེམས་ཅན་གྱི་ཁམས་ལ་རྗེས་བརྩེ་བསྐྱེད། །ངག་ཏུ་སརྦ་ས་ཏྭ་ཀཱ་རུ་ཎི་ཀ་མང་དུ་བརྗོད་ཅིང་། །ཀྱཻ་མ་སེམས་ཅན་སྡུག་བསྔལ་ཞིང་། །ཀུན་རྟོག་ལ་ནི་མངོན་པར་ཞེན། །དེ་ཡི་རྟོག་པ་གཞོམ་ཕྱིར་བདག །རྫོགས་པའི་སངས་རྒྱས་འགྲུབ་པར་བགྱིའོ། །རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་པད་ཟླ་ལ་གནས་པའི་རལ་གྲི་ཁཾ་གིས་མཚན་པ་ལས། བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ། སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཀྱིས་རལ་གྲི་དང་། དྲིལ་བུ་འཛིན་
༡༢༤ པ་རང་མཚུངས་ཀྱི་ཡུམ་དམ་ཚིག་གི་སྒྲོལ་མ་ལ་འཁྱུད་པ། རྡོ་རྗེ་སྐྱིལ་ཀྲུང་དང་། པདྨའི་འདུག་སྟངས་ཀྱིས་མཉམ་པར་སྦྱོར་བ། གཉིས་ཀའང་སྤྱན་གསུམ་པ་རལ་པའི་ཐོར་ཚུག་ཅན། དར་དང་རིན་པོ་ཆེས་བརྒྱན་ཞིང་། ཡིད་ཙམ་ཁྲོ་བ། དོན་གྲུབ་ཀྱི་ཅོད་པན་ཅན་གྱི་དཔྲལ་མགྲིན་སྙིང་ཁར་ༀ་ཨཱཿཧཱུྃ་དང་། །ཐུགས་ཁར་རལ་གྲི་ཁཾ་གིས་མཚན་པ་ལས་འོད་འཕྲོས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དམ་ཚིག་རྡོ་རྗེའི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ བཅོམ་ལྡན་འདས་དམ་ཚིག་རྡོ་རྗེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཐུགས་ཁའི་ཁཾ་ལས་བདུད་རྩིའི་རྒྱུན་འཛག །ཡབ་ཡུམ་ཀྱི་སྐུ་གང་། །སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་སྤྱི་བོ་ནས་ཞུགས། །ལུས་ཐམས་ཅད་བཀྲུས་ཤིང་དག་ནས་སྡིག་སྒྲིབ་བག་ཆགས་དུད་ཁུའི་རྣམ་པས་རྐང་མཐིལ་དང་གཤང་གཅིའི་ལམ་ནས་ཐོན་པར་བསམ་ཞིང་། །ༀ་ཨཱཿཁཾ་ཧཱུྃ་ཕཊ་སྭཱ་ཧཱ། །བརྒྱ་སྟོང་བཟླས་པའི་མཐར། །བཅོམ་ལྡན་དམ་ཚིག་རྡོ་རྗེ་ཡིས། །བདག་ཅག་དམ་ཚིག་ཉེས་ལྟུང་ཀུན། སྦྱོངས་ཤིག་དམ་ཚིག་ཉམས་ཆག་རྣམས། །དག་ཅིང་དམ་ཚིག་གཙང་བར་མཛོད། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་སྒྲིབ་པ། ཉེས་པ་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། སྤྱི་བོའ་ལྷ་རང་ལ་བསྟིམ། ལུས་དྭངས་ཤེལ་ལྟ་བུར་གྱུར་པར་བསམ། དེ་ནས་དབང་ཆེན་གསེར་གྱི་ས་གཞི། པགས་པ་ཁྲག་གིས་གོས་པ། ཀུན་གཞི་བྱང་ཆུབ་སེམས་ཀྱི་རླན་བཅས། རི་རབ་སྒལ་ཚིགས། ཆོས་ཀྱི་རྩ་བ་སེམས། གླིང་བཞི་ཡན་ལག་བཞི། ཚད་
༡༢༥ མེད་བཞི། །ཉི་ཟླ་རོ་རྐྱང་ཐིག་ལེ་དཀར་དམར། །རྒྱལ་སྲིད་སྣ་བདུན། །དོན་ལྔ་སྣོད་དྲུག་བདེ་ཆ་དང་བདུན། འཕགས་པའི་ནོར་བདུན། མ་རྨོས་པའི་ལོ་ཏོག །སྐུ་གསུམ་རང་ཆས། ཕྲིན་ལས་རྒྱུན་མི་ཆད། འདོད་འཇོའ་བ། ལྕེ་ཆུང་གི་བུམ། གཞན་ཕན་གྱི་སེམས། དཔག་བསམ་ཤིང་། གཏེར་བུམ། རྫས་གོས་ལོངས་སྤྱོད་མ་ལུས་པ། རྩ་ཐིག་རླུང་གསུམ་སྐུ་དང་ཡེ་ཤེས་མཛད་པ་ཕྲིན་ལས་ཏེ། ཕྱི་ནང་གསང་གསུམ་གཅིག་ཏུ་བློས་བསྡོམས་ཏེ། ངག་ཏུ། ཞིང་ཁམས་རྣམ་པར་དག་པ་འདིར། །དབུས་ཀྱི་རི་རྒྱལ་རི་རབ་ལ། །གླིང་བཞི་འདོད་ཡོན་ལྔ་ཡིས་བརྒྱན། །ཉི་མ་ཟླ་བས་བསྐོར་བ་བྱེད། །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་འཇོའ་བ་དང་དཔག་བསམ་ཤིང་། །མ་རྨོས་ལོ་ཐོག་གསེར་དང་དངུལ། །འབྲུ་བཟང་ལོངས་སྤྱོད་བསམ་མི་ཁྱབ། །དངོས་པོ་བཟང་ལ་གྱ་ནོམ་པ། །བླ་མ་སངས་རྒྱས་རྣམས་ལ་འབུལ། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ༀ་གུ་རུ་བུདྡྷ་བོ་དྷི་ས་ཏ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །ཞེས་ཅི་ནུས་ཕུལ་མཐར། སྐྱབས་ཡུལ་དབུས་ན་བཞུགས་པའི་རྩ་བའི་བླ་མ་རྡོ་རྗེ་འཆང་དུ་གསལ་བ་ལ་བློས་དམིགས་ཏེ། བདག་གི་དགྲ་གཉེན་འཁོར་དང་ལོངས་སྤྱོད་དང་། །དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་ཀྱང་། །དང་བའི་སེམས་ཀྱིས་བླ་མ་ཁྱེད་ལ་འབུལ། །བརྩེ་བའི་ཐུགས་ཀྱིས་བཞེས་པར་མཛད་དུ་གསོལ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དངོས་གྲུབ་རིན་ཆེན་སྟེར་བའི་བླ་མ་ལ། །ཡེ་ཤེས་བདུད་རྩིའི་མཆོད་པ་དམ་པ་འདི། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་རྣམ་གསུམ་ལེགས་
༡༢༦ འཕྲོས་ནས། །བདག་གི་ལུས་ངག་ཡིད་གསུམ་སྒྲིབ་སྦྱངས་ཏེ། །སྐུ་གསུམ་མངོན་གྱུར་སངས་རྒྱས་གོ་འཕང་སྩོལ། །ཅེས་བརྗོད་མཐར། སྐྱབས་ཡུལ་རྣམས་རང་ལ་བསྟིམས་ནས། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་བའི་འོག་སོར་བཞིས་དམའ་བར་བཞག་ལ། མཐེབ་སྙིང་གཉིས་ལེགས་པར་སྤྲད། སྒལ་ཚིག་འཁོར་ལོ་བརྩེགས་པ་བཞིན་བསྲང་། མགྲིན་པ་བྱ་ངང་པ་བཞིན་དགུག །ལྕེ་རྐན་ལ་སྦྱར། མིག་ཐད་ཀར་གཟོ་མེད་དུ་འཇོག་སྟེ། བསམ་གཏན་གྱི་སྣོད་དུ་རུང་བར་བྱས་ལ། ཁྲིད་རིམ་སོ་སོར་འབྲེལ་བའམ། རང་གང་མོས་ལ་བློ་ལེགས་པར་ཁྲིད་དེ། མཐར་ལམ་མཆོག་ལ་དཀྲི་བ་ཉིད་དོ། །ཁྲིད་ཀུན་སྔོན་འགྲོ་ཐུན་མོང་མིན། །དགའ་བསྐྱེད་རྣམ་གྲོལ་ལམ་འཇུག་པའི། །ཡི་གེ་མཆོག་ཏུ་སྤེལ་བའི་དགེས། །ཉམས་ལེན་བར་ཆད་མེད་པ་སྩོལ། མངྒ་ལཾ། དགེའོ། །

༄༅། །མགོན་པོ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཞུགས་སོ། །

XXX མགོན་པོ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཞུགས་སོ། །
XXX གང་གི་བློ་གྲོས་མཁའ་ལྟར་རབ་ཡངས་པ། །སྒྲིབ་ཚོགས་འཁྲུལ་པའི་སྤྲིན་ཚོགས་ཀུན་དག་ནས། །ཡེ་ཤེས་སྣང་བའི་དཀྱིལ་འཁོར་རབ་རྒྱས་ནས། །མི་ཤེས་མུན་སེལ་འཇམ་དཔལ་དབྱངས་ལ་འདུད། །འདིར་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་རྗེས་སུ་གནང་བ་བྱེད་པ་ལ་དོན་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་མོ། །དང་པོ་སྔོན་འགྲོ་ལ་གཉིས་ཏེ། བཀོད་པ་བཤམས་པ་དང༌། མངོན་རྟོགས་བསྒོམས་ནས་བདག་འཇུག་ལེན་པའོ། །དང་པོ་ནི་མཎྜལ་སྤོས་ཀྱིས་ཆག་ཆག་གདབ་ལ། རེ་ཁཱས་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བ་སེར། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། མཚམས་བཞི་མཛེས་ཚོན་བཀྱེ་ཞིང༌། དབུས་སུ་ལྷ་ཚོམ་གུར་གུམ་གྱི་མདོག་ལྟར་དགོད། དེའི་མཐར་མར་མཆོད་གཏོར་གྱིས་བསྐོར། དེའི་ཟུར་དུ་ལས་བུམ་ཞིག་བཤམས། དེ་དག་ནི་བཀོད་པ་བཤམས་པའོ། །བདག་འཇུག་ལེན་པ་ལ་དོན་བཞི་སྟེ། དང་པོ་བདེ་བའི་གདན་ལ་གནས་པས། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། ཡན་ལག་བདུན་པ་བྱ་བ་དང༌། ཚད་མེད་པ་བཞི་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་སོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་ནི། །སྭ་བྷཱ་ཝས་སྟོང་པར་བསྒོམ་པའོ། །གསུམ་པ་བསྐྱེད་པའི་རིམ་པ་ནི། མངོན་བྱང་ལྔས་འཇམ་དབྱངས་གུར་གུམ་གྱི་མདོག་ཅན། ཞལ་གཅིག་ཕྱག་གཉིས་པ་ཁྲིད་ཡིག་ལྟར་བསྐྱེད་ལ། དེ་ལ་ཡེ་ཤེས་པ་བསྟིམ། དབང་བསྐུར། རྒྱས་གདབ། བསྙེན་པ་བསྐྱལ་ལོ། །མདུན་བསྐྱེད་ཀྱང་ཚུལ་འདི་ཉིད་ཀྱིས་བསྒྲུབ་བོ། །ལས་བུམ་གྱི་ནང་དུ་བདུད་རྩི་འཁྱིལ་བ་གཞུང་བཞིན་བསྐྱེད་ལ། དབང་བསྐུར་རྒྱས་གདབ་གཞུང་བཞིན་བྱའོ། །དེ་ནས་རང་གི་ཐུགས་ཀ་ནས་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་དང་བུམ་བསྐྱེད་གཉིས་ཀྱི་ལྷའི་ཞལ་དུ་ཞུགས། ཐུགས་ཀར་འཁོར་ཞིང་ཐུགས་བརྒྱུད་བསྐུལ་ནས། སྔགས་གསུངས་ཤིང་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་
XXX གང་བར་བསམས་ལ་བསྙེན་པ་བསྐྱལ་ལོ། །སླར་དེ་དག་ལ་མཆོད་ཅིང་གཏོར་མ་ཕུལ། འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་སྐབས་འདིར་ཡང་འོག་ནས་བྱུང་བའི་རིམ་པས། བར་ཏིང་ངེ་འཛིན་གྱིས་བདག་འཇུག་བླངས་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། རྗེས་གནང་གི་སྔོན་འགྲོ་དང༌། དངོས་གཞིའི་རྗེས་སུ་གནང་བའོ། །དང་པོ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས་ནས་གྲལ་ལ་འཁོད་དེ། བགེགས་གཏོར་བཏང་ཞིང༌། བགེགས་བསྐྲད། སྲུང་འཁོར་བསྒོམ། དེ་ནས་བླ་མ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། བླ་མས་སྐྱབས་འགྲོའི་སྡོམ་པ་སྦྱིན་པ་ནི། ཐལ་མོ་སྦྱར་ལ་ངའི་རྗེས་ཟློས་མཛོད་ཅིག་ཅེས་བརྗོད་ལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྡོམ་པ་བྱིན། དེ་ནས་སེམས་བསྐྱེད་ཀྱི་སྡོམ་པ་སྦྱིན་པ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་བཞིན་དུ་བསླབ་པར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བ་དང༌། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བྱ། དེ་ནས་ཡན་ལག་བདུན་པ་ཚོགས་བསགས་པ་ནི། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་འཇམ་དབྱངས་ལ་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྡིག་པ་ཐམས་ཅད་
XXX ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བྱེད་དོ། །དེ་དག་གིས་སྔོན་འགྲོ་རྣམས་སོང་ནས། །གཉིས་པ་དངོས་གཞི་ལ་ལྔ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྗེས་སུ་གནང་བའོ། །དང་པོ་བླ་མ་ལ་སྐུའི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འཕུལ་ལ་གསོལ་བ་གདབ་པ་ནི། ཀྱཻ། སྟོན་པ་ཐུགས་རྗེའི་མངའ་བདག་འཇམ་དཔལ་དབྱངས། །བདག་ཅག་འཁོར་བས་འཇིགས་ཤིང་ཐུགས་རྗེས་བཟུང་དུ་གསོལ། །མུན་པར་གྱུར་པའི་འགྲོ་བའི་གྲོང་ཁྱེར་ན། །འཇིགས་ཤིང་ཡ་ང་ཁྱོད་ལ་གསོལ་བ་འདེབས། །བདེ་བ་ཆེན་པོ་མྱ་ངན་འདས་པའི་གྲོང༌། །ཞབས་ཀྱི་རྡུལ་ལ་རེག་ཅིང་རྗེས་གནང་སྩལ་དུ་གསོལ། །ཅེས་ལན་གསུམ་མོ། །དེ་ནས་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། བདག་གི་ཐུགས་རྗེའི་ཉི་མ་ཡི། །འོད་ཀྱིས་མ་རིག་མུན་པ་སེལ། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །ཅེས་བརྗོད་དོ། །དེ་ནས་སློབ་མ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྐད་ཅིག་གིས་འཇམ་དབྱངས་མངོན་རྟོགས་ལྟར་བསྐྱེད་ལ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཐ་མི་དད་པར་གྱུར་པའི་ཐུགས་ཀའི་དྷཱིཿཡིག་ལས་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཕོག་པས། དེ་རྣམས་ཐམས་ཅད་འཇམ་དཔལ་དབྱངས་ཀྱི་རྣམ་པ། སྐུ་ཆུང་ལ་ཡན་ལག་དང་ཕྱག་མཚན་གསལ་བ་དཔག་ཏུ་མེད་པ་བྱུང་བས་སློབ་མའི་ལུས་ལ་ཐིམ། བླ་མའི་སྐུ་ལས་ཀྱང་འཇམ་དཔལ་དབྱངས་ཀྱི་སྐུ་དཔག་ཏུ་མེད་པ་
XXX ཆད་ནས། སློབ་མའི་ལུས་ལ་མཚོ་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་བསྒོམ་ལ། མེ་ཏོག་གཏོར་བའམ། ཡང་ན་འཇམ་དབྱངས་ཀྱི་སྐུ་སྤྱི་བོར་བཞག་ཅིང༌། སྤོས་དུད་རོལ་མོའི་སྒྲ་དང་བཅས་པས། སློབ་དཔོན་གྱི་ངག་ཏུ། རྗེ་བཙུན་འཇམ་དབྱངས་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཨཱརྻ་མཉྫུ་ཤྲཱི་ཿཛཿཧཱུྃ་བཾ་ཧོཿཞེས་བརྗོད་དོ། །དེ་ལྟར་སྐུའི་རྗེས་གནང་ཐོབ་པའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ཏེ། གནས་སྐབས་སུ་ལུས་ཀྱི་གནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བ་དང༌། མཐར་ཐུག་ཏུ་མཚན་དཔེ་བརྒྱན་པའི་འཇམ་དཔལ་དབྱངས་ཀྱི་སྐུ་ཐོབ་པའི་དགོས་པ་ཡོད་དོ། །ཞེས་བརྗོད་དོ། །གཉིས་པ་གསུང་གི་རྗེས་གནང་ཞུ་བའི་དོན་དུ་མཎྜལ་དང་གསོལ་གདབ་གོང་ལྟར་རོ། །དེ་ནས་སློབ་དཔོན་གཉིས་ཀ་འཇམ་དཔལ་དུ་བསྐྱེད་པའི་སྙིང་གར། པད་ཟླའི་སྟེང་དུ་ཧྲཱིཿཡིག་གསེར་གྱི་མདོག་ཅན་གྱི་མཐའ་མར། ཨོཾ་ཨ་པ་ར་ཙ་དྷཱིཿན་མཿ ཞེས་སྔགས་ཕྲེང་བླ་མ་འཇམ་པའི་དབྱངས་ཀྱི་ཞལ་ནས་ནར་གྱིས་ཐོན་ནས། སློབ་མའི་ཞལ་དུ་ཞུགས། སྙིང་ཁར་དྷཱིཿཡིག་ལ་འཁོར་བར་དམིགས་ནས། ཕྲེང་བ་ལ་འཇུས་ཏེ། སྔགས་ཀྱི་རྗེས་ཟློས་ཉེར་གཅིག་བྱེད་དུ་གཞུག །མཐར་ཕྲེང་བ་སློབ་མའི་མགྲིན་པར་རེག་སྟེ། སློབ་དཔོན་གྱི་ངག་ཏུ། རྗེ་བཙུན་འཇམ་དབྱངས་རིགས་སྔགས་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། ཞེས་བརྗོད་དེ་སློབ་མས་ཀྱང་དེ་བཞིན་དུ་འདོན་པ་བསྒྱུར་ནས་བརྗོད་དུ་གཞུག་གོ །འདིའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་ལ་གཉིས་ལས། གནས་སྐབས་སུ་སྔགས་ཀྱི་ནུས་པ་ཆེ་ཞིང༌། ངག་འཆད་རྩོད་རྩོམ་གསུམ་ལ་མཁས་པ་དང༌།
XXX མཐར་ཐུག་ངག་བདེན་པའི་ཚིག་འགྲུབ་ཅིང༌། སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པར་འགྱུར་རོ། །ཞེས་བརྗོད་དོ། །གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་དང་གསོལ་གདབ་གོང་ལྟར། དེ་ནས་སློབ་མ་ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན་དུ་བྱས་ལ། མདུན་གྱི་བར་སྣང་ལ་ཡི་གེ་དྷཱིཿདམར་པོ་གུར་གུམ་གྱི་མདོག་ལྟ་བུ་འོད་ཟེར་འབར་བ་ཞིག་བསྒོམ། དེ་ནས་རང་ལུས་འཇའ་ལུས་སུ་ཡལ་ནས། མདུན་གྱི་བར་སྣང་གི་དྷཱིཿཡིག་ལ་ཐིམ་པ་ལ་རིག་པ་གཏད། མཐར་དྷཱིཿཡིག་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསམ་ལ། སེམས་སྟོང་གསལ་ནམ་མཁའ་གཡའ་དག་པ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་བཞག་ཏུ་བཅུག །འདིའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང༌། མཐར་ཐུག་ཏུ་ཆོས་ཉིད་ཇི་ལྟ་བ་བཞིན་རྟོགས་ནས། ཆོས་ཅན་ཇི་སྙེད་པ་མཁྱེན་པའི་དགོས་པ་ཡོད་དོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས་གསོལ་བ་གོང་ལྟར་གདབ། དེ་ནས་སློབ་མ་འཇམ་དབྱངས་སུ་བསྐྱེད་ལ། སློབ་དཔོན་གྱིས་སློབ་མའི་ལག་པ་གཡས་སུ་རལ་གྲི་གཏད་ལ། འདི་ནི་འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་ཤེས་རབ་ཀྱི་རལ་གྲི་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་མྱུ་གུ་རྩ་གནས་ཆོད་ཅིག །ཅེས་བྱའོ། །འདི་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་རིག་པའི་གནས་ལྔ་ལ་མཁས་པར་འགྱུར་ཞིང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་མཐའ་དག་ཐོབ་པར་འགྱུར་རོ། །
XXX ལྔ་པ་ཕྲིན་ལས་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་དང་གསོལ་གདབ་གོང་ལྟར་རོ། །དེ་ནས་སློབ་མ་རྣམས་འཇམ་དབྱངས་སུ་བསྐྱེད་ལ། སློབ་དཔོན་གྱིས་སློབ་མའི་ལག་པ་གཡོན་དུ་པོ་ཏི་གཏད་ལ། འདི་ནི་འཕགས་པ་འཇམ་དཔལ་གྱི་རྒྱུད་ཞུགས་པ་ཡིན་གྱི། ཁྱེད་རང་ཡང་ཉམས་སུ་ལོངས་ལ་གཞན་ལ་ཡང་རྒྱ་ཆེར་སྟོན་ཅིག །ཅེས་བྱའོ། །འདིའི་ཕན་ཡོན་ལ་གཉིས། གནས་སྐབས་སུ་ཕྲིན་ལས་བཞི་འགྲུབ་ཅིང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་དགོས་པ་ཡོད་དོ། །ཞེས་བརྗོད་དོ། །དེ་ནས་བླ་མ་ལ་གཏང་རག་གི་ཡོན་དང་མཎྜལ་ཕུལ་ལ། དེ་ནས་བཟུང་སྟེ་ཁྱོད་བྲན་དུ། །ཁྱེད་ལ་བདག་ཉིད་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཅེས་ལན་གསུམ་བརྗོད་ལ། ཕྱག་ལན་གསུམ་འཚལ་ནས། བཀའ་དྲིན་ཆེན་ཞེས་བརྗོད་དུ་གཞུག་གོ །གསུམ་པ་རྗེས་ནི་གཏང་རག་གི་མཆོད་པ་དང་བསྟོད་པར་བྱ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱ། བཀྲ་ཤིས་བརྗོད། རྟེན་ཞུགས་ན་བརྟན་བཞུགས་བྱ། མི་བཞུགས་ན་བཛྲ་མུཾཿས་ཡེ་ཤེས་པ་གཤེགས། དམ་ཚིག་རང་ལ་བསྡུ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཚུལ་འདི་བླ་མའི་ཞལ་ནས་གསུངས་པ་བཞིན། །མ་ནོར་མ་འཆུག་རང་བཟོས་མ་གོས་པ། །ཇི་ལྟར་གསུངས་བཞིན་འོད་དཔག་རྡོ་རྗེས་བཀོད། །དགེ་བས་འགྲོ་ཀུན་འཇམ་པའི་དབྱངས་ཐོབ་ཤོག །འདི་ལ་ཞལ་ཤེས་ཟུར་ཙམ་ཞིག་ཡོད་དོ། །ཁྲིད་ཡིག་ལྟར་བསྐྱེད་དོ། །དེ་ལ་ཡེ་ཤེས་པ་བསྟིམ། དབང་བསྐུར་རྒྱས་གདབ། བསྙེན་པ་བསྐྱལ་ལོ། །བཞི་པ་ནི་སླར་ཡང་འོག་ནས་འབྱུང་བ་བཞིན་ནོ། །ཚོགས་
XXX བདག་འཇུག་སྐབས་འདིར་བླངས། གཉིས་པ་དངོས་གཞི་ལ་ལྔ་སྟེ། དང་པོ་སློབ་མ་རྗེས་སུ་བཟུང་བ། གཉིས་པ་བུམ་པ་དབང་གི་དོད་དང༌། གསུམ་པ་གསང་བའི་དབང་གི་དོད་དང༌། བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོད་དང༌། ལྔ་པ་དབང་བཞིའི་དོད་དང་ལྔའོ། །དང་པོ་སློབ་མ་རྗེས་སུ་བཟུང་བ་ལ་དོན་བཞི་སྟེ། ཁྲུས་བྱ་ཞིང་བགེགས་གཏོར་བཏང་ལ། ཞི་དྲག་གིས་བགེགས་བསྐྲད། སྲུང་འཁོར་བསྒོམ་མོ། །མགོན་པོ་འཇམ་དཔལ་དབྱངས་ཀྱི་ཕྲིན་ལས་ཀྱི་རྗེས་སུ་གནང་བའི་སྐབས་སུ། མཎྜལ་དང་གསོལ་གདབ་གོང་དང་མཐུན། དེ་ནས་དཔོན་སློབ་གཉིས་ཀ་འཇམ་དབྱངས་སུ་བསྐྱེད་པའི་སྤྱི་བོར་འཇམ་དབྱངས་དཀར་པོ། མགྲིན་པར་དམར་པོ། སྙིང་ཁར་སྔོན་པོ། ལྟེ་བར་སེར་པོ། གསང་གནས་སུ་ལྗང་ཁུ་བསྐྱེད་ལ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཐ་མི་དད་པའི་གནས་ལྔའི་འཇམ་དབྱངས་ལས་འཇམ་དབྱངས་རིགས་ལྔ་མར་མེ་ལས་མར་མེ་ཆད་པའི་ཚུལ་དུ་བྱུང་ནས། སློབ་མའི་གནས་ལྔར་ཐིམ་པས། དུག་ལྔ་དག་ཡེ་ཤེས་ལྔ་མངོན་དུ་གྱུར་པར་བསྒོམ། ཡང་དཔོན་སློབ་གཉིས་འཇམ་དབྱངས་སུ་གསལ་བའི་ཕྲག་པ་གཡས་ན་རྡོ་རྗེ་འཇིགས་བྱེད་དམར་པོ་ཞལ་གཅིག་ཕྱག་གཉིས། གཡས་པདྨས་མཚན་པའི་གྲི་གུག་འཛིན་པ། གཡོན་ཐོད་ཁྲག་འཛིན་པ། དབང་གཉིས་དོད་དོ། །རྭ་རྣོན་པོ་སྔོ་ཟངས་པ་ལ་རུས་པའི་རྒྱན་ཆ་འཁོར་བ། མི་མགོའི་དོ་ཤལ་དང༌། སྦྲུལ་རྒྱན་དང་རིན་པོ་ཆེས་བརྒྱན་པ། གླང་པོ་ཆེའི་པགས་པ་གསོལ་བར་བསྒོམ། ཕྲག་པ་གཡོན་པར་འཇིགས་བྱེད་དཀར་པོ་འཁོར་ལོས་མཚན་པའི་གྲི་ཐོད་འཛིན་པ། དཔྱི་འགོ་གཡས་སུ་འཇིགས་བྱེད་སེར་པོ་རིན་པོ་ཆེས་མཚན་པའི་གྲི་ཐོད་འཛིན་པ། དཔྱི་མགོ་
XXX གཡོན་པར་འཇིགས་བྱེད་ལྗང་གུ་རྒྱ་གྲམ་གྱིས་མཚན་པའི་གྲི་ཐོད་འཛིན་པ། སྙིང་ཁར་འཇིགས་བྱེད་མཐིང་ཁ་རྡོ་རྗེས་མཚན་པའི་གྲི་ཐོད་འཛིན་པ། དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས། ཞལ་མ་ཧེ་ཁྲོས་པའི་གདོང་པ་ཅན། རྭ་རྣོན་པའི་སྔོ་ཟངས་ཟངས་པ་ལ་རུས་པའི་རྒྱན་དྲུག་འཁོར་བ། མི་མགོའི་དོ་ཤལ་དང་སྦྲུལ་དང་རུས་པས་བརྒྱན་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ་མོ། །དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཐ་མི་དད་པའི་སྐུ་ལ་འཇིགས་བྱེད་རིགས་ལྔ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་ནས། སློབ་མའི་གནས་ལྔའི་འཇིགས་བྱེད་ལྔ་ལ་ཐིམ་པས། བདེ་སྟོང་རྡོ་རྗེ་ལྟ་བུའི་སྐུ་མངོན་དུ་གྱུར་པར་བསྒོམ་པ་དབང་གསུམ་པའི་དོད་དོ་མོ། དེ་ནས་སྙིང་ཁའི་འཇིགས་བྱེད་མཐིང་ཁ་ཐུགས་ཁའི་འཇམ་དབྱངས་མཐིང་ཁ་ལ་ཐིམ་པར་བསྒོམ་མོ། །དེ་བཞིན་དུ་ཕྲག་པ་གཡས་ཀྱི་འཇིགས་བྱེད་དམར་པོ་མགྲིན་པའི་འཇམ་དབྱངས། དམར་པོ་ལ་ཐིམ། ཕྲག་པ་གཡོན་གྱི་འཇིགས་བྱེད་དཀར་པོ་སྤྱི་གཙུག་གི་འཇམ་དབྱངས་དཀར་པོ་ལ་ཐིམ། དཔྱི་མགོ་གཡས་ཀྱི་འཇིགས་བྱེད་སེར་པོ་ལྟེ་བའི་འཇམ་དབྱངས་སེར་པོ་ལ་ཐིམ། དཔྱི་མགོ་གཡོན་གྱི་འཇིགས་བྱེད་ལྗང་གུ་གསང་གནས་ཀྱི་འཇམ་དབྱངས་ལྗང་ཁུ་ལ་ཐིམ་པར་བསམ། དེ་ནས་གསང་གནས་ཀྱི་འཇམ་དབྱངས་ལྟེ་བའི་འཇམ་དབྱངས་ལ་ཐིམ། དེ་ཉིད་སྙིང་ཁའི་འཇམ་དབྱངས་ལ་ཐིམ། དེ་མགྲིན་པའི་འཇམ་
XXX དབྱངས་ལ་ཐིམ། དེ་སྤྱི་བོའི་འཇམ་དབྱངས་དཀར་པོ་ལ་ཐིམ། དེ་འོད་དུ་ཞུ་ནས། ཐིག་ལེ་ལྗང་སེར་སྔོ་དམར་དཀར་བའི་འོད་ཧྲིལ་ལེ་བ། འོད་ཟེར་སྣ་ལྔ་འཕྲོ་བར་གྱུར་བར་བསྒོམ། དེ་ནས་རང་ལུས་ཀྱང་འོད་དུ་ཞུ་ནས་སྤྱི་བོའི་ཐིག་ལེ་ལ་ཐིམ། དེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསམ་ལ། སེམས་གསལ་སྟོང་མཐའ་དབུས་མེད་པ། ནམ་མཁའ་གཡའ་དག་པ་ལྟར། སྤྲོས་པ་ཐམས་ཅད་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ནི་དབང་བཞི་པའི་དོད་དོ་དོན་གྱི་རྗེས་གནང་ངོ༌། །གོང་གི་ཞལ་ལས་ཤེས་པའི་དོན་འདི་ཡིན། ཨ་མྲྀ་ཏས་བསང༌། སྭཱ་བྷཱ་ཝས་སྦྱང༌། པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པར་བསམ། པད་ཟླའི་སྟེང་དུ་ཧཱུྃ་དང་སྣ་ཚོགས་རྡོ་རྗེ་ལས་བདུད་རྩི་འཁྱིལ་བ་ལྗང་སྔོན་ཞི་མ་ཁྲོ། གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། པད་ཟླ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་བསྐྱེད། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས། རང་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་བསྟིམ། སླར་ཡང་འོད་ཟེར་འཕྲོས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། དབང་བསྐུར་བདུད་རྩིའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ལས་བུམ་ལ་དམིགས་པའི་བཟླས་པ་བྱ། ཁྲོ་བོ་ཆེན་པོ་བརྗིད་པའི་
XXX སྐུ། །ཕྲག་དོག་རྣམ་དག་བདག་ཉིད་ཅན། །གནོད་བྱེད་མ་ལུས་འདུལ་མཛད་པ། །བདུད་རྩི་འཁྱིལ་བ་ཕྱག་འཚལ་བསྟོད། །སྣ་ཚོགས་རྡོ་རྗེ་ཕྱག་གཡས་ཀྱིས། །ཉིད་ཀྱི་ཐུགས་ཁར་འགྱིང་ནས་བསྣམས། །གཡོན་པས་དྲིལ་བུ་དཀུར་བརྟེན་པ། །རྣམ་རོལ་ཁྱོད་ལ་ཕྱག་འཚལ་ལོ། །སརྦ་མངྒ་ལམ།། །།

རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་དུམ་བུ་

༡༦༤རྒྱ་གར་སྐད་དུ། མ་ཧཱ་སནྡྷི་བོདྡྷི་ཙིཏྟ་ཀུ་ལ་ཡ་རཱ་ཛ་ཏནྟྲ་ཁཎྜ། བོད་སྐད་དུ། རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་དུམ་བུ། བཅོམ་ལྡན་འདས་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྤྱིར་རྒྱུད་ཀྱི་རྒྱལ་པོ། ལུང་གི་རྩེ་མོ། མན་ངག་གི་སྙིང་པོ་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད་འདི་ལ། ཐོས་བསམ་སྒོམ་བྱུང་གི་ཤེས་རབ་ལ་གདམས་པའི་ཚུལ་གྱིས་རྩ་བའི་རྒྱུད། ཕྱི་མའི་རྒྱུད། ཕྱི་མ་ཕྱི་མའི་རྣམས་སུ་གསུངས་པ་ལས། རེ་ཞིག་རྩ་བའི་རྒྱུད་ལ། གཞི་བསྡུས་ཏེ་བསྟན་པ་སྔོན་དུ་འགྲོ་བས། མངོན་དུ་ཕྱུང་བས་ངོ་སྤྲད། ངེས་པ་བསྟན་པས་གདིང་བཅའ། རྒྱུ་འབྲས་ལས་འདས་པས་ལ་བཟླ། བྱར་མེད་རྫོགས་པས་ཐག་བཅད། གཏན་ལ་འབེབས་པས་ཤན་ཕྱེ་བའི་ལུང་ཆེན་རྣམ་པ་ལྔ་ལ་ལེའུ་བཅུ་རེ་དང་། དེ་རྣམས་ཀྱི་དགོས་པ་བསྟན་པ་ལ་ལེའུ་རེ་རེ། མཇུག་གཏད་ཅིང་གདམས་པ་བསྟན་པ་དང་བཅས་ལེའུ་ལྔ་བཅུ་རྩ་བདུན་དུ་གནས་ཤིང་། དེའང་ལེའུ་གོ་རིམ་དཀྲུགས་ནས་འབྲེལ་བསྡེབས་ཏེ་འཆད་པའི་ཚུལ་རྒྱ་ཆེར་ཡོད་ལ། དེ་ཐམས་ཅད་ཀྱི་སྙིང་པོ་བསྡུ་བ་ལ་གསུམ།
༡༦༥གཞི་ལྟ་བས་ཐག་བཅད་པ། དོན་དེ་ལ་ངེས་ཤེས་བསྐྱེད་པ། ལམ་སྒོམ་པ་རང་སོར་བཞག་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ། གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་ཉིད་ཀྱི་རང་བཞིན་བསྟན་པའི་མདོ་འདུས་པའི་དོན་འདི་བསྟན་ཏོ། གཉིས་པ་ལ་གསུམ། ཀུན་བྱེད་རྒྱལ་པོའི་རང་བཞིན་བསྟན་པ་དང་། དེ་ཉིད་གཏན་ལ་དབབ་པའི་ཐབས་དང་། ཐབས་ཀྱི་ཆེ་བ་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་འདི་ལྟ་སྟེ། །ཡོད་ནི་གཅིག་ལས་མེད་པ་སྟེ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །གནས་ནི་ཆོས་ཉིད་དབྱིངས་ལ་གནས། །གསལ་ནི་རིག་པ་མཁའ་ལ་གསལ། །ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ། །བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང་། །བསྟན་དུ་མཚན་མའི་དངོས་པོ་མེད། །མཐོང་དུ་དམིགས་པའི་ཡུལ་དང་བྲལ། །ཤེས་སུ་ཚིག་ཏུ་
༡༦༦བརྗོད་དུ་མེད། །རྒྱུ་ལས་མ་བྱུང་སྙིང་པོ་འདི། །སྒྲོས་ཀྱི་བཏགས་པ་ཀུན་དང་བྲལ། གཉིས་པ་ལ་གཉིས། དཔེ་ཡིས་དོན་རྟོགས་པར་བྱེད་པ་དང་། ཚིག་གིས་དོན་མཚོན་པར་བྱེད་པའི་ཐབས་སོ། །དང་པོ་ནི། །དོན་འདི་ངེས་པར་རྟོགས་འདོད་ན། །དེ་གཞི་ནམ་མཁའ་ལྟ་བུར་བརྟག །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཉིད་འགགས་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལ། །དམིགས་སུ་མེད་པར་མཚོན་ཏེ་བསྟན། གཉིས་པ་ནི། །ཚིག་ཏུ་བརྗོད་དུ་མེད་པ་ལ། བརྗོད་དུ་མེད་པའི་ཚིག་བརྗོད་དེ། །དམིགས་མེད་དོན་གྱི་ངོ་བོ་བསྟན། གསུམ་པ་ལ་གཉིས། འདི་ཉིད་ཀྱིས་རྟོགས་པར་བསྟན་པ་དང་། འདི་ཡིས་མ་རྟོགས་ན་ཐབས་གཞན་གྱིས་མི་རྟོགས་པར་བསྟན་པའོ། །དང་པོ་ནི། །བསྡུས་ཏེ་བསྟན་པའི་དོན་འདི་ནི། །དོན་གྱི་ངོ་བོ་འགྲེལ་བ་སྟེ། །འདི་ཡིས་ང་དོན་རྟོགས་པར་གྱིས། །འདི་ཡིས་ང་དོན་རྟོགས་པར་བྱེད། གཉིས་པ་ནི། །འདི་ཡིས་ང་དོན་མ་རྟོགས་ན། །དོན་གྱི་སྒྲ་ཚིག་ཅི་བསྟན་ཀྱང་། །ང་དང་འཕྲད་པར་མི་འགྱུར་ཏེ། །ང་ལས་གོལ་ལ་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོ་ལས་དོན་གྱི་འགྲེལ་པའི་ལེའུ་སྟེ་ལྔ་པའོ། ༈ །གཉིས་པ་དོན་དེ་ཉིད་ལ་ངེས་ཤེས་བསྐྱེད་པའི་ཕྱིར་ལམ་རྫོགས་པར་བསྟན་པ་ལ་གསུམ། །མཚམས་སྦྱར་བ། གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་བསྟན་པ་གཞན་གྱི་སྤྱོད་ཡུལ་མ་ཡིན་པ་རྫོགས་པ་ཆེན་པོའི་
༡༦༧གཞུང་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་འདི་བསྟན་ཏེ། གཉིས་པ་གཞུང་དངོས་ལ་གཉིས། རྩོལ་བ་བྲལ་བ་རང་གི་གཞུང་བསྟན་པ་དང་། དེ་ཉིད་གཞན་གྱི་ཡུལ་མ་ཡིན་པར་བསྟན་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། །ཀྱེ་སེམས་དཔའ་ཆེན་པོ། །ང་ཡི་སྤྱོད་ཡུལ་འདི་ནི་དཀའ་བ་སྟེ། །སྒོ་དང་ལྟ་བ་དང་ནི་དམ་ཚིག་དང་། །ཕྲིན་ལས་དང་ནི་བགྲོད་ལམ་གནས་པ་དང་། །ཡེ་ཤེས་ཆོས་ཉིད་རྣམ་པ་བརྒྱད་པོ་འདི། །སྐུ་གསུམ་ཐེག་པ་རྣམ་པ་ལྔ་པོ་ཡི། །ཐེག་པ་གཞན་དང་ལྟ་སྤྱོད་མི་མཐུན་ཏེ། །གཉིས་པ་ནི། །སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན། །ཕྲིན་ལས་བཙལ་དུ་མེད་པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན། །གནས་ལ་སྤྱད་དུ་མེད་པར་བསྟན་པ་ཡིན། །ཡེ་ཤེས་མི་རྟོག་བསྐྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། གཉིས་པ་གཞན་གྱི་ཡུལ་མ་ཡིན་པར་བསྟན་པ་ལ་གསུམ། རྒྱུ་འབྲས་ལས་འདས་པ་ལ་རྒྱུ་འབྲས་སུ་བལྟས་པས་དོན་མི་མཐོང་བ་དང་། རྫུན་གྱིས་བདེན་པ་བསླུས་པས་སྡིག་ཆེ་བར་བསྟན་པ། འོན་ཀྱང་དེ་དག་དྲང་བའི་ཐབས་སུ་བསྟན་པའོ། །དང་པོ་ནི། །ཀྱེ་སེམས་དཔའ་ཆེན་པོ་དོན་འདི་ནི། །རྒྱུ་འབྲས་ཐེག་པ་ཅན་ལ་བསྟན་གྱུར་ན། འཇིག་རྟེན་རྒྱུ་དང་འབྲས་བུའི་ཆོས་བཞིན་དུ། །རྒྱུ་ལས་འབྲས་བུ་འབྱུང་བས་མི་རིགས་ཟེར། །རྒྱུ་ནི་ཁམས་གསུམ་སེམས་ཅན་ལས་བསྒྲུབས་ནས། །འབྲས་བུ་དུས་གསུམ་སངས་རྒྱས་འབྱུང་བར་འདོད། །རྒྱུ་ནི་ལྟ་བ་བསྒོམ་པ་བྱས་པ་ཡིས།
༡༦༨གང་བསྒོམས་འབྲས་བུ་དེ་ཐོབ་འདོད་པ་ནི། །བསྒོམ་པ་དེ་ཡིས་འབྲས་བུ་ཐོབ་པ་མེད། གཉིས་པ་ནི། །ཐམས་ཅད་ཇི་བཞིན་པ་ཡི་ཆོས་ཡིན་པས། །ཇི་བཞིན་པ་ལ་འཆོས་པར་བྱེད་པ་ནི། །བརྫུན་གྱིས་བདེན་པ་བསླུས་པས་སྡིག་རེ་ཆེ། གསུམ་པ་ནི། ལྟ་སྒོམ་དམ་ཚིག་ལ་སོགས་རྩོལ་སྒྲུབ་ཀྱིས། །དབང་པོ་ཡུལ་ལ་ཡེངས་པ་ཕྲལ་ནས་ནི། །དབེན་པའི་ཡུལ་ལ་ཐབས་ཀྱིས་ཁྲིད་ནས་ནི། །རྟོག་མེད་མཉམ་པའི་ཐབས་ཀྱིས་བསྟན་པ་ཡིན། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྫོགས་པ་ཆེན་པོའི་ལུང་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ། ༈ གསུམ་པ་ལམ་བསྒོམ་པ་རང་སོར་བཞག་པའི་དོན་ལ་གསུམ། མཚམས་སྦྱར་བ། གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྫོགས་པ་ཆེན་པོའི་ཆོས་ཉིད་བསྒོམ་དུ་མེད་པ་འདི་བསྟན་ཏོ། །གཉིས་པ་གཞུང་དངོས་ལ་གསུམ། ཆོས་ཉིད་བྱང་ཆུབ་སེམས་བསྒོམ་དུ་མེད་པར་གདམས་པ། བསྒོམ་མེད་ལ་བསྒོམ་བྱར་བྱས་པའི་སྐྱོན། གཞན་ནས་མི་རྩོལ་བར་གདམས་པ་ཡོན་ཏན་དང་བཅས་པའོ། །དང་པོ་ནི། །ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ལ་སོགས་ཏེ། །རིག་འཛིན་གྱི་ནི་ས་ལ་གནས་པ་དང་། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། །ཁམས་གསུམ་སེམས་ཅན་དུས་ལ་བབས་པ་ཡི། །ཀུན་གྱི་དོན་ཆེན་ཀུན་བྱེད་ང་ཡིན་གྱིས། །ང་ཡི་རང་བཞིན་ཆོས་ཉིད་བྱང་ཆུབ་སེམས། །ཆོས་ཉིད་སེམས་ལ་བསྒོམ་མེད་རྟོགས་པར་གྱིས། གཉིས་པ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། །རྒྱུ་འབྲས་སྟོན་པའི་སྐུ་གསུམ་སྟོན་པས་ནི། །ང་ཡི་རང་བཞིན་ཆོས་ཉིད་བསྒོམ་མེད་ལ། །འཇིག་རྟེན་རྒྱུ་འབྲས་ཆོས་དང་དོན་མཐུན་པར། །རྒྱུ་ལས་འབྲས་བུ་འབྱུང་བར་ལུང་བསྟན་ནས། །སྒོམ་པའི་ལུགས་ནི་འདི་ལྟར་སོ་སོར་བསྟན།
༡༦༩གཉིས་པ་ལ་གཉིས། ཉན་ཐོས་ཀྱི་སྦྱངས་པའི་སྐྱོན། བྱང་སེམས་ཀྱིས་སྦྱངས་པའི་སྐྱོན། ཀྲི་ཡོག་གི་བྱིན་གྱིས་བརླབས་ནས་བསྒོམ་པའི་སྐྱོན། ནང་པ་གཉིས་སམ་མ་ཧཱས་བཙལ་ཞིང་བསྒྲུབ་པའི་སྐྱོན་ནོ། །དང་པོ་ནི། ཆོས་ཉིད་བྱང་ཆུབ་སེམས་གཅིག་ངོ་བོ་ལ། །སྡུག་བསྔལ་ཀུན་འབྱུང་བདེན་པ་རྣམ་པ་བཞིས། །སྡུག་བསྔལ་ཀུན་འབྱུང་ངན་སོང་རྒྱུ་ཟེར་ནས། །ཆོས་ཉིད་བྱང་ཆུབ་སེམས་དེ་སྤོང་བར་བྱེད། །དེ་ཡིས་ཆོས་ཉིད་མི་མཐོང་སྤོངས་པ་ཡིན། །གཉིས་པ་ནི། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱིས། །སྦྱིན་དང་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བཅུས། །ས་བཅུ་ལམ་ལ་སྦྱངས་ཏེ་བགྲོད་པ་ཡིས། །ཆོས་ཉིད་མ་མཐོང་སྦྱོང་བའི་ས་ལ་གནས། །གསུམ་པ་ནི། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟའ་དང་རྒྱུ་སྐར་དུས་ཚིགས་བཟང་སྒོ་ནས། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་ཆེན་པོ་བཞིས། །འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །བྱིན་གྱིས་བརླབས་ནས་ལྷ་ཡི་སྐུར་བསྒོམ་པ། །དེ་ཡིས་རང་སེམས་བསྒོམ་མེད་མཐོང་བ་མིན། །བཞི་པ་ནི། ཆོས་གཅིག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ཏིང་འཛིན་གསུམ་དང་ཆོ་ག་རྣམ་པ་ལྔས། །རང་རྒྱུད་དག་པའི་རྡོ་རྗེ་ཕུང་པོ་ལ། །བསྙེན་སྒྲུབ་རྣམ་པ་བཞི་ཡི་ལྷ་བསྒོམ་ནས། །སྣང་ལ་རང་བཞིན་མེད་པར་བྱེད་པ་ནི། །བཙལ་ཞིང་བསྒྲུབས་ནས་རང་སེམས་ལྷར་བཅོས་པས། །དེས་ཀྱང་རང་སེམས་བྱར་མེད་མཐོང་བ་མིན། །གསུམ་པ་དོན་བསྡུ་བ་ནི། རང་གི་ཆོས་ཉིད་བྱང་ཆུབ་སེམས་ལ་ནི། །ཀུན་བྱེད་རྒྱལ་པོ་སྟོན་པའི་སྟོན་པས་ཀྱང་། །རང་སེམས་ཡེ་ནས་ཆོས་ཉིད་རང་གྲོལ་བ། །སྟོན་པ་གསུམ་ལ་བསྒོམ་པའི་ལུང་མ་བསྟན། །བསྒོམ་སྒྲུབ་བཙལ་ན་རང་སེམས་སྤངས་པ་ཡིན། །ཞེས་གསུངས་སོ། །གསུམ་པ་གཞན་ནས་མི་རྩོལ་བར་གདམས་པ་ལ་གཉིས། དངོས་
༡༧༠དང་། དེའི་ཆེ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་མི་བྱེད། །བླང་དང་དོར་མེད་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གིས་གནས། །སེམས་ནི་ཇི་བཞིན་པ་ཡི་ངོ་བོ་དེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །རང་ཉིད་ཡིན་གྱིས་གཞན་དུ་མ་ཚོལ་ཅིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་གྲུབ་ཟིན་པས་ད་སྒྲུབ་མི་བྱེད་པར། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་བསྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་གྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་གྲུབ་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྒོམ་དུ་མེད་པའི་མདོ་ལུང་གི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །།དེ་ལྟར་རྫོགས་པ་ཆེན་པོ་ཕྱི་སེམས་སྡེ་ལ་སྤྱིར་རྒྱུད་དང་མན་ངག་གི་ངེས་པ་བསམ་གྱིས་མི་ཁྱབ་པར་བཞུགས་ཀྱང་། རེ་ཞིག་ཡོངས་སུ་གྲགས་པ་ཀུན་བྱེད་རྒྱལ་པོའི་སྐོར། སེམས་སྨད་བཅོ་བརྒྱད་ཀྱི་སྐོར། སེམས་སྡེ་སྤྱིའི་སྐོར་དང་གསུམ་ལས་དང་པོ་ལའང་། རྩ་བཤད་ཕྱི་མའི་རྒྱུད་དང་། དེའི་སྤྱི་དོན། བསྡུས་དོན། འགྲེལ་བ། ཁྲིད་ཡིག་སོགས་ལུགས་སྲོལ་ཐ་དད་པ་ལས་བྱུང་བ་མང་དུ་བཞུགས་པ་ལས། འདིར་རེ་ཞིག་དཔལ་ལྡན་ཟུར་པའི་བཞེད་པ་ལྟར་རྒྱུད་ཀྱི་ཁོངས་སྙིང་ལེའུ་གསུམ་ཁོལ་དུ་ཕྱུངས་ཤིང་། གསང་བདག་སྒྲོ་ཕུག་པ་
༡༧༡ཆེན་པོའི་གསུང་རྒྱུན་དང་མཐུན་པའི་བསྡུས་དོན་རགས་པ་ཙམ་མཆན་དུ་བཏབ་པ་སྟེ། རྒྱས་པར་དེ་དག་གི་གསུང་རབས་རྣམས་སུ་ཤེས་པར་བྱའོ། །མངྒ་ལཾ།།

སྡོང་པོ་ཕྱག་ཆེན་པོ་གྭ་འུ་མའི་རྡོ་རྗེ་ཚིག་རྐང་བཞུགས་སོ།

༡༣ ༈ སྡོང་པོ་ཕྱག་རྒྱ་ཆེན་པོ་གྭའུ་མའི་རྡོ་རྗེའི་ཚིག་རྐང་བཞུགས་སོ། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ། །ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ཐ་མལ་ཤེས་པ་ཨེ་མ་ཧོ། །སྔོན་འགྲོ་རང་བབ་རྣམ་པ་གསུམ། །དངོས་གཞི་སྐྱོན་བཞི་རང་སར་གྲོལ། །མཐར་ཐུག་སྐུ་བཞི་རང་ཤར་རོ། །བདེན་པར་རང་ས་གནོན་གྱི་ཕྱག་རྒྱ་བཅས། ཚིགས་བཞི་དང་རྩ་དང་མ་ཆུ་ཀློད་པ་ནི་ལུས་རང་བབས་སོ། །མཆུ་རྩོལ་བ་དང་བྲལ་ཞིང་སྨྲ་བརྗོད་
༡༤ བྲལ་བ་ནི་ངག་རང་བབས་སོ། །སེམས་མིག་གི་ལྟ་སྟངས་བསྒོམ་འདོད་དང་བྲལ་བ་ནི་སེམས་རང་བབས་སོ། །དེ་ཉིད་སྐྱོན་བཞི་དང་བྲལ་བར་བྱ་སྟེ། ཆོས་སྐུ་དང་འདུ་འབྲལ་མེད་ཀྱང་། ཉེ་དྲགས་པས་ངོ་མ་ཤེས། རང་ལ་ཤར་ཀྱང་ཟབ་དྲགས་པས་ངོས་མ་ཟིན། སླ་དྲགས་པས་ཡིད་མ་ཆེས་པར་ཡེངས་མེད་དང་བྲལ་ལོ། །བཟང་བས་བློར་མ་ཤོང་བར་ཐག་ཆོད་དང་བྲལ་བས་འཁོར་བར་འཁྱམས་སོ། །མཐར་ཐུག་མཉམ་རྗེས་བློས་བྱས་དང་བྲལ་བའི་ཕྱིར་རང་ཤར་དེ་ལ། སྣ་ཚོགས་སུ་གསལ་བ་དེ་སྤྲུལ་སྐུ། གསལ་འཛིན་དང་བྲལ་བའི་རྟོག་པ་མེད་པ་དེ་ཆོས་སྐུ། གསལ་ལ་རྟོག་མེད་དེ་ཉིད་བདེ་བར་ཤར་བས་ལོངས་སྐུ། དེ་གསུམ་རང་བཞིན་དབྱེར་མི་ཕྱེད་པས་མཐར་ཐུག་བདེ་བ་ཆེན་པོའ་སྐུའོ། །དེ་ཉིད་ལ་རྟོག་མེད་ཀྱི་ཆ་དེ་ཇི་ལྟ་བའི་ཡེ་ཤེས་སོ། །མི་རྟོག་ལ་ཇི་ལྟ་བར་གསལ་བའི་ཆ་དེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །དེ་ཉིད་རང་བཞིན་གྱིས་དབྱེར་མི་ཕྱེད་པས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཞེས་པའོ། །སྔོན་འགྲོའི་དམ་ཚིག་གསང་བའི་རྡོ་རྗེའོ། །བོགས་འདོན་སྙིང་རྗེ་གསོལ་འདེབས་སོ། །ལམ་ཁྱེར་ཅིར་སྣང་དེ་ཉིད་དོ། །མངོན་གྱུར་བསྒོམ་མེད་ཡེངས་མེད་དོ། །བསྲེ་བ་རྟོག་མེད་ལམ་ཁྱེར་རོ། །འོད་གསལ་ལྟ་སྟངས་བོགས་འདོན་ནོ། །སད་རྗེས་གསལ་ལ་རྟོག་མེད་བསྲེ། །ཉིན་མཚན་བར་དོའ་འོད་གསལ་ནི། །ས་གསུམ་དབྱེར་མེད་རང་ཤར་ལྟོས། །གང་གིས་མི་ཤེས་རྒྱུད་དུ་སྦས་པའི་དོན། །མཐར་ཐུག་ཚིག་གཅིག་གྲོལ་བ་འདི་ཡིན་ཏེ། །བསྒོམ་མེད་ཡེངས་མེད་གོམས་ཤིང་བརྟན་པ་ལས། །ས་ལམ་རིམ་པ་དུས་འདིར་བགྲོད་བྱེད་པའི། །ཡིད་ལ་མི་བྱེད་སྒྲིབ་གཉིས་རང་སར་དག །སྐུ་གསུམ་རང་ཤར་འབྲས་བུ་ལྷུན་གྱིས་གྲུབ། །མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་གབ། །བླ་མའི་བྱིན་རླབས་ཞལ་ལས་ཤེས་པར་བྱ། །ཆོས་སྐུའི་ནམ་མཁར་རྟོག་པའི་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོར་ལྟོས། །ཡིད་ལ་མི་བྱེད་རེ་
༡༥ དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །རང་ཤར་ཕྱག་རྒྱ་ཆེན་པོའ་རྡོ་རྗེའི་ཚིག་རྫོགས་སོ། །མཁའ་འགྲོ་མ་དེ་ཉིད་མཉེས་པར་བྱས་ཏེ། གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱི་སྒྱུར་བའོ།

།དཔལ་ནཱ་རོ་པའི་རྡོ་རྗེའི་གསུང་ཕྱག་རྒྱ་ཆེན་པོ་ཚིག་བསྡུས་ཀྱི་མན་ངག་རྒྱུད་ཀྱི་ལུང་དང་སྦྱར་བ་གཙོ་བོར་བཏོན་པའི་འགྲེལ་ཆུང་རྟོགས་པར་སླ་བ་བཞུགས་སོ༎

༤༨ ༈ །དཔལ་ནཱ་རོ་པའི་རྡོ་རྗེའི་གསུང་
༤༩ཕྱག་རྒྱ་ཆེན་པོ་ཚིག་བསྡུས་ཀྱི་མན་ངག་རྒྱུད་ཀྱི་ལུང་དང་སྦྱར་བ་གཙོ་བོར་བཏོན་པའི་འགྲེལ་ཆུང་རྟོགས་པར་སླབ་བཞུགས་སོ། །ན་མོ་གུ་རུ་བྷྱཿ དཔལ་ནཱ་རོ་པའི་ཕྱག་རྒྱ་ཆེན་པོ་ཚིག་བསྡུས་འདི་ལ་གསུམ། ཀླད་དང་། གཞུང་དང་། མཇུག་གོ །དང་པོ་ལ་གཉིས། མཚན་བསྟན་པ་དང་། མཆོད་པར་བརྗོད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་བ་དཱ་མི་ཐཱ། བོད་སྐད་དུ། །ཕྱག་རྒྱ་ཆེན་པོ་ཚིག་བསྡུས་པ། ཇི་སྐད་དུ། །ཕྱག་ཆེན་ཐིག་ལེའི་རྒྱུད་ལས། །ཉོན་ཅིག་ལྷ་མོ་ཕྱག་རྒྱ་ཆེ། །ཕྱག་རྒྱ་ཆེན་པོ་གསང་བ་ཆེ། །བརྗོད་མེད་མི་ཟད་མ་སྐྱེས་པ། །ཐམས་ཅད་གཟུགས་ཅན་གཟུགས་དང་བྲལ། །གཟུགས་མེད་གཟུགས་ཀྱི་དམ་པ་མཆོག །སྦོམ་ཕྲ་ལ་སོགས་དང་བྲལ་བ། །གཞལ་དུ་མེད་པའི་རང་བཞིན་ནོ། །མཚན་བརྗོད་ལས། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཉིད། །ཁོངས་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །བདེ་མཆོག་རྩ་རྒྱུད་ལས། །དེ་ནས་གསང་ཆེན་བཤད་བྱ་བ། །མདོར་བསྡུས་པ་སྟེ་རྒྱས་པ་མིན། །ཞེས་པ་ལྟར་ཕྱག་རྒྱ་ཆེན་པོ་ནི་གཞི་ལམ་འབྲས་གསུམ་ཐམས་ཅད་ལ་ཁྱབ་པ། བློའི་སྤྱོད་ཡུལ་མཐའ་དག་ལས་འདས་པ། ཕྱག་རྒྱ་གསུམ་ལས་ཆོས་ཁྱད་པར་དུ་གྱུར་པས་བླ་ན་མེད་པ་སྟེ་བརྗོད་བྱའོ། །ཚིག་ནི་བརྗོད་བྱེད་དེ། དོན་དམ་པར་བརྗོད་དུ་མེད་ཀྱང་། ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་མཚོན་པའོ། །བསྡུས་པ་ནི། དོན་གྱི་གནད་མདོར་བསྡུས་པར་སྟོན་པའོ། །གཉིས་པ་ནི། བདེ་ཆེན་ངང་ལ་ཕྱག་འཚལ་ལོ། །ཇི་སྐད་དུ། དགྱེས་རྡོར་བརྟག་གཉིས་ལས། །དེ་ལ་ཐོག་མ་དབུས་མཐའ་མེད། །སྲེད་མེད་མྱ་ངན་འདས་པའང་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པའོ། །ཞེས་དང་། །རང་རིག་བདེ་བ་ཆེན་པོ་ཉིད། །རང་རིག་ནས་ནི་བྱང་ཆུབ་འགྱུར། །རྣལ་འབྱོར་མ་ཀུན་སྤྱོད་ལས། །གང་དུ་
༥༠བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །རིམ་ལྔ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་ན། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་པས། །བདེ་བ་ཆེན་པོ་ནི། །རང་གི་སེམས་ཉིད་འགྱུར་བ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཏེ། དེའི་ངང་དུ་མཉམ་པར་བཞག་པ་ནི་དོན་དམ་པའི་ཕྱག་འཚལ་བའོ། །གཉིས་པ་གཞུང་གི་དོན་ལ་བཞི། ལྟ་བ། བསྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ལ་གསུམ་ལས། དང་པོ་སྣང་བ་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། །ཕྱག་རྒྱ་ཆེན་པོ་བརྗོད་བྱ་བ། །ཆོས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་ཏེ་དངོས་པོས་སྟོང་། །ཇི་སྐད་དུ། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་དུ། །ཕྱི་རོལ་གྱུར་པ་གང་ཡང་མེད། །ཧེ་བཛྲ་ལས། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་མེད་འཁོར་བ་དག་པ་ཉིད། །ཅེས་དང་། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ཏུ་བསྟན་དུ་མེད། །ཅེས་དང་། དུས་འཁོར་ལས། །སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །དེ་རྣམས་མཉེས་པར་བྱས་ནས་དཔག་མེད་སྲིད་པ་གཅོད་པར་བྱེད་དེ་རྣམ་པར་མི་རྟོག་པ་ལས་སོ། །གསང་འདུས་ལས། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་། །རང་བཞིན་དག་པ་དེ་ཉིད་ལ། །འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུངས། །ཞེས་ཏེ། དེའི་དོན་ནི། ཕྱག་རྒྱ་ཆེན་པོའ་དོན་བརྗོད་པར་བྱ་བ་ནི། འདི་ལྟར་ཆོས་ཐམས་ཅད་ནི་རང་གི་སེམས་ཀྱིས་བཏགས་པ་ཙམ་དུ་
༥༡ཟད་པས། ཕྱི་རོལ་གྱི་དོན་དང་། དེ་མཐོང་བའི་འཁྲུལ་པའི་བློ་ནི། རྨི་ལམ་གྱི་གནས་སྐབས་ཉམས་སུ་མྱོང་བའི་ཤེས་པ་བཞིན། དོན་དམ་པར་ཡུལ་ཡུལ་ཅན་གཉིས་ཀ་རང་བཞིན་གྱིས་མ་གྲུབ་སྟེ་དངོས་པོས་སྟོང་པའོ། །གཉིས་པ་རིག་པ་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ་ནི། །སེམས་ཀྱང་དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོས་སྟོང་པ་ནམ་མཁའ་འདྲ། །ཆོས་ཀུན་མཁའ་འདྲ་མཉམ་གནས་པའོ། །ཇི་སྐད་དུ། རྡོར་ཕྲེང་ལས། །ཇི་ལྟར་མེས་བསྲེག་དངོས་པོ་མེད། །རྒྱུ་མེད་པར་ནི་ཐིམ་ནས་འགྲོ། །སླར་ཡང་སྲོག་གི་རླུང་ཤར་ནས། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང་། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་བཞིན་སྐྱེས། །དེ་ལས་ཆགས་སོགས་བག་ཆགས་དང་། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། །ཞེས་དང་། དགོངས་པ་ལུང་སྟོན་ལས། །འགྲོ་བ་ཡུལ་སོགས་ལས་བྱེད་པ། །འདིར་ནི་དེ་ལ་བརྟེན་པ་ཡིན། །ཞེས་དང་རླུང་རྣམས་ཕྲ་བའི་གཟུགས་ཀྱིས་སུ། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའ་སྒོ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་འཇུག་པར་འགྱུར། །དཔལ་མཆོག་དང་པོ་ལས། །ཐམས་ཅད་ནམ་མཁའི་མཚན་ཉིད་ཏེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །མཁའ་དང་མཉམ་པར་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །གསང་འདུས་ལས། །ཆོས་རྣམས་ངོ་བོ་མེད་པ་ལས། །ཆོས་ཀྱི་དེ་ཉིད་ཀུན་བཤད་པ། །ཨེ་མ་ཧོ་ངོ་མཚར་ལས་བྱུང་བ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། དོན་ནི། ནང་གི་སེམས་དྲན་རིག་འགྱུ་བ་གསལ་ཙམ་འདི་ནི། རང་བཞིན་མེད་དེ། ལས་རླུང་གི་གཞན་དབང་ཅན་གྱི་རྩལ་ལས་བྱུང་བའི་ཕྱིར། ངོ་བོས་སྟོང་པ་ནམ་མཁའ་དང་འདྲ་བས་ན། གཟུང་འཛིན་གྱི་
༥༢ཆོས་ཀུན་གདོད་ནས་མ་བྱུང་ཞིང་མ་སྐྱེས་པ་མཁའ་དང་འདྲ་ཞིང་མཉམ་པ་ཉིད་དུ་གནས་པའོ། །གསུམ་པ་ཟུང་འཇུག་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། །ཕྱག་རྒྱ་ཆེ་ཞེས་བརྗོད་པ་ནི། །རང་གི་ངོ་བོས་བསྟན་དུ་མེད། །དེ་ཕྱིར་སེམས་ཀྱི་དེ་བཞིན་ཉིད། །ཕྱག་རྒྱ་ཆེན་པོའ་ངང་ཉིད་དོ། །ཇི་སྐད་དུ། ཕྱག་ཆེན་ཐིག་ལེ་ལས། །བདག་གི་ངོ་བོ་བརྗོད་མི་ནུས། །སངས་རྒྱས་ཀུན་གྱིས་ཀྱང་རྙེད་དཀའ། །བརྟག་གཉིས་ལས། །ངོ་བོས་གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རིག་མེད་རིག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བ་མེད། །དོན་ནི། དེ་བས་ཕྱག་རྒྱ་ཆེ་ཞེས་ཚིག་ཏུ་བརྗོད་པ་ནི། དོན་དམ་པར་རང་གི་ངོ་བོས་འདི་ཞེས་བསྟན་དུ་མེད་དོ། །ཕྱི་དོན་དང་། རང་རིག་གཉིས་ཀ་ལ་གཟུང་འཛིན་གྱི་བདེན་གྲུབ་མ་དམིགས་པའི་ཕྱིར། བློ་ལས་འདས་ཤིང་ཡིད་ལ་བྱར་མེད་པ། གདོད་མ་ནས་ཟུང་འཇུག་མཉུག་མ་སེམས་ཀྱི་དེ་བཞིན་ཉིད་ནི། གཞི་ཕྱག་རྒྱ་ཆེན་པོའ་ངང་ལས་ནམ་ཡང་མ་གཡོས་པ་ཉིད་དོ། །དེ་ལྟར་སྣང་བ་བདེན་མེད། རིག་པ་སྐྱེ་མེད། ཟུང་འཇུག་བློ་འདས་གསུམ་གྱིས་ལྟ་བ་ཕྱག་རྒྱ་ཆེན་པོ་ཁས་ལེན་དང་བྲལ་བར་གཏན་ལ་ཕབས་ནས། གཉིས་པ་བསྒོམ་པ་ཕྱག་རྒྱ་ཆེན་པོ་བསྟན་པ་ལ་གསུམ་ལས་དང་པོ་གནས་ལུགས་ཕྱག་རྒྱ་ཆེན་པོའ་དོན་ཏུ་གསུངས་པ། དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །གང་གིས་དེ་ཉིད་མཐོང་རྟོགས་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ། །ཆོས་སྐུ་ཁྱབ་གདལ་ཆེན་པོ་པས། །ཇི་སྐད་དུ། གསང་འདུས་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྡོམ་འབྱུང་ལས། དེ་
༥༣བཞིན་སེམས་དེ་སེམས་མེད་ལ། །གཅིག་དང་སྣ་ཚོགས་རྟོག་པར་བྱེད། །དངོས་པོ་དངོས་མེད་བྱ་བྲག་དག །རྣམ་སྤངས་གང་ན་གང་ཉིད་ནི། །ལྷན་ཅིག་སྐྱེས་དགའི་རང་བཞིན་གསལ། །ཕྱག་ཆེན་ཐིག་ལེ་ལས། གཞན་ཡང་ཆོས་ཀྱི་དབྱིངས་སུ་གྲགས། །དེ་ཉིད་ཉོན་ཅིག་བདག་གིས་བཤད། །ནམ་མཁའ་ཆོས་ཀྱི་དབྱིངས་ཡིན་ཏེ། །དབྱིངས་ནི་ས་བོན་ཞེས་སུ་བསྟན། །ཆོས་རྣམས་ཀུན་གྱི་ནང་ན་ཡོད། །རྒྱུ་དང་མཆོག་གི་གནས་ཡིན་ནོ། །ཇི་ལྟར་ཏིལ་ནང་མར་ཡོད་བཞིན། །ཇི་ལྟར་ཤིང་རྣམས་མེ་ཡོད་པས། །དེ་བཞིན་ཆོས་རྣམས་ཀུན་ལ་ཡོད། །གསང་འདུས་ལས། །དངོས་པོ་འདི་རྣམས་མ་སྐྱེས་པས། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་ཉིད་ལས། །བྱང་ཆུབ་ཚུལ་འདི་བརྟེན་པའོ། །ཕྱག་ཆེན་ཐིག་ལེ་ལས། །ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །གལ་ཏེ་ཀུན་རྫོབ་གཟུགས་སུ་རྙེས། །འཇིག་རྟེན་ཁམས་ནི་གྲངས་མེད་ལ། །གཞན་ནི་མ་ཡིན་བདག་གིས་ཁྱབ། །དོན་ནི། གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ལ་ལམ་གྱིས་བཅོས་ཤིང་བསྒྱུར་བས་བླང་བ་དང་དོར་བར་བྱ་བ་མེད་དོ། །གང་གིས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ལས་འདས་པའི་དེ་ཁོ་ན་ཉིད་མཐོང་བ་མེད་པའི་ཚུལ་གྱིས་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེན་པོ་ཆོས་སྐུ་ཁྱབ་བདལ་ཆེན་པོ་ལས་དོན་གཞན་ལོགས་སུ་གྲུབ་པ་མེད་པའི་ཕྱིར། །དེ་བས་ན་ལམ་དང་འབྲས་བུའི་གནས་སྐབས་སུ་བཏགས་པ་ཐམས་ཅད་ཀྱང་གཞི་རང་བྱུང་གི་ཡེ་ཤེས་ལས་མ་གཡོས་པར་ཤེས་པར་བྱའོ། །གཉིས་པ་རྟོགས་ཚུལ་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། །རང་བཞིན་མ་བཅོས་ལྷུག་པར་བཞག །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་ན་བསྒོམ་པ་སྟེ། །བཙལ་ཞིང་བསྒོམ་པ་འཁྲུལ་པའི་བློ། །
༥༤ཇི་སྐད་དུ། དཔལ་རྙོག་པ་མེད་པའི་རྒྱུད་ལས། །དེ་ནས་སྐྱིལ་ཀྲུང་བཅས་ནས་ནི། །སྣ་ཡི་རྩེ་མོར་བལྟས་ནས་ཀྱང་། །རང་གི་རང་བཞིན་རྣལ་འབྱོར་གྱིས། །དེ་ཉིད་མཐོང་བར་མཉམ་པར་བཞག །རྡོ་རྗེ་སྙིང་པོ་རྒྱུན་གྱི་རྒྱུད་ལས། །དེ་ལྟར་བཞུགས་པར་གྱུར་ནས་ཀྱང་། །ཇི་སྲིད་སེམས་ནི་མི་སྐྱོའི་བར། །མཉམ་བཞག་ཡིད་ནི་བཟང་པོའ་ངང་། །དེ་ལ་འབད་དེ་བསྒོམ་པར་བྱ། །སྡོམ་འབྱུང་ལས། གང་ཚེ་དེ་ཉིད་ལ་རེག་པས། །བསམ་པ་ཐམས་ཅད་བསམ་དུ་མེད། །གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚོ་བསམ་མི་ཁྱབ་པར་འགྱུར། །དོན་ནི། གནས་ལུགས་ཕྱག་རྒྱ་ཆེན་པོའ་དོན་མཐོང་བའི་རྣལ་འབྱོར་པས། །དེ་ཁོ་ན་ཉིད་ཀྱི་རང་བཞིན་ལས་མ་བཅོས་པར་ལྷུགས་པར་བཞག་པས། བསམ་དུ་མེད་པའི་དོན་སོ་སོ་རང་རིག་པས་ཉམས་སུ་མྱོང་བ་ནི་ལམ་དུས་ཀྱི་ཆོས་སྐུ་ཡིན་ལ། དེས་ན་རང་གི་སེམས་ལས་གཞན་དུ་མ་བཙལ་བར་སེམས་རང་ལུགས་སུ་བཞག་ནས་བསྒོམ་པར་བྱ་སྟེ། གཞན་དུ་བཙལ་ཞིང་བཅོས་ནས་བསྒོམ་པ་ན་གཟུང་འཛིན་འཁྲུལ་པའི་བློ་ལས་མ་འདས་པ་ཉིད་དོ། །གསུམ་པ་དབྱེར་མེད་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། མཁའ་དང་ཆོ་འཕྲུལ་ཇི་ལྟ་བ། །སྒོམ་དང་མི་བསྒོམས་གཉིས་མེད་པ། །བྲལ་དང་མ་བྲལ་ག་ལ་ཡོད། །རྣལ་འབྱོར་པས་ནི་དེ་ལྟར་རྟོགས། །ཇི་སྐད་དུ། གསང་འདུས་ལས། དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །བདེ་མཆོག་ལས། དངོས་པོ་མེད་པའི་ཆོས་ཉིད་ཆོས། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་པའི་ཡེ་ཤེས་རྡོ་རྗེ་ཡི། །སྟོང་པ་ཉིད་དུ་རྣམ་པར་བསྒོམ། །རྡོ་རྗེ་གུར་ལས། སྔགས་མེད་བཟླས་པའང་ཡོད་མ་ཡིན། །འགྲོ་བ་གསུམ་པོ་ཐམས་ཅད་མེད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས། །སྒོམ་པ་དང་ནི་བསྒོམ་བྱ་མེད། །དོན་ནི།
༥༥ནམ་མཁའ་དག་པ་ལས་ཆོ་འཕྲུལ་སྤྲིན་དང་འཇའ་ཚོན་སོགས་སྣང་བའི་དུས་ནས་སྣང་བ་མེད་པ་ཇི་ལྟར་བར། སྒོམ་པའི་དུས་ན་གཟུང་འཛིན་དུ་བསྒོམ་པ་མེད་ལ། རང་གི་ངོ་བོ་ལས་མ་གཡོས་པས་མི་སྒོམ་པའང་མེད་པ་སྟེ། །དེ་ལྟར་བསྒོམས་པས་ཉོན་མོངས་པའི་བག་ཆགས་རང་བཞིན་མེད་པས་བྲལ་བ་མེད་ལ་སེམས་ཀྱི་ཆོས་ཉིད་དང་ལྷན་ཅིག་ཏུ་མི་གནས་པས་མ་བྲལ་བའང་ག་ལ་ཡོད། དེ་བས་ན་དོན་དམ་པའི་བདེན་པ་ཕྱག་རྒྱ་ཆེན་པོའ་ཡེ་ཤེས་ལ་ཡིད་མཉམ་པར་སྦྱར་བའི་རྣལ་འབྱོར་པ་རྣམས་ཀྱིས་དེ་ལྟར་རྟོགས་པར་བྱའོ། །དེ་རྣམས་ཀྱིས་གནས་ལུགས་མ་བཅོས་པ། །རྟོགས་ཚུལ་བསམ་དུ་མེད་པ། །དབྱེར་མེད་མཐའ་དང་བྲལ་བ་གསུམ་གྱིས་སྒོམ་པ་ཕྱག་རྒྱ་ཆེན་པོ་ཡིད་ཕྱེད་དང་བྲལ་བར་གཏན་ལ་ཕབས་ནས། གསུམ་པ་སྤྱོད་པ་ཕྱག་རྒྱ་ཆེན་པོ་ལ་གསུམ་ལས། དང་པོ་རང་གྲོལ་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། །དགེ་དང་སྡིག་པའི་ལས་རྣམས་ཀུན། །དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །ཇི་སྐད་དུ། སམྦུ་ཊི་ལས། ཀུན་རྟོག་མང་པོའ་མུན་པས་ཁྱབ་གྱུར་པའི། །རབ་ཏུ་འཇོམས་པས་སྨྱོ་ཞིང་གློག་འགྱུ་བ། །ཆགས་སོགས་དགག་དཀའི་དྲི་མས་གོས་གྱུར་པའི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །རང་བཞིན་འོད་གསལ་རྟོག་ལས་རྣམ་པར་གྲོལ། །ཅེས་དང་། །དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་རྟོག་པ་སྟེ། །འདི་ལྟར་ཆོས་ནི་རང་བཞིན་དག །མ་སྐྱེས་པ་དང་གནས་པ་མེད། །རྡོ་རྗེ་གུར་ལས། །གཟུགས་བརྙན་རང་བཞིན་ཇི་ལྟ་བར། །དེ་ལྟར་དངོས་པོ་བསྒོམ་པར་བྱ། །སྟོང་ཉིད་དྲི་མེད་མཆོག་གི་གནས། །དེར་ནི་བསོད་ནམས་སྡིག་པ་མེད། །བདེ་མཆོག་འབྱུང་བ་ལས། དངོས་པོ་མེད་པའི་ཆོས་རྣམས་ལ། །བླང་དང་དོར་བ་ག་ལ་ཞིག །བླང་དང་དོར་
༥༦བར་བྱ་བ་ཡི། །ཆོས་ཀུན་རྨི་ལམ་ཇི་བཞིན་ནོ། །བརྟག་གཉིས་ལས། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་ཞིང་། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །དོན་ནི། །འཁོར་བ་ནི་ལས་ལས་བྱུང་ཞིང་། ལས་ནི་བླང་བྱ་དགེ་བ་དང་དོར་བྱ་སྡིག་པའི་ལས་ཏེ། དེ་རྣམས་ཀུན་ཀྱང་རྣམ་པར་རྟོག་པའི་གཟུགས་བརྙན་ཙམ་ལས་རང་བཞིན་གྱིས་མ་གྲུབ་པའི་དེ་ཁོ་ན་ཉིད་ཤེས་ན་གྲོལ་བར་འགྱུར་རོ། །ལས་དེའང་ཉོན་མོངས་པ་ལས་བྱུང་ཞིང་། ཉོན་མོངས་པའི་རང་བཞིན་ཤེས་ན་ཡེ་ཤེས་ཕྱག་རྒྱ་ཆེན་པོར་འཆར་བར་འགྱུར་ཏེ། ནགས་ཚལ་མེས་ཚིག་པ་ལ་རླུང་གྲོགས་སུ་འགྱུར་བ་བཞིན། །རང་བཞིན་ཤེས་པའི་རྣལ་འབྱོར་པ་རྣམས་ཉོན་མོངས་པ་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་རོ། །གཉིས་པ་རོ་སྙོམས་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། །འགྲོ་དང་འདུག་ཏུ་ག་ལ་ཡོད། །དགོན་པར་ཕྱིན་ནས་བསམ་གཏན་ཅི། །དེ་ཉིད་མ་རྟོགས་གང་གིས་ཀྱང་། །གནས་སྐབས་ཙམ་ལས་གྲོལ་མི་འགྱུར། །ཇི་སྐད་དུ། གསང་འདུས་ལས། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །བརྟགས་གཉིས་ལས། གཟུགས་ལ་སོགས་པ་ཡུལ་རྣམས་དང་། །གཞན་ཡང་རྣལ་འབྱོར་པས་མཐོང་བ། །དངོས་པོ་དེ་ཀུན་དག་པ་སྟེ། །འདི་ལྟར་འགྲོ་བ་སངས་རྒྱས་བདག །རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱི་རྣམ་གྲོལ་མིན། །དོན་ནི། ཕྱག་རྒྱ་ཆེན་པོའ་གནས་ལུགས་མངོན་དུ་གྱུར་པའི་རྣལ་འབྱོར་པས། འགྲོ་བ་སྟེ་རྗེས་ཐོབ་དང་། འདུག་པ་སྟེ་མཉམ་བཞག་གཉིས་ཐ་དད་དུ་འཛིན་པ་ག་ལ་ཡོད་དེ། ཐམས་ཅད་
༥༧ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པའི་ཕྱིར། དེས་ན་དགོན་པ་སྟེ་གནས་དབེན་པར་ཕྱིན་ནས་བསམ་གཏན་བསྒོམས་པས་ཅི་ཞིག་བྱ་སྟེ། མཉམ་བཞག་དང་རྗེས་ཐོབ་རོ་མཉམ་པར་ཕྱག་རྒྱ་ཆེན་པོའ་ཡེ་ཤེས་ལས་མ་གཡོས་པའི་དེ་ཁོ་ན་ཉིད་མ་རྟོགས་ན། གཞན་གང་གིས་ཀྱང་གནས་སྐབས་ཉོན་མོངས་པ་མགོ་མནན་པ་ཙམ་ལས་སྲིད་པའི་ས་བོན་དྲུང་ནས་འབྱིན་མི་ནུས་པས། མཐར་ཐུག་གི་གྲོལ་བ་ཐོབ་པ་མི་འགྱུར་རོ། །གསུམ་པ་དབྱེར་མེད་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། །དེ་ཉིད་རྟོགས་ན་གང་གིས་འཆིང་། །ངང་ལ་མ་ཡེངས་གནས་པ་ལས། །མཉམ་པར་བཞག་དང་མ་བཞག་ཅེས། །གཉེན་པོས་བཅོས་ཤིང་བསྒོམ་དུ་མེད། །ཇི་སྐད་དུ། བརྟག་གཉིས་ལས། །ཆུ་བོའ་རྒྱུན་ནི་རབ་འབབས་དང་། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །སམྦུ་ཊི་ལས། །དབང་པོ་གང་དང་གང་ལམ་ཉིད། །དེ་དང་དེ་ཡི་རང་བཞིན་ལས། །མཉམ་པར་མ་བཞག་རྣལ་འབྱོར་གྱི། །རྟག་པར་ཤིན་ཏུ་མཉམ་བཞག་ཉིད། །གུར་ལས། །སེམས་པ་མེད་ཅིང་བསྒོམ་པ་མེད། །སྔགས་མེད་ལྷ་ཡང་མེད་པ་སྟེ། །ཀྱེ་ཡི་རྡོ་རྗེ་ལས་བྱུང་བ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །དོན་ནི། ཇི་སྐད་བཤད་པ་ལྟར་དེ་ཁོ་ན་ཉིད་རྟོགས་ན་གཟུང་འཛིན་ལས་གྲོལ་བས་ཡུལ་ཡུལ་ཅན་གང་གིས་ཀྱང་འཆི་བར་མི་འགྱུར་བས། །དེ་ཁོ་ན་ཉིད་ཀྱི་ངང་ལས་མ་ཡེངས་པར་གནས་པ་ལས། མཉམ་པར་བཞག་པ་དང་མ་བཞག་པ་ཞེས་གཉེན་པོས་བཅོས་ཤིང་བསྒོམ་དུ་མེད་དེ། མཉམ་པར་མ་བཞག་པ་མེད་པའི་ཡེ་ཤེས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པ་ནི་སྤྱོད་པ་ཐམས་ཅད་ཀྱི་མཆོག་ཏུ་གསུངས་སོ། །དེ་ལྟར་ངོ་བོ་རང་གྲོལ། མཚན་ཉིད་རོ་མཉམ། མཐར་ཐུག་དབྱེར་མེད་པ་གསུམ་གྱིས་སྤྱོད་པ་ཕྱག་རྒྱ་ཆེན་པོ་རང་ཤར་རང་གྲོལ་དུ་གཏན་ལ་ཕབ་
༥༨ནས། །བཞི་པ་འབྲས་བུ་ཕྱག་རྒྱ་ཆེན་པོ་ལ་གསུམ། དང་པོ་སྣང་སྲིད་རང་གྲོལ་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། །འདི་ལ་གང་ཡང་མ་གྲུབ་སྟེ། །སྣང་བ་རང་གྲོལ་ཆོས་ཀྱི་དབྱིངས། །རྟོག་པ་རང་གྲོལ་ཡེ་ཤེས་ཆེ། །གཉིས་མེད་མཉམ་པ་ཆོས་སྐུའོ། །ཇི་སྐད་དུ། ཕག་མོ་མངོན་འབྱུང་ལས། །སྣང་བ་མེད་པའི་གནས་ལ་གནས། །སྣང་བ་མེད་པ་ཡང་དག་བརྟེན། །སྤྱོད་པ་མེད་པའི་ཆོས་རྣམས་ལ། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །རྟེན་འབྲེལ་མཁའ་དང་མཉམ་པའི་ཆོས། །དངོས་མེད་མཚན་མ་མེད་པའོ། །གུར་ལས། །མ་སྐྱེས་པ་དང་མི་དམིགས་པ། །མི་ཕྱེད་ནམ་མཁའ་ལྟ་བུ་སྟེ། །ཟབ་ཅིང་ཞི་བའི་རང་བཞིན་ནི། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོའ་གནས་ལུགས་འདི་ལ་ནི་དོན་དམ་པར་སྤྲོས་པའི་མཚན་མ་གང་ཡང་མ་གྲུབ་པ་སྟེ། ཕྱི་རོལ་གྱི་དོན་མ་སྐྱེས་པས་སྣང་བ་རང་གྲོལ་ཆོས་དབྱིངས་སུ་ཤར། ནང་ཤེས་པ་མི་དམིགས་པས་རྟོག་པ་རང་གྲོལ་ཡེ་ཤེས་ཆེན་པོར་དག །གསང་བ་གཟུང་འཛིན་གཉིས་མེད་བློ་འདས་མཉམ་པ་ཆེན་པོར་བརྡལ་བས་ཟབ་ཞི་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་སྐུ་མངོན་དུ་གྱུར་བའོ། །གཉིས་པ་འཁོར་འདས་དབྱེར་མེད་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། །ཆུ་བོ་ཆེན་པོའ་རྒྱུན་འབབ་ལྟར། །ཇི་ལྟར་སྤྱད་ཀྱང་དོན་དང་ལྡན། །འདི་ནི་རྟག་ཏུ་སངས་རྒྱས་ཉིད། །འཁོར་བ་ཡུལ་མེད་བདེ་བ་ཆེའོ། །ཇི་སྐད་དུ། བརྟག་གཉིས་ལས། །འདི་ནི་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཁ་སྦྱོར་ལས། །བདག་དང་གཞན་དུ་འཛིན་སྤངས་ཤིང་། །རང་གི་རིག་པའི་ཡེ་ཤེས་དེ། །དངོས་དང་དངོས་མེད་བདག་ཉིད་མཆོག །མཁའ་མཉམ་སྦྱོར་བ་རྡུལ་དང་བྲལ། །འདོད་ཆགས་ཆགས་བྲལ་འདྲེས་པ་སྟེ། །ཐབས་
༥༩དང་ཤེས་རབ་ཤིན་ཏུ་འདྲེས། །དེ་ཉིད་སྲོགས་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་སྟེ། །དེ་ཉིད་ཀྱིས་ནི་ཐམས་ཅད་ཁྱབ། །དེ་འདི་སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། །འདི་དང་དེ་དང་གཞན་ཡང་རུང་། །དངོས་དང་དངོས་མེད་འདི་ལས་བྱུང་། །ཞེས་དང་། སྡུག་བསྔལ་ཕུང་པོ་དུ་མའི་མཚན་གྱུར་པ། །འདི་ལས་གཞན་དུ་ཅུང་ཟད་ཡོད་མ་ཡིན། །བདེ་བ་མཐའ་ཡས་འབྱུང་བའི་རྒྱུར་གྱུར་པ། །དེ་ལས་གཞན་དུ་འགྲོ་བ་ཡོད་མ་ཡིན། །སྡུག་བསྔལ་མ་ལུས་ཟད་པར་འདོད་པ་དང་། །རྫོགས་སངས་རྒྱས་ཀྱི་བདེ་མཆོག་ཐོབ་འདོད་པས། །སེམས་ནི་བརྟན་པར་བྱས་ནས་འབད་པས་སྤྱད། །དེ་ཡི་རང་བཞིན་དངོས་པོ་མེད་པར་བྱ། །ཇི་སྲིད་རྟོག་པའི་མུན་པའི་ཡོལ་སྟུག་པོས། །སྐྱེ་དགུའི་ཡིད་བསྒྲིབས་དེ་སྲིད་སྡུག་མཐའ་ཡས། །ཇི་སྲིད་དེ་ནས་དེ་ནི་བྲལ་ཡིན་པས། །དེ་སྲིད་བདེ་བ་རྒྱ་ཆེན་ཐ་དད་མིན། །མཉམ་པ་ཀུན་གྱི་མཐར་ཐུག་འཕགས་དགྱེས་པའི། །དེ་ཡི་ཟད་ཕྱིར་རང་གི་བྱ་བ་ཡང་། །རྒྱས་པ་དེ་ཡིས་རང་གི་འགྲོ་བ་བལྟ། །དོན་ནི། །དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་རྟོགས་པའི་རྣལ་འབྱོར་པ་ནི་ཆུ་བོ་ཆེན་པོ་རྒྱུན་ཆད་པ་མེད་པར་འབབ་པ་ལྟར། དུས་རྟག་ཏུ་མཉམ་པར་བཞག་པ་ལས་མ་འདས་པས་ཇི་ལྟར་སྤྱད་ཀྱང་དོན་དང་ལྡན་པ་ཉིད་དེ། །འདི་ནི་རྟག་ཏུ་སངས་རྒྱས་ཀུན་དང་དགོངས་པ་དབྱེར་མི་ཕྱེད་པ་ཉིད་ཀྱི་ཕྱིར། །འཁོར་བ་ཡུལ་མེད་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་འཁོར་འདས་དབྱེར་མེད་ཀྱི་འབྲས་བུ་མངོན་ཏུ་གྱུར་པའོ། །གསུམ་པ་མཐར་ཐུག་ཕྱག་རྒྱ་ཆེན་པོའ་དོན་དུ་གསུངས་པ། །ཆོས་རྣམས་རང་རང་ངོ་བོས་སྟོང་། །སྟོང་པར་འཛིན་བློ་རང་སར་དག །བློ་བྲལ་ཡིད་ལ་མི་བྱེད་པས། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །ཇི་སྐད་དུ། ཁ་སྦྱོར་ལས། སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་
༦༠མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤངས་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ་། །སྟོང་དང་སྟོང་མིན་གཟུང་བ་ལས། །རྣམ་རྟོག་ཉུང་མིན་སྐྱེ་བར་འགྱུར། །སྡོམ་འབྱུང་ལས། །ཡིད་མེད་ཡིད་ནི་བྱས་ནས་སུ། །ཅུང་ཟད་ཙམ་ཡང་བསམ་མི་བྱ། །སྟན་ལ་གནས་བཅས་བླ་མ་ཡི། །དྲིན་གྱིས་ཡང་དག་སྦྱར་བར་བྱ། །མཁའ་དང་ནམ་མཁའ་མཉམ་དེ་བཞིན། །སེམས་ནི་རོ་མཉམ་བསྒོམ་བྱ་སྟེ། །བསམ་གཏན་འཛིན་པས་ངེས་པར་གྲོལ། །རྟོག་གེའི་སྦྱོར་བ་རྣམ་པར་སྤངས། །ཅེས་དང་། དེ་བཞིན་སེམས་དེས་སེམས་མེད་ལ། །གཅིག་དང་ཐ་དད་ཇི་ལྟར་རྟོག །དངོས་དང་དངོས་མེད་ཤེས་རབ་དག །རྣམ་སྤངས་གང་ན་རང་ཉིད་ནི། །ལྷན་ཅིག་སྐྱེས་དགའི་རང་བཞིན་གསལ། །དོན་ནི། འདི་ལྟར་སྣང་བའི་གཟུང་འཛིན་གྱི་ཆོས་རྣམས་ནི། །རང་རང་གི་ངོ་བོས་སྟོང་ཞིང་། སྟོང་པར་འཛིན་མཁན་གྱི་ཤེས་བྱའི་བློའི་སྒྲིབ་པའང་རང་སར་དག་པས་བློ་བྲལ་ཡིད་ལ་མི་བྱེད་པ་འདི་ནི་དུས་གསུམ་དུ་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་སངས་རྒྱས་ཀུན་གྱི་གསང་བའི་ལམ་རྨད་དུ་བྱུང་བ་སྟེ། །རྟོགས་བྱའི་གཞི་དང་། །ཐོབ་བྱའི་འབྲས་བུའང་དེ་ལས་ལོགས་སུ་མ་དམིགས་པས་ན་གཞི་ལམ་འབྲས་གསུམ་དབྱེར་མེད་པས་ནི་མཐར་ཐུག་དོན་གྱི་ཕྱག་རྒྱ་ཆེན་པོར་ཤེས་པར་བྱའོ། །དེ་ལྟར་ན་སྣང་སྲིད་རང་གྲོལ། འཁོར་འདས་དབྱེར་མེད། མཐར་ཐུག་བློ་འདས་གསུམ་གྱིས་འབྲས་བུའི་ཕྱག་རྒྱ་ཆེན་པོ་རང་བཞིན་ལྷུན་གྲུབ་དུ་གཏན་ལ་ཕབས་ནས། གསུམ་པ་མཇུག་གི་དོན་ལ་གསུམ། །སྐལ་ལྡན་པ་གདམས་པ། སྨོན་ལམ་གྱིས་མཚམས་སྦྱར་བ། །མཛད་བྱང་གིས་མཐའ་བརྒྱན་པའོ། །དང་པོ་ནི། །སྐལ་པ་རབ་ཏུ་གྱུར་པ་ལ། །བདག་གི་སྙིང་གཏམ་ཚིག་ཏུ་བསྡུས། །ཇི་སྐད་དུ། དཔལ་རྙོག་པ་མེད་པའི་རྒྱུད་ལས། །ཁྱད་པར་དུ་ཡང་མདོར་བསྡུས་པ། །བདག་གིས་གསལ་
༦༡བར་བཤད་པ་ནི། །རྨོངས་པ་རྣམས་ལ་ཕན་འདོད་པས། །སྙིང་རྗེས་འདིར་ནི་བསྟན་པ་ཡིན། །དོན་ནི། རྡོ་རྗེ་ཐེག་པ་སྙིང་པོ་དོན་གྱི་གསང་ལམ་དུ་དཀྲིར་རུང་པས་དད་པ་དང་སྐལ་པ་རབ་ཏུ་གྱུར་པ་ལ། ནཱ་རོ་པཎྜི་ཏ་བདག་གིས་སྙིང་ཕྱུང་ནས་ལག་མཐིལ་དུ་བཞག་པ་ལྟ་བུའི་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པའི་གཏམ། ཉུང་ངུའི་ཚིག་ཏུ་བསྡུས་ཏེ་བསྟན་པ་ཡིན་ལ། དེ་ལྟར་བསྟན་པའི་རྒྱུ་མཚན་ཀྱང་། དང་པོའ་ལས་ཅན་ཟབ་པ་དང་རྒྱ་ཆེ་བའི་གཞུང་བསླབ་པར་མི་ནུས་པའི་བློ་དམན་པ་རྣམས་ལ་སྙིང་བརྩེ་བས་འོ་མ་ལས་མར་ཕྱུངས་པ་བཞིན་གདམས་ངག་གནད་དུ་བསྡུས་ཏེ་ངོ་སྤྲོད་ཀྱི་ཚུལ་དུ་བརྗོད་པ་ཡིན་ནོ། །གཉིས་པ་ནི། །འདི་ཡིས་འགྲོ་བ་མ་ལུས་པ། །ཕྱག་རྒྱ་ཆེ་ལ་གནས་པར་ཤོག །ཇི་སྐད་དུ། བརྟག་གཉིས་ལས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པས། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །བཤད་རྒྱུད་ལས། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པ། །གང་གིས་ལམ་གྱིས་འགྲོ་འགྱུར་བ། །དེས་ནི་སངས་རྒྱས་མྱུར་ཐོབ་ཤོག །དོན་ནི། ངོ་བོ་སྟོང་ཉིད་ཕྱག་རྒྱ་ཆེན་པོ་ལས་མ་གཡོས་བཞིན་དུ། གདངས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་གཞུང་འདི་བརྩམས་པས་འགྲོ་བ་མ་ལུས་པ་གནས་སྐབས་བདེ་བ་དང་། མཐར་ཐུག་ཕན་པ་བླ་ན་མེད་པ་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཕྱག་རྒྱ་ཆེན་པོའ་ལམ་གྱི་གཞོན་པས་བགྲོད་དེ་སྐུ་བཞིའི་འབྲས་བུ་ལ་གནས་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག་ཅིག་ཅེས་པའོ། །གསུམ་པ་ནི། མཁས་པ་ཆེན་པོ་ན་རོ་པའི་ཞལ་སྔ་ནས། མར་པ་ཆོས་ཀྱི་བློ་གྲོས་ལ་ཕུལླ་ཧ་རིར་གནང་བའོ། །ཞེས་པ་སྟེ་གོ་སླའོ། །ཞེས་པའང་དཔལ་མཁའ་སྤྱོད་དབང་པོའ་ས་བཅད་དང་། རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའ་ལུང་སྦྱོར་སོགས་ཕྱོགས་གཅིག་ཏུ་སྦྱར་ཏེ། ངག་དོན་མདོར་བསྡུས་པའི་ཚུལ་གྱིས་
༦༢བྱ་བྲལ་བ་མཉྫུ་གྷོ་ཥས་བསྡེབས་པ་སུ་ཤྲེ་ཡོ་བྷ་བ་ཏུ།

༄༅། །ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཡི་གེ་བཞུགས་སོ། །

༡༢༧ ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཡི་གེ་བཞུགས་སོ། །
༡༢༨ ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག །ཞེན་པ་བཞི་བྲལ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཚེ་འདི་ལ་ཞེན་པ་ཆུའི་ཆུ་སྦུར་དང་འདྲ། ཞེན་པ་བྱ་རིན་མེད་པས་ནམ་འཆི་ཆ་མེད་བསམ། འཆི་རྐྱེན་མང་བར་བསམ། འཆི་བ་ལ་ཅིས་ཀྱང་མི་ཕན་པར་བསམ་པ་དང་གསུམ་གྱིས་སྙིང་ནས་ཆོས་བྱེད་འདོད་ཅིག་སྐྱེས་ཏེ། བློ་ཆོས་སུ་སོང་བའི་ཁྲིད་འགོ་འཛིན། ཁམས་གསུམ་འཁོར་བ་འདི་ཐམས་ཅད་དུག་གི་འབྲས་བུ་དང་འདྲ། འཕྲལ་ཁར་ཞིམས་པ་ལྟར་སྣང་ཡང་ཁོང་དུ་སོང་ན་ཟུག་གཟེར་དང་སྲོག་འབྲལ་བ་ལ་སུ་ཞེན་པར་བྱེད་པ་རང་འཁྲུལ་བས། འཁོར་བའི་གནས་ཚུལ་ལ་བསམ་ཞིང་། འཁོར་ལོས་བསྒྱུར་རྒྱལ་ཐོབ་ཀྱང་མཐར་འཆི་ཞིང་འཇིག །སྡུག་བསྔལ་ལས་མ་འདས་སྙམ་དུ་བསམ་པས་ཆོས་ལམ་དུ་འགྲོ། རང་དོན་ལ་ཞེན་པ་དགྲའི་བུ་ལ་གོ་གསོས་བྱེད་པ་དང་འདྲ། འཕྲལ་དགའ་དགའ་ལྟར་སྣང་ཡང་ཕུགས་སུ་གནོད་པ་སྐྱེལ་བའི་དཔེས། རང་དོན་ལ་ཞེན་ན་འཕྲལ་བདེ་ཡང་། ཕུགས་བྱང་ཆུབ་ཀྱི་གེགས་སུ་འགྲོ་བས་ཁམས་གསུམ་སྡུག་བསྔལ་གྱི་རང་བཞིན་འདི་ལས་བདག་གཅིག་པུ་གྲོལ་
༡༢༩ བས་མི་ཕན་ཏེ། སེམས་ཅན་རེ་རེས་ཀྱང་ཕ་མ་མ་བྱས་པ་མེད་པས་འདི་རྣམས་བདེ་བའི་མཆོག་སངས་རྒྱས་ཐོབ་ན་བདག་བསྐལ་པ་ནས་བསྐལ་པའི་བར་དམྱལ་བར་སྐྱེས་ཀྱང་སླ་སྙམ་པའི་བློ་རྒྱུད་ལ་སྐྱེས་སྐྱེས་ནན་ཏན་དུ་བསྒོམས་པས་ལམ་གྱི་འཁྲུལ་པ་སེལ་བ་ཡིན་ནོ། །དངོས་པོ་དང་མཚན་མ་ལ་ཞེན་ན། སྨིག་རྒྱུ་ལ་ཆུར་འཛིན་པ་དང་འདྲ། འཕྲལ་ཆུར་སྣང་ཡང་ཁར་བཏུང་དུ་མེད་པས་སྐོམ་པ་མི་སེལ། འཁོར་བ་འདི་བློ་འཁྲུལ་པར་སྣང་ཡང་ཡང་དག་པར་དཔྱད་ན་ངོ་བོར་གྲུབ་པ་ཅི་ཡང་མེད། དེས་ན་འདས་པ་ལ་སེམས་མི་འཇུག །མ་འོངས་པ་ལ་སེམས་མི་གཞུག །ད་ལྟར་བ་ལ་རྣམ་པར་ཤེས་པ་མི་གཞུག་པར་ཆོས་ཐམས་ཅད་སྤྲོས་བྲལ་དུ་ངེས་པར་བྱས་ན། འཁྲུལ་སྣང་ཡེ་ཤེས་སུ་ཤར་ནས་སངས་རྒྱ་བ་ཡིན་གསུངས། ཀུན་གྱི་ཐོག་མར་ཐོས་པའི་ཆོས། །རང་ཡིད་དགའ་མགུར་དྲངས་པའི་ཁྲིད། །སེམས་ཀྱི་མདུད་གྲོལ་སྟོན་པའི་ལམ། །བླ་མ་མཆོག་གི་གསུང་བཞིན་བྲིས། ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག་འདི། ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པ་ལས་བཏུས་ཤིང་། ཆོས་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏའི་གསུང་གིས་ཕྲ་
༡༣༠ བཏབ་པའོ། བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག །བློ་སྦྱོང་དོན་བདུན་མའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྔོན་འགྲོ་རྟེན་གྱི་ཆོས་ཐུན་མོང་བའི་སྔོན་འགྲོ་འདུས་ཤིང་། དངོས་གཞི་བྱང་ཆུབ་སེམས་གཉིས་བསྒོམ་ཚུལ་ལ། ལུས་དྲང་པོར་འདུག་ལ། དབུགས་ཕྱིར་འགྲོ་དང་ནང་འགྲོ་ཉི་ཤུ་རྩ་གཅིག་གི་བར་དུ་མ་འཁྲུལ་བར་བགྲང་། ཆོས་རྣམས་རྨི་ལམ་ལྟར་གཟུང་ཡུལ་དུ་སྣང་བ། སེམས་ཉིད་འཁྲུལ་ནས་སྣང་བ་ཡིན་གྱིས། སེམས་ལས་ལོགས་སུ་གྱུར་པ་ཅུང་ཟད་ཀྱང་མེད། སྙམ་ནམ་སྐྱེས་རིག་པའི་གཤིས་ལ་དཔྱད། གཤིས་ཅིར་ཡང་མ་གྲུབ་པའི་ངང་ལ་བཞག །ཡུལ་སེམས་སྟོང་པའོ་སྙམ་ན་ངོ་བོ་ལ་བལྟ། ཀུན་གཞི་རྣམ་ཤེས་ཚོགས་བདུན་གྱི་སྤྲོ་བསྡུ་དང་བྲལ་བ་ལ་བློས་ཅིར་ཡང་མི་འཛིན་པར་གསལ་སིང་ངེ་བཞག །རྗེས་སྣོད་བཅུད་སྒྱུ་མ་ལྟར་དཔྱད། །ཐོག་མར་རང་གི་མ་དམིགས་དྲིན་ཆེ་སྙམ་དུ་བསྒོམས་ལ། མའི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ཀུན་འབྱུང་རང་གི་སྙིང་ནང་དུ་བྱུང་། བྱུང་ན་དགའ་བའི་འདུན་པ་དྲག་ཏུ་བྱ། བདག་གི་བདེ་དགེ་མ་ལ་བཏང་། འཕྲལ་བདེ་ཞིང་མཐུན་རྐྱེན་འཛོམ་ནས་སངས་རྒྱས་པ་ཙམ་དུ་གྱུར། དེ་བཞིན་དུ་ཕ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་བསྒོམ་སྟེ། རླུང་ཕར་འགྲོ་བ་ན་དེ་དང་འགྲོགས་ནས་བདག་གི་བདེ་དགའ་ཐམས་ཅད་གཞན་ལ་སོང་ཞིང་། ཚུར་འོང་བ་ན་གཞན་གྱི་སྡིག་སྡུག་ཐམས་ཅད་བདག་ལ་བྱུང་བར་བསྒོམ་མོ། །ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་སྐྱེས་པའི་སེམས་ཅན་རྣམས་དགེ་བ་གསུམ་དང་ལྡན་པར་གྱུར་ཅིག །སྤྱོད་ལམ་ཀུན་ཏུ་ཚིག་བརྗོད། འདུན་པ་ལེན་པའི་གོ་རིམ། མ་འོངས་པ་ན་འབྱང་བའི་སྡུག་བསྔལ་ད་ལྟ་བླང་། སྡིག་འབྲས་གནོད་སྙམས་ན། སེམས་ཅན་
༡༣༡ གྱི་སྡུག་བསྔལ་བདག་ལ་ལེན། ཁྱད་པར་གནོད་བྱེད་མིའམ་མི་མ་ཡིན་བྱུང་ན། བདག་གི་ལས་ངན་གྱིས་བསྐུལ་ནས་འདིས་ད་ལྟ་བདག་ལ་གནོད་པའི་སྡིག་པ་བྱས་པས། ཕྱིས་དེའི་འབྲས་བུ་སྡུག་བསྔལ་མྱོང་བ་སྙིང་རྗེ་སྙམ་དུ་གཏོང་ལེན་དྲག་ཏུ་བསྒོམ། མི་ཁྱི་ལྟ་བུ་ལ་དངོས་སུ་ཕན་ཅི་ཐོགས་འབད། འདྲེ་ཡིན་ན་ཁྱོད་བདག་གི་ཤ་ཁྲག་ལ་ཟོ་ཞིག་སྙམ་བློས་ལིང་བསྐྱུར། རྐྱེན་ངན་སྣོད་བཅུད་སྡུག་བསྔལ་གང་བྱུང་འཁྲུལ་པའི་སྣང་བ་རྨི་ལམ་དུ་མིས་ཚིག་པ། ཆུས་ཁྱེར་ནས་ཉམ་ཐག་པ་ལྟར་མི་བདེན་པ་དེའི་ངོ་བོ་ལ་བལྟས་ན། མ་སྐྱེས་ཆོས་སྐུ། འགག་མེད་ལོངས་སྐུ། གནས་མེད་སྤྲུལ་སྐུ། དབྱེར་མེད་ངོ་བོ་ཉིད་སྐུ། ལྟ་བ་སྐུ་བཞིའི་ངོ་སྤྲོད། མཛེ་ནད་སོགས་བྱུང་ན། འདི་མེད་ན་ཚེ་འདིའི་ཤོམ་ར་ལ་སོང་། ཆོས་མི་དྲན་པ་ལ། འདིས་ཆོས་དྲན་དུ་བཅུག །འདི་ཀ་དཀོན་མཆོག་གི་ཕྲིན་ལས་ཡིན་སྙམ་དུ་བསམ། མདོར་ན་སྡུག་བསྔལ་མི་འདོད་ན། རྒྱུ་ཚོགས་སོགས་གཅིག་པའི་བརྡ་ཡིན་གྱི་སྙམ་པ་བྱས། དཀོན་མཆོག་མཆོད་པ། དགེ་འདུན་བསྙེན་བཀུར། འབྱུང་པོའ་གཏོར་མ། བླ་མ་ལ་མཎྜལ་ཕུལ་ལ་བདག་ན་བ་ལེགས་ན་བར་བྱིན་གྱིས་བ་་ཏུ་གསོལ། སོས་པ་ལེགས་ན་སོས་པར་བྱིན་གྱིས་བརླབ་ཏུ་གསོལ། ཤི་བ་ལེགས་ན་ཤི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རེ་དོགས་འགོག་པའི་གསོལ་བ་དྲག་པོ་གདབ་བོ། །གདོན་ལ་གཏོར་མ་ཕུལ། བཀའ་དྲིན་ཆེ། སེམས་ཅན་གྱི་སྡུག་བསྔལ་བདག་ལ་སྨིན་པར་མཛད་དུ་གསོལ། ཞེས་ཞེ་ཐག་པ་ནས་རེ་དོགས་འགོག་པ་ཡིན། མན་ངག་སྙིང་པོ་དཀར་པོའ་ས་བོན་སྟོབས། ཡོ་བྱད་བསོད་ནམས་གང་ཆེར་བཏང་འཕེན་སྟོབས། ད་ནས་བཟུང་སྟེ། ཟླ་བ། ལོ། མ་ཤིའི་བར། བློའི་འཕེན་པ་དྲག་པོ་བྱེད།
༡༣༢ གོམས་སྟོབས་ཡང་དང་ཡང་དུ་སྦྱོང་། སུན་འབྱིན་སྟོབས་བདག་གཅེས་འཛིན་རྒྱངས་ཀྱིས་སྤང་། སྨོན་ལམ་སྟོབས་ནི་དགེ་སྦྱོར་གཤམ་དུ་བྱང་ཆུབ་སེམས་གཉིས་དང་མི་འབྲལ་བར་གྱུར་ཅིག །སྟོབས་ལྔ་ཆོས་ཐམས་ཅད་ཧཱུྃ་དྲིལ་ཡིན། འཕོ་བ་འཆི་ངེས་ནད་ཀྱིས་ཐེབས་ན། །དཀར་པོའ་ས་བོན་ཡོ་བྱད་བསོད་ནམས་གང་ཆེར་བཏང་། སྨོན་ལམ། བདག་བར་དོ་དང་ཚེ་རབས་ཕྱི་མ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་འབྱོངས་པ། ཆོས་འདི་སྟོན་པའི་བླ་མ་དང་མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ། གསོལ་བ་བཏབ། སུན་འབྱིན། ལུས་གཅེས་འཛིན་སྤང་། འཕེན་སྟོབས་བར་དོར་བྱང་སེམས་སྦྱང་སྙམ་པའི་འདུན་པ་བྱ། གོམས་སྟོབས་སྔར་གྱི་དྲན་པ་སྤྱོད་ལམ་འཆི་ཁར་གཞོག་གཡས་འོག་ཏུ་བཅུག་རླུང་འགྲོ་འོངས་ལ་བསྐྱོན་ནས་གཏོང་ལེན་གཉིས་སྦྱང་། སྐྱེ་འཆི་སེམས་སྣང་ཡིན་པའི་ངང་ལ་བློ་ཅིར་ཡང་མི་འཛིན། དེ་ལྟར་སྤེལ་ཞིང་བསྒོམ་པར་བྱས་པའི་འཕྲོ་ལ་འཆི་བར་བྱའོ། །ཐེག་པ་ཆེ་་ཚད་་ཆུང་གི་ཆོས་ཐམས་ཅད་བདག་འཛིན་འདུལ་བར་འདུས། གཉེན་པོ་བློ་སྦྱོང་ཡིན་པས་རང་ལ་རང་གིས་མ་ཁྲེལ་བ་ལ་འབད། བློ་ལེགས་པར་སྦྱངས་པས་རྐྱེན་ངན་ཅི་བྱུང་ལ་དགའ་བ། དེའི་སྟེང་དུ་གཞན་གྱི་རྐྱེན་ངན་པ་ལ། རྟ་རྩལ་ཅན་ཡེངས་ཀྱང་རྟ་ལས་མི་ལྷུང་བ་ལྟར་རྐྱེན་ངན་དེ་ཉིད་བློ་སྦྱོང་བའི་གྲོགས་སུ་ཁད་ཀྱིས་འགྲོ་བ་ཡིན་པས། བློ་སྦྱོང་ཁས་དམ་ཚིག །བླངས་དང་མ་འགལ་བར། ཐོ་ཅོར་མ་ཤོར་བར། ཕྱོགས་རེར་མ་ལྷུང་བ། མངོན་ཚན་ཆུང་ལ་ས་ཆོད་ཆེ་བ་གཅིག་བྱེད་དགོས། གཞན་སྐྱོན་མི་བརྗོད། ཉོན་མོངས་གང་ཆེ་དེའི་གཉེན་པོར་ཆོས་ཐམས་ཅད་སྤུངས། །རང་འདོད་སྤངས། བདེན་འཛིན་སྤངས། འཁོན་འཛིན་སྤངས། ཚིག་ངན་མི་སྨྲ་སྤང་། གནོད་ལེན་འཇལ་བ་སྤང་། མིའི་མཚང་མི་འབྲུ། མི་མ་ཡིན་ལ་
༡༣༣ སྲོག་སྔགས་ཟླས་པ་ལ་སོགས་མི་བྱེད། རང་ལ་བབས་པའི་བཅུ་གལ་ཁག་ངན་གཡོ་སྒྱུ་གཞན་ལ་བསྒྱུར་བ་སྤང་། བཟང་འདོད་སྤང་། བློ་སྦྱོང་བསྒོམས་ནས་རྒྱུད་རེངས་ན་འདྲེ་ཤར་སྒོ་ནས་གནོད་པ་ལ་གླུད་ནུབ་སྒོར་བསྐྱལ་བ་དང་འདྲ་བས། སྨན་ནད་ཐོག་ཏུ་གཏོང་། ཉེ་དུ་ཤི་ན་ཟས་ནོར་ཡོང་། ཡོན་བདག་ལ་ན་ཚ་ཤི་ཆད་བྱུང་ན་ཚོགས་གསོག་ཡོང་། རང་མཉམ་ཤི་ན་ང་གཅིག་པུ་ལ་སྐུ་བསོད་ཡོང་། དགྲ་ཤི་ན་ང་འཚེངས་སྙམ་པ་སྤང་། ཟས་གོས་ཀྱི་བསླབ་བྱ། རྣལ་འབྱོར་ཐམས་ཅད་གཞན་ཕན་གྱི་སེམས་འབའ་ཞིག་གིས་བྱེད། ལོག་གནོན་ཐམས་ཅད་གཏོང་ལེན། ཐོག་མཐའ་གཉིས་སྔ་དྲོའི་ཚེ་དི་རིང་བྱང་སེམས་དང་མི་འབྲལ་བར་བྱ་སྙམ་པའི་དྲན་ཤེས་ཀྱིས་ཟིན་པར་བྱ། དགོངས་མོ་བྱང་སེམས་དང་འགལ་ན་རྔན་བགྲང་། གཉིས་པོ་བཟོད་པ་ནི་འཁོར་ལོངས་སྤྱོད་སོགས་ལ་མ་དྲེགས། ཤིན་ཏུ་རྒུད་པ་ལ་ཞུམ་པ་མེད་པར་བྱས། ཆོས་སྤྱི་དང་བློ་སྦྱོང་གི་དམ་ཚིག་སྲོག་བས་གཅེས་པར་བསྲུངས། དཀའ་བ་གསུམ། ཉོན་མོངས་དྲན་དཀའ། བཟློག་དཀའ། རྒྱུན་གཅོད་དཀའ་བས་མི་འབྱུང་བའི་ཕྱིར་འབད། རྒྱུའི་གཙོ་བོ་བླ་མ་བཟང་པོ་དང་མཇལ། རང་གི་བློ་ལས་སུ་རུང་། ཆོས་ཚུལ་བཞིན་དུ་ཉམས་སུ་ལོངས་པ་གསུམ་ལ་དགའ་བ་བསྒོམ། གཞན་ལའང་དེ་ཚང་བར་སྨོན། ཉམས་མེད་གསུམ། བླ་མ་ལ་མོས་གུས་ཉམས་མེད། བློ་སྦྱོང་བསྒོམ་པ་ལ་སྤྲོ་བ་ཉམས་མེད། བསླབ་བྱ་ཕྲ་མོ་ཚུན་ཆད་མ་ཉམས་པའོ། །འབྲལ་མེད་གསུམ། ལུས་ངག་ཡིད་གསུམ་དགེ་བ་དང་མ་བྲལ་བ། ཡུལ་ལ་ཕྱོགས་རིས་མེད་པ། ཐམས་ཅད་བློ་སྦྱོང་ཁ་ཙམ་ཚིག་ཙམ་མ་ཡིན་པར་གཏིང་ནས་འབྱོངས་པར་བྱེད། བཀོལ་བ་ལས་ཀྱི་དབང་གིས་སྙིང་དུ་མི་སྡུག་པ། ལྷག་པར་བྱང་ཆུབ་སེམས་ཀྱི་ལམ་དུ་འཁྱེར། གཙོ་བོ་ཉམས་སུ་བླང་བ་ནི། ད་
༡༣༤ རེས་ཀྱི་ཚེ་འདི་ལ། ཚེ་འདི་བས་ཆོས་གཙོ། ཆོས་ཀྱང་སྒྲུབ་པ་གཙོ། སྒྲུབ་པ་སེམས་སྦྱོང་བ་གཙོ། དེ་ཡང་ལུང་རིག་གི་སྒོ་ནས་སྦྱོང་བ་བས་མན་ངག་ལ་བརྟེན་ནས་ཕུར་ཚུགས་སུ་སྦྱོང་བ་གཙོ། གོ་ལོག་དྲུག །ཆོས་བསྒྲུབ་པའི་སྡུག་བསྔལ་མི་བཟོད་པར་དགྲ་འདུལ་གཉེན་སྐྱོང་སྡུག་བསྔལ་བཟོད་པ་ནི་བཟོད་པ་གོ་ལོག །ཆོས་བྱེད་པ་ལ་འདུན་པ་མི་བྱེད་པར་ཚེ་འདིའི་འདུན་པ་བྱེད་པ་འདུན་པ་གོ་ལོག །ཆོས་ཀྱི་རོ་མི་མྱོང་བར་འཇིག་རྟེན་གྱི་རོ་མྱོང་བ་ནི་རོ་མྱོང་གོ་ལོག །སྡིག་པ་བྱེད་པ་ལ་སྙིང་རྗེ་མི་བསྒོམ་པར་ཆོས་ཕྱིར་དཀའ་ཐུབ་བྱེད་པ་ལ་སྙིང་རྗེ་བསྒོམ་པ་ནི་སྙིང་རྗེ་གོ་ལོག །རང་ལ་ལྟོས་པ་ཆོས་ལ་མི་སྦྱོར་བར་ཚེ་འདིའི་ཆེ་ཐབས་ལ་སྦྱོར་བ་ཉེ་སེམས་གོ་ལོག །དགེ་བ་ལ་དགའ་བ་མི་བསྒོམ་པར་དགྲ་ལ་སྡུག་བསྔལ་བྱུང་ན་དགའ་བ་བསྒོམ་པ་ནི་རྗེས་སུ་ཡི་རང་གོ་ལོག་གོ །དེ་ལ་བློ་སྦྱོང་ཉིད་ལ་བློ་ལིངས་བསྐྱུར་ནས་སྦྱང་། །རྟོག་དཔྱོད་གཉིས་ཉོན་མོངས་གང་ཆེ་བལྟས་ནས་གཉེན་པོས་སྤང་། ཡུས་ཕ་རོལ་ལ་བདག་གི་དྲིན་ཡོད་པ་དང་། རང་གིས་ཆོས་བྱས་པ་ཡུས་བྱ་ས་མེད་དོ། །ཀོ་ལོང་བདག་ལ་གཞན་གྱིས་དམའ་ཕབ་སོགས་ལ་ལན་མི་བྱ། ཡུད་ཙམ་ཅུང་ཟད་ལ་དགའ་མི་དགའི་རྣམ་འགྱུར་མི་བྱ། འོར་ཆེ་ཕན་བཏགས་ལ་ཚིག་གི་གཏོང་རག་ལ་རེ་བ་མེད་པར་བྱ། དེ་ལྟར་ཚེ་ཧྲིལ་གྱིས་བྱང་ཆུབ་ཀྱི་སེམས་གཉིས་པོ་མཉམ་རྗེས་གཉིས་ཀྱི་སྒོ་ནས་འབྱོངས་པའི་གདིང་ཐོབ་པར་བྱའོ། །ཀུན་ཏུ་བློ་རྩ་ཟིང་ཟིང་པོ། དགའ་སྡུག་སྣང་བས་སྐྱོང་པའི་ཡིད། །མདུད་འཆིང་གྲོལ་བའི་ལམ་མཆོག་ནི། །ཉུང་གསལ་ཡི་གེའི་ལམ་དུ་ཤར། རྒྱལ་སྲས་རིན་པོ་ཆེའི་ཁྲིད་ཡིག་ལས་བཏུས་སོ། །རྟེན་འབྲེལ་སྙིང་པ་ཁྲིད་ཡིག །རྟེན་འབྲེལ་སྙིང་པོའ་ཁྲིད་ཡིག་ནི། སྐྱབས་སེམས་སྔོན་དུ་སོང་བས། རང་གི་ཁྱད་པར་སྔོན་འགྲོ། སྤྱི་བོར་པད་
༡༣༥ ཟླའི་གདན་ལ་རང་གི་བླ་མ་སྤྱན་རས་གཟིགས་སུ་བསྒོམས་པའི་མདུན་དུ་རྩ་བའི་མ་བྱམས་པ། གསལ་བཏབ་ནས། དེའི་ལྟོ་བར་ཚོགས་པ་ནས་བཙས་པ་དང་། མཐར་ནར་སོན་པར་བསྐྱངས་པའི་དྲིན་བསམས་ལ། བརྩེ་གདུང་དྲག་ཏུ་ཤུགས་བསྐྱེད་ནས། ངག་ཏུ་ངའི་མ་ཞེས་ཡང་ཡང་བརྗོད་ལ། བ་སྤུ་གཡོ་བ། མཆི་མ་འཁྲུགས་པ་ནམ་བྱུང་བར་བསྒོམ་ཞིང་། དེ་ལྟར་མ་བྱུང་ན་ལུས་སྙིང་རྗེ་པུས་བྲང་སྦྱར། གདོང་སྨད། བཞིན་བསྡུས། ལག་པས་འགྲམ་སྐྱོར། སྲིན་ལག་ཁར་བཅུག །མྱ་ངན་གྱི་ལུས་གནད་དང་ལྡན་པས་སྙིང་རྗེ་དྲག་ཏུ་བསྒོམ་ཞིང་། ཕ་བླ་མ་བདག་གི་མ་དྲིན་ཅན་འདི་ཐར་ལམ་དུ་ད་ལྟ་རང་དྲང་མཛོད། ཅེས་ར་མདའ་འབོད་ཀྱི་ཚུལ་དུ་སྐད་ང་རོ་ཆེན་པོས་གསོལ་བ་འདེབས་ཤིང་བསྒོམ་གྱི་སྣེ་ཟིན་ནས། དམིགས་པའི་ཁ་བསྒྱུར་འགྲོ་དྲུག་གི་ཕ་མ་ཡོངས་ལ་སྦོས་ནས་བསྒོམ་སྟེ། ལྷ་ལ་འཆི་འཕོ། ལྷ་མྱིན་ལ་འཐབ་རྩོད། མི་ལ་མྱངས་གྲུབ་སྐྱེ་རྒ་ན་འཆི། དུད་འགྲོ་ལ་གསོད་འཁོལ། ཡི་དྭགས་ལ་བཀྲེས་སྐོམ། དམྱལ་བའི་ཚ་གྲང་བཙོ་བསྲེགས་རྣམས་དྲན་པར་བྱས་ལ་སྙིང་རྗེ་བསྐྱེད་ཅིང་ཡུས་སུ་ངོ་ཐོན་གྱི་ཕ་མ་ཞེས་དྲག་ཏུ་གསོལ་བ་ཕུར་ཚུགས་བཏབ་རྗེས། བརྫེབ་་མ་རྒན་འགྲོ་དྲུག་གི་་གཏོང་ལེན་་སྡུག་བསྔལ་དང་ལེན་གྱི་བཟོད་སྟོབས་བསྐྱེད། མཐར་བདག་གཞན་མཉམ་ཉིད་སྤྲོས་བྲལ་ནམ་མཁའི་ངང་ལ་འཇོག་ཅིང་གནད་དེ་དང་ལྡན་པའི་དམིགས་པ་ནད་ཐོག་གདོན་ཐོག་དགྲ་ཐོག་ཏུ་བསྒྱུར་བར་བྱའོ། །ཀུན་སྣང་རྟེན་འབྲེལ་དགའ་དགའ་འདྲའི། འཆར་སྒོ་རང་གྲོལ་མཆོག་སྟོན་པའི། །ཟབ་མོའ་གནད་སྦྱོར་གདམས་པ་འདི། །སེམས་ལ་ཕན་པའི་དོན་དུ་བྲིས། རྟེན་འབྲེལ་སྙིང་པོའ་ཁྲིད་ཡིག་འདི། མུས་ཆེན་རྒྱལ་མཚན་དཔལ་བཟང་གི་ཁྲིད་ཡིག་ལས་བཏུས་ནས་བྲིས་པའོ།
༡༣༦ སྐྱིད་སྡུག་ལམ་འཁྱེར་གྱི་ཁྲིད་ཡིག །སྐྱིད་སྡུག་ལམ་འཁྱེར་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྐྱིད་པ་ལམ་དུ་འཁྱེར་བ་དང་། སྡུག་པ་ལམ་དུ་འཁྱེར་བ་རེ་རེ་ལ་ཡང་། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སྒོ་ནས་དང་དོན་དམ་བྱང་སེམས་ཀྱི་སྒོ་ནས་ལམ་དུ་འཁྱེར་བ་ལ། དང་པོ་ལ་ངེས་ཤེས་འདྲོངས་ནས་ཕྱི་མ་ཡང་དེར་འདྲེན་ནུས་པས། དེ་ཡང་ལུས་ལ་ན་ཚ་མེད། སེམས་ལ་སྡུག་བསྔལ་མེད་ཅིང་མཐུན་རྐྱེན་ཐམས་ཅད་འཛོམ་སྟེ། ད་ལྟ་ང་ལས་སྐྱིད་པ་སུ་ཡོད་སྙམ་པའི་ཚེ། །ང་བདེ་སྐྱིད་ལ་འདུན་པ་བཞིན་སེམས་ཅན་ཐམས་ཅད་ཀྱང་འདུན་ལ། སེམས་ཅན་རེ་རེས་ཀྱང་ཕ་མ་བྱས་ནས་ཕན་མ་བཏགས་པ་མེད་པས། བདག་བདེ་དང་སྐྱིད་པ་བཞིན་དུ་མ་རྒན་སེམས་ཅན་ཐམས་ཅད་ཀྱང་བདེ་བ་དང་སྐྱིད་པར་གྱུར་ཅིག་སྙམ་དུ་ཞེ་དག་པ་ནས་བསམ་ཞིང་ངག་ཏུ་ཡང་བརྗོད། བདེ་སྐྱིད་དང་ལྡན་པ་འདི་ཡང་སྔོན་བསོད་ནམས་བསགས་པའི་མཐུ་ལས་བྱུང་བ་ཡིན་པས་ད་ཕྱིན་ཆད་ཀྱང་འདི་ལྟ་བུའི་བདེ་སྐྱིད་འདོད་ན་དགེ་བ་ལ་འབོད་བྱ་བའི་བརྡར་བསམ་ནས་སྒོ་གསུམ་དགེ་བ་ལ་འབད་པར་བྱའོ། །གཉིས་པ་དོན་དམ་པ་བྱང་སེམས་ཀྱི་སྒོ་ནས་སྐྱིད་པ་ལམ་དུ་འཁྱེར་བ་ལ་གསུམ་ཡོད་པའི་དང་པོ། །སྐྱིད་པ་ཆོས་སྐུར་ངོ་སྤྲད་པ་ནི། ད་ལྟ་སྐྱིད་དོ་སྙམ་པར་འདུག་པ་འདི་ལུས་སྐྱིད་དཾ་སེམས་སྐྱིད། དེ་གཉིས་མ་གཏོགས་པའི་སྐྱིད་མཁན་མི་འདུག །སེམས་མེད་ན་ལུས་ནི་བེམས་པོ་དུར་ཁྲོད་ཀྱི་རོ་དང་འདྲ་བས་སྐྱིད་རྒྱུ་དང་བདེ་རྒྱུ་ཅི་ཡང་མེད་པས་ན་སྐྱིད་པར་སྣང་བ་དེ་དང་པོ་གང་ནས་ཀྱང་མ་བྱུང་། །མཐར་གང་དུ་ཡང་མ་འགག །བར་དུ་གནས་པ་ན་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་བར་གང་དུ་གནས་པ་མི་འདུག །ཁ་དོག་དབྱིབས་ལ་སོགས་པའི་ངོ་བོ་ཅིར་ཡང་མ་གྲུབ་འདུག་པའི་གཤིས་འདི་ཉིད་ཆོས་སྐུ་ཟེར། གཉིས་པ་སྐྱིད་པ་ལོངས་སྐུར་ངོ་སྤྲོད་པ་ནི། སྐྱིད་པར་སྣང་བའི་སེམས་དེ་ཉིད་
༡༣༧ ཧྲཱིཿདཀར་པོ་ཚེག་དྲག་ཅན་ལས་སྤྱན་རས་གཟིགས་སུ་ལམ་བསྒོམས་ནས། ༀ་མ་ཎི་པདྨེ་ཧཱུྃ། ཅི་ནུས་འདྲེན། གསུམ་པ་སྐྱིད་པ་སྤྲུལ་པའི་སྐུར་ངོ་སྤྲོད་པ་ནི། སྐྱིད་པར་སྣང་བའི་སེམས་ཀྱི་སྔོ་སེར་དཀར་དམར་སོགས་མདངས་མ་འགགས་པ་སྣ་ཚོགས་སུ་སྣང་བ་འདི་ཉིད་སྤྲུལ་སྐུ་ཡིན་ཅེས་བསྒོམས་པའི་རྗེས་ལ། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །ཅེས་བརྗོད་ཅིང་། ཚུལ་གཉིས་པ་ཡང་ཀུན་རྫོབ་དོན་དམ་སྐུ་གསུམ་ཞལ་བསྒྱུར་ཚུལ་དེ་བཞིན་དུ་སྦྱར་ཏེ་མཐར། སྡུག་ན་ཀུན་གྱི་སྡུག་བསྔལ་ཁུར། སྡུག་བསྔལ་རྒྱ་མཚོ་སྐེམ་པར་ཤོག །ཅེས་སྒྲོན་ལམ་འདེབས་པ་རྣམས་སྔར་བཞིན་གོ་བར་བྱ། སྐྱིད་སྡུག་ཀུན་ལ་དགའ་སྡུག་གི། །སྣང་བ་རང་གྲོལ་མཚོན་པའི་གནད། །མཆོག་ཏུ་ཟབ་པའི་ཁྲིད་ཀྱི་ཐོ། །རང་གིས་ཐོབ་པ་ཇི་བཞིན་བྲིས། སྐྱིད་སྡུག་ལམ་འཁྱེར་གྱི་ཁྲིད་ཡིག་ནི། རྒྱལ་སྲས་ཆོས་རྫོང་བའི་གསུང་ལས། བླ་མ་རྗེ་བཙུན་རེ་མདའ་པས་ཟིན་བྲིས་མཛད་པ་ལས་བཏུས་ནས་བྲིས་པའོ། །སུམ་པའི་བློ་སྦྱོང་གི་ཁྲིད་ཡིག །སུམ་པའི་བློ་སྦྱོང་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྔོན་གྱི་རང་གིས་བསགས་ཁྱབ་ལས། ད་ལྟ་གང་བྱུང་བའི་སྣང་བ་དེ་ལ་དཔྱས་མི་འདོགས་པར་ཆོག་ཤེས་དྲན་རྩ་བསྐྱེད་དེ། སེམས་འབོལ་ལེ་ཤིག་ག་ལུས་སེམས་ཅི་ནས་བདེ་བའི་ཚོ་གཟུང་། སེམས་ལ་ལས་མི་འཆོལ་བར་ཡང་ཆོད་དེ་བསྡད་པས་སྐྱིད་ནང་ནས་འཆར་ཞིང་། སེམས་འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔོན་མི་བསུ། ད་ལྟའི་ཤེས་པ་ལྷང་ངེ་བའི་ངང་ལ་རྩིས་གདབ་མེད་པར་སྡོད། དེའི་ངང་ལ་འཕྲོ་ན་ཡང་གང་བདེར་དྲན་པའི་ཐག་པས་སྦྲེལ་ནས་ཕྱིན་པས་ཆོག་ཅིང་། བྱ་བ་གང་ཡང་ཐུག་འཕྲད་དུ་བཏང་བས། ཅིས་ཀྱང་དགོས་མེད་ཀྱི་བློ་ཆོས་སུ་སོང་དུས་ནི་ཤི་ཡང་སླ།
༡༣༨ ཐར་པའི་ལམ་ལས་འཁྱོགས་པ་མི་སྲིད། དོན་དུ་ནི་རང་སེམས་འཆི་བ་མེད་དེ་སྐྱེ་བར་སྣང་། ཤི་བར་བཏགས་པ་ཙམ་དུ་རྟོགས་པས་སྐྱེ་འཆིའི་མཚང་གཏིབས། འཆི་མེད་གཉུག་མའི་རང་ཞལ་མཐོང་ནས་འཆི་རྒྱུ་ག་ལ་ཡོད་ཅེས་ཡིད་འཕྲང་རྦད་དེ་གཅད་དོ། །བརྟགས་ཚེ་ཀུན་ལས་ཟབ་པའི་ཆོས། །མཁས་པ་ཡིད་དགའ་འཕེལ་བའི་དོན། །རང་གྲོལ་མཆོག་གི་ཉེ་ལམ་གྱི། །གནད་བསྡུས་སྙིང་པོ་བཀོད་འདིའོ། །ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཁྲིད་ཡིག་ལས་བཏུས་སོ། །མ་གཅིག་གི་གཅོད་ཀྱི་ཁྲིད་ཡིག །མ་གཅིག་གི་གཅོད་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཡུམ་དོན་ངོས་སྔོན་འགྲོ་ལྟ་བ། ཡུམ་དོན་ངོ་སྤྲད་པ་བཟུང་སྟེ། སེམས་མ་བཅོས་པ་གནས་ཆའི་སྟེང་དུ་བློ་ལྷོད་གློད། ཡིད་ལ་ཅི་ཡང་མི་བྱ། བློས་གང་ཡང་མི་བསམ། སུའི་རྗེས་སུ་མི་འབྲང་། རིག་པ་དྭངས་ཆ་ཐོན་པར་བྱ། མིག་གི་ཨ་འབྲས་མི་འགུལ། ལྟ་སྟངས་ལ་ཧད་དེ་བཞག་པས། བཞག་ཏུ་བཏུབ་ཅིང་བསྒོམ་དུ་བཏུབ་ན་ལེགས། དེ་ཀ་རང་བསྒོམ། ཅིས་ཀྱང་བསྒོམ་དུ་མི་འདོད་ན། མདུན་འདིར་བླ་མ་དང་མ་གཅིག་དབྱེ་བ་མེད་པར་སྐུ་ཆེ་ཆུང་ཚོན་གང་བ། སྐུ་ལས་མེ་འོད་འཕྲོ་བ། སྐུ་གང་ལའང་ཐོགས་པ་མེད་པ། ཕར་ཐལ་ཚུར་ཐལ་དུ་འབིགས་པར་བྱེད་པའི་ནུས་པ་དང་ལྡན་པར་བསྒོམ། དེས་རང་གི་ལུས་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ། གསུང་དྲག་པོ་ཕཊ་ཀྱི་སྒྲ་སྒྲོགས་པ་གཅིག་གིས་ཕར་ཐལ་ཚུར་ཐལ་ཕུག་པར་བསྒོམ། དེ་ལྟར་བྱས་པས་རྣམ་རྟོག་འགྱུ་བྱེད་དང་བྲལ་བའི་གནས་ཆ་ནམ་མཁའི་དཀྱིལ་ལྟ་བུ་དེ་ངོ་སྤྲད་ཅིང་། བླ་མས་བག་ཙམ་གཅུར་ལ་ཁྲིད་ལྟ་ཡང་ཡང་བྱ། དེའི་དོན་དམ་ཡུམ་གྱི་རང་ངོ་དེ་ད་ལྟའི་སེམས་ངོས་གཟུང་མེད་པ། གཏད་སོ་དང་བྲལ་བ། ལྷ་བཟང་མེད། འདྲེ་ངན་མེད། ཕྱི་བལྟས་མཐའ་བྲལ། ནང་
༡༣༩ བལྟས་མཐའ་བྲལ་འདི་ཡིན་ནོ། །འདི་ལ་བརྟེན་ནས་སངས་རྒྱས་ཐམས་ཅད་སངས་རྒྱས་སོ། །འདིའི་དོན་རྟོགས་པ་ལས་སངས་རྒྱས་བྱོན་པ་ཡིན་ནོ། །ཉམས་སུ་ལོང་ཞིག །དངོས་གཞི་བསྒོམ་པ་བདུད་བཞི་དབྱིངས་སུ་གཅོད་པ་དེ་བརྟེན་པར་བྱེད་པ་ལ་ཐོག་མར་ངོ་འཕྲོད་པར་བྱས་ལ། དེ་ནས་ཡུམ་གྱི་ངང་དུ་བཞག་རྟིང་ནས། རྐྱེན་ངེས་པ་མེད་པས། ཤེས་པ་གཏད་སོ་མེད་པ་བསྐུལ། ༡་མིག་ཏུ་གཟུགས། རྣ་བར་སྒྲ། སྣར་དྲི། ལྕེར་རོ། །ལུས་རེག་བྱ་སྟེ། དབང་ལྔ། ཡུལ་ལྔ། ཡུམ་གྱི་ངང་དུ་བཅད་དགོས་ཏེ་རང་གི་ཡིད་ལ་ལམ་ཤར་བ་དང་། ཕཊ་བརྗོད། ཡིད་ལྷོད་ཀློད་དེ་བཞག་པས། ཆགས་སྡང་གི་རྒྱུན་དེ་རྦད་ཆོད། རང་ངོར་སིང་གནས། རང་སར་རྗེན་གྱིས་ཆོད་པ་ཡིན། དེ་ཡང་ཆགས་སྡང་ལམ་ཤར་བ་ལྷོང་། ཕཊ་བརྗོད་ངང་དུ་འཇོག་པ་གཅོད། བློ་བྲལ་རྗེན་པ་ཆོད་ཚད་ཡིན། དེ་ཉམས་སུ་བླང་། ༢་དེ་ནས་དགའ་བ། འཇིགས་པ། སྐྲགས་པ། སྐྱོ་བ། སུན་པ། ཡ་ང་བ། བག་ཚ་བ། འདོད་པ། མི་འདོད་པ། འདས་མ་འོངས་ད་ལྟ་བའི་རྣམ་རྟོག་འགྱུ་ཚད་བདུད་ཡིན་པས་ལམ་ཤར་བ་དང་། ཕཊ་བརྗོད་ཡིད་ཀློད་པས་ཡིད་རྒྱུན་རྦད་ཆོད། སེམས་རང་ངོ་རྗེན་པ་དེ་ཆོད་པ་ཡིན་སྟོང་ཉིད་ལ་རྣམ་རྟོག་ལམ་ཤར་བ་སློབ་འཛིན་མེད་འཇོག་པ་གཅོད། རང་ངོ་ཤེས་པ་དེ་ཆོད་ཚད་ཡིན། ༣་དེ་བཞིན་ཆོས་ལ་ཞེན་པ་དགའ་བྲོད་སྐྱེ་ན་བླ་མ་བཟང་པོ། ཆོས་ཟབ་མོ་འདི་འདྲ་སྙམ་པའི་ཞེན་པ་ལམ་ཤར་བ་དང་། ཕཊ་བརྗོད། ཡིད་ལྷོད་ཀློད་ལ་བཞག །དགའ་སྤྲོ་རྦད་ཆོད། སེམས་ཞེན་མེད་དུ་སིང་ངོ་ཤེས། དགའ་སྤྲོ་ལམ་པ་སློང་། ཕཊ་ངང་དུ་འཇོག་པ་དེ་གཅོད། རང་ངོ་ཤེས་པ་ཆོད་ཚད་ཡིན་ནོ། ༤་།ཐམས་ཅད་སྙེམས་སུ་འདུས་ཏེ་ཆེ་བསྙམ། ཆུང་བ་
༡༤༠ སྙམ་པ་ཐོགས་བཅས། དགའ་སྙམ་མི་དགའ་སྙམ་ཐོགས་མེད། བདེ་དྲོད་ལ་སོགས་དགའ་སྤྲོ་ཡིན། སྙེམས་བྱེད་ངང་ལ་ལྷན་ནེར་བཞག །ཕཊ་བརྗོད། ཡིད་དེ་ཐོག་ཏུ་སིང་བཞག་ལ་རང་ངོ་ཤེས་པར་བྱའོ། །དེ་ལྟར་བདུད་བཞི་ཡུམ་གྱི་ངང་དུ་གྲོལ་དེ་རྗེས་་རྗེས་སྤྱོད་པ་་རོ་སྙོམས་ལམ་དུ་སློང་བའོ། ངང་མ་བྲལ་བར། རི་ཁྲོད་གཉན་ས་ཀུན་ཏུ་གཅོད་བྱེད་ཅིང་འགྲོ། དེས་མཉམ་རྗེས་དབྱེར་མེད་དུ་བསྲེ་བ་ཡིན་ནོ། །གཅོད་སྐོར་ཀུན་ལས་ཟབ་པའི་གནད། །བསམ་ཚེ་དགའ་བ་འཕེལ་བྱེད་པའི། །འཆིང་བ་རང་གྲོལ་མཆོག་གི་ཁྲིད། །ཡི་གེར་བཀྲོལ་བ་ཨེ་མ་མཚར། དོན་ཁྲིད་ལས་བཏུས་སོ། །སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག །སྙིང་པོ་དོན་གསུམ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་ཚེ་འདི་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ། ངོ་བོ་བླ་མ་རྣམ་པ་ཤེལ་གྱི་མཆོད་རྟེན་སྒོ་སྟོང་ལྡན་སྒོ་རེ་རེ་ལ་སངས་རྒྱས་སྟོང་རྩ་བཞུགས་པར་མོས་ལ། ངག་ཏུ། སྐྱེ་མེད་ཆོས་སྐུའི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །འགག་མེད་ལོངས་སྐུའི་ངོ་བོ་།གནས་མེད་སྤྲུལ་སྐུའི་ངོ་བོ་།སྐུ་གསུམ་བདེ་ཆེན་གྱི་ངོ་བོ་།སོགས་བརྗོད་ནས་སྙིང་པདྨ་དམར་པོ་འདབ་མ་སྟོང་ལྡན་གྱི་དབུས་སུ་ཧྲཱིཿལས་ཇོ་བོ་ཁ་ས་ནི་ཚོན་གང་། འདབ་མ་རྣམས་ལ་རྩྭ་ཁའི་ཟིལ་པ་འདྲ་བའི་ཨཱཿསྟོང་བསྒོམས་ལ། ངག་ཏུ་ༀ་ཨཱཿཧྲཱིཿཧཱུྃ་ཞེས་བགྲངས་པས་ཨཱཿཡིག་རྣམས་བདུད་རྩིར་ཞུ་བས་ལུས་གང་སྡིག་སྒྲིབ་སྦྱོང་བར་མོས་སོ། །མཐར་རང་སེམས་སྐྱེ་མེད་ཀྱི་ངང་དུ་བཞག་ཅིང་། དེ་ལས་ལངས་འཆི་ཁ་ནས་གདོས་བཅས་གཟུགས་ཕུང་གི་ཡ་ཐོད་ཡི་དམ་ལྷས་བཀོག་ནས་ཐོད་པའི་སྒྱེད་བུ་གསུམ་གྱི་ཁར་བཞག་པའི་ནང་། ལུས་ལྷག་མས་གང་བ་ལ་ༀ་ཨཱཿཧཱུྃ། མ་དག་པའི་བག་ཆགས་སྦྱངས་ཏེ། ཟག་པ་མེད་པའི་བདུད་རྩིར་བསྒྱུར་བ་བྱམས་པ་གཙོ་བོར་གྱུར་པའི་
༡༤༡ འཁོར་འདས་ཀྱི་མགྲོན་ལ་འབུལ། མཐར་བྱམས་པའི་ཐུགས་ཀ་ནས་འོད་ཀྱི་སྦུབས་ལྕགས་ཀྱུ་དང་བཅས་བྱུང་བའི་ནང་ནས་ཡར་རང་ཁ་ས་ཎིའི་རྣམ་པས་སྐར་མདའ་འཕངས་པ་ལྟར་དགའ་ལྡན་དུ་འཕོས། བྱམས་པའི་མདུན་ན་ཆོས་ཉན་པར་བསམ་ཞིང་། ད་ལྟའི་བར་དོ་སྣང་བ་འདི་བར་དོར་ངེས་ཤེས་བསྐྱེད་ལ། གཟུགས་ལྷ། སྒྲ་སྔགས། དྲན་རྟོག་གཉུག་མ་ལྷན་སྐྱེས་སུ་ཐག་རྦད་བཅད་དེ་བསྒོམ་མོ། །སྙིང་པོའ་དོན་ཀུན་ལེགས་འདོམས་ནས། །དགའ་བ་རང་གྲོལ་མཆོག་གི་བློས། །མི་ཏྲའི་དགོངས་དོན་བླ་མེད་དོན། །འདིར་ནི་ཡི་གེའི་ལམ་དུ་བཀོད། སྙིང་པོ་དོན་གསུམ་གྱི་ཁྲིད་འདི་ཁྲོ་ཕུ་ལོ་ཙཱ་བའི་ཡིག་ལས་བཏུས་པའོ། །སེམས་ཉིད་ངལ་གསོའ་ཁྲིད་ཡིག །སེམས་ཉིད་ངལ་གསོའ་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བཅའ་བ་ལུས་ཀྱི་ཕྱག་རྒྱ་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱ། བརྗོད་པ་ངག་གི་ཕྱག་རྒྱ། རླུང་ཆེད་དུ་མི་འབུད་ཆེད་དུ་མི་རྡུབ། རླུང་འགྲོ་འོང་མེད་པའི་ངང་ལ་སིང་ངེ་། སེམས་གཡེང་བ་མེད་པའི་ངང་དུ་སིང་ངེ་བཞག །བསྒོམ་པ་ཡིད་ཀྱི་ཕྱག་རྒྱ། འདས་པའི་རྟོག་པའི་རྗེས་མི་གཅོད་འདས་པའི་འདུ་ཤེས་དོར། མ་འོངས་པའི་སྔོན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། ད་ལྟར་བས་དགའ་མི་དགའི་རྩིས་གདབས་པ་མེད་པར་རིག་པའི་རང་སོ་བཟུང་ནས་ཐོག་མར་མ་ཡེངས་པར་རལ་གྲི་བསྐོར་མཁན་གཡུལ་དུ་འཇུག་པའི་དཔེས། སེམས་སྒྲིམ་ལྷོང་རན་པའི་ངང་ནས་གང་དུ་ཡང་མི་ཡེངས་པར་དྲན་པའི་རྒྱངས་སོ་བཙུགས་ནས་སེམས་འཁྲུལ་མེད་ཀྱི་ངོ་བོ་ལ་ཆེ་རེ་འཇོག །བར་དུ་མ་བཙལ་བར་མཁས་པ་བ་གླང་སྐྱོང་བའི་དཔེས། ཆེད་དུ་མི་འཛིན། ཆེད་དུ་མི་སྤྲོ། སེམས་རང་བབས་གང་བདེའི་ངང་མ་ལོག་པར་འབོལ་ལེ་ཤིག་གེ། སེམས་ལ་ལས་མི་
༡༤༢ འཆོལ། ཆེད་གཉེར་མི་བྱ། འཛིན་མེད་དབྱིངས་སུ་ཆོམ་མེར་བཏང་ངོ་། །མཐར་གཟིངས་ཐོག་ནས་བྱ་འཕུར་བའི་དཔེས་ཡར་བལྟས་ནམ་མཁའ་མར་བལྟས་ནམ་མཁའ་ཁོ་ན་ལས་བབ་ས་དང་བརྟེན་ས་མ་རྙེད་པར་སྔར་གྱི་གཟིངས་ཐོག་རང་གི་སྟེང་དུ་ལྷན་བབས་ཡོང་བ་ལྟར་སེམས་གར་འཕྲོར་གཟོ་མེད་ཀྱིས་བསྐྱངས་པས་འཕྲོ་བ་ཐང་ཆད། ཆད་པ་ངལ་གསོ་བའི་ཚུལ་གྱིས་རང་བབ་མ་བཅོས་ངང་དུ། གཟོད་མེད་ཤུགས་འབྱུང་དུ་གནས་པ་ངོ་ཤེས་ཀྱི་ཡིད་ཆེས་ཀྱིས་སོར་འཇོག་པ་དེ་ཉིད་དོ། །ཐོག་མ་མེད་ནས་དུབ་པའི་སེམས། །ཀུན་ཏུ་ངལ་གསོའ་དགའ་ཚལ་ནི། །འཆིང་བ་ལས་གྲོལ་མཆོག་གི་གནད། །མ་བཅོས་གཏན་ཡུལ་མཚོན་དཔེའོ། །ཡང་རྩེ་བའི་ཁྲིད་ཡིག་ལས་བཏུས་སོ། །སྐྱེས་བུ་གསུམ་གྱི་ཁྲིད་ཡིག །སྐྱེས་བུ་གསུམ་གྱི་ཁྲིད་ནི། །སྐྱབས་སེམས་སྔོན་དུ་སོང་ནས། སྐྱེས་བུ་ཆུང་ངུ་། སྐྱེས་བུ་འབྲིང་། སྐྱེས་བུ་ཆེན་པོ་རེ་རེ་ལའང་བསྒོམ་པ་དང་། སྒྲུབ་པ་གཉིས། སྐྱེས་བུ་ཆུང་ངུ་ལ། རྟེན་མི་ལུས་ཐོབ་པ་ཉུང་བས་དོན་ཡོད་པ་བསྒོམ། འཆི་བས་འཆི་གྲབ་བསྒོམ། ལས་འབྲས་བསླུ་མེད་བསྒོམ། ཕན་ཡོན་ཆེ། དུས་མྱུར། གཞན་ལ་མེད། གྲངས། རྒྱུ། དཔེས་ངེས་ཤེས་བསྐྱེད། མྱུར་དུ་འཆི། ནང་མི་རྟག །ཕྱི་མི་རྟག །ངེས་པར་འཆི། ནམ་འཆི་ངེས་མེད། འཆི་བ་ཅིས་ཀྱང་མི་བཟློག །སྐད་ཅིག་མི་རྟག །རྒྱུན་གྱིས་མི་རྟག །བསྣོན་མཁན་མེད། འགྲིབ་པས་འཆི་བ་བསྒོམ། མི་འཆི་བ་སུ་ཡང་མི་སྲིད། འཆི་བ་སེམས་ཅན་གྱི་ཆོས་ཉིད་ཡིན། ཕྱི་མི་རྟག་པ་དུར་ཁྲོད་རོ། ཤིང་གི་གྲིབ་མ། རྒྱུ་སྐར་ལ་བརྟགས་ལ་ལས་འབྲས་མི་བསླུ་བ་ངེས་པར་མྱོང་བ་ལ་འདོར་ལེན་བྱ། ནག་པོའ་ལས་ལ་ཡིད་དབྱུང་། དཀར་པོའ་
༡༤༣ ལས་ལ་དང་བ་བསྒོམ། འབྲས་བུས་སྡུག་བསྔལ། རྒྱུ་མི་དགེ་བ་ལ་ཡིད་དབྱུང་། རྣམ་སྨིན་གྱི་འབྲས་བུ། མྱོང་བ་རྒྱུ་མཐུན། བྱེད་པ་རྒྱུ་མཐུན། བདག་པོའ་འབྲས་བུ་བཞི། རྣམ་སྨིན་ཆེན་པོས་དམྱལ་བ། འབྲིང་པས་ཡི་དྭགས། ཆུང་ངུས་དུད་འགྲོ། མྱོངས་དུས་བཟོད་མི་བཟོད་བརྟག །གཞི་སྐྱབས་འགྲོ། རྟེན་ཚུལ་ཁྲིམས། ལམ་དགེ་བ་བསྒྲུབ། སྐྱེས་བུ་འབྲིང་ལ་སྒོམ་སྒྲུབ་ལམ་གཉིས། འཁོར་བའི་ཉེས་པ། ལུས་ཉེར་ལེན་གྱི་ཉེས་པ་བསྐྱེད། མིའི་སྡུག་བསྔལ། ལྷ་མ་ཡིན་གྱི་སྡུག་བསྔལ། ལྷའི་སྡུག་བསྔལ། སྐྱེ་རྒས་ན་འཆི། མི་སྡུག་པ་དང་འཕྲད། སྡུག་པ་དང་བྲལ། འདོད་པ་བཙལ་ཏེ་མ་རྙེད། ཉེར་ལེན་ཕུང་པོ་ལྔ་སྡུག་བསྔལ་བ། སྐྱེ་བ་ལྟོ་ན་གནས་པ། བཙས་པ། བྱིས་པའི་སྡུག་བསྔལ། རྒས་པ་ཡོངས་སུ་ཉམས། ན་བ་ཡིད་མི་འོང་། འཆི་བ། ཡུལ། ནོར། གཉེན། ལུས་དང་འབྲལ། ལྷ་ལ་འཆི་ལྟས། ཉེ་བའི་འཆི་ལྟས། ཁམས་གོང་མ་ལ། ཏིང་ངེ་འཛིན་གྱི་ཉེས་པ། ཏིང་ངེ་འཛིན་ཉམས་པ། ཁམས་འོག་ཏུ་ལྟུང་དགོས་པ། འཁྲུལ་པའི་རང་བཞིན། བསམ་པ་འཁྲུལ་པ། སྦྱོར་བ་འཁྲུལ་པ། སྐྱེ་བ་ངེས་མེད། གྲོགས་ངེས་མེད། ལས་ངེས་མེད། རིགས་དྲུག་སོ་སོའ་ལས་ཀྱི་ཉེས་པ་བསྒོམ། གཞི་རྟེན་ལམ་སྔར་ལྟར་བསྒྲུབ། །སྐྱེས་བུ་ཆེན་པོ་ལ། སྒོམ་སྒྲུབ་གཉིས། ཐབས་སྙིང་རྗེ། ཤེས་རབ་སྟོང་ཉིད། རྩ་བ་ཚད་མེད། ངོ་བོ་བྱང་སེམས། སྙིང་རྗེ་སྐྱེ་བ་འདིའི་མ་ལ། སྐྱེ་བ་གཞན་གྱི་མ་ལ། མཐར་སེམས་ཅན་ཐམས་ཅད་ལ་དྲིན་ཡོད་པས། དྲིན་གསབ་དགོས་པ། དྲིན་ལན་བདེ་བ་དང་ལྡན་འདོད་བྱམས་པ་བསྒོམ། ཕན་གདགས། སྡུག་བསྔལ་འཁར་བ། མི་འགྲུབ་པའི་གྲོགས་བྱས་པའི་དྲིན་བསབ། མིའི་སྡུག་བསྔལ་མི་བཟོད་པ་འབྲལ་
༡༤༤ འདོད་བྱང་ཆུབ་སེམས་བདག་གཞན་བརྗེ་བ། སངས་རྒྱས་ཐོབ་འདོད་ཀྱི་སྨོན་པ། ཤེས་རབ་སྟོང་པ་ཉིད། སྣོད་རང་བཞིན་མེད་པ། སེམས་རང་བཞིན་མེད་པ་གཉིས་རྡུལ་ཕྲན། རགས་པ་རེ་རེ་ལ་ཡང་རིག་ཤེས་ཀྱི་ངེས་ཤེས་བསྐྱེད། རྩ་བ་ཟུང་འཇུག་སེམས་བསྐྱེད། ལྟ་བ་བདེན་གཉིས་ཟུང་འཇུག །སྦྱོར་བ་ཚུལ་ཁྲིམས་ཟུང་འཇུག་སྒྲུབ་བོ། །སྐྱེས་བུ་ཀུན་གྱི་ལམ་པོ་ཆེ། །ཆུང་འབྲིང་ཆེན་པོ་དགའ་མགུའི་ཡིད། །རྣམ་གྲོལ་ཞིང་མཆོག་འདྲེན་པའི་སྲོལ། །ཆོས་ཀྱི་སྙིང་པོ་ཡི་གེར་བཀོད། མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་སོ། །བསྟན་རིམ་གྱི་ཁྲིད་ཡིག །བསྟན་རིམ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྔོན་གྱི་སྟོན་པ་་ཚུལ་གནས་་འཁོར་བཅས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སོ་སོར་ཐར་པའི་བསླབ་པ་ལ་ནན་ཏན་དུ་མཛད་པ་ལྟར་རང་ཉིད་ཀྱིས་ཀྱང་དེ་ལྟར་བྱེད་པའི་འཕེན་པ་དང་། དེ་བཞིན་དམ་བཅས་ཤིང་སྔར་མཁན་སློབ་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་པའི་སོ་སོར་ཐར་པའི་བསླབ་པ་རྣམས་ལ་རྒྱུན་དུ་དྲན་ཤེས་བག་ཡོད་བསྟེན། དེ་ཡང་ཞག་གཅིག་ཐུན་དྲུག་ཏུ་བྱས་པའི་ཐུན་རེ་རེའི་ནང་དུ་གཞི་བསྡུས་ཀྱི་བསླབ་བྱ་རགས་པ་རྣམས་དང་། རྣམ་འབྱེད་ནས་འབྱུང་བའི་ལྟུང་བ་རྣམས་ཡིད་ལ་དྲན་པའི་སྒོ་ནས། ལྟུང་བ་སྤྱི་དང་ཁྱད་པར་འབྱུང་ཉེ་བ་རྣམས་ཀྱིས་རང་རྒྱུད་ལ་གོས་མ་གོས་ལྟ། མ་གོས་ན་དགའ་བ་བསྒོམ་ཞིང་གོས་ན་བཤགས་པར་འོས་པ་རྣམས་བཤགས། བསྡམ་པར་འོས་པ་རྣམས་བསྡམ། བྱིན་གྱིས་བརླབས་པར་འོས་པ་རྣམས་བྱིན་གྱིས་བརླབས་ཏེ་བཤགས་ཚད་དུས་ལས་མ་འདས་པར་བྱ། ཕྱིན་ཆད་མི་འབྱུང་བའི་སྡོམ་སེམས་དྲག་པོས་ཐུན་རེ་རེའི་ནང་དུ་རང་རྒྱུད་དག་པར་བྱས། དེ་ནས་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་དང་། དེ་དགེ་འདུན་ཚུལ་ལྡན་ལ་རག་ལས་པ་དང་། བསྟན་པའི་རྩ་བ་འདུལ་བ་ཡིན་པ་སོགས་དང་། བསླབ་པའི་
༡༤༥ གནས་རྣམས་ལ་སྔོན་གྱི་དྲང་སྲོང་རྒན་པོ་རྣམས་ཀྱིས་བསླབ་པ་ཇི་བཞིན་དུ། རང་ཉིད་ཀྱང་དེའི་རྗེས་སུ་འཇུག་ཅིང་དེ་བཞིན་དུ་སློབ་པར་བྱེད་དོ། །རྗེས་ནི་སྔོན་གྱི་རབ་བྱུང་ཀུན་གྱིས་འདི་ཉིད་ཉམས་སུ་བླངས་པ་དང་། འདི་ཉིད་ཉམས་ལེན་གྱི་གཙོ་བོར་ངོས་བཟུང་། སྐལ་ལྡན་འདིས་གྲོལ་བ། རང་ཉིད་ཀུན་གྱིས་མཆོད་པའི་རྟེན་དང་། ཐར་འདོད་ཚུལ་འདིར་འཇུག་ཅིང་སྐྱེ་བོ་གཞན་ཡང་འདིར་འཇུག་པ་སོ་སོར་ཐར་པའི་ཚུལ་ཁྲིམས་ལ་མཁྱེན་ལྡན་དབང་དུ་བཞག་སྟེ། །འཁྲུལ་མེད་ཀྱི་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་དང་། སྔོན་གྱི་ཐོས་བསམ་སྒོམ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་མ་ལུས་པས། སེམས་ཅན་གྱི་དོན་དུ་གཏོང་དཀའ་བ་རང་གི་ལུས་སྲོག་ཀྱང་ཕོངས་པ་མེད་པར་སྦྱིན་པའི་ཚུལ་ལ་དཔགས་ཏེ། འགྲོ་དྲུག་ཕ་མར་གོ་བའི་བྱམས་བརྩེ་ཕྱོགས་རིས་མེད་པ་སྙིང་ནས་བསྐྱེད། སུ་ལ་ཡང་འཁོན་གཅུགས་མེད་པའི་བཟོད་པ་དང་། ལེ་ལེན་ཐམས་ཅད་རང་གི་བདག་འཛིན་ཁོ་ན་ལ་ཐུག་པའི་དྲན་ཤེས་ཁྱད་པར་ཅན་གྱི་གཉེན་པོ་བསྐྱེད་ཅིང་དངོས་དང་བརྒྱུད་ནས་གཞན་ལ་ཅི་ཕན་དང་། ལས་འབྲས་བླང་དོར། བྱམས་སྙིང་རྗེ་ཞི་ལྷག་ཟུང་འབྲེལ་སོགས་ལ་རིམ་གྱིས་སྦྱང་ཞིང་ནན་ཏན་དུ་བྱེད་པ་ཉིད་དོ། །ཀུན་ནས་ཚུལ་ཁྲིམས་དག་པ་ནི། །དགའ་བ་རྒྱ་ཆེན་རྣམ་གྲོལ་མཆོག །ཉན་ཐོས་བསམ་སྦྱོར་ལས་བཟློག་པའི། །བསྟན་རིམ་ཡི་གེར་བཀོད་འདིའོ། །མཆིམས་ཀྱི་ཡིག་རྙིང་ལས་བཏུས་སོ། །སྲིད་ཞི་མཉམ་ཉིད་ཀྱི་ཁྲིད་ཡིག །སྲིད་ཞི་མཉམ་ཉིད་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྲིད་པ་འཁོར་ཀུན་རྫོབ་པའི་གནས་ཚུལ་སྡུག་བསྔལ་ཟོ་ཆུན་གྱི་འཁོར་མོ། རང་སྡུག་རང་ཉོས་ཀྱི་ལས་ངན། དམུས་ལོང་འབྲོག་དགོན་དུ་འཁྱམས་པའི་སྣང་ཚུལ་འདི་ལ་ཉིན་མཚན་དུས་དྲུག་ཅེར་རེ་དྲན་པའི་མེལ་ཚེ་བཏང་བས། ཞི་བ་མྱང་
༡༤༦ འདས་ཀྱི་གཏན་ཡུལ། བདེ་བ་ཀུན་སྣང་གི་གྲོང་ཁྱེར། དགེ་རྩ་ཡོངས་སྨིན་གྱི་ཞིང་བཟང་། ཕན་བདེ་ཡོངས་ཁྱབ་ཀྱི་དགའ་ཚལ་གྱི་རྣམ་བཀོད་ལ་ཡང་སྔར་ལྟར་ཡིད་ཀྱིས་ཆེར་བལྟས་པས་བདེ་སྡུག་སྤང་བླང་གི་དྲན་ཤེས་གྲུངས་པོ་གཅིག་ནང་དུ་ལྷང་འཆར་ཏེ་འདིར་འཁོར་བའི་ཚུལ་ལ་སྐྲག་ཅིང་ཡིད་དབྱུང་། མྱང་འདས་ཀྱི་གནས་ལ་ཨ་འཐས་ཤིང་ཞེན་པའི་བློས་ཉན་རང་དམན་པའི་གནས་སུ་གོལ་བས། འཇིགས་འཕྲང་འདིར་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ལ། ཕ་མ་བྱས་རེས་ཀྱི་དངོས་ཀྱི་ཕ་མའི་དྲིན་བཞག་པ་འདྲ་བས་ཁྲེལ་བོར་རང་དོན་གྱི་སྐྱིད་ལ་ཞེན་པས་ཅི་ཆོག །སྲིད་པར་འཁྱམས་པའི་འགྲོ་དྲུག་སེམས་ཅན་མ་ལུས་པའི་སྡུག་བསྔལ་རྒྱུ་བཅས་གཞོམ་བྱེད་བདག་གི་ལུས་ངག་ཡིད་གསུམ་དཀར་པོ་དགེ་བའི་བྱ་བ་ལ་ཉིན་མཚན་ཆད་པ་མེད་པར་འཁོལ་སྙམ་པའི་བསམ་སྦྱོར་ཤུགས་དྲག་པོ་བསྐྱེད་དོ། །མགོན་མེད་ཀྱི་སེམས་ཅན་ཡོངས་ལ་སྙིང་རྗེ་བསྒོམ། བྱམས་པར་བྱ། ཕན་འདོགས། སྡིག་ལས་ལྡོག །ཕ་མ་བརྩེ་གདུང་ཅན་གྱིས་བུ་ལ་བགྱི་བའི་དཔེ་ལ་བསླབ་ཅིང་། མངོན་ཚན་ཆུང་ལ་དུས་སུ་འདོམས་པར་ལག་ལེན་བྱ། དེ་ཉིད་ཀྱང་མཛེས་འཆོར་རང་བསྟོད་ཀྱི་རྒྱུར་སོང་དོགས་ཁོ་ནའི་འཕྲང་འགེགས་བྱས་ལ། མཐར་དོན་དམ་སྲིད་ཞིའི། །རང་བཞིན་རང་ངོས་མཉམ་པ་ཉིད་དུ་གདོད་མ་ནས་གནས་པའི་རང་བབས་ལ་ཡིད་སོམ་ཉི་མེད་པར་བཞག །རེ་དོགས་སྤུ་ཙམ་ཡང་མེད་པའི་གང་དགའ་ཤོག་ཉིད་གེགས་སེལ་དང་། ལུས་ངག་ཡིད་ཀྱིས་སྤྱད་པའི་དགེ་བའི་རྩ་བ་ཅི་དང་ཅི་ཡོད་པའི་མཐུས། །མ་རྒན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག་ཅེས་བསམ་ཞིང་བརྗོད་པས་བོགས་འདོན། གཡས་ནས་ཙནྡན་གྱི་ལྡེ་གུ་དང་། གཡོན་
༡༤༧ ནས་ཁྱི་ལུད་ཀྱིས་བྱུག་པ་ལ་དགག་སྒྲུབ་བྲལ་བ་ན་བསྒོམ་གནད་དུ་སོང་བའི་དཔེ་བཞིན་ཡིན་གསུང་ངོ་། །སྲིད་ཞི་ཀུན་ཏུ་མཉམ་པའི་བློས། །འབད་ནས་དགའ་བས་བསྒོམས་པ་ལས། །བདེ་སྡུག་རང་གྲོལ་མཆོག་གི་སེམས། །ལེགས་སྟོན་འཁྲིད་ཚུལ་ཡི་གེར་བཀོད། མཆི་མས་ཀྱི་ཁྲིད་ཡིག་ལས་བཏུས་སོ། །དབུ་མ་ཆེན་པོའ་ཁྲིད་ཡིག །དབུ་མ་ཆེན་པོའ་ཁྲིད་ནི། སྐྱབས་སྔོན་འགྲོ་སེམས་སྔོན་དུ་སོང་ནས། སྣང་ཤེས་རབ་སྟོང་གནས་ལུགས་ལ་བརྟགས་ཏེ། སྣང་བ་ནི་མ་འགགས་སྣ་ཚོགས་སུ་འཆར་བ་འདི་ཉིད་ཡིན་ལ། སྟོང་པའི་གོ་བ། བུམ་པ་ཆག་ནས་སྟོང་པའམ། བུམ་པ་སྣམ་བུས་སྟོང་པ་ལྟ་བུའི་སྟོང་པའམ། རི་བོང་རྭ་ལྟར་ཅང་མེད་སྟོང་པ་མིན། སྣང་དུས་ན་རང་རིག་དེའི་རང་བཞིན་གྱིས་སྟོང་པ་ཡིན། དེའང་ཀུན་རྫོབ་ཏུ་བདེན་པས་སྟོང་པ་སྒྱུ་མ་ལྟ་བུ་དང་། དོན་དམ་པ་ངོ་བོས་སྟོང་པ་ནམ་མཁའ་ལྟ་བུ། མདོར་ན་ཇི་ལྟར་སྣང་ཡང་། དེ་ལྟར་བདེན་པར་གྲུབ་པ་སྐྲ་རྩེ་ཙམ་ཡང་མེད། དེ་བཀག་པའི་སྟོང་པ་མིན། བྱས་པའི་སྟོང་པ་མིན། སྣང་བ་དེ་རང་ལ་ལྟོས་པའི་སྟོང་པ་ཁོ་ན་ཡིན་ནོ། །ཉམས་ལེན་ཐབས་དུས་ལུས་བསམ་གཏན་གྱི་འདུག་སྟངས་དང་ལྡན་པའི་ངང་ནས། དང་པོ་ཤེས་པ་བག་ཙམ་སྒྲིམ། མཇུག་ཏུ་ཀློད་ཀྱིས་ལྷོད། ལས་དང་པོ་པས་ཐུན་ཆུང་ལ་གྲངས་མང་བར་བྱ། དེ་ཐབས་བྱུང་ལྟར་བསྒོམས་པས་གསལ་བདེ་མི་རྟོག་པའི་ཉམས་གསུམ་འཆར་ཞིང་། །སེམས་གང་དུ་ཡང་མི་འཕྲོ་བ་གར་སྦྱིན་ལ་ལག་པ་བཞག་པ་འདྲ་བ་ལྷན་ནེ་གནས་པ་ཞིག་ཡོང་ཞིང་། ཆོས་ཉིད་སྤྲོས་བྲལ་གྱི་ངང་ལ་ཤེས་པ་ཡང་སྤྲོས་དང་བྲལ་བར་འཇོག་ལ། སེམས་མ་རྨུག་པའི་གསལ་ཆ་དང་། ཡུལ་རྐྱེན་ལ་མི་འཕྲོ་བའི་རྩེ་གཅིག་པའི་འཆར་སྒོ་ལ་ཞི་གནས། དེའི་རང་བཞིན་
༡༤༨ རྣམ་པར་མི་རྟོག་པ་ནམ་མཁའི་དཀྱིལ་ལྟར་ངོས་གཟུང་བྲལ་བ་ལ་ལྷག་མཐོང་དུ་བཏགས་ལ། དམིགས་པ་འཛིན་བློས་མ་རེག་པའི་སོར་འཇོག་ཉིད་དང་། རྗེས་ཤེས་རྨི་ལམ་སྒྱུ་མའི་ཚུལ་གྱི་སྤྱོད་ལམ་རྣམ་བཞིར་ཉམས་སུ་ལེན། ཡོད་མེད་བརྟགས་དཔྱད་ཀྱི་སྤུ་རིས་ཤུགས་འབྱུང་ལ་རིམ་གྱིས་རྩལ་སྦྱངས་པས། །མཐའ་བརྒྱད་སྤྲོས་པའི་དྲི་མས་མ་གོས་པའི་གནས་ལུགས་དང་ཞལ་མཇལ་ཏེ་མཆི་གསུངས། ཆོས་ཀུན་སྙིང་པོ་དབུ་མ་ཆེ། །མཁས་པ་དགའ་དགར་མ་དཔྱད་ཅིང་། །བླུན་བསྒོམ་ཡུལ་ལས་རྣམ་གྲོལ་བ། །མཐའ་བྲལ་མཆོག་གི་ལམ་ཆེན་ཉིད། བྱང་སེམས་ཟླ་རྒྱལ་གྱི་ཁྲིད་ལས་བཏུས་སོ། །བཀའ་གདམས་ལྐོག་ཁྲིད་ཀྱི་ཁྲིད་ཡིག །བཀའ་གདམས་ལྐོག་ཁྲིད་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རྡོ་ལེབ་གཅིག་བསམ། དེའི་སྟེང་དུ་རང་ལུས་བཞག །དེ་ལ་རྒྱལ་བསེན་ས་བདག་ཐིའུ་རང་བཞིས་ཕྱོགས་བཞི་ནས་ཐོ་བ་རེ་ཐོགས་ནས་བརྡུངས་པས་ཤ་ཁྲག་གི་ཟེག་མས་སུམ་གཉིས་ཙམ་བཀང་། རྒྱལ་བསེན་ས་བདག་ཐིའུ་རང་བཞིས་གྲི་རེ་རེས་གཏུབས། རྒྱལ་བསེན་ཀླུ་གསུམ་གྱིས་ཆགས་སྡང་རྨོངས་གསུམ་བསྐྱེད་དེ། རང་ཤ་རང་གིས་ཟ་བས། དེ་ནས་མདུན་དུ་བསེན་མོ་བཀུག་ནས་སྙིང་རྗེ་བསྒོམ། ལུས་ཤ་རུལ་བསེན་མོས་ཟོས་པས་ཚིམ་པར་བསམ། མོའ་སེམས་ཉིད་ཐིག་ལེ་སྙིང་ཁ་ནས་བྱུང་། སྣ་བུག་གཡས་ནས་མདུན་ན་གནས་པ། རང་སེམས་ཐིག་ལེ་ཡང་ཡར་རྒྱང་ཐོན་པར་བསམ། མོའ་སེམས་ཇེ་རིང་ཇེ་རིང་ལ་མཁའ་ལ་ཡལ། རང་སེམས་ཐིག་ལེ་མོའ་སྣ་བུག་གཡོན་དུ་ནུབ་སྟེ། མོའ་གཟུགས་ནམ་མཁའ་ལ་སྟོང་སངས་སངས་སོང་། །དེའི་ངང་ལ་བཞག །རྒྱལ་པོ་ལ་ལུས་སྦྱིན་པ་སྔར་དང་འདྲའོ། །གནོད་བྱེད་ཀླུ་མདུན་དུ་བཀུག །རོ་སྟོང་དུ་ཁོའ་ཕོ་བྲང་བསམ། ཕོ་བ་ཁྲག་དང་ཆུ་
༡༤༩ སེར་མཚོ་དང་། རྒྱུ་མ་ལང་ཁ་འཁོར་གྱི་སྤྲུལ་དང་སྲིན་བུ་ས་བདག་སྦལ་ལྕང་ལ་སོགས་པ་འཁོར་དང་། དོན་སྙིང་སྣ་ལྔ་རིན་ཆེན་ལྔ་དང་མི་གཙང་ལྗན་ལྗིན་དྲི་དང་སྤོས་སུ་བསམ། དོ་ནིས་ཁོའ་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཀོ་བ་སྐྱི་གྲིས་བཞར་བ་བཞིན་དུ་བྱུང་ནས་རང་ལ་སྨིན་པར་བསམ། རང་གི་དགེ་བདེ་ཐམས་ཅད་ཁོང་ལ་སྨིན་པར་བསམ། དར་ཅིག་བསྒོམ། ལམ་གཅིག་ཆོད། འདུན་མ་གཅིག་དྲིལ། རྟོགས་པ་འབུར་འཇོམས། གཉེན་པོ་བཅོམ་བརྡེག་ལས་ལམ་མི་བརྩི། ང་བདག་དེ་རིང་བརླག་ན་དེ་རིང་སངས་རྒྱ། སང་མེད་ན་སང་སངས་རྒྱ། ང་བདག་ནམ་མེད་ན་སངས་རྒྱ་བ་ཡིན་ནོ། ཀུན་ནས་མཐུལ་གྱོང་པོའ་སེམས། །དགའ་བཞིན་སྤྲུལ་མདུད་གྲོལ་ཚུལ་དུ། བདག་འཛིན་མཆོག་ཏུ་སྤོང་བའི་ཐབས། །དམིགས་ཐོ་ཡི་གེར་བཀོད་འདིའོ། །མཆིམས་ཀྱི་ཡིག་རྙིང་ལས་བཏུས་སོ། །ཐུབ་པའི་ཁྲིད་ཡིག །བཀའ་གདམས་ལྷ་བཞིའི་ཐུབ་པའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། མདུན་དུ་སེང་ཁྲི་པད་ཟླའི་གདན་ལ། ཞིང་འདིའི་བསྟན་པའི་བདག་པོ་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་འོད་འབར་བ་ཆོས་གོས་རྣམ་གསུམ་གསོལ་བས་གནོན་མཉམ་བཞག་རྡོ་རྗེ་སྐྱིལ་ཀྲུང་མཚན་དཔེས་བརྒྱན་པ་འོད་ཟེར་བཅུར་འཕྲོ་བ་ཞིག་བསམ་ལ། ལུས་ཀྱི་བཅའ་བ། སེམས་ཀྱི་བཞག་ཐབས་ལ། རྟེན་བཅས་ཀྱི་ཞི་གནས། རྟེན་མེད་ཀྱི་ཞི་གནས། ཆ་ཤས་ཀྱི་རྟེན་བཅས། རྫོགས་པའི་རྟེན་བཅས། སེམས་འཇོག །ཀུན་ཏུ་འཇོག །ངེས་པར་འཇོག །ཉེ་བར་འཇོག །དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུན་གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད། ལྷག་མཐོང་བསྒོམ། གང་ཟག་གི་བདག་མེད། ཆོས་ཀྱི་བདག་མེད། རྒྱུའི་
༡༥༠ བདག་མེད། ངོ་བོའ་བདག་མེད། མཉམ་བཞག་གིས་ལམ་དུ་བྱ། །རྗེས་ཐོབ་ཀྱིས་སྒྲོ་འདོགས་བཅད། བདག་མེད་ངོ་བོའ་རང་བཞིན་མེད། རྒྱུའི་རང་བཞིན་མེད། འབྲས་བུའི་རང་བཞིན་མེད། རྟེན་འབྲེལ་གྱི་རང་བཞིན་མེད། ཡུལ་རང་བཞིན་མེད། ཡུལ་ཅན་རང་བཞིན་མེད། ཆོས་ཐམས་ཅད་རང་བཞིན་མེད། དངོས་པོའ་རང་བཞིན་མེད། དངོས་མེད་རང་བཞིན་མེད། སྣོད་རང་བཞིན་མེད། སེམས་ཅན་རང་བཞིན་མེད། ཐུབ་པ་སངས་རྒྱས་ཀུན་འདུས་ཁྲིད། །དགའ་སྤྲོ་ཟུང་འབྲེལ་རྣམ་གྲོལ་མཆོག །མྱུར་བགྲོད་གདམས་པའི་དམིགས་པའི་ཐོ། ཡི་གེའི་སྒོ་ནས་གསལ་བར་བྱས། ཡིག་རྙིང་ལས་བཏུས་སོ། །མི་གཡོ་བའི་ཁྲིད་ཡིག །བཀའ་གདམས་ལྷ་བཞིའི་མི་གཡོ་བའི་ཁྲིད་ནི། །སྐྱབས་སེམས་སྔོན་དུ་སོང་ནས། སྟན་ལ་ལུས་གནད་བཅས་ཧཱུྃ་ལས་སྐད་ཅིག་གིས་ལྷའི་སྐུར་ཝལ་གྱིས་དམིགས་དུས། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཡེ་ཤེས་ཀྱི་རལ་གྲི་འཕྱར་ཞིང་། གཡོན་རྡོ་རྗེའི་ཞགས་པ་དང་བཅས་པས་ཐུགས་ཀར་སྡིགས་མཛུབ་མཛད་པ། དབུ་སྐྲ། སྨ་ར། སྨིན་མ་དམར་སེར་གྱེན་དུ་འབར་བ། དམར་ཞིང་ཟླུམ་པའི་སྤྱན་གསུམ་འཁྱུག་ཅིང་། ཚེམས་ཀྱིས་མ་མཆུ་མནན་པ། རིན་པོ་ཆེ་དང་ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གཡས་བསྐུམ་གཡོན་བརྐྱང་བ། བགེགས་ཀྱི་རྒྱལ་པོ་གླང་པོ་ཆེའི་སྣ་ཅན་གྱི་སྟེང་ན་བརྫིས་པ། སྤྲུལ་པའི་ཁྲོ་ཆུང་དུ་མའི་འཕྲོ་འདུ་དང་། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་གི་མཐར་ཡི་གེ་བཅུ་པས་བསྐོར་བ་ལས་དྲག་པོའ་མེ་ལྕེ་འཇིག་དུས་བསྐལ་པའི་མེ་ལྟར། ཚ་བ་རྩུབ་པ། དྲག་པ། རྣོ་བ། སྟོབས་ལྡན་ཤུགས་བཅས་མྱུར་བ་མཚན་ཉིད་བདུན་ལྡན་འབར། ཐོག་མར་ཧཱུྃ་སྔགས་ཕྲེང་དང་
༡༥༡ བཅས་པ་མེ་ནང་དུ་འུར་གྱིས་འབར་ཞིང་། །དེ་ལས་ཀྱང་མེ་ལྕེ་འཁྱོགས་པོས་རང་གི་ལུས་ནང་དམར་མེར་གང་ནས་ལུས་ཀྱི་སྒོ་དགུ་ནས་མེ་ལྕེ་སྦྲུལ་གྱི་ལྕེ་ལྟར་དམར་ཉུག་ཉུག་བྱུང་ཞིང་། མཐར་བ་སྤུའི་སྒོ་ཐམས་ཅད་ནས་དམར་ལམ་ལམ་མཆེད། ཕྱིའི་མེའི་གུར་ཁང་དང་འདྲེས་པ་ལས། འདོམ་དང་། མདའ་རྒྱང་དང་། རྒྱངས་གྲགས་དང་། དཔག་ཚད་ཀྱི་བར་དུ་ལྷབ་ལྷབ་འབར་ཞིང་མཆེད་པས། བསྟན་དགྲ་གདུག་པ་ཅན་རྣམས་དང་། ནད་དང་དལ་ཡམས་ཀྱི་བདག་མོ་མཐུ་མོ་ཆེ་རྣམས་རྒྱ་མཚོའ་མཐར་བསྐྲད་ཅིང་བྱེར་བར་དམིགས་ལ་སྔགས་བཟླ། སྤྱན་གཡས་པའི་ནང་དུ་ཡི་གེ་མཾ་ལས་ཉི་མའི་དཀྱིལ་འཁོར་གཅིག་བསམ། དེས་སངས་རྒྱས་ཀྱི་ཞིང་ཁམས་དང་། རྒྱུ་འབྲས་རྟེན་འབྲེལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་གཟིགས་པ་དང་། སྤྱན་གཡོན་པའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གཅིག་བསམ། དེས་ཆོས་ཐམས་ཅད་ཅིང་ཡང་མ་དམིགས་པའི་སྟོང་པ་ཉིད་དུ་གཟིགས་པ་དང་། སྤྱན་དེ་གཉིས་ཀྱི་དབུས་སུ། སྤྱན་ཁྲ་ཧུ་རེ་བ་ཞིག་བྱུང་། དེས་ཐབས་ཤེས་དབྱེར་མེད་ཞི་ལྷག་ཟུང་འཇུག་རྟག་ཆད་ཡོད་མེད་ལ་སོགས་དབྱེར་མེད་ཟུང་འཇུག་ཏུ་གསལ་ལེར་གཟིགས་པར་བསམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །འཕོ་བ་བྱེད་ན། ལུས་གནད་རླུང་སྦྱོར། ཡི་དམ་ཝལ་བསྒོམ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་བྱས་པས་ཆོས་ཐམས་ཅད་སྒྲ་བརྙན་ཙམ་དུ་བསམ། ཕཊ་བྱས་པས་སེམས་ཉིད་བྲག་ཆ་ཡལ་བ་ལྟ་བུར་བསམ། དགེ་བཤེས་སྣེ་ཟུར་བ་སྐུ་འདའ་ཁར། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཞེས་གསུང་ཞིང་ཅུང་ཞིག་བཞུགས་ནས་ཕཊ་ཅེས་གསུང་སྤྱན་གྱེན་ལ་ཧྲིག་མཛད་ནས་གཤེགས་སོ། །སྤྱི་བོའ་གཙུག་ཏུ་རླངས་པ་ཇ་ཁོག་ཁ་བྱེ་བ་ཙམ་བྱུང་ལོ། །མི་གཡོ་ཁྲོ་རྒྱལ་ཀུན་འདུས་ཁྲིད། །དགའ་སྤྲོ་ཟུང་འབྲེལ་རྣམ་གྲོལ་མཆོག །མྱུར་
༡༥༢ བགྲོད་གདམས་པའི་དམིགས་པའི་ཐོ། །ཡི་གེའི་སྒོ་ནས་གསལ་བར་བྱས། སྔོན་གྱི་ཡིག་རྙིང་ལས་བཏུས་སོ། །སྤྱན་རས་གཟིགས་ཀྱི་ཁྲིད་ཡིག །བཀའ་གདམས་ལྷ་བཞིའི་སྤྱན་རས་གཟིགས་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་ཉིད་པད་ཟླའི་སྟེང་ན་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པར་ལམ་གྱིས་གསལ་བའི་སྐུ་ལུས་ཀྱི་བ་སྤུའི་སྒོ་ཉི་མའི་འོད་ཅེས་པ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་དུ་མ་དང་། གསེར་གྱི་རི་ཁྲི། རི་རེ་རེ་ལ་ཡང་རྩེ་མོ་ཁྲི་ཉིས་སྟོང་། རིན་པོ་ཆེའི་ཁང་བཟང་སྐྱེད་ཚལ་རྒྱན་བཀོད་དུ་མས་བརྒྱན་པ། ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོགས་པ། བ་སྤུ་དེའི་ནང་ན་ཡང་རྒྱལ་བའི་དབང་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན་ལྷའི་གསེར་རི་བརྒྱད་ཁྲི་རིན་པོ་ཆེའི་བྲག་རི་ལྗོན་ཤིང་དག་དང་། ཟས་གོས་ལྷའི་རང་བཞིན་ལས་གྲུབ་པ་ལ། བྱང་ཆུབ་སེམས་དཔའ་དག་སྤྱོད་ཅིང་ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོག་གོ །བ་སྤུ་དེ་འདས་པ་ན་སྨན་ཆེན་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་། རྡོ་རྗེ། དངུལ། གསེར། ཨིནྡྲ་ནཱི་ལ། པདྨ་རཱ་ག །མར་གད། ཤེལ་གྱི་རི་རྩེ་མོ་བརྒྱད་ཁྲི་ཡོད་པ། དྲི་ཟའི་སིལ་སྙན་གྱི་སྒྲ་ལས་ཡི་གེ་དྲུག་པའི་ཆོས་ཀྱི་དབྱངས་འབྱིན་ཅིང་། གང་སེམས་ཐོག་མ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་སྟོང་པ་ཉིད་དང་མཚན་མ་མེད་པ་སེམས་ཏེ། ཀྱེ་མ་ཧོ་སྡུག་བསྔལ་ལོ། །སྐྱེ་རྒས་ན་འཆི་ལ་སོགས་ལ་སྐྱོ་བས་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲངས་ནས། དྲན་པ་མངོན་པར་བཞག་སྟེ་རི་དེ་དག་ལ་འཁོད་དོ། །བ་སྤུ་དེ་ཡང་འདས་པ་ན་སྣ་ཚོགས་པའི་རྒྱལ་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན་རང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མེ་འབར་བ་དང་། ཆར་འབེབས་པ་དང་། ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང་རིན་
༡༥༣ ཆེན་སྣ་བདུན་ལས་གྲུབ་པའི་རིའི་རྒྱལ་པོ་བརྒྱ་ཕྲག་སྟོང་དག་ལས་འདོད་དགུ་འབྱུང་བའི་དཔག་བསམ་སྡོང་པོ་རྩ་བ་མུ་ཏིག །ལོ་མ་གསེར་དངུལ། མེ་ཏོག་མན་ཤེལ་ལས་བྱས་པ་དག་ལས་རྒྱན་ཆ་དུ་མ་དང་། ཀཱ་ཤི་ཀཱའི་གོས་རྣམས་འཕྱང་ངོ་། །དེ་འདྲ་བའི་རི་དག་ལ་རང་སངས་རྒྱས་རྣམས་བཞུགས་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་ཡི་གེ་དྲུག་པའི་སྒྲར་སྟོན་ཏོ། །ཐམས་ཅད་ཀྱི་ཐ་མ་ན་བ་སྤུའི་ཁུང་བུ་རྒྱལ་མཚན་གྱི་རྒྱལ་པོ་ན་རིན་པོ་ཆེའི་རི་བརྒྱད་ཁྲི་བཞི་སྟོང་དཔག་བསམ་དང་། ཙནྡན་དང་། བྱི་རུའི་ཤིང་དེ་སྙེད་ཡོད་ཅིང་། རིན་པོ་ཆེ་འབར་བའི་ཁང་བརྩེགས་ན་དེ་བཞིན་གཤེགས་པའི་སྐུ་འཛམ་བུ་གླིང་དུ་མངོན་པར་ཕྱོགས་ཤིང་ཆོས་འཆད་པ་ཕར་ཕྱིན་དྲུག་གི་ཡི་གེ་དྲུག་ཏུ་སྟོན་པར་མཛད་པ་ཡང་བཞུགས་ཏེ། མདོར་ན་སྐྲ་ཙམ་ཁྱོན་ལ་དུས་གསུམ་གྱི་ཚད་སྙེད་ཀྱི། སངས་རྒྱས་བྱང་སེམས་བཞུགས་ནས་ཡི་གེ་དྲུག་པའི་སྒྲ་དབྱངས་སྒྲོག་ཅིང་། དེ་དག་ལས་བྱུང་བའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བ་སྤུའི་སྒོ་བྱེ་བ་ཕྲག་བརྒྱ་ནས་ཕྱུང་སྟེ། འགྲོ་དྲུག་གི་བག་ཆགས་སྦྱོང་བར་རྩེ་གཅིག་ཏུ་དམིགས་པའི་ངང་དང་མ་བྲལ་བར། ༀ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བགྲང་བ་ཉིད་དོ། །སྤྱན་གཟིགས་ཞི་ལྷ་ཀུན་འདུས་ཁྲིད། །དགའ་སྤྲོ་ཟུང་འབྲེལ་རྣམ་གྲོལ་མཆོག །མྱུར་བགྲོད་གདམས་པའི་དམིགས་པའི་ཐོ། །ཡི་གེའི་སྒོ་ནས་གསལ་བར་བྱས། མཆིམས་ཀྱི་ཁྲིད་དཔེ་ལས་བཏུས། མདོ་ཟ་མ་ཏོག་བཀོད་པ་སོར་བཞག་གོ །སྒྲོལ་མའི་ཁྲིད་ཡིག །བཀའ་གདམས་ལྷ་བཞིའི་སྒྲོལ་མའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་སེང་ལྡེང་ནགས་ཚལ་མེ་ཏོག་འབྲས་བུས་བརྒྱན་བའི་ལྗོན་ཤིང་དུ་མས་གཏིབས་པའི་དབུས་ན་པད་ཟླའི་གདན་ལ། འཕགས་མ་སྒྲོལ་མ་ལྗང་སེར་ཞལ་གཅིག་ཕྱག་གཉིས་ཨུཏྤ་ལའི་སྡོང་བུ་འཛིན་པ། སེམས་
༡༥༤ དཔའི་སྐྱིལ་ཀྲུང་རིན་པོ་ཆེ་དང་དར་གྱིས་བརྒྱན་པ། ཟླ་བའི་རྒྱབ་ཡོལ་ཅན། དབུ་སྐྲ་ལི་བ། འཛུམ་པའི་ཞལ་ཅན་དུ་གསལ་བའི་བ་སྤུའི་བུ་ག་ནས་རང་འདྲའི་སྒྲོལ་མ་ནམ་མཁའི་ཁམས་ཁྱབ་པ་སྤྲོས། འགྲོ་དྲུག་གི་སྡུག་བསྔལ་རྒྱུ་བཅས་བསལ། བདེ་བའི་གནས་ལ་བཀོད་པར་བསམས་ཏེ་ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཅི་ནུས་བཟླ་ཞིང་། འཇིགས་བརྒྱད་སོ་སོ་ལ་སེང་གེའི་འཇིགས་སྐྱོབ་སྒྲོལ་མ་སེང་གདོང་མཆེ་བ་གཙིགས་ཤིང་ལྕེ་གློག་ལྟར་འཁྱུག་པ། སྤྱན་སེར་མོ་མདོག་དམར། སྐྲ་སེར། ཐུགས་ཁར་མི་འཇིགས་སྦྱིན་པའི་ཕྱག་རྒྱ་མཛད་པ་རྒྱན་གྱིས་བརྒྱན་པ། སེམས་ཅན་རྣམས་སེང་གེའི་འཇིགས་པ་ལས་སྒྲོལ་བར་བསྒོམ། གླང་པོ་ཆེའི་འཇིགས་སྐྱོབ། སྒྲོལ་མ་གླང་གདོང་། ཤངས་མཐོ་ཞིང་མཆེ་བ་གཙིགས་པ། གསུས་པ་འཕྱང་བ་དུ་བའི་མདོག་ཅན། མཐེ་བོང་མངོན་པར་བརྐྱངས། ཕྱག་གཉིས་ཀྱིས་བསྡིགས་པར་མཛད་པ། སེམས་ཅན་རྣམས་གླང་པོ་ཆེའི་འཇིགས་པ་ལས་སྒྲོལ་བར་བསྒོམ། མེའི་འཇིགས་སྐྱོབ་སྒྲོལ་མ་དམར་མོ་འབར་བའི་གདོང་ཅན། ཞལ་བདུན། ལྗགས་བདུན། སྐྲ་གྱེན་དུ་འབར་ཞིང་ཕྱག་གཉིས་པདྨའི་ཕྱག་རྒྱ་མཛད་ཅིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་ཐམས་ཅད་མེའི་འཇིགས་པ་ལས་སྒྲོལ་བར་བསྒོམ། སྦྲུལ་གྱི་འཇིགས་སྐྱོབ་སྒྲོལ་མ་ཁ་དོག་ནག་མོ་སྦྲུལ་མགོའ་གདེངས་ཀ་བཅུ་དང་ལྡན་ཞིང་། སྐྲ་གྲོལ་བ། རྒྱན་གྱིས་བརྒྱན་པ། ཕྱག་གཉིས་ཀྱིས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་ཅིང་། སེམས་ཅན་སྦྲུལ་གྱི་འཇིགས་པ་ལས་གྲོལ་བར་བསྒོམ། ཆོམ་རྐུན་འཇིགས་སྐྱོབ་སྒྲོལ་མ་སྐུ་མདོག་ལྗང་གུ། ཞལ་ཁྲོ་གཉེར་བསྡུས་པ། དབུ་སྐྲ་གྱེན་དུ་བརྗེས་པ། ཕྱག་གཡས་རལ་གྲི། གཡོན་སྡིགས་མཛུབ་རྒྱན་གྱིས་བརྒྱན་པ། བཞེངས་པ། སེམས་
༡༥༥ ཅན་རྣམས་ཆོམ་རྐུན་གྱི་འཇིགས་པ་ལས་སྒྲོལ་བར་བསྒོམ། ལྕགས་སྒྲོག་འཇིགས་སྐྱོབ་སྒྲོལ་མ་སྐུ་མདོག་དམར་མོ། །གཡས་པས་ལྕགས་ཀྱུ་དང་གཡོན་པས་ཞགས་པ་འཛིན་ཅིང་། རྒྱན་གྱིས་བརྒྱན་པ། བཞེངས་པ། སེམས་ཅན་རྣམས་ལྕགས་སྒྲོག་གི་འཇིགས་པ་ལས་སྒྲོལ་བར་བསྒོམ། ཆུའི་འཇིགས་སྐྱོབ་སྒྲོལ་མ་སྐུ་མདོག་དཀར་མོ། །ཕྱག་གཡས་ལྕགས་སྒྲོག །གཡོན་སྡིགས་མཛུབ། ཞི་བའི་སྐུ་བཞེངས་པ། སེམས་ཅན་རྣམས་ཆུའི་འཇིགས་པ་ལས་སྒྲོལ་བར་བསྒོམ། ཤ་ཟའི་འཇིགས་སྐྱོབ་སྒྲོལ་མ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཀུནྡ་དང་ཟླ་བའི་མདོག་ཅན། རྒྱན་གྱིས་བརྒྱན་པ། ཕྱག་གཡས་མཆོག་སྦྱིན་དང་གཡོན་མི་འཇིགས་པའི་ཕྱག་རྒྱ་མཛད་ཅིང་། སེམས་ཅན་རྣམས་ཤ་ཟའི་འཇིགས་པ་ལས་སྒྲོལ་བར་བསྒོམ། རེ་རེ་ལ་ཡང་མོས་གུས་དུང་དུང་དང་འབྲེལ་བར་ཡི་གེ་བཅུ་པ་བཟླས་ལ། ཏཱ་ར་ཏཱ་ར་ཅེས་གཉིས་ཀྱིས་སྔགས་འདི་དང་། མཐར་ཏཱ་ར་མཁྱེན་ཅེས་བརྗོད་དོ། །སྒྲོལ་མ་ཞི་ཁྲོ་ཀུན་འདུས་ཁྲིད། །དགའ་སྤྲོ་ཟུང་འབྲེལ་རྣམ་གྲོལ་མཆོག །མྱུར་བགྲོད་གདམས་པའི་དམིགས་པའི་ཐོ། །ཡི་གེའི་སྒོ་ནས་གསལ་བར་བྱས། མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་སོ། །པོ་ཏོ་བའི་དཔེ་ཆོས་ཀྱི་ཁྲིད། །པོ་ཏོ་བའི་དཔེ་ཆོས་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྣོད་ཁ་སྦུབ། ཞབས་རྡོལ། དྲི་མ་ཅན་ཏེ་སྣོད་སྐྱོན་གསུམ་གྱིས་མ་གོས་པ་དགོས་ཚུལ། ང་རྒྱལ། ཆེད་གཉེར་མེད། རྣམ་གཡེང་ཡིད་འདུས། སྐྱོ་བའི་དྲི་མ་ལྔ་དང་བྲལ། དོན་ཚིག་བརྡ་མགོ་བ་ལོག་པར་འཛིན་པའི་ཡུལ་ལས་བཟློག་ལ། དད་པ། འདོད་པ། ཡིད་ཆེས། ཕྱིར་མི་ལྡོག་པའི་དད་པ་བཞི་སྟོབས་བསྐྱེད་དེ། མན་ངག་དཔེའི་སྒོ་ནས་སྔོན་པ། ཨ་ཕའི་སྐད་དུ་ཁ་ཆེམས་རླུང་། ཞེས་མཚམས་
༡༥༦ སྦྱར་ནས། སྐྱབས་འགྲོའི་མཐུན་དཔེ་འཁོར་ལོས་བསྒྱུར་རྒྱལ་ནས། གཉེན་སྒྲོན་བར་ཉེར་བཞི་མི་མཐུན་ཕྱོགས། བྲག་ཕུག་ཁ་བྱང་བསྟན་ནས་བྲ་བ་བསད་པའི་དཔེ་དེ་བཅུ་དྲུག་གི་བརྡ་སྦྱར། དལ་འབྱོར་རྙེད་དཀའི་མཐུན་དཔེ་མཁར་ཐོག་རྩ་ནས་སོ་ཁའི་མཁར་བར་བཅུ་གཉིས་སོ། མི་མཐུན་ཕྱོགས། བྱིས་པའི་སྣེ་ཟེན་ནས་ལ་ཆ་གྲང་མོའ་བར་བཅུ་དྲུག །མི་རྟག་པའི་མཐུན་དཔེ་འདི་ན་མི་དགའ་ནས་རྒན་པོ་སྐྱེས་ཀྱི་བར་སོ་དགུ། མི་མཐུན་ཕྱོགས་ཤིང་སྦར་ནས་སྤང་ཐང་བར་བཅུ་དྲུག །ལས་རྒྱུ་འབྲས་ཀྱི་མཐུན་དཔེ་བཟང་ལེན་ནས་སྟོང་གསུམ་བྲན་ཁོལ་བསད་ཀྱང་རུང་གི་བར་ཉེར་དགུ། མི་མཐུན་ཕྱོགས་སྐལ་ཆད་ནས། ཇ་ཐུག་དྲང་བར་ཉེར་བཞི་སྟེ་འདི་ཡན་གྱི་སྐྱེས་བུ་ཆུང་ངུའི་ལམ་རྫོགས་ནས། འཁོར་བའི་ཉེས་དམིགས་ལ་མཐུན་དཔེ་དགའ་བོ་ནས་མཐའ་མཐོང་བར་བཅུ་གསུམ། མི་མཐུན་ཕྱོགས་ལ་རྙོང་ལ་སྤྲེའུ་ནས་ཟང་སྦ་བར་བཅུ་དྲུག་གོ །དེ་ལྟར་འཁོར་བ་ལ་ངེས་པར་འབྱུང་ནས་སོ་ཐར་གྱི་སྒོར་འཇུག་པའི་ཚུལ་ཁྲིམས་ལ་མཐུན་དཔེ་རྟ་ལ་སྲབ་ནས་ལྷ་གཉིས་བཞིན་གྱི་བར་བཅུ་བཞི། མི་མཐུན་ཕྱོགས་ཡུར་ཅུ་གཙང་པོ་ནས་རྒྱལ་བཙུན་སྤུན་གྱི་བར་བཅུ་གཉིས། ལྟོགས་ན་ནད་པ་བོན་པོ་རྟ་ནས་ཁང་བུ་རྙེད་ཀྱི་བར་སྐྱེས་བུ་འབྲིང་གི་ལམ་རྫོགས། མཐུན་པའི་ཡུལ་སྐྱེས་བུ་དམ་པའི་མཐུན་དཔེ། གསེར་གྱི་ཁྲོན་རྡོལ་ནས། ར་འདེད་འདྲའི་བར་བཅུ་གཅིག །མི་མཐུན་ཕྱོགས་ཤིང་གི་རང་འཐགས་ནས་འགོ་མེད་གླང་འདྲར་ཕྱིང་བུའི་བར་བཅུ་གཉིས། སློབ་མའི་མཐུན་དང་བུ་ཆུ་ཁ་ཅན་ཁ་མེད་ནས་ཤེས་རབ་ཡོན་ཏན་བར་བཅུ། མི་མཐུན་ཕྱོགས་ལ་ངང་པ་རྒྱ་གར་ནས་ཨ་ན་ལའི་བར་བཅོ་ལྔ། བླ་མ་བརྟེན་ཚུལ་མཐུན་དཔེ་བུ་ཆུང་བྱེད་ཕྲུག་མལ་རག་ནས་ལུད་པ་ཐོབ་པའི་བར་བཅུ། མི་མཐུན་ཕྱོགས་ལ་ཤིག་འཆའ་ནས་སྤྲེའུ་ཡི་ཟས་ཀྱི་བར་བརྒྱད། རང་གི་
༡༥༧ ལེགས་སྨོན་ལམ་མཐུན་དཔེ། བུར་སྒོར་ནས་ངེད་ཀྱི་རྣ་གཏམ་བར་དྲུག །མི་མཐུན་ཕྱོགས་ཨ་མ་ང་།།།ནི་ནས། རྟ་གཡག་ར་དང་བྱའི་བར་ལྔ། བསོད་ནམས་བསགས་པའི་མཐུན་དཔེ་ཨ་ཏི་ཤ་ནས་སྟན་ལ་འདུག་པའི་བར་བཅུ་གཉིས། མི་མཐུན་ཕྱོགས། མི་ཁོམ་ལུས་བླངས་ནས་ནོར་བུ་བཙོངས་པའི་བར་བཅུ་གཉིས། མདོར་ན་བསླབ་ལྡན་དགེ་སློང་འཁོར་ལོ་བཞི་ལྡན། དེས་ཐེག་ཆེན་ལམ་དུ་འཇུག་པའི་མཐུན་དཔེ་འགྲོས་ལམ་ནས་བདུད་རྩི་འདྲ་བའི་བར་ལྔ། མི་མཐུན་ཕྱོགས་ལ་ཆུ་ཤིང་ནས་འཆི་བའི་བར་ལྔ། དེ་ཡང་བྱས་པ་ཤེས་ཤིང་དྲིན་གཟོ་བསྒོམ་པའི་མཐུན་དཔེ། འབུ་སྲིན་ནས་རལ་གྲི་དགྲའི་བར་བཞི། མི་མཐུན་ཕྱོགས་དཔེ། བུ་སྟོར་ཆུས་ཁྱེར་མ་སྐྱེས་དགྲ་གསུམ། བྱམས་པ་ལ་མཐུན་དཔེ། མ་ནི་བུ་ལ་ནས་རྒྱལ་ཤོའ་བར་དྲུག །མི་མཐུན་ཕྱོགས་སྲེག་བྱེད་མེ་ནི་ནས་མ་ལ་སྒྲིག་བར་དྲུག །སྙིང་རྗེའི་མཐུན་དཔེ་དམུས་ལོང་འབྲོག་འཁྱམས་ནས་ཡུལ་སྣ་གདོང་བར་ལྔ། མི་མཐུན་ཕྱོགས་སྔགས་པར་བསད་ནས་ཁྲ་སྤྱང་བར་བཞི། སྨོན་སེམས་ཀྱི་མཐུན་དཔེ། ཆུ་འདོད་ནས་ཆོས་བདུན་བསླབ་བར་ཉེར་གཉིས། མི་མཐུན་དཔེ་དགྲ་བོ་ཡུལ་འབྱིན་ནས་སྔགས་པ་མར་འཚོང་དཔེ་འབྱུང་བར་ཉེར་གཅིག །སྨོན་སེམས་སྐྱེས་ནས་རང་སྨིན་པར་ཕར་ཕྱིན་དྲུག་གི་སྦྱིན་པའི་མཐུན་དཔེ་ཟང་ཟིང་སྦྱིན་པ་སྤྲུལ་ལྐོགས་ནས་ཁོ་མཁས་བར་ལྔ། ཆོས་སྦྱིན་དགོན་པའི་དགེ་སློང་། ཁ་ཏོན་ཀློག་གཉིས། མི་འཇིགས་སྦྱིན་རྒྱལ་རིགས་འཇིགས་པའི་རབ་བྱུང་གཉིས། །མི་མཐུན་དཔེ་ཟང་ཟིང་ལ་མར་ལ་ཏི་ཏོས་ནས་བྱང་བའི་སྟོན་མོ་བར་བཞི། ཆོས་སྦྱིན་གྱི་མེས་ཚིག་རྒོད། མི་འཇིགས་པའི་སེང་གེ། ཀོང་བུ་ལྷག་གཉིས། ཚུལ་ཁྲིམས་མཐུན་དཔེ་སྡོམ་པའི་ཁྲིམས་ལ། རྩ་བའམ་མི་གཙང་ནས་
༡༥༨ གསེར་འབུམ་བར་བཅུ་དགུ། དགེ་བ་ཆོས་སྡུད་ལ། རླན་གྱི་སྡུད་སྐྱེད་རྐང་མིག་ལྡན་གཉིས། སེམས་ཅན་གྱི་དོན་བྱེད་ལ་ཕ་མ་མི་སྐྱོ་ནས་རང་ལུས་བར་བཞི། མི་མཐུན་ཕྱོགས་ལ། སྡོམ་པའི་ཚུལ་ཁྲིམས། མི་མཐུན་ཕྱོགས་ཀྱི་ཁྱི་འདྲ་ནས་བཏེགས་ནས་འདབས་བར་བཅུ་གསུམ། དགེ་བ་ཆོས་སྡུད་ལ། མེས་བསྲེགས་འདབ་གཤོགས་མེད་པའི་བྱ་གཉིས། སེམས་ཅན་དོན་བྱེད་སྣམ་བུ་བོར་བཙོངས་ནས་ཕན་གནོད་སྐྱེལ་བར་ལྔ། བཟོད་པའི་མཐུན་དཔེ། ས་དང་ནས་རྟག་ཏུ་ངུའི་བར་བཅུ་གཉིས། མི་མཐུན་ཕྱོགས་ཁྱི་ཁལ་མི་ཐེག་ནས། ཁ་དེ་མངར་བར་བཅུ་དྲུག །བརྩོན་འགྲུས་ལ་མཐུན་དཔེ་ཆ་ཁར་ཐོབ་འདྲ་ནས། །ཉུང་ཐུག་འཐུང་བར་བཅོ་བརྒྱད། མི་མཐུན་ཕྱོགས་དཔེ་དྲོད་ལྐོག་མེད་ནས་སེ་མོ་འབྲུ་བར་བཅུ་གཉིས། བསམ་གཏན་གྱི་མཐུན་དཔེ་དྲི་མེད་སྣོད་དུ་ཆུ་གཙང་ནས། སྐུ་མཐོང་ཤིག་བར་བཅུ་གཅིག །མི་མཐུན་ཕྱོགས་མ་དག་སྣོད་འདྲ་ནས་བྱང་པ་མོ་བཞིན་རྟག་མེད་འདྲ་བའི་བར་བཅུ་གསུམ་ཏེ་ཐབས་ཀྱི་ཁྱད་པར་དུ་བྱས་པ་ཡིན། ད་ནི་ཤེས་རབ་ཀྱི་ཕར་ཕྱིན་མཐུན་དཔེ། སྐྱེས་བུའི་མིག་ནས་བུམ་བཟང་བར་སོ་ལྔ། མི་མཐུན་ཕྱོགས་བརྒྱ་ཕྲག་ནས། སྨིག་རྒྱུ་སྙེགས་པའི་བར་ཉེར་ལྔ། ཐེག་པའི་མཐར་ཐུག་སྔགས་ཀྱི་ཡོན་ཏན་ལ་མཐུན་དཔེ་ལག་གི་བཟོ་བྱེད་ནས། མར་ཛ་བར་དྲུག །མི་མཐུན་ཕྱོགས་བོད་ན་མི་འདུག་ནས། ང་ལ་ཆ་མེད་ཨ་བོ་ཟེར་གྱི་བར་བཅུ་གསུམ། ལམ་གྱི་རྩ་བ་བླ་མ་མཉེས་པར་བྱ་དགོས་པའི་མཐུན་དཔེ་ལ། ཕུ་ཆུ་རྫིང་ནས་ཨ་ཏི་ཤ་དང་། རིགས་ངན་བཞིན་བར་བདུན། མི་མཐུན་ཕྱོགས་ཕ་མེས་ནས་རྐང་མགྱོགས་བར་དྲུག །མཇུག་སྔོ་བའི་མཐུན་དཔེ། གསེར་དངུལ་མགར་བ་ནས་འབྲེལ་ཐག་བཅད་བར་དགུ། མི་མཐུན་ཕྱོགས་ལ་སྐར་མདའ་ནས་རྟོག་པས་ཕུལ་བར་བཅུ། ཐམས་ཅད་
༡༥༩ ཀྱི་དོན་བསྡུ་བ་ནི། དགྲ་ཟིན་ཕྱེ་བར་བཞི། ཟན་རྡོག་གཅིག་ལ་གཙུབ་ཤིང་མེ། །རྟག་ཏུ་ངུ་དང་ནོར་བཟང་བཞིན། ཅེས་པ་སྟེ་དཔེས་དོན་གོ་བར་བསྐྱེད་ནས་སྐྱེས་བུ་གསུམ་ལ་བློ་སྦྱང་བ་ཞིག་ཡིན་སྣང་ངོ་། །ཆོས་ཀུན་དཔེ་འདྲ་ཡིད་དགའི་གནས། །མཐོང་གྲོལ་མཆོག་ཏུ་བློ་སྦྱོང་པའི། །པོ་ཏོའ་གདམས་པ་རིན་སྤུངས་ཀྱི། །གནད་འདོམས་ཡི་གེའི་ལམ་འདིར་བཀོད། ཧོར་ཀ་བཞི་པའི་ཁྲིད་དཔེ་ལས་བཏུས་སོ། ཐིག་ལེ་བཅུ་དྲུག་གི་ཁྲིད་ཡིག །ཐིག་ལེ་བཅུ་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རྟེན་དཀྱིལ་འཁོར་གྱི་ཐིག་ལེ་བཞི། བརྟེན་པ་ལྷའི་ཐིག་ལེ་དྲུག །རྩ་བརྒྱུད་བླ་མའི་ཐིག་ལེ་དྲུག །བཅུ་དྲུག་པོ་ཟུང་འཇུག་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །དང་པོ་བཞི་ནི། སྤྱིར་ཕྱིའི་བཀོད་པ་བསམ་གྱིས་མི་ཁྱབ་པའི། སྒོས་སྟོང་གསུམ་མི་མཇེད་ཀྱི། ཡང་དགོས་བོད་ཁ་བ་ཅན་གྱི། ཞེ་སྒོས་དབུ་རུ་བྱང་ཕྱོགས་ཀྱིའོ། །དང་པོ་ནི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་སོགས་མཚན་ཉིད་ཡོངས་རྫོགས་བཏུད་ནས་བལྟས་ན། སྟེང་ༀ་དཀར། ཤར་མ་ཡང་དཀར། ལྷོ་ཎི་སེར། ནུབ་པད་དམར། བྱང་མེ་ལྗང་། འོག་ཧཱུྃ་སྔོན་པོའ་རྣམ་པར་སྣང་བ་ནང་གི་དབུས་སུ་པད་དཀར་སྟོང་ལྡན་ཟླ་བ་ཞུན་མའི་གདན་དང་བཅས་པའོ། །གཉིས་པ་ནི། ཐུབ་པ་ཆེན་པོ་རྣམ་སྣང་གངས་ཅན་མཚོ་གསེར་མདོག་ཆོས་འཆད་སྤྲུལ་སྐུའི་ཆ་བྱད་ཅན། གསུམ་པ་ནི། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ཕྱག་སྟོང་སྤྱན་སྟོང་། སྐྱིལ་ཀྲུང་མཛད་པ། བཞི་པ་ནི་འབྲོམ་ཤེལ་གྱི་ཁྱེའུ་བཞེངས་པ། གཡས་ཤེལ་འཕྲེང་འདྲེན་ཚུལ། གཡོན་ཤེལ་གྱི་འཁར་བའི་རྩེ་མོར་བད་དཀར་འདབ་སྟོང་གི་དབུས། ཡུམ་ཆེན་མོ། །གཡས་སུ་ཐུབ་པ། གཡོན་དུ་དེ་དང་ཐ་མི་དད་པའི་ཇོ་བོ། འདབ་སྟོང་ལ་བསྐལ་བཟང་
༡༦༠ གི་སངས་རྒྱས་སྟོང་བཞུགས་པའོ། །ཡི་དམ་དྲུག་ནི། ཡུམ་ཤེར་ཕྱིན་གསེར་མདོག་ཕྱག་བཞིའི་གཡས་དང་པོ་རྡོ་རྗེ་རྩེ་དགུ་པ། གཡོན་དང་པོ་མཉམ་གཞག །གཡས་གཉིས་པ་ཕྲེང་བ། གཡོན་གཉིས་པ་པོ་ཏི་འཛིན་པ། རྡོ་རྗེའི་སྐྱིལ་ཀྲུང་། རིན་པོ་ཆེའི་རྒྱན་ཅན། ཐུབ་པ་བདུད་འདུལ་ས་གནོན་མཉམ་གཞག །སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། སྒྲོལ་མ་ཞི་བ་ལྗང་སེར། སེང་ལྡེང་ནགས་སྒྲོལ། སྒྲོལ་མ་ཁྲོ་མོ་ལྗང་ནག །ཕྱག་བཞི་གྲི་ཐོད། ཌཱ་མ་རུ་དང་ཁ་ཾ་ག་།རུས་རྒྱན། དབུ་སྐྲ་དམར་སེར། གཡོན་བརྐྱང་བཞེངས་སྟབས། མི་གཡོ་བ་བརྐྱང་བསྐུམ་ཀྱིས་ཚོགས་བདག་མནན་ཅིང་། གླང་ལྤགས་བསྣམས་པ། རལ་གྲི་ཞགས་པ་འཛིན་ཅིང་། དབུ་སྐྲ་ཁམ་སེར་སྦྲུལ་རྒྱན་ཅན་ནོ། །བླ་མ་ལྔ་ནི། ཡབ་ཇོ་བོ། སྲས་འབྲོམ། རྒྱ་ཆེན་སྤྱོད་པའི། ཟབ་མོ་ལྟ་བའི། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པས་བསྐོར་བའི་བྱམས་པ་འཇམ་དབྱངས་རྡོ་རྗེ་འཆང་ངོ་། །བཅུ་དྲུག་པ་ནི། །སངས་རྒྱས་ཆོས་སྐུ་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་ཐམས་ཅད་ཀྱང་ཡེ་ཤེས་རྣམས་ལྷ་སྐུ་གསལ་རྫོགས་དང་། བཅོ་ལྔ་པོ་ཐམས་ཅད་ཀྱི་ཕྱི་ལྷ་སྐུ། ནང་གཞལ་ཡས་ཁང་བཅུ་དྲུག་པའི་ཐུགས་ཀའི་ནང་དུ་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་རྟེན་དང་བརྟེན་པའི་ཚུལ་ཐིག་ལེ་དཀར་སེར། སྤྲོས་ན་ནམ་མཁའ་ཁྱབ་པ། བསྡུ་ན་སྲན་མ་ཕྱེད་གཤགས་དང་། མཐར་ཉུངས་ཀར་སྦོམ་པོ་ཙམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་སྣང་འོད་ཟེར་ལྔ་འཕྲོ་བ་ལ་སེམས་རྩེ་གཅིག་བཟུང་ཞིང་བསྒོམ། རྗེས་དྲན་ལྔ་དང་འབྲེལ་བར་བྱ་སྟེ། བཟླས་པའི་སྐབས། ཡུམ་ཆེན་མོ་ལ། ཏདྱ་ཐཱ་ག་ཏེ་སོགས། ཐུབ་པ་ལ་ༀ་མུ་ནེ་མུ་ནེ་སོགས། སྤྱན་རས་གཟིགས་ལ་ཡི་གེ་དྲུག །སྒྲོལ་མ་ལ་ཏཱ་རེ་ཏུཏྟཱ་་
༡༦༡ རེ་སོགས། སྒྲོལ་མ་ཁྲོ་མ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། མི་གཡོ་བ་ལ། ༀ་ཙཎྜ་མ་ཧཱ་རོ་ཥ་སོགས་བཟླ་ཞིང་། དབང་པོའ་སྒོ་མ་ལུས་པ་བསྡམས་ཏེ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །བཀའ་གདམས་ཀུན་གྱི་ཡང་སྙིང་བཅུད། །དགའ་དང་སྤྲོ་བའི་རྣམ་གྲོལ་མཆོག །མྱུར་དུ་སྟེར་བྱེད་རྣམ་གྲོལ་འདི། །གླེགས་བམ་ནང་བཞིན་ཁོལ་ཕྱུང་བྲིས། ཐིག་ལེ་བཅུ་དྲུག་གི་ཁྲིད་ཡིག་འདི་སྨྱུག་ལ་པཎ་ཆེན་གྱི་ཟིན་བྲིས་སྟེང་ནས་ཐོབ་ཀྱང་། འདི་ནི་གླེགས་བམ་རང་ལ་ཞིབ་དཔྱོད་བྱས་པའི་སྙིང་པོར་དྲིལ་ནས་བྲིས་པའོ། །ཤེས་ཕྱིན་བཀའ་བབས་ཁྲིད་ཡིག །ཤེས་ཕྱིན་བཀའ་བབས་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བདེ་བའི་འབྱུང་གནས་སྟེང་དགའ་ལྡན་ལྷ་ཡུལ་གྱི་རྒྱལ་ཚབ་བྱམས་པ་ལས་མཁྱེན་གསུམ། སྦྱོར་བཞི། འབྲས་བུ་ཆོས་སྐུ་སྟེ་སྐབས་བརྒྱད། སྟན་ཐོག་གཅིག་ཏུ་བསྒོམ་ཚུལ་ཉིད་ལམ་གྱི་སྲོག་ཏུ་བཞག་ནས། དེའི་ཡིད་ཆེས་ཀྱང་ལོངས་སྤྱོད་ཀྱི་འབྱུང་གནས་འོག་ཀླུའི་ཡུལ་ནས་ཡུམ་རྒྱས་པ་བཅུ་དྲུག་དུམ་སྤྱན་དྲངས་པ་ལ་རྒྱས་པར་ཕྱེ་ན། སྔར་གྱི་སྐབས་བརྒྱད་དང་། དོན་བསྡུས་དྲུག་ཏུ་འབྱེད་པ་དང་། གསུམ་དུ་འབྱེད་པ་རྣམས་རིག་པའི་འབྱུང་གནས་བྷང་ག་ལའི་མཁས་པ་པཎྜི་ཏའི་དཔྱད་སྒོམ་རྣམ་དབྱེ། ལུང་རིག་གི་རྣམ་འབྱེད། དེ་ཡང་ལམ་བསྐྱེད་པའི་གོ་རིམ་ངེས་བྱེད་བཞི་སོགས་རིམ་སྦྱོར། ཡོན་ཏན་གྱི་འབྱུང་གནས་ལྷོ་ཕྱོགས་བཻ་ཏའི་ཡུལ་ལས་བྱུང་བའི་བསྟན་རིམ་དང་། ཕར་ཕྱིན་དྲུག་པོ་རེ་རེར་ཡང་དྲུག་དྲུག་འདུས་པའི་ཚུལ་སྟོན་པ་བཀའི་བསྡུ་བ། བྱིན་རླབས་ཀྱི་འབྱུང་གནས་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོ་མའི་གསུང་ནས་བརྒྱུད་པ་དང་། དེ་དག་ལ་ཡང་སེམས་ཀྱི་ཟུག་རྔུའི་སྡུག་བསྔལ་མ་ལུས་པ་ཞི་བར་བྱེད་པ་ངོ་མཚར་གྱི་འབྱུང་གནས་
༡༦༢ བི་ཤྭ་ཀོ་ཊ་ཙནྡན་གྱི་གླིང་ནས་འབྱུང་བ་རྣམས་ཀྱི་དྲིལ་དོན་ཡང་དཔྱད་ངོར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། འཇོག་ངོར། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ཞེས་ཁོངས་སུ་ཆུད་པར་བྱ་བ་ཉིད་དོ། །བཀའ་བབས་ཀུན་གྱི་སྙིང་པོ་འདི། །རང་རིག་དགའ་བ་ཆེན་པོའ་དབྱིངས། །རྣམ་གྲོལ་མཆོག་གི་ཕོ་བང་ཆེ། །ཡུམ་དོན་ཡི་གེས་གསལ་བྱས་འདིའོ། །རོང་སྟོན་གྱི་ཁྲིད་ཡིག་ལས་བཏུས་སོ། །ཞི་བྱེད་ལམ་ལྔའི་ཁྲིད་ཡིག །ཞི་བྱེད་ལམ་ལྔའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ལམ་ལྔ་དཀའ་ཐུབ་གསུམ་གྱི་སྲང་ནས་འདོན། ཚོགས་ལམ་བློ་སྦྱོང་། སྦྱོར་ལམ་དཀའ་ཐུབ། མཐོང་ལམ་རྗེས་སྦྱོར། བསྒོམ་ལམ་རོ་སྙོམས། མཐར་ལམ་བྱ་བྲལ་ལོ། །བློ་སྦྱོང་ལ་རྟེན་སྤྱི་བོར་པདྨའི་སྡོང་པོ་པདྨ་ཉི་ཟླ་ལ་དངོས་ཀྱི་བླ་མ་གཟི་མདངས་ལྡན་པ། བརྒྱུད་པའི་བླ་མ་བཞི་བརྩེགས་ཀྱི། །དམ་པ་རྒྱ་གར་སྐུ་མདོག་སྨུག་ལ་དམར། །དབུ་སྐྲ་ཡོ་འབོག་གི་སྡོང་པོ་ལྟར་གཟིགས་པ། སྣང་སྲིད་ནོན་པ་གོང་འོག་བརྩེགས་ཏེ་བཞུགས་པ། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི། མཚན་ཉིད་སྒྲ་རིག་བླ་མ་བཅུ་གཅིག །གཡོ་བ་རླུང་གི་བླ་མ་བཅུ་གཅིག །བདེ་བ་ཉམས་ཀྱི་བླ་མ་བཅུ་གཅིག །ཕྱག་རྒྱ་བརྡའི་བླ་མ་བཅུ་གཅིག །རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུའོ། །ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག །ཐུགས་དམ་བདེ་བར་གཤེགས་པའི་བླ་མ་བཅུ་གཉིས། ཀུན་ཀྱང་ཆ་ལུགས་ཀྱི་སྤྲོས་པ་མེད་པ་ནམ་མཁའི་གོས་ཅན་ནོ། །བདག་གི་སྙིང་ག་ནས་འོད་ཟེར་བྱུང་སྟེ་མཆོད་པ་ཕུལ། བླ་མ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གང་དུའང་མ་འོངས། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ་
༡༦༣ ཨཾ་ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙཱ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་པ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ལན་བཞིར་བརྗོད། གསང་སྔགས་བཟླས་བརྗོད་ཀུན་ཐིམ། ༀ་སྐུའི་ས་བོན་དཀར་ནར་བྱུང་ལུས་ཁེངས། ཨཱཿགསུང་གི་ས་བོན་དམར་ལྷུག་གི་བྱུང་། ནང་ཁེངས། ཧཱུྃ་ཐུགས་ཀྱི་ས་བོན་སྔོ་ཕྲེང་བྱུང་། ལུས་བདེ་བས་གང་། ཧྲཱིཿཡོན་ཏན་གྱི་ས་བོན་ཁ་དོག་སྣ་ཚོགས་བྱུང་། ལུས་སེམས་སྟོང་རྗེན་གྱུར་པར་བསམ་མོ། །ངོ་སྤྲོད་ལམ་ཁྱེར་ལ་རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག །སྒལ་ཚིགས་བསྲང་། མགྲིན་པ་དགུག །དཔུང་པ་བརྒྱང་། མཆུ་སོ་མལ་དུ་གཞག །མིག་སྣ་རྩེར་དབབ། མིག་སྣ་སེམས་གསུམ་དྲིལ། རྟོག་མེད་རང་ལུགས་སུ་བཞག་རྗེས་སྣང་ཚད་བདེན་མེད། སྐམ་ཐག་ཆུ་ནང་ནས་ཆོད། ༀ་ཨཱཿཧྲཱི་གུ་རུ་སིདྡྷི་ཧཱུྃ། སྙིང་པོ་འབྲུ་བརྒྱད་གདུང་ཤུགས་བཅས་འདྲེན། དངོས་ཀྱི་བླ་མ་མི་བསྟིམ། དེ་ཉིད་ཀྱི་བྱིན་རླབས་ཞུགས་པར་བསམ། ཐུན་གཏོང་བའི་ཚེ་འགྲུབ་པར་གྱུར་ཅིག །ཅེས་བརྗོད། སྦྱོར་ལམ་དཀའ་ཐུབ་ཀྱི་ལམ་ལ། གཞན་སྔར་དང་འདྲ། ཁྱད་པར་བླ་མ་ལོངས་སྐུ་མཚན་དཔེས་བརྒྱན་པར་བསམ་མོ། །ཨཱ་ལི་ཀཱ་ལི་ལན་བཞིར་བརྗོད། གཟུགས་ལྷ་སྒྲ་སྔགས་ཡིད་ཡེ་ཤེས་བཞི་པ་སྔར་དང་མཚུངས་སོ། །སྤྱི་བོའ་བླ་མའི་སྐུའི་ས་བོན། རྣམ་སྣང་དཀར་པོ་ཡུམ་དང་ཞལ་སྦྱོར། མགྲིན་པར་གསུང་གི་ས་བོན། འོད་དཔག་མེད་དམར་པོ་ཞལ་སྦྱོར། སྙིང་གར་ཐུགས་ཀྱི་ས་བོན། མི་བསྐྱོད་པ་སྔོན་པོ་ཞལ་སྦྱོར། ལྟེ་བར་ཡོན་ཏན་གྱི་ས་བོན། རིན་འབྱུང་སེར་པོ་ཞལ་སྦྱོར། པད་ཟླ་ལ་སྐྱིལ་ཀྲུང་དུ་བཞུགས་པ། དབང་བཞི་བླང་བ་མཚུངས་སོ། །ཕྲ་རགས་ཀྱི་རྟོག་པ་ལ་སྤྱན་ལྔས་བལྟ། རུས་སྦལ་སྤྱན་བཙུམ་ལ་བལྟ། མགྲོན་བུ་སྤྱན་བག་ཙམ་ཕྱེ་ལ་ཟིམ་མེ་བལྟ། ཟླ་ཚེས་སྤྱན་ཅུང་
༡༦༤ ཟད་ཕྱེ་ལ་བལྟ། མཁལ་མ་སྤྱན་ཅུང་ཟད་དཔངས་བསྟོད་ལ་བལྟ། ཟླ་བ་ཉ་གང་སྤྱན་བགྲད་དེ་བལྟ། ཆུན་བདོ་བ་ལ་བཤིག་ཅིང་རྗེས་བློ་དང་བྲལ་བ་ནི་ཀུན་ལ། ༀ་ཨཱཿཧྲཱིཿགུ་རུ་སིདྡྷི་ཕ་ལ་ཧཱུྃ། སྔ་མ་ལྟར་གསོལ་བ་བཏབ་བོ། །མཐོང་ལམ་རྗེས་སྦྱོར་ལ་མི་འདྲ་བའི་ཁྱད་པར་བླ་མ་གཅེར་བུ་རུས་པའི་རྒྱན་ལྡན། ཨཱ་ལི་ཀཱ་ལི་བཞི་རུ་བརྗོད། སྣང་གྲགས་ངོ་བོ་བླ་མ། རྣམ་པ་ཡི་དམ་ལྷ། སྐྱེ་མེད། གནས་མེད། འགག་མེད། གྲུབ་མེད། སྣང་སྟོང་། གྲགས་སྟོང་། དྲན་སྟོང་གཉིས་སུ་མེད། དབང་བཞི་དམིགས་པའི་རང་བཞིན་མེད་པར་གྲོལ་ཕྱིར། ལྟ་སྟངས་བསྒྱུར་ཏེ་ཉན་ཐོས་ཐུར་དུ། རང་རྒྱལ་གྱེན། སེམས་དཔའ་སྟེང་། སེམས་མ་གཡོན། བདེ་གཤེགས་ཐད་ཀར། དེ་དག་གི་དུས་སེམས་གྲིམས་ལྷོད་ཀུན་དཀའ་ཐུབ་དང་མཚུངས་སོ། །ༀ་ཨཱཿཧྲཱི་གུ་རུ་ཛི་ན་མི་ཏྲ་ཧཱུྃ། བསྒོམ་ལམ་རོ་སྙོམས་ལ། མི་འདྲ་བའི་ཁྱད་པར། བླ་མ་སྐུ་ཆ་ལུགས་ངེས་མེད་བསྒོམ། ཨཱ་ལི་ཀཱ་ལི་བཞིར་བརྗོད། སྣང་གྲགས་བླ་མའི་སྐུ་གསུང་ཐུགས། བདེ་སྟོང་གཉིས་སུ་མེད། དབང་བཞི་དམིགས་པའི་ཁྱད་པར་འཁོར་ལོ་བཞིར། བདེ་གཤེགས་རྣམས་གསལ་བཏང་། དབང་ཡང་གོ་རིམ་མེད་པར་བླང་ངོ་། །ཨ་འཐས་ཀྱི་དངོས་འཛིན་ལ་འཇིགས་པར་བྱེད། གྲལ་རིམ་སྒྱེལ་བ་རྒྱ་ཡན་གྱི་གནང་། འདུག་པའི་སྤྱོད་ལམ་ལྔ། སྐྱིལ་ཀྲུང་། ཕྱེད་སྐྱིལ། ཙོག་པུར། མ་བསྙེས་ང་། རྒྱལ་པོ་རོལ་པ། འགྲོ་བ་ལྔ་ནི། འགྲོ་བ། འགྲོ་འཕྲོ་ལ་འཆམས། རྒྱུག་པ། རྒྱུགས་འཕྲོ་ལ་འཆམས། ངལ་གསོ། །ལངས་པ་ལྔ་ནི། ལངས་ཀ་།ཕྱེད་ལངས། གོས་ཆགས་བྱེད་པ། གོམ་པ་འདོར་བ། ཉལ་བ་ལྔ། གཡས་ཉལ། གཡོན་ཉལ། གན་རྐྱལ། ཁ་སྦུབ། མགོ་གཏུམས་སོ། །དེ་དག་རེ་རེ་
༡༦༥ ལ་ཆུན་བདོ་བ་ལ་འཇིག་ཅིང་བཤིག །བཤིག་རྗེས་ཀློད་ལ་རྗེན་ནེ་བཞག་གོ །མཐར་ལམ་བྱ་བྲལ་ལ་མི་འདྲ་བའི་ཁྱད་པར། བླ་མ་མཆོག་གི་སྤྲུལ་པ་དགེ་སློང་གི་ཆ་ལུགས་ཅན་ནོ། །ཡི་གེ་ལན་བཞིར་བརྗོད། སྣང་གྲགས་སྣང་ལ་རང་བཞིན་མེད་པར་ནམ་མཁའི་སྤྲིན་དེངས་པ། རྒྱ་མཚོ་ལ་འཁྱགས་ཞུ་བ་ལྟར་རོ། །དབང་བཞི་དམིགས་པ་འཁོར་ལོ་བཞིའི་སྤྱི་བོར་རྣམ་སྣང་ཞུ་ནས་ཡུམ་ལ་ཐིམ། ཡུམ་སངས་རྒྱས་མཁའ་འགྲོ་དཀར་མོ་འཁོར་ལོ་ཐོད་ཁྲག །གཞན་སྣང་ཟིལ་གྱིས་གནོན། ལོངས་སྤྱོད་འཁོར་ལོ་འོད་དཔག་མེད་ཡང་སྔར་བཞིན་ཞུ། པད་མ་མཁའ་འགྲོ་དམར་མོ་པད་མ་ཐོད་ཁྲག །གཞན་སྣང་བདག་གི་དབང་དུ་སྡུད། ཆོས་འཁོར་མི་བསྐྱོད་པ་སྔར་བཞིན་ཞུ། ཡུམ་རྡོ་རྗེ་མཁའ་འགྲོ་སྔོན་མོ་རྡོ་རྗེ་ཐོད་ཁྲག །གཞན་དབང་དུ་འདུས་པའི་གདུལ་བྱ་འདུན་པར་བྱས། སྤྲུལ་འཁོར་རིན་འབྱུང་ཡང་ཞུ། ཡུམ་རིན་ཆེན་མཁའ་འགྲོ་སེར་མོ། །རིན་པོ་ཆེའི་ཐོད་ཁྲག །གཞན་དད་པར་གྱུར་པའི་ཡིད་ཆོས་ཀྱིས་ཚིམ། ཕྱིན་ཆད་སེམས་ཅན་གྱི་དོན་ལས་རང་དོན་དུ་ལྟ་རྒྱུ་མེད་དེ་མི་ལྟ། ལྟ་རི་ཤི་།བལྟ་ནའང་ང་ལ་སྡིག །སེམས་ཅན་གྱི་དོན་མ་གཏོགས་རང་དོན་དུ་མི་བསྒོམ། སྒོམ་རི་ཤི། བསྒོམས་ནའང་ང་ལ་སྡིག །སེམས་ཅན་གྱི་དོན་མ་གཏོགས་རང་དོན་དུ་མི་སྤྱོད། སྤྱོད་རི་ཤི། སྤྱོད་ནའང་ང་ལ་སྡིག །སེམས་ཅན་གྱི་དོན་མ་གཏོགས་རང་དོན་དུ་མི་བསྒྲུབ། སྒྲུབ་རི་ཤི། བསྒྲུབས་ནའང་ང་ལ་སྡིག་སྙམ་དུ་རང་ལ་འཁྲིས་པའི་འཛིན་ཞེན་བཤིག །ༀ་ཨཱཿཧྲཱིཿགུ་རུ་བྷཱུ་ཧཱུ་ཀུ་རུ་ཧཱུྃ། དཀའ་ཐུབ་སྲང་དཔེ་གསུམ། གང་ཟག་གསུམ། དུས་གསུམ། བསྐུར་ལུགས་གསུམ་མོ། །སྒྲོ་འདོགས་གཅོད་པ་ཉན་ཐོས་ལྟ་བུ། གཅིག་པུར་སྒྲུབ་པ་རང་རྒྱལ་ལྟ་བུ། གཞན་
༡༦༦ དོན་ཉམས་ལེན་བྱང་ཆུབ་སེམས་དཔའ། གང་ཟག་གསུམ། བྱ་བ་སྤང་། འཇིག་རྟེན་སྤང་། གསོག་འཇོག་མེད། དུས་རབ་ཞག་གསུམ། འབྲིང་གཉིས། ཐ་མ་གཅིག་གོ །བསྐུར་ལུགས། ལམ་འོག་མ་འོག་མ་མཐར་མ་ཕྱིན་བར་གོང་མ་ཉམས་སུ་ལེན་མི་གཞུག་གོ །བྱ་བྲལ་འབྲས་བུ་ནི། རབ་ཚེ་འདི་ཉིད་དུ། འབྲིང་འཆི་ཁར། ཐ་མ་བར་དོ་ལ་ཡོན་ཏན་བརྒྱུད་ནས་འབྱུང་ངོ་། །ཞི་བྱེད་ཀུན་གྱི་གནད་ཚང་བ། དགའ་མོ་སེམས་ཀྱི་ངག་སྟེགས་འདི། །རྣམ་གྲོལ་ལུགས་ལས་རང་གྲོལ་གྱི། །མཆོག་ཏུ་སྙིང་པོ་ཁོལ་དུ་ཕྱུང་། རོང་སྟོན་ཤེས་བྱ་ཀུན་རིག་གི་ཁྲིད་ཡིག་ལས་བཏུས་སོ། །སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ཁྲིད་ཡིག །སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། འཁོར་ལོ་དང་པོར་གསུངས་པའི་ལམ་ཁྲིད་འདུས་བྱས་མི་རྟག །ཟག་བཅས་སྡུག་བསྔལ་བའི་གོ་བས་ལས་འབྲས་སྤང་བླང་དཀར་ནག་སྦུ་འབྱེད་ལ་ཡིད་ཆེས་སུ་བསྟན་ནས་དཔྱད་པའི་རྒྱུ་ལ་འབྲས་བུ་འབྱུང་བར་ངེས་པའི་ཡིད་ཆེས་ཁོ་ནས་རང་གཞན་སྡིག་སྤོང་དགེ་སྒྲུབ་ལ་ནན་ཏན་རྗེས་སུ་བསྒྲུབ་སྟེ། ལས་འབྲས་འཆོལ་བར་སྤྱོད་པའི་གྲོགས་ངན་སྤང་། ལས་འབྲས་བསླུ་མེད་དུ་སྟོན་པའི་དགེ་བའི་བཤེས་གཉེན་བསྟེན། ཐོས་བསམ་བསྒོམ་པའི་ལམ་ལ་འབུང་ཞིང་། ལུས་ངག་ཡིད་གསུམ་བླངས་པ་ཁས་ལེན་གྱི་ཡུལ་དུ་གྲུབ་པའི་གནས་དང་ལྡན་པ་ལ་དགའ་བ་བསྒོམ། ཉེས་བྱས་ཕྲ་བ་ནས་སྤང་བླང་བྱ་སྟེ། ཁྲིམས་ཀྱིས་རང་རྒྱུད་དག་པ་གལ་ཆེ། རྒྱལ་བས་བསྔགས་པའི་བས་མཐའི་རི་བོ་རྣམ་གཡེང་མེད་པའི་སྤྱིལ་བུར་འཁོར་བ་ལ་ཡིད་འབྱུང་བའི་བློས། གང་ལའང་མི་ཆགས་མི་ཞེན་པའི་སྤོབས་པས་སེམས་ནང་དུ་བཅུག་ལ་འཁོར་ལོ་བར་བར་གསུངས་པའི་དམིགས་རྟེན་ཤིང་བུ། རྡེའུ་མེ་ཏོག་སོགས་གང་རྙེད་མདུན་དུ་བཞག །
༡༦༧ སེམས་ཡུལ་ལ་འཕྲོ་བའི་རྒྱུན་ལམ་འགོགས་བྱེད་ཡིད་རྩེ་གཅིག་ཏུ། ལུས་སྐྱིལ་ཀྲུང་དུ་ཕབ། ལག་པ་མཉམ་བཞག །སྒལ་ཚིགས་དྲང་པོར་བསྲང་ངོ་། །མིག་འབྲས་དམིགས་རྟེན་ལ་གཟིར་ནས། མགྲིན་པ་སྒུ། སོ་མཆུ་མ་རེག་ཙམ་བྱ། ཡུལ་རྐྱེན་གང་གིའང་རྗེས་སུ་མི་འབྲང་། གསལ་ལེ། སིང་ངེ་འཇོག་ཅིང་སོ་སོར་རྟོག་པའི་ཤེས་རབ་ཀྱི་རལ་གྲི་རྣམ་རྟོག་ཡུལ་ཅན་གྱི་ལྗོན་ཤིང་རྦད་ཆོད་དུ་བཏང་ནས། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་ངང་ལ་བཞག་གོ །བྱིང་རྨུགས་ཀྱི་དབང་དུ་གཏན་ནས་མི་གཏང་། ཤེས་པ་ངར་བསྐྱེད། མྱང་འདས་ཞི་བདེའི་རོ་མི་མྱོང་། རྩ་བ་ཕུང་བྱེད་བདག་ཏུ་འཛིན་པ་དྲུངས་ནས་འབྱིན་བྱེད་ཁོ་ནས། སྙེམས་སུ་སྣང་བའི་རྟག་ཆད་གཡང་སའི་མཐའ་བཅད་ཡུལ་མི་ལེན་པའི་བྱིང་བ་ཆེན་པོ་འཕྱི་བ་ཚང་ཞུགས་འདྲ་བའི་མུན་པ་བསལ། རང་རིག་རང་གསལ་རང་རྒྱུད་ཀྱིས་བསྡུས་པའི་ཡིད་ཆེས་སུ་འཛིན་པ་མི་དཀྲུགས། རིག་ལམ་ངོར་གྲུབ་པའི་བློས་བྱས་སྟོང་པར་གོ་བ་མི་ལེན། ཡུལ་དང་ཡུལ་ཅན་དགྲ་གྲོགས་སུ་ཕྱེ་བའི་ཞལ་ཆེ་མི་གཅོད་པར་གང་ཤར་སྟོང་པའི་རང་གཟུགས་སུ་ཐག་རྦད་བཅད། རང་མྱོང་དཔང་པོ་ཅན་གྱི་སོ་སོར་རྟོག་ཅིང་རྗེས་མི་མཐུད་པར་རང་གྲོལ་སྦྲུལ་མདུད་ལྟར་ལ་བསླབ། མཉམ་བཞག་རྗེས་མེད་དེའི་ངང་ནས་རྗེས་སྤྱོད་རྒྱལ་བའི་བཀའི་བཅས་མཚམས་ལ་མིག་འབྲས་བཞིན་བསྲུང་། ལྟ་བ་ཡངས་ཞིང་སྤྱོད་པ་ཞིབ་པ་ལ་ནན་ཏན་རྗེས་སུ་བསྒྲུབ་པ་ཉིད་དོ། །བསྒོམ་རིམ་ཐོག་མཐའ་ཀུན་བསྡུས་ནས། །རབ་དགའི་སྤོབས་པ་རྣམ་གྲོལ་མཆོག །ལྟ་སྤྱོད་ཟུང་འབྲེལ་གནད་སྟོན་པའི། །ཡི་གེ་འདི་ཉིད་གཅེས་པར་ཟུངས། རོང་སྟོན་ཤེས་བྱ་ཀུན་རིག་གི་ཁྲིད་ཡིག་ལས་བཏུས་སོ། །བྱམས་ཆོས་
༡༦༨ ལྔའི་ཁྲིད་ཡིག །བྱམས་ཆོས་ལྔའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཐོག་མར་མཆོད་བརྗོད་དང་འབྲེལ་བར། མངོན་རྟོགས་རྒྱན་གྱི་སྙིང་པོ་དྲིལ་དོན་ལ་ཚོགས་ལམ་དུ་ཡུལ་མཁྱེན་གསུམ་ལ་དམིགས་ཏེ་བསྒྲུབ། ངོ་བོ་སྦྱོར་བ་བཞིས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་བསྒྲུབ། བསམ་པ་གོ་ཆའི་སྒྲུབ་པ་ནི། སྐྱབས་འགྲོ་སྔོན་དུ་སོང་བའི་སྦྱིན་པ་གསུམ། ཉན་རང་ཡིད་ལ་བྱེད་པ་སྤང་བ་ཚུལ་ཁྲིམས། མི་སྙན་པ་བཟོད་པ། ཐེག་པ་ཆེན་པོའ་འཁོར་ལ་འདུན་པ་བརྩོན་འགྲུས། ཐེག་པ་གཞན་དང་མ་འདྲེས་པ་བསམ་གཏན། བྱང་ཆུབ་ཏུ་བསྔོ་བ་ཤེས་རབ་སྟེ་འཁོར་གསུམ་དུ་མི་རྟོག་པས་ཟིན་པར་བྱའོ། །སའི་ཚོགས་ཕ་རོལ་ཏུ་ཕྱིན་པ་བཅུ། གཙོ་བོའ་ས་སྦྱོང་ངོ་། །མདོ་སྡེ་རྒྱན་གྱི་སྙིང་པོ་དྲིལ་ཐོ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་སུ་ལེན་པ་ནི། མ་དག་སའི་མོས་སྤྱོད། དག་པ་སའི་ལྷག་བསམ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་སུ་བླང་། ཕན་ཡོན་ལས་སྦྱོར་བའི་བསམ་པ་ཐེག་པ་ཆེན་པོའ་ཆོས་ལ་མོས་པ་བསྐྱེད། རང་དོན་དུ་ཆོས་ཚོལ་བ་ལ་འདུན་པ་མ་ལོག་པའི་ངང་ནས། གཞན་དོན་དུ་སྦྱོར་བ་ཆོས་སྟོན་པ་དང་། དངོས་གཞི་རང་དོན་དུ་ཆོས་བདག་ཉིད་བསྒྲུབ། གཞན་དོན་གདམས་ངག་དང་རྗེས་གདམས་བསྟན། རྗེས་ལ་རང་གཞན་གཉིས་ཀའི་སྤྱོད་པ་ཐབས་ཀྱིས་ཟིན་པར་བྱ། དག་པ་སའི་སྤྱོད་པ། རྒྱ་ཆེ་བའི་དང་ཟབ་པའི་སྤྱོད་པའོ། །ཕན་ཡོན་ནི་ཐེག་པ་ཆེན་པོའ་ཆོས་ཉམས་སུ་བླངས་པས་ཉོན་མོངས་པའི་ནད་ཞི་བ་དང་། བསྒྲུབས་ན་ཡོན་ཏན་ལ་དབང་ཐོབ་པ་དང་། སེམས་ལ་བཅངས་ན་འདི་ཕྱིའི་དོན་མ་ལུས་པ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཆོས་ཉིད་རྣམ་འབྱེད་ཀྱི་སྙིང་པོ་དྲིལ་དོན་ལ། རང་སེམས་ཚོགས་བརྒྱད་ཀྱི་རྟོག་པར་སྣང་བ་འདི། །ཆོས་ཉིད་ངོ་མ་ཤེས་པར་སྐྱེ་
༡༦༩ ཡང་བདེན་པར་མེད། འདི་མི་སྣང་བར་ཆོས་ཉིད་སྣང་བ་བདེན་ཅས་ངོ་སྤྲོད། ནང་སེམས་དང་ཕྱི་སྣོད་བཅུད་དུ་སྣང་བའི་འཁྲུལ་རྟོག་ཞེན་པས་ཉོན་མོངས་པ་བསྐྱེད། རྟོག་པ་དང་གཉིས་སྣང་འགགས་པའི་ཤེས་པ་ཆོས་ཉིད་དུ་གནས་པས་མི་རྟོག་པའི་ཡེ་ཤེས། རྗེས་ལ་ཞེན་མེད་སྒྱུ་མ་ལྟ་བུར་འཆར་རོ། །དབུས་མཐའ་རྣམ་འབྱེད་ཀྱི་དྲིལ་དོན་ནི། འཇིག་རྟེན་བློས་སྤངས་ནས་སེམས་ཅན་གྱི་དོན་དུ་བྱང་ཆུབ་བསྔོ་བ། ཚོགས་དང་སྦྱོར་བའི་དུས་སུ་བརྩམས་པ། ས་དང་པོ་ལ་སྒྱུ་མ། བརྒྱད་པ་ལ་རྒྱུ་མཐུན་སྤྱོད། ས་བཅུ་དང་སངས་རྒྱས་ས་ལ་ཕ་རོལ་ཏུ་ཕྱིན་པ་འགྲུབ། ཐབས་བདག་གཞན་མཉམ་པར་མོས་པ། གཞན་གྱི་ཕ་རོལ་ཏུ་ཕྱིན་པ་ཏིང་ངེ་འཛིན་དབང་འབྱོར་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱ་ཕྱིར་གྲོགས་ཆོས་སྤྱོད་བཅུ་དང་ཞི་གནས་གཡེངས་མེད་ལྷག་མཐོང་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ཉིད་ཡིན་ལ། ཐེག་ཆེན་རྒྱུད་བླར་ཞབས་བསྔོ་བ་གསུངས་པས་འཇུག་རྟེན་གྲུབ་པའི་དྲིལ་དོན་ནི། གོང་དུ་བཤད་པའི་བྱམས་པའི་ཆོས་སྡེ་བཞིའི་སྙིང་པོ་རང་བཞིན་འོད་གསལ་རྡོ་རྗེའི་གནས་བདུན་དཔེ་དགུས་རྒྱས་པར་འཆད་པ་ཉིད་དེ། གཟུང་འཛིན་གཉིས་སྣང་གི་གཡའ་ཡིས་གཉུག་མའི་ཡེ་ཤེས་ལ་དེར་འཛིན་བྲལ་བའི་རང་རིག་རང་གསལ་ཉིད་དུ་ཐག་བཅད་ནས། རིག་པས་ཆད་ལྟ་བསལ་བས་རྟག་ལྟའི་འཕྲང་བཀག་སྟེ། སེམས་ཀྱི་རང་བཞིན་ནམ་མཁའ་བཞིན་དུ་འགྱུར་བ་མེད་པས། ཡང་དག་པར་མིན་རྟོག་ལས་བྱུང་བའི་ཉོན་མོངས་པས་གོས་པ་མེད་པའི་དབྱིངས་ངོ་འཕྲོད་པ་དེ་སྐལ་བ་དང་ལྡན་པ་ལ་བྱམས་གཞུང་ཉིད་ལ་མཛུབ་མོས་ཁྲིད་དེ་བརྡར་སྦྱོར་བ་ཉིད་དོ། །བྱམས་ཆོས་རྣམ་ལྔ་ཀུན་གྱི་ཁྲིད། །ཨུ་དུམ་མེ་ཏོག་རེས་འགའ་ལྟར། །དགའ་བས་དྲངས་པའི་རང་གྲོལ་བློས། །ཡིད་ཆེས་མཆོག་གི་སྣེ་ཙམ་
༡༧༠ བཀོད། །བཅོམ་ལྡན་འདས་རིག་པའི་རལ་གྲིའི་ཁྲིད་དཔེ་ལས་ཅུང་ཟད་ཙམ་བཏུས་སོ། །རང་སྟོང་གི་ལྟ་ཁྲིད། རང་སྟོང་གི་ལྟ་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གཞི་དབུ་མ་ཐ་སྙད་སྣང་ཙམ་དགེ་མི་དགེ་ཕྲ་ཞིང་ཕྲ་བ་ནས་ཉམས་སུ་ལེན། མཉམ་གཞག །འགག་མེད། སྐྱེ་མེད། ཆད་མེད། རྟག་མེད། འོངས་མེད། འགྲོ་མེད། ཐ་དད་མིན། གཅིག་མིན། སྤྲོས་པའི་མཐའ་བརྒྱད་དང་བྲལ་བ། རྗེས་ཐོབ་སྒྱུ་མ་ལྟ་བུ་ཡུན་རིང་དུ་བསྒོམ། གོམས་ན་སྟོང་པ་ཉིད་ཀྱི་སྒྲ་ཐོས་པའི་དུས་སུ་ཡིད་བདེ་ཆེན་པོ་འབྱུང་ཞིང་ལུས་ཀྱི་བ་སྤུ་ལྡང་། མིག་མཆི་མ་འཁྲུགས། ཐེག་པ་ཆེན་པོའ་རིགས་སད། གནད་དོན་མངོན་སུམ་དུ་རྟོགས། སྤང་བྱ་ཉོན་མོངས་པ་ལས་གྲོལ། ཉམས་ལེན་སྤྲོས་བྲལ་ལ་འཛིན་མེད་ཞེན་མེད་དུ་སྐྱོང་། ལུས་ངག་གི་དགེ་སྦྱོར་གཙོ་བོར་མི་བྱ། སྤྲོས་བྲལ་གྱི་དོན་ལ་བརྟན་པ་མ་ཐོབ་ན། ལུས་ངག་གི་དགེ་སྦྱོར་གཙོ་བོར་བྱེད་དགོས། མཐར་འཛིན་སྤྲོས་པའི་ཚོགས་རྣམ་ཀུན། །སྤྲིན་བྲལ་མཁའ་བཞིན་དགའ་སྤྲོའི་ངང་། །དེ་ཡང་རང་གྲོལ་འཛིན་བྲལ་བའི། །མཆོག་གི་ལྟ་ཁྲིད་ཡི་གེར་བཀོད། པ་ཚབ་ཀྱི་ཁྲིད་དཔེ་ལས་བཏུས་སོ། །གཞན་སྟོང་གི་ལྟ་ཁྲིད། གཞན་སྟོང་གི་ལྟ་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། འཁྲུལ་པ་ལ་བདེན་ཞེན་ཀུན་བརྟགས། ཡང་དག་མ་ཡིན་པའི་ཀུན་རྟོག་ཉིད་གཟུང་འཛིན་དངོས་པོར་ཞེན་པ་ཐག་ཁྲ་སྦྲུལ་བཞིན་གཟུགས་ནས་རྣམ་མཁྱེན་གྱི་བར་ཇི་སྙེད་ལ། དེ་དང་དེར་བཟུང་བའི་ཀུན་བརྟག་ཀྱང་དེ་སྙེད། རྒྱུ་རྐྱེན་ལ་ལྟོས་ན་གཞན་དབང་སྣ་ཚོགས་སུ་སྣང་བ་ཡང་དག་མ་ཡིན་རྟོག་པ་ཙམ་དུ་ཟད་ལ། སྦྲུལ་དུ་འཁྲུལ་པའི་གཞི་ཐག་ཁྲ། ལས་དང་ཉོན་མོང་རྣམ་རྟོག་དུ་གྱུར་པའི་གཟུགས་ནས་རྣམ་མཁྱེན་གྱི་བར། གཞན་དབང་རྣམས་ལ་གདོད་མ་ནས་
༡༧༡ ཁྱབ་པའི་ཆོས་ཉིད་རང་བྱུང་ཐག་ཁྲ་ལ་ཁྱབ་པར་ཡོད་པའི་ནམ་མཁའ་བཞིན་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ། འགྱུར་མེད་ཡོངས་གྲུབ། གཟུགས་སྐུ་གཉིས། བྱང་ཕྱོགས་ལམ་བདེན་རྣམས་དང་ཆོས་ཉིད་ཀྱི་གཟུགས་ནས་རྣམ་མཁྱེན་བར། ཐ་སྙད་དུ་ཀུན་བརྟག་མཚན་ཉིད་ཀྱིས་སྟོང་། ངོ་བོ་ཉིད་མེད་གསུམ་དུ་བཞག་ཀྱང་། དཔྱད་ན། སེམས་ལས་མ་གཏོགས་པའི་གཟུང་འཛིན་མེད་པའི་ཕྱིར་ཆོས་ཅན་གཞན་དབང་དང་། ཆོས་ཉིད་ཡོངས་གྲུབ་ཁོ་ན་དྲི་མ་དང་བྲལ་ཞིང་ལྷུན་གྱིས་གྲུབ་པའི་ཆོས་ཉིད་གཅིག་པུ། དེས་ན་ཀུན་བརྟག་རང་གི་ངོ་བོས་སྟོང་པ་ཉིད་རི་བོང་གི་རྭ་ལྟ་བུ། གཞན་དབང་ཀུན་བརྟགས་ཀྱིས་སྟོང་པས་སྒྱུ་མ་ལྟ་བུ། ཡོངས་གྲུབ་ཀུན་བརྟག་གཞན་དབང་གཉིས་ཀར་གྱིས་སྟོང་པས་ནམ་མཁའ་ལྟ་བུ། ཀུན་བརྟག་གཞན་དབང་གི་ཐ་སྙད་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་དུ་མེད་ལ། ཆོས་ཉིད་ཡོངས་གྲུབ་ནི་དོན་དམ་དུ་ཡོད་ཀྱི། ཆོས་ཅན་ཀུན་རྫོབ་དང་ངོ་བོ་གཅིག་ཐ་དད་གང་ཡང་མ་ཡིན་པ་མཐའ་ཐམས་ཅད་དང་བྲལ་བའི་དབུ་མ་ཆེན་པོའོ། །ཆོས་ཀུན་མཚན་ཉིད་གསུམ་བསྡུས་ནས། །གཉིས་སྣང་གཡའ་ཡིས་མ་གོས་པའི། །དགའ་བ་རང་གྲོལ་མཆོག་གི་ཁྲིད། །འདིར་ནི་ཡི་གེར་གསལ་བར་བྱས། བཙན་ཁ་བོ་ཆེའི་ཁྲིད་དཔེ་ལས་བཏུས་སོ། །སྦས་དོན་ཀྱི་ཁྲིད་ཡིག །སྦས་དོན་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རབ་དྲན་རིག་སྐད་ཅིག་མའི་སྟེང་དུ་བསྐྱེད་རྫོགས་ཡེ་རྫོགས་སུ་གཉུག་མ་གཅེར་མཐོང་། འབྲིང་གཤིས་སྐྱེ་མེད། གདངས་འགག་མེད་ལྷར་འཆར་བའི་རྩོལ་མེད་སོ་མ། ཐ་མ་བསྒོམ་པའི་ངོ་བོ་བཟོ་མེད་ཤུགས་འབྱུང་སྟེ། ཐ་མའི་ལམ་རིམ་འདི་དཀྱུས་སུ་མཛད་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིར་མཛད་པ་ལས། དགྲ་བགེགས་ཚར་གཅོད་དང་། སྐལ་ལྡན་
༡༧༢ རྗེས་འཛིན་གཉིས་ལས་དམར་ནག་འཇིགས་གསུམ་བསྐྱེད་རིམ་དང་འབྲེལ་བར་རྫོགས་རིམ་སྤྲོས་མེད་རྣལ་འབྱོར་བཞི། སྤྲོས་མེད་ལ་དཔྱལ་ལོ་མཐའ་བྲལ་ལམ་བྱེད། དམིགས་གཅིག་མ་ཆགས་ལོའ་འོད་གསལ་ལམ་འཇུག །གློ་ལོ་བིར་ཝའི་།།།།རྡོ་རྗེའི་ཚིག་རྐང་ལ་བརྟེན་པའི་སྤྲོས་མེད་རྒྱས་པ། དཱ་ན་ཤཱི་ལའི་ཕྱག་རྒྱ་ལམ་སྦྱོར། ཐར་ལོའ་སྤྲོས་མེད་ཉེ་བརྒྱུད། ཀ་ན་ཤྲཱི་ནས་མྱང་སྟོང་བཀའ་ལུགས་ཏེ་དྲུག །རྣལ་འབྱོར་བཞི་ལའང་། དཔྱལ། ཆག །གློ་ལོ། དཱ་ན་ཤཱི་ལ། ཐར་ལོ་་སྟེ་སྒོ་དྲུག །ཀུན་བསྡོམས་བཅུ་གཉིས། དེ་བཞིན་ནག་པོ་ལུགས་གཉིས་ལའང་། རྭ། སྐྱོ། ཞང་། ས་ལུགས་དང་བཞི། རེ་རེར་རྒྱུད་རྐྱང་མན་ངག་གི་ལུགས་རེ། དགྲ་ནག་ལ། དེ་ཝ་ཨཱ་ཀ་ར་ཙནྡྲའི་ཕྱག་རྒྱ་བཞིའི་གཞུང་། གདོང་དྲུག་ལ། རྡོ་རྗེ་བཞད་པའི་རིམ་པར་ཕྱེ་བའི་ཐེམ་བཀོད། རྒྱ་གཞུང་གཉིས་ཀྱི་ལུགས། དག་གདོང་ལ། དམིགས་བསྡུས་བཞི། འགྲེལ་པས་ཁ་བསྐང་བཞི། ཁྲིད་རིམ་བཞི་སྟེ་བརྒྱད། འཇིགས་བྱེད་ལའང་། ལུགས་བཞི་སོ་སོར་རྭ་ལོས་ཟབ་པ་རྒྱ་ཆེ་ལ་སློབ་ཚུལ། སྐྱོ་སྟོན་རྭ་རྩེ་སེམས་འཛིན། ཞང་པའི་ཚོགས་འཁོར་ནང་གི་རྣལ་འབྱོར་བདུད་རྩི་བུམ་པ། ས་སྐྱ་པ་ནཱ་རོ་པའི་མན་ངག་མཚན་མ་གྱེན་བསྒྲེངས་ཏེ་བཞི། མདོར་ན་གཤིན་རྗེའི་གཤེད་ལ་ཁྲིད་ཚུལ་ཉི་ཤུ་རྩ་བཞི། སྒོ་མཐུན་ར་ལིའི་ཕྱག་རྒྱ་བཞི་ལའང་། ལྷའི་བདེ་བས་ཉི་ཤུ་རྩ་བཞིར་ཕྱེ། སྔར་གྱི་དང་བསྡོམས་པ་ལས་བཞི་བཅུ་ཞེ་བརྒྱད། འཁོར་ཆེན་གྱི་ཁྲིད་ཀྱང་སྦྲེལ་ནས་ཞེ་དགུ། ཉམས་ལེན་སྲོལ་ལྷན་ཅིག་སྐྱེས་སྦྱོར་དང་ལྔ་བཅུ་ཐམ་པ། དོན་བསྡུས་འཇིགས་བྱེད་ཀྱི་བསྒོམ་གསལ་དྭངས་རྙོགས་མེད། དྭངས་མ་གསུམ་ལྡན། སྒྲིབ་མེད་ལྷར་ཤར་བ། ཤིན་ཏུ་ཁྲོས་པའི་མ་ཧེའི་གདོང་མཐིང་ནག །སྤྱན་གསུམ་ཁྲ་ཟླུམ་ཟླུམ་པ། རྭ་སྔོ་སངས། རྩ་བ་
༡༧༣ ཁྲོ་གཉེར་ཅན། བར་གཞའ་ཁུག་དང་། རྩེ་མོ་རྣོ་ཟུལ་ཟུལ་བ། སྟེང་ཞལ་དམར་ལམ་ལམ་པ། དམར་འཚེར་འཚེར་བ། ཉི་མ་འབུམ་ཕྲག་ཤར་བ་ལྟ་བུ། ཧ་ཧ་ཞེས་དྲག་ཏུ་བཞད་པ། དེ་སྟེང་འཇམ་དཔལ་གྱི་ཞལ་དམར་སེར། སྨིན་མ་ནག་ཁྱུག་ཁྱུག་པ། སྤྱན་དཀྱུས་རིང་ཞིང་བཀྲ་པ། ཤངས་གཟེངས་མ་ཐོབ། མཆེ་བ་ཅུང་ཟད་གཙིགས་པ། གཡས་གཡོན་གྱི་ཞལ། ཕྱག་ཞབས། ཁྲོ་བོའ་དབང་པོ་སྐུ་འཇའ་ལུས་སུ་ཁྲ་ཤིགས་སེ། འོད་ལུས་སུ་འོད་ཁོ་རེ། ཞེས་འཇོག་པ་ནི་དཔྱོད་པ། དེའི་ཚེ་བསམ་གཏན་བསྒོམ་པའི་དབང་གིས་ཡིད་སྤྲོ་བ་མིའི་སྐྱིད་སྣང་ལྟ་བུར་འཆར་བ་ནི་དགའ་བདེ། རྩེ་གཅིག་ཏུ་མ་འཁྲུལ་པ་ནི་བསམ་གཏན། དེ་ཉིད་ཀྱང་སྟོང་ཉིད། མཉམ་ཉིད། བརྗོད་མེད། མི་རྟོག་པ་དང་འབྲེལ་བ་བསྐྱེད་རིམ་ལྷན་ཅིག་སྐྱེས་སྦྱོར། ཁམས་གསུམ་སྣང་བ་ལྷར་ཤར་བའི་ངང་ནས་རྫོགས་རིམ་ལ་འཇུག་སྟེ། རྭ་རྩེ་གཉིས་སུ་ཐིག་ལེ་བཀྲག་ཅིང་འཚེར་བ་དེ་བ་ཐག་ཙམ། མགྲིན་པར་འདུས་ནས་སྙིང་ཁའི་འཇམ་དབྱངས་ལ་ཐིམ། བདེ་བས་ལུས་གང་། འཛིན་མེད་དུ་བསྒོམ། དེ་ཉིད་ཀྱང་དཔྱད་ན་གསལ་བ་སེམས། དངས་པ་རླུང་། རྙོག་མེད་ཕལ་པའི་ཡུལ་ལས་འདས་པ་རྫོགས་རིམ་ལྷན་ཅིག་སྐྱེས་སྦྱོར། ཐུན་དང་པོའ་ཁྲིད་རྫོགས། ཐུན་གཉིས་པ་སྐལ་ལྡན་རྗེས་འཛིན་འདུས་པའི་ལམ་ལའང་། རྩ་རྒྱུད་ཉིད་དང་འབྲེལ་བ་བཤད་རྒྱུད། རྒྱུད་ཕྱི་མ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། ལྷ་མོ་བཞིས་ཞུས། རྡོ་རྗེ་ཕྲེང་བ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། ལྷའི་དབང་པོས་ཞུས་པ་སྟེ་དྲུག་རྩ་བཤད་འབྲེལ། གཞན་གཉིས་མེད་རྣམ་རྒྱལ་གྱིས་ཁ་བསྐངས་ནས་གླེང་གཞི་མི་བསྐྱོད་པ་ལྷ་སོ་གཉིས་ཉིད་ཀུན་གྱི་དབྱེ་གཞི་ཐུན་བཞི་ཁྲིགས་བཀོད། གཞན་་པའི་མི་བསྐྱོད་པ་ལྷ་ཉེར་ལྔ། བཅུ་དགུ། བཅུ་
༡༧༤ གསུམ། དགུ་མ་དང་། རིགས་ལྔ། རིགས་གཅིག་ཏུ་ཕྱེ་ནས་ལུས་དཀྱིལ་འགོད་ཚུལ། སངས་རྒྱས་ཡེ་ཤེས་ཞབས་ལུགས་རྒྱུད་ཕྱི་མ་ལ་བརྟེན་ནས་གཙོ་བོ་གོ་འཕོ། འཇམ་པའི་རྡོ་རྗེ་ལྷ་བཅུ་དགུ་བཀྲལ། སྤྱན་རས་གཟིགས་ལྷ་བཅུ་དགུར་བཞེད། རྩ་རྒྱུད་དངོས་བསྟན་ལ་ལྔ་ལས་མེད་ཀྱང་། རྒྱུད་ཕྱི་མས་བསྟན་པའི་ཡན་ལག་དྲུག །མན་ངག་འཕྲུལ་གྱི་ཐོན་པའི་ཀུན་འགྲོ་ལྷན་ཅིག་སྐྱེས་སྦྱོར་གསུམ་རྩ་བར་མཛད་ནས་དེ་ལས་ཀྱིས་པའི་རྣམ་གྲངས་བཅོ་བརྒྱད་ལས། རིམ་ལྔ་ལ་ཀླུ་སྒྲུབ་བཞེད། པཎྜི་ཏའི་ལུགས་རྒྱུད་ཚིག་ཡིད་ཆེས་སུ་བཞག་ལ། དེ་ཝ་དང་ཟླ་གྲགས་ལས་བརྒྱུད་པ་དང་། རྣལ་འབྱོར་པ་ཀུ་སཱ་ལིའི་ལུགས་ཀྱི་ཉམས་ལེན། སྨར་ཁྲིད་མ་ཏི་གི་ལས་ཏེ་ལོ་ནཱ་རོ་ལ་འཕེལ་བ་གཉིས་དཔྱད་བསྒོམ། ལོ་ཆེན་རིན་ཆེན་བཟང་པོའ་སྒྲོན་གསལ་ཟུང་སྦྱར། སྤྱི་ལ་དམ་ཚིག་རྡོ་རྗེ། མངོན་ཤེས་ཅན། བཙུན་མོ་ཅན་གསུམ་གྱི་སོ་སོར་བཀོད་པ་ཤོག་རིལ་གསུམ་སྟེ། བཞི་པ་ཚབ་ལོ་ཙཱ་བས་དམ་པ་རིགས་བརྒྱད་སྤོད་སྒོམ་དང་ལྔ། ཇོ་བོས་་པ་ལས་གསན་པའི་རིམ་ལྔ་དང་དྲུག །དམ་པ་རྒྱ་གར་གྱིས་རྨ་ལོ་ཙཱ་བ་ལ་གནང་བའི་རིམ་ལྔ་ཀླུ་བྱང་ལུགས་དང་བདུན། ཁ་ཆེ་པཎ་ཆེན་གྱིས་དཔྱལ་ལོ་ཙཱ་བ་ལ་ཁྲིད་དུ་གདམས་པ་དང་བརྒྱད། ཐར་ལོའ་རིམ་ལྔ་ཉེ་བརྒྱུད་དང་དགུ། ཆག་ལོའ་རིམ་ལྔ་ལོ་སྐོར་མ་དང་བཅུ། ཀླུ་སྒྲུབ་ཡབ་སྲས་གཙོ་བོར་གྱུར་པའི་རྒྱ་གཞུང་འབའ་ཞིག་ལ་བརྟེན་མར་པའི་ཁྱད་ཆོས་རིམ་ལྔའི་གདན་རྫོགས་ལ། སྨར་ཁྲིད་མཛུབ་བཙུགས། ནག་ཁྲིད་གསུང་བགྲོས་གཉིས། སྟེང་སྒོ། འོག་སྒོ་གཉིས་ཏེ་བཞི། སྟེང་སྒོ་ལ་རིམ་གྱིས་པ་ངང་ཐོད་རྒལ། དཀྲི་ཚུལ། འོག་སྒོ་ལ་དབྱེ་བས་དྲུག །ནཱ་རོ་ནི་གུ་གཉིས་ཀྱང་འདིའི་ཁོངས་སུ་འདུ། བཙན་ཐབས་ལག་ལེན་བཀའ་རྒྱ་ལོགས་སུ་སྟོན། དཀྱུས་འདིར་མི་གསུང་། འཇམ་རྡོར། གྲོལ་ཐིག་རྒྱུད་ཕྱི་མ་ངེས་པ་ལས་དྲངས།
༡༧༥ རིམ་ལྔའི་འོད་གསལ་ཟུང་འཇུག །རྗེས་གཞིག་གོང་བསྡུའི་རྣལ་འབྱོར་དུ་དྲིལ་ནས་ཀུན་འགྲོ་ལྷན་ཅིག་སྐྱེས་སྦྱོར་གྱི་སྲོག་རྩར་སྦྱར་བས་ཁྲིད་བཅོ་བརྒྱད་ཉམས་ལེན་སོར་བསྡུད་དང་འདྲ། བསམ་གཏན་སོགས་ཀྱང་འདྲ། རྟོགས་པའི་སྐབས་ཞལ་གསུམ་ཕྱག་དྲུག །ཞབས་རྡོ་རྗེའི་སྐྱིལ་ཀྲུང་། རང་འདྲ་བའི་ཡུམ་ལ་འཁྱུད་པ། དཔྱོད་པའི་སྐབས་སུ་རྩ་ཞལ་སྔོ་ལམ་ལམ་པ། སྔོ་འཚེར་འཚེར་བ། སྨིན་མ་ནག་ཁྱུག་ཁྱུག་པ། སྤྱན་ཁྲ་ཧུར་ཧུར་བ། ཤངས་སྔོ་ཟུལ་ཟུལ་བ། ཞལ་སྔོ་དམར་མཚམས་ཕྱེད་པ། མཆེ་བ་ཅུང་ཟད་གཙིགས་པ། ཁྲོ་ཆགས་ཉམས་ཅན་གསལ་བཏབ། གཡས་ཞལ་དཀར་པོ་དཀར་ལམ་ལམ་པ། དཀར་འཚེར་འཚེར་བ། གཡོན་ཞལ་དམར་པོ་དམར་ལམ་ལམ་པ། ལྟ་བས་ཆོག་མི་ཤེས་པ། ཆགས་པའི་ཉམས་ཅན། མཚན་དཔེ་གསལ་བ། ཐུན་གཉིས་པ་གསུམ་པ་བདེ་མཆོག་སྐབས། རྒྱུད་ལས་བསྟན་ཚུལ། འགྲེལ་བྱེད་ཀྱིས་བཀྲལ་ཚུལ། མཁའ་འགྲོ་ལ་བྱུང་ཚུལ་གསུམ། རྩ་རྒྱུད་ལས་རིགས་ལྡན་མ་མཆོད་པའི་ངེས་གནས་སྟོང་ཆེན་ཡི་གེ་ལྔའི་བདག་ཉིད་ཀྱི་ཨེ་ཆོས་འབྱུང་དང་། ཐིག་ལེ་ཡི་གེ་དྲུག་འདུས་པའི་བཾ་ཡིག །ཕྱི་ནང་གཞན་གསུམ་གྱི་ཟབ་གནད་རྩ་ཨུཏྤལ་ཁ་འབྱེད། ཨ་ཐུང་ཕག་མོའ་རང་ཞལ་རྗེན་པར་ལྟ་བའི་ཉམས་ཁྲིད། འདི་ཉིད་བདེ་མཆོག་ལྷན་ཅིག་སྐྱེས་སྦྱོར། སྔར་ཕ་རྒྱུད་སྐབས་ཟབ་པ་ལྷན་ཅིག་སྐྱེས་སྦྱོར། མ་རྒྱུད་སྐབས་རྩ་ཐིག་རླུང་གསུམ། ཆོས་སྐུ་གཅེར་མཐོང་ཉིད་ལྷན་ཅིག་སྐྱེས་སྦྱོར། ཕ་རྒྱུད་མ་རྒྱུད་གཉིས་ཀྱི་ཟབ་གནད་འདིས་འབྱེད་ཅིང་ཕ་རྒྱུད་དམ་པ་རིགས་བརྒྱ། ཐིག་ལེ་སྟོང་པ་ཡང་ཡི་གེ་བརྒྱར་བཞེད་ལ། སྔར་ལས་བཟློག་ན་སྟོང་ཆེན་ཡི་གེ་ལྔ་ཝཾ། ཐིག་ལེ་ཡི་གེ་དྲུག་ཨ་ཡིག །མངོན་བརྗོད་བླ་མར། སྙིང་ཁའི་མི་ཤིགས་པ་ལ་གནད་དུ་བསྡུ་ན། ཧེ་རུ་ཀ་
༡༧༦ མངོན་འབྱུང་ལས་ཧེ་རུ་ཀ་ཕག་མོ་མཉམ་སྦྱོར། རྡོ་རྗེ་མཁའ་འགྲོར་དཔྱིད་ཐིག་ཞལ་སྦྱོར། རྣལ་འབྱོར་མ་ཀུན་སྤྱོད་ལས་ངལ་གསོ་ལྷན་སྐྱེས། སྡོམ་འབྱུང་དུ་རིམ་ལྔ་གསལ་རྫོགས། མཱ་ཧཱ་མཱ་ཡར་རྣལ་འབྱོར་གསུམ་ལྡན། །སངས་རྒྱས་ཐོད་པར་ཡེ་ཤེས་བཞི་རྫོགས། གདན་བཞིར་རྣལ་འབྱོར་བཞི་ལྡན། མཁའ་འགྲོ་རྒྱ་མཚོར་ཡན་ལག་དྲུག་ལྡན། རྣལ་འབྱོར་མ་བཞིའི་ཁ་སྦྱོར་དུ་ཕྱག་རྒྱའི་ལམ་ཁྲིད། རྡོ་རྗེ་ཕྲེང་བར་དམར་ཁྲིད་ཟབ་ལམ་རྣམས། རྒྱུད་ལ་ལཱུ་ཧི་པའི་རྣལ་འབྱོར་ཆེན་པོའ་རྫོགས་རིམ། ནག་པོ་པས་དཔྱིད་ཀྱི་ཐིག་ལེ། དྲིལ་བུ་པས་རིམ་ལྔ། ཀུ་ཀུ་རི་པས་ཤིན་ཏུ་སྤྲོས་མེད། ས་ར་ཧས་གཉུག་མ་ངོ་སྤྲོད། དེ་ཝས་རྣལ་འབྱོར་བཞི་ཁྲིད། ཤ་བ་རིས་སྦྱོར་དྲུག་རཏྣ་རྐྵི་ཏས་རིམ་ལྔ་ལག་ཁྲིད། ཡུམ་ལ་སོ་བདུན་མ། ལྷ་མོ་བཅོ་ལྔ། བཅུ་གསུམ་མ། དགུ་མ། བདུན་མ། ལྔ་མ། ལྷན་ཅིག་སྐྱེས་མ་རེ་རེ་ལ་རྫོགས་རིམ་རེ་རེ། ཇོ་བོ། ཨ་བྷཱ་ཡ། ཁ་ཆེ་པཎ་ཆེན་གྱི་བདེ་མཆོག་དཀར་པོ་ལྷན་སྐྱེས་ལ་བརྟེན་པའི་རྫོགས་རིམ་གསུམ། དྲིལ་བུ་པ། དགའ་རབ་རྡོ་རྗེ། ཨ་བྷཱ་ཡ་རྣམས་ལྷན་སྐྱེས་སྔོན་པོ་ལ་བརྟེན་པའི་རྫོགས་རིམ། མཁའ་འགྲོ་སྙན་བརྒྱུད། ཏཻ་ལོའ་གཞུང་ཟིན། ནཱ་རོ། ནཻ་གུ། སུ་ཁ། མ་རྒྱུད་སྐབས་སུ་ཁྲིད་སུམ་ཅུ་སོ་བདུན་འབྱུང་བའི་ཉམས་ལེན། སྤྱི་འགྲོ་སྔར་དང་འདྲ། རྟོགས་པའི་སྐབས་སུ་ཞལ་བཞི་པ་ཞབས་གཡས་བརྐྱངས་པ། ཡུམ་ཕག་མོས་འཁྱུད་པ། དཔྱོད་པའི་སྐབས་རྒྱབ་ཞལ་གསེར་མདོག་སེར་པོ་ལམ་ལམ་པ། །གསེར་འོད་འཕྲོ་འཕྲོ་བ། སྤྱན་ཡངས་པ་ཅུང་ཟད་གཡོ་བ། ཤིན་ཏུ་སྒེག་པའི་ཉམས་ཅན་དེ། ཐུན་གསུམ་པ་བཞི་པ་དགེས་པ་རྡོ་རྗེའི་སྐབས་སུ་རྩ་རྒྱུད་བརྟག་གཉིས། རྡོ་རྗེ་གུར། སཾ་བྷཱུ་ཊི། ག་ཡ་དྷཱ་རས་སིང་ག་ལའི་རྣལ་འབྱོར་
༡༧༧ མ་ལས་གསན་པའི་ཨ་ར་ལི་སྐོར་གསུམ། རྒྱུད་ཆུང་གསུམ་དུ་མཚན་གསོལ་ནས། དབང་གོང་མའི་ཉམས་ལེན་ཁ་སྐོང་དུ་བསྒྲིགས། སྤྱིར་རྒྱུད་དེ་དག་ལས་རྫོགས་རིམ་ཐོན་པའི་ཚུལ་ཡང་། བརྟག་གཉིས་ལས་དག་པ་གསུམ་ཁྲིད། ལྷན་སྐྱེས་གསུམ་ཁྲིད། ཟབ་གསལ་ཆུ་བོའ་རྒྱུན་ཁྲིད། སྲིད་ཞི་མཉམ་སྦྱོར་ལྟ་ཁྲིད། གཉུག་མ་ལྷན་སྐྱེས་བཞི་དོན་དུ་ངོ་སྤྲོད་ཁྲིད། སྤྱོད་པ་ཐོག་རྫིས་ཀུན་འདར་གསང་སྤྱོད་ཁྲིད། གླེང་གཞི་སྦས་བཤད་གསུམ་སྦྱོར་བའི་ཁྲིད། སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་ཏེ་ཡན་ལག་དྲུག་ཁྲིད། བསྲེ་འཕོ་ཤེས་རབ་རྣམ་བཞིར་ཁྲིད། ཆགས་བྲལ་ཐབས་ཁྲིད། ཆགས་ཅན་ཕོ་ཉའི་ཁྲིད། བསྐྱེད་རྫོགས་ཆ་མཉམ་ཁྲིད། རྫོགས་རིམ་ལུས་ལྷ་ཁྲིད། བསྐྱེད་རིམ་ཞེན་རྟོག་མཐར་ཁྲིད། རྩ་གསུམ་དྲིལ་སྒྲུབ། མོས་གུས་བླ་མའི་སྲོག་ཁྲིད་ཀྱི་བར་ཁྲིད་ཚུལ་བཅུ་དྲུག་འབྱུང་། སྔགས་རིམ་ཀུན་ཤེས་ནས། ཀྱེ་རྡོ་རྗེ་ལས་བསྟན་པའི་བསྐྱེད་རྫོགས་མ་ལུས་པའི་ཟབ་གནད་ཀུན་དབང་བཞིའི་ལམ་དུ་བསྒྲིག །གཞི་ལམ་འབྲས་བུ་སྟེ། སྔར་གྱི་སྟོན་ཚུལ་བཅུ་དྲུག་པོ་ལས་ཆེས་ཁྱད་པར་དུ་འཕགས་པ། གཉིས་མེད་སཾ་བྷུ་ཊིའི་དགོངས་དོན་ལམ་འབྲས་བུ། གུར་ལས་ཐིག་ལེའི་རྣལ་འབྱོར་མཐའ་ཡས་པ་དང་། སཾ་བྷུ་ཊིར་རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུ། རྒྱུད་ཆུང་ཕྱི་མ་གསུམ་ལས་ཕྲ་ཐིག་གི་རྣལ་འབྱོར་དཔག་མེད་གསུངས། རྒྱུད་དོན་འགྲེལ་པའི་སློབ་དཔོན་རྒྱ་བོད་དུ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ཀྱང་། ནང་གསེས་ཕན་ཚུན་སྲོལ་གཅིག་ཏུ་བསྒྲིལ་ཞིང་། མན་ངག་གི་མིག་གིས་ཞིབ་ཏུ་བལྟས་ན་ཁྲིད་སྤྱི་གཅིག་ཏུ་བསྡོམས་པའི། འདིར་ཉམས་ལེན། རྒྱུད་མ་ལུས་པའི་བདག་པོ། དཔལ་དགེས་པ་རྡོ་རྗེ་ཉིད་ཉམས་ལེན་གཞུང་གི་ངོ་བོར་ཁྲིད་པ་ལས།
༡༧༨ ཐུན་ལྷག་མ་གསུམ་གྱི་དེ་ཉིད་ཀྱང་འདུས་པའི་ཚུལ་དུ། ལྟ་བ་ངོ་བོ་ཉིད་གསུམ། གྲུབ་མཐའ་འཁོར་འདས་དབྱེར་མེད། འདའ་ཁ་མ་གྲོང་འཇུག །འབྲས་བུ་གཉུག་མའི་ལྷ་དང་བཞིར་སྟོན་པ་ལས། ངོ་བོ་ཉིད་གསུམ་རྣམ་ཤེས་ཀྱི་སྣང་ཆ་རགས་པར་གསལ་བ་མ་ལུས་བསྒོམ་བྱ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་མཚོན་པའི་བསྐྱེད་རིམ་ཐབས་མཁས་དེ་ཉིད་སྒོམ་བྱེད་ཡེ་ཤེས་ཀྱི་ངང་དུ་འཇུག་པའི་ཤེས་བྱ་ངོ་བོ་ཉིད་གསུམ་སྟེ། མ་བཅོས་ཀློང་ཡངས་ཀྱི་ལམ་འདིས་རྣལ་འབྱོར་བླ་མེད་ཀྱི་ཚོགས་ལམ་རྫོགས་ནས། ཐ་མལ་པའི་ལུས་ངག་ཡིད་གསུམ་བྲལ་བའི་འབྲས་བུ་ཐོབ་སྟེ། བསྐྱེད་རྫོགས་དབྱེར་མེད་ཀྱི་རང་ངོ་རྗེན་པར་རྟོགས་པའི་སྣང་བ་དེ་ཉིད་ཀྱང་། ཐབས་མཁས་པའི་འཕྲུལ་ལྟ་བ་ངོ་བོ་ཉིད་གསུམ་གྱི་སྟེང་དུ་སྦྱར་ནས་སྟོན་ཏེ། རྣམ་པ་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་གསལ་བ་གཞན་དབང་། རང་མགོ་གཅིག་ལག་གཉིས་ཀྱིས་ཐ་མལ་པར་བརྟགས་པ་ནི་ཀུན་བརྟགས། རང་བཞིན་བཟང་ངན་གྱི་དྲི་མས་མ་གོས་པས་ཡོངས་གྲུབ། དེ་ཉིད་ཀྱང་གནས་ལུགས་ཀྱི་གཞི་རྩར་སྦྱར་ན། སེམས་ཉིད་གཉུག་མལ་འཁྲུལ་པར་བརྟགས་པ་ཀུན་བརྟག་གཉུག་མ་ཉིད་གཞན་གྱི་རྐྱེན་དང་བྲལ་བས་གཞན་དབང་། གཉུག་མ་ཉིད་འཁྲུལ་པས་གོས་མ་མྱོང་བས་ཡོངས་གྲུབ་ཏུ་ངེས་པར་རྟོགས་ནས། བསྐྱེད་རྫོགས་དབྱེར་མེད་གཉུག་མའི་ཡེ་ཤེས་རྣམ་པ་ལྷར་གསལ་བ། རང་བཞིན་ཀུན་བརྟགས་ཀྱིས་སྟོང་པའི་ངོ་བོ་ཟུང་འཇུག་ཏུ་བསྒོམ། རྟོགས་པའི་ཚེ། རང་ཉིད་ཀྱེ་རྡོ་རྗེ་སྐུ་ལུས་དང་རྩ་ཞལ་མཚུངས་པར་སྔོ། གཡས་དཀར། གཡོན་དམར། ལྷག་མ་གཉིས་ནག །སྟེང་ཞལ་དུད་ཁ། སྤྱན་ཉེར་བཞི། སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན་པ། ཕྱག་བཅུ་དྲུག་པ། ཞབས་བཞི། ཡུམ་དང་མཉམ་པར་སྦྱོར་བ། མི་ཤིགས་པ་དངས་མ་གསུམ་ལྡན་གྱི་ངོ་བོ་མེ་ལོང་ནང་གི་གཟུགས་
༡༧༩ བརྙན་ལྟ་བུ། དཔྱོད་པའི་ཚུལ་རེ་རེ་ནས། རྩ་ཞལ་གཡུ་མདོག །གཡས་ཞལ་ཟླ་མདོག །གཡོན་ཞལ་བྱི་རུ། སྟེང་ཞལ་དུད་སྤྲིན། ཞལ་ལྷག་མ་དུད་ཁའི་མདོག་ཅན། གླང་པོ། རྟ། བོང་བུ། གླང་། རྔ་མོ། མི། ཤ་ར་བྷ། བྱི་ལ། སའི་ལྷ། ཆུའི་ལྷ། མེའི་ལྷ། རླུང་གི་ལྷ། ཟླ་བའི་ལྷ། ཉི་མའི་ལྷ། གཤིན་རྗེ། ནོར་འཛིན་དང་བཅས་པའི་ཐོད་པ། གཡས་གཉིས་བརྐྱངས་པའི་ཞབས་འོག་ན་ཚངས་པ་དྲག་པོ། །གཡོན་གཉིས་བསྐུམས་པས་དབང་པོ་ཉེ་དབང་གདན་དུ་བྱས། དེའི་པང་ན་བདག་མེད་ལྷ་མོ་གྲི་ཐོད་འཛིན་པ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྲིལ་བ། ལང་ཚོ་དང་ལྡན་པ་ཡབ་ཡུམ་གཉིས་ཀའང་ཐོད་སྐམ་ལྔ་ལྔའི་ཅོད་པ་ན། ཡུམ་སྐམ་རློན་ཡབ་ལྔ་བཅུའི་དོ་ཤལ། ཕྱག་རྒྱ་དྲུག་དང་ལྔས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཅེས་དཔྱད་ཅིང་བསྒོམ་པའོ། །དེའི་ཚེ་ལྷ་སྐུ་སྣང་སྟོང་གིས་དྲངས་པའི་སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟ་བུའི་ཡིད་བདེ་ནི་དགའ་བདེ་ཡིན་ལ། དེ་ཉིད་ཆུ་ཟླ་ལྟར་འཇོག་པ་ནི་བསམ་གཏན། དེ་ལྟར་མཉམ་རྗེས་མེད་པར་ཉམས་སུ་བླངས་པས། སྣང་བ་ཐམས་ཅད་སེམས་ཀྱི་རང་གདངས་སུ་ཤེས་ནས་ལྷར་སྣང་ཉིད། སྟོང་ཉིད། མཉམ་ཉིད། མི་རྟོག་པ་དང་བྲལ་བ་ཡིན། རྣམ་དཔྱད་རྫོགས་པ་ན་ཆོས་གང་ལ་ཡང་མི་མནོ། །མི་བསམ། མི་དཔྱད། མི་རྟོག་རྩོལ་མེད་དུ་ལྷུག་པ་སྟེ། བློ་འདས་ལྟ་བ་ལ་མཐའ་བྲལ་བློ་སྦྱོང་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་ལེན། ༀ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་་ཀོ྅ཧཾ། སྣོད་ཐམས་ཅད་གཞལ་ཡས་ཁང་། བཅུད་ཐམས་ཅད་ལྷ་དང་ལྷ་མོ། །རང་བཞིན་ལྷུན་གྲུབ་མངོན་དུ་གྱུར་པའོ། །སྐུ་ཁྲིད། གསུང་ཁྲིད། སྲོག་རྩོལ་རླུང་གི་རྣལ་འབྱོར་ལ། འཇམ་རླུང་། བར་རླུང་། དྲག་རླུང་། དེ་ཡང་
༡༨༠ བསམ་གཏན་གྱི་ཡན་ལག་སྔོན་དུ་བཏང་ནས། རླུང་ནང་དུ་འཇུག་པ་ༀ། གནས་པ་ཨཱཿ ཕྱིར་འགྲོ་བ་ཧཱུྃ་བཟླ། བར་རླུང་རླུང་ནང་དུ་ཇེ་རིང་དུ་བཏང་ནས་མཐར་ཐུབ་ཚད་དུ་ལྟོ་བ་ཕྱིར་ཕུལ་ཞིང་སྟེང་འོག་གི་རླུང་གཉིས་ཐད་སོར་བཞག་གོ །ཐ་མ་རྔུབ་པ། དགང་། གཞིལ། མདའ་ལྟར་འཕང་བ། འཁོར་ལོ་ལ་མ་བརྟེན་པ། འཁོར་ལོ་ལ་བརྟེན་པ། ཐིག་ལེའི་རྣལ་འབྱོར། མན་ངག་གི་གནད་ལ་བརྟེན་པ་སྟེ། གསང་དབང་གི་ལམ་མཐར་ཐུག་པ་གཏུམ་མོའ་མེ་དམིགས་བཅོ་བརྒྱད་པོ་འདི་ཉིད་ཉམས་སུ་ལེན། ཟས་སྤྱོད་ལམ་བསྐུལ། བོགས་འདོན་གེགས་སེལ་མ་ལུས་པའི་གནད་བསྡུས། ཕྲིན་ལས་སུམ་ཅུ་རྩ་གཉིས་ཀྱི་འཁྲུལ་འཁོར། རིམ་དང་། རིམ་མིན། དཀྲུགས་པ་དགུ་བཅུ་རྩ་དྲུག་ལག་ལེན་བཞིན་ཉམས་སུ་བླངས། གསུམ་པའི་ལམ་འདིར་དུས་འཁོར་རྡོ་རྗེ་བཞི་རིམ། གྱི་ཇོ། འབྲོ། རྭ། དིང་རི་ཆོས་གྲགས་ཏེ་སྔོན་གྱི་ལོ་ཙཱ་བ་བཞི། མན་ལུང་གུ་རུ། ཐར་ལོ། ཨོ་རྒྱན་པ། བི་བྷུ་ཏི་ཙནྡྲ་སྟེ་བར་བྱོན་བཞི། ཤ་བ་རི་ཐོགས་མཐའ་བར་གསུམ། ཕྱིས་བྱོན་ནས་རིན་ཉེ་བརྒྱུད་དེ། ཁྲིད་ལུགས་བཅུ་གཉིས་པོ་འདི་ལམ་གྱི་སྲོག་རྩར་བྱིན། བུ་སྟོན་ལ་སྦྱོར་དྲུག་རིགས་མི་འདྲ་བ་དྲུག །བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལ་སྔོན་མེད་པའི་ཉམས་ཁྲིད་སྐྱ་རྒྱལ་སོགས་སྦྱོར་དྲུག་རིགས་མི་འདྲ་བ་ཉེར་དྲུག་བཞུགས་པ་ཐམས་ཅད་ཀྱི་ཟབ་གནད་གཅིག་དྲིལ། འཛིན་པ་རྗེས་དྲན་དུ་གསུངས་པའི་བཀའ་སྲོལ་ལ། དམར་ཁྲིད་གསུང་སྒྲོས་གུད་དུ་ཕྱེ། ཐད་སོར་གནད་འདོམས་གདན་ཐོག་གཅིག་ཏུ་བསྒྲུབ་ཚུལ་ལེགས་པར་ཚང་ངོ་། །དེ་ཉིད་འདུས་པའི་ཆུ་ཀླུང་ཀུན། །དགའ་བ་འཁྱིལ་བའི་སྦས་དོན་ཁྲིད། །གྲོལ་བྱེད་མཆོག་གི་རྒྱས་འགྲེལ་གྱི། །སྙིང་པོ་བསྡུས་ཏེ་བཀོད་པ་ལགས། རང་གི་རྒྱས་འགྲེལ་ལས་བཏུས་སོ། །
༡༨༡ ཚེ་ཁྲིད། ཚེ་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་ཉིད་ཚེ་དཔག་ཏུ་མེད་པར་གསལ་བའི་རལ་པའི་མདུན་དུ་རིགས་བདག་སྤྲུལ་སྐུ་ལ་མོས་གུས་དུངས་པ་བྱས། བླ་མའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། རང་གི་བླ་ཚེ་བཀུག །ཕྱག་གི་ལྷུང་བཟེད་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བར་བསམ། འོག་འབྱུང་བ་བཞིའི་བཅུད་བསྡུས་ཐམས་ཅད་ལ་འདི་བཞིན་བྱ། ༀ་ཨཱ་མ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཡང་ཧྲཱིཿཡི་འོད་ཟེར་གྱིས་ས་ཁམས་ཀྱི་བཅུད་བསྡུས། དབང་བསྐུར། བཟླས་པ། ཡང་ཧྲཱིཿཡི་འོད་ཟེར་འཕྲོས། ཆུ་ཁམས་བཅུད་བསྡུས། དབང་བླང་། བཟླས་བརྗོད། ཡང་ཧྲཱིཿལས་འོད་ཟེར་སྲེག་བྱེད་མེ་བསྡུས། དབང་བླང་། བཟླས་པ། ཡང་ཧྲཱིཿལས་འོད་ཟེར་འཕྲོས། རླུང་ཁམས་བཅུད་བསྡུས། དབང་བླང་། བཟླས་བརྗོད། ཡང་ཧྲཱིཿལས་འོད་ཟེར་འཕྲོས། འཇིག་རྟེན་མ་ལུས་པའི་ཚེ་བསྡུས། དབང་བླང་། བཟླས་བརྗོད། ཡང་ཧྲཱིཿལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་བསྡུས། དབང་བླང་། བཟླས་བརྗོད་བྱ། རང་ལུས་དྭངས་མ་ལྔ་ལྡན་སྐྱེ་འཆི་མེད་པའི་རྡོ་རྗེར་གྱུར་པ་ལ་ཐག་རྦད་བཅད་དེ་བཟླའོ། །སྙིང་གའི་དབུས་སུ་ཟླ་བ་སྲན་མ་ཕྱེད་བཀས་ཙམ་གྱི་སྟེང་དུ་སྲོག་གི་ཡི་གེ་ཨ་ཐུང་དྭངས་གསལ་འོད་དམར་སྐྱ་འཕྲོ་བ། དེ་ལས་འོད་འཕྲོས་འཆི་མེད་ཚེའི་བཅུད་ༀ་ཡིག་ཕྲེང་དུ་དངར་བ་སྣ་སྒོ་གཡོན་ནས་ཞུགས། དེ་སྙིང་ཁའི་ཨ་ལ་ཐིམ། འཇམ་རླུང་ཡང་ཨ་ལས་འོད། ལུས་ནང་མ་ལུས་པའི་རླུང་ཉམས་རླུང་གི་ཆའི་མཁོན་གྲིབ་མི་གཙང་བའི་ཆ་ཕྱགས་མས་བཏབ་པ་ལྟར་ཧཱུྃ་ཕྲེང་དུ་དང་རབ་ཕྱིར་སངས་ཀྱིས་འབུད། ནང་དུ་ༀ། གནས་པ་ཨཿ ཕྱིར་ཧཱུྃ་གྲངས་སུ་བཏབ། ལྟེ་བར་ཨ་ཐུང་ཆོ་དཔག་མེད་དམར་པོ། །སྤྱི་བོར་ཧཾ་ཚེ་
༡༨༢ དཔག་མེད་དཀར་པོ། །གཤད་རླུང་ཡཾ་སུམ་མདོའ་མེ་སྦར། ལྟེ་བའི་ཚེ་དཔག་མེད་པའི་ཕྱག་གི་བུམ་ནང་ཁོལ། རླངས་པ་དབུ་མའི་ནང་ནས་གྱེན་དུ་སོང་། སྤྱི་བོའ་ཚེ་དཔག་མེད་ཀྱི་སྐུ་ལ་རེག །ཡུམ་གོས་དཀར་མོ་དམར་མོར་གྱུར་འོག་རླུང་འཐེན། སྟེང་རླུང་རྔུབ། རླུང་རེག་བྱ་དྲོད་ཀྱི་རང་བཞིན་ཅན། དེས་སྤྱི་གཙུག་ཚེ་དཔག་མེད་ཕྱག་བུམ་ཁོལ་པའི་རྒྱུན་དབུ་མའི་ནང་ནས་ཐུར་དུ་བབས། ལྟེ་བའི་ཚེ་དཔག་མེད་དམར་པོའ་སྐུ་ལ་རེག་པས་ཡུམ་གོས་དཀར་མོ་དམར་མོར་གྱུར་ནས་འཁྱུད། སྟེང་རླུང་མནན། སླར་སོ་སོར་སྦྱོར་མཚམས་ནས། དཀར་དམར་ལྟེ་བ་སྤྲུལ་འཁོར། སྤྱི་བོ་བདེ་ཆེན་གང་ཞིང་དེ་བཞིན་སྙིང་ཁ་ཆོས་འཁོར། མགྲིན་པ་ལོངས་སྤྱོད་མེར་གྱིས་གང་། རང་ལུས་འོད་ཀྱི་རང་བཞིན་དུ་གྱུར། རླུང་ཁ་སྦྱར། ལྟེ་བའི་ཕྱག་བུམ་ནས་བདུད་རྩི་གྱེན་དུ་བྱུང་སྙིང་ཁ་ཉི་མ། སྤྱི་བོའ་ཕྱག་བུམ་ནང་ནས་བདུད་རྩི་ཐུར་དུ་བྱུང་ཟླ་བ། ཉི་ཟླ་གྭའུ་ཁ་སྦྱོར་གྱི་དབུས་སུ་རང་རིག་ཧྲཱི་དམར་སྐྱ་ཨཱ་ལི་ཀཱ་ལིས་རྒྱ་གྲམ་དུ་བཅིངས་པར་བསམ། སྲིན་ལག་གཉིས་ཀྱི་ནང་དུ་ཧཱུྃ་དམར་པོ་མེ་འོད་བསམ། དམིགས་རིམ་ཟླ་བ་བཅུ་གཉིས་བསྒོམས་ན་ལོ་བཅུ་ལ་ངེས་པར་ཚེ་བསྲིང་བ་ཡིན་གསུངས། གཉུག་མ་འོད་གསལ་གྱི་ཚེ་བསྲིང་། རང་རྩལ། སོ་མ། རང་མདངས། ལྷུག་པ། རེ་དོགས་མེད་པར་འཇོག །ཞབས་འདིར་བཅུད་ལེན་གྱི་ཚེ་བསྲིང་། ཅོང་ཞི། ར་མོ་ཤག །དབང་ལག །ཨ་རུ་གསེར་མདོག་ལ་རིལ་བུ་ཤ་བའི་རིལ་མ་ཙམ་ཐོད་སྣོད་དུ་བཞག །དེའི་ནང་དུ་ཚེ་དཔག་མེད་པ་ཡབ་ཡུམ་བསྐྱེད་ལ་སླབ་པ་ཞག་བདུན་བྱས་ཏེ་བསྟེན་པར་ཡང་གསུངས་སོ། །ཚེ་སྒྲུབ་རྒྱལ་པོ་ཀུན་གྲགས་པ། །འབྱུང་བཞི་དབང་གི་དགའ་བཞིའི་གནས། །སྨིན་གྲོལ་ཟུང་སྦྱོར་ཉམས་ལེན་འདི། །མཆོག་
༡༨༣ ཏུ་གསལ་འདོམས་ཡི་གེར་བྱས། རང་གི་ཁྲིད་ཡིག་ལས་བཏུས་སོ། །སྒྲོལ་དཀར་གྱི་ཁྲིད་ཡིག །སྒྲོལ་དཀར་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་ངང་དུ་གཟོ་མེད་པར་བཞག །སྭ་བྷཱ་ཝ་ཡིད་འགྱུར་ཙམ་གྱི་བྱིན་གྱིས་བརླབས་པས་མ་དག་པའི་སྣང་བ་ལོག །མ་བཅོས་པའི་སེམས་སྣང་། བྷཱུཾ་ལས་སྣོད་ཀྱི་འཇིག་རྟེན་ཟླ་བ་ཆུ་ཤེལ་གྱི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་པད་ཟླའི་གདན་ལ་ཏཱཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས། འཁོར་འདས་ཐམས་ཅད་ཀྱི་མི་ཤིགས་པ་རྟག་བརྟན་གཡུང་དྲུང་ཚེའི་དངོས་གྲུབ་མ་ལུས་པ་བསྡུས་ཏེ་ཡོངས་སུ་གྱུར་པའི་སྐད་ཅིག་ལ་འཆི་མེད་སྒྲོལ་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་ཟླ་བ་ལྟར་དཀར་པོ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། དྲི་མ་མེད་པའི་འོད་ཟེར་ལྔ་ལྡན་འཕྲོ་བ། རབ་ཏུ་ཞི་བ་ཆེན་པོའ་འཛུམ་ཞལ་ཅན། ཨུཏྤལ་གྱི་འདབ་ལྟར་རབ་ཏུ་རྒྱས་པའི་སྤྱན་བདུན་དང་ལྡན་པ། གཡས་མཆོག་སྦྱིན་དང་། གཡོན་པའི་མཐེབ་མཛུབ་སྦྱར་བས་ཨུཏྤལ་དཀར་པོའ་སྡོང་པོ་འཛིན་པ། སྒེག་ཅིང་ཆགས་པའི་ཉམས་ལྡན་ནུ་འབུར་ཟུང་གིས་མཛེས་མ། མུ་ཏིག་དཀར་པོ་གཙོ་བོར་གྱུར་པའི་རྒྱན་དང་། དར་དཀར་གྱི་སྟོད་གཡོགས། །དར་སྣ་ཚོགས་ཀྱི་སྨད་དཀྲིས་གསོལ་བ། དབུ་སྐྲ་ལི་བ་ལྟག་པར་བཅིངས་པའི་ཟུར་ཕུད་རྣམ་པར་གཡོ་ཞིང་། གཞོན་ནུའི་ལུས་ཅན་རྡོ་རྗེ་སྐྱིལ་ཀྲུང་གིས་འགྱིངས་ཚུལ་དུ་བཞུགས་ཤིང་། རི་བོང་འཛིན་པའི་རྒྱབ་ཡོལ་ཅན། དེའི་ཐུགས་ཁར་འཁོར་ལོ་ཡིག་འབྲུ་དང་བཅས་པ། སྤྱི་བོར་པད་ཟླའི་གདན་ལ་རིགས་བདག་བླ་མ་སྣང་བ་མཐའ་ཡས་དང་། གཡོན་ངོས་སུ་ཚེས་གཅིག་གི་ཟླ་བས་སྤྲས་པ། དེ་ནས་སྙིང་གའི་འོད་ཀྱིས་བསྐུལ་བས་རིགས་བདག་གི་ལྷུང་བཟེད་
༡༨༤ ལས་འོད་འཕྲོས། སྣོད་བཅུད་ཀྱི་ཆོས་རྣམས་བདུད་རྩིའི་རྣམ་པར་བསྡུས། སྤྱི་བོ་ནས་ཞུགས་པའི་རྟེན་འབྲེལ་གྱིས་བསྐལ་པའི་བར་དུ་རྐྱེན་གང་གིས་ཀྱང་མི་ཤིགས་པའི་འཆི་མེད་གཉུག་མའི་དབྱིངས། རྩོལ་བྲལ་བློ་འདས་རྗེན་པའི་རང་ངོ་ལ་ཅི་གནས་སུ་བཞག་ཅིང་། ཡང་ཡང་དྲན་པའི་སྣང་བ་དང་འབྲེལ་བར་བཟླས་བརྗོད་ཀྱི་རྣལ་འབྱོར་ལ་སྦྱོར་བ་འདིའི་གནད་དོ། །ཚེ་སྒྲུབ་ཀུན་གྱི་དགའ་མགུའི་ཡིད། །ཡིད་བདེ་རྣམ་པར་གྲོལ་བ་མཆོག །མཆོག་ཏུ་ཡིད་ཆེས་གྱུར་པའི་ཆ། །ཆ་ཤས་ཡི་གེར་བཀོད་པའོ། །གསུང་རྒྱུན་ལས་བྱུང་བའོ། །རྒུད་པ་མེད་པའི་ལང་ཚོ། མངོན་པར་འདུས་མ་བྱས་པའི་གཟི་འོད། རྩོལ་མེད་ཀྱི་སྟོབས། ཤུགས་འབྱུང་གི་རྩལ། མ་ཟག་པའི་དངོས་གྲུབ། མཉམས་པའི་བསོད་ནམས། རྣམ་པར་རྒྱས་པའི་དཔལ། མ་གཡོས་པའི་དབང་ཐང་། མགྲུག་པའི་བླ། འཆི་བ་མེད་བའི་སྲོག །འགྱུར་བ་མེད་པའི་ཚེ། མ་འགགས་པའི་བློ། རྣམ་པར་གྱུར་པའི་སྤོབ་པ། ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་མཚན། ཚེ་དཔག་མེད་དཀར་པོའ་ཁྲིད་ཡིག །ཚེ་དཔག་མེད་དཀར་པོའ་ཁྲིད་ནི། སྐྱབས་སམས་སྔོན་དུ་སོང་ནས། སེམས་བཟོ་བཅོས་མེད་པར་བཞག །དེའི་ངང་ལས་ཧཱུྃ་ཡིག་རྡོ་རྗེའི་རྭ་གུར་ཡེ་ཤེས་ཀྱི་མེ་དཔུང་འཁྲིགས་པ་དང་བཅས་པའི་སྲུང་འཁོར། དེའི་ཀློང་དུ་ཧྲཱིཿཡིག་ལས་སྣོད་ཀྱི་འཇིག་རྟེན་པདྨ་འབར་བའི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་པད་ཉི་ཟླའི་གདན་ལ་སྐད་ཅིག་གིས་ཚེ་དཔག་མེད་སྐུ་མདོག་དཀར་བ། ཕྱག་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཞིང་མཚན་དཔེས་སྤྲས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འོད་ཀྱི་དཀྱིལ་འཁོར་འབར་བ། དེའི་གཙུག་གཏོར་གྱི་སྟེང་པདྨ་ཉི་མ་ཟླ་བའི་སྟེང་དུ་བླ་མ། ཐུགས་ཀར་
༡༨༥ བྷྲཱུཾ། དེའི་འོད་ཟེར་གྱིས་འཁོར་འདས་གཉིས་ཀའི་སྣོད་ཀྱི་འབྱུང་བཞིའི་མདངས་དང་བཅུད། བཅུད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་སྤྱི་དང་ཁྱད་པར་དངོས་གྲུབ་མཐའ་དག་མ་ཚང་བ་མེད་པར་འོད་ཟེར་དཀར་དམར་གྱི་རྣམ་པར་བསྡུས། དམ་ཚིག་སེམས་དཔའི་སྒྲུབ་པའོ། །བདུད་རྩིའི་རྒྱུན་བུམ་པར་ཞུགས་པ་རང་གི་ཁར་བྱུང་། མགྲིན་པར་རོ་གཅིག་ཏུ་འདྲེས་པའི་བདེ་བ་ལ་སེམས་བསྲེ་སྟེ། ལྕེའུ་ཆུང་གཞིབས། ངོ་བོ་སོ་སོ་རང་རིག་ཏུ་བསྐྱང་། མགྲིན་པ་ནས་སྙིང་ག་ལྟེ་བའི་བར་གང་། རླུང་གཞིལ་བ་དང་ལྷན་ཅིག་དེའི་འོད་ཟེར་གྱིས་འཁོར་འདས་གཉིས་ཀའི་སྣོད་ལ་ཕོག །འབྱུང་བའི་དངོས་མ་མ་ཚང་བ་མེད་པར་རླུང་ནང་དུ་རྔུབ་པ་དང་ལྷན་ཅིག་བསྡུས། བུམ་པ་ཅན་བརྟན་པར་བཟུང་། བསྐལ་པའི་བར་དུ་རྐྱེན་གང་གིས་ཀྱང་མི་ཤིགས་པའི་ཚེའི་རྟེན་ཕུར་གདབ། སླར་གསང་རླུང་གི་གདངས་ཧཱུྃ་དུ་ཤར་བ་འཁྲུལ་འཁོར་དང་། བྱང་ཆུབ་ཀྱི་སེམས་མཐའ་དག་གསང་གནས་ནས་ལྟེ་སྙིང་མགྲིན། གཙུག་ཏོར་གྱི་བར་དུ་བརྟན་པས་རྡོ་རྗེའི་སྐུ་ཐོབ། དབུ་མའི་ཡར་སྣ་བྷྲཱུཾ་ཐིག་ལེ་དཀར་པོས་བཀག །རླུང་གཞིལ་རྡུབ་སྔར་དང་འདྲ། འཁོར་འདས་གཉིས་ཀའི་ཚེ་མཐའ་དག་མ་ཚང་བ་མེད་པར། རགས་པར་ཕྲ་བར་བསྡུས་ཏེ་མི་ཤིགས་པའི་ཚེའི་རྟེན་ཕུར་གདབ། མཐར་ལག་པ་གཉིས་བསྣོལ་ཏེ་དཔུང་མགོ་མནན། ལྕེའུ་ཆུང་གཞིབས། རང་རྡོ་རྗེའི་སྐུ་ཞུ་བླུགས་ཀྱི་ངོ་བོ་ཉིད་དུ་འདྲེས། རྩོལ་བྲལ་བློ་འདས་འཆི་མེད་གཉུག་མའི་རང་བབ་ལ་མཉམ་པར་བཞག །རྐྱེན་སྣང་གི་རྟོག་པའི་རྗེས་སུ་མི་འབྲང་བར་ངང་ཉིད་དུ་གློད་ཅིང་བཞག །དེ་ལྟར་བསྐྱངས་པས་རྡོ་རྗེའི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་ཀྱི་གོ་འཕང་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་
༡༨༦ བ་ལ་སློབ་བོ། །ཐུན་མཚམས་སུ་འདིའི་ཚེ་ཁྲིད་དངོས་ལ་ལུས་ཟུང་རྒྱས་པའི་སྦྱོར་བས་མཚན་ལྡན་མུ་དྲ་དང་མཉམ་བར་སྦྱོར་བའི་གསང་སྲིད་ནི་ཞལ་ལས་ཤེས་སོ། །ཀུན་ནས་ཚེ་ཡི་དངོས་གྲུབ་ལ། །དགའ་ཞིང་འདུན་བའི་གྲོལ་མཆོག་གིས། །མི་ཏྲའི་སྦས་དོན་ཉེར་སྦས་ཏེ། །ཚིག་ཁྲིད་ཙམ་ཞིག་ཡི་གེར་བཀོད། ཆག་ལོའ་ཁྲིད་ཡིག་ལས་བཏུས་སོ། །དམར་ཁྲིད་ཚེམ་བུ་ལུགས་ཀྱི་ཁྲིད་ཡིག །དམར་ཁྲིད་ཚེམ་བུ་ལུགས་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བྱང་ཆུབ་ལྔའི་སྟོང་པའི་བྱང་ཆུབ། རང་གི་སྙིང་སྒོང་སྐོགས་ཁ་གྱེན་བསྟན་ལྟ་བུའི་ནང་དུ་གདན་པད་ཟླའི་སྟེང་དུ་གསུང་ཡིག་འབྲུ། ས་བོན་ཧྲཱིཿཡིག་ལས་ཐུགས་ཕྱག་མཚན་པདྨ་དཀར་པོ་ཧྲཱིཿཡིས་མཚན་པ་ལས། རང་ཉིད་སྐུ་ཡོངས་སུ་རྫོགས་པ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་ཤེལ་ཕྲེང་བརྒྱ་དང་བརྒྱད། གཡོན་གྱི་གཉིས་པ་ན་པདྨ་དཀར་པོ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་དར་དཀར་གྱི་སྟོད་གཡོགས་དང་། རི་དྭགས་པགས་པའི་ནུ་ཁེབས། དར་ཁ་དོག་སྣ་ཚོགས་པའི་སྨད་གཡོགས། རལ་པའི་ཐོར་ཚུགས་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱི་སྤྲས་པ། །འོད་ཟེར་དཀར་པོ་སྤུའི་སྒོ་ནས་ཕྱོགས་བཅུར་འཕྲོ་བ། ཟླ་བའི་རྒྱབ་ཡོལ་ཅན། དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཁའི་སྟོད་དུ་ཧཱུྃ། ཐུགས་ཁར་པད་ཟླའི་གདན་ལ་ཧྲཱིཿདེ་ལས་འོད་འཕྲོས་ཡི་དམ་མ་ལུས་པ་སྤྱན་དྲངས་ལ་བསྟིམས་པས་ཡི་དམ་ཀུན་འདུས། རང་གི་རྩ་བའི་བླ་མས་དབང་བསྐུར་སྤྱི་བོར་འོད་དཔག་མེད་ཀྱི་རྣམ་པར་བཞུགས་པ་ལ་བླ་མ་ཐམས་ཅད་བསྟིམ། བླ་མ་ཀུན་འདུས། སྙིང་ཁའི་ཧྲཱི་ཡིག་མཐར་ཡི་གེ་དྲུག་མས་བསྐོར་བ་
༡༨༧ ལས་འོད་འཕྲོས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མ་ལུས་པའི་བརྗོད་བྱ་མ་ལུས་པ་བསྟིམས་ལ་རང་གི་ལུས་ཀྱི་ནང་གི་སྲིན་བུ་བརྒྱད་ཁྲི་བཞི་སྟོང་། སྐྲ་ཉི་ཁྲི་ཆིག་སྟོང་། བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞིར་སྤྱན་རས་གཟིགས་རེ་རེ་གསལ་བཏབ་ནས། དེ་རྣམས་ཀྱིས་དུས་གཅིག་ལ་མ་ཎི་གསུང་བར་བསམས་ལ་ཅི་ནུས་བཟླས་པའི་མཐར། གཞི་མ་བཅོས་པའི་གཉུག་མའི་ལྟ་བ། ལམ་སྤྲོ་བསྡུ་མེད་པ་ཞི་ལྷག་ཟུང་འབྲེལ་གྱི་བསྒོམ་པ། གློད་པ་རང་གྲོལ་གྱི་བསམ་གཏན། མ་ཡེངས་པའི་ཏིང་ངེ་འཛིན་ལ་སྦྱང་། རྗེས་བསྔོ་བས་རྒྱས་བཏབ་ནས། ཟས་ཟ་བའི་དུས་འབྲུ་གསུམ་གྱིས་སྣོད་བཅུད་བྱིན་གྱིས་བརླབས་ལ། སྤྱི་བོར་བླ་མ་ཀུན་འདུས་དང་། རང་ལུས་ཡི་དམ་ཀུན་ལ་མཚོད་པར་བསམས་ལ་ལོངས་སྤྱོད། དེ་བཞིན་གོས་ལ་ཡང་སྦྱར། གནས་ཁང་དག་པའི་ཞིང་། འགྲོ་དྲུག་སྤྱན་རས་གཟིགས་སུ་བསྒོམས། ཉལ་བའི་རྣལ་འབྱོར། སྙིང་གའི་ཡེ་ཤེས་སེམས་དཔའི་དབུར་བླ་མ་རིགས་བདག་ཏུ་བཞུགས་པ་ལ་ཡིད་གཏད་དོ། །འཕོ་བ། ལྟེ་བར་ཆོས་འབྱུང་མཐིང་སྐྱའི་ནང་ན་སེམས་ཐིག་ལེ་སྔོ་དམར་འོད་ཟེར་ལྔ་ལྡན་རྩ་དབུ་མ་སྤ་ལྕགས་ཙམ། སྙིང་གར་ཡི་དམ་ཚོན་གང་བ། དབུ་མའི་ཡས་སྣར་ཐུགས་རྗེའི་ལྕགས་ཀྱུ་ཧཾ་སྔོན་པོས་ཚངས་བུག་བཀག་པའི་སྤྱི་བོར་བླ་མ་འོད་དཔག་མེད་བྱམས་པའི་བཞུགས་སྟབས་ཀྱིས་ཞབས་གཡས་གཡོན་ཚངས་བུག་གི་ཕན་ཚུན་དུ་བཞག །སྐུ་རྒྱབ་རལ་པའི་ཐོར་ཚུགས་ལ་གཏད་པར་བསྒོམ། ལྟེ་བའི་ཐིག་ལེ་ལས་རླུང་སེམས་འདྲེས་པའི་ཐིག་ལེ་སྔོ་དམར་སྲན་མ་ཙམ་གཅིག་ཡར་ཆད། སྙིང་གའི་ཡི་དམ་ལ་བསྐོར་བ་མྱུང་བ་ལན་གསུམ་བྱས། སྤྱི་བོའ་ཧཾ་བསལ། ཐུགས་རྗེའི་ལྕགས་ཀྱུའི་རྩེར་བླངས་བླ་མའི་ཐུགས་ཁར་རེག་ཙམ་བྱས། སླར་ལོག་དེ་འདྲ་བཞིའི་
༡༨༨ མཇུག་ཏུ་ཐིག་ལེ་བླ་མའི་ཐུགས་ཁར་ཐིམ། བླ་མ་ཏོག་གིས་གཤེགས་པར་བསམ། བར་དོ་གཟུགས་ལྷ། སྒྲ་སྔགས། དྲན་རིག་སྟོང་ཉིད་དུ་མོས་པ་ཉིད་དོ། དམར་ཁྲིད་སྙིང་པོ་ཀུན་གྱི་ཕུལ། ཚེམ་བུ་ལུགས་ནི་དགའ་བཞིན་དུ། །རང་གྲོལ་མཆོག་གི་སྦྱངས་བའི་ཆ། ལེགས་འདོམས་ཡི་གེའི་ལམ་དུ་བགྱིས། ཆོས་རྗེ་ཤེས་འབུམ་པའི་ཁྲིད་ཡིག་ལས་བཏུས་སོ། །དམར་ཁྲིད་དཔལ་མོ་ལུགས་ཀྱི་ཁྲིད་ཡིག །དམར་ཁྲིད་དཔལ་མོ་ལུགས་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་གི་སྙིང་གར་ཨ་དཀར་པོ་གཅིག་བསམས་པའི་འོད་ཟེར་གྱིས། ཁམས་གསུམ་སྣོད་བཅུད་བསྡུས་ནས་རང་ལ་ཐིམ་པས། གཟུང་བྱའི་ཡུལ་དང་བྲལ་བའི་རང་རིག་པ། པད་ཟླའི་གདན་ལ་ས་བོན་ཧྲཱིཿལས་བཞེངས་པའི་པདྨ། དེ་ཉིད་ཀྱིས་མཚན་པ་ལས་རང་ཇོ་བོ་ཐུགས་རྗེ་ཆེན་པོའ་སྐུར་ཀྲོང་གིས་བསྐྱེད་ལ་གནས་གསུམ་ཡི་གེ་གསུམ་དང་། ཐུགས་ཁར་ཧྲཱིཿབཀོད། རང་འདྲའི་འཕགས་པ་སྤྱན་དྲངས་ལ་བསྟིམ། རིགས་བདག་ཏུ་བླ་མ་འོད་དཔག་མེད་བསྒོམ། མ་ཎི་ཅི་ནུས་འདོན། མཐར་འགྲོ་དྲུག་གི་ཁམས་ལ་བསམ། སྡུག་བསྔལ་བ་ལ་ཚད་མེད་པའི་སྙིང་རྗེ་དྲག་ཏུ་བསྐྱེད་ཅིང་ངའི་མ་ཞེས་ངག་ཏུ་ཡང་བརྗོད། མཐར་སྤྲོས་བྲལ་ངང་དུ་བཞག །རྗེས་བསྔོ་བ་སྨོན་ལམ་བྱ། ཟས་གོས་འདུག་ས་ཉལ་བའི་གཉིད་རྣམས་ཕན་སེམས་བྱང་ཆུབ་སེམས་ཀྱི་ངང་དུ་སྤྱད། འཕོ་བ་སྣང་སྲིད་ཐམས་ཅད་རང་ལ། རང་རིག་ཨ་ལ་བསྡུས་ལ། ཨ་ཨ་ཞེས་བརྗོད་ཅིང་ཨ་ཡང་ནམ་མཁའི་འཇའ་ཡལ་བ་ལྟར་བསམས་ལ། བར་དོ་གཟུགས་ཡི་དམ། སྒྲ་མ་ཎི་པདྨེ། དྲན་རྟོག་སྟོང་ཉིད་སྙིང་རྗེར་ལམ་དུ་འཁྱེར་བའོ། །དཔལ་མོ་ཨ་ཡི་རང་ངོ་རུ། །མན་ངག་ཀུན་བསྡུས་དེ་ཡི་ཚུལ། །དགའ་གདུང་རང་གྲོལ་མཆོག་གི་གནད། །འདིར་ནི་ཡི་གེར་མཚོན་འདིའོ། །ཡོལ་སྟོན་
༡༨༩ ཆོས་དབང་གི་ཡིག་རྙིང་ལས་བཏུས་སོ། །དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་ཁྲིད་ཡིག །དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཆོས་ཐམས་ཅད་རང་བཞིན་མེད་པ་སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧྲཱིཿལས་པདྨ་འདབ་བརྒྱད་གསེར་བཙོ་མ་ལྟར་འཚེར་བ་ཧྲཱིཿཡིས་མཚན་པ་ལས་རང་ཉིད་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པར་གྱུར་པའི་དཔྲལ་མགྲིན་སྙིང་ཁར། ༀ་ཨཱཿཧཱུྃ་བཀོད་པའི་འོད་ཟེར་གྱིས་པོ་ཏ་ལ་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། རིགས་ལྔས་དབང་བསྐུར། དབང་རྟགས་བླ་མ་འོད་དཔག་མེད་པས་དབུ་བརྒྱན་པར་མོས་ལ། སྙིང་ཁར་པད་ཟླའི་གདན་ལ་ཧྲཱིཿཡིག་གི་མཐར་མ་ཎིས་བསྐོར་བ་ལ་བཀླག་ཚུལ་གྱིས་ཅི་ནུས་བགྲངས་ལ་ཆོས་ཀྱི་གནས་ཚུལ་བཟོད་མ་ནས་ཞི་བའི་དབྱིངས་ལ་ངེས་པའི་ཤེས་པས་དེར་འཛིན་མི་བྱ་བར་ཆོམ་མེ་འཇོག །མདངས་སྙིང་རྗེའི་རང་བབས་སྐྱོང་། རྗེས་ཐོབ་ཟས་གོས་འདུག་ས་རྣམས་དྲན་པར་བྱས་ལ་ལྷའི་ང་རྒྱལ་བྱ། ཉལ་དུས་སྙིང་ཁར་ཧྲཱིཿལ་ཤེས་པ་གཏད། འཕོ་བ་ཧྲཱིཿསྐར་མདའ་ལྟར་དབུ་མའི་ལམ་ནས་བླ་མའི་ཐུགས་ཀར་འཕངས། བར་དོ་ད་ལྟ་ནས་འདུན་པ་ཁ་བསྒྱུར་ལ་འཁྱེར་སོ་གསུམ་གྱིས་སྦྱོང་བ་ཡིན་གསུང་ངོ་། །དམར་ཁྲིད་བྱང་སེམས་ཟླ་རྒྱལ་གསུང་། །འཛིམ་ཆེན་ཁྲིད་ཀུན་འདིར་བསྡུས་ཤིང་། །རོང་སྟོན་ལེགས་བཤད་དགའ་སྤྲོ་ཡིས། གྲོལ་མཆོག་བདག་གིས་མཚོན་པར་བྱས། ཁྲིད་དཔེ་གཉིས་ཀྱི་སྙིང་པོ་བསྡུས་སོ། །དམར་ཁྲིད་སྐྱེར་སྒང་པའི་ལུགས་ཀྱི་ཁྲིད་ཡིག་དམར་ཁྲིད་སྐྱེར་སྒང་པའི་ལུགས་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་གི་སེམས་འདས་པ་དང་མ་འོངས་པའི་མཐར་མ་ལྷུང་བའི་ད་ལྟའི་ཤེས་པ་གསལ་ཙམ་ཉིད། པད་ཟླའི་སྟེང་དུ་ཧྲཱིཿལས་ཕྱག་མཚན་ཨུཏྤ་ལ་ཧྲཱིཿས་
༡༩༠ མཚན་པ་ལས། རང་ཉིད་འཕགས་པའི་སྐུ་ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཕྱག་དང་པོ་མཉམ་སྦྱོར། གཡས་མུ་ཏིག་གི་ཕྲེང་བ། གཡོན་ཨུཏྤ་ལ་དཀར་པོ། རྡོ་རྗེ་སྐྱིལ་ཀྲུང་རལ་པའི་ཅོད་པན་ཅན། དར་ལེ་བརྒན་གྱིས་བཅིངས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། སྤྱན་འདོམ་གང་ལས་མི་རིང་བར་གཟིགས་ཤིང་། ཞལ་འཛུམ་བག་དང་ལྡན་པ་བླ་མ་འོད་དཔག་མེད་པས་དབུ་བརྒྱན་པར་གསལ་བཏབ་ནས། ཡི་གེ་དྲུག་པ་བཟླ། མཐར་ཆོས་ཉིད་དོན་གྱི་ལྷ་ཐུགས་རྗེ་ཆེན་པོའ་རང་ཞལ་གཤིས་སྐྱེ་མེད། མདངས་སྙིང་རྗེར་ལམ་མེ་བའི་ངང་ལ་འཇོག་ཅིང་། ཟས་གོས་འདུག་ས་ཉལ་བའི་རྣལ་འབྱོར་ཐམས་ཅད་ཀྱང་འཆར་བ་ཉིད་ཡིན། བར་དོ་གཟུགས་ལྷ་དང་སྒྲ་སྔགས་སུ་ཤེས། སེམས་གཞི་མེད་རྩ་བྲལ་དུ་གོ་བའི་གདིང་དང་ལྡན་པའི་ཉམས་ལེན་གྱི་གནད་སྟོང་ཉིད་དོ། །དམར་ཁྲིད་སྐྱེར་སྒང་བཞེད་པ་ཀུན། སྙིང་པོ་དགའ་མགུའི་བློས་བསྡོམས་ནས། །གྲོལ་མཆོག་ཉམས་ལེན་ཇི་བཞིན་ཡང་། ཡི་གེར་བཀོད་པ་འདི་ཉིད་ལགས། ཆོས་སྐུ་་རིན་ཆེན་ཁྲིད་ཡིག་ལས་བཏུས་སོ། །བདེ་མཆོག་གི་དམར་ཁྲིད། བདེ་མཆོག་གི་དམར་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བྱང་ཆུབ་ལྔའི་སྟོང་པའི་བྱང་ཆུབ་རང་གི་སྙིང་སྒོང་ལྐོགས་གྱེན་བསྟན་ལྟ་བུའི་ནང་དུ། གདན་པདྨ་ཉི་མ། ས་བོན་ཧཱུྃ་སྔོན་པོ། ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཧཱུྃ་ཀིས་མཚན་པ། དེ་རྣམས་ལས་སྐུ་ཡོངས་རྫོགས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ། ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུས་ཡུམ་ཕག་མོ་ལ་འཁྱུད་པ། རལ་པའི་རྩེར་ཡིད་བཞིན་གྱི་ནོར་བུ། གཡོན་ངོས་སུ་ཚེས་གཅིག་གི་ཟླ་བ། མཚོགས་མའི་སྟེང་ན་སྣ་ཚོགས་རྡོ་རྗེ། སྟག་གི་པགས་པའི་སྨད་དཀྲིས། རུས་པ་དང་མི་མགོའ་ཕྲེང་
༡༩༡ བས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་དཔྲལ་མགྲིན་སྙིང་གར་གནས་པའི་ༀ་ཨཱཿཧཱུྃ་ལས་འོད་འཕྲོས། རྒྱུད་སྡེ་བཞི་དང་འབྲེལ་བའི་ལྷ་ཚོགས་མ་ལུས་པ་ཛཿཧཱུྃ་བཾ་ཧོཿ ཡི་དམ་ཀུན་འདུས་སུ་གྱུར། བླ་མས་དབང་བསྐུར་ནས་རིགས་བདག་ཏུ་བཞུགས་པ་ལ། བླ་མ་མ་ལུས་པ་ཐིམ། བླ་མ་ཀུན་འདུས། རང་གི་སྐྲ་ཉི་ཁྲི་ཆིག་སྟོང་། བ་སྤུ་བྱེ་བ་ཕྲག་ཕྱེད་བཞི་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་ལྷར་གསལ་བ་དུས་གཅིག་ལ། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། གསུང་བར་མོས་པས་ཅི་ནུས་བཟླ་ཞིང་། ཟས་ལ་སྣོད་ཐོད་པ། བཅུད་ཤ་ལྔ་བདུད་རྩི་ལྔ། གོས་རུས་རྒྱན་སྟག་ལྤགས། གནས་ཁང་དུར་ཁྲོད་སྲུང་འཁོར་གཞལ་ཡས་ཁང་། ཉལ་དུས་ལྷ་སྣང་འོད་གསལ་དུ་བསྡུ། འཕོ་བ་སྙིང་ཁར་རང་འདྲའི་ཡི་དམ་ཚོན་གང་བ། དབུ་མའི་མར་སྣར་ཆོས་འབྱུང་ནང་དུ་ཐིག་ལེ་སྔོ་དམར་འོད་ཟེར་ལྔ་ལྡན། དེ་ལས་ཐིག་ལེ་སྔོ་སྐྱ་སྲན་མ་ཙམ་ཞིག་ཆད། སྙིང་གའི་ཡི་དམ་ལ་བསྐོར་བ་མྱུར་བ་ལན་གསུམ་སྤྱི་བོའ་ཧཾ་བསལ། ཐུགས་རྗེའི་ལྕགས་ཀྱུས་དྲངས། བླ་མའི་ཐུགས་ཁར་ཐིམ། བླ་མ་མཁའ་སྤྱོད་ལ་གཤེགས་པར་བསམ། བར་དོ་གཟུགས་ལྷ་སྒྲ་སྔགས། དྲན་རྟོག་རང་སེམས་ལྷན་སྐྱེས་སུ་ད་ལྟ་ནས་སྦྱང་བ་ཉིད་དོ། །ཡི་དམ་ཀུན་གྱི་དམར་ཁྲིད་ཅེས། །དགའ་བར་བསྔགས་ལ་རྗེས་དཔག་ནས། །རྒྱལ་སྲས་གསུང་གི་རྣམ་ཆའི་ཚུལ། །གྲོལ་མཆོག་བདག་གིས་ཡི་གེར་བཀོད། གསུང་རྒྱུན་ལས་བྲིས་སོ། །ཀྱེ་རྡོ་རྗེའི་དམར་ཁྲིད། ཀྱཻ་རྡོ་རྗེའི་དམར་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བྱང་ཆུབ་ལྔའི་སྟོང་པའི་བྱང་ཆུབ་རང་གི་སྙིང་སྒོང་ལྐོགས་ཁ་གྱེན་བསྟན་ལྟ་བུའི་ནང་དུ་གདན་པདྨ་ཉི་མ། ས་བོན་ཧཱུྃ་སྔོན་པོ། ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ།
༡༩༢ དེ་རྣམས་ལས་སྐུ་ཡོངས་རྫོགས་ཀྱཻ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། ཕྱག་གཡས་རྡོ་རྗེ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཁར་འཛིན་པ། གྲུ་མོ་ན་ཡུམ་སྦས་པའི་ཁ་ཾ་ག །སྟག་གི་པགས་པའི་སྨད་དཀྲིས། རུས་པ་དང་མི་མགོའ་ཕྲེང་བས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་དཔྲལ་མགྲིན་སྙིང་ཁར་གནས་པའི་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས་རྒྱུད་སྡེ་བཞི་དང་འབྲེལ་བའི་ལྷ་ཚོགས་མ་ལུས་པ་ཛཿཧཱུྃ་བཾ་ཧོཿ ཡི་དམ་ཀུན་འདུས་སུ་གྱུར། བླ་མས་དབང་བསྐུར་ནས་རིགས་བདག་ཏུ་བཞུགས་པ་ལ་བླ་མ་མ་ལུས་པ་ཐིམ། བླ་མ་ཀུན་འདུས། རང་གི་སྐྲ་ཉི་ཁྲི་ཆིག་སྟོང་། བ་སྤུ་བྱེ་བ་ཕྲག་ཕྱེད་བཞི། ཁམས་གསུམ་སེམས་ཅན་ཐམས་ཅད་ལྷར་གསལ་བས་དུས་གཅིག་ལ། ༀ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གསུང་བར་མོས་ལ་ཅི་ནུས་བཟླ་ཞིང་། ཟས་ལ་སྣོད་ཐོད་པ། བཅུད་ཤ་ལྔ་བདུད་རྩི་ལྔ། གོས་རུས་རྒྱན་སྟག་ལྤགས། གནས་ཁང་དུར་ཁྲོད་སྲུང་འཁོར་གཞལ་ཡས་ཁང་། ཉལ་དུས་ལྷ་སྣང་འོད་གསལ་དུ་བསྡུ། འཕོ་བ་སྙིང་ཁར་རང་འདྲའི་ཡི་དམ་ཚོན་གང་བ། དབུ་མའི་མས་སྣར་ཆོས་འབྱུང་ནང་དུ་ཐིག་ལེ་སྔོ་དམར་འོད་ཟེར་ལྔ་ལྡན་དེ་ལས་ཐིག་ལེ་སྔོ་སྐྱ་སྲན་མ་ཙམ་གཅིག་ཆད། སྙིང་གའི་ཡི་དམ་ལ་བསྐོར་བ་མྱུར་བ་ལན་གསུམ་བྱས། སྤྱི་བོའ་ཧཾ་བསལ། ཐུགས་རྗེའི་ལྕགས་ཀྱུས་སྤྱན་དྲངས་བླ་མའི་ཐུགས་ཀར་ཐིམ། བླ་མ་མཁའ་སྤྱོད་ལ་གཤེགས་པར་བསམ། བར་དོ་གཟུགས་ལྷ། སྒྲ་སྔགས། དྲན་རྟོག་རང་སེམས་ལྷན་སྐྱེས་སུ་ད་ལྟ་ནས་སྦྱང་བ་ཉིད་དོ། །ཡི་དམ་ཀུན་གྱི་དམར་ཁྲིད་ཅེས། །དགའ་བར་བསྔགས་ལ་རྗེས་དཔག་ནས། རྒྱལ་སྲས་གསུང་གི་རྣམ་དབྱེའི་ཚུལ།
༡༩༣ གྲོལ་མཆོག་བདག་གིས་ཡི་གེར་བཀོད། གསུང་རྒྱུན་ལས་བྲིས་སོ། །ཕྱག་རྡོར་འཁོར་ཆེན་ཁྲིད་ཡིག །ཕྱག་རྡོར་འཁོར་ཆེན་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བསྐྱེད་རིམ་སྲུང་བ་བཞི་ལྡན། རྫོགས་རིམ་བྱིན་རླབས་བཞི་ལྡན། སྲུང་བ་བཞི་ནི། རྣལ་འབྱོར་བདག །གནས། སྲོག་བསྲུང་བ། དག་བྱེད་གསུམ་ནི། འཆི་སྲིད། བར་དོ། སྐྱེ་སྲིད་དག་བྱེད། རྣལ་འབྱོར་སྲུང་བ། སེམས་ཅན་ལ་སྨོན་སེམས་བསྐྱེད། བདག་སྲུང་སྙིང་ག་ན་ཉི་མར་ཧཱུྃ་ལས་འོད་འཕྲོས། ཡི་དམ་སངས་རྒྱས་སྤྱན་དྲངས། བདག་གི་སྨིན་མཚམས་ནས་ཞུགས། ཧཱུྃ་འོད་སེམས་ཅན་ལ་ཕོག་འོད་དུ་ཞུ། སངས་རྒྱས་ལ་ཕོག་འོད་ཞུ་རང་ལ་ཐིམ། གཞན་རྟོག་སྤང་། ཧཱུྃ་ལས་འོད་འཕྲོས་ལུས་བུན་ནེ་ཡལ་སོང་། ཤེས་པ་ཧཱུྃ་དུ་བསམ། བདག་གི་རྟོག་པ་སྤང་། ཧཱུྃ་ལས་པདྨའི་སྟེང་དུ་བདག་ཉིད་ཁྲོ་བོ། །སྟེང་དུ་ཡང་པདྨའི་གུར་ཕུབ་པ། ཐུགས་ཀ་མགྲིན་པ་སྤྱི་བོ་རྣམས་སུ་ཧཱུྃ་ཨཱཿༀ། ཐ་མལ་གྱི་མིང་དང་རུས་རྟོག་པ་སྤང་བ་ནི་བདག་སྲུང་། གནས་སྲུང་ཧཱུྃ་ལས་མེ་ཕྱིར་ཐོན། སྐྱིལ་ཀྲུང་བཅས་པའི་ཕྱག་གིས་སླེབས་ཚད་ཀྱི་ཁོ་ར་ཁོར་ཡུག་ཏུ་མེ་འབར་བར་བསམ། སྲོག་སྲུང་རླུང་ནང་འཇུག་གི་དུས་སུ་ཤེས་པ་ཧཱུྃ་མེ་འབར་བར་ཐིམ། དག་བྱེད་གསུམ། ཧཱུྃ་འོད་ནི་འཆི་སྲིད། ཧཱུྃ་ཙམ་བར་དོ། །ཧཱུྃ་ཁྲོ་བོ་སྐྱེ་སྲིད། སྐུ་སྒྱུ་མ་ཡིད་ལ་དམིགས། ༀ་བཛྲ་པཱ་ཎི་ཧཱུྃ་བཟླས། སྤྱོད་ལམ་ལྷའི་ང་རྒྱལ། རྫོགས་རིམ་བྱིན་རླབས་བཞི་ལྡན། ལུས་ངག་ཡིད་དེ་ཁོ་ན་ཉིད། ལུས་རྣམ་པར་སྣང་མཛད་ཆོས་གནད་ལ་དབབ། བདག་གཙོ་བོའ་ང་རྒྱལ་ལ་སྲིད་པ་ཆགས་པ་ལྟེ་བ་སྤྲུལ་འཁོར། རྩ་འདབ་དྲུག་ཅུ་རྩ་བཞི། སྙིང་ཁ་བརྒྱད། མགྲིན་པ་བཅུ་དྲུག །
༡༩༤ སྤྱི་བོ་སུམ་ཅུ་རྩ་གཉིས། དྷཱུ་ཏིའི་ཡར་སྣ་ཧཾ། མར་སྣ་ༀ། སྦོམ་ཕྲ་ནི་གྲོ་སོག་ཙམ། ལྟེ་བའི་ཨོཾདྷཱུ་ཏིར་མགོ་ཚུད་ཙམ། སྙིང་ཁར་ཧཱུྃ། མགྲིན་པར་ཨཱ༔སྤྱི་བོར་ཧཾ། ངག་རླུང་། ༀ་སྲོག །ཧཾ་རྩོལ་བ། ཨཾ་ལས་རླུང་། ༀ་སྒྲ་དང་བཅས་པའི་རེག་བྱ་ཚ་བ་དྷཱུ་ཏིའི་ནང་དུ་ཡར་ཞུགས། སྤྱི་བོའ་ཧཾ་ལ་ཕོག །ཚ་ལམ་སྲོས། ཧཾ་ལས་རླུང་ཧིག་སྒྲ་དང་བཅས་པ་རེག་བྱ་བསིལ་བ་བབ། དྷཱུ་ཏི་ན་མར་ཞུགས། ལྟེ་བའི་ཨཾ་ལ་ཕོག་རེག་བྱ་བསིལ་བར་བསམ། ཨ་ཧཾ་གི་བཟླས་པ་བརྒྱ་བྱའོ། ཡིད་ངོ་བོ་ཐིག་ལེའོ། །ཨཾ་ཏཾ་ཞུ་ཡུངས་ཀར་ཙམ་བསམ། ཉམས་མྱོང་བདེ་བ་དཔེའི་ཡེ་ཤེས་དེ་རིམ་བཞིན། དགའ་བ། མཆོག་དགའ། དགའ་བྲལ། ལྷན་སྐྱེས། སྤྱི་མགྲིན། སྙིང་། ལྟེ་བར་ཕྱིན། ལྟེ་འོག་ཐིག་ལེ་སྲན་མ་ཙམ། མས་ལུགས་བཟློག་རིམ་སྦྱོར། དེ་ལྟ་བུའི་ཐིག་ལེ་ལ་སེམས་གཏད་པ་ནི་ཡིད་བྱིན་རླབས། དེ་ཁོ་ན་ཉིད་དྭངས་གསལ་མི་རྟོག་ནམ་མཁའ་དྲི་མེད། དེ་ལ་སྟོང་པའི་བསྒོམ་ཤུགས་ཀྱིས་འབྱུང་། སྣང་བ་མི་འགགས་མྱོང་གསལ་ཡིན། བསྒོམ་གནད་རླུང་ཤས་ཆེ་ན་ལྟེ་བ། དུས་སྔ་དྲོ། མཁྲིས་ཤས་ཆེ་ན་སྤྱི་བོ། དུས་ཕྱི་དྲོ། ཤེས་པ་རྒོད་ན་མི་རྟོག་པ་ལ། བྱིང་ན་བདེ་བ་ལ་སེམས་གཏད་པས་བསྒོམས་ན། དུ་བ། སྨིག་རྒྱུ། སྲིན་བུ་མེ་ཁྱེར། མར་མེ་འབར་བ། ནམ་མཁའི་སྤྲིན་མེད་རྣམས་འབྱུང་། དེ་ནི་མཆོག་གི་དངོས་གྲུབ་འགྲུབ་པའི་རྟགས་སོ། །འཁོར་ཆེན་བསྐྱེད་རྫོགས་ཀུན་ཉམས་ལེན། །དགའ་བཞི་སྨིན་གྲོལ་ལམ་སྦྱོར་བའི། །མཆོག་གི་ཁྲིད་ཡིག་གསལ་བར་བཀོད། །སྐལ་བཟང་འགྲོ་ལ་ཕན་གྱུར་ཅིག །དམར་ཁྲིད་ཀྱི་ཡིག་རྙིང་ལས་བཏུས་སོ། །གཏུམ་པོའ་ཁྲིད་ཡིག །གཏུམ་པོའ་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་
༡༩༥ ཉིད་འགྲོ་རྒྱུད་སེམས་ཅན་དུ་སྣང་བའི་ཕྱག་ན་རྡོ་རྗེར་སྙེམས་པས་རང་ངོ་རང་གིས་མི་ཤེས་པར་སྒྲིབ་བྱེད་རྣམ་སྨིན་བག་ཆགས་ཀྱི་ཡོལ་བ་བསལ་བར་མོས་ལ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་ཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་གཟུང་འཛིན་གཉིས་སྣང་དང་བྲལ་བའི་རང་སྣང་ནམ་མཁའ་སྤྲིན་བྲལ་ལྟར་གྱུར་པ་ནི་ཆོས་ཉིད་དོན་གྱི་ཕྱག་ན་རྡོ་རྗེ། དེའི་ངང་ལས་པད་ཉིའི་སྟེང་དུ་རིག་པ་ཧཱུྃ་ཡིག་མེ་འབར་བ་ལམ་གྱིས་བསྒོམ་སྟེ་ཡི་གེ་བརྡའི་ཕྱག་ན་རྡོ་རྗེ། དེ་ལས་འོད་འཕྲོས་སྟེང་གདོན་གཟའ། འོག་གདོན་ཀླུ། བར་གདོན་འབྱུང་པོ་ལོགས་འདྲེན་རྣམས་བྱ་སྒྲོ་རླུང་གིས་འདེད་པ་ལྟར་ཕྱོགས་བཅུར་གཏོར། ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས། གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ། རྩ་བ་བརྟན་པ་གདན་ལ་ཟུག་པ། རྩེ་མོ་བྱུང་རྒྱལ་མཁའ་ལ་བསྟན་པ། ལྟེ་བར་སྐྱེད་བྱེད་ཧཱུྃ་ཡིག་མེ་འབར་བས་མཚན་པ་ནི་མཚན་མ་རྫས་ཀྱི་ཕྱག་ན་རྡོ་རྗེ། དེའི་འོད་ཟེར་གྱིས་ལྕང་ལོ་ཅན་གྱི་གནས་མཆོག་ནས་གསང་སྔགས་རིགས་སྔགས་ཀུན་གྱི་བདག་པོ། འབྲས་རྒྱུད་སངས་རྒྱས་སུ་སྣང་བའི་དཔལ་ཕྱག་ན་རྡོ་རྗེ་འཁོར་སེམས་དཔའ་རྡོ་རྗེ་འཛིན་པ་བྱེ་བ་ཕྲག་དགུས་བསྐོར་བ་སྤྱན་དྲངས་ནས་ཐིམ་པའི་སྐད་ཅིག་ལ་རང་ཉིད་ལམ་རྒྱུད་འཕགས་པར་སྣང་བའི་དཔལ་ཕྱག་ན་རྡོ་རྗེ། ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་བདག་ཉིད་ལོ་བཅུ་དྲུག་ལོན་པའི་ཆ་བྱད་ཅན། སྐུ་མདོག་མཐིང་སྔོན་ནམ་མཁའ་རྡུལ་གྱིས་མགོས་པ་ལྟར་གསལ་དྭངས་མཚམས་ཀྱི་སྤྲིན་དམར་མཆེད་པ་འདྲ་བའི་དབུ་སྐྲ་སྨིན་མ་སྨར་གྱེན་དུ་འཁྱིལ་བ་མེ་སྟག་འབྲོ་བ། སྤྱན་གསུམ་དམར་ཞིང་ཟླུམ་པ། མཆེ་བའི་མྱུ་གུ་གཙིགས་པ། འཛུམ་ཁྲོ་འགྱིངས་བག་ལྡན་པ། ཕྱག་གཡས་རྡོ་རྗེ་འཕྱར་སྟབས། །
༡༩༦ གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྦྲུལ་རྒྱན་དང་། སྟག་གི་པགས་པའི་ཤམས་ཐབས་རྒྱབ་ཀྱི་ཆར་དཀྲིས་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པའི་པང་ན་ཡུམ་རྡོ་རྗེ་གཏུམ་མོ་ལྗང་སྔོན་ལང་ཚོ་ལྡན་པ་གྲི་ཐོང་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། ཞབས་གཡོན་བསྐུམས་གཡས་བརྐྱངས་པས་ཡབ་ལ་འཁྲིལ་བ། སྤྱན་གསུམ། དབུ་སྐྲ་དམར་སེར་ཐུར་དུ་བཤིག་པ། ཐོད་པའི་ཅོད་པན་དང་རུས་པའི་རྒྱན་ཅན། །རྡོ་རྗེ་པདྨ་མཉམ་པར་སྦྱོར་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་གསལ་སྣང་རྒྱ་ཆེར་བསྐྱེད་དེ། ལྷའི་རྣམ་པ་འགག་མེད་ལ་ཡིད་རྩེ་གཅིག་ཏུ་གཏད་ཅིང་། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་བཻ་་མདོག་གསལ་ཕྲུང་བ་གཅིག་བསམ། དེ་ལས་ཧཱུྃ་བརྒྱ། ཧཱུྃ་སྟོང་། ཧཱུྃ་ཁྲི། ཧཱུྃ་འབུམ། ཧཱུྃ་ཚད་མེད་རྒྱས་པའི་དབང་གིས། རང་གི་ལུས་ཇེ་སྲབ་དུ་སོང་བ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་ཧཱུྃ་ཡིག་གིས་མར་གང་། དཔལ་ཕྱག་ན་རྡོ་རྗེའི་མཐུ་སྟོབས་མ་ལུས་པས་བྱིན་གྱིས་བརླབས། ཧཱུྃ་གི་ཤུགས་ཀྱིས་བགས་པར་ལ་ནས་ཧཱུྃ་འབའ་ཞིག་པའི་རྣམ་པར་ཤིག་གེར་སོང་སྟེ། འཇིག་རྟེན་ཁམས་མ་ལུས་པ་ཧཱུྃ་སྒྲས་གང་བར་མོས་ཤིང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྒྲ་དབྱངས་འབྲུག་སྒྲ་ལྟར་ཁྱབ་པས་ཐུགས་དམ་བསྐུལ། བདུད་དང་ལོག་འདྲེན་མ་ལུས་པའི་རྣ་བར་སོན་པས་འཇིགས་སྐྲག་དཔའ་བཀང་བར་བསམས་ལ་རིག་པ་ངར་བསྐྱེད། མིག་རྩ་དཔངས་བསྟོད། ཤེས་བ་ཧུར་ཕྱུང་ལ་ཧཱུྃ་ཧཱུྃ་ཞེས་སྒྲ་གསངས་ཇེ་མཐོ་ལྕེ་རྩ་མི་བསྒུལ་བར་མགྲིན་པ་ནས་ཤུགས་བསྐྱེད་དེ། དང་པོ་དལ་བར་བྱ། གོམས་ནས་སྐད་ཇེ་ཆེར་བཏང་ལ་བཟླ། ཐུན་འཇོག་དུས་སྔགས་ཀྱི་འབྲས་བུ་སྙིང་གའི་ཧཱུྃ་ལ་བསྡུ། བ་སྤུ་བྱེ་བ་ཕྲག་བརྒྱ། སྐྲ་ཉི་ཁྲི་
༡༩༧ ཆིག་སྟོང་ཧཱུྃ་ཡང་ཡང་གསལ་གདབ་ཅིང་ལྷའི་སྐུ་དངས་གསལ་ཆུ་མཚོའ་རྒྱུ་སྐར་ལྟར་ལས་མ་ཡེངས་པར་འབྲུ་གཅིག་ཧཱུྃ་གི་སྣ་གླུར་བསྒྱུར་བ་ཉིད་དོ། །གཏུམ་ཆེན་རྫོགས་རིམ་ཧཱུྃ་དྲིལ་འདི། །ཀུན་ནས་ཁྱེར་བདེའི་དགའ་འདྲར་མཐོང་། །རང་གྲོལ་སེམས་ལ་མཆོག་ཤེས་ཚུལ། ཡི་གེར་གསལ་བ་འདི་ཉིད་ཡིན། གསང་བདག་གྲུབ་ཆེན་གྱི་ཁྲིད་ཡིག་ལས་བཏུས་སོ། །ཕག་མོ་ཀུརྨ་པཱ་དའི་ཁྲིད་ཡིག །ཕག་མོ་ཀུརྨ་པཱ་དའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཐོག་མར་ཐང་སྐུ་གཅིག་རང་ལ་ཉེ་བར་བཀྲམ་ལ་མཆོད་པ་ཤ་ཆེན་གྱི་སྤོས་གཅིག་བྱ། ཐང་སྐུལ་མིག་བལྟས་ལ་མ་ཡེངས་པར་ཤེས་པ་གཏད་ལ་བསྒོམ། མིག་ན་ན་མིག་བཙུམ་ལ་ཡིད་ཀྱི་ཡུལ་དུ་ཐང་སྐུ་ལ་བྲིས་པ་དེ་ལྟ་བུ་གཅིག་བསྒོམ་མོ། །བཞུགས་ཚུལ་ནི། ཀུརྨ་པཱ་ད་བྱ་བ་ཡིན། རུ་སྦལ་གྱི་འདུག་ལུགས་དང་འདྲ་བ་ཡིན་པས་མཚན་ཡང་རུ་སྦལ་ཞབས་ཡིན། དེ་ལྟར་བསྒོམས་པས་ཐང་སྐུ་དང་ཡིད་ལ་ཡོད་པ་གཉིས་ཁྱད་པར་མི་འདུག་ན་དམིགས་པ་ཟིན་པ་ཡིན། ཡང་བདག་གི་ལྟེ་བར་པདྨ་དཀར་པོ་འདབ་མ་བཞི་པ་གཅིག །སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་བྷཻ་ར་བ་ནག་པོ། ཞལ་གཅིག་ཕྱག་གཉིས་པ་གཅིག་ཁ་བུབ་ཏུ་བསྒྱེལ་བ་གྲི་གུག་ཐོད་པ་འཛིན་པ། །སྟག་གི་པགས་པའི་ཤམས་ཐབས་ཅན་རུས་པས་བརྒྱན་པ་གཅིག་གིས་མི་ལྤགས་རློན་པ་གྱོན་པའི་སྟེང་དུ་རྗེ་བཙུན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་འཛིན་པའི་ཕྱག་ཐུར་དུ་བརྐྱངས་པ། གཡོན་ཐོད་པ་ཐུགས་ཀར་འཛིན་པ། དབུ་སྐྲ་སིལ་བུ་ཐུར་དུ་འཕྱང་བ། མི་མགོ་རློན་པའི་ཕྲེང་བ་ཅན། ཞབས་གཉིས་གར་སྟབས་སུ་བཞུགས་པ། ཕྱག་རྒྱ་ལྔ་དང་ལྡན་པའི་འོད་ཟེར་བསྐལ་པའི་མེ་ལྟར་འབར་བ་གཅིག་བསྒོམ། ཤེས་པ་རྒོད་པ།
༡༩༨ འདར་བ། སྤུ་ལངས་པ། ཕྱི་རོལ་གྱི་རྟོག་པ་འགག་ནས་འགུལ་མི་ཤེས་པ་ལྟ་བུ་འབྱུང་། དེ་ལྟར་བསྒོམས་ན་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཕག་མོ་ཀུན་ལས་སེར་མོའ་སྐུར། །ལེགས་བསྟན་དགའ་འཁྱིལ་གྲོལ་ཞབས་མའི། །མཆོག་གི་གདམས་པ་གཡེར་པོ་ཆེ། །ཆག་ལོའ་ཁྱད་ཆོས་འདི་ལགས་སོ། །རིན་ཆེན་ཆོས་རྒྱལ་ཀྱི་ཁྲིད་ཡིག་ལས་བཏུས་སོ། །ཀུ་རུ་ཀུལླེའི་ཁྲིད་ཡིག །ཀུ་རུ་ཀུལླེའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས་རང་ལྷར་གསལ་བའི་ལྟེ་བར་ཡོན་ཏན་གྱི་རྩ་ཁྱི་མོ་ཉལ་བ་ལྟ་བུ་དེ་ལ་བརྟེན་པའི་ཚུལ་གྱིས་གྱེན་དུ་ཞལ་ཕྱོགས་པ་ཡོན་ཏན་གྱི་རྩ་གཡེར་མ་ཁ་བྱེ་བ་ལྟ་བུ་ལས་སྐྱེས་པའི་སྙིང་ཁར་རྣམ་ཤེས་ཚོགས་བརྒྱད་དང་འབྲེལ་བའི་རྩ་ཨུཏྤལ་འདབ་བརྒྱད་ཁ་བྱེ་བ་ལྟ་བུའི་ལྟེ་བར་རྩ་ཐིག་རླུང་གསུམ་འདུས་པའི་ཧྲཱིཿཉི་མ་འཆར་ཀའི་མདོག་ཅན་བསམས་ལ། སྔགས་ཕྲེང་སྐོར་ཙམ་བཟླས། དེ་ནས་མདུན་དུ་བསྒྲུབ་བྱ་བསམ་པའི་ལུས་ནང་དུ་ཡང་རྩ་གསུམ་བརྩེགས་ཧྲཱིཿདང་བཅས་པའི་འདབ་མ་བརྒྱད་ལ་ཨཱ་ལི་ཐུང་དུ་བརྒྱད། རང་གི་སྙིང་གར་ཡང་དེ་བཞིན་བསྒོམས་ལ། མཚུངས་པ་འདྲ་བའི་ཡི་གེ་ལ་སྔ་མ་རིང་པོའ་དཔེར་བསྒྲུབ་བྱའི་ཚེ་དཔལ་མ་ལུས་པའི་ངོ་བོ་རིང་པོར་ཤར། སླར་རང་ལྷའི་ང་རྒྱལ་གྱིས། ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་དྲག་ཏུ་བཟླས་པས་སྙིང་ཁའི་ཧྲཱིཿལས་འགུགས་བྱེད་མཁའ་འགྲོ་མ་རྣམ་པ་བུང་བ་དམར་པོ་དྲེགས་པའི་ཤུགས་ཅན་བརྒྱད་རྣ་བ་གཡས་སྒོ་ལས་ཐོན། ཕྱག་གི་ཨུཏྤ་ལའི་མདའ་ལྟོང་ནས་བརྒྱུད་དེ། བསྒྲུབ་བྱའི་རྣ་བའི་སྒོ་ནས་ཞུགས། རིམ་པ་ལས་མ་འདས་པར་ཕྲལ་བའི་ཚུལ་གྱིས་དབྱངས་ཡིག་གི་སྲོག་ཁུ་བཅུད་བླངས་ཨུཏྤ་ལ་རིར་ཅིང་སྐམ། སྔ་མའི་ལམ་ནས་རང་གི་སྙིང་གའི་དབྱངས་ཐུང་ལ་སྲོག་བཅུག་པས་ཡི་གེ་རིང་པོ་བརྗོད་ལྡན་དུ།
༡༩༩ བསམས་ལ་སྔགས་བཟླས་པའི་མཐར། གང་ལ་ཐོག་མ་དབུས་མཐའ་མེད། སྲེད་མེད་མྱ་ངན་འདས་པ་མེད། བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། ཅེས་པའི་དོན་ལ་ཡིད་མཉམ་པར་བཞག་པ་ཉིད་དོ། །ཀུན་ཁྱབ་འཁོར་ལོ་བཞིའི་གཏུམ་མོ། །ལྷ་འདིའི་རྫོགས་རིམ་ལ་སྦྱར་ནས། །དགའ་དགའ་ཆོས་ལྟར་བཅོས་སྟོན་ལ། །གྲོལ་མཆོག་གང་མོ་གཏིང་ནས་ཤོར། གཅེས་བཏུས་ནང་ནས་བཏུས་སོ། །དུས་འཁོར་སྙན་བརྒྱུད་ཀྱི་ཁྲིད་ཡིག །དུས་འཁོར་སྙན་བརྒྱུད་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཕྱག་རྒྱ་ཆེན་པོའ་ཚིག་རྐང་ནི། དང་པོ་རྩོལ་སྒྲུབ་དང་བྲལ་བས་ཁོང་སློད། བར་དུ་ཐེ་ཚོམ་དང་བྲལ་བས་སེམས་མ་བཅོས་པར་བཞག །ཐ་མ་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱ། གཅིག་ཤེས་ཀུན་གྲོལ་ཚིག་རྐང་ནི། །ཆོས་ཉིད་ཟབ་མོ་ལ་བཞག །སེམས་ལ་སོ་སོར་རྟོག །སེམས་ཉིད་རྒྱ་ཆེན་པོ་ལ་ལྟོས། ཆོས་ཉིད་ཀྱི་རང་མདངས་སྐྱོང་། དེ་ཉམས་སུ་བླང་། རྟོག་པ་ཕུལ། ངོ་སྤྲད། མདོ་རྒྱུད་མན་ངག་ལུང་བསྟན་བཅོས་གང་ལ། དོན་སེམས་སེམས་ཉིད་གཉིས། ཆོས་ཆོས་ཉིད་གཉིས་ལ་ཚིག་ཁྲིད། ངག་སེམས་འབྱེད་པ་ཚིག་ཁྲིད། བསྒོམ་རྒྱུ་ལྔ། བཤད་རྒྱུ་བཞི། ངེས་འཇོག་བཞི། གསོལ་འདེབས་གསུམ། བསྒོམ་རྒྱུ་ལྔ། སེང་གེའི་ཁྲིད། པད་མ། ཟླ་བ། ཉི་མ། བླ་མ། བཤར་རྒྱུ་བཞི། བདག་དང་སེམས་ཅན་བླ་མ་ལ་སྐྱབས་ངེས་འཇོག་བཞི། འདི་ཀ་སངས་རྒྱས། ཐུགས་མི་རྟོག་ཡེ་ཤེས། གསུང་ཆོས། སྐུ་དགེ་འདུན། །གསོལ་འདེབས་གསུམ། བླ་མ་བདག་ལ་ཕྱག་རྒྱ་ཆེན་པོའ་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། གསུམ། བསྒོམ་རྒྱུ་གཅིག །ཆོ་ག་གཉིས། གསོལ་འདེབས་གསུམ། གཅིག་ནི་ངའི་བླ་མ། གཉིས་ནི་ཕྱག་རྒྱ་ཆེན་
༢༠༠ མོ། །གསུམ་ནི་བླ་མ་བདག་ལ་ཕྱག་རྒྱ་ཆེན་མོ་སྟོང་ཉིད་སྙིང་རྗེ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། དབང་བཞིའི་རྟེན་འབྲེལ་བསྒྲིག་གོ །ཐུགས་ཡིད་གཅིག་ཏུ་བསྲེབ། འགྱུར་མེད་སྨོན་ལམ་བཏབ། རྗེས་དྲག་སྔགས་གསོལ་བ་གདབ། ཀྭ་ཡེ་འདི་གཅིག་ཆོས་ཀྱི་སྐུ། །གཉིས་མཐུད་ཕན་ཆད་རྟོག་པ་སྟེ། །འཁྲུལ་དང་མ་འཁྲུལ་ངོ་བོ་གཅིག །འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། ད་དུང་རྡོ་རྗེ་སེམས་དཔའ་ཉོན། རང་བྱུང་རིག་པའི་ཀུན་བཟང་ལ། །ཚིག་དང་ཡི་གེ་མེད་པས་སློབ་དཔོན་མེད། །རང་གིས་རང་ལ་འཆད་པས་སློབ་དཔོན་ཡོད། །རང་གིས་རང་ཉིད་རིག་པས་ཆོས་ཀྱི་སྐུ། ཡིད་ཀྱིས་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཕྱི་ལྟས་ཀྱི་ཚོལ་འབྲོས་དགོས་པ་མེད། སངས་རྒྱས་ཀྱི་དགོངས་པ་སེམས་ལ་འདུག །རང་ངོ་ལ་རང་གི་ལྟ་བ་འདི། །དཔེ་ཡིད་བཞིན་གྱི་ནོར་བུ་རྙེད་པ་འདྲ། །ཐབས་ཀྱིས་ཕྱེན་བརྒྱ་དང་ལྔ་བཅུ་སྟེ། །ཉེ་བར་བསྡུས་ན་སུམ་ཅུ་ཐམ་པར་འདུས། །དེ་ཡང་བསྡུས་ན་སྟོང་ཆེན་ཡི་གེ་ལྔ། །དེ་ཡང་བསྡུས་ན་ཐབས་ཤེས་ཡི་གེ་གཉིས། །དེ་ཡང་བསྡུས་ན་གསང་ཆེན་ཡི་གེ་གཅིག །རྟགས་བཅུ་རྣམ་དག་གི་སེང་ཁྲི་ལ། ཨཱ་ལི་རྣམ་དག་གི་ཉི་གདན་དང་། ཀཱ་ལི་རྣམ་དག་གི་ཟླ་གདན་དང་། སྒྲ་གཅན་རྣམ་དག་གི་ཐིག་ལེའོ། །ཆོས་ཉིད་རྣམ་དག་གི་ཡི་གེ་ལ། །ཤེས་བྱ་ཀུན་ཁྱབ་ཀྱི་ཡེ་ཤེས་སོ། གཞོམ་མེད་སྒྲ་ཡིས་ཡོངས་བསྐུལ་ནས། །རྣམ་དག་འོད་ལྔའི་གཞལ་ཡས་སུ། །རང་རིག་ཡེ་ཤེས་གསལ་བར་བྱེད། །བདེ་ཆེན་ལྷུན་གྲུབ་སྐུ་རུ་ཤར། །སེམས་ཉིད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། །རྡོ་རྗེའི་བཟླས་པའི་སྲོག་སྙིང་ཆགས། སྐྱེ་མེད་བུང་བའི་སྒྲ་དབྱངས་མཁན། སྐུ་གསུམ་ལྷུན་གྲུབ་རྒྱུན་ཆད་མེད། །སེམས་ཉིད་རིན་
༢༠༡ ཆེན་ལ་ཕྱག་འཚལ། །ཙིཏྟ་རིན་ཆེན་སྙིང་གི་གུར་ཁང་དུ། །རྟ་རྔ་བརྒྱ་ཚད་ཤིན་ཏུ་དྭངས་པ་ལ། །ཁ་དོག་ལྔ་ལྡན་ཨ་ཡི་རང་སྒྲ་སྒྲོག །ཤེས་བྱ་ཐམས་ཅད་མེ་ལོང་ནང་བཞིན་གསལ། །སེམས་ཉིད་རིན་ཆེན་ལ་ཕྱག་འཚལ། །སྒྲོལ་མ་ལམ་ཞུགས་ཕྱི་རོལ་ཇི་བཞིན་དུ། །ཁྱབ་གདལ་ཆེན་པོ་ཕྱི་ནང་འདྲེས་པར་གསལ། །རྣལ་འབྱོར་པ་ལ་འདོད་དོན་དེ་ཡིས་སྟེར། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོ་ཡིན། །སེམས་ཉིད་རིན་ཆེན་ལ་ཕྱག་འཚལ། །ཨ་ནི་སྟོང་དང་མི་སྟོང་འདས། །གནས་ནི་སྐྱེ་བ་མེད་པར་གནས། །བརྗོད་ནི་རྒྱུན་ཆད་མེད་པར་བརྗོད། །ཁྱབ་ནི་འགྲོ་བ་ཡོངས་ལ་ཁྱབ། །མཐོང་ནི་སུས་ཀྱང་མཐོང་བ་མེད། །སྟོན་ནི་བླ་མ་དམ་པས་སྟོན། །སེམས་ཉིད་རིན་ཆེན་ལ་ཕྱག་འཚལ། །མཐར་ཐུག་སྟོང་ཆེན་ཐིག་ལེ་དྭངས་པའི་ནང་། །རེ་ཁ་ནག་པོ་རྟ་རྔ་བརྒྱར་གཤགས་ཚད། །དེ་ནང་གཟུགས་དང་རིགས་དྲུག་གཟུགས་ལ་སོགས། །ཁམས་གསུམ་གང་བའི་ཆོས་རྣམས་མ་ངེས་གསལ། །དྲི་མེད་འོད་འཕྲོ་རྣམ་ཀུན་མཆོག་ལྡན་གཟུགས། །དུས་གསུམ་རྒྱལ་སྐུ་རྡོ་རྗེ་སེམས་དཔའ་གྱུར། །སེམས་ཉིད་རིན་ཆེན་ལ་ཕྱག་འཚལ། ངའི། ངའོ། ང་རང་། ངས། ང་ལ། ང་ཡོད། ང་མེད། ང་མིན། །མ་བཅོས་སོ་མ་གདན་དུ་ཐིངས། །ཐོལ་སྐྱེས་སོ་མ་སྔས་སུ་ཆུག་རང་གདངས་འབྲལ་མེད་གོས་སུ་གྱོན། །གཅེར་ཉལ་ཉི་ཁྲི་ཆིག་སྟོང་དང་། །དྲུག་བརྒྱ་ཡོངས་སུ་རྫོགས་པ་ན། །རང་ཉིད་རྡོ་རྗེ་སེམས་དཔར་འགྱུར། རྗེས་ལམ་ཁྱེར་དགུ་ནི། བྱིང་བ་ཆེན་པོ་ལ་གཏི་མུག་གི་ལམ་ཁྱེར། འདུས་པ་ཆེན་པོ་ལ་ཞེ་སང་གི་ལམ་ཁྱེར། བྱམས་པ་ཆེན་པོ་ལ་འདོད་ཆགས་ཀྱི་ལམ་ཁྱེར། མི་ཐུབ་དགྲ་ལ་སྦྱིན་གཏོང་གི་ལམ་ཁྱེར། རྐུན་མ་ལ་ངོས་འཛིན་གྱི་
༢༠༢ ལམ་ཁྱེར། ཐུག་ཕྲད་ལ་དཔའ་བོ་ཆིག་ཆོད་ཀྱི་ལམ་ཁྱེར། །འཇིགས་འཕྲང་ལ་སོ་འཛུག་གི་ལམ་ཁྱེར། །བསླུས་མ་ལ་མགོ་བསྐོར་གྱི་ལམ་ཁྱེར། ངན་པ་ལ་དུག་སྦྱོར་གྱི་ལམ་ཁྱེར། སྔར་གྱི་དུག་གསུམ་སྟེང་དུ་ཁེངས་པ་ཆེན་པོ་ལ་ང་རྒྱལ། འགྲན་སེམས་ཆེན་པོ་ལ་ཕྲག་དོག་བསྣན་ནས་གུད་ཆུང་སྤུན་ལྔར་ཡང་མིང་འདོགས་གསུང་། དུས་གསུམ་ཐམས་ཅད་བླ་མ་མཐོང་ཚད་ལ་ཐུགས་ཡིད་བསྲེ། རྟེན་མཐོང་ཚད་ལ་རབ་གནས། སེམས་ཅན་མཐོང་ཚད་ལ་སྙིང་རྗེ། གཤིན་པོ་ཐོས་ཚད་ལ་བདུན་ཚིག །སྣང་བ་མཐོང་ཚད་ལ་དབྱིངས་རིག་བསྲེ། མཐར་འཕོ་བ་ཨ་གཅིག་མའི་གདམས་པ་བསྟན་ནོ། །དུས་འཁོར་སྙན་བརྒྱུད་མན་ལུང་པའི། །གདམས་པ་ཀུན་བསྡུས་དགའ་བཞིན་དུ། །གྲོལ་མཆོག་བདག་གིས་ཉུང་དུའི་ངག །ལེགས་པར་བསྡུས་ཏེ་ཡི་གེར་བྱས། རྙིང་མའི་གལ་པོའ་རྒྱུད་ལུང་པ་མ་མེད་པའི་རྒན་རྒོན་སོགས་ཕྱིར་བསལ། གང་ཡིད་ཆེས་པ་རྣམས་ཆོས་རྗེ་མཁས་པའི་དབང་པོའ་ཞལ་སློབ་ཞིག་གི་ངག་ལས་རྙེད་པའི་ཆ་ཙམ་བཀོད་པའོ། །ཨོ་རྒྱན་བསྙེན་སྒྲུབ་ཀྱི་ཁྲིད་ཡིག །ཨོ་རྒྱན་བསྙེན་སྒྲུབ་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རྩ་དག་སྐུ་རྡོ་རྗེ། སྐྱིལ་ཀྲུང་གསུམ་བྱེད། སྒྲུབ་ཁང་མུན་པ་ཅན་དུ་བསྒོམ་ཞིང་། སྐྱིལ་ཀྲུང་དཔུང་རྒྱངས། ལྷག་པ་བསྲང་། མགྲིན་པ་དགུགས། ལྕེ་དྲིལ། ཁ་སྣ་གཉེར་ཙམ། རྣ་བ་ཧྲེང་གཏང་། མིག་གྱེན་དུ་བལྟ། དམིགས་པ་མི་འཛིན། བསྒོམ་འདོད་རྟོག་པ་ཕྱིར་བསྙིལ། མ་ཡེངས་ཙམ་བཞག །སྒོ་ལྔ་བཅུད་ལ་བོར་བས་རྩ་བ་ཡན་ལག་གི་རླུང་ནང་དུ་བཀང་། དུ་བ་སོགས་མཐོང་། རླུང་སྟོང་དུ་འཚང་ན། འོག་གི་སྐྱིལ་ཀྲུང་ལྟོ་བ་འོག་སྒོ་རྐང་པ་བསྡམ། ཆ་ཆ་ནས་བསྒྲིམ། ལྟ་སྟངས་ཐུར་ལ་ལྟ་བ་འཇོག །སྟེང་གི་སྐྱིལ་ཀྲུང་འོག་གི་སྐྱོན་
༢༠༣ སེལ། བར་གྱི་སྐྱིལ་ཀྲུང་། དལ་མོ་ཅུང་ཟད་སྒྱེ་བར་བྱ། ལྟོ་བ་ཕྱིར་བསྐྱེད། སྟེང་འོག་གེགས་ཐམས་ཅད་སེལ། སྔ་དྲོ་ཕྱི་དྲོ་ཉི་མ་དང་སར་བུ་ལ་རྒྱབ་ཕྱོགས། ཉིན་གུང་བསྒོམ་པ་མ་ཡིན། ནམ་མཁའ་མཐོང་སར་ཕྱེད་གཡབ་འོག་སྤྲིན་མེད་དྭངས་པ་ལ་བསྒོམ། ཉིན་མོའ་རྟགས་དྲུག་མཐོང་། འབྱུང་རླུང་ཟིན་པ། དེ་ཡང་ས་རླུང་དུ་བ་ལ་ཆུ་རླུང་སྨིག་རྒྱུ། མེ་རླུང་སྲིན་བུ་མེ་ཁྱེར། རླུང་གི་རླུང་མར་མེའི་འོད། མཚན་རྟགས་བཞི། ནམ་མཁའི་རླུང་ནམ་མཁའ་ལྟ་བུ། མེ་འབར་བ། ཟླ་བ། ཉི་མ། སྒྲ་གཅན་གནག་ལིང་ལིང་བ། གློག་ཤིན་ཏུ་ཕྲ་བའི་ཐིག་ལེའི་དབུས་སུ་ལོངས་སྐུ་མཐོང་། ཉིན་རྟགས་དྲུག་མ་ངེས་པ། བུམ་པ། སྣམ་བུ། རེ་ལྡེ་ལ་སོགས་བསམ་གྱིས་མི་ཁྱབ། དེ་ལུས་ཉམས། སེམས་ཉམས། རྨི་ཉམས་གསུམ་གྱིས་བརྟག་དགོས་ཏེ་རྟགས་བཅུའོ། །ཤེས་རབ། རྟོགས་དཔྱོད། དགའ་བ། གཡོ་མེད། བདེ་བ། བསམ་གཏན་ཡན་ལག་ལྔ་མཐོང་། མངོན་པར་ཤེས་པ་ལྔ་འཆར། གསུང་རྡོ་རྗེ། རྩ་ཁྱིམ། ཐིག་ལེ་ལོངས་སྤྱོད། རླུང་བདག་པོ། རིག་པ་རྟེན་དུ་གནས། རླུང་རོ་ཕྱུང་། རླུང་འཇུག་པ་ༀ། གནས་པ་ཨཱཿཕྱིར་དབྱུང་བ་ཧཱུྃ། བགྲང་ཕྲེང་སྤངས་པའི་བཟླས་པ་བྱེད། དེ་རྗེས་རླུང་མ་འཆོལ་བ་རླུང་སྦྱོར་ལྔ་བསྒོམ་སྟེ། ནམ་མཁའི་རླུང་འབྱུང་བ་ཚོར་རིག་མེད་པ་འཇམ་ཞིང་ཆ་མཉམ་གཟུང་། མེ་རླུང་དྲག་ལ་ཐུང་རྦུད་རྦུད་གཟུང་། ཆུ་རླུང་སོ་བསྡམས་ནས་གཞུར་སིད་སྒྲ་དང་བཅས་གཟུང་། སའི་རླུང་ནམ་མཁའི་རླུང་ལས་ཅུང་ཟད་དྲག་པར་ཚོར་མ་ཚོར་ཙམ་གཟུང་། དེ་ནས་ཐུར་སེལ་རླུང་གི་གདན་དང་འབྱུང་བ་རིམ་བརྩེགས་བསྒོམ། ལྟེ་བར་ཨེ་སྔོན་པོ་ནམ་མཁའ་གྲུ་གསུམ་དྭངས་པ། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་
༢༠༤ རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་ལ་ཟླུམ་པོ། །ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིའི་སྟེང་དུ་ཡེ་ཤེས་ཀྱི་གདན་ལྗང་གུ་ཟླུམ་པོ། སྒྲ་གཅན། ཉི་མ། ཟླ་བ། དུས་མེ་ཟླུམ་པོ། རེག་བྱ་འབྱུང་བ་དང་མཐུན། སྟེང་གི་རླུང་སྦྱོར་གྱིས་འབྱུང་བའི་གདན་ལ་ཨཱ་ལི་ཀཱ་ལི་གསེར་མདོག་གི་ཕྲེང་བ་ན་ར་ར་བྱུང་། དུས་མའི་སྟེང་དུ་སེར་ཧྲཾ་དམིགས། གཏོང་དུས་སུ་ཡིག་འབྲུ་གྱེན་ལ་ཡོང་བར་བསྒོམ། ཆུ་རླུང་། ཨཱ་ལི་ཀཱ་ལི་སྐྱ་ན་ར་ར་བྱུང་། ཟླ་གདན་སྟེང་དུ་དཀར་ཧྲཾ་མེ། མེ་རླུང་ཨཱ་ལི་ཀཱ་ལི་དམར་ན་ར་ར་བྱུང་། ཉི་གདན་སྟེང་དུ་དམར་ཧྲཾ་མེ། རླུང་གི་རླུང་། ཨཱ་ལི་ཀཱ་ལི་ནག་ན་ར་ར་བྱུང་། ཡེ་ཤེས་ཀྱི་གདན་གྱི་སྟེང་དུ་སྔོ་ཧྲཾ་མེ་བསམ། ཐམས་ཅད་ཀྱི་ཐུན་མགོ་ལ་ལྟ་སྟངས། རང་རང་འཛིན་སྟངས་ཀྱི་བར་རླུང་གཟུང་། སྟེང་འོག་གློང་། ས་བོན་རྣམས་རྡོ་རྗེ་སྔོན་པོ། །རལ་གྲི་ནག །རིན་པོ་ཆེ་དམར། པད་མ་དཀར། འཁོར་ལོ་སེར་པོ། །དེ་རྣམས་སྐད་ཅིག་གིས་ཀྲོང་བསྐྱེད། ལྷ་རེ་རེ་སྟེ་དུས་འཁོར་རམ། ཡབ་ཡུམ་ཀྲོང་བསྐྱེད་གསོལ་གདབ། རླུང་ལྟ་སྟངས་སྨད། སྐུ་སྨད། བར་རླུང་སྐེད་པ། སྐུ་སྟོང་། སྟེང་རླུང་ཞལ་སྤྱན། རླུང་རིན་པོ་ཆེ་མེ་ཆུ་ས་ཁམས་པ་བསྐྱེད། དེ་ལྟར་རླུང་ལམ་དུ་སློང་བའི་དུས་སུ་ལྷ་མེ་ཁམས་པའི་ལྟེ་བ་ནས་རེག་བྱ་ཚ་བ། མེ་བདེ་ཆེན་ཧཾ་ལས་ཨཱ་ལི་ཀཱ་ལིའི་སྟེང་འོག་ཏུ་བབ་ལུས་ཁྱབ། འདི་སྐབས་སུ་ལས་ཆེན་སྒྲུབ་ན། ཆུ་རླུང་བཞི་སྦྱོར་ནི་ཞི་བའི་ལས། ལྷ་ཆུ་ཁམས་པ་བསྐྱེད། ཆུ་རླུང་དབུ་མར་བཅུག །ༀ་མ་མ་ཀི་རི་ཆེ་གེ་མོ་་ཀུ་རུ་ན་མ། ས་རླུང་བཞི་སྦྱོར་རྒྱས་པའི་ལས། ལྷ་ས་ཁམས་པ་བསྐྱེད། ས་རླུང་དབུ་མང་བཅུག །ༀ་ལོ་ཙ་ན་པ་དྷི་ཆེ་གེ་མོ་པུཥྚིཾ་ཀུ་རུ་སྭཱ་ཧཱ། མེ་རླུང་བཞི་སྦྱོར་དབང་གི་ལས། ལྷ་མེ་ཁམས་པ་བསྐྱེད། མེ་རླུང་དབུ་མར་བཅུག །ༀ་པཎྜ་བ་སུ་ནི་ས་ར་ཏེ་ཆེ་གེ་མོ་བཽ་ཥཊ། རླུང་གི་རླུང་བཞི་སྦྱོར་དྲག་པོའ་ལས། ལྷ་རླུང་ཁམས་པ་བསྐྱེད། རླུང་གི་རླུང་དབུ་
༢༠༥ མར་བཅུག །ཨོ་ཏཱ་རེ་ཏུཏྟཱ་རེ་།།།་མོ་མཱ་ར་ཡ་ཧཱུྃ། གཞན་དབྱེ། རེངས། རྨོངས། དུག་ཞི་བ། བསྐྲད་པ། ཚད་རིམས་ཀྱིས་འདེབས་པ། ཕུར་བུས་གདབ་པ། ལས་ཆེན་བཅུ་གཉིས་སྒྲུབ་པ། ལྷ་ནམ་མཁའི་ཁམས་པ་བསྐྱེད། ནམ་མཁའི་རླུང་དབུ་མར་བཅུག །བསྒྲུབ་བྱ་མི་སྣང་བར་བསྒོམ་པས་མི་སྣང་། དེ་ལྟར་ཉམས་སུ་བླངས་པས་སྲོག་རླུང་ཐིག་ལེའི་ནང་དུ་ཆུང་ནས་འཛིན་པ་ཡིན། ཐུགས་རྡོ་རྗེ། ལུས་གནད་སྐྱིལ་ཀྲུང་། རང་གི་ནང་སྟོང་རའི་དབུ་མ་མདའ་སྙུག་འབྲིང་པོ་ཙམ། འཁོར་ལོ་དྲུག་གི་སྲོག་ཤིང་། ཡར་སྣ་ཐིག་ལེ་དཀར་པོ་ཧཾ། མར་སྣ་ཐིག་ལེ་དམར་པོ་ཧོ་གློག་འདྲ་བ། དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། གསང་བ་རྐྵ། རླུང་འཇམ་ལ་རིང་བ་གནད་དུ་བསྣུན། ཀྵ་མེར་འབར། གསང་གནས། ལྟེ་བར། སྙིང་གར། མགྲིན་པར། དཔྲལ་བའི་རྩ་ནང་གི་བག་ཆགས་བསྲེགས། ཧཾ་ལས་བྱང་སེམས་བྱུང་རྩ་འདབ་མེར་གང་། རིམ་གྱིས་མགྲིན་སྙིང་། ལྟེ་གསང་གང་། ཟག་མེད་ངོས་བཟུང་། བློ་བྲལ་ལ་རྩེ་གཅིག་གཏད། རྒྱ་མཚོ་འཕུལ། རླུང་མི་དགག་སོར་བཞག །སྟོད་སྨད་ལྟེ་འོག་ཏུ་ཕུལ། སྲོག་རླུང་མི་རྔུབས། སྟེང་འོག་བར་གསུམ་བསྲེས་ནས་རྒྱངས་བསྐྱར། འོག་རླུང་འཕུལ། སྲོག་རླུང་གནས་སུ་འཕུལ་བའོ། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི། །དམིགས་འདོམས་ཀུན་ལ་དགའ་སྦྱིན་པའི། །གྲོལ་བ་མཆོག་གི་གནད་འདི་ཡང་། །ཡི་གེར་ལེགས་པར་བཀོད་ལ་གཟིགས། ཟླ་སེང་གི་ཁྲིད་ཡིག་ལས་བཏུས་སོ། །ལམ་འབྲས་ཀྱི་ཁྲིད་ཡིག །ལམ་འབྲས་བུ་དང་བཅས་པའི་ཁྲིད་ནི། །སྐྱབས་སེམས་སྔོན་དུ་སོང་ནས། མ་དག་སྣང་བ་འཁོར་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་སྡུག་བསྔལ་གྱི། འགྱུར་བའི། འདུ་བྱེད་གསུམ་ལས། དམྱལ་བ་
༢༠༦ ཚ་དམྱལ། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད། གྲངས་དམྱལ། ཆུ་བུར་ཅན། ཆུ་བུར་རྡོལ་བ་ཅན། ཨ་ཆུ་ཟེར་བ། ཀྱི་ཧུད། སོ་ཐམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པད་མ་ལྟར་ཆེར་གས་པ། ཉི་ཚེ་ཉེ་འཁོར། ཚ་དམྱལ་བརྒྱད་ཀྱི་ཕྱོགས་བཞི་ན། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིའི་ཐང་། རལ་གྲི་ལོ་མའི་ནགས། ཤལ་མ་ལིའི་སྡོང་པོ། ཡི་དྭགས་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན། དུད་འགྲོ་ལ་བྱིངས་ན་གནས་པ། ཁ་འཐོར་བ་སྟ་དེར་མི་སྐྱེ་བའི་ཐབས་མེད་དོ་བསམ། འགྱུར་བ་འཁོར་བ་མི་རྟག་པ། སྙིང་པོ་མེད་དེ། བརྒྱ་བྱིན་དུ་སྐྱེས་ནས་སླར་ས་སྟེང་དུ་ལྷུང་། འཁོར་ལོ་བསྒྱུར་བར་སྐྱེས་ནས་བྲན་གྱི་ཐ་མར་སྐྱེ། ལྷ་ཐོབ་ནས་དམྱལ་བར་སྐྱེ། ཉི་ཟླ་མུན་པར་འཇུག །ཕྱུག་པོ་སྤྲང་པོར་འགྲོ། ཁ་དྲག་ཞན་པོར། དགྲ་བཤེས། བཤེས་དགྲར། ཡུལ་མི་དང་རྒྱལ་ཁམས་ཀྱི་མི་ལ་བལྟས་ན་སྔར་གྱི་ས་ན་མེད་པར་རིམ་བཞིན་འགྱུར་ནས་འགྲོ། འདུ་བྱེད་ལ། རྒས་རྒས་ཤི་ཤི་ལས་བྱས་ཀྱང་ཚིམ་པ་མེད་ལ་ཚེ་རབས་བརྒྱུད་མར་ལས་བྱས་ཀྱང་ལས་ཟིན་པ་མེད་དོ། །དེ་ལྟར་བསམ་པས་འགྲོ་བ་གང་དུ་སྐྱེས་ཀྱང་སྐྱིད་པ་མེད་པའི་བསམ་བློ་ཐག་ཆོད་ན་ཅི་བྱས་ཆོས་སུ་འགྲོ་བ་ཡིན་ནོ། དལ་འབྱོར་རྙེད་དཀའ་བ། ཕན་ཐོགས་ཆེ་བ། ཡུན་དུ་མི་གནས་པ། དེ་སྒྲུབ་པའི་རྟེན་ཡང་དལ་འབྱོར་གྱི་མི་ལུས་འདི་ཡིན། དལ་འབྱོར་ཡང་། རང་འབྱོར་ལྔ། གཞན་འབྱོར་ལྔ། རྙེད་དཀའ་ཐོབ་པའི་དུས། སྙིང་པོ་བླང་དགོས་ཤིང་། དེའང་འདིའི་ཚེ། ཕྱི་མའི་མཐོ་རིས། ཐེག་པ་འོག་མའི་མྱང་འདས། རྣམ་མཁྱེན་གྱི་
༢༠༧ སངས་རྒྱས་ཀྱང་བསྒྲུབ་བར་ནུས། །རྙེད་དཀའ་བའི་དལ་འབྱོར་དེ་མི་རྟག་པའི་ཆོས་ཡིན་པས་ཡུན་རིང་དུ་མི་གནས། རྒྱུ་མཚན་ཛཾ་བུ་གླིང་པའི་ཚེ་ལ་ངེས་པ་མེད། མི་མཐུན་པའི་ཕྱོགས་ཀྱི་རྐྱེན་མང་། མཐུན་པའི་རྐྱེན་དཀོན་བས་ནམ་འཆི་ཆ་མེད་དེ། རྒྱུ་འབྲས་ལ་ཡིད་ཆེས། མི་དགེ་བ། དགེ་བ། ལུང་མ་བསྟན་བསམ་སྟེ་མི་དགེ་བ་བཅུ་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པས། ངན་སོང་གསུམ་དུ་སྐྱེ། མི་དགེ་བ་ལས་སྡུག་བསྔལ་འབྱུང་བས་སྐད་ཅིག་མི་སྤྱད། དགེ་བ་བཅུ་སྤྱད་པའི་རྣམ་སྨིན་གྱིས་འབྲས་བུ་བདེ་འགྲོར་སྐྱེ། བྱང་ཆུབ་གསུམ་ཐོབ་པ་ཡིན། དགེ་བ་ལ་ཕན་ཡོན་འདུག་སྙམ་དུ་བསམ། ལུང་མ་བསྟན་ཀུན་སློང་དགེ་མི་དགེའི་བསམ་པ་གང་གིས་ཀྱང་མ་ཟིན་པ་ཡིན་པས། སྒོ་གསུམ་གྱི་ལས་ཅི་བྱེད་བྱང་ཆུབ་སེམས་ཀྱིས་ཟིན་པར་བྱ། ཉམས་སྣང་ཐུན་མོང་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉེན་དགྲ་ཐ་མལ་པ་ལ་བྱམས་པ་བསྒོམ། སྙིང་རྗེ་སེམས་ཅན་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་ན་དགའ་བ་ལ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་སྙིང་རེ་རྗེ། སེམས་ཅན་བདག་ཏུ་མ་གྲུབ་ཀྱང་མ་རིག་པ་སེམས་ཅན་དུ་བཏགས་ཏེ་སྡུག་བསྔལ་བར་འགྱུར་བ་སྙིང་རེ་རྗེ། སེམས་ཅན་རང་བཞིན་བདེན་པར་མ་གྲུབ་པ་ཡིན་ཀྱང་གང་ཟག་ཆོས་སུ་ཞེན་པས་སྡུག་བསྔལ་བ་སྙིང་རེ་རྗེ། བྱང་ཆུབ་སེམས་ལ་སྨོན་པ་བདག་གིས་སེམས་ཅན་ཐམས་ཅད་གྱི་དོན་དུ་སངས་རྒྱས་ཐོབ་ན་སྙམ་པ་སྐམ་པ་ཆུ་འདོད་པ་ལྟ་བུ། སེམས་ཅན་བདག་གི་མ་ཡིན་པས་དེའི་འདོད་པ་ཅི་ཡོད་བདག་གིས་བསྒྲུབ། སེམས་ཅན་མདུན་དུ་དམིགས། བདག་ལ་གཅེས་འཛིན་དོར་ནས། སེམས་ཅན་གྱི་ལས་ངན་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་བ་དགེ་བ་སེམས་ཅན་ལ་སྨིན་པར་གྱུར་ཅིག །བསམ་པ་
༢༠༨ དེ་ལྟ་བུའི་རྗེས་ཐོབ་ཏུ་གཞན་གྱི་ཁུར་འཁུར་བ་ལ་སོགས་པའི་དཀའ་བའི་སྤྱོད་པ་ལ་བསླབ། བདག་གཞན་ཡུལ་རྗེ་བ་པོ། བརྗེ་བྱའི་བདེ་སྡུག་རྣམས་རང་གི་སེམས་ཀྱི་སྣང་བ་ཡིན། དེའང་མ་གྲུབ་སྟེ་སྟོང་པ་ཡིན་སྙམ་དུ་ཐག་བཅད། གནས་ཚད་འཇོག །ཐུན་མོང་མིན་པ་ལམ་ཟབ་མོ་ལ་ཞུགས་ནས་ཉམས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེ་ཡང་བསྡུ་ན་བཅོ་ལྔར། ལམ་གསུམ། ཉམས་གསུམ། རྟེན་འབྲེལ་གསུམ། དྲོད་གསུམ། ཏིང་ངེ་འཛིན་གསུམ། དེ་རླུང་གི་རྟེན་འབྲེལ་གྱིས་དབང་བྱས་པ་ལས་བྱུང་བ་ཡིན་པས། དེ་རྣམས་མཐུན་བའི་རྐྱེན་ལ་དགའ་བ་བྱ་རྒྱུ་ཡང་མེད། མི་མཐུན་པའི་ཕྱོགས་ལ་མི་དགའ་བ་བྱ་རྒྱུ་ཡང་མེད་སྙམ་དུ་བསྒོམ། དག་པའི་སྣང་བ། སྐུ་མི་ཟད་པ་ནི་སྐུ་བསམ་གྱིས་མི་ཁྱབ་པ་གཙུག་ཏོར་བལྟར་མི་མངོན་པ་སོགས་དང་། །གསུང་མི་ཟད་པ་ནི་གསུང་བསམ་གྱིས་མི་ཁྱབ་པ་ཉེ་རིང་མེད་པས་ཐོས་པ། ཐུགས་མི་ཟད་པ་ནི། ཐུགས་བསམ་གྱིས་མི་ཁྱབ་པ་ཇི་སྙེད་པ་མཁྱེན་པ། དེ་ལྟ་བུ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་ལམ་ཉམས་སུ་བླངས་པས་ཐོབ་པ་ཡིན་སྙམ་དུ་བསྒོམ་མོ། །རྒྱུད་གསུམ་ལས་རྒྱུ་དབང་བསྐུར་རྗེས། ཕྱི་ནང་གི་སེམས་ལ་བརྟགས་ན་ཕྱི་རོལ་ན་འགའ་ཡང་མེད། སེམས་ཀྱང་ངོ་བོ་གསལ། རང་བཞིན་སྟོང་། གསལ་དུས་སྟོང་། སྟོང་དུས་གསལ། གཉིས་པོ་དབྱེར་མེད་པ་དེ་ལ་ཟུང་འཇུག་སེམས་ཀྱི་ངོ་བོ་ཞེས་བློས་ཐག་བཅད་མ་ཡེངས་པར་འཇོག་པའོ། །དེའི་ཚེ་རྟོག་པ་འཕྲོ་ན་རྒྱུན་མི་མཐུད། རྟོག་པ་གང་སྐྱེས་ཟུང་འཇུག་ངང་དུ་མཉམ་པར་བཞག་གོ །ལྷན་སྐྱེས་ཉི་ཤུ་རྩ་བདུན། ད་ལྟ་བུའི་ཆོས་གསུམ་པོ་དེ་མ་རྟོགས་པའི་དབང་གིས་འཁོར་བར་འཁྱམས་ཏེ་སེམས་སྒྱུ་མ་རང་བཞིན་མེད་པ་ལ། གཙོ་བོའ་དཔེ་བཞི། ཡན་ལག་གི་དཔེ་བཞིས་སེམས་སུ་སྒྲུབ། གཉིད་དང་སྣང་བ་བསྲེ། རྨི་ལམ་དང་ད་ལྟ་ལ་ཁྱད་ཅི་ཞིག་ཉམས་སུ་ནི་མྱོང་། །བདེན་ནི་མི་བདེན། ཞེས་ངེས་ཤེས་བསྐྱེད། རྗེས་བསྔོ་བ། མ་
༢༠༩ རྟོགས་པ་ལ་སྙིང་རྗེ། དཔེ་དོན་རྟག་ཏུ་དྲན་པར་བྱ། སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་དཔེ་དང་པོ་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ། ཡུན་རིང་དུ་འགོར་ཡང་གཉིས་པ་མན་ཆད་ཀྱི་དམིགས་པ་མི་སྤོའོ། །ཆོས་དགུ་འོག་མ་ལ་ཡང་སྦྱར་ཞིང་། དཔེའི་ངོ་བོ་བསྟན་ན། རྫས། ནད། གདོན། མིག་ཡོར། རབ་རིབ། མགལ་མེ། མྱུར་འཁོར་བ། དེ་དག་ལ་བརྟེན་ནས་སྣང་བ་འདི་ཕྱྭའམ། དབང་ཕྱུག་གམ་རྡུལ་ཕྲན་ལ་སོགས་པས་བྱས་པ་མིན་གྱིས་རང་གི་སེམས་ཀྱི་རྣམ་འཕྲུལ་ལོ་ཞེས་སྤྲོས་པ་གཅོད། སྒྱུ་མར་སྒྲུབ་པ་ལ། གཙོ་བོའ་དཔེ་བཞི། སྒྱུ་མ། སྨིག་རྒྱུ། ཆུ་ཟླ། གློག །ཡན་ལག་གི་དཔེ་བཞི། འཕྲོག་པ། དྲི་ཟའི་གྲོང་ཁྱེར། སྤྲིན། འཇའ་ཚོན། དེ་དག་གིས་ནི་སེམས་རང་ལའང་བདེན་པའི་རང་བཞིན་མེད་དེ་སེམས་ཉིད་ཀྱི་འགྱུར་བ། རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་སྐྱེས་པས་སོ། །ཞེས་སྤྲོས་པ་གཅོད། རྟེན་འབྲེལ་གཙོ་བོའ་དཔེ་བཞི། ཁ་ཏོན། མར་མེ། མེ་ལོང་། རྒྱ། ཡན་ལག་གི་དཔེ་བཞི། མེ་ཤེལ། ས་བོན། སྐྱུར། བྲག་ཆ། དེ་དག་ནི་སྒྱུ་མ། ཞེས་པའི་རྒྱུ་རྐྱེན་བདེན་པར་གྲུབ་པ་གཅིག་ཀྱང་མེད་ལ། །རྒྱུ་འབྲས་བུར་འོངས་པ་ཡང་མེད་ཅིང་། རྒྱུ་ལ་མ་བརྟེན་པར་འབྲས་བུ་འབྱུང་བ་ཡང་མེད་པས། འགྲོ་འོང་སྐྱེ་འགགས་མེད་པའོ། །ཞེས་པའི་དོན་ཏོ། །བརྗོད་བྲལ་ལ་རྩ་བའི་དཔེ་བཞི། གཞོན་ནུ་རྒོད། ལྐུགས་པའི་རྨི་ལམ། གནད་ལ་ཕྲུག་པ། དབང་པོའ་བདེ་བ། ཡན་ལག་གི་དཔེ་བཞི་ནི། གསུམ་པའི་ཡེ་ཤེས། གསང་བའི་སྙོམས་འཇུག །ལོངས་སྤྱོད་རླབས། དཀྱིལ་འཁོར་འཁོར་ལོ། །ཆོས་ཐམས་ཅད་རྟེན་འབྲེལ་ལས་འབྱུང་བ་ངེས་ཤེས་སྐྱེས་ཀྱང་། འདིའོ་ཞེས་བརྗོད་མི་ཤེས་པས་བརྗོད་བྲལ་
༢༡༠ ལ་མཉམ་པར་བཞག་གོ །དེ་དག་གི་ཚུལ་གྱིས་དཔེ་སུམ་ཅུ་རྩ་གཉིས་ཀྱིས་དོན་གཏན་ལ་ཕབ་ནས། དཔེའི་གཙོ་བོ་བཞིར་བསྡུས། རེ་རེའང་ཆོས་བཞི་བཞིས་གཏན་ལ་ཕབ་ནས་སེམས་སུ་བསྒྲུབ། དཔེ་རྨི་ལམ། སྒྱུ་མ། ཆུ་ཟླ། རྟེན་འབྲེལ་གྱི་ས་བོན། བརྗོད་བྲལ་གྱི་གནད་ཕྲུགས། དེ་རེ་རེ་ལའང་། སེམས། སྒྱུ་མ། རྟེན་འབྲེལ། བརྗོད་བྲལ་ལ་ངེས་ཤེས་བསྐྱེད། དེ་དང་སྣང་བ་བསྲེ་ཞིང་ཉམས་སུ་བླང་། དཔེའི་གཙོ་བོ་གཅིག་ཏུ་བསྡུས་པ་ལའང་ངེས་ཤེས་བསྐྱེད་པ་ནི། ལོངས་སྤྱོད་ཀྱི་རླབས་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་ལ་དེ་ཉིད་སེམས་སོགས་བཞིར་གཏན་ལ་ཕབ་པ་ལ་སོགས་པ་སྔར་ལྟར་ཉམས་སུ་བླང་ངོ་། །བསྐྱེད་རིམ་ཐ་མལ་རྣམ་རྟོག་གིས་བར་མ་ཆོད་པར་དྲག་ལ་ཡུན་ཐུང་བ་བསྒོམ། མཐར་སྤྱན་དབུས་མ་གསལ་བཏབ་སྟེ་སེམས་བཟུང་། ཅུང་ཞིག་རྩོལ་བ་ཀློད། མི་གསལ་ན་བྲིས་པའི་སྤྱན་དབུ་མ་ལ་བལྟ་ཞིང་གསལ་བཏབ། དེ་ནས་སྤྱན་གསུམ་ཀ་ལ་དམིགས་པ་གཏད་ལ་བསྒོམ། དེ་ནས་དབུ་རིལ་པོ། སྐུ་རིལ་པོ་སོགས་གདན་དཀྱིལ་འཁོར་ལྷ་གཞལ་ཡས་ཁང་སྲུང་བའི་འཁོར་ལོ་དང་བཅས་པ་སྔ་མ་བཞིན་དུ་བསྒོམ། ལམ་དུས་ཀྱི་དབང་རྒྱས་པར་བླངས་ནས། སྙིང་ཁར་ཐུགས་རྡོ་རྗེ་ལྷ་མོ་བརྒྱད། མགྲིན་པར་འོད་དཔག་མེད། འཁོར་ལྷ་མོ་བཅུ་དྲུག །སྤྱི་བོར་རྣམ་སྣང་། འཁོར་སུམ་ཅུ་སོ་གཉིས། ལྟེ་བར་རིན་ཆེན་འབྱུང་ལྡན། འཁོར་ལྷ་མོ་དྲུག་ཅུ་རྩ་བཞི། གསང་གནས་སུ་དོན་ཡོད་གྲུབ་པ། འཁོར་ལྷ་མོ་སུམ་ཅུ་རྩ་གཉིས་ལ་སེམས་བཟུང་། དེ་ནས་སྐྱེ་མཆེད་དྲུག །ཡུལ་དྲུག །ཚིགས་ཆེན་བཅུ་གཉིས་ལྷ་དང་། ལུས་ཀྱི་ཆ་ཤས་རྟེན་གཞལ་ཡས་ཁང་ལ་སེམས་གཟུང་། འོད་ཀྱི་གོང་བུའི་འདའ་ཁ་མ་བསྟན་རྗེས། གསང་དབང་གི་ལམ་ལ་འཇུག་
༢༡༡ སྟེ་སྐྱོན་ཅན་ཕྱིར་འདོན་པ་འདྲ་བས་ཐོག་མར་རྩོལ་བ་ནས་མགོ་འཛིན་ཏེ། ཡིད་སྣ་རྩེ་གཡས་པར་གཏད་ལ་རླུང་ཕྱིར་རྒྱུ་བའི་དུས་སུ་ཕྱིར་རྒྱུས། ནང་དུ་རྒྱུ་བའི་དུས་སུ་ནང་དུ་རྒྱུས། ཅུང་ཟད་གནས་པའི་ཚེ་གནས་ཞེས་དྲན་པར་བྱ། དེ་ཉིད་ལ་སེམས་རྩེ་གཅིག་ཏུ་ཟིན་ནས། རྟོག་པ་གཞན་མི་རྒྱུ་ན་འཇུག་པ་སེལ་བའི་ལམ། བོགས་དབྱུང་། རླུང་། ཕྱིར། བརྔན་དགས་བྱིན་ཏེ། ཕྱིར་འགྲོ་ཇེ་རིང་འཇུག་གནས་ཐུང་ངུ་བྱས། དེ་ལ་ཏིང་ངེ་འཛིན་སྐྱེས་པ་དང་། སྲོག་ནས་འགོ་བཟུང་། ནང་དུ་རྒྱུས། གནས། ཕྱིར་རྒྱུས་སྙམ་དུ་དྲན། ནང་དུ་རྒྱུ་བ་ༀ། གནས་པ་ཨཱཿཕྱིར་འགྲོ་བ་ཧཱུྃ། དེ་བརྟན་པའི་ཡན་ལག་ཏུ་སྲོག་བརྔན་དགས་བྱིན་ཏེ། ནང་འཇུག་ཇེ་རིང་ཕྱིར་འགྲོ་ཇེ་ཐུང་བཏང་། ཡིད་ཀྱིས་ཀྱང་ནང་དུ་རིང་དུ་རྒྱུས། ནང་དུ་གནས། །ཕྱིར་ཐུང་ངུ་རྒྱུས་ཞེས་དྲན་པར་བྱ། རྩོལ་བ་བཀག་སྟེ་སྲོག་ནས་བཏང་བའི་མན་ངག་ལ་མགོ་ཅུང་ཟད་བཏོད་ལ། སེམས་སྣ་རྩེའམ་སྣ་བུག་གཡོན་དུ་གཏད་ལ། སྡིགས་མཛུབ་བརྩེགས་པས་བཀག་ལ་རླུང་ནང་དུ་རྡུབ་སྟེ་གཡོན་ན་ཕར་བུས་ལ་བཏང་ངོ་། །འདི་སྐྱོན་ཅན་ཕྱིར་བཏོན་ཡིན། ཤུགས་བསྐྱེད་དེ་གཉིས་ཀ་ནས་བཏང་བ་ལ། ཤེས་པ་མཛོད་སྤུར་གཏད། རླུང་གི་གནད་གཉིས་ཀ་ནས་ཤུགས་བསྐྱེད་དེ་དྲག་ཤུལ་དུ་ལུས་ལ་གཏད། ཕྱིར་ཐུབ་ཚད་གཅིག་བཞག །རླུང་གི་གནད། རང་གི་མདུན་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་ཡིད་གཏད། དེ་ནས་འདོམ་གང་ཙམ། དེ་ནས་འདོམ་གང་ཙམ། དེ་ནས་རྒྱ་ཆེ་བའི་ལུང་པ་ཙམ། དེ་ནས་ས་སྐོར་གཅིག་ཙམ་ལ། དེ་ནས་གླིང་བཞི། དེ་ནས་སྟོང་གསུམ། མཐར་འཇིག་རྟེན་གྱི་ཁམས་ཀྱི་ནམ་མཁའ་ཐམས་ཅད་ལ་ཡིད་གཏད། སྒྲ་བཅས་སུ་བཏང་བ་ནི།
༢༡༢ སོ་བསྒྲིགས་ནས་སེམས་ཀྱི་གནད་རང་གི་འདོམ་གང་ཙམ་གྱི་ཁོར་ཡུག་གི་ནམ་མཁའ་ལ་སེམས་གཏད། སིའི་སྒྲ་ལ་སེམས་གཏད། རླུང་གི་གནད་སོ་བར་ནས་སིད་སྒྲ་དང་བཅས་པས་བུས་ལ་བཏང་། བོགས་དབྱུང་། རླུང་སྤོས་ཀྱི་དུད་པ་ལྟ་བུ་བྱུང་གཤང་ལམ་ནས་འཐོན། འོག་གི་ཁྲུ་གང་ཙམ་དུ་འཁྱིལ་བ་ལ་ཤེས་པ་གཏད། སྟེང་རླུང་ཐུབ་ཚད་མནན། འོག་རླུང་ཅུང་ཟད་བསྐུམ། དེའི་ཚེའང་ཕྱིས་བུས་པ་ཕྱིར་འཕེལ་དུ་མི་གཞུག་གོ །དགང་བའི་མན་ངག་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་ཡིན། ལྟེ་བར་སྒོ་ངའི་སྒོགས་པ་འདྲ་བ་ཕྱི་དཀར་ལ་ནང་སེར་བ་གཅིག་གི་ནང་ན་མར་ལ་རླུང་སིབ་སིབ་འགྲོ་བ་བསམ། རླུང་གི་རྟ་མཆིལ་མ་སྒྲ་མེད་པར་མིད། རླུང་ཐུབ་ཚད་དུ་མནན། རྣལ་འབྱོར་དབང་ཕྱུག་གི་ཉམས་ཀྱང་འདི་ལས་སྐྱེས་པར་ཡིན་གསུང་། ལྟེ་བར་ཆོས་འབྱུང་གྲུ་གསུམ་སྔོན་པོའ་ནང་ན་མར་རླུང་ཐམས་ཅད་སིབ་སིབ་འགྲོ་བར་བསམ་ཞིང་ཁ་ཕྱེ་ལ། རླུང་ཁ་ནས་སྒྲ་མེད་དུ་དལ་བུར་རིང་བར་རྔུབ་ཅིང་། རྫོགས་པ་དང་མཆིལ་མ་སྒྲ་མེད་དུ་མིད་ལ། མགོ་གསིག །དེ་གཉིས་ཀྱི་ཐུན་མོང་དུ་གཉིས་ཀའི་དམིགས་པ་སྔ་མའི་མཇུག་ཐོག་ཏུ་བསྒོམ་བྱའི་ལྟེ་བར་མེ་སོར་གཉིས་བཞི་དམིགས། ལྟེ་བར་ཆོས་འབྱུང་ས་གཞི་ལྟར་རྒྱ་བསྐྱེད་དེ། རླུང་མནན་པས་ཆོས་འབྱུང་དེ་རྒྱ་ཇེ་ཆེ་ལ་སོང་། མཐར་ས་གཞི་ཐམས་ཅད་ཁྱབ། དེའི་ནང་སྟོང་པར་སོང་བའི་ནང་དུ་རླུང་འཇུག་པ་དང་ཡང་རྒྱ་མཚོ་ལྟར་གཏིང་ཟབ་པར་བསྒོམ། ཁ་སྦྱར་ལྟེ་བར་གཏུམ་མོའ་མེ་ཨ་ཤད་ཀྱི་རྣམ་པ་ལྟ་བུ། ཕྲ་ཞིང་ཚ་ལ་རྣོ་ངར་དང་ལྡན་པར་བསམ། དེ་ནས་དང་པོར་འོག་རླུང་ཅུང་ཟད་བསྐུམ། དེ་ནས་སྟེང་རླུང་སྒྲ་མེད་པར་མགོ་ས་ལ་ཐུག་པ་ཙམ་གྱི་རྩོལ་བས་རིམ་གྱིས་དྲངས་ལ་རླུང་ཐམས་ཅད་ལྟེ་བའི་མེ་ལ་ཐིམ་པར་བསྒོམས་པའི་
༢༡༣ སྟེང་རླུང་རྫོགས་པ་དང་། མཆིལ་མ་གཅིག་མིད་ལ། འོག་རླུང་དྲག་ཏུ་འཐེན་ནས་རླུང་ལྟེ་བའི་གནས་སུ་ཁ་སྦྱར་ལ་ཕོ་བ་སྒལ་ཚིགས་ལ་གཅར། གསུས་པོ་ཆེ་ཕྱིར་ཅུང་ཟད་དགུག །ཨོལ་མདུད་ནན་ཙམ་བྱས་ལ་རླུང་ཐུབ་ཚད་བཟུང་། གཏུམ་མོའ་མན་ངག་མར་མེ་གསོ་བ། ཚངས་པའི་ཐོག །རྩ་བའི་རྣལ་འབྱོར། སྲུབ་ཤིང་གི་འཁོར་ལོ། །སྙིང་ཁའི་ཉི་ཟླ་ཁ་སྦྱོར། ལྟེ་བའི་དཔའ་བོ་འབའ་ཞིག །གསང་གནས་བདེ་བའི་ཐིག་ལེ་མཛོད་སྤུ་སྐྲ་དཀར་གྱི་ས་བོན། འཁོར་ལོ་གཅིག་ལ་བརྟེན་ན་རྣོ་བ། འཁོར་ལོ་གཉིས་ལ་མྱུར་བ། འཁོར་ལོ་བཞི་ལ་བརྟེན་ན་བརྟན་པ། མན་ངག་གི་གནད་ལ་བརྟེན་པ་བདུན། མེ་དམར་སྐྱ། མེ་འབར་བ། ཐིག་ལེའི་འཐབ་མོ། །འཁོར་ལོའ་དམིགས་པ། མེ་དྲག་ཏུ་འབར་བ། ཐམས་ཅད་མེ་འབར་བ། ཤེས་རབ་ཡེ་ཤེས་ཀྱི་ལམ་ལ་སྦྱོར་བ་འདུ་ཤེས་གསུམ་གྱིས་བྱིན་གྱིས་བརླབས་པ། དངོས་གཞི་དབབ་གཟུང་ངོས་བཟུང་བ། རྗེས་བཟློག་ཁྱབ་ཀྱིས་མི་ཉམས་པར་བསྲུང་བའོ། །དབང་བཞིའི་ལམ་ལ་ལུས་ཀྱི་རྦ་རླབས། ལུས་སྐྱིལ་ཀྲུང་། ལག་པས་པུས་མོ་ལ་བཀབ། རྐེད་པ་དྲང་པོར་བསྲང་། ལྟོ་བ་ཚིགས་པ་ལ་སྦྱར། རླུང་འབུད་གསུམ་རྔུབ་གསུམ་གྱི་ཚུལ་གྱིས་སྟེང་རླུང་བཅུག་ཚང་ར་གཡས་གཡོན་འོག་ཏུ་གནོན་པ་རེ་མོས་ཀྱི་དལ་གྱིས་བསྐུམ་སྟེ་དྲག་ཏུ་འཐེན། དྲག་ཤུལ་དུ་བསྐུམ་ན་ཤུགས་ཆད་ནས་འགྲོ། གཏོང་ཙ་ན་འོག་རླུང་སྔོན་ལ་བཏང་། ངག་འདྲེན་ཞི་དྲག་གི་རྦ་རླབས། ལུས་སྐྱིལ་ཀྲུང་། ལག་པ་རྡོ་རྗེ་ཁུ་ཚུར་སྙིང་ཁར་བསྣོལ། མདུན་དུ་ས་ལ་མ་རེག་ཙམ་བཏུད་ལ། ཨིའི་གདངས་ཀྱིས་ཁ་ནས་སྒྲ་མེད་པར་རླུང་སོ་བར་ནས་བཞུར་ཏེ། ནང་རླུང་གྱེན་དུ་འདྲེན་པ་དང་དུས་གཅིག་ཏུ་ཁ་ནས་དལ་བུས་འདྲོངས་ཚད་དུ་དྲངས།
༢༡༤ དེ་དང་བསྟུན་ནས་རྒྱུ་ཞབས་དང་འོག་རླུང་ཡང་རིམ་གྱིས་དྲག་ཏུ་བསྐུམ། མཐར་མགོ་སྒྱེད་བྱས་ལ་མིག་སྟེང་དུ་བགྲང་། རླུང་ཐུབ་ཚད་དུ་མནན། དེ་ལྟ་བུ་མདུན་དུ་གསུམ། གཡས་སུ་གསུམ། གཡོན་དུ་གསུམ་ཉམས་སུ་བླང་། གོམས་ནས་གླིང་བུ་ལྟ་བུའི་སྒྲ་འབྱུང་ངོ་། །ངག་འདྲེན་དྲག་པོ་ནི། ལུས་ངག་གི་གནད་སྔར་དང་འདྲ། ཧཱུྃ་སྒྲ་སྐད་ངར་ཇེ་ཆེ་ཇེ་ཆེར་བཏང་། མཐར་ཕྱིན་པ་ན་རྒྱངས་རིང་པོ་ནས་ཐོས་པའི་རག་དུང་གི་སྐད་ལྟ་བུ་འབྱུང་ངོ་། །སོགས་ཀྱི་རྦ་རླབས་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་འདུ་ཤེས་གསུམ་གྱིས་སྐད་ཅིག་གིས་སྙོམས་པར་ཞུགས། ཡབ་ཡུམ་གཉིས་ཀའི་ཁམས་དངས་མ་དབུ་མའི་སྣ་རྩེར་བྱོན། འོད་ཟེར་གྱི་རྣམ་པར་གྱུར། གཡས་རོ་མ་ནས་སོང་། ལྟེ་བར་བྱོན། ལྟེ་བའི་འཁོར་ལོ་ནམ་ལངས་པ་བཞིན་ཡལ་ཡལ། ཉི་མ་ཤར་བ་བཞིན་གསལ་གསལ། གློ་བ་བུས་པ་བཞིན་ཏང་ཏང་། ཡང་རོ་མ་ནས་སོང་། མགྲིན་པར་བྱོན། ཆོས་གསུམ་ལྡན་དྲན། ཡང་རོ་མ་ནས་སོང་། རྣ་བ་གཡས་ནས་འོད་ཟེར་གྱི་རྣམ་པར་འཕྲོས། འོད་ཟེར་གྱི་སྒོ་ལས་ལྷག་པའི་ལྷའི་དཀྱིལ་འཁོར་འཕྲོས། སེམས་ཅན་གྱི་རྒྱུད་ལ་དབང་བཞི་བསྐུར། སྣོད་གཞལ་ཡས་ཁང་བཅུད་ཀྱི་སེམས་ཅན་རྣམས་ལྷག་པའི་ལྷར་བྱས། སྣོད་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་གྱུར། ཕར་འཕྲོས་པའི་འོད་ཟེར་དང་འདྲེས་བདུད་རྩིའི་བཅུད་དུ་གྱུར། ཚངས་པའི་སྒོར་ཞུགས། སྤྱི་བོར་ཆོས་གསུམ་ལྡན་དུ་དྲན། མགྲིན་པར་བྱོན་ཉི་མ་སྟོང་གི་གཟི་བརྗིད་དང་ལྡན། སྙིང་ཁར་བྱོན། བདག་གི་རྒྱུད་སྐུ་ལྔར་བསྒྱུར་བའི་རྟགས་སུ་འོད་ཁ་དོག་ལྔར་གྱུར། རྩ་དག་པའི་ལམ་ལྟ་བ་ནས་བྱུང་། ཡུམ་གྱི་
༢༡༥ མཁར་སྔ་མ་བཞིན་གནས་པར་བསམ་མོ། །དེས་གཟུང་རྟོག་ནུབ། རོ་མ་དབང་དུ་འདུས། རྩོལ་བའི་རླུང་ལ་དབང་ཐོབ་བོ། །རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ་མངོན་དུ་བྱས་སྙམ་པ་མོས་པ་ཙམ་བྱའོ། །དེ་བཞིན་དུ་གཡོན་དུའང་བྱ་སྟེ། འཛིན་རྟོག་ནུབ། རྐྱང་མ་དབང་དུ་འདུས། སྲོག་རླུང་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་མངོན་དུ་བྱས་པར་བསམ། དེ་བཞིན་དུ་དབུ་མར་ཡང་བྱས་ཏེ་གཟུང་འཛིན་གཉིས་ཀའི་རྟོག་པ་ཕྲ་མོ་ནུབ། དབུ་མ་སྦྱངས། རླུང་གནས་པ་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་དུ་བྱས་པར་བསམ་མོ། །གཉིས་པ་ཤེས་རབ་ཀྱི་རྒྱུད་དག་པར་བྱ་བ་ནི། ཡུམ་གྱི་རྩ་གསུམ་སྦྱོང་བའི་དམིགས་པ་སྔར་བཞིན་བྱ་སྟེ། རྩ་གཡས་གཡོན་གཉིས་ནས་རྣ་བ་གཡས་གཡོན་གཉིས་ཀྱི་སྒོར་བྱོན་པ་ཙམ་ལས་ཕྱིར་སྤྲོ་བ་ནི་མེད་ལ། ཚངས་པའི་སྒོ་ལས་སོ་བ་དང་བསྡུ་བ་བྱས་ཀྱང་རུང་། མ་བྱས་ཀྱང་རུང་སྟེ་འདྲ་བར་བཞེད་དོ། །གསུམ་པ་རྒྱུད་སོ་སོར་དག་པར་བྱ་བ་ནི། ཡབ་ཀྱི་དབུ་མ་ནས་ཁམས་དྭངས་མ་འོད་ཟེར་གྱི་རྣམ་པར་སོང་ནས་གཙུག་ཏོར་མཆོག་ཏུ་ཐིམ། ཡུམ་གྱིའནག་དེ་བཞིན་དུ་ཐིམ་སྟེ། གཉིས་ཀའང་སྐུ་ལྔ་ལྷུན་གྱིས་གྲུབ་པ་དྲན་པ་ཙམ་བྱ་སྟེ། འདི་དག་རླུང་ལྡང་འཇུག་དང་བསྟུན་མི་དགོས་ལ། ཐུན་བཞིའི་ངེས་པའང་མི་དགོས་པར་བཞེད་དོ། །དེའི་ཚེ་ཉམས་གར་སྐྱེ་ངེས་པ་མེད་ལ་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱངས་པས་ལྟ་བ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་མས་བརྟན་གྱི་དགའ་བ་བཞིའི་ཉམས་མྱོང་རྒྱུད་ལ་སྐྱེས་ཏེ། འདི་ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་དུ་ཁྲིད་པ་ཡིན་ནོ། །ཁྲིད་ཚུལ་ཀུན་ལས་དགའ་བའི་ཏོག །སྨིན་གྲོལ་མཆོག་གི་རྒྱལ་མཚན་ནི། །ཉམས་ལེན་ཐུན་བཞིའི་ལྷབ་ལྷུབ་ཅན། །གསུང་
༢༡༦ ངག་དམིགས་ཐོ་ཡི་གེར་བྲིས། ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཁྲིད་ཡིག་སྦས་དོན་གསལ་བ་ལས་བཏུས་སོ། །བསམ་མི་ཁྱབ་ཀྱི་ཁྲིད་ཡིག །ལམ་སྐོར་ཕྱི་མ་བསམ་མི་ཁྱབ་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ལུས་ངག་སེམས་གནད་ལ་དབབ། བླ་མ་བསྒོམ། ལྷའི་ང་རྒྱལ་བསྐྱེད། ཕྱི་རོལ་དུ་དཔེའི་ཚུལ་དུ་ནམ་མཁའ་ལ་བསླབ་སྟེ། སྣ་རྩེ་ནས་སོར་བཞི་ཚུན་ཆད་ཀྱི་ནམ་མཁའ་ལ་རང་གི་ཤེས་པ་དམིགས། ལུས་སེམས་གཉིས་ཀ་བསྒྲིམ་ལ་བསྒོམ། ཡང་སོར་བརྒྱད་ཚུན་གྱི་ནམ་མཁའ་ལ་ཡང་ཚུལ་དེ་ཉིད་ལ་བསླབ། ཡང་སོར་བཅུ་དྲུག་ནས་འདོམ་གང་ཚུན་ཆད་ཀྱི་ནམ་མཁར་ཡང་ཚུལ་དེ་ཉིད་ཀྱིས་བསླབ། སེམས་གནས་པའི་ཉམས་ཅི་བྱུང་དེ་བཞིན་དུ་བསྐྱང་། ཕལ་ཆེར་རང་བཞིན་སྟོང་ཉམས་སུ་སྐྱེའོ། །བོགས་དབྱུང་། ཤར་ཕྱོགས་སུ་འདོམ་དོ་ལ་སོགས་པ་ནས་བཟུང་སྟེ་ཇི་སྲིད་ནམ་མཁའི་མཐར་ཐུག་གི་བར་དུ་རྟོག་ཏུ་བཏང་བས་མཐའ་བྲལ་གྱི་ཉམས། ཤུགས་ཆད་ཀྱི་ཉམས། གཟི་ཆགས་ཀྱི་ཉམས་གསུམ་གང་སྐྱེས་ཀྱང་དེ་བཞིན་དུ་བསྐྱང་ངོ་། །དེ་བཞིན་དུ་ལྷོ་ལ་སོགས་པའི་ཕྱོགས་ཐམས་ཅད་དུ་བསླབ་བོ། །དེ་ལྟར་བསླབ་པས། སྒོང་རྒྱ་བཅག་པའི་ཚུལ་དུ་མིང་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ། བརྒྱ་བྲལ་བའི་ཚུལ་དུ་དོན་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ། ཁ་ཆུ་བསལ་བའི་ཚུལ་དུ་ཏིང་ངེ་འཛིན་ཉིད་ཀྱང་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ་ནི། རྣལ་འབྱོར་པ་རང་ཉིད་ཀྱིས་མིང་དུ་འཛིན་པའི་རྟོག་པ་སེམས་ལ་ཐིམ་ཞིང་གསལ་བ་མི་འགག་པའི་ཉམས་སྐྱེ། དོན་སྐྱེ་མེད་བསམ་མི་ཁྱབ་ནི་རང་རིག་ཐོག་མའི་རྒྱ་དང་། ད་ལྟ་གནས་པའི་ངོ་བོ་དང་། མཐར་འགག་པ་གསུམ་ནམ་མཁའ་ལྟ་བུར་སྐྱེ་མེད་དུ་བསྒོམ། ཏིང་ངེ་འཛིན་སྐྱེ་མེད་བསམ་མི་ཁྱབ་ནང་དུ་འཛིན་མེད་དུ་བཞག་པ་དང་།
༢༡༧ ཕྱི་རོལ་དུ་ལྷུག་པར་བཞག །ལུས་སེམས་ཡང་བར་བྱ། དེ་ནས་ཤེས་པ་ཁ་ནང་དུ་ལྟ་བ་ཙམ་དྲན་པར་བྱ། གལ་ཏེ་འཕྲོ་ན་དབང་པོའ་སྒོ་ལྷུག་པར་བཞག་པས་ཞེན་པ་དང་བྲལ་ནས་བདེ་སྟོང་མཆོག་སྐྱེ་བར་འགྱུར་རོ། །བརྟན་པའི་ཡན་ལག་ཏུ་མདུན་དུ་མེ་ཏོག་ཉེ་རིང་རན་པར་བཞག །རྟེན་མི་འགྱུར། །ལུས་མི་གཡོ། མིག་མི་འཛུམ། ཡིད་འཛིན་མེད་དེ་ཡན་ལག་བཞི་ལྡན་དུ་བྱས་ནས་བསླབ། གཟུགས་ངོས་གཟུང་། དེ་བཞིན་དུ་སྒྲ་ལ་སོགས་པ་ཡང་བསླབ། སྒོམ་ཐོག་མར། ཡུལ་རྐྱེན་གྱིས་རེས་གནོད་རེས་ཕན། སྣང་བ་ཕྲ་མོར་འཆར་བའི་དུས་ཕན་གནོད་མེད། ཡུལ་རྐྱེན་འཕྲད་མ་ཐག་ཏུ་ནང་དུ་རྟོགས་པ་མཆོག་ཏུ་འགྱུར་རོ། །དེ་ནི་སྣང་བ་དགེ་བའི་བཤེས་གཉེན་དུ་འཆར་བའི་དུས། ཕྱི་ནང་གཉིས་འདྲེ་བའི་དུས། དུག་ལྔ་སྨན་དུ་ཤེས་པའི་དུས་སོ། །དེ་ནས་བསམ་གཏན་གྱི་གེགས་བྱིང་བ་དང་རྒོད་པ་བསལ་ཏེ། ཆེད་དུ་བྱ་བའི་བྱིང་རྒོད། རྐྱེན་གྱིས་འབྱུང་བའི་བྱིང་རྒོད། རང་ཤུགས་ཀྱིས་བྱུང་བའི་བྱིང་རྒོད་བསལ་བ། སྤྱོད་ལམ་གྱིས་བསལ་བ། ཁ་ཟས་ཀྱིས་བསལ་བ། སེམས་ཀྱི་མཐུས་བསལ་བ། ལོག་གནོན་རྣམ་པ་ལྔ་འཁོར་ལོ་ལྟར་བསྐོར་བ། གྲུ་གུ་ལྟར་འདྲིལ་བ། བུ་ག་མང་པོའ་སྦྱོར་བ། སྟེང་འོག་གི་འཁོར་ལོ་མེད་པ་ལ་བསླབ་པ། རབ་ཏུ་དམའ་བའི་སྦྱོར་བ་ལ་བསླབ་པའོ། །བསམ་མི་ཁྱབ་ལྔའི་ལམ་ཁྲིད་ཀུན། །རང་སེམས་དགའ་བའི་དཔལ་དུ་དྲངས། །སྨིན་གྲོལ་མཆོག་གི་རྫོགས་པའི་རིམ། །གོང་ན་མེད་པའི་ཡི་གེར་བཀོད། རྗེ་བཙུན་གྲགས་པའི་ཁྲིད་དཔེ་ལས་བཏུས་སོ། །ཟབ་པའི་ཚུལ་དགུའི་ཁྲིད་ཡིག །ལམ་སྐོར་ཕྱི་མ་པདྨ་བཛྲ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སེམས་གཟུང་མན་ངག་དགུ་སྟེ་སེམས་
༢༡༨ འཇོག་པ་དང་། ཀུན་ཏུའམ་རྒྱུན་དུ་འཇོག་པ། ངེས་པར་འཇོག་པའམ་སླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་དང་། དུལ་བར་བྱེད་པ་དང་། ཞི་བར་འཇོག་པ་དང་། ཉེ་བར་ཞི་བར་བྱེད་པ་དང་། རྒྱུན་དུ་བྱེད་པའམ་རྩེ་གཅིག་ཏུ་བྱེད་པ་དང་། ཤིན་ཏུ་འཇོག་པ་ཞེས་བྱ་བ་ཡིན་ནོ། །ལྡང་བའི་རྣལ་འབྱོར་ནས་བཟུང་སྟེ། རིགས་ཀྱི་བདག་པོས་རྒྱས་བཏབ་པའི་བར་དུ་ཤིན་ཏུ་རྩོལ་བས་བསྒྲིམ་ཏེ་བསྒོམ། དེ་ནས་ཐོག་མར་སྤྱན་དབུས་མ་ལ་སེམས་བཟུང་སྟེ། དེའང་གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། བསམ་གཏན་གྱི་དུག་དབྱུང་། འཕྲོ་བཅད་ནས་ཀྱང་ཝལ་ཝལ་བྱུང་ན་དུག་ཡིན་པས་བུམ་པའམ་སྣམ་ཁུ་ལ་སོགས་པ་དངོས་པོ་གཞན་ལ་སེམས་ཡེངས་སུ་གཞུག་ཡང་བསྒོམ་ཏེ་གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་ཏེ་ཡེངས་སུ་བཅུག །བསྒོམ་པས་གསལ་གདབ་པའོ། །དེ་ལྟ་བུའི་ཚུལ་གྱིས་བསམ་གཏན་གྱི་དུག་དབྱུང་ཞིང་ཡང་དང་ཡང་དུ་གོམས་པར་བྱས་ཀྱང་དམིགས་པ་གསལ་པོར་མ་བྱུང་ན་བརྗོད་པས་གསལ་བཏབ་ཅེས་བྱ་བ་བསྒོམ། དེ་ལ་ཡང་གཉིས་ལས་རང་གི་བརྗོད་པས་གསལ་གདབ་པ་ནི། སྤྱན་དབུ་མ་སྤྱན་རྩ་དམར་ཞིང་ཁྲོ་བ་ཞེས་བརྗོད་ལ། སྔ་མ་བཞིན་དུ་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེས་ཀྱང་གསལ་པོ་མ་བྱུང་ན་གཞན་དག་གཅིག་སྤྱན་དབུས་མ་ཞེས་བརྗོད་དུ་བཅུག་ལ་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེས་ཀྱང་མ་གསལ་ན་བལྟས་པས་གསལ་གདབ་པ་ཞེས་བྱ་བ། སྤྱན་དབུས་མ་ཤིན་ཏུ་མཛེས་པ་གཅིག་བྲིས་ལ། དེ་ལ་བལྟས་ཤིང་། བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེ་དག་གིས་ནི་རྒྱུན་ཏུ་འཇོག་པའི་གདམས་ངག་ཡིན་ནོ། །ངེས་པར་འཇོག་པའམ་བསླན་ཏེ་འཇོག་པ་ནི། ཤེས་པ་ཕྱིར་འཕྲོ་ན་ངའི་ཤེས་པ་
༢༡༩ རྒོད་པར་སོང་སྙམ་ནས་ཤེས་པ་ལ་དྲན་པ་མྱུར་དུ་བསླན་ཏེ། རིངས་པར་དམིགས་པ་ལ་བློས་འཇོག་པའོ། །ཉེ་བར་འཇོག་པ་ནི། དམིགས་པ་གཅིག་གིས་སེམས་སྐྱོན། དབུའི་གཙུག་ཏོར་རམ། སྣ་ཚོགས་རྡོ་རྗེའམ། ཞལ་གྱི་མཆེ་བ་ལྟ་བུ་ལ་ཐུན་རེ་རེ་ཙམ་བསྒོམ་པ་ནི་དབུགས་ཕྱུང་ལ་བསྒོམ་པའོ། །དུལ་བར་བྱེད་པ་ནི། ཏིང་ངེ་འཛིན་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་པར་ཤེས་པར་བྱས་ལ་སྤྱོད་ལམ་གྱི་དུས་སུ་ཡང་དམིགས་པ་གསལ་བ་མེད་ཀྱང་ལྷའི་རྣམ་པ་རྟག་ཏུ་དྲན་པས་སེམས་དུལ་བར་བྱའོ། །ཞི་བར་བྱེད་པ་ནི། རྣམ་པར་རྟོག་པ་འཕྲོ་བ་ན་ཡིད་མི་དགའ་བར་གྱུར་པའི་ཚེ་དམིགས་པའི་སྟེང་དུ་སེམས་གློད་དེ་ཞི་བར་བྱའོ། །ཉེ་བར་ཞི་བར་བྱེད་པ་ནི། བརྣབ་སེམས་ལ་སོགས་པ་མི་དགེ་བའི་སེམས་སྐྱེས་པའི་ཚེ་དམིགས་པ་ལ་བརྟེན་ནས་ཞི་བར་བྱེད་པའོ། །རྩེ་གཅིག་ཏུ་བྱེད་པ་ནི། སེམས་ཕྱིར་མི་འཕྲོ་བར་གནས་ན་དེ་ཉིད་ཀྱི་སྟེང་དུ་རྩེ་གཅིག་ཏུ་འཇོག་པར་བྱེད་པའོ། །ཤིན་ཏུ་མཉམ་པར་འཇོག་པ་ནི། དམིགས་པ་དེ་དག་ལ་བརྟེན་ནས་ཆེད་དུ་མ་བསྒྲུབས་པར་ཏིང་ངེ་འཛིན་འབྱུང་བ་ཡིན་ནོ། །དེ་ལྟར་བསྐྱེད་པའི་རིམ་པའི་སྐུའི་ཕྱོགས་གཅིག་ལ་སེམས་འཛིན་པའི་གདམས་ངག་དེས། སྐུའི་ཕྱོགས་གཅིག་ལ་སེམས་བརྟན་པར་ཟིན་ན་སྐུའི་ཕྱོགས་གཞན་ལ་དམིགས་པ་སྤོ་བར་བྱ་སྟེ། ཐུན་དང་པོ་ལ་སྤྱན་དབུས་མ་བསྒོམ། གཉིས་པ་ལ་སྤྱན་གསུམ་གསལ་གདབ། གསུམ་པ་ལ་ཁྲོ་གཉེར། བཞི་པ་ལ་ཤངས། ཉི་མ་གཉིས་པ་དང་གསུམ་པ་ལ་ཡང་སྤྱན་གསུམ་གསལ་བའི་ཚུལ་གྱིས་བསྒོམ་སྟེ། མདོར་ན་སྤྱན་གསུམ་པོ་གསལ་བར་འདོད་ན་གསལ་ལ། མེད་པར་འདོད་ན་མེད་པའི་བར་དུ་དམིགས་པ་བརྟན་པར་བྱ། ཉི་མ་གཉིས་པའི་ཐུན་དང་པོ་ལ་ཞལ་གྱི་མཆེ་བ་གསལ་གདབ།
༢༢༠ གཉིས་པ་ལ་སྙན། གསུམ་པ་ལ་ཞལ། བཞི་པ་ལ་གཡས་དཀར་བ། ཉི་མ་གསུམ་པའི་ཐུན་དང་པོ་ལ་རྩ་ཞལ་དང་གཡས་དཀར་བ། གཉིས་པ་ལ་གཡོན་དམར་བ། གསུམ་པ་ལ་གཡས་པའི་ཞལ་གཉིས་གནག་པ། བཞི་པ་ལ་གཡོན་ཞལ་གཉིས་གནག་པ་དང་། སྟེང་གི་ཞལ་གསལ་གདབ། ཉི་མ་བཞི་པའི་ཐུན་དང་པོ་ལ་ཞལ་བརྒྱད། ཐུན་གཉིས་པ་ལ་དབུའི་གཙུག་ཏོར་དབུ་སྐྲ་དམར་སེར་སྣ་ཚོགས་རྡོ་རྗེ་དང་བཅས་པ། ཐུན་གསུམ་པ་ལ་རུས་པའི་འཁོར་ལོ་རྣ་རྒྱན་ལ་སོགས་པ་དབུའི་རྒྱན་རྣམས། ཐུན་བཞི་པ་ལ་སྐུ་བྱིངས་པོ་མགུལ་རྒྱན་ལ་སོགས་པ་དང་བཅས་པ་གསལ་གདབ། ཉི་མ་ལྔའི་ཐུན་དང་པོ་ལ་དབུ་དང་སྐུ་བྱིངས་པོ་གསལ་གདབ། གཉིས་པ་ལ་ཕྱག་གཡས་པ་བརྒྱད་ཕྱག་མཚན་དང་བཅས་པ། གསུམ་པ་ལ་གཡོན་པའི་ཕྱག་བརྒྱད་ཕྱག་མཚན་དང་བཅས་པ། མི་མགོ་ལ་སོགས་པ་སྐུའི་རྒྱན་མེ་རི་དང་བཅས་པ་གསལ་གདབ། བཞི་པ་བདུད་བཞི་མནན་པའི་ཞབས་གསལ་གདབ། ཉི་མ་དྲུག་པའི་ཐུན་དང་པོ་ལ་གཙོ་བོ་དང་གཽ་རཱི། གཉིས་པ་ལ་ཙཽ་རི། གསུམ་པ་ལ་བེ་ཏཱ་ལཱི། བཞི་པ་ལ་་རཱི། ཉི་མ་བདུན་པའི་དང་པོ་ལ། གཙོ་འཁོར་ལྔའི་སྟེང་དུ་། གཉིས་པ་ལ་ཤ་ཝ་རཱི། གསུམ་པ་ལ་ཙཎྜ་ལཱི། བཞི་པ་ལ་གཡུང་མོ། །ཉི་མ་བརྒྱད་པའི་ཐུན་དང་པོ་ལ། ལྷ་དགུ་གཞལ་ཡས་ཁང་དང་བཅས་པ། གཉིས་པ་ལ་དུར་ཁྲོད། གསུམ་པ་ལ་སྲུང་འཁོར། བཞི་པ་ལ་ཁམས་གསུམ་སྣོད་བཅུད། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་གསལ་གདབ་བོ། །བསྐྱེད་པའི་རིམ་པའི་དམིགས་པའོ། །རྫོགས་པའི་རིམ་པ། མར་མེའི་རྩེ་མོ་ལྟ་བུ་ལ་ཡང་སེམས་གཟུང་ངོ་། །དེའང་ཁམས་གསུམ་ནས་དཀྱིལ་འཁོར་གྱི་འཁོར་ལོའ་བར་
༢༢༡ རིམ་པ་བཞིན་དུ་བསྡུས་ལ། འོད་ཕུང་ཐིག་ལེ་བསྒོམ། དེ་གསལ་ན་མར་མེའི་རྩེ་མོ་ལ། དེ་གསལ་ན་རྟ་རྔ་ཙམ། རྟ་རྔ་བརྒྱར་གཤགས་པའི་ཚད་ལ། མཐར་མེ་ལོང་ལ་དབུགས་ཀྱི་དྲོད་ཡལ་བའི་ཚུལ་གྱིས་སྟོང་པ་ཉིད་ལ་བློ་བཞག་གོ །དེ་ལྟར་གསལ་གདབ་པ་ནས་བཟུང་སྟེ། སྟོང་པར་བསྒོམ་པའི་ཐུན་ནི་འཇོག་པར་འདོད་པའི་དུས་སུ་ཁམས་གསུམ་བསྡུ་བ་ནས་བཟུང་སྟེ་སྟོང་པའི་བར་དུ་བསྡུས་ལ། ལྡང་བར་འདོད་ན་སྟོང་པའི་ངང་ལས་གཙོ་བོའ་ང་རྒྱལ་གྱིས་ལངས་ལ། དགེ་བ་རྗེས་སུ་དྲན་པ་དང་། རྡོ་རྗེའི་གླུ་དང་སྨོན་ལམ་རྣམ་པར་དག་པ་བཏབ་ལ། སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །མཚོ་སྐྱེས་རྡོ་རྗེའི་དགོངས་པ་ཀུན། །ཟབ་ཚུལ་དགུར་བཀྲལ་དགའ་སྤྲོའི་ཆོས། །གྲོལ་ལམ་མར་མེའི་རྩེ་མོ་མཆོག །གསལ་འདོམས་ཡི་གེར་བྲིས་པའོ། །རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ། །ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་ཡིག །ལམ་སྐོར་ཕྱི་མ་ཌོམ་བྷི་པའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གང་ཟག་ལམ་སྒྲུབ་ཚུལ་གཉིས་ཏེ། དཀའ་ཐུབ་ཀྱི་ལམ། བུ་ཆུང་གི་ལམ། དེ་གཉིས་ཀའང་ཆུད་མ་ཟོས་པ་གསུམ་དགོས། ལོངས་སྤྱོད་ཆུད་མ་ཟོས་པ། ལུས་ཆུད་མ་ཟོས་པ། སེམས་ཆུད་མ་ཟོས་པའོ། །ལོངས་སྤྱོད། མེ། ཆུ། དགྲ། གདོན་གྱིས་ཆུད་མ་ཟོས་པར་བྱས་ལ། །དཀོན་མཆོག་དང་མཁའ་འགྲོ་ལ་བཏང་། ལུས་སྡོམ་པ་གསུམ་དང་ལྡན། སཽ་ཐར་བྱང་སེམས་རིག་འཛིན། སེམས་ཆུད་མ་ཟོས་པ་ནི། བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ཕྱི་ཀུན་རྫོབ་སྔོན་འཇུག །དོན་དམ་སྤྲོས་བྲལ། ནང་ཀུན་རྫོབ་ཀུན་ད། དོན་དམ་བདེ་སྟོང་ངོ་། །ལྷན་ཅིག་སྐྱེས་པ་གསུམ་གྱིས་ལམ་ཁྲིད་
༢༢༢ ཚུལ། རྒྱུ་ལྷན་ཅིག་སྐྱེས་པ་རང་བཞིན་གྱིས་གནས་པ། ཐབས་ལྷན་ཅིག་སྐྱེས་པའི་ཉམས་གསུམ་བསྐྱེད་པའི་ཐབས། འབྲས་བུ་ལྷན་ཅིག་སྐྱེས་པ་རྣམ་ཐར་སྒོ་གསུམ། སྐུ་གསུམ་དུ་སྐྱེས། ལྷན་ཅིག་སྐྱེས་པ་དེ་ལ་ནང་གི་བར་ཆད་ནད་འདུ་བ་གསུམ་ལྷན་ཅིག་སྐྱེས། ཕྱིའི་བར་ཆད་གདོན་གསུམ་ལྷན་ཅིག་སྐྱེས། དེ་ལ་ནད་རླུང་དང་གཅིག །ཁྲག་མཁྲིས་གཉིས་གཅིག་ཏུ་བྱས། བད་ཀན་དང་གསུམ་མོ། །གདོན་གསུམ་ནི། ཕོ་རིགས་མོ་རིགས་ཀླུ་རིགས་གསུམ་མོ། །སེམས་དངོས་པོའ་གནས་ལུགས་སྐྱེ་བ་མེད་པ་ལྷན་ཅིག་སྐྱེས་པ་དང་པོ། །ཐབས་ལྷན་ཅིག་སྐྱེས་པ་ལས་གང་ཟག་རིགས་གཉིས་ཀྱི་ཐབས་ཀྱང་གཉིས་ཏེ། དཀའ་ཐུབ་པའི་གང་ཟག་དེ་དང་པོ་ལམ་ལ་ཞུགས་ནས། འདི་ཕྱི་མ་ལ་མི་འདུག་ཀྱང་། ལམ་འབྲས་ལས་བྱུང་བས་ཅད་དམ་སྙམ། དང་པོ་བླ་མ་སྤྱི་བོར་དྲན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ། ལྷའི་རྣལ་འབྱོར་ཡུད་ཙམ་གྱིས་དྲན་པར་བྱ། ལུས་ཀྱི་འཁྲུལ་འཁོར་ཉམས་ཀྱི་མན་ངག་ཆོས་ཉི་ཤུ་རྩ་བདུན་བསྟེན། སེམས་ལ་དགའ་བདེ་སྐྱེ། ངག་རྒོད་པ་ལ་སོགས་པ་འབྱུང་། གློ་བུར་དུ་འོ་དོད་འབོད་དེ་དེ་ལྟར་ལུས་ངག་ཡིད་གསུམ་ཆར་ལ་འདོད་ཆགས་ཆེན་པོས་ཁྱབ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བདེ་བ་སྐྱེ་བའི་དུས་སུ་ཤེས་པ་གསལ་བ་ཡང་བ། སྙིང་རྗེ་ཆེན་པོ་འབྱུང་བ་ནི་ཏིང་ངེ་འཛིན་ཏོ། །གསལ་བའི་མཐར་ཐུག་ནི་ཞེ་སྡང་ཡིན་པས་ཞེ་སྡང་ལམ་དུ་བསྒྱུར། མི་སྡུག་པའི་ཡུལ་རྐྱེན་གྱིས་གསལ་བའི་མཐར་ཐུག་སྐྱེའོ། །ཡུལ་གང་ལ་ཡང་མི་རིག་མི་རྟོག་པས་མ་རིག་པ་ཆེན་པོ་ཡིན་ཏེ། ཉོན་མོངས་པ་གཏི་མུག་ལམ་དུ་སློང་ངོ་། དེ་ལྟར་ཡན་ལག་ཉི་ཤུ་རྩ་བཞིས་ལམ་ལྷན་ཅིག་སྐྱེས་པའི་ཉམས་བསྐྱེད་དོ། །ཌོམྦྷིའི་གསུང་གི་བདུད་རྩི་ཀུན། །ཡོངས་སུ་དགའ་བའི་ཡིད་ཤེས་ཀྱིས། །གྲོལ་མཆོག་རང་གིས་ངེས་པའི་ཆ།
༢༢༣ འདིར་ནི་ཟིན་ཐོའ་ཡི་གེར་བྲིས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ། གཏུམ་མོ་ལམ་རྫོགས་ཀྱི་ཁྲིད་ཡིག །ལམ་སྐོར་ཕྱི་མའི་གཏུམ་མོ་ལམ་རྫོགས་ཀྱི་ཁྲིད་ནི། །སྐྱབས་སེམས་སྔོན་དུ་སོང་ནས། སྟན་ལ་བསྡད། བསྐྱེད་རིམ་བསྡུ། རྡོ་རྗེ་ཕག་མོ་ཨཾ་ལ་ཐིམ། ཨཾ་ལས་འོད་བྱུང་ནས་ལས་བྱེད་པའི་འཁོར་ལོ་གཉིས་དང་། འཁོར་ལོ་གང་མ་བཞི་མས་རིམས་སུ་གསལ་གདབ། རྩ་གསུམ་རོ་རྐྱང་གཉིས་ཡི་གེས་བཀག་པ་དང་བཅས་པ་གསལ་གདབ་བོ། །བཤང་སྒོའི་རླུང་གིས་སུམ་མདོའ་མེ་སྦར། མེས་ལྟེ་བའི་ཨཾ་སྦར། རླུང་མཆིལ་མ་དང་བཅས་པ་མིད་དེ། སྟེང་རླུང་ཐུབ་ཚད་དུ་མནན་ལ་བསྒོམ། ཨཾ་གི་མེ་རང་དབང་མེད་པར་འབར་བ་སྙམ་བྱེད། འོག་རླུང་མི་བསྐུམ་པར་མེ་རང་དབང་མེད་པར་འབར། གཡས་རོ་མ་དང་འགྲོགས་སོང་། རིགས་ལྔ་ཡུམ་ལྔ་བསྲེག །སྣ་བུག་གཡས་ནས་མེ་འཕྲོས། ནམ་མཁར་དེ་བཞིན་གཤེགས་པ། དང་པོ་གཅིག་ལ་བྱ། དེ་ནས་བཅུ་ནས། བརྒྱ་ནས་བསམ་གྱིས་མི་ཁྱབ་པའི་བར་ལ་རིམ་གྱིས་ཤངས་ཀྱི་བུ་ག་གཡས་ནས་ཞུགས། མ་ཡར་ལྡོག་མར་ལྡོག་ལན་འགའ་བྱས། དེ་བཞིན་གཤེགས་པའི་འཁོར་ལོ་བཞི་དང་ཁམས་བདུད་རྩི་རྣམས་གཅིག་ཏུ་ཞུ་ནས་སྲིན་བུ་པདྨས་ཁྲག་འདྲེན་པ་བཞིན་དུ་ཁྱེར་ཏེ་འོང་། བདག་གི་སྣ་བུག་གཡོན་ནས་ཞུགས། ལྟེ་བའི་ཨཾ་ལ་ཕོག་ནས་དྲག་ཏུ་བསྐུལ། རྩ་དབུ་མ་ཁ་བྱེ་ནས་ཧཱུྃ་ཨཾ་ཧཾ་ཞུ་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྟོབས་ཇེ་ཆེ་ཇེ་ཆེ་ལ་སྤྱི་བོ་ནས་བབ་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོར་ཕབ་ལ། བདེ་གསལ་མི་རྟོག་པའི་ཉམས་དགའ་བས་བསྡུས་པའི་དགའ་བ་བཞི། མཆོག་དགས་བསྡུས་པའི་དགའ་བ་བཞི།
༢༢༤ དགའ་བྲལ་གྱིས་བསྡུས་པའི་དགའ་བ་བཞི། ལྷན་སྐྱེས་ཀྱིས་བསྡུས་པའི་དགའ་བ་བཞི་མཐར་ཕྱིན། དགའ་བ་བཅུ་དྲུག་གི་མཐར་ཕྱིན་པ་དེ་འཕྲོ་བཅད་ལ། སྣ་གཉིས་ཀྱི་བར་ཀ་བ་མེད་པ་སྒོང་སྟོང་པ་ལྟ་བུར་བསྒོམ། རླུང་སྤོས་ཀྱི་དུ་བ་ལུས་ཀྱི་ནང་ནས་སྣའི་རྡོག་མའི་རྩེར་ཐུ་ལུ་ལུ་འཁྱིལ་ནས་ཕར་མི་འགྲོ་བར་བསྒོམ། དེ་ལྟར་བསྒོམས་པ་དང་མཁའ་འགྲོ་མས་བྱིན་གྱིས་རློབ་པར་འགྱུར་རོ། །ཆོས་ཀུན་གཏུམ་མོའ་ལམ་གཅིག་ཏུ། །རང་དགའ་གྲོལ་བ་མཆོག་སྟེར་བའི། བདེ་ཀྱེའི་རྒྱུད་དོན་ཕྱུངས་པའི་གནད། །ཉམས་ལེན་ཇི་བཞིན་ཡི་གེར་བྲིས། རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ། །ཡོན་པོ་བསྲང་བའི་ཁྲིད་ཡིག །ལམ་སྐོར་ཕྱི་མ་ཡོན་པོ་བསྲང་བའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྟན་ལ་བསྡད། ཡི་དམ་དྲན་པར་བྱ། འཁྲུལ་འཁོར་བཅའ། ལག་པ་ཁུ་ཚུར་པུས་མོའ་སྟེང་དུ་བཞག །མིག་གྱེན་ལ་བཟློག །ལྕེ་སྐན་ལ་སྦྱར། སོ་བསྒྲིག་ལ་ཁ་བགྲད། སྟེང་རླུང་འོག་རླུང་ཁ་སྦྱར་ལྟོ་བ་དྲག་ཏུ་ཚིགས་པ་ལ་གཅེར། ལག་པ་པུས་མོའ་སྟེང་ནས་ཡར་རིམ་གྱིས་གྲུ་མོ་པུས་མོ་ལ་སླེབ་སླེབ་བཏང་། ལུས་ཉྭ་སོལ་བསྒྲིམ། ཅུང་ཟད་འབར་བ་ཙམ། རླུང་འཆིང་། དེ་ལྟ་བུ་ཐུན་གྲངས་དང་ཐུན་ཚད་མེད་པར་བྱས་ན་ཅི་ཞིག་ཙམ་ན་ལུས་ཀྱི་འཁྲུལ་འཁོར་བྱས་མ་ཐག་ཏུ་གསལ་སྟོང་གི་ཏིང་ངེ་འཛིན་ཏུ་འགྲོ་བ་བྱུང་ན་མཐར་ཕྱིན་པ་ཡིན་པས་བརྟན་པར་བྱ་བའི་ཕྱིར་ལག་པ་གཡོན་ཁུ་ཚུར་སྙིང་གར་བཞག །གཡས་པ་ཁུ་ཚུར་ཕྱར། རླུང་ཁ་སྦྱར། ཡང་དེ་ལས་ལྡོག་ཏེ་གཡོན་པ་ཕྱར། ཡང་གཡས་གཡོན་གཞུ་འགེངས་པའི་ཚུལ་དུ་བྱས། ཡང་ལག་པ་གཉིས་ནམ་མཁའ་ལ་ཕྱར། ཁུ་ཚུར་བཅིངས་ལ་ཡང་སྙིང་གར་བསྣོལ་བཞིན་བསྒོམ། དེ་ལྟར་འཁྲུལ་འཁོར་གང་
༢༢༥ བཅིངས་ཀྱང་བརྗོད་བྲལ་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་མཐར་ཕྱིན་པའི་ཚད་ཡིན་ནོ། །རྩ་ཐིག་རླུང་ཀུན་དགའ་བཞིའི་གནས། །དབུ་མར་འཆིང་གྲོལ་མཆོག་སྟོན་པའི། །མྱུར་བདེའི་སངས་རྒྱས་ཉེ་ལམ་གྱི། །གནད་འདོམས་སྙིང་པོ་ཡི་གེར་བྲིས། རྗེ་བཙུན་གྲགས་པའི་ཁྲིད་དཔེ་ལས་བཏུས་སོ། །ཕྱག་རྒྱའི་ལམ་གྱི་ཁྲིད་ཡིག །ལམ་སྐོར་ཕྱི་མ་ཕྱག་རྒྱའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས་ལུས་སྐྱིལ་ཀྲུང་བཅའ། ལག་པ་གཉིས་པུས་མོ་ལ་བཀབ། མིག་སྣ་རྩེར་དབབ། འོག་རླུང་དྲག་ཏུ་འཐེན་ལ་ཧཱུྃ་དལ་ལ་རིང་བ་ཁོག་པ་ནས་དྲང་ཞིང་མནན། དེའི་དུས་སུ་མཁལ་རྐེད་ན་བ་བྱུང་ན། ལྟོ་བསྐྱོད་ཅིང་པང་གྱེན་དུ་དྲངས། དར་ལ་སོགས་པ་འབོལ་པོས་སྐེད་པ་བསྡམ། མགོ་བོ་ན་ན་མགོ་བོ་བསྐྱོད། རོ་སྟོད་ན་ན་རོ་སྟོད་གསིག །དེ་ལྟ་བུ་ཞག་བདུན་ནམ། ཟླ་བ་ཕྱེད་དམ། ཞག་ཉི་ཤུ་རྩ་གཅིག་སྦྱངས་ན། ཐུར་སེལ་ཅི་རིགས་པ་ལ་དབང་ཐོབ་པར་འགྱུར་རོ། །དེའི་བར་ལ་ཐོག་མར་ལྟ་བ་བསྐྱང་བར་བྱ་སྟེ་ལྟ་བ་ནི་དངོས་པོའ་གནས་ལུགས་ལ་ཁྱབ་ཅིང་། འདུས་བྱས་ཀྱི་རྐྱེན་གྱིས་མི་འཇིག་པ། དུས་གསུམ་དུ་འགྱུར་བ་མེད་པ། ཤེས་བྱའི་གནས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་སྟེ་མཚན་ཉིད་བཞི་ལྡན། དེའང་ཉམས་སུ་ལེན་ན། །ཆོས་ཐམས་ཅད་རང་གི་སེམས་ཀྱི་ངོ་བོར་གསལ་ཞིང་མ་འགགས་པ་བརྟགས་ན་སྟོང་པ་སྟེ། གསལ་སྟོང་དབྱེར་མེད་ཅེས་བྱ་བའམ། གསལ་བ་དེ་ཉིད་རང་གིས་རིག་ཅིང་ཉམས་སུ་མྱོང་བ་ལ་བརྟགས་ན་སྟོང་པ་སྟེ། རིག་སྟོང་དབྱེར་མེད་ཅེས་བྱ་བའམ། ལུས་བདེ་བ་ཆེན་པོར་སྐྱེ་ལ་སྣང་བ་ཐམས་ཅད་བདེ་བ་ཆེན་པོར་སྐྱེ་ཞིང་། དེ་ཡང་བརྟགས་ན་སྟོང་པའི་བདེ་སྟོང་དབྱེར་མེད་ཅེས་བྱ་བར་ཤེས་པར་བྱས་ལ། དང་པོར་ཐོས་བསམ་གྱི་ཚུལ་གྱིས། དེ་ནས་ཤུགས་
༢༢༦ འབྱུང་བའི་ཚུལ་གྱིས་བསྐྱང་ཞིང་རླུང་སྦྱང་བར་བྱའོ། །དེ་ལྟར་རླུང་འབྱོངས་པ་དེས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྒྲུབས་པ་ལ། བདག་དང་རིག་མ་ཡི་དམ་གྱི་ང་རྒྱལ་བརྟན་ནས། རྡོ་རྗེ་པད་མ་བསྣོལ་མར་བྱིན་གྱིས་རླབས་ཏེ། སྒྲུབ་པ་པོས་ཡུམ་གྱི་པདྨ་ཨེ་ལས་ཆོས་ཀྱི་འབྱུང་གནས། དེའི་ནང་དུ་ཨ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་དང་བཅས་པ་ལ་ཨས་མཚན་པ་བསྐྱེད་ལ་སྔགས་ཀྱིས་བརྟན་པར་བྱ། ཡབ་ཀྱི་རྡོ་རྗེ་རྩེ་ལྔ་པ་ལ་ཧཱུྃ་གིས་མཚན་པར་བསྐྱེད། ༀ་ལས་ནོར་བུ། སྭཱ་ལས་རིན་པོ་ཆེའི་ཏོག་བུ་གར་ཧཱུྃ་མཐིང་ནག་མགོ་ཐུར་དུ་ལྟ་བ། ཕཊ་དམར་ནག་མགོ་གྱེན་དུ་བལྟ་བ་གཉིས་རྩེ་སྤྲད་པར་བསྒོམས་ལ་སྔགས་ཀྱིས་བརྟན་པར་བྱའོ། །འདོད་པ་ཐ་མལ་པའི་འདོད་ཆགས་འདི་ཉིད་ལམ་དུ་བྱས་ལ། རིམ་གྱིས་ཐ་མལ་པའི་འདོད་ཆགས་དེ་ཉིད་སྙིང་རྗེ་ཆེན་པོས་བསྐུལ་ཞིང་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་སུ་བསྒྱུར། སེམས་ཅན་གྱིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པའོ། །མན་ངག་གནད་ཀྱིས་ཟིན་པ་ལ་ལྔ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དབབ་པ་དང་། བཟུང་ཞིང་བདེ་བ་བསྒོམ་པ་དང་། ལྡོག་པ་དང་ཁྱབ་པར་བྱ་བ་དང་། མི་ཉམས་པར་བསྲུང་བའོ། །དེ་ལ་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཚུལ་གྱིས་བསྒོམ་པ་ནི་བྱང་ཆུབ་ཀྱི་སེམས་དབབ་པ། བྱང་ཆུབ་ཀྱི་སེམས་ནོར་བུའི་དབུས་སུ་ཕབ་སྟེ། གཟུང་བའི་ཐབས་གསུམ་གྱིས་མི་ཉམས་པར་བྱ། མིག་གཉིས་གྱེན་དུ་བགྲད་ལ། ལྕེ་རྐན་ལ་སྦྱར། སྟེང་རླུང་མནན། འོག་སྒོ་ནས་མར་འཕུལ་ཤེས་པ་གཏད། རིལ་བ་ཞབས་ཚགས་ཅན་གྱི་དཔེ་དང་འདྲ། ཕཊ་གྱེན་ལྟ་ཧཱུྃ་འཐུར་ལྟ་དེས་འདྲེན་པར་བསམ་ཞིང་། ཧཱུྃ་དལ་ལ་རིང་བ་ཉི་ཤུ་རྩ་གཅིག་ལ་སོགས་པས་དྲང་བར་བྱའོ། །འོག་རླུང་ཅུང་ཟད་བསྐུམ། མིག་ཕྱེ་ལ་དབུགས་དལ་ལ་ཡུན་
༢༢༧ རིང་བས་དྲང་ངོ་། །སྣ་བུག་གཉིས་ཀ་ནས་ཕྱིར་བུས་པས་ལུས་ཐམས་ཅད་ལ་བདེ་སྟོང་གི་ཏིང་ངེ་འཛིན་གྱིས་ཁྱབ་པར་འགྱུར་ཏེ། མས་བརྟན་གྱི་དགའ་བ་བཅུ་དྲུག་གི་ཚུལ་ཉམས་སུ་བླང་། རྡོ་རྗེའི་རྩེ་མོ་ཉིད་ནས་བཟློག་ན་འགྱུར་བ་རྣམ་དྲུག་གིས་བཟློག་པར་བྱ་སྟེ། རྐང་ལག་གི་མཐེ་བོང་བཞི་བསྐུམ་ཞིང་བསྐྱེད་པ་དང་། །ལྟོ་བ་ཚིགས་པ་ལ་སྦྱར་བ་དང་། ལྕེ་ཕུགས་སུ་བཟློག་པ་དང་། ངག་ཏུ་ཧཱུྃ་རིང་པོའ་རྗེས་ལ་ཧིག་ཅེས་བརྗོད་པ་དང་། ཏིང་ངེ་འཛིན་གྱི་ཧཱུྃ་གིས་ཕཊ་དྲངས་ལ་སྤྱི་གཙུག་ཏུ་བསྐྱལ་བར་བྱ་སྟེ། དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ལྷག་མ་ལུས་པར་སྲིད་པས་ལན་གཉིས་དང་གསུམ་གྱི་བར་དུ་དྲང་བར་བྱའོ། །དེ་ནས་ཁྱབ་པར་བྱ་བ་ལ། ལུས་པོ་ལ་མ་བཀྲམ་ན་ནད་ལ་སོགས་པར་འགྱུར་བས་ཁྱབ་པར་བྱ་བ་ནི། མགོ་བོ་སྤྲུག་པ་དང་། རོ་སྟོད་གསིག་པ་དང་། རྐེད་པ་གཅུ་བ་དང་། ལག་པ་གཡབ་པ་དང་། བྲོ་འཁྲབ་པ་དང་། འོ་དོད་བོས་པ་ལ་སོགས་པས་ཁྱབ་པར་བྱ་སྟེ། དེ་ནི་གནས་སུ་བསྐྱལ་བ་ཡིན་ནོ། །དེ་ལྟར་ཉན་ཐོས་བཞིན་ཕྱག་རྒྱ་མི་སྤངས་ཏེ། སྤངས་ན་ཐིག་ལེ་མི་རྒྱས་ཏེ། བམ་བཞོས་ན་ཞོ་སྐམ་པ་དང་འདྲའོ། །དེས་ན་བ་བཞིན་དུ་བཞོས་ན་ཐིག་ལེ་འཕེལ་ཏེ། ཐིག་ལེ་ལས་སངས་རྒྱས་འབྱུང་བ་ཡིན་ནོ། །ཕལ་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་དོར་བར་མི་བྱ་སྟེ། དོར་ན་རྒྱུད་ནས་གསུངས་པའི་ཉེས་པ་ཐམས་ཅད་འབྱུང་ངོ་། །དེས་ན་ཐིག་ལེ་དབབ་བཟློག་གི་སྒོ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་བའི་བསམ་པས་ཆགས་པ་དོར་ཞིང་ལུས་ཐམས་ཅད་ཐིག་ལེས་གང་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུན་མི་འཆད་པ་འབྱུང་ངོ་། །ཕྱག་རྒྱའི་རིགས་ཀུན་དགའ་བའི་རྟེན། སྨིན་གྲོལ་མཆོག་བསྐྲུན་ལུགས་གཉིས་ལས། །འདིར་ནི་ཡེ་ཤེས་ཕྱག་རྒྱ་ཙམ། ལམ་དུ་འཁྱེར་ཚུལ་ཡི་གེར་བྲིས། རྗེ་
༢༢༨ བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ། །ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཁྲིད་ཡིག །ལམ་སྐོར་ཕྱི་མ་ཕྱག་ཆེན་ཡི་གེ་མེད་པའི་ཁྲིད་ཡིག་སྐྱབས་སེམས་སྔོན་དུ་སོང་ནས། བླ་མ་སྤྱི་བོར་བསྒོམ། ཡི་དམ་གསལ་གདབ། སེམས་གང་དུ་སོང་བ་ཞིག་ཏུ་དྲན་པའི་ཐག་པས་གཟུང་ངོ་། །དེ་ལས་གཞན་དུ་ཤོར་དུ་མི་གཞུག །དེ་ཉིད་བསྐྱང་། འདས་པ་དང་མ་འོངས་པའི་རྗེས་མི་གཅོད། ཟིན་པར་འགྱུར་རོ། །མ་ཟིན་ན་ཤིང་གི་རྩེ་མོར་འཇོག །ཉི་ཟླའི་སྟེང་དུ་འཇོག །དེས་ཀྱང་མ་ཟིན་ན་སྣ་རྩེ་སྨིན་ཕྲག །ལྟེ་བར་སྤོ་ཞིང་སེམས་བཟུང་། འདིས་སེམས་ཟིན་པར་འགྱུར་རོ། །སེམས་དྲན་པས་མ་ཟིན་ན་རྣམ་རྟོག་འཁོར་བའི་མཐར་ལྷུང་། །ལྟེངས་ན་ཉན་ཐོས་སུ་འགྱུར་བས། ཀ་བའམ། བུམ་པ་ལ་སོགས་པ་གང་ལ་སེམས་ཐེན་ནེ་འདུག་པ་དེ་ལས་བཏོན་ནས་གཞན་གཅིག་ལ་བཞག །མདོར་ན་གནས་པའི་དབང་ཡང་ཡོད། འཕྲོ་བ་དྲན་པས་ཟིན་ཡོང་བ་ནི་སེམས་ཐུལ་བ་ཡིན་ནོ། སྨིན་རྒྱུ་མཐོང་། འདི་རྒྱ་མཚོ་ཡིན་ནམ་སྙམ་དུ་འཁྲུལ། ཕྱིན་ཙ་ན་ཆུ་མ་ཡིན་སྨིག་རྒྱུ་འདུག་གོ་སྙམ། དྲུང་དུ་སླེབས་ཙ་ན་མ་དམིགས། དེ་བཞིན་རྨི་ལམ་དགྲ་དང་འཐབ་པ་དང་། གཉེན་དང་མཛའ་བ་ལ་ངེས་ཤེས་བསྐྱེད། ཞེ་སྡང་དྲག་པོ་བྱུང་ན། མི་བདེན་པར་རྟོགས་ནས། ཞེ་སྡང་སེམས་དེ་རང་བཞིན་མེད་པ་སྟེ། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའོ། ཡི་གེ་རྣམ་རྟོག་བརྗོད་པ་མེད། བརྗོད་དུ་མེད་པ་ཕྱག་རྒྱ་ཆེན་པོ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་ལ་དགྲ་གཉེན་ལུས་འབུལ། དེ་རྣམས་ཀྱང་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ་ལ་བློ་སྦྱང་། འོག་དམྱལ་བ་བཙོ་བསྲེག་གི་སྡུག་བསྔལ་ཉམས་སུ་མྱོང་། དེ་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ། ཡང་འོག་གི་སངས་རྒྱས་འབུམ་གཟིགས་
༢༢༩ སྟེང་གི་སངས་རྒྱས་རྣམ་སྣང་། ཤར་ལྷོ་ནུབ་བྱང་ཕྱོགས་བཅུའི་ཞིང་ཁམས་བལྟ། མཐོང་ངོ་སྙམ་དུ་བསམ། དེའང་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ། ཞེ་སྡང་ལ་སོགས་པ་ཉོན་མོངས་པ་རྣམས་བསྲེ། ཕྱོགས་གཅིག་དཔེར་བརྗོད་ན་ཞེ་སྡང་། སྒྱུ་མ་རྨི་ལམ་ཞེས་ཡིད་ལ་བྱེད། སྣང་གྲགས་འཁོར་འདས་ཐམས་ཅད་དུས་གཅིག་ཏུ་རང་བཞིན་མེད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་རང་ཤུགས་ཀྱིས་རྟོགས་པ་ཡིན་ནོ། །མཉམ་རྗེས་མེད། སྣང་བ་སློབ་དཔོན་དུ་འཆར། ཉོན་མོངས་པ་ལམ་དུ་འགྱུར། རྣམ་རྟོག་ཡེ་ཤེས་སུ་འཆར། འགྲོ་དྲུག་གི་གཡང་ས་བཅད། རིགས་དྲུག་གི་གྲོང་ཁྱེར་འཇོམས། འདྲིས་པའི་མི་དང་འཕྲད་པ་ལ་རྟོག་དཔྱོད་ཀྱི་རྩོལ་སྒྲུབ་མེད་པ་དང་འདྲ་བའི་དུས་ཏེ། དགྲ་དང་རྣམ་རྟོག་ལས་འདས་པ་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་ཡི་གེ་མེད་པ་རྟོགས་པར་འགྱུར་རོ། ཡི་གེ་ཀུན་ན་མེད་པའི་གསང་། །དགའ་བའི་སྙིང་པོ་ལྷན་ཅིག་སྐྱེས། །རྣམ་གྲོལ་མཆོག་སྦྱོར་འཁྲིད་ཀྱི་ཚུལ། །ཉུང་ངུའི་སྒོ་ནས་གསལ་བར་བྲིས། རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ། །མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་ཡིག །ལམ་སྐོར་ཕྱི་མའི་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སེམས་ཁོང་སློང་ལ་སོ་མ་ལྷུག་པ་རང་ཐད་མ་བཅོས་པར་བཞག །སེམས་ལ་དགེ་མི་དགེ་སོགས་གང་གི་ཡང་ལས་མི་འཚོལ། དེས་ཟིན་ཡོང་། །གལ་ཏེ་མ་ཟིན་ན་བྱ་ར་བ་ཅིག་བཞག་ལ། རང་གར་ཡན་དུ་བཅུག་པས་ལོག་ཡོང་། དེ་ལྟར་བྱས་པས་གར་སྦྱིན་ལ་ལག་པ་བཞག་པ་ལྟ་བུ་ལྷན་གྱི་གནས་ན་ཟིན་པའི་ཚད་ཡིན་པས་མ་བཅོས་པའི་འཇོག་སྟབས་དེ་ཉིད་ཀྱི་ངང་ནས་རང་གི་སེམས་ལ་བརྟགས་པས། ཐོག་མཐའ་མེད་
༢༣༠ པས་ནམ་མཁའ་ལྟ་བུ། སྐྱེ་འཆི་མེད་པས་ནམ་མཁའ་ལྟ་བུ། འགྲོ་འོང་མེད་པས་ནམ་མཁའ་ལྟ་བུ་ཡིན། མཐའ་དབུས་མེད་པར་ནམ་མཁའ་ལྟ་བུར་དྲན་པར་བྱས་ལ་དེའི་ངང་དུ་བཞག་གོ འཕྲོ་ན། འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔོན་མི་བསུ། ད་ལྟ་བ་ལ་ཐུག་ཕྲད་ཀྱི་དྲན་འཛིན་བྱས་ཏེ། དུས་གསུམ་སྐྱེ་འགག་གནས་གསུམ་མེད་པ་སྤྲོས་བྲལ་ལ་ངེས་ཤེས་བསྐྱེད་ཅིང་། མཉམ་བཞག་གི་ཉམས་དེ་དང་རྗེས་ཐོབ་ཀྱི་སྤྱོད་ལམ་བསྲེ་བ་ཡང་གནད་ཀྱི་གདམས་པའོ། །གནད་འདི་ཀུན་ཏུ་རང་སེམས་ལ། །དགའ་བསྐྱེད་འཆིང་གྲོལ་མཆོག་སྟོན་པའི། །ཡིད་ཆེས་ཐོབ་བཞིན་བསྒོམ་བྱའི་གནད། །སྙིང་པོ་དྲིལ་ནས་འདི་་བྲིས་སོ། །རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ། །མདོ་རྒྱུད་བསྲེ་བའི་ཁྲིད་ཡིག །མདོ་རྒྱུད་བསྲེ་བའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཏིང་ངེ་འཛིན་ལུས་གནད་བྱས་ལ། ཐ་མལ་གྱི་ཡིད་འབྲེལ་ལྷར་གསལ་གདབ། ཐུགས་ཁའི་ས་བོན་གྱི་སྤྲོ་བསྡུ། འོད་ཟེར་ཡར་འཕྲོས་པས་འཕགས་པ་མཆོད། དེ་རྣམས་ཀྱི་ཐུགས་ཁར་ཞུགས། སླར་ལོག་པས་རང་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བྱིན་རླབས་ཞུགས། ཕར་འཕྲོས་པས་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་སྦྱངས། བཅུད་ལྷ་དང་ལྷ་མོར་སྦྱངས་པར་བསམ། བླ་མ་བསྒོམས་ལ་བསྟིམ། དེ་ནས་སྣང་སྲིད་ལ་ཧད་དེ་ཆེ་རེ་བལྟས་པས་སྣང་སྲིད་ཀྱི་ཆོས་ཐམས་ཅད་བདེན་མེད་དུ་སྒྱུ་མ་ལྟ་བུར་གཏིང་ནས་ངེས་ཤེས་བསྐྱེད་དེ། དེ་ཡང་འཕྲལ་དུ་བཅོས་པར་མི་འདུག་གི། གདོད་ནས་རང་བཞིན་གྱིས་དག་པ་སྒྲོ་འདོགས་རྦད་ཀྱིས་ཆོད་ནས་རང་གསལ་དུ་སིང་ངེ་། རང་གྲོལ་དུ་ཤིག་གེ་འདུག་པ། འཁོར་འདས་གཉིས་མེད་ཀྱི་ཆོས་སྐུར་གྲོལ། དེ་ལྟར་མ་ཤེས་མ་རྟོགས་
༢༣༡ པ་ལ་སྙིང་རྗེ་བསྐྱེད། དེའང་དབྱིངས་ཀྱི་ངང་ཡིན་པས་དབྱེར་མེད། དབྱེར་མེད་དེ་ཀ་ལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་སྟེ། དེས་མཆོག་གི་ལམ་འབད་མེད་དུ་བགྲོད། ལམ་སྙིང་པོ་དོན་གྱི་རང་འགྲོས། །དེ་ལྟ་བས་ཡས་མར་གཞལ་ཅིང་། བགྲོད་ཚུལ་གྱིས་མས་ཡར་བརྩིས། དེས་ཟིན་པའི་སྒོམ་གྱི་ལས་དགེ་བ་རྣམས་ཚོགས་ལམ། བསམ་གཏན་གྱི་སེམས་གང་རུང་ལ་བརྟེན་ནས་དོན་སྤྱི་གསལ་ངེས་པ་སྦྱོར་ལམ། དེ་མངོན་དུ་གྱུར་པ་མཐོང་ལམ། དེ་གོམས་པས་ཉོན་མོངས་ཀྱི་བག་ཆགས་ཤེས་སྒྲིབ་ཀྱི་ཚུལ་ཅན་ཕྲ་བར་ནུབ་པ་ཡང་བསྒོམ་ལམ་དྲི་མ་ཕྲ་མོ་རེ་རེ་ཡང་དབྱིངས་སུ་ཞི་ནས་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཏེ་ཕྲིན་ལས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་མཐར་ཕྱིན་པའི་ལམ་མོ། །ལམ་འདི་བློ་དམན་པ་གནས་ལུགས་ཀྱི་དོན་ལ་མ་རེག་པ་རྣམས་ལ་སྦྱིན་པར་མི་བྱ། དགེ་བའི་བཤེས་གཉེན་གྱིས་ཟིན། འཁོར་བའི་རང་བཞིན་ཤེས། ཚེ་འདིའི་བདག་འཛིན་སྤངས་ནས་སྒྲུབ་པ་གཅིག་དྲིལ་དུ་བྱེད་པ་ལ་སྦྱིན་པར་བྱའོ། །མདོ་རྒྱུད་ཀུན་གྱི་བཅུད་བསྡུས་ནས། །གཅིག་ཏུ་བསྲེ་བས་ཡིད་དགའི་ལམ། །རྣམ་གྲོལ་མཆོག་ལ་བཀྲི་བའི་ཚུལ། །ཡི་གེའི་ལམ་དུ་སྤེལ་བའོ། ཡིག་རྙིང་ལས་བཏུས་སོ། །ཕྱི་རོལ་གདོན་གྱི་བར་ཆད་སེལ་བའི་ཁྲིད་ཡིག །བར་ཆད་གསུམ་སེལ་ལས་ཕྱི་རོལ་གདོན་གྱི་བར་ཆད་སེལ་བའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་ལྷར་བསྒོམས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ཅན་འཕྲོས། བ་སྤུའི་བུ་ག་ཐམས་ཅད་ཁྲིག་ཐམ་གྱིས་གཏམས། ངག་ཏུ་སྟོབས་ཀྱིས་ཧཱུྃ་དྲག་ལ་རིང་བ་བརྗོད། ཡང་འོད་འཕྲོས་སྟེང་འོག་ཕྱོགས་བཅུ་ཐམས་ཅད་རྡོ་རྗེའི་རྩིག་པར་བསམ་
༢༣༢ ངག་ཏུ་ཧཱུྃ་བརྗོད། སེམས་དབྱིངས་ལས་མ་གཡོས་པའི་གར་བྱས་ན་ཕྱི་རོལ་དུ་གདོན་གསུམ་སྲུང་བའི་མཆོག་ཡིན་ནོ། །ཕྱི་རོལ་གདོན་གྱི་བར་ཆད་ཀུན། །བསལ་ནས་དགའ་བ་རབ་བསྐྱེད་པའི། །རྣམ་གྲོལ་མཆོག་གི་ཁྲིད་འདི་ཡང་། །ཡི་གེར་མཚོན་པར་བྱས་འདིའོ། །ཡིག་རྙིང་ལས་བཏུས་སོ། །འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་སེལ་བའི་ཁྲིད་ཡིག །འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་སེལ་བའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྟོད་ཚད་པའི་གནས་སུ་ཟླ་བའི་གདན་ལ་སྨད་གྲང་བའི་གནས་སུ་ཉི་མའི་གདན་ལ། རྡོ་རྗེ་རྩེ་ལྔ་པ་སྲོག་ཤིང་རྩ་ཡིས་བྱས་པའི་སྦུབ་ནང་ན་ཐིག་ལེ་སྲན་མ་འབྲིང་པོ་ཙམ་གྱི་དབུས་ན་ཧཱུྃ་ནས་འབྲས་ཙམ་ཁ་སྦྱར། རྩ་བའི་བླ་མ་ཇི་ཙམ་འཚམ་པ་བསམ། རླུང་ཕྱིར་ལན་གསུམ་བུས་ལ། ཧཱུྃ་དང་བླ་མ་མི་འཁོར། རྡོ་རྗེ་ཐིག་ལེ་འཁོར་བའི་དམིགས་པ་གསལ་ངེས་པ་ཐུན་གཅིག་ཙམ་བསྒོམས་ན་འབྱུང་བ་ལུས་འཁྲུགས་པའི་ནད་ཐམས་ཅད་བསྲུང་ཞིང་སེལ་བར་ཐེ་ཚོམ་མེད་དོ། །འབྱུང་བ་ལུས་འཁྲུགས་བར་ཆད་ཀུན། །བསལ་ནས་དགའ་བ་རབ་བསྐྱེད་པའི། །རྣམ་གྲོལ་མཆོག་གི་ཁྲིད་འདི་ཡང་། །ཡི་གེར་མཚོན་པར་བྱས་འདིའོ། །ཡིག་རྙིང་ལས་བཏུས་སོ། །ཏིང་ངེ་འཛིན་སེམས་ཀྱི་བར་ཆད་སེལ་བའི་ཁྲིད་ཡིག །ཏིང་ངེ་འཛིན་སེམས་ཀྱི་བར་ཆད་སེལ་བའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་གི་སེམས་གདོད་མ་ནས་དག་པ་འདི། མཚན་ཉིད་གསལ་བ་ལས་མི་འདའ་བ་དམ་ཚིག །ཕྱག་རང་བཞིན་གྱིས་དག་པ། རྒྱ་ཁྱབ་པ། གསལ་སྟོང་དབྱེར་མེད་དམ་ཚིག་གི་ཕྱག་རྒྱ། སྣང་བ་སེམས་ཀྱི་ཆོས་ཅན་ཡིན་ལ། སྣང་སྟོང་དབྱེར་མེད་ཆོས་ཀྱི་ཕྱག་རྒྱ། ཟག་བཅས་བདེ་བ་ལས་ཡིན་ལ། བདེ་སྟོང་དབྱེར་མེད་ལས་ཀྱི་ཕྱག་རྒྱའོ། །གསལ་སྣང་སྣང་སྲིད་ཆོས་ཐམས་
༢༣༣ ཅད་ཆེན་པོ་ཡིན་ལ། ཆོས་ཐམས་ཅད་རང་སྟོང་ཕྱག་རྒྱ་ཆེན་པོ་དེ་ལྟར་ཤེས་པའི་རྣལ་འབྱོར་བ་ལ་བར་ཆད་མེད་པས་འཆི་བ་མི་སྲིད་པ་ཡིན་ནོ། །ཏིང་འཛིན་སེམས་ཀྱི་བར་ཆད་ཀུན། །བསལ་ནས་དགའ་བ་རབ་བསྐྱེད་པའི། །རྣམ་གྲོལ་མཆོག་གི་ཁྲིད་འདི་ཡང་། །ཡི་གེར་མཚོན་པར་བྱས་འདིའོ། །ཡིག་རྙིང་ལས་བཏུས་སོ། །སྡུག་བསྔལ་གསུམ་སེལ་གྱི་ཁྲིད་ཡིག །ཕྱག་ཆེན་སྡུག་བསྔལ་གསུམ་སེལ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གཉུག་མའི་དོན་ལ་རྒྱུད་དོན་ངེས་པ་ཟབ་གནད། སེམས་མ་ཟིན་པ་ལ་ནང་དུ་བཟུང་བ་ཟབ་གནད། གནས་པ་བོགས་འབྱིན་ལ་རྩལ་སྦྱོང་བ་ཟབ་གནད། ཡིད་འཕྲེང་བཅད་པ་ལ་ཟླ་བ་ཟབ་གནད། ཀུན་ལ་དུག་མེད་བསྔོ་བ་ཟབ་གནད་ནི། །སྡུག་བསྔལ་གསུམ་འཁོར་བའི་རང་བཞིན་ལ། སེམས་གཉུག་མ་མཐོང་ན། སྡུག་བསྔལ་གྱི་སྡུག་བསྔལ་གྱི་རང་བཞིན་ཤེས་ན་སྤྲུལ་སྐུ་ཐོབ། འགྱུར་བའི་སྡུག་བསྔལ་གྱི་རང་བཞིན་ཤེས་ན་ལོངས་སྐུ། འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་ཤེས་ན་ཆོས་སྐུ། ཐམས་ཅད་རང་བཞིན་མེད་པར་ཤེས་པས། སྒྲིབ་པ་གསུམ་ལས་གྲོལ་ནས་ངོ་བོ་ཉིད་ཀྱི་སྐུ་ཐོབ། དེ་སྣང་སྲིད་འཁོར་འདས་སེམས་ཡིན་ལ། གསལ་བ་སྟོང་པའི་རྩལ་སྦྱོང་། སྟོང་པ་སྣང་བའི་དུག་སྦྱོང་། མཁའ་སྤྲིན་མི་ཕྱེད་པ། མ་བཅོས་གཉུག་མ། དེ་རིག་ཀྱང་ནང་དུ་མ་ལུས། སྣང་ཡང་ཕྱི་རུ་མ་ལུས་རོ་གཅིག །སྙིང་ཁར་ཟླ་བའི་སྟེང་དུ་ཐིག་ལེ་ལ་སེམས་བཟུང་ལ་བལྟ། ཉིན་མོ་བདེ་སྟོང་རིག་སྟོང་སྐྱེ། མཚན་མོ་འོད་གསལ་ཟིན། སྣ་རྩེར་ཐིག་ལེ་ལ་སེམས་བཟུང་། ཉིན་མོ་གསལ་སྟོང་སྣང་སྟོང་སྐྱེ། མཚན་མོ་རྨི་ལམ་ཟིན་ནོ། །ཡིན་ལུགས་རང་ངོ་ཤེས་པས་སོར་བཞག །ལྷུག་པ་རང་སོ་བཟུང་། གནས་པ་ངར་
༢༣༤ བཅས་རྩལ་སྦྱོངས། གོ་བས་མཐའ་རྒྱ་ཆོད། མཐའ་འདའ་ས་མ་རྙེད། བསམ་བསྒོམ་གྱིས་ཉམས་སུ་སྦྱོང་། དབུས་ས་མ་རྙེད། རང་འཁྲིས་མེད་པར་གཞན་དོན་དུ་བསྔོ་བས་རྒྱས་བཏབ་བོ། །སྡུག་བསྔལ་ཀུན་འབྱུང་དགའ་བདེའི་ངང་། རང་གྲོལ་མཆོག་བསྐྱེད་ལམ་ཁྲིད་འདི། །སུ་ལ་ཡོད་ཀྱང་སྨོན་པའི་གནས། །ཡི་གེར་བཀོད་ནས་བཞག་འདིའོ། །ཡིག་རྙིང་ལས་བཏུས་སོ། །གཉུག་མ་དྲན་གསལ་གྱི་ཁྲིད་ཡིག །གཉུག་མ་དྲན་གསལ་གྱི་ཁྲིད་ནི། །སྐྱབས་སེམས་སྔོན་དུ་སོང་ནས། སྟན་ལ་ལུས་རྣམ་སྣང་གི་ཆོས་ཚང་བར་བཅས། རང་ལྷ། བླ་མ་སྤྱི་བོར་བསྒོམ། གུས་འདུད་བྱས་ལ་བསྟིམ། རླུང་རོ་གསུམ་བུས་ལ། རྟེན་དང་བརྟེན་པའི་དཀྱིལ་འཁོར། །རྐང་མཐིལ་རྡོ་རྗེའི་ས་གཞི། སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱི་ཐོག །རྩི་བ་མ་རྡོ་རྗེའི་གུར། བ་སྤུ་མདའི་དྲྭ་བ། སེན་མོ་མེ་རི་རབ་ཏུ་འབར་བ། རྐང་པ་བགྲད་པ་རླུང་གི་དཀྱིལ་འཁོར། སུམ་མདོ་མེ། ལྟེ་བ་ཆུ། སྙིང་ཁ་སའི་དཀྱིལ་འཁོར། སྒལ་ཚིགས་རི་རབ། ལུས་འདོམ་གང་གྲུ་བཞི་མི་མཉམ་པ་མེད་པ་ལ་གྲུ་བཞི། མིག་པཉྩ་རེ་ཁཱ། སོ་དྲ་བ་དྲ་ཕྱེད། ལྕེ་དང་མཆུ་ལྷ་མོ་ཆགས་གནས། རྐང་བརྒྱད་ཀ་བ་བརྒྱད། སྙིང་ཁའི་རྩ་འདབ་ཀྱི་ཕྱོགས་བཞི་ནས་འབྱུང་བ་བཞིའི་རླུང་རྒྱུ་བ་སྒོ་བཞི། གསང་གནས་དོན་གྲུབ་ལྗང་གུ། རལ་གྲི། དྲིལ་བུ། ཡུམ་གྲི་ཐོད་འཛིན་པ། འཁོར་ལྷ་མོ་སུམ་ཅུ་རྩ་གཉིས། ལྟེ་བར་རིན་འབྱུང་སེར་པོ་རིན་པོ་ཆེ་དྲིལ་བུ། ཡུམ་གྲི་ཐོད་འཛིན་པ། ལྷ་མོ་དྲུག་ཅུ་རྩ་བཞི། སྙིང་གར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དྲིལ་བུ། །ཡུམ་གྲི་ཐོད་འཛིན་པ། ལྷ་མོ་བརྒྱད། མགྲིན་པར་འོད་དཔག་མེད་དམར་པོ། པདྨ་དྲིལ་བུ། ཡུམ་གྲི་ཐོད་འཛིན་པ། ལྷ་མོ་བཅུ་དྲུག་གོ །དཔྲལ་བར་རྣམ་སྣང་དཀར་པོ། འཁོར་ལོ་དྲིལ་བུ། ཡུམ་གྲི་
༢༣༥ ཐོད། ལྷ་མོ་སུམ་ཅུ་རྩ་གཉིས། གཙུག་ཏོར་དུ་རྡོ་རྗེ་འཆང་དཀར་པོ། ཞབས་སྐྱིལ་ཀྲུང་། ཆོས་འཆད་ཕྱག་རྒྱས་རྡོ་རྗེ་དྲིལ་བུ། །ཡུམ་གྲི་ཐོད་འཛིན་པ། ལྷ་མོ་བཞི། མིག་ས་སྙིང་། རྣ་བར་ཕྱག་རྡོར། སྣར་ནམ་སྙིང་། ལྕེར་འཇིག་རྟེན་དབང་ཕྱུག །ལུས་སྒྲིབ་སེལ། ཡིད་ཀུན་བཟང་། གོ་རིམ་བཞིན་དུ་གཟུགས་རྡོ་རྗེ་མ་ནས་ཆོས་དབྱིངས་མས་འཁྱུད་པ། དེ་ཐམས་ཅད་ས་བོན་ལས་བསྐྱེད་མི་དགོས། དབང་བསྐུར་སྤྱན་དྲངས་གཤེགས་གསོལ་མི་དགོས། རང་བཞིན་གྱིས་གྲུབ་པ་དྲན་པ་ལས། སྣང་སྟོང་གི་ཡེ་ཤེས་སྐྱེ་སྟེ། བུམ་དབང་། བཤང་སྒོའི་མེས་ཨ་ཐུང་འབར། མེ་གསལ་ལ་ཚ་བ་སྟོང་པ། ཆོས་གསུམ་ལྡན་འབར། ལྷ་རྣམས་མུན་ཁུང་དུ་སྒྲོན་མེ་བཏེགས་བ་ལྟར་གསལ། རླུང་བསྒོམ། གསལ་སྟོང་གི་ཡེ་ཤེས་སྐྱེ། གསང་དབང་། མེས་ཧཾ་ཞུ། བ་ཐག་གི་ཕྲེང་བ་ལྟ་བུ་བསྒོམ་སྟེ། བདེ་སྟོང་གི་ཡེ་ཤེས་སྐྱེའོ། །ཤེས་རབ་ཡེ་ཤེས། མ་དག་པ་འཁོར་བའི་ཆོས་ཐམས་ཅད་དག་པ་ལྷ་དང་གཞལ་ཡས་ཁང་ཡིན་ཞིང་། སྣང་སྟོང་། གསལ་སྟོང་། རིག་སྟོང་། ཐམས་ཅད་རང་སྟོང་ཕྱག་རྒྱ་ཆེན་པོའ་རང་བཞིན་དུ། གཉུག་མ་དེར་ཤེས་ཀྱི་དྲན་པ་མ་ཡེངས་ཙམ། བསྒོམ་དུ་མེད། རང་སྟོང་གི་ཡེ་ཤེས་སྐྱེ། དབང་བཞི་སྟན་ཐོག་གཅིག་ཏུ་བསྒོམ་པའི་མན་ངག་གོ །གཉུག་མའི་ལྷ་ཀུན་དགའ་བཞིའི་ངང་། །རང་བབ་རང་གྲོལ་སྐྱོང་བའི་ཚུལ། །མཆོག་ཏུ་གསལ་བ་བསྒོམ་པའི་གནད། ཡི་གེར་ལེགས་པར་བྲིས་པའོ། །དབང་བཞིའི་ཡིག་རྙིང་ལས་བཏུས་སོ། །དག་པ་གསུམ་གྱི་ཁྲིད་ཡིག །དག་པ་གསུམ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། དག་པ་གསུམ་ལས། དེ་བཞིན་ཉིད་ཀྱི་དག་པ། ཕྱི་དང་ནང་གི་དངོས་པོ་ཐམས་ཅད་བརྟགས་ན་ཕྱོགས་དང་དུས་
༢༣༦ མེད་པ་ལ། ཕྱོགས་དང་དུས་ཀྱི་ཕྱི་ནང་གཅིག་མ་གྲུབ་ཅིང་། གཅིག་མེད་ཙ་ན་དུ་མ་མ་འབྱུང་། གཅིག་དང་དུ་མ་མེད་པས་ཡོད་པ་མི་འགྲུབ་ཅིང་། ཡོད་པ་མེད་ཙ་ན་དེ་ལ་ལྟོས་པའི་མེད་པ་མི་འགྲུབ། ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་སྤྲོས་བྲལ་ཡིན་ཞེས་སྒྲོ་འདོགས་བཅད་ནས་བསྒོམ། དེ་ལྟར་མ་རྟོགས་པའི་སེམས་ཅན་སྙིང་རེ་རྗེ་སྙམ་དུ་བསྒོམ། དེ་ལྟར་བསྒོམས་པས་ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྲོ་ཞིང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ། ལྷ་སོ་སོའ་དག་པ་བསྐྱེད་རིམ་དཔའ་བོ་གཅིག་པ་ལྟ་བུ་གཅིག་བསྒོམ། ལྷའི་རྣམ་པ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ཝལ་གྱིས་གསལ་བཏབ། སྤྱན་དབུ་མ་ལ་བྱེ་བྲག་ཏུ་གསལ་བཏབ་ནས་བཞག །དེ་ནས་སྤྱན་གསུམ་ཀ་།དབུ་རིལ་པོ། །སྐུ་རིལ་པོ། །གདན་རྣམས་སྔ་མ་བཞིན་དུ་བསྒོམ། ལྷ་ལ་དམིགས་པ་གསལ་བ་དང་རྒྱ་བསྐྱང་འཇིག་རྟེན་ཐམས་ཅད་ཁྱབ་པར་བསྒོམ། དེ་ནས་རིམ་པ་བཞིན་དུ་ཡུངས་འབྲུའི་ཚད་ཙམ་གྱི་ནང་དུ་ལྷ་གསལ་བཏབ། དམིགས་པ་དེ་ལྟ་བུ་གྲུབ་པ་དང་བསྐྱེད་པའི་རིམ་པ་མཐར་ཕྱིན་པ་ཡིན་ནོ། །རང་རིག་པའི་དག་པ་བསྒོམ་པ། བསམ་གཏན་ཡན་ལག་དགུ་སྦྱང་། རྩོལ་བ་བཀག་ནས་སྲོག་ནས་བཏང་། ཤུགས་བསྐྱེད་དེ་གཉིས་ཀ་ནས་བཏང་། ཁ་ནས་སྒྲ་བཅས་སུ་བཏང་། རྩོལ་བ་བཀག་སྟེ་སྲོག་ནས་དགང་ཁ་ནས་སྒྲ་མེད་དུ་དགང་། རླུང་ཁ་སྦྱར་ཏེ་བདུན། གཏུམ་མོ། །ལུས་ཙོག་པུ་ཐབ་འགལ་ཕྱག་རྒྱ་བཅའ། ལྟེ་བའི་སོར་བཞིའི་འོག་ཏུ་གཏུམ་མོའ་མེ་རྟ་རྔ་བརྒྱར་གཤགས་པ་ལྟར་ཕྲ་བ། སོར་ཕྱེད་ཀྱི་ཚད་དང་མཉམ་པ་ཚ་བ་ངར་དང་ལྡན་པ་གཅིག་བསྒོམས་ནས། སྟེང་རླུང་མནན། །འོག་རླུང་བསྡམ། མ་ཐུབ་ན་དལ་བུས་བཏང་། བསྒོམས་པས་ལུས་ལ་དྲོད་ཅི་རིགས་པ་འབྱུང་། མཐར་ཕྱིན་པའི་ཚེ། དྲོད་རྒྱུན་
༢༣༧ མི་འཆད་པ་འབྱུང་། ལུས་ཐམས་ཅད་ལ་བདེ་བ་སྐྱེའོ། །ཐིག་ལེའི་རྣལ་འབྱོར། སྙིང་གའི་ནང་དུ་ཟླ་བ་སེན་མོ་ཟླུམ་པོ་ཙམ། དེའི་སྟེང་དུ་ཐིག་ལེ་དཀར་ལ་ཟླུམ་པ་སྲན་མ་ཙམ་ལ་ཡིད་གཏད། གོམས་པ་དང་། སྨིན་མཚམས་སུ་ཐིག་ལེ་སྔ་མ་ལྟ་བུ་བསྒོམ། གོམས་པ་དང་གསང་གནས་ཀྱི་ནང་དུ་ཐིག་ལེ་དམར་པོ། །གོམས་པ་དང་ཐིག་ལེ་གསུམ་འོད་ཀྱི་སྐུད་པ་ཕྲ་མོ་གཅིག་གིས་སྦྲིལ། དབུགས་ཕྱིར་རྒྱུ་བའི་ཚེ་གསང་གནས་ཀྱི་ནུས་པ་སྙིང་ལ། ནང་དུ་འཇུག་པའི་ཚེ་སྨིན་མཚམས་ཀྱི་ནུས་པ་སྙིང་ལ། གནས་པའི་ཚེ་སྙིང་གི་ནུས་པ་ལུས་ཡན་ལག་གི་རྩ་སྦུབས་ཁམས་ཐམས་ཅད་ན་རྒྱས་པར་བསྒོམ། འཁོར་ལོ་ལ་བརྟེན་ནས་ལུས་ཀྱི་དབུས་ཀྱི་ཆ་ལ། ཨ་ཝ་དྷཱུ་ཏི་ཕྲ་བ། གཡས་ར་ས་ནཱ་དམར། གཡོན་ལ་ལ་ནཱ་དཀར། ལྟེ་བར་འདབ་མ་དྲུག་ཅུ་རྩ་བཞི་པའི་ལྟེ་བར་ༀ། སྙིང་ཁར་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ། མགྲིན་པར་འདབ་མ་བཅུ་དྲུག་པའི་ལྟེ་བར་ༀ། སྤྱི་བོར་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཧ་བསམ། རླུང་བསྐྱོད། མེ་སྦར་གཡས་ནས་སོང་། སྙིང་ཁའི་འཁོར་ལོ་བསྲེགས། མགྲིན་པའི་འཁོར་ལོ་ཡང་བསྲེགས། མེ་སྤྱི་གཙུག་ནས་སོང་ནས། སངས་རྒྱས་ཀྱི་ཞབས་ལོང་བུ་གཡས་ནས་ཞུགས། སངས་རྒྱས་ཀྱི་བྱང་སེམས་མེའི་ནུས་པས་དྲངས་ནས་སྤྱི་གཙུག་ནས་བབ་གཡོན་ནས་ཞུགས། སྤྱི་མགྲིན་ལྟེ་བའི་ཨ་ལ་ཕོག །ཟེར་ཕྲ་བ་ཀུན་འདར་ནང་ལ་སོང་། སྤྱི་གཙུག་གི་ཧཾ་ལས་ཐིག་ལེ་ཕྲ་བ་བབས། ལུས་ཀྱི་རྩ་ཡིག་ལ་ཁྱབ་པ་ལ་དམིགས་པ་གནད། རླུང་ཁ་སྦྱར། མཐར་ཕྱིན་པའི་རྟགས། རླུང་ནང་དུ་ཅི་ཙམ་གནས་པར་ཐུབ། ཕྱིར་ཅི་ཙམ་འདོད་པར་གཏོང་། སྟེང་འོག་གི་ནད་སྟེང་འོག་ཏུ་དབྱང་བར་ནུས། ཐིག་ལེ་རྒྱས། མངོན་པར་ཤེས་པ་འབྱུང་། ཟོ་མདོག་བཟང་། རྫུ་འཕྲུལ་སྟོན་ནུས། རླུང་སེམས་ལ་དབང་འབྱོར། གསུམ་
༢༣༨ པའི་ལམ་སྦྱངས་པས་འདས་པའི་ཡེ་ཤེས་སྐྱེ། སངས་རྒྱས་ཀྱི་སའི་བར་དུ་བགྲོད་པར་འགྱུར་རོ། །དག་པ་གསུམ་དུ་ཀུན་བསྡུས་ནས། །རྩ་བ་མེད་པའི་ལམ་འབྲས་དེས། །དགའ་བཞིའི་རྒྱུད་དོན་མདུད་གྲོལ་མཆོག །ཇི་བཞིན་ཡི་གེར་བཀོད་པའོ། །ཆོས་ཀྱི་རྒྱལ་པོ་འཕགས་པའི་ཁྲིད་དཔེ་ལས་བཏུས་སོ། །རང་བྱིན་རླབས་ཀྱི་ཁྲིད་ཡིག །རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུའི་ཁྲིད་ནི། །སྐྱབས་སེམས་སྔོན་དུ་སོང་ནས། ཙཎྜ་ལི་དང་པོ། བསྐྱེད་རིམ་གྱི་ལྷ། ལུས་གནད་ཙོག་པུ། ལག་པ་གཉིས་པུས་མོར་འཁྱུད། མགོ་མི་མཐོ་མི་དམའ་རན་པ། ལྟེ་བའི་དབུས་སུ་ཨཾ་དམར། སྙིང་གའི་དབུས་སུ་ཧཱུྃ་སྔོ་སྐྱ། འདབ་མ་ཡི་གེ་འགོད་པ་དང་བྲལ། དབུ་མ་ཆ་ཕྲ་བས་སྦྲེལ། རླུང་མནན། ཨཾ་གི་མེ་སྦར། ཧཱུྃ་ཞུ་བར་བསྒོམ། གཉིས་པ་སྤྲུལ་འཁོར་ལྟེ་བར་ཨཾ། ཕྱོགས་འདབ་ལ་བརྩེགས་ཀྱི་ཡི་གེ་བཞི། མཚམས་བཞིར་རྐྱང་པ། ཡི་གེ་དགུ་པོ་ཐམས་ཅད་མེའི་རྣམ་པར། རླུང་མནན་ལ་བསྒོམ། གསུམ་པ་སྤྲུལ་འཁོར་ལྟེ་བར་ཨཾ། འདབ་མ་ལ་ཨཱ་ལི་གཉིས་གཉིས་མེའི་རྣམ་པ། རླུང་མནན། མཐར་ཨཾ་ལ་བསྡུ། བཞི་པ་འཁོར་ལོ་བཞིའི་ལྟེ་བར་ཨཾ་ཧཱུྃ་ༀ་ཧཾ། འདབ་བརྒྱད་ལ་སྡེ་ཚན་བརྒྱད། དཀར་སྔོ་དམར་དཀར། དབུགས་རྒྱུ་དུས་ཡར་གསལ་གདབ། འཇུག་དུས་མར་གསལ་བཏབ། གནས་དུས་ཡིག་འབྲུ་ལ་བསྟིམ། རླུང་མནན་ཅིང་བསྒོམ། ལྔ་པ་སྤྲུལ་འཁོར་ལྟེ་ཐར་ཨཾ། འདབ་བརྒྱད་ལ་སྡེ་ཚན་བརྒྱད། རླུང་མནན། ཡིག་འབྲུ་གཡོ་བར་དམིགས་ཏེ་བསྒོམ་མོ། དྲུག་པ་སྤྲུལ་འཁོར་ཨཾ། ཆོས་འཁོར་བཾ། ལོངས་སྤྱོད་ལཾ། བདེ་ཆེན་ཡཾ། འབྱུང་བ་སོ་སོའ་ཁ་དོག་ཅན། རླུང་ཨཾ་ལ་བསྟིམ། ཐུབ་ཚད་གནོན། བདུན་པ་སྤྲུལ་འཁོར་ལྟེ་བར་ཨཾ། འདབ་མ་བརྒྱད། ཨ་ཀ་ཙ་ཊ་པ་ཡ་ཤ། ཆོས་འཁོར་ལྟེ་བ་ལ་ཧཱུྃ། རླུང་
༢༣༩ ཨཾ་ལ་བསྟིམ། ཧཱུྃ་གསལ་གདབ་ཅིང་བསྒོམ། བརྒྱད་པ་ཆོས་འཁོར་དབུས་སུ་ཧཱུྃ། ཕྱོགས་བཞིར་ཨ་ཨཱ་ཨཾ་ཨཿཐིག་ལེས་བརྒྱན། མཚམས་བཞིར་རྀ་རཱྀ་ལྀ་ལཱྀ། རླུང་འཇུག་ཙ་ན་ཧཱུྃ་ཨཾ་ལ་བསྟིམ་ཞིང་བསྒོམ་མོ་དགུ་པ་ཆོས་འཁོར་ལྟེ་བར་ཟླ་བ་སྲན་མ་ཕྱེད་བཀས་སྟེང་དུ་ཧཱུྃ་དཀར་ཡུངས་འབྲུ་ཙམ། རླུང་མནན་ཅིང་བསྒོམ། བཅུ་པ་འཁོར་ལོ་བཞིའི་དབུས། ཨཾ་ཧཱུྃ་ༀ་ཧཾ། འདབ་མ་རྣམས་ཡི་གེ་དགོད་པ་དང་བྲལ་བ། རླུང་བསྒོམ། མེ་སྦར། ཧཱུྃ་ཞུ་བ་ལ་དམིགས། བཅུ་གཅིག་པ་སྤྲུལ་འཁོར་ལྟེ་བ་ལ་ༀ་་འདབ་མ་ཡི་གེ་བྲལ། ཨཾ་མེར་འབར། སྙིང་ཁ་ནས་ལོག །སྨིན་མཚམས་ཀྱི་སྒོ་ཕྱེ། དེ་བཞིན་གཤེགས་པ་གནད་ཀྱི་སྒོ་ཕྱེས། བྱང་སེམས་ཀྱི་རྒྱུན་བྱུང་ལྟེ་བའི་ཨཾ་ལ་ཐིམ། རླུང་ཁ་སྦྱར། བཅུ་གཉིས་པ་སྤྲུལ་འཁོར་དབུས་སུ་ༀ་་འདབ་བརྒྱད་ར་ཧ་བཅུ་དྲུག་གཉིས་གཉིས་རྣམ་པ་ཡིག་འབྲུ་གྱེན། རླུང་མནན་བསྒོམ། བཅུ་གསུམ་པ་སྙིང་ག་ལྟེ་བར་ཧཱུྃ། འདབ་མ་ལྔ་ལ་ར་ཧ་ས་ཡ་ཨེ་དཀར་པོ་བསྒོམ། རླུང་མནན། བཅུ་བཞི་པ་ཡར་རྐན་ལྕེ་ཆུང་གི་རྩ་བར་པདྨ་འདབ་མ་བཞི་པའི་ལྟེ་བར་ༀ། འདབ་མ་བཞི་ལ་ར་ཧ་ས་ཡ་དམར། རླུང་ཕྱིར་འགྲོ་ཡིག་འབྲུ་ལ་བསྟིམ། འོང་དུ་མི་གཞུག་པའོ། །བཅོ་ལྔ་པ། ཨ་ཀ་ཙ་ཊ་པ་ཡ་ཤ་ཆོས་འཁོར་ལ་བཀོད། ལྟེ་བར་ཐིག་ལེ་དཀར་པོ། །སྲོག་རླུང་འཇུག་པ་མར་གཡོས། རྩོལ་བའི་རླུང་གིས་ཡར་འཕུལ་བར་བསྒོམ། བཅུ་དྲུག་པ་སྤྲུལ་འཁོར་དབུས་ཟླ་ཉི་སྲན་མ་ཕྱེད་བཀས་ཙམ་ཁ་སྦྱར་བའི་དབུས་སུ། ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ། དབུགས་ཕྱིར་འགྲོ་དུས་ས་རླུང་སེར་པོ་ཐིག་ལེ་ལ་བསྟིམ། དེ་བཞིན་དུ་ཆུ་དཀར། མེ་དམར། རླུང་ལྗང་། སྤྲོ་ཞིང་བསྒོམ། བཅུ་བདུན་པ་ཆོས་འཁོར་ལྟེ་བར་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་ཅིག་བསམ། དབུགས་འཇུག་དུས་གཡོན་ལ་བསྟིམ། རླུང་མནན་པའོ། །བཅོ་བརྒྱད་པ་འཁོར་ལོ་
༢༤༠ བཞིའི་ལྟེ་བར་ཐིག་ལེ་རེ་བསྒོམས་ལ་རླུང་མནན། བཅུ་དགུ་པ་འཁོར་ལ་བཞིར་ཨཾ་ཧཱུྃ་ༀ་ཧཾ། སྔོ་དམར་དཀར་བ། དབུགས་འགྲོ་དུས་འོད་ཟེར་སྣ་སྒོ་གཉིས་ནས་སྤྲོ། འཇུག་དུས་ཡི་གེ་ཡང་ཡང་བསྒོམ། ཉི་ཤུ་པ་འབྱུང་བ་བཞིའི་དཀྱིལ་འཁོར་ཡེ་ནས་གནས་པ་གསལ་བཏབ། རླུང་བསྐུམ། རླུང་གིས་མེ་སྦར་བས་ཆུ་བསྐོལ། ས་ཞུ། རླངས་པས་སྤྱི་བོའ་ཧཾ་ཞུ་པར་བསྒོམ། ཉི་ཤུ་རྩ་གཅིག་པ་སྤྲུལ་འཁོར་ཨཾ། འདབ་མ་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་།ཕྱི་སྐོར་ལ་ཨཱ་ལི་ཕྲག་གཉིས། ཀཱ་ལི་ཧ་ཀྵ་སྤངས་པ་སོ་གཉིས། ཆོས་འཁོར་ཧཱུྃ། ཕྱོགས་བཞི་ལ་ཨཱ་ཨཱི་ཨུ་ཨེ། མཚམས་བཞིར་ཡ་ཝ་ར་ལ། ལོངས་སྤྱོད་ༀ་ནང་མ། ཨ་ཨི་ཨུ་ཨེ་ཕྱི་སྐོར། དབྱངས་མ་ནིང་དང་བྲལ་བ། བདེ་ཆེན་ཧཾ། འདབ་མ་ལ་ཨཱ་ལི་ཕྲག་གཉིས། རྩ་གཉིས་ཀྱང་གསལ་བཏབ། འོག་རླུང་བསྐུམ། མེ་སྦར། ཨཾ་མེར་འབར། འཁོར་ལོ་གཉིས་བསྲེགས། མེ་ལན་གསུམ་ལོག །ཧཾ་བསྲེགས། བྱང་སེམས་རྒྱུན་བབས། ཡིག་འབྲུ་རྣམས་གསོས་བཏབ། ཨཾ་འབར། ཆ་ཕྲ་བ་དབུ་མ་ནས་འབར། ཧཾ་ཞུ་བ་ལ་བློ་གཏད། རླུང་ཁ་སྒྱར། ཉི་ཤུ་རྩ་གཉིས་པ་སྤྲུལ་འཁོར་ལྟེ་བར་ཨཾ་བསམ། འོག་རླུང་ཨ་ལོང་འབྱེད་འཛུམ་བྱ། ཤེས་པ་ཨཾ་ལ་གཏད། མཐར་ཨཾ་གིས་མེ་སྦར། བྱང་སེམས་ལྟེ་བར་བྱུང་། ཉི་ཤུ་རྩ་གསུམ་ཆོས་འཁོར་ཧཱུྃ། ཕྱོགས་བཞི་ༀ་ཏྲཾ་ཧྲཱིཿཁཾ། རླུང་འབྲུ་ལྔ་ལ་བསྟིམ་ཞིང་གནོན། ཉི་ཤུ་རྩ་བཞི་པ་ཆོས་འཁོར་ལྟེ་བར་ཟླ་བ། སྟེང་དུ་ཧཱུྃ་དཀར། དབུགས་རྔུབ་ཧཱུྃ་ལ་བསྟིམ། སྟེང་རླུང་མནན། ཧཱུྃ་འབར། མཐར་རང་བྱུང་གི་ཡེ་ཤེས་སྐྱེས། ཉི་ཤུ་རྩ་ལྔ་པ་ཐིག་ལེའི་རྣལ་འབྱོར། ཚངས་པའི་སྐོར་ཟླ་བ་ཕྱེད་བཀས་ཙམ་སྟེང་དུ་ཧཱུྃ་དཀར་པོ་མཐུར་དུ་བལྟ་བ། འོག་ཏུ་སུཾ་དཀར་པོ་མཐུར་བལྟས། དབུགས་འགྲོ་དུས་སུཾ་ལས་
༢༤༡ བདུད་རྩི་འོ་མའི་རྒྱུན་ལྟར་བབས་པར་བསམ། ལྕེ་ཆུང་བཟློག་ཏེ་མྱང་། ཉི་ཤུ་རྩ་དྲུག་པ་སྒོ་བཅུའི་ཐིག་ལེ། སྙིང་གར་ཟླ་བར་ཧཱུྃ་དཀར་པོ། །དབུགས་འགྲོ་དུས་སྒོ་དགུ་སྨིན་མཚམས་དང་བཅུ་པོ་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་བཏབ། ཐིག་ལེའི་ཆར་རྒྱུན་བབས་པར་ཡང་བསྒོམ། ཉི་ཤུ་རྩ་བདུན་པ་སྙིང་ཁར་ཟླ་བ། དབུགས་རྒྱུ་ན་སུམ་ཅུ་སོ་གཉིས་གསལ་བཏབ། འཇུག་ན་རྩ་ཐམས་ཅད་བྱང་སེམས་ཀྱི་ཐིག་ལེས་གང་བར་ཡང་ཡང་བསྒོམ། ཉི་ཤུ་རྩ་བརྒྱད་པ་ཚངས་པའི་ཐིག་ལེ། སྙིང་ཁར་ཟླ་བ་ཧཱུྃ་དཀར་པོ། ཚངས་པའི་སྒོར་ཧཾ་དཀར་པོ། རླུང་ཕྱིར་འགྲོ་དུས་ཧཾ་ལ་རེག །ཧཾ་ལས་བདུད་རྩི་བབས་པ་ཡང་ཡང་བསྒོམ། ཉི་ཤུ་རྩ་དགུ་པ་སྤྲུལ་འཁོར་ཨཾ། ཆོས་འཁོར་ཧཱུྃ་མཐུར་བལྟས་ཆ་ཕྲ་བ་ཟུང་སྤྲེལ། ཨཾ་གིས་མེ་སྦར་ཧཱུྃ་འཛག་པ་ལ་བློ་གཏད་རླུང་བསྒོམ་པའོ། །རྒྱུད་སྡེ་ཀུན་གྱི་བཤད་གཞི་ལ། །དགའ་ཆེན་ལྷན་སྐྱེས་གྲོལ་ལམ་མཆོག །རང་བྱིན་རླབས་པའི་དམིགས་པའི་ཐོ། །ཡི་གེའི་སྣང་བར་སྤེལ་འདིའོ། །འབྲོག་མིའི་ཡིག་རྙིང་ལས་བཏུས་སོ། །ལམ་སྦས་བཤད་ཀྱི་ཁྲིད་ཡིག །ལམ་སྦས་བཤད་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རྫ་ལས་འཁོར་ལོ་ཞེང་དུ་མ་མཐེབ་མཛུབ་གཉིས་སྦྱར་བའི་ནང་དུ་ཆུད་ཅིང་། དཔངས་སུ་སོར་བཞི་པ་རྩེ་མོ་ཅུང་ཟད་ཕྲ་བ་དར་ལ་སོགས་པས་དྲིལ་ཏེ་བཞག །འབོལ་གྱི་སྟེང་དུ་ལུས་གླང་པོ་ཆེའི་རྣ་བ་ལྟ་བུའི་སྐྱིལ་ཀྲུང་བཅའ། སྔར་གྱི་འཁོར་ལོ་སྲིན་བུའི་ལམ་གྱི་ཐད་ཀར་བཞག་བརླ་རེ་མོས་འདེག །འོག་རླུང་འདྲེན། མི་བདེན་སྨད། བདེ་ན་ཟོ་བཟུང་། རང་དགེས་པ་རྡོ་རྗེ་དམིགས་པའི་གློ་བ་པདྨ་དཀར་པོ་འདབ་མ་བརྒྱད་ཁ་མཐུར་དུ་བལྟ་བ། མཆིན་པ་པདྨ་དམར་སྨུག་འདབ་མ་གྱེན་ལ་བསྟན་པ་སྟེ། དེ་གཉིས་རྩེ་མོ་ཅུང་ཟད་བསྩོལ་བ་ལས་གཞལ་ཡས་ཁང་
༢༤༢ གི་ཚུལ་དུའོ། །དེའི་དབུས་ན་རྩ་གསུམ་གྱི་མདུད་པ་ཡི་གེ་ཧཱུྃ་ཐུགས་རྗེའི་ངོ་བོ་ཧཱུྃ་ལས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་སྔོ་ནག་མཆེ་བ་གཙིགས་པ་སྤྱན་གསུམ་གཡས་ཉི་མ་གཡོན་ཟླ་བ་དབུས་སྒྲ་གཅན། ཞབས་གཡས་ཀྱིས་ཉི་མ་མནན་པས་རྩ་རོ་མའི་་འཕོར་མི་སྟེར། གཡོན་པས་ཟླ་བ་མནན་པས་རྐྱང་མའི་བྱང་སེམས་འཕོར་མི་སྟེར། བཅོམ་ལྡན་འདས་ནི་རྩ་དབུ་མ་སྒྲ་གཅན་དག་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དུས་ཀྱི་མེ་དག་པ། ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བ། ཉི་ཟླའི་རླུང་དབུ་མར་འཇུག །དབུའི་གཙུག་ཏོར་ནི་ཉི་ཟླ་གཟས་བཟུང་། རྒྱན་དྲུག་ནི་ཕར་ཕྱིན་དྲུག་ཡིན་སྙམ་པ་ཙམ་བྱ། ལག་པ་པུས་མོ་ལ་བཀབ། ལྟོ་བ་བསྐྱོད། ལྕེ་རྐན་ལ་སྦྱར། མིག་ཅུང་ཟད་བགྲད། སྟེང་རླུང་ཧིག་གིས་དྲངས་ཞིང་སིབ་ཀྱིས་མནན། འོག་རླུང་འཐེན། ཟས་སྤྱོད་ལམ་གྱིས་བསྐྱང་ཞིང་བསྒོམ། ཕྱི་རོལ་དུ་སྣང་བ་དཀར་ལམ་པ་ཡོད། ལུས་དྲོད་དང་བདེ་བ་སྐྱེ། སེམས་གཟུང་འཛིན་དང་བྲལ་ཁམས་འདུས་པ་དང་པོའ་ཐད་སོར་སླེབས་པ་ཡིན། ཟླ་བ་གཅིག་ནས་དུ་བ་ལ་སོགས་པའི་རྟགས་ལྟ་འབྱུང་། ཟླ་བ་གསུམ་ནས་ལུས་རས་བལ་གྱི་འདབ་མ་ལྟར་ཡང་སེམས་གཟུང་འཛིན་དང་བྲལ་བ། མཉམ་རྗེས་མེད། ཁམས་འདུས་པ་བར་མའི་ཐད་སོའོ། །དེ་ནས་སྣང་བ་ལྷར་འཆར་ཕོ་བྲང་ལྔའི་ལྷ་གསལ། མཉམ་བཞག་མི་རྟོག་པའི་ཏིང་ངེ་འཛིན། རྗེས་ཐོབ་མངོན་པར་ཤེས་པ་ཅི་རིགས་འབྱུང་། ཁམས་འདུས་པ་ཐ་མའི་ཐད་སོར་སླེབས། དེར་རྟེན་འབྲེལ་གྱི་སྟོབས་ཀྱིས་མཐོང་ལམ་སྐྱེ། མིག་ཐུར་མས་ཕྱེ་བ་བཞིན་ནོ། །སྔར་གྱི་འཁོར་ལོ་སོར་གཅིག་ཐིམ་ན་བདེ་བ་སྐྱེ། གཉིས་ཐིམ་ན་དེ་བས་ཀྱང་བདེ་བ། གསུམ་ཐིམ་ན་ཆེས་ཆེ་བའི་བདེ་བ། བཞི་ཐིམ་ན་མཐོང་ལམ་སྐྱེ། ལྔ་པ་ཕན་ཆད་ཐིམ་དུ་མི་རུང་སྟེ་ཚེའི་བར་ཆད་དུ་འགྱུར།
༢༤༣ འཁོར་ལོ་ཡང་རང་ཤུགས་ཀྱིས་འདོམ་གྱི་སྦབ་སྦུབས་སུ་ནུབ་པ་འབྱུང་གསུང་ངོ་། །གནས་སྐབས་ཀྱི་སྤྱོད་ལམ། ཟས་ཟོས་ནས་དར་ཅིག་མི་བསྒོམ། སྙིགས་མ་ལྟོ་བ་ཡན་ཆད་ལ་ཡོད། མཁལ་འདེགས་མན་ངག་ལྟར་བྱ། སྤྱི་སྦྱོར་མགོ་ས་ལ་བཙུགས། རྐང་པ་གྱེན་ལ་བསྟན་ཏེ་སྟེང་དུ་བརྐྱང་བསྐུམ་ཡང་ཡང་བྱ། ལུས་ཟུངས་རྒྱས་ཕྱིར་རྐང་པ་གཉིས་ལྟག་པར་བསྣོལ། ལྟག་པར་སོར་མོ་བཅུ་བསྣོལ། མིག་ཧུར་ཕྱུང་ལ་རླུང་ཁ་སྦྱར། མགོ་གཡས་གཡོན་ཏུ་བཅུ། མིག་དཔངས་གཏོད་པ་གཅེས་སོ། ཀུན་ཏུ་གབ་པ་སྦས་བཤད་ཀྱི། །ཡི་གེ་མཐོང་ན་དགའ་བ་འདི། །གྲོལ་མཆོག་རང་གིས་ཐོབ་པའི་ཚུལ། །ཇི་བཞིན་ཡི་གེར་བྲིས་པའོ། །ཆོས་རྗེ་ས་སྐྱ་པཎྜི་ཏའི་ཁྲིད་དཔེ་ལས་བཏུས་སོ། །བརྡའ་དོན་གསལ་བའི་ཁྲིད་ཡིག །བརྡ་དོན་གསལ་བའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྦྱང་བ་གསུམ། བསྒོམ་པ་གསུམ། གནད་ལ་དབབ་པ་དང་གསུམ་བསྟན། ཡང་ན་དཔེ་ཆུ་ཟླ་ལྟ་བུ་གཅིག་གིས། སེམས་སྒྱུ་མ། རྟེན་འབྲེལ་བརྗོད་བྲལ། ཡང་དཔེ་གཅིག་གིས་བཞི་ཀ་འབྲེལ་ཆགས་བསྒོམ། ལྟ་བ་ཐབས་ཉམས་སུ་བླང་བ་ལ། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས། བཞི་པ། ལུས་དཀྱིལ་ལ་ལྷ་བརྒྱ་ལྔ་བཅུ་རྩ་བདུན་ནམ། ཡང་ན་ཕོ་བྲང་ལྔ། ཡང་ན་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀའི་འོད་ཟེར་གྱི་སྤྲོ་བསྡུས་སྣོད་བཅུད་དཀྱིལ་འཁོར་དང་ལྷར་བསྒོམ། དབང་འབྲིང་དུ་བླང་བའི་ཚིགས་བཅད་བཞིས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གཅིག་ལ་དབང་རྫོགས་པར་བླང་། གསང་དབང་ལ་རླུང་སྦྱོར་བདུན་ནམ། རྡོ་རྗེའི་བཟླས་པ། གཏུམ་མོ་བཅོ་བརྒྱད་དམ། ཡང་ན་རྩ་ལམ་སྦྱོང་བའི་ཚུལ་གྱིས་རྩའི་རྣལ་འབྱོར། གཏུམ་མོ་གསུམ་ཚང་ཚུལ་གྱི་འཁོར་
༢༤༤ ལོ་བཞི། བོགས་འབྱིན་ཚུལ་གྱིས་ཐིག་ལེའི་སྦྱོར་བ་བཞི། བར་ཆད་སེལ་བའི་ཚུལ་གྱིས་མེ་ཆེར་འབར་བ་སྟེ་བདུན་ནམ། ཡང་ན་དབུ་མའི་འབར་འཛག་ཁོ་ན་བསྒོམ་མོ། །ཤེས་རབ་ཡེ་ཤེས་ཀྱི་རླུང་སྦྱོང་བ་ལམ་རྒྱས་པ་བཞིན་དངོས་གཞི་ཡེ་ཤེས་ཀྱི་རིག་མ་ལ་བསྲུབ། དབབ་བཟུང་བཟློག་ཁྱབ་བཞི། བཞི་པ་ངག་འདྲེན་པ་ཞི་དྲག་སྐད་ཅིག་མ་བདུན་ནམ། སྐད་ཅིག་མ་གསུམ་མ་མཐུན་གཅིག །དེ་ལྟར་ན། རྒྱས་པ་ནི་སྔོན་ལ་དམིགས་པ་གསུམ། བསགས་སྦྱང་གཉིས་ཀ་ལ་གཅིག །སྦྱང་བ་གསུམ་ལ་གཅིག །དེ་མན་ཆད་གཅིག །ལྟ་བས་ཐག་བཅད་པ་ལ་སུམ་ཅུ་རྩ་བདུན་ནམ་བུམ་དབང་དྲན་པ་བསྐྱེད་པ་ལ་གཅིག །ཕོ་བྲང་ལྔ་ལ་རེ་རེ། ཡན་ལག་ལ་གཅིག །ལ་བདུན། རླུང་གི་སྦྱོར་བ་བདུན། གཏུམ་མོ་ལ་བཅོ་བརྒྱད། ཞུ་བདེ་སྦྱང་བ་ལ་གཅིག །བསླབ་པ་ལ་ལྔ། མཉམ་པར་སྦྱོར་བ་ལ་གཅིག །ལ་བརྒྱད། བསྲུབ་པ་ལ་གཅིག །རྡོ་རྗེའི་རྦ་རླབས་ལ་དགུ། ངག་འདྲེན་པ་ཞི་དྲག་གཉིས། སྐད་ཅིག་མ་བདུན། སྟེ། བརྒྱད་ཅུ་རྩ་དགུ། འབྲིང་ལ་སྔོན་འགྲོ་ལ་གསུམ། ལྟ་བ་ལ་བཞི། བུམ་དབང་ལ་གསུམ། རླུང་སྦྱོར་ལ་བདུན། གཏུམ་མོ་ལ་བདུན། ཞུ་བདེ་ལ་བཞི། རྦ་རླབས་ལ་ལྔ་སྟེ་སུམ་ཅུ་རྩ་གསུམ། བསྡུས་པ་ལ། སྔོན་འགྲོ་ལ་གསུམ། ལྟ་བ་ལ་གཅིག །བུམ་དབང་ལ་གཅིག་རླུང་སྦྱོར་ལ་གཅིག །གཏུམ་མོ་ལ་གཅིག །ཞུ་བདེ་ལ་གཅིག །བཞི་པ་ལ་གཅིག་སྟེ་དམིགས་པ་དགུ་སྟེ། རྒྱས་འབྲིང་གསུམ། ཕྱོགས་རེལ་མ་འཐས་པར། ཀུན་ལ་འཕྲུལ་ཆགས་པ་རྒྱ་འབག་གི་མིག་ལྟར་ཤེས་པར་བྱའོ། །ཀུན་ནས་ཡིད་དགའ་སྐྱེད་བྱེད་པའི། །གྲོལ་ལམ་མཆོག་གི་གནད་འདོམས་ཏེ། །ལམ་འབྲས་སྙིང་པོའ་ཡང་འདི། ཡི་གེར་ཆ་ཤས་ཙམ་ཞིག་བྲིས། ཆོས་རྗེས་སྐྱ་པཎྜི་ཏའི་ཁྲིད་ཡིག་ལས་བཏུས་སོ། དཔེ་འདི་ཉིད་ན་འདི་ཐོག་ཏུ་དཀྱུས་དྲངས་ནས་བཀླག་ཆོག་གི་ཡི་གེ་བྱེད་ན།
༢༤༥ དཔལ་མགོན་ལྕམ་དྲལ་གྱིས་མགོ་བོ་ཁོས་ཤིག་ཅེས་བཀའ་རྒྱ་ཡོད་པས། རྒྱས་པར་འབྲིར་མི་རུང་ལ། མགོ་དོགས་དོགས་མཆན་བུ་ཅུང་ཟད་ཀྱིས་བཀྲོལ་བའོ། །གསང་འདུས་རིམ་ལྔའི་ཁྲིད་ཡིག་ནི། གསང་འདུས་རིམ་ལྔའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སེམས་འཛིན་གཙོ་བོ་ལ་བརྟེན་ནས་སྣོད་བཅུད་ལྷར་མ་ཤར་གྱི་བར་དུ་བསྒོམ། དེ་ནི་དྲན་པ་གཅིག་པའི་རྣལ་འབྱོར་ཞེས་བྱའོ། །ལུས་དབེན་སྐུ་རྡོ་རྗེའི་རྣལ་འབྱོར་ཁྲིད་ཀྱི་དུས་དངོས་གཞི། གསང་ཆེན་རིགས་གཅིག །དམ་པ་རིགས་བརྒྱ། གོ་བདེ་བརྗོད་ན་ཕྱིའི་སྐྱེ་མཆེད་ལྔ། ནང་གི་སྐྱེ་མཆེད་ལྔ། ཕུང་པོ་ལྔ། འབྱུང་བ་བཞི་སྟེ་བཅུ་དགུ་ལ། ལྔ་ལྔར་ཕྱེ་ནས་དགུ་བཅུ་རྩ་ལྔ། ཡེ་ཤེས་ལྔ་སྤྱི་ཁྱབ་ཏུ་ཡོད་པ། བགྲངས་པས་རིགས་བརྒྱ། དེའང་གཟུགས་ལ། གྲུ་བཞི་ཟླུམ་པོ། རིང་ཐུང་སོགས་དབྱིབས་རྣམས་རྣམ་སྣང་། བདག་གཞན་དུ་སྣང་བའི་གཟུགས་རྣམས་རྣམ་སྣང་གི་རིན་འབྱུང་། སྔོ་སེར་སོགས་ཁ་དོག་གཟུགས་རྣམས་རྣམ་སྣང་གི་འོད་དཔག་མེད་ཉི་ཟླའི་འོད་སོགས་སྣང་བའི་གཟུགས་རྣམས་རྣམ་སྣང་གི་དོན་གྲུབ། མིག་བཙུམ་པའི་ཚེ་ཡིད་ཀྱི་ཡུལ་དུ་སྣང་བ་རྣམ་པ་རིག་བྱེད་མིན་པའི་གཟུགས་རྣམས་རྣམ་སྣང་གི་མི་བསྐྱོད་པར་བསྒོམ། དེས་སྒྲ་སོགས་ལའང་རིགས་འགྲེ་སྟེ་སྤྱོད་བསྡུས་སུ་བལྟའོ། །རིགས་བརྒྱད་པོ་དེའང་བསྡུ་ན་རིགས་ལྔར་འདུ་བས། མིག་དབང་། གཟུགས་ཕུང་། ས་ཁམས། རྣམ་སྣང་། སྒྲ་རྣ་དབང་། ཚེར་ཕུང་། ཆུ། རིན་འབྱུང་། དྲི་སྣ། འདུ་ཤེས། མེ། འོད་དཔག་མེད། རོ་ལྕེ། འདུ་བྱེད། རླུང་དོན་གྲུབ། དེ་ལྔ་བསྡུ་ན་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་འདུས། སྣང་བ་ཐམས་ཅད་ལུས་ངག་ཡིད་གསུམ་དུ། རྡོ་རྗེ་གསུམ་ཡང་བསྡུ་ན་རིགས་དྲུག་པ་རྡོ་རྗེ་འཆང་དུ་འདུས་སོ། །ལུས་ངག་གཉིས་ཀྱང་སེམས་སུ་འདུས་སོ། །
༢༤༦ དེས་ན་གསང་ཆེན་རིགས་གཅིག །བདག་གཞན་སྣོད་བཅུད་དུ་སྣང་བ་ཐམས་ཅད་རྡོ་རྗེ་འཆང་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ་སྐད་ཅིག་དྲན་རྫོགས་ལ་བསྒོམ་པའོ། རང་རྡོ་རྗེ་འཆང་དུ་བསྒོམས་པའི་ཚེ་དམིགས་པ་མི་གསལ་ན། བྲིས་སྐུ་ལ་བལྟས་ནས་གསལ་བཏབ་ཅིང་བསྒོམ། དེས་ཀྱང་མི་གསལ་ན་མདུན་དུ་མེ་ལོང་ཤིན་ཏུ་གསལ་བ་བཞག །རྒྱབ་ཏུ་རྡོ་རྗེ་འཆང་གི་བྲིས་སྐུ་ལ་ཞལ་ཕྱག་གཡས་གཡོན་གོ་ལྡོག་པ་གཅིག་བཀྲམ། །དེའི་གཟུགས་མེ་ལོང་གི་ནང་དུ་འཆར་བར་བྱས་ལ། དེ་ལ་བལྟས་ནས་གསལ་བཏབ་ཀྱིན་བསྒོམ། དེ་ལྟར་བསྒོམས་པས་སྣོད་བཅུད་མཐའ་དག་རྡོ་རྗེ་འཆང་དུ་དངོས་སུ་སྣང་བ་འབྱུང་། དེས་ཐ་མལ་གྱི་རྣམ་རྟོག་མཐའ་དག་བཟློག །བསྒོམ་པ་འདི་ནི་བསྐྱེད་ཆོག་ལ་མི་ལྟོས། བསྐྱེད་རྫོགས་གང་གིའང་ཁོངས་སུ་མི་འདུས། རི་ཐང་མཚམས་པའོ། །ངག་དབེན་གསུང་རྡོ་རྗེའི་རྣལ་འབྱོར་གོ་སླ་བའི་ཕྱིར་མདོར་བསྡུས་ཏེ་བརྗོད་ན། སྤྱིར་རླུང་འཇུག་གནས་ལྡང་གསུམ། དེའང་རྩ་བའི་རླུང་ལྔ། སྲོག་འཛིན་གྱེན་རྒྱུ། མེ་མཉམ། །ཐུར་སེལ། ཁྱབ་བྱེད། གནས་སྙིང་ཁ། མགྲིན་པ། ལྟེ་བ། གསང་གནས། ལུས་ཀྱི་ཚིགས། ངོ་བོ། ཆུ། མེ། རླུང་། ས། ནམ་མཁའ། ཁ་དོག་དཀར། དམར། ལྗང་ཁུ། སེར། ནམ་མཁའི་ཁ་དོག་མི་གསལ་ལོ། །མིང་རྡོ་རྗེ། པདྨ། ལས་ཀྱི། རིན་ཆེན། རྣམ་སྣང་མགོན་པོ། རླུང་རྒྱུ་བའི་བྱེད་ལས། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ། མིག་དང་། རྣ་བ། སྣ། ལྕེ། མཚན་མ་ལས། གཟུགས། སྒྲ། དྲི། རོ། རེག་བྱ། མདོར་ན་ཉིན་ཞག་ཕྲུགས་གཅིག་ལ་རླུང་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་སྟེ། འཕོ་ཆེན་བཅུ་གཉིས་ལ་འཕོ་ཆུང་ཉེར་བཞིར་བྱས་པའི་
༢༤༧ འཕོ་ཆུང་རེལ་དགུ་བརྒྱ་པ་ཕྲག་རེ་རྒྱུ་བས་སོ། །དེའང་འཇུག་གནས་ལྡང་གསུམ་དུ་འདུ་བས། ཉམས་ལེན། རླུང་ཕྱིར་འགྲོ་བ་ཧཱུྃ། ནང་དུ་འཇུག་པ་ༀ། གནས་པ་ཨཱཿའི་གདངས་སུ་ཤེས་པར་བྱ་བ་ལ། མ་འཁྲུལ་བར་བགྲང་། དེའང་རླུང་དང་རང་བཞིན་དབྱེར་མེད་པའི་རང་བཞིན་སྤྲོས་བྲལ་དུ་ཤེས་པར་བྱས་ནས། །ཐུན་བཞིའི་རྣལ་འབྱོར་གྱིས་བསླབ་བོ། །དེ་ནས་རླུང་གང་ནས་ལྡང་བ་དང་། ཁ་དོག་མཐོང་བའི་ཚེ་དོན་གྲུབ་རླུང་ལྟེ་བ་ནས་ལངས་ནས་སྣ་བུག་གཡོན་ནས་ལྗང་སེར་དུ་རྒྱུ། པདྨ་མགོན་པོ་མགྲིན་པ་ནས་སྣ་བུག་གཡས་དམར། རིན་ཆེན་མགོན་པོའ་གནས་གསང་གནས་ནས་སྣ་བུག་གཉིས་དཀར་སེར། རྡོ་རྗེ་མགོན་པོའ་རླུང་སྙིང་ཁ་ནས་མི་ཆོར་བའི་ཚུལ་སྣ་བུག་གཉིས་ཀ་ནས་དཀར་པོ། དེ་ལྟར་སྣ་གཡོན་ནས་རྒྱུ་བ་འཕོ་བ་རེ་རེ། གཉིས་ཀ་ནས་འཕོ་བ་གཅིག །གཉིས་ཀ་ནས་དལ་བར་རྒྱུ་བའི་འཕོ་ཆུང་གཅིག་སྟེ་བཞི། ཉིན་ཞག་ཕྲུགས་གཅིག་ལ་ལན་དྲུག་འབྱུང་། ལན་དྲུག་རེ་རྒྱུ་བས། འཕོ་ཆེན་བཅུ་གཉིས། རེ་རེ་ལ་གཉིས་གཉིས། འཕོ་ཆུང་ཉེར་བཞི་རེ་རེ་རྒྱུ། དེ་ལྟར་ལོབས་ནས་ལྷ་མོ་བཞི་བཞི་རླུང་སྣ་བུག་གཡོན་ནས་མཐུར་དུ་ལྗང་སྐྱར་རྒྱུ་བ་ཉིས་བརྒྱ་ཉེར་ལྔ་ཆུ་རླུང་མ་མཱ་ཀིའི་རྒྱུ་བ། སྟེང་དུ་དམར་ལྗང་དུ་རྒྱུ་བ་མེ་གོས་དཀར་མོ། །ཐད་ཀར་ལྗང་སེར་དུ་རྒྱུ་བ་ས་རླུང་སངས་རྒྱས་སྤྱན། རྒྱུ་བ་སྲིབ་ལ་ལྗང་ནག་ཏུ་རྒྱུ་བ། རླུང་གི་རླུང་སྒྲོལ་མ་ཡིན་པས་མ་འཁྲུལ་བར་འཇུག་གནས་ལྡང་གསུམ་ཉམས་སུ་བླང་། དེ་བཞིན་སྣ་བུག་གཡས་ནས་དམར་པོ། །དམར། ཤིན་ཏུ་དམར། དམར་སེར། དམར་ནག་ཐུར་གྱེན་ཐད། སྲིབས་རྒྱུ། ཆུ་མེ་ས་རླུང་བཞིའི། ས་རླུང་གཙོ་བོར་གྱུར་པ་བཞི། ཆུ་རླུང་གཙོ་བོར་གྱུར་པ་བཞི། ཁ་དོག་རྣམས་སྔ་མ་ལ་དཔག་ནས་ཉམས་སུ་ལེན་ནོ། །རླུང་བཞི་ཐོགས་མེད་
༢༤༨ འགྲུབ་པ་དང་། ས་རླུང་བཀག །སྲེད་མེད་བུའི་སྟོབས། ཆུ་རླུང་བཀག །མེས་མི་ཚིག །མེ་རླུང་བཀག །ཆུའི་གནོད་པ་མི་འབྱུང་། རླུང་རླུང་ནམ་མཁའ་ལ་འགྲོ། །སེམས་དབེན་ཐུགས་རྡོ་རྗེའི་རྣལ་འབྱོར་ལ། སྣང་བ། སྣང་བ་མཆེད་པ། སྣང་བ་ཉེར་ཐོབ། ལུགས་འབྱུང་དུ་བསྒོམ་པ། ལུགས་བཟློག་བསྒོམ་པ། རང་རྡོ་རྗེ་འཆང་། ཐུགས་ཀར་ཉི་དཀྱིལ། དེའི་སྟེང་དུ་པདྨ་དམར་པོ་འདབ་མ་བརྒྱད་པ་ལྟེ་བར་ༀ་དཀར་པོ། །དམིགས་པ་ཨཾ་ལ་བསྒོམ་ཨཾ་ལས་འོད་འཕྲོས་བྱུང་། ཧཾ་ལ་བསྣུན་བདུད་རྩིའི་རྒྱུན་ཨཾ་ལ་ཐིམ་པར་བསམ། ཟླ་བའི་འོད་ཟེར་ལྟ་བུའི་སྣང་བ་འཆར། བདེ་བ་སྐྱེས། སྣང་བ་མཆེད་པའི་རྣལ་འབྱོར་རྡོ་རྗེ་འཆང་དུ་བསྒོམ། ཐུགས་ཀར་ཉི་དཀྱིལ་རྡོ་རྗེ་དམར་པོ་རྩེ་ལྔ་པ། ལྟེ་བར་ཨཱཿཚེག་དྲག་ལ་དམིགས། ཨཱཿལས་འོད་དམར་པོ་ཚ་བ་ཧཾ་ལ་བསྣུན། བདུད་རྩི་བྱུང་། ཨཾ་ལ་ཐིམ་པར་བསམ། ཉི་མའི་འོད་ཟེར་ལྟ་བུའི་སྣང་བ་བྱུང་བདེ་བ་སྐྱེ། སྣང་བ་ཉེར་ཐོབ་ཀྱི་རྣལ་འབྱོར། ཐུགས་ཀར་ཨཱཿདམར་པོ་བསམ། དེ་ལས་འོད་ཟེར་མོག་གེ་བ་གཅིག་བྱུང་། ཧཾ་ལ་བསྣུན། བདུད་རྩི་ལ་ཐིམ་བདེ་བ་ཤིན་ཏུ་ཆེ་བ་སྐྱེས། སྣང་བ་ནུབ་ནས་མུན་པ་ལྟ་བུ། ལུགས་བཟློག་གི་སྣང་བ་གསུམ། སྔར་གྱི་ཉེར་ཐོབ་ལས་སྣང་བ་མཆེད་པ་ལྡང་། ཉི་མའི་འོད་ལྟ་བུའི་སྣང་བ་མཆེད། སྣང་བར་ལྡང་། ཨཱཿདམར། ༀ་དཀར་བསྒྱུར་ནས་བསྒོམ། དེ་ལྟར་དབེན་གསུམ་མཐར་ཕྱིན། འདིར་ཉམས་ལེན། མཉམ་བཞག་སྒྱུ་མ། རྗེས་ཐོབ་སྒྱུ་མ། རྨི་ལམ་སྒྱུ་མ། རླུང་ཙམ་ལས་གྲུབ་པའི་རྡོ་རྗེ་འཆང་དཀར་པོ། །སྐད་ཅིག་དྲན་རྫོགས། དེའང་སྣང་དོན་གྲུབ། རྗེས་བཅས་སུ་མ་གྲུབ། དཔེ་མེ་ལོང་གཟུགས་བརྙན་ལྟར། སྐུ་སྐད་ཅིག་གིས་གསལ་འདེབས། འཇའ་ཚོན་གྱི་ཁ་དོག་གཅིག་
༢༤༩ ཆར་སྐུའི་ཆ་ཤས་རྫོགས་པ། ཟླ་བ་གཟུགས་བརྙན་ཆུར་ཤར། མཚོ། རྫིང་། འབབ་ཆུ་སོགས་ཆུ་གང་ཟླ་བ་གཅིག་པོ་དེའི་གཟུགས་བརྙན་གྱིས་ཁྱབ། རྗེས་ཐོབ་ཅི་སྣང་སྒྱུ་མའི་སྐུ། སྒྱུ་མ་ཉམས་ལེན་རྨི་ལམ། མཉམ་རྗེས་ཐམས་ཅད་དུ་དྲན་པ་གོམས་ནས། ཉལ་བའི་ཚེ་རྨི་ལམ་གྱི་ཤེས་པ་དེ་ངོ་ཤེས་པར་བྱ་སྙམ་འདུན་པ་དྲག་པོ་བཏང་། རྨི་ལམ་རབ་རིབ་ཤར་ཚེ། ལུགས་ལྡོག་གི་སྣང་བ་དྲན་པར་བྱ། གཞན་གྱིས་མགྲིན་པར་ཨ་ནུ་ཏ་ར་ལ་ལམ་བསྒྱུར་བ་ནཱ་རོ་འདྲེས་ཡིན། འདུས་པའི་རང་ལུགས་མིན། དེ་ལྟར་བསྒོམས་པས་སྣང་བ་རྒྱུ་འཛིན། རིལ་འཛིན་རྗེས་གཞིག་སོ་སོར་བསྒོམ། སྐུ་རྡོ་རྗེའི་རྗེས་གཞིག་ཐུགས་ཀར་ༀ། རིལ་འཛིན་ༀ་ལས་འོད་འཕྲོས། སྣོད་བཅུད་འོད་དུ་ཞུ། སྐུ་རྡོ་རྗེ་ༀ་ལ་ཐིམ་རིལ་འཛིན་བཞིན་ནོ། །གསུང་རྡོ་རྗེ། ཐུགས་རྡོ་རྗེ་གཉིས་ཀྱང་། ཨཱཿཧཱུྃ་ལས་ཇི་ལྟ་བ་བཞིན་རིལ་འཛིན་རྗེས་གཞིག་བྱ་བ་ལ། རྡོ་རྗེ་གསུམ་གྱི་རིལ་འཛིན་དང་། རིགས་ལྔའི་རིལ་འཛིན་བསྒོམ་ཏེ་ཟླ་བའི་དཀྱིལ་འཁོར་པདྨ་དམར་པོ། ལྟེ་བར་ཨཱ་ཐུང་། རླུང་ཕྱིར་རྒྱུ་བའི་ཚེ། ཨཱ་ལི་བཅུ་དྲུག །ཀཱ་ལི་སོ་བཞི་ཐོན་ནས་སྣ་རྩེའི་བར་དུ་སོང་། འཇུག་པ་ཀ་ནས་ཨཱཿཚེག་དྲག་ཅན་གྱི་བར། གནས་པའི་ཚེ་ཨ་ནས་ཀའི་བར། ཀའང་མཐར་འཇའ་ཡལ་བལྟར་བསམ། གསུང་རྡོ་རྗེའི་རིལ་འཛིན་རྗེས་གཞིག །ཐུགས་ཀར་ཉི་མ། པདྨ་དམར་པོ་འདབ་མ་བརྒྱད་མུ་ཁྱུད་དང་བཅས་པ། ལྟེ་བར་ཨཱ་དམར་པོ་མུ་ཁྱུད་དང་བཅས་པ་ལ་ཨཱ་ལི་བསྒོམ། ཨ་ལས་འོད་འཕྲོས་གསང་རྡོ་རྗེ་འོད་དུ་ཞུ། ཨཱཿལ་སོགས་གོང་བཞིན་ནོ། རྗེས་གཞིག །ཨཿལས་འོད་འཕྲོས་སྣོད་བཅུད་བསྡུ། ཐུགས་རྡོ་རྗེའི་རིལ་འཛིན་རྗེས་གཞིག །ལུས་ཀྱི་ནང་དུ་རྩ་དབུ་
༢༥༠ མ་དཀར་བ་ཁ་དོག་སྟོང་གསལ། རྩ་དབུ་མ་ལས་འོད་འཕྲོས་རང་རྩ་དབུ་མར་ཐིམ་མཁའ་ལ་འཇའ་ཡལ་བ་བཞིན། རྗེས་གཞིག །རྩ་དབུ་མའི་འོད་ཀྱིས་སྣོད་བཅུད་བསྡུད། རིགས་ལྔའི་རིལ་འཛིན་རྗེས་གཞིག་ལ་ལྔ། རྣམ་སྣང་། འོད་དཔག་མེད། མི་བསྐྱོད་པ་གསུམ་རིལ་འཛིན། རྗེས་གཞིག་གཉིས། གོང་བཞིན་ༀ་ཨཱཿཧཱུྃ། རིན་འབྱུང་རིལ་གཞིག་གཉིས། །སྒྱུ་ལུས་ཀྱི་ཡི་གེ་སོགས། གཞན་རིགས་འགྲེ། །དོན་འགྲུབ་ཀྱི་རིལ་འཛིན་གཉིས་ཡི་གེ་ཧཾ། གཞན་རིགས་འགྲེ། དེ་ལྟར་ཡུན་རིང་དུ་བསྒོམ་པས་འོད་གསལ་སྟོང་པ་ཉིད་ཀྱི་རྟོགས་པའི་ཚེ་འོད་གསལ་ལས་མཐར་ཟུང་འཇུག་གི་སྐུར་ལྡང་ལ། ལུགས་ལྡོག་གི་སྣང་བ་ཡེ་ཤེས་ཀྱི་རླུང་ཙམ་ལས་གྲུབ་པའི་རྡོ་རྗེ་འཆང་མཚན་དཔེས་སྤྲས་པར་ལྡང་བ་ནི། ལོངས་སྐུའི་ཟུང་འཇུག་གོ །རང་གི་ཐུགས་ཁ་ནས་ཡེ་ཤེས་ཀྱི་རིག་མ་སྤྲོས། མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་ནས་ཡུམ་གྱི་མཁའ་ནང་དུ་ཐིག་ལེ་ལས་དཀྱིལ་འཁོར་རྫོགས་པར་བསྐྱེད། ཐུགས་ཁར་དྲངས། ཕྱིར་སྤྲོས། རང་ལ་ཐིམ་ཞེ་སྡང་རྡོ་རྗེར་བསྒྱུར། དེ་སློབ་པའི་ཟུང་འཇུག །དེའི་རྒྱུན་གོམས་པར་བྱས་ཤིང་། སྦྱོང་པ་སྤྱད་ན་མི་སློབ་པའི་ཟུང་འཇུག །དེ་ལྟར་ན་དྲན་པ་གཅིག་པ། ལུས་དབེན། ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་སྟེ། དམིགས་པའི་རྐང་གྲངས་ཤེས་པར་བྱས་ལ་རྩལ་སྦྱང་ངོ་། །འགོས་ཀྱི་སྟོང་ཐུན་ཤོག་དྲིལ་ཀུན། །དགའ་བཞིན་བསྡེབས་ལས་གྲོལ་བ་མཆོག །རིམ་ལྔ་གཞན་དང་མ་འདྲེས་པའི། །གཙང་དག་དམིགས་ཐོའ་ཡི་གེའོ། །རྡོ་རྗེ་འཆང་གི་གསུང་སྒྲོས་ལས་བཏུས་སོ། །གྲོལ་བའི་ཐིག་ལེའི་ཁྲིད་ཡིག །གྲོལ་བའི་ཐིག་ལེའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་ཉིད་སྲུང་འཁོར་
༢༥༡ དབུས་སུ་འཇམ་པའི་རྡོ་རྗེར་གསལ་བའི་ལུས་ཀྱི་ནང་དུ་རྩ་གསུམ་འཁོར་ལོ་བཞི། སྙིང་ཁར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རལ་གྲིའི་ཡུ་བ་ལ་ཏིང་འཛིན་སེམས་དཔའ་མཾ་ལ་སེམས་གཏད། མཾ་ཞུ་ཐིག་ལེ་དམར་སེར་སྲན་ཆུང་ཙམ་འོད་ཟེར་ལྔ་ལྡན། དེའི་ནང་དུ་རྟེན་དང་བརྟེན་པའི་ཐིག་ལེ་བསྒོམ། དུ་བ་སོགས་འབྱུང་། བོག་འདོན་ཐིག་ལེ་ལས་འོད་འཕྲོས། རྩེ་ལ་དཀྱིལ་འཁོར་སྤྲུལ། ཕྱོགས་བཅུའི་འཇིགས་རྟེན་བཀང་ཞུ། བསྟིམ། ངོ་བོ་སེམས། ཐིག་ལེ་ལ་མཉམ་པར་བཞག །དཀར་ཆ་བཅུ་དྲུག །ནང་ནས་གཞི་ལུས་ཐིག་ལེ་བཅུ་དྲུག་དབྱངས་ཡིག་ཏུ་གསལ་བཏབ། རྐང་པ་གཉིས་ཀྱི་མཐེ་བོང་གི་རྩ་བར་ཨ། བྱིན་པ་གཉིས་ལ་ཨཱཿ བརླ་གཉིས་ལ་ཨི། གསང་བར་ཨཱི། གསུས་པའི་རྩ་བར་ཨུ། །སྟེང་དུ་ཨཱུ། ནུ་མ་ལ་རྀ། ལག་པ་གཉིས་ལ་རཱྀ། མགྲིན་པ་ལ་ལྀ། མཆུ་ལ་ལཱྀ། འགྲམ་པ་གཉིས་ལ་ཨེ། མིག་གཉིས་ལ་ཨི། རྣ་བ་གཉིས་ཀྱི་རྩ་བར་ཨོ། སྤྱི་གཙུག་ཏུ་ཨཽ། ཚིགས་ཀུན་ཏུ་ཨཾ་ཨཿདམིགས་ཏེ། སྙིང་གའི་ཐིག་ལེའི་འོད་ཀྱིས་དྲངས་ནས་བསྟིམ། སངས་རྒྱས་ཀྱི་བདུད་རྩི་བཀུག་བསྟིམ། རལ་གྲིའི་ཡུ་བ་གཞི་ལུས་བར་སྔར་བཞིན་གསལ་བར་བྱས། རྩེ་ལས་སྤྲུལ་པའི་དཀྱིལ་འཁོར་རབ་འབྱམས་ཞིང་དུ་བྱོན། རྒྱལ་བ་རྣམས་ཀྱི་ཞལ་དུ་ཞུགས། བདུད་རྩི་དང་འདྲེས། ཡབ་ཀྱི་གཡས། ཡུམ་གྱི་གཡོན་ནས་རྩ་བའི་ཐིག་ལེ་ལ་བསྟིམ། མཐར་ཆོས་ཐམས་ཅད་སེམས་སུ་བསྡུ། སེམས་ཐིག་ལེ་འབའ་ཞིག་ལ་རྩེ་གཅིག་ཏུ་མཉམ་པར་བཞག །མི་ཤིགས་ཐིག་ལེ་ལ་གནད་དུ་བསྣུན་ཏེ། གསང་པ་ནོར་བུའི་ཐིག་ལེ། སྙིང་ཁའི་ཐིག་ལེ་ལ་འོད་སྔར་བཞིན་འབར་ནས་རོ་རྐྱང་དབུ་མ་གསུམ་ནས་རྡུལ་མུན་སྙིང་སྟོབས་ཀྱི་རང་བཞིན་ཐུར་ལ་བབས། ནོར་བུའི་རྩེར་ཕྱག་མཚན་རལ་གྲི་སྔོན་པོ་ནས་འབྲུ་ཙམ་འོད་ཟེར་་
༢༥༢ ལྔ་ལྡན་གྱི་ཡུ་བར་ཐིག་ལེ་ཡུངས་ཀར་སྤོམ་པོའ་ཚད་ཀྱི་ནང་དུ་ཐིག་ལེ་ཆེ་རུ་དང་། དཀྱིལ་འཁོར་ཆུང་དུ་མ་སོང་བའི་ཚུལ་གྱིས། གཙོ་བོ་སེམས་དཔའ་སུམ་བརྩེགས་ལ་སེམས་གཅིག་ཏུ་གཏད། བོགས་འདོན། སེམས་བྱིང་རྒོད་དུ་གྱུར་ན་ཐིག་ལེ་རང་གི་མས་སྣ་ནས་ཕྱིར་ཕྱུང་། ཡུམ་གྱི་མས་སྣར་བབས་པ་ལ་སེམས་གཏད། སངས་མ་ན་རྩ་བའི་ཐིག་ལེ་ལ་སེམས་བཟུང་བས། སྨིག་རྒྱུ། དུ་བ། མེ་ཁྱེར། སྒྲོན་མ་འབར་བ། སྤྲིན་མེད་ནམ་མཁའ་སོགས་རྟགས་ལྔ་འབྱུང་། རྗེས་དྲན་ལྷ་བསྐྱེད་ཆག་མེད་པར། རིགས་ལྔ་ཡུམ་བཞི། ཁྲོ་བོ་སོགས་དྲན་ནས་སྙོམས་པར་ཞུགས། ཞུ་བའི་ཐིག་ལེ་བསྒོམ། འདི་ཆེས་ཟབ། དབུ་མའི་མས་སྣར་བསྒོམ། རླུང་འཛིན། རླུང་སེམས་སྡུད་ཐབས་ཁྱད་པར་ཅན་ནོ། དཔྲལ་བ། མགྲིན་པ། སྙིང་ཁ་།ནུ་མའི་བར་རྣམས་སུ། སྐུ་གསུང་ཐུགས་ཡེ་ཤེས་སེམས་དཔའ། འཁོར་ལོ། པདྨ། རྡོ་རྗེ། རལ་གྲི། རླུང་གི་དཀྱིལ་འཁོར། ཆུ་མེ་སའི་དཀྱིལ་འཁོར་རོ། །ལྟེ་བར་ཟླ་བ་ལ་ༀ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ། མཾ་འགྲོ་འོངས་གནས་གསུམ་དང་བྲལ་པའི་རྣམ་པ་ཅན། འབྱུང་བཞིའི་རྣལ་འབྱོར། བཟླས་བྱ། ནང་འཇུག་ༀ། གནས་པ་ཨཱཿ ལྡང་བ་ཧཱུྃ། འབྲུ་གསུམ་ལྡང་འཇུག་གནས་གསུམ་ལ་བརྩོན་འགྲུས་བརྩམས། ནང་དུ་སྡུད་པའི་ཚེ་མི་ཤིགས་པ་ལ་བསྟིམ། གཡས་མཉམ་གནས་རླུང་གི་དང་། གཡོན་སྲོག་འཛིན། ཆུ་གཉིས་ཀ་གྱེན་རྒྱུ། མེ་གཉིས་ཐུར་སེལ། རྡོར་བཟླས། དཔྲལ་བའི་རླུང་འབྱུང་འཇུག་གནས་གསུམ། སྣང་བའི་རྣམ་རིག་གི་གསལ་ཆ། ཀྵཾཨུ་ཞེས་པ། ཀྲ་ཥ་ཨུ་མྲ་འདུས་པའི་ཡིག་འབྲུ་ལས་འོད་ཟེར་ཕྱུང་། དཀྱིལ་འཁོར་གསུམ་མམ་གཅིག །སྟོང་གསལ་བཞུ། མཉམ་པར་བཞག །གསལ་ཆ་གཙོ་བོར་འདོན་པ་ལ་འཇོག །རིམ་གྱིས་ཐིག་ལེ་བསྡུས་སྣང་སྟོང་ནམ་
༢༥༣ མཁའི་དཀྱིལ་ལྟ་བུར་འཇོག །འདིར་ཟབ་པ་གཙོ་བོར་འདོན། ཟུང་འཇུག་ཐིག་ལེའི་འོད་ཟེར་དཀྱིལ་འཁོར་གསུམ། ཟབ་གསལ་དབྱེར་མེད་ཆུ་ཟླ་ལྟ་བུའི་ངང་ལ་མཉམ་པར་གཞག །འདིར་ཟབ་གསལ་གཉིས་སུ་མེད་པ་གཙོ་བོར་འདོན། བརྩོན་འགྲུས་ཅན་ཚེ་འདིར་སངས་རྒྱ། ལེ་ལོ་ཅན་བར་དོར་སངས་རྒྱ། བར་ཆད་ཅན་སྐྱེ་བ་བརྒྱུད་ནས་སངས་རྒྱ། ཞེས་པའི་ཐ་སྙད་སྦྱར་ཏེ། ལྟེ་བ། སྨིན་མ། སྤྱི་གཙུག །མིག །རྣ་བ། ཁ། སྣ། གཤང་གཅིའི་སྒོ་སྟེ་དགུ་ཧཱུྃ་གིས་བཀག །རང་གི་སྤྱི་བོར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ། དེའི་ལྟེ་བར་རང་སེམས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། གཉིས་ཀ་གྱེན་ལངས། རྩེ་ལྔ་པའི་ལྟེ་བར་ཟླ་བ་ལ་ཐིག་ལེ་སེར་པོ་སྲན་མ་ཆུང་བ་ཙམ་ལ་སེམས་གཏད་དེ་གསལ་ཆ་འདོན། སྣོད་བཅུད་སྣང་བ་རང་ཉིད་འཇམ་པའི་རྡོ་རྗེར་གསལ་བའི་སྙིང་གའི་ཐིག་ལེ་ལ་བསྡུ། སེམས་དབུ་མར་ཞུགས། སྤྱི་གཙུག་གསེར་སྒོ་ནས་ཐོགས་མེད་དུ་སོང་། རྡོ་རྗེ་གཉིས་ཀྱི་མར་གྱི་རྭ་དབུ་མ་ནས་ཞུགས། རྩེ་ལྔ་པའི་ལྟེ་བའི་ཐིག་ལེ་ལ་བསྟིམ། སེམས་བཟུང་ནས་རང་ལུས་རྩེ་དགུ་པ་ལ། དེ་རྩེ་ལྔ་པ་ལ། དེ་ཐིག་ལེར། ཐིག་ལེ་ཏ་ལ་བདུན་སྲིད་ཙམ་དུ་སྤར་ནས། ཐིག་ལེ་ཇེ་ཕྲ་ཇེ་ཕྲར་སོང་། མཐར་འོད་གསལ་དུ་བསྡུ། སྤྲོས་པ་མཐའ་དག་ཞི་བའི་ཆོས་སྐུ་མངོན་དུ་བྱས། དེ་དང་དུས་མཉམ་མཚན་དཔེ་གསལ་རྫོགས་ལོངས་སྐུ། ཕལ་པའི་སྣང་ངོར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་སྤྲུལ་སྐུར་མོས་པ་ཡིད་ལ་བྱའོ། །འཕོ་བའི་རྣམ་བཞག་ཞལ་ལུང་མ་གཏོགས་ཕ་རྒྱུད་དུ་གསལ་བར་མི་འབྱུང་ངོ་། ཀུན་གཟིགས་འཇམ་པའི་རྡོ་རྗེ་ཡི། དགའ་ཆེན་གྲོལ་བ་མཆོག་གི་ལམ། རྫོགས་རིམ་ཨུ་དུམ་མེ་ཏོག་འདྲའི། དམིགས་རིམ་ཡི་གེར་འཕོས་འདི་དཀོན། །བྱང་ཕུག་པའི་ཟིན་ཐོ་ལས་བཏུས་སོ། ༦༣་སྤྲོས་མེད་ཀྱི་ཁྲིད་ཡིག
༢༥༤ སྤྲོས་མེད་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཧཱུྃ་ལས་མདུན་གྱི་ནམ་མཁར་ཐུན་མོང་བའི་སྲུང་བའི་འཁོར་ལོའ་དབུས་སུ་སེང་ཁྲི་པདྨ་ཉི་མ་མ་ཧེ་དམར་པོའ་གདན་གྱི་སྟེང་དུ། དྲིན་ཆེན་རྩ་བའི་བླ་མ་འཇམ་དབྱངས་གཤིན་རྗེའི་གཤེད་དམར་པོ། །དེའི་མཐའ་བསྐོར་དུ་རིན་ཆེན་པད་ཟླའི་གདན་ལ། བརྒྱུད་པའི་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས། འཕགས་པ་ཉན་རང་། དཔའ་བོ་མཁའ་འགྲོ། །ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ། བླ་མའི་ཐུགས་ཀའི་འོད་ཟེར་གྱིས་ཁམས་གསུམ་སེམས་ཅན་ཐམས་ཅད་ཡི་དམ་ལྷའི་རྣམ་པར་བྱས། གོང་གི་མཐར་འཁོད། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ༀ་བཛྲ་དྷཱུ་པེ་ཨཱཿཧཱུྃ། །ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ༀ་བཛྲ་གནྡྷེ་ཨཱཿཧཱུྃ། ༀ་བཛྲ་ནི་ཝི་དྱ་ཨཱཿཧཱུྃ། ༀ་རཱུ་པ་བཛྲཱི་ཧཱུྃ། ༀ་ཤབྡ་བཛྲཱི་ཧཱུྃ། ༀ་གནྡྷེ་བཛྲཱི་ཧཱུྃ། ༀ་ར་ས་བཛྲཱི་ཧཱུྃ། ༀ་སྤ་ེ་བཛྲཱི་ཧཱུྃ། ༀ་་དྷཱ་ཏུ་བཛྲཱིཨི་ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་ལ་བདག་ལ་གནོད་པའི་དགྲ་བགེགས་ཐམས་ཅད་དབུལ་བར་བགྱིའོ། ཞེ་སྡང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཕན་འདོགས་པའི་བཤེས་གཉེན་ཐམས་ཅད་དབུལ་བར་བགྱིའོ། །ཆགས་པ་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། བར་མའི་འགྲོ་བ་རྣམས་དང་། བདོག་པའི་དངོས་པོ་ཐམས་ཅད་དབུལ་བར་བགྱིའོ། །འཛིན་ཆགས་སེར་སྣ་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། དཔལ་ལྡན་བླ་མ་དམ་པས། བདག་གི་བསམ་པ་མཁྱེན་པར་མཛད་དུ་གསོལ། བདག་ལ་ཐུགས་རྗེས་གཟུང་དུ་གསོལ། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཐོད་པའི་ནང་གི་ལུས་ཀྱི་དུམ་བུ་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། དགེ་འདུན་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །དུས་གསུམ་སངས་རྒྱས་
༢༥༥ ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པའི་ངང་དེ་ཉིད་ནས། ཐོལ་སྐྱེས་ཀྱི་ཤེས་པ་གང་ཤར་གྱི་འཆར་སྒོ་དེ་ཉིད་ཐོག་མར་གང་ནས་འོངས། ད་ལྟ་ཇི་ལྟར་གནས། མཐར་གང་དུ་འགག །ཅེས་རང་སེམས་ལ་རང་སེམས་ཀྱིས་བརྡ་སྦྱར་བས། དང་པོ་གང་ནས་ཀྱང་མ་འོངས། ད་ལྟར་གང་དུའང་མི་གནས། མཐར་གང་དུའང་མི་འགག་མོད་ཀྱི། འོང་བར་སྣང་བ་དང་། གནས་པར་སྣང་བ་དང་། འགག་པར་སྣང་བའི་སྐད་ཅིག་མ་དེ་ཉིད་ལ། ངེས་ཤེས་ཀྱིས་ཡིད་ཆེས་སུ་དྲངས། དེ་ལྟར་བཙལ་བས་རྙེད་པའི་སེམས་རྣམ་རྟོག་ཡུལ་ཡུལ་ཅན་གང་ཡིན་སྒོ་དགུ་ནས་རང་གི་ལུས་ནང་དུ་པུར་གྱིས་བཅུག་པས། གསལ་ཞིང་དྭངས་པའི་མར་མེའི་རྩེ་ལྟ་བུ་དེ་ཉིད་གློག་ལྟར་འོད་དུ་འཁྱུག་ཅིང་། མཐར་སྙིང་ཁ་ནས་བུ་ག་ཧར་གྱིས་ཕྱེ་ནས། སྐྱེས་བུས་མདའ་འཕངས་པ་ལྟར། ཕྱིའི་རྒྱ་མཚོའ་འགྲམ་མཐའ་ཀླས་པར་སོང་། །ལུས་གཤིན་རྗེའི་གཤེད་སྐུའི་རྣམ་པ་དེ་ཉིད་ཡང་ཞིང་གཡོ་བའི་ཤིང་ལོ་རླུང་གིས་བསྐྱོད་པ་ལྟར། བདེ་བ་ཅན་དུ་འོད་དཔག་མེད་པའི་དྲུང་དུ་བཞག །ༀ་ཨཱཿཧཱུྃ། སེམས་རིག་པའི་ངོ་བོ་ནམ་མཁའ་སྟོང་པའི་ཡེ་ཤེས་རྣམས་གཅིག་ཏུ་འདྲེས་ཏེ་དེར་འཛིན་པ་མེད་པར་བཞག་བྱིན་རླབས་བླ་མའི་རྣལ་འབྱོར་ནི། རང་ཉིད་ཀྱི་སྤྱི་བོར་བླ་མ་འཇམ་པའི་དབྱངས་གཤིན་རྗེའི་གཤེད་དངོས་སུ་བསྒོམས་ནས། སྙིང་ཁོང་རུས་པའི་གཏིང་ནས། མོས་གུས་ཀྱི་གདུང་ཤུགས་དྲག་པོས་ངག་ཏུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་ཕུར་ཚུགས་སུ་གསོལ་བ་བཏབ་ནས། རང་ལ་ཐིམ་པའི་ངང་ལ་མཉམ་པར་འཇོག་གོ །མཉམ་མེད་སྙིང་རྗེའི་རྣལ་འབྱོར་ནི། །གནོད་བྱེད་ཀྱི་དགྲ་བགེགས་ལྟ་བུ་ཞིག་ལ་ཆེད་དུ་

༢༥༦ གཏད་ནས་བསྒོམས་ཏེ། ཨ་རེ་སྡུག །འདི་དང་བདག་སྐྱེ་བ་དུ་མར། ཕ་མ། ཕུ་ནུ། མཛའ་བཤེས་སུ་ཡང་ཡང་འགྲོགས་ཤིང་། ཕན་ཚུན་ཕན་པ་རྗེས་སུ་སྒྲུབ་པ་ལ། ད་ལྟ་ལས་ཀྱིས་བསྐུལ་ནས་སྨྱོན་པ་ལྟར་རང་དབང་མེད་པར་གནོད་ཅིང་འཚེ་བར་བྱེད་པ་སྙིང་རེ་རྗེ། འདིའི་གནོད་སེམས་ཐམས་ཅད་ཞི་བར་གྱུར་ཅིག་སྙམ་དུ་བསྒོམ། རྩ་བརྒྱུའི་རྣལ་འབྱོར་ནི། རང་གི་སོ་ན་བ་ལྟ་བུའི་དཔེས་མཚོན་པ་གཅིག་ལ། དེ་དང་རིགས་མཐུན་པའི་སེམས་ཅན་གཞན་གྱི་སྡུག་བསྔལ་དང་ལེན་གྱི་བྱམས་པ་བཅོས་མ་མ་ཡིན་པ། བདག་གི་སོ་ན་བ་འདི་ཁོ་ནས་སེམས་ཅན་ཐམས་ཅད་ཀྱི་སོ་ན་བའི་གོ་ཆོད་པར་གྱུར་ཅིག་སྙམ་དུ་བསྒོམ། སྲོག་རྩོལ་རླུང་གི་རྣལ་འབྱོར་ནི། རང་ཉིད་ཕྱི་གཤིན་རྗེའི་གཤེད། ནང་དར་དམར་གྱི་རྐྱལ་པ་བུས་པ་ལྟ་བུ་སྟོང་པའི་ངང་ནས། ཧཱུྃ་གསུམ་དང་། ཧ་གསུམ་གྱིས་སྟོད་སྨད་ཀྱི་རླུང་རོ་མ་ལུས་པ་བསལ་ནས་འཇམ་རླུང་ཁ་སྦྱར་ཏེ། ཕོ་བ་གཡས་སྐོར་གཡོན་སྐོར་ལན་བཅུ་དྲུག །ཡན་ལག་ལྔ་སྦྱོང་དང་འབྲེལ་བར་བྱའོ། །རྟེན་འབྲེལ་རྫིས་ཀྱི་རྣལ་འབྱོར་ནི། བསྒྲུབས་ཤིང་བྱིན་གྱིས་བརླབས་པའི་བཅུད་ལེན་བརྟེན་པ་ཉིད་ཡིན་ནོ། །རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ནི། རང་ལུས་གཤིན་རྗེའི་གཤེད་དུ་གསལ་བའི་སྤྱི་བོར་བླ་མ་འོད་དུ་ཞུ། སྨིན་མཚམས་ནས་རྡོ་རྗེ་ནོར་བུའི་བར་གྱི་རྩ་དབུ་མ་སྲོག་གི་རླུང་སྔོ་དམར་འོད་ཟེར་ལྔ་ལྡན་གྱིས་གང་བར་བསམ་ནས་འཇམ་རླུང་འཛིན་པའོ། །བདུན་པ་བར་ཆད་ཀྱི་ཆོས་བསལ་བའི་གཟེར་བུ་ཡང་། སྔར་ཤིན་ཏུ་སྤྲོས་པ་མེད་པའི་བཀའ་ལུང་མན་ངག་ལ་གོམས་པ་ལྷུར་བླངས་པའི་ངང་ཉིད་ནས། གུ་ཡངས་རྒྱ་འབྱམས་སུ་སྤྱོད་པ་ཉིད་གནད་ཀྱི་སྙིང་པོར་གྱུར་པས་སྔ་མའི་ཏིང་ངེ་འཛིན་གྱི་བོགས་འབྱིན་པ་སྟེ། རྐྱེན་སྣང་གི་འཆར་སྒོས་བློ་ཡུལ་གཡེངས་ཏེ། བསམ་གཏན་གྱི་ཡུལ་ལ་ཚེར་མ་བྱེད་ན། རྐྱེན་སྣང་དེ་ཉིད་དངོས་གྲུབ་དུ་བླངས་
༢༥༧ ནས། སྔར་སེམས་བསྐྱེད་པའི་ཐབས་དྲུག་གི་བྱིན་རླབས་བླ་མའི་རྣལ་འབྱོར་སྐབས་ལྷར་བླ་་མའི་སྣང་བ་ལམ་དུ་བྱེད་པའི་རྣལ་འབྱོར་དང་ལྡན་པས་གསོལ་བ་རྩེ་གཅིག་ཏུ་བཏབ་མཚམས། བླ་མ་དང་རང་སེམས་བསྲེས་ནས་འབོལ་ལེ་ཤིག་གེ་རྒྱ་ཡན་དུ་འཇོག་ཅིང་། བློ་རབ་ཀྱིས་ཅེར་ཕོག་ལས་མ་གཡོས་པར་རང་སོ་གཟུང་། བློ་འབྲིང་གིས་འཆར་སྒོའི་ཡུལ་གང་སྣང་ལ་སོར་འཇོག་ཏུ་བསྐྱང་། །བློ་ཐ་མས་གང་ཤར་རྗེས་མཐུད་རྩ་བྲལ་དུ་ལམ་དུ་འཁྱེར། ཡང་རྣམ་རྟོག་གི་ཚོགས་ཀྱི་འཆར་སྒོ་འགག་མེད་དུ་སྣང་ན། རང་གི་ལུས་ཐ་མལ་པར་གནས་པའི་ལག་པ་གཡས་སུ་གང་བྱུང་ཆ་མེད་པའི་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པས། ལུས་གཅེས་འཛིན་གྱི་སྙེམས་འཕྲིགས་རྡུལ་ཙམ་མེད་པར་དུམ་བུ་བརྒྱ་སྟོང་དུ་གཏུབས་ཏེ་གནོད་བྱེད་འབྱུང་པོ་རྣམས་ལ་ཅི་དགར་བྱིན་པས། ཚིམས་ཤིང་ཡི་རང་མགུ་བ་བླ་ན་མེད་པ་ཐོབ་སྟེ། སེམས་རྒྱུད་ཀྱི་འཁོན་འཛིན་གདུག་རྩུབ་མ་ལུས་པ་ཞི་ནས་ཕན་བདེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམས་ལ། ༀ་ཨཱཿཧཱུྃ། ཞེས་བརྗོད་ལ་མཉམ་པར་བཞག །ཡང་རྣམ་རྟོག་ཏོལ་གྱིས་སྐྱེས་ན། གང་སྣང་བའི་རྣམ་རྟོག་ཟུག་རྔུ་ཅན་དེ་ཉིད། གོང་གི་རྣམ་རྟོག་འོད་གསལ་གྱི་མན་ངག་ལྟར། ལུས་སེམས་རྟེན་དང་བརྟེན་པ་སོ་སོར་ཕྱེ་ནས། རང་རིག་མར་མེའི་རྩེ་མོ་ལྟ་བུ་དེ་ཉིད། གང་འཇིགས་པར་སྣང་བ་དེ་ཉིད་ཀྱི་སྙིང་དཀྱིལ་དུ་ཐིམ་པས་སེམས་ཉིད་དེ་ཉིད་ཀྱི་ངོ་བོར་གྱུར་པར་བསམ་ལ་མཉམ་པར་གཞག །ཡང་རྣམ་རྟོག་ཏོལ་སྐྱེས་ན། འཆར་སྒོ་དེ་ཉིད་ཀྱི་ངོ་བོ་རང་ལ་མ་ཡེངས་རྒྱང་སོ་བཙུགས་པས། ང་ཉིད་གཉིས་མེད་ཀྱི་ཡེ་ཤེས་ཡིན་ན། ཁྱོད་རྟོག་པར་བལྟའམ་ཞེས། ཐག་ཁྲ་ལ་སྦྲལ་དུ་འཁྲུལ་པ་ཐག་པར་གོ་བའི་རང་ཉམས་བཞིན་དུ་འཁྲུལ་པ་གཞི་མེད་རྩ་བྲལ་དུ་གྱུར་ཏེ། བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའོ། །སྤྲོས་
༢༥༨ པ་ཀུན་གྱི་ཡིད་དགའ་ལ། །སྤྲོས་མེད་གྲོལ་བའི་ལམ་སྟོན་པའི། །ལམ་མཆོག་དམིགས་པའི་གནད་བསྡུས་འདི། །ཉུང་བསྡོམས་ཡི་གེར་བཀོད་པའོ། །གློ་བོ་ལོ་ཙཱ་བའི་གཏོང་ཐུན་ལས་བཏུས་སོ། །རྣལ་འབྱོར་བཞི་རིམ་གྱི་ཁྲིད་ཡིག །རྣལ་འབྱོར་བཞི་རིམ་གྱི་ཁྲིད་ནི། །སྐྱབས་སེམས་སྔོན་དུ་སོང་ནས། བསྐྱེད་རིམ་བདག་བྱིན་གྱིས་བརླབ་པ་ནི། སྤྱན་དབུ་མ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཡབ་ཡུམ་གྱི་སྐུ་ཡོངས་སུ་རྫོགས་པ་ལ་སེམས་འཛིན་པའོ། །སྣང་བ་བྱིན་གྱིས་བརླབ་པ་ནི། བཅོམ་ལྡན་འདས་ཡབ་ཡུམ་དུ་གསལ་བའི་སྙིང་ཁར་ཡ་དམར་པོ་གཅིག་བསམ། དེ་ལས་འོད་འཕྲོས་པས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འོད་དམར་པོར་ཞུ། དེ་ཉིད་གཞལ་ཡས་ཁང་དུ་གསལ་བཏབ། ཡང་ཡ་ལས་འོད་འཕྲོས། བཅུད་ཀྱི་སེམས་ཅན་ལ་ཕོག་པས། སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་ཡབ་ཡུམ་གྱི་སྐུར་བསམ་པའོ། །ཟུང་འཇུག་བྱིན་གྱིས་བརླབ་པ་ནི། །ཐ་མལ་དུ་སྣང་བའི་སྣོད་བཅུད་འདི་སྣང་ཙམ་ཉིད་ནས་གཞལ་ཡས་ཁང་དང་། བཅོམ་ལྡན་འདས་ཀྱི་སྐུ་དྲན་ཅིར་བསྒོམ། དེ་ལྟར་སྣང་ཡང་རང་བཞིན་མ་གྲུབ་པས་ཆུ་ཟླ་ལྟ་བུ་ནི་ཟུང་འཇུག་གིས་བྱིན་གྱིས་བརླབས་པའོ། །སྔགས་ཀྱི་རིམ་པ་ནི། སྟོང་ར་ཧ་གསུམ་ཁ་ནས་རླུང་ཕྱིར་བཏང་བ་དང་། ཧཱུྃ་གསུམ་སྣ་ནས་རླུང་ཕྱིར་བཏང་བའོ། །རྐང་པ་གཉིས་ཀྱི་བོལ་ནས་ལག་པ་གཉིས་ཀྱིས་གཟུང་། རྩ་གསུམ་གསལ་བཏབ། རླུང་གཡས་རོ་མ་ནས་དབུ་མའི་ནང་དུ་ཞུགས་པར་བསྒོམ། རླུང་འཛིན་ཅིང་དབུ་མའི་ནང་དུ་སྡིག །དེ་བཞིན་དུ་གཡོན་རྐྱང་མ་ནས་དབུ་མར་ཞུགས་རླུང་འཛིན་ཅིང་སྡིག །དེ་ནས་དབུ་མར་ཞུགས་པ་ལ་དམིགས་ལ་རླུང་ཐུབ་ཚད་གཟུང་ངོ་། །འཕོ་བ་རང་གི་སེམས་ཀྱི་ངོ་བོ་ཧཱུྃ་དམར་པོ། དེའི་འོག་ཏུ་ཨཱཿ དེའི་
༢༥༩ འོག་ཏུ་ཧྲཱིཿ དེའི་འོག་ཏུ་ཡ་ལྗང་ཁུ་གཉིས་ལྟག་སྤྲོད་དུ་ཡོད་པ། མིག་ལ་སོགས་པ་བུ་ག་དགུ་རིམ་གྱིས་ཧཱུྃ་གཉིས་སྦྲེལ་རེས་བཀག །སྤྱི་བོ་སྒར་ཁུང་ཕྱེ་བ་ལྟར་ཡོད་པའི། རང་གི་མདུན་དུ་ཏ་ལའི་ཤིང་སྡོང་དགའ་ལྡན་དུ་སླེབས་པ་གཅིག་བསམ། དེའི་སྟེང་དུ་རང་གི་རྩ་བའི་བླ་མ་བཅོམ་ལྡན་འདས་ཡབ་ཡུམ་དུ་གསལ་བར་བཞུགས་པར་བསྒོམ། དེ་ནས་སྙིང་ཁའི་ཡ་གཉིས་ལས་རླུང་བྱུང་བས། ཧྲཱིཿཕུལ། དེས་ཨཱཿ ཕུལ། དེས་ཧཱུྃ་ཕུལ་བས། ཧཱུྃ་སྤྱི་བོ་ནས་ཐོན། མདུན་གྱི་བླ་མ་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཕོག་པར་བསམ། རྗེས་སུ་ཧཱུྃ་དེ་ཉིད་རང་གི་སྙིང་ཁར་གནས་པར་བསམ་ཞིང་ཀ་ཧི་བརྗོད། སྤྱི་བོར་སྣ་ཚོགས་རྡོ་རྗེས་སྒོ་བཀག་པར་བསམ་མོ། །བྱིན་གྱི་རླབས་པའི་རྣལ་འབྱོར། ཕྱག་རྒྱ་དུང་ཅན་མ་ལ་སོགས་པའི་ཐབས་ཀྱིས་བདེ་སྟོང་ཟུང་འཇུག་ཏུ་རྟོགས་པར་བྱེད་པ་ཡིན་ལ། དེ་ཡང་ཟག་བཅས་སུ་རྟོགས་པ་ཡིན་པས། དེ་ཉིད་ཀྱང་ཟག་མེད་དུ་བྱིན་གྱིས་རློབ་པར་བྱེད་པ། དེ་ཁོ་ན་ཉིད་ཀྱི་རིམ་པ་ནི་སྤྲོས་པ་དང་བྲལ་བར་ངོ་སྤྲད་དོ། །རྣལ་འབྱོར་བཞི་རིམ་ཀུན་གྱི་གནད། །དགའ་བཞི་གྲོལ་བ་མཆོག་ལམ་དུ། །གྲུབ་ཆེན་དཔལ་འཛིན་བཞེད་པའི་ཆ། །དམིགས་ཐོ་སྙིང་པོ་ཡི་གེར་སྤེལ། གློ་བོ་ལོ་ཙཱ་བའི་ཁྲིད་ཡིག་ལས་བཏུས་སོ། །འཇིགས་བྱེད་ཀྱི་ཁྲིད་ཡིག །འཇིགས་བྱེད་ཀྱི་རྭ་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པར་གསལ་བའི་རྭ་སྔོས་རས་རྩ་བ་ཁྲོ་གཉེར་ཅན་བར་གཞའ་ཁུག་ཅན། རྩེ་མོ་རྣོ་ཟུལ་བ་ནང་དྭངས་གསལ་་སྦུགས་ལྟ་བུ། རྭ་རྩེའི་ནང་དུ་ཐིག་ལེ་དཀར་ལ་འཚེར་བ། བ་མོ་འཛག་པའི་དབྱིབས་ཅན། སྙིང་ཁར་པད་ཟླའི་སྟེང་དུ་རྒྱའི་འཇམ་དབྱངས་གུར་གུམ་གྱི་མདོག་ཅན་དམར་སེར་འོད་ཕུང་འཁྲིགས་པ། གཡས་རལ་གྲི་དཔུང་ཐད་འཕྱར་བ།
༢༦༠ གཡོན་ཨུཏྤལ་སྟེང་ན་གླེགས་བམ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་། དར་དང་རིན་པོ་ཆེའི་རྒྱན་ཅན། མཚན་དཔེ་གསལ་རྫོགས་འཛུམ་པའི་བཞིན་ཅན། རལ་པའི་ཟུར་ཕུད་སྐྲ་རྒྱན་མེ་ཏོག་ཕྲེང་བས་མཛེས་པ་ཚོན་གང་བ་ཞིག་གསལ་བཏབ་ནས་མཉམ་པར་འཇོག །དེའི་རྭའི་རྩེའི་ཐིག་ལེ་གཡས་གཡོན་ལས་བྱང་སེམས་བདེ་བའི་རང་བཞིན་བ་ཐག་ཙམ་རེ་བབས་ནས་རྭ་ནང་ནས་མར་ནམ་མཁའ་དྭངས་པ་ལ་འཇའ་དཀར་རམ་ཤེལ་ལས་སྐུད་པའི་ཚུལ་དུ་ཟ་འགྲམ་ཕན་ཚུན་བརྒྱུད་དེ་བྱུང་། མགྲིན་པ་ནས་རྒྱུན་གཅིག་ཏུ་གྱུར་པ་དབུ་མའི་ལམ་ནས་སྙིང་ཁ་ན་བཞུགས་པའི་འཇམ་དབྱངས་ལ་ཐིམ་པས། །འོད་ཟེར་ཉི་མ་འབུམ་གྱི་རྣམ་པར་ཤར་བ་རང་ཉིད་ཀྱི་བ་སྤུའི་སྒོ་ཐམས་ཅད་ནས། འོད་ཀྱི་རྩེ་མོ་བྱེ་བ་ཕྲག་ཁྲིག་ཕྱིར་སྤྲོས་པས་རང་ཉིད་ལྷར་གསལ་བའི་རྣམ་པ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་གསལ་བ་རབ་ཀྱི་མཐར་ཕྱིན་པར་གྱུར་ཏེ། མ་ཧེའི་ཞལ་འཇིགས་རྔམས་རྣམ་པར་ཁྲོས་པའི་ཤངས་སྒོ་ཡངས་པ་ནས་སྲོག་གི་རླུང་སྔོ་དམར་དུད་སྤྲིན་ལྟར་འཚུབས་པ། གདོང་གི་ཁྲོ་གཉེར་རྒྱ་མཚོའ་རླབས་ལྟར་འཁྲིགས་ཤིང་། སྤྱན་གསུམ་ཁྲ་ཧུར་རེ་བའི་སྡང་མིག་ཕྱོགས་བཅུར་གཡོ་བཞིན་པའི་རྫི་སྨིན་ནི་གློག་ལྟར་འཁྱུག་པ། དབུ་སྐྲ་ཁམ་སེར་མེ་ལྟར་འབར་བའི་རྩེར། དྲག་པོའ་མེ་ལྕེ་ལྷབ་ལྷབ་མཆེད་པའི་ཚུལ་གྱིས་རྣམ་པར་འཕྲོ་བ། མཆེ་བ་དཀར་ལ་དམར་བའི་ཁྲག་གིས་གོས་པའི་རྣོ་ངར་ཚེམ་རྣམ་པར་གཙིགས་ཤིང་། ཞལ་ལྷག་པར་གདངས་ནས། ལྗགས་བསྐྱོད་པའི་དབུགས་མེ་ལྟར་ཚ་བའི་རླུངས་ཀྱི་འཚུབ་མས་གདོན་བགེགས་རྣམས་བསྲེགས་པ། སྐུ་སྦོམ་ཐུང་ལིང་ག་རྒྱས་པའི་ཤ་སུལ་ཅན། ལྟོ་བ་ཟླུམ་པོ། ཕྱག་ཞབས་ཀྱི་སེན་མོ་ལྕགས་ཀྱུའི་རྣམ་པས་དགྲ་བགེགས་འགུགས་པར་མཛད་པའི་ཕྱག་གཉིས་
༢༦༡ གྲི་ཐོད་ཐུགས་ཁར་འཛིན་ཞིང་། །ཞབས་གཡོན་བརྐྱངས་པས་པད་ཉིའི་གདན་ལ་འགྱིངས་ཚུལ་གྱིས་བཞུགས་པ། རུས་པའི་རྒྱན་གྱིས་དཀར་ཆབས་སེ་བརྒྱན་པ། ཐོད་སྐམ་གྱི་ཅོད་པན། མི་མགོ་ཁྲག་འཛག་གི་དོ་ཤལ། དུག་སྦྲུལ་གྱི་མཆོད་ཕྱིར་ཐོགས་འཆང་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྐུ་གསལ་བ་རབ་ཀྱི་ང་རྒྱལ་ལས་མ་གཡོས་པར་གཅེར་བུ་གྲི་ཐོད་འཛིན་པའི་ཕྱག་རྒྱ་བཅས་ནས་མཚན་ཕྱེད་ཙམ་ལ། གོམ་པ་བདུན་ཚུན་གྱི་སར་གར་སྟབས་སུ་བསྐྱོད་པའི་རྩལ་སྦྱངས་པས་རྩིག་པ་དང་ར་བ་ལ་ཐོགས་པ་མེད་པའི་རྫུ་འཕྲུལ་ཐོབ་ཅིང་། དེའི་ཚེ་དུར་ཁྲོད་སོགས་སུ་རྒྱུ་བར་བྱའོ། །སླར་ཡང་སྙིང་ཁའི་འཇམ་དབྱངས་ཀྱི་སྐུ་ལས་འོད་སྣང་དང་། རྭ་རྩེའི་ཐིག་ལེ་བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས་ལུས་ནང་གང་བ་ནམ་མཁའ་འཇའ་དཀར་གྱིས་ཁེབས་པ་ལྟར་གྱུར་པའི་འོད་རྩེ་སྤོས་ཀྱི་དུད་པ་ལྟར་ལིང་ག་རྒྱས་པའི་བུ་ག་ནས་རིམ་གྱིས་ཐོན་པའི་དཀར་ཆ་དྭངས་པ་ན་བུན་ལྟ་བུ་དེས་རང་ཉིད་ཀྱི་སྐུ་ལུས་མ་ལུས་པའི་ཆ་གཡོགས་པས་སྔོ་སྐྱ་འོད་ཕུང་གི་ཟེར་འཕྲོ་བ། དངུལ་ཆུའི་རྡོག་མ་ལྟ་བུའི་ཐིག་ལེའི་རང་བཞིན་ལྷར་གསལ་བའི་བདེ་སྟོང་ལ་ཡིད་རྩེ་གཅིག་ཏུ་གཏད་དེ་བསྒོམ་མོ། །འདི་ལ་འཁོར་ལོ་བཞི་དང་རིགས་ལྔ་ཡུམ་བཞི་སྒེག་སོགས་བརྒྱད་ཀྱི་ས་བོན་རྩ་འཁོར་ལ་འགོད་པ་དཔྱད་པའི་གནས་སུ་སྣང་གསུང་ངོ་། །ཀུན་ནས་རང་ཡིད་རྭ་རྩེ་ལ། སེམས་འཛིན་དགའ་བདེའི་རང་བབས་ཀྱིས། མཚན་མོ་རང་ཉིད་རྒྱུ་བའི་གར། །སྦྲུལ་མདུད་གྲོལ་ཚུལ་མཆོག་འདི་བྲིས། སྐྱོའི་ཡི་གེ་ལས་བཏུས་སོ། །ཡབ་ལ་བརྟེན་པའི་རྩ་དབུ་མའི་ཁྲིད་ཡིག །ཡབ་ལ་བརྟེན་པའི་རྩ་དབུ་མའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱ་ལྟེ་བར་གཅེར། ལྟེ་བར་
༢༦༢ ཟླ་བ་སྲན་མ་ཕྱེད་བཀས་ཙམ་གྱི་སྟེང་དུ་འབྱུང་བ་ལྔའི་རླུང་དབུས་སྔོ། ཤར་སེར། ལྷོ་ལྗང་། ནུབ་དམར། བྱང་དཀར་བའི་ཐིག་ལེ་རྣམས་བསམས་ལ། དབུགས་ལན་བདུན་རྒྱུར་གཞུག་ལ། རླུང་ཁ་སྦྱོར་པུས་མོ་ལ་བསྐོར་བ་གཅིག །སེ་གོལ་གཅིག །ངལ་ན་གདན་ལས་མི་ལྡང་བར་ངལ་གསོ་ཐུན་ཆུང་ལྔ་སོང་བ་དང་སྤྱོད་ལམ་བྱ། ཉིན་ཞག་རེ་ལ་ཐུན་ཆུང་སུམ་ཅུ་བྱ། ཐུན་ཆུང་རེ་ལ་བསྐོར་བ་རེ་དང་སེ་གོལ་རེ་བསྣན་པས་རབ་ཞག་གསུམ། འབྲིང་ཞག་བདུན། ཐ་མ་ཞག་བཅོ་ལྔ་ནས་མེའི་ནུས་པ་སྙེད་དོ། །རང་ལྷར་གནས་པའི་ལྟེ་བར་ༀ་གི་སྟེང་དུ་ཐིག་ལེ་དམར་པོ་དང་། སྤྱི་གཙུག་ཏུ་ཧཾ་དཀར་པོའ་བར་དབུ་མས་སྦྲེལ། ལྟག་པར་སྟོབས་ཀྱི་རླུང་། རོ་རྐྱང་མར་སྣ་ཐིག་ལེ་ལ་གཏད། ཡར་སྣ་སྣ་བུག་ཏུ་ཟུག །རྐང་མཐིལ་རླུང་གིས་སུམ་མདོའ་མེ་སྦར། འོག་སྒོ་འབྱེད་འཛུམ་བྱས་པས། ཨཾ་འབར་ཏེ་རྩ་གཡས་གཡོན་ནས་སོང་ལྟག་པའི་རླུང་ལ་ཕོག །ཧཾ་གི་ཀླད་ཀོར་ནས་ཀྵུཾ་དཀར་དམར་འོད་ཀྱི་གཏུམ་མོ་ལས་མེ་ལྕེ་མཐུར་དུ་ཆད་དེ་ལྟེ་བའི་ཨཾ་གི་ཀླད་ཀོར་ནས་ཀྵུཾ་དམར་ནག་ཐ་མལ་གྱི་གཏུམ་མོ་ལས་མེ་གྱེན་དུ་འབར། སྙིང་ཁར་མེ་གཉིས་ཁྲུག་ཆིལ་ཆིལ་འཐབ་པར་བསམས་ལ་རླུང་ཁ་སྦྱར་དྲག་པོ་བྱ། རང་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་འོག་ཏུ་འབྱུང་བཞི་རི་རབ། རང་བདེ་མཆོག་ཏུ་གསལ་བའི་རྡོ་རྗེའི་རྩེར་བྱཱཾ། ཕྱག་རྒྱ་ཕག་མོར་གསལ་བའི་པདྨའི་ཟེའུ་འབྲུའི་རྩེར་དྷྱཱཾ། རང་གི་ལུས་ཀྱི་རྩ་དབུ་མ་རྡོ་རྗེ་སྟེང་འོག་རྭ་གསུམ་པ་ཁ་དོག་སྣ་ཚོགས་པར་བསམ། ཡབ་ཡུམ་གྱི་སྙོམས་པར་ཞུགས་པའི་བྱང་སེམས་སོ་སོའ་དབུ་མའི་ལམ་ནས་མཆོག་གི་གནས་སུ་བྱོན། ཧ་སི་ཧྲི་རྞི་ཧཱུྃ་གི་གདངས་ཀྱིས་གནས་སུ་དྲངས་ཤིང་སྟེང་འོག་གི་རླུང་གི་ལམ་སྦྱངས། འཕོ་བ་བཤང་ལྕིའི་བར་དུ་ཀྵུཾ། ལྟེ་བར་།།། དཔུང་པ་གཉིས་སུ།།། མགྲིན་པར།།། ཁར་
༢༦༣ སུཾ། སྣ་གཉིས་སུ་ཡུཾ། རྣ་བ་གཉིས་སུ་ཡབ་ཡུཾ། མིག་གཉིས་སུ་ཧཱུྃ། མཛོད་སྤུར་སུ། སྤྱི་གཙུག་ཏུ་ཀྵུ། སྙིང་ཁར་ཧཱུྃ། ཧི་ཀྲ་ཀ་ཀ་ཀ་ཧ་ས་རང་སེམས་ལྷའི་ས་བོན་ཟླ་བ་རླུང་གིས་འདེགས་བྱེད་རྣམས་མཆོག་གི་ལམ་ནས་འཕེན་པའོ། །ཨུཏྤལ་གཞོན་ནུ་ཁ་འབྱེད་པའི། །ཀུན་དགའི་རང་གྲོལ་མཆོག་གི་གསང་། །མྱུར་ལམ་སྙིང་པོའ་དམིགས་པའི་བཅུད། ཉུང་ངུའི་སྒོ་ནས་བྲིས་པའོ། །རྗེ་བཙུན་གྲགས་པའི་ཁྲིད་ཡིག་ལས་བཏུས་སོ། །ཡུམ་གྱི་རྩ་དབུ་མའི་ཁྲིད་ཡིག །ཡུམ་ལ་བརྟེན་པའི་རྩ་དབུ་མའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས་བླ་མ། འདི་ཕྱགས་ལྷྭ་མ། ཟེར་བ་ལ་སྣང་། སྤྱི་བོར་བསྒོམ། ཚམ་རྔམས་སྔགས་ཀྱི་སྲུང་འཁོར། རང་བསྐྱེད་རིམ་མཁའ་སྤྱོད་མ་དབང་བཞི་ལུས་བསྒྲིགས་དང་ལྡན་པ་ལ་གོ་ཆས་རྒྱས་བཏབ་ལུས་གནད་ལྡན་པས། ལྟེ་བར་དབུས་སུ་ནམ་མཁའི་རླུང་རྒྱུ་བའི་རྩ་གྲི་གུགས་སོ་བཅད་པ་ལྟ་བུ། ཤར་དུ་རླུང་གི་རླུང་རྒྱུ་བའི་རྩ་དབྱུགས་པ་ལྟ་བུ། ལྷོར་ས་རླུང་རྒྱུ་བའི་རྩ་ཚེག་དྲག་ལྟ་བུ། ནུབ་ཏུ་རླུང་རྒྱུ་བའི་རྩ་ཐོང་གཤོལ་ལྟ་བུ། བྱང་དུ་མེ་རླུང་རྒྱུ་བའི་རྩ་ཐིག་ལེ་ལྟ་བུ་རྣམས་ཐིག་ཕྲན་ལྟར་བསྒོམས་ནས་འོག་རླུང་ཅུང་ཟད་འཐེན། སྟེང་རླུང་དལ་བུས་མནན། འོག་རླུང་དྲག་ཏུ་འཐེན་ནས་བུམ་ཅན་གཟུང་། དམིགས་པ་དབུས་ཀྱི་རྩལ་གཏད། ཞག་གཅིག་ལ་དྲུག །ཉིན་མོ་ལ་ཐུན་གསུམ། དེ་ལའང་ལྔ་བྱས་ནས་སྔ་ཐུན་ལ་སེ་གོལ་གཅིག་གཏོག །དེ་ལས་ལྷག་པ་མི་འཛིན། ཐུན་ཆུང་རེ་ལ་སེ་གོལ་རེ་སྤར་ནས་སྔ་ཐུན་རྗེས་མ་ལ་ལྔ། བར་ཐུན་རྗེས་མ་ལྔ་སྟེ་བཅུ། དགོངས་ཐུན་རྗེས་མ་ལ་ལྔ་སྟེ་བཅོ་ལྔ། ཐོ་རངས་ཚུན་ལ་སུམ་ཅུ། ཞག་གཉིས་ལ་དྲུག་ཅུ། ཞག་གསུམ་ལ་དགུ་བཅུ། དེ་ལྟར་བསྣན་ཅིང་སྦྱངས་པས། རབ་ཞག་གསུམ་ལྔ། འབྲིང་བདུན་ནམ་བཅུ། ཐ་མ་
༢༦༤ བཅོ་ལྔ་ལ་བདེ་དྲོད་སྐྱེའོ། །རྩ་ཟུག་རླུང་ཟུག་ཉོན་མོངས་ཆེར་སོང་བ་བཀྲེས་སྐོམ་ཉམས་སོགས་སྣ་ཚོགས་བྱུང་བ་ངོ་ཤེས་པར་བྱས་ནས་བསྐྱང་ངོ། །སྔོན་འགྲོ་རླུང་སྦྱང་བའོ། །རྐང་མཐིལ་རླུང་། སུམ་མདོ་མེ། ལྟོ་བ་ལ་ཨ་ཐུང་ཀླད་ཀོར་དང་བཅས་པ། སྨིན་མཚམས་ཀྱི་ཐད་ཀྱི་སྤྱི་བོའ་དཀྱིལ་དུ་ཧཾ་མགོ་མཐུར་བསྟན། དེ་གཉིས་ཀྱི་བར་དུ་དབུ་མས་བ་ཐག་བཞིན་སྦྲེལ་བ། ལྟག་པར་སྟོབས་ཀྱི་རླུང་། རོ་རྐྱང་གཉིས་མིག་གིས་མི་བཟོད་ཙམ་རྩ་བ་ༀ་ལ་ཐུག །ང་པོར་ཧཾ་གི་རྩར་སོང་བའི་རྩེ་མོ་གུག་པ་སྣ་བུག་ལ་ཟུག་པར་བསམ། རླུང་གཡོས་མེ་སྦར་ལྟེ་བའི་ཨཾ་ལས་མེའི་རྣམ་པའི་རླུང་དྲོད་ཀྱི་རང་བཞིན་ཅན། རོ་རྐྱང་གི་ལམ་ནས་ཞུགས་རྩ་ལམ་སྦྱངས། ལྟག་པའི་རླུང་གིས་མར་དེད། སྣ་ནས་དལ་བུས་རྔུབ་པས་རོ་རྐྱང་གི་མེ་མར་ལོ་གནས། ཨཾ་ལ་དལ་བུས་བསྣུན་པས། བུས་པ་བཞིན་འབར་བས་ཨཾ་ལས་མེ་ཤིན་ཏུ་ཆ་ཕྲ་བ་དབུ་མ་ནས་ཡར་སོང་སྟེ་རླུང་ཁ་སྦྱར། ལུས་ལས་མེ་སྟག་འཕྲོས། ཐིག་ལེ་སྐར་མ་ལྟ་བུ་འཕྲོ་ཞིང་ཐིམ་པ་སོགས་ཅི་ཡང་འཆར་ཏེ་རང་ལྷག་པར་གནས་པའོ། །ལྟེ་བར་རྩ་འཁོར་རྩ་འདབ་དྲུག་ཅུ་རྩ་བཞིའི་ནང་སྐོར་སྡེ་ཚན་བརྒྱད་ཀྱི་ཡི་གེ་ཕྱི་མོ་ཨཱ་ལི་ཀཱ་ལི་ལྔ་བཅུ། ལྟེ་བར་ཐུང་ངུ་དྲུག །ལྟ་བར་ཨ་ཐུང་གི་ཀླད་ཀོར་ནང་དུ་ཀྵུཾ་དམར་ནག་རྩུབ་ལ་དྲག་པ་དང་། སྤྱི་བོའ་ཧཾ་གི་ཀླད་ཀོར་དུ་ཡང་དེ་འདྲ་ཞིག་བསམ། རླུང་གིས་མེ་སྔར་བཞིན་བསྐུལ་བས་ཀྵུཾ་ལས་མེ་ཤིན་ཏུ་ཕྲ་བ་སྙིང་ཁ་ནས་ཡར་སོང་། སྣ་བུག་ནས་རླུང་དལ་བུས་རྡུབས་པས་ལྟག་པའི་རླུང་སྟོབས་རྒྱས་ཏེ་ཧཾ་གིས་ཀྵུཾ་གཙུབ། དབུ་མའི་ནང་ནས་མར་སོང་འདྲེས་པར་བསམ་ལ་རླུང་བཟུང་ཁ་འབྱེད་པ་དངོས་ནི་མར་མེ་འབར་བ་དོར་ལ་ཧཾ་ལས་བྱང་སེམས་བ་ཐག་ལྟ་བུ་ན་ར་ར་བབས་པས་ཨཾ་གསོས་པར་བསམ་ཞིང་རླུང་ཁ་སྦྱོར་བྱ། དམིགས་པའི་གྲངས་ནི། །རླུང་སྤྱོད་པ་ལ་གཅིག །རང་ལྷག་གནས་ལ་གཅིག །དབུ་མ་
༢༦༥ ཁ་འབྱེད་ལ་གཅིག །དངོས་གཞི་ལ་གཅིག་གམ་ཁ་འབྱེད་པ་གཉིས་སུ་མཛད་དོ། །ཀུན་ལས་ཁྱད་འཕགས་། །དགའ་ཆེན་མཁའ་སྤྱོད་རྫོགས་པའི་རིམ། །གྲོལ་བའི་གནད་མཆོག་སྙིང་པོ་འདི། །དབྲི་བསྣན་མེད་པར་བྲིས་པའོ། །གསུང་རྒྱུན་བཞིན་སྙིང་པོ་དྲིལ་ནས་བྲིས་པའོ། །དྲིལ་བུ་རིམ་ལྔའི་ཁྲིད་ཡིག །དྲིལ་བུ་རིམ་ལྔའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་སྐད་ཅིག་གིས་ལྷར་གསལ་བའི་ཡུམ་འོད་ཀྱི་རྣམ་པས་ལྟེ་བའི་ཨ་ལ་བསྟིམ། བླ་མ་ལ་གུས་འདུད་བྱ་ཞིང་གསོལ་བ་བཏབ། སྙིང་ཁར་ཟླ་བ་སྲན་མ་ཕྱེད་བཀས་ཙམ་གྱི་སྟེང་དུ་ཐིག་ལེ་དམར་སྐྱ་ཡུངས་འབྲུ་ཙམ་ལ་སེམས་བཟུང་རྗེས། མིག་གཉིས་ལ་དཀར་པོ། རྣ་བར་སྔོན་པོ། སྣ་བུག་གི་འཛོམས་སུ་སེར་པོ། ལྕེའི་རྩ་བར་དམར་པོ། མཚན་མའི་རྩེར་ལྗང་ཁུ། སྔར་གྱི་དམར་སྐྱའི་སྟེང་དུ་སྔོ་སྐྱ་སྟེ་ཐམས་ཅད་ཟླ་བ་ལ་ཚུལ་སྔར་བཞིན་ལ་ཤེས་པ་གཏད། དབང་པོ་ཡུལ་གང་ལ་འཕྲོ་བ་དང་སྦྱོར། ཡུལ་དྲུག་ལ་མི་འཕྲོ་ན། སྙིང་ཁའི་ཁོ་ན་ལ་གཏད་དེ་ས་བོན་དང་བཅས་པའི་རིམ་པའོ། སྣ་གཡས་གཡོན་ཉི་ཟླའི་རླུང་། སྣ་བུག་གི་བར་ལག་མེད་པར་བསྒོམས་ལ། ཕྱིར་རྒྱུ་དུས་རི་སྣར་སྨུག་པ་ཆགས་ཚུལ། ནང་དུ་འོད་ཟེར་གྱི་རྣམ་པས་ལུས་གང་བར་བསམ་ཞིང་། དབང་པོའ་སྒོར་སྤྲོ་ན་སྔར་བཞིན་ལ་མ་སྤྲོ་ན་འགལ་བ་མེད་གསུངས། ས་བོན་མེད་པའི་རང་བྱིན་གྱིས་རླབས། རླུང་ལྡང་འཇུག་ལན་གསུམ་རྗེས་རང་གི་སྤྱི་བོར་སྣ་ཚོགས་རྡོ་རྗེ་ཕྱོགས་མདོག་གི་ལྟེ་བར་ཆོས་འབྱུང་། དེའི་ནང་དུ་རྡོ་རྗེ་དམར་སྐྱའི་ལྟེ་བར་ཟླ་བ་ལ་ཧཱུྃ་སྔོན་པོ་ལས་འོད་ཟེར་སྤྲོས་པས་སངས་རྒྱས་བྱང་སེམས་རྣམས་ལ་སྟིམ་ཞིང་། སྤྲོ་ན་མིག་ནས་མཚན་མའི་བར་དང་། སྙིང་ཁ་ལྟེ་བ་རྣམས་སུ་ཡང་བསླབ་ཅིང་སྣ་གཡས་ནས་རླུང་རྒྱུ་ན་མཛོད་སྤུར་ཉི་མ། གཡོན་ནས་ཟླ་བར་བསམ་ཞིང་སྟེང་དུ་ཐིག་ལེ་
༢༦༦ དབུས་སྔོན། ཤར་དཀར། བྱང་ལྗང་། ནུབ་དམར། ལྷོ་སེར་བ་ལ་དམིགས་ཏེ་རླུང་བསྒོམས་པས་ས་བོན་མེད་པའི་སྣ་ཚོགས་རྡོ་རྗེ། དམ་ཚིག་གི་ཕྱག་རྒྱ་ནི་རང་ཡི་དམ་ཡབ་ཡུམ་དུ་བསྒོམས་པའི་མཁའ་གསང་པད་རྡོར་དུ་བསྐྱེད་པའི་རྩེར། བྱང་སེམས་དྷྱཱཾ་གྱི་ཡི་གེར་བསམས་ལ་སྙོམས་པར་འཇུག་ཅིང་། ལས་ཀྱི་ཕྱག་རྒྱ་དངོས་ལའང་དེ་བཞིན་དང་། ཆོས་ཀྱི་ཕྱག་རྒྱ་ནི་རྡོ་རྗེའི་བུ་གར་ཧཱུྃ་དཀར་པོ་ཐིག་ལེའི་རང་བཞིན་ཅན་ལ་ཤེས་པ་གཏད་ཅིང་བདེ་བ་རྙེད་ནས་རིམ་པས་གསང་རྩ་ལྟེ་སྙིང་མགྲིན་སྤྱིར་དྲངས། ཕྱག་རྒྱ་ཆེན་པོ་བདེ་བ་མཐའ་དང་བྲལ་བའི་རང་བབས་གཟོ་མེད་དུ་འཇོག་པ་སྟེ་ནོར་བུ་འགེངས་པའི་རིམ་པའོ། །གསང་གནས་སུ་ཆོས་འབྱུང་དམར་སྐྱའི་ནང་དུ་ཐིག་ལེ་ལྔ་ཚོམ་སྔར་ལྟར་བསྒོམས་ལ་སེམས་བཟུང་ཞིང་མཐར་ཐིག་ལེ་ལས་མེ་འོད་གཡས་རོ་མའི་ལམ་ནས་ཕྱིར་སོང་། ཕྱོགས་བཅུའི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སེམས་མེ་སྣ་ལ་ཁྱེར་ཏེ་གཡོན་རྐྱང་མའི་ལམ་ནས་ནང་དུ་ཞུགས་པར་བསམ་ཞིང་འཇམ་རླུང་ཁ་སྦྱར་ནས་བསྒོམས་ཏེ། ཛ་ལནྡྷ་རའི་རིམ་པའོ། །རང་གི་སྙིང་ཁར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་དཀར་པོ་ལ་སེམས་གཏད་དེ། །མཐར་དེ་ལས་འོད་འཕྲོས་སྣོད་བཅུད་འོད་དུ་བསྡུས་ནས་ཧཱུྃ་ལ་ཧཱུྃ་གི་ཨུ་ཧ་ལ། ཧ་མགོ་པོ་ལ། དེ་ཟླ་ཚེས་ལ། ཐིག་ལེ་ནཱ་དའི་བར་དུ་བསྡུས་ཏེ། ནཱ་ད་ཡང་སྤྲིན་དེངས་པ་ལྟར་གྱུར་ཏེ། ཐམས་ཅད་སྟོང་པ་འོད་གསལ་ལ་མཉམ་པར་འཇོག །སྟོང་ཉམས་ཆེ་ན་ནཱ་དར་ལངས། བདེ་ཉམས་ཆེ་ན་སྔར་བཞིན། བསམ་གྱིས་མི་ཁྱབ་པའི་རིམ་པའོ། །རིམ་ལྔའི་ཉམས་ལེན་ཀུན་འདོམས་པའི། །ཉུང་བསྡུས་དགའ་སྟེར་དམིགས་པའི་ཐོ། །གྲོལ་མཆོག་རང་གིས་ཐོབ་པའི་ཚུལ། །ཇི་བཞིན་ཡི་གེར་བཀོད་པའོ། །ཚོགས་སྒོམ་ཀུན་དགའ་དཔལ་གྱི་ཁྲིད་ཡིག་ལས་བཏུས་སོ། །ནག་པོ་
༢༦༧ རིམ་བཞིའི་ཁྲིད་ཡིག །ནག་པོ་རིམ་བཞིའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བདག་བླ་མས་དཀྱིལ་འཁོར་དུ་བཅུག་ཕྱིན་ལུས་ཀྱི་ཕྱི་ནི་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ཡིན་ལ། ནང་གི་ལྷ་དྲུག་ཅུ་རྩ་གཉིས་ཡིན་སྙམ་པའི་ངེས་ཤེས་བསྐྱེད། སྤྱི་བོར་བླ་མའི་ཆགས་ལྷམ་བསྒོམ་མོས་གུས་བསྐྱེད་ལ་བསྟིམ། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་གི་རྣམ་པས་རང་ལ་བསྡུ། རང་གི་ཞལ་རྣམས་རྩ་ཞལ། ཕྱག་རྣམས་རྩ་ཕྱག །ཡུམ་ཕག་མོ་ཡང་འོད་དམར་པོའ་རྣམ་པས་ལྟེ་བའི་ཨཾ་ལ་བསྡུས་ནས་ཕྱི་བདེ་མཆོག་ལྷན་སྐྱེས། ནང་རྩ་གསུམ་འཁོར་ལོ་བཞི། ལས་བྱེད་མེ་རླུང་གི་འཁོར་ལོ་གཉིས་རྣམས་དྲན་ཡུལ་དུ་ལམ་གསལ་འདེབས་ཏེ། གཤང་སྒོར་རླུང་གི་དཀྱིལ་འཁོར་ལྗང་ནག་དུ་བ་འཚུབ་པ་འདྲ་བའི་སྟེང་དུ་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་ཀྵ་ཡིག་མེ་འབར་བ་དམར་ནག་ལྟེ་བའི་དབུས་སུ་ཨཾ། ནང་སྐོར་བརྒྱད་ལ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་།ཕྱིར་ཨཱ་ལི་བཅུ་དྲུག །ཀཱ་ལི་སོ་བཞི། དབྱངས་རིང་པོ་དྲུག །སྙིང་གའི་ཕྱོགས་བཞིར་ཨ་ཨི་ཨུ་ཨོ་སྟེ་ཐུང་ངུ་བཞི། མཚམས་བཞིར་ཡ་ར་ལ་ཝ། མགྲིན་པའི་ནང་སྐོར་བཞི་ལ། ཨཱ་ཨཱི་ཨཱུ་ཨཻ། དབུས་སུ་ༀ། ཕྱི་སྐོར་འདབ་མ་བཅུ་གཉིས་ལ་རྀ་རཱྀ་ལྀ་ལཱྀ་བཞི་བོར་བའི་དབྱངས་བཅུ་གཉིས། སྤྱི་བོར་དབུས་སུ་ཧཾ། འདབ་མ་ལ་ཨཱ་ལི་བཅུ་དྲུག་ཕྲག་གཉིས། ཨཾ་ཧཾ་དབུ་མས་སྦྲེལ་ཞིང་གཡས་གཡོན་རོ་རྐྱང་། ཨཱ་ལི་ཀཱ་ལི་སྤེལ་བ་མགོ་བོར་ༀ། མཇུག་ཧཱུྃ་ཕཊ་ཀྱིས་བཀག་པ་བསྒོམ་སྟེ་ཤེས་བྱ་རྒྱུད་རིམ། སྟེང་རླུང་ཨཾ་ལ་བསྟིམ་ནས་འབྱོངས་པའི་རྟགས་བཞི། བརྟན་པའི་རྟགས་དྲུག་གིས་མྱོང་བ་འདྲེན་བཞིན་མེས་ལྟེ་སྙིང་མགྲིན་པའི་འཁོར་ལོ་བཞུ་བཏུལ་བྱས་ནས། མེ་ལྕེ་སྨིན་མཚམས་ནས་བྱུང་སྟེ་ཕྱོགས་བཅུའི་དེ་
༢༦༨ བཞིན་གཤེགས་པ་ཀུན་འདུས། བླ་མའི་ངོ་བོ་བདེ་མཆོག་གི་བྱིན་པ་ནས་ཞུགས། སྐུའི་བདུད་རྩི་སྤྱན་དྲངས་ཏེ་རང་གི་སྤྱི་མགྲིན་སྙིང་ཁ་ལྟེ་བའི་བར་དགའ་བ་བཅུ་དྲུག་སོ་སོར་གྲངས་སྤེལ་ནས་རླུང་ཁ་སྦྱར་དང་རྗེས་སུ་འབྲེལ་བ་ཉམས་ལེན་སྔགས་རིམ། མཐར་རྩ་ཐིག་རླུང་གི་འགྲོས་གྱེན་རྒྱུར་ཟླ་ཉི་སོ་སོར་འབྱེད་པ་ལམ་རིམ་པས་བགྲོད་པ་སྐྱེ་བ་ཡེ་ཤེས་ཀྱི་རིམ་པ། ལུས་འཇའ་ལུས། སེམས་རྟོག་མེད་སྐུ་དང་ཡེ་ཤེས་ཟུང་འཇུག་མཐར་ཐུག་གསང་བའི་རིམ་པའོ། །ནག་པོའ་གསུང་ངག་དུས་ཀུན་དུ། ཡིད་ལ་དགའ་བར་འགྲོགས་པའི་ཆ། གྲོལ་བ་མཆོག་གི་ཉམས་ལེན་ཉིད། ཡི་གེར་བཀོད་པ་བྱས་འདིའོ། །རྗེས་ཆེན་གྱི་རིམ་བཞི་ལམ་སློང་ལས་བཏུས་སོ། །བདེ་མཆོག་དཀར་པོའ་ཁྲིད་ཡིག །བདེ་མཆོག་དཀར་པོའ་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཤྲཱི་ཧེ་རུ་ཀ་ཨ་ཧཾ། ཐབས་རིག་པ་གསལ་ལ་མ་འགགས་པ་ངེས་དོན་སྐུ་བཞིའི་གཟུགས་འཆང་འཛིན་པའི་རང་ཉིད་ལྷན་སྐྱེས་ཟླ་བའི་མདོག་ཅན་དུ་ཤར་བའི་ནང་དར་དཀར་གྱི་རྐྱལ་པ་བུས་པ་ལྟ་བུའི་དབུས་སུ། རྩ་ཨ་ཝ་དྷུ་ཏཱིའི་གཡས་གཡོན་རོ་རྐྱང་གསུམ་དྭངས་མ་དང་། ཨཱ་ལི་ཀཱ་ལིའི་རྣམ་པའི་ཁུ་ཁྲག་གིས་གང་བ། གཤང་སྒོར་རླུང་། སུམ་མདོར་མེ། ལྟེ་འཁོར་དྲུག་ཅུ་རྩ་བཞིའི་དབུས་སུ་ཨཾ། ནང་སྐོར་ལ་སྡེ་ཚན་བརྒྱད། ཕྱི་ལ་ཨཱ་ལི་ཀཱ་ལི། སྙིང་གར་དབུས་སུ་ཧཱུྃ། ཕྱོགས་བཞིར། བྷྲཱུྃ་ཨཱཾ་ཛྲཱིཾ་ཁཱཾ། མཚམས་བཞིར་ལཾ་མཾ་པཾ་ཏཾ། མགྲིན་པར་དབུས་སུ་ༀ། འདབ་མར་དབྱངས་ཡིག་བཅུ་དྲུག །སྤྱི་བོར་ཧཾ། དབྱངས་ཕྲག་གཉིས། འདིར་ཡི་གེ་རྩ་སྦུབས་སུ་བསྒོམ་མོ། །རླུང་གིས་མེ་སྦར། ཨཾ་གི་མེས་འཁོར་ལོ་རྣམས་བསྲེགས། ཧཾ་གི་བདུད་རྩིས་བསྲོས་པའི་འབར་འཛག་ལ་སྦྱངས་ནས། བོགས་འབྱིན་དུ། པུ་ཛ་ཨོ་ཨ་གཽ་ར་དཻ་
༢༦༩ མ་སྟེ། ཐུགས་འཁོར་གྱི་གནས་བརྒྱད། ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། གསུང་འཁོར་གྱི་གནས་བརྒྱད། པྲེ་གྲྀ་སོ་སུ་ན་སིམ་ཀུ། སྐུ་འཁོར་གྱི་གནས་བརྒྱད་སྟེ། ཡུལ་ཉེར་བཞིའི་རྩ་གནས་མ་ལུས་པར་ཡང་དྲངས་ཏེ། མཐར་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་ལ་ཡེད་ཆེས་བསྐྱེད་པ་ཞིག་གོ །ཁ་ཆེ་པཎ་ཆེན་གདམས་པ་ཀུན། རབ་དགའ་ཕྱེ་ཚེ་གྲོལ་བྱེད་གཞིར། །མཆོག་ཏུ་བསྔགས་པའི་རྫོགས་རིམ་གྱི། ཞལ་ལུང་ཡི་གེར་སྤེལ་བའོ། དཔྱལ་ཨ་མོ་གྷའི་ཁྲིད་དཔེ་ལས་བཏུས་སོ། །གདན་བཞིའི་ཁྲིད་ཡིག །གདན་བཞིའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བདག་ཉིད་ཡེ་ཤེས་དབང་ཕྱུག་མར་བསྐྱེད། སྒོ་རྣམས་སུ་ས་བོན་སྨིན་བར་དུ་རུས་པའི་ཆོས་འབྱུང་གྲུ་གསུམ། དེ་ན་རྩ་མདུད་གྲུ་གསུམ་ཡོད་པར་བྱང་སེམས་ཀྱི་ཐིག་ལེ་ཟླ་གམ་གཅིག་བསམ། བྱང་སེམས་ཀྱི་ཐིག་ལེ་འཁོར་བ་ཙམ་གྱི་ཁྱི་ལི་ལི་བསྒོམ། ཉམས་མྱོང་དགའ་བཞི་སྟེ། དགའ་བ། མཆོག་དགའ། དགའ་བྲལ། ལྷན་སྐྱེས། སྣང་བ། སྣང་ཆེན། སྣང་ཐོབ། ལྷན་སྐྱེས། བ་ནུའི་མན་ངག་ལྟེ་བ་ན་རྩ་ཀླུ་དབང་འཁྱིལ་པ་ལྟ་བུ་ཡོད། དེ་འོག་རྩ་གསུམ་འདུས་པ་ན། ཆོས་འབྱུང་ནང་དུ་ཀྵུཾ་སེར་པོ་མེའི་རང་བཞིན་ཅན། རྐང་མཐིལ་གཉིས་སུ་ཀྵུཾ་རེ་རེ། སྙིང་པདྨ་དམར་པོའ་ནང་བ་ལང་རྨིག་རྗེས་བྱང་ཆུབ་ཀྱི་ཐིག་ལེ་མཐེ་བོང་ཙམ། དཀྱིལ་ན་ཧཱུྃ་དཀར་པོ། སྟེང་འོག་རླུང་སྡིགས། ལྟེ་བར་ལས་ཀྱི་རླུང་འདུས། ཀྵུཾ་སེར་པོ་ལས་མེ་འབར། རྐང་མཐིལ་གཉིས་ལས་ཀྱང་འབར། རྩ་སྦུབ་ཐམས་ཅད་དམར་སེར་ཤིག་འབར། སེམས་སྤྱི་བོར་བསྡུས། ཧཾ་ལ་ཐིམ། སྒྱུ་མ་དང་སྟོང་པ་གཉིས་སུ་མེད་པ་ནི་ཟུང་འཇུག་གོ །དེ་ལྟར་བསྒོམས་པས་སྐུའི་སྒོ་དགུ་བགག །གསུང་གི་སྒོ་བཞི་བགག །ཐུགས་ཀྱི་གཉིས་ཕྱེ།
༢༧༠ རྟགས་ཡོན་ཏན་འབྱུང་ངོ་། །དེ་ནས་བ་གླང་རྨིག་པའི་མན་ངག་ཡི་གེ་བཅུ་གསུམ་ལ་བརྟེན་པ་དང་། ཡིག་གཅིག་ལ་བརྟན་པ་གང་རུང་བསྒོམ་སྟེ། ད་ནི་སྙིང་པདྨ་ཁ་ཕྱེ་བ་བ་གླང་རྨིག་རྗེས་ལྟ་བུའི་སྟེང་ཐིག་ལེ་བསྒོམ། དེའི་དབུས་སུ་ཡི་གེ་ཨཾ་དཀར་པོ་ཐིག་ལེའི་ནང་དུ་ཆུད་པའི་མཐའ་ནས་ཨ་ལ་སོགས་པ་ཡི་གེ་བཅུ་གཉིས་ཀྱིས་བསྐོར་བ། ཐིག་ལེ་ནས་གཡས་ཚ་རླུང་དམར་པོ་མེ་རླུང་གི་རང་བཞིན་ཅན་བྱུང་། གཡོན་ནས་གྲང་བའི་རླུང་ས་ཆུའི་རང་བཞིན་ཅན་དཀར་པོ། དེ་གཉིས་འཁྲིལ་ཞིང་འཐབས་པས་ཐིག་ལེ་འཁོར་བ་ཙམ་ལ། ཡིག་འབྲུ་རྣམས་མི་ཡོད་དམ་བརྟག །འཁོར་བར་བསྒོམ། ཡི་གེ་གཅིག་ལ་བརྟེན་ནས་གླང་རྨིག་པའི་སྟེང་དུ་ཡི་གེ་ཨཾ་དཀར་པོ་གཅིག་བསྒོམ། གོང་དུ་བསྟན་པ་བཞིན་ཚ་གྲང་བརྒྱབ་པས་འཁོར་བར་བསམ། མེ་ལྕེའི་སྦྱིན་བསྲེག་ལྟེ་སྙིང་ཡི་གེ་ཨ་དཀར་པོ། ཨ་ཕྱིའི་ལུས་ལ་བསྡུ། སྟོང་པར་ལྷག་མོས་དང་འདྲ་གསུང་། ཆུ་ཤིང་སྙེམ་རྩ་ཨ་ཝ་དྷཱུ་ཏི། སྙིང་པདྨ་འདབ་བརྒྱད། གཡས་ཁ་བྱེ་བ། ཐིག་ལེ་སྒོ་ང་ཙམ་པ་ཆུའི་རང་བཞིན། ལྕི་ལ་བསིལ་བའི་དབུས་སུ་ཧཱུྃ་དཀར་པོ། དེ་ཁ་བྱེ་བའི་ཚུལ། དཔེ་ཤིང་ཐོགས་ཁ་འབྱེ་བ་ན་དྲོད་དང་དུས་ཚོད་ཀྱི་རླན་དང་རླུང་གསུམ་གྱིས་ཁ་འབྱེའོ། འདིའང་ལྟེ་བ་ན་ཀླུ་དབང་འཁྱིལ་པ། དེའི་འོག་ན་ཀྵཾཨུ་སེར་མེ་རླུང་བྱུང་དྷུ་ཏིའི་སྦུབ་ནས་འབར་བྱང་སེམས་ཞུ། མ་དེས་ལྗོན་ཤིང་གི་ལོ་མ་ལྟ་བུ་ཧཾ་ཞུ། ཐིག་ལེ་ལས་སྨིན་མཚམས་སུ་བབས་པས་ནུས་པ་ཐོན་ཏེ། དྷཱུ་ཏི་ནས་སྙིང་གའི་ཧཱུྃ་དཀར་པོ་ལ་ཐིབ་ཐིབ་ཐིམ། ལུས་གང་བར་བསམ། བ་སྤུའི་བུ་ག་ཐམས་ཅད་ནས་དཀར་ཉུག་ཉུག་བསམ་ཕྱིར་མི་སྤྲོ། མཆོད་རྟེན་གྱི་བུམ་པ་སྙིང་ཆུ་ཤིང་གི་སྙེ་མ་དེ་མཆོད་རྟེན་གྱི་བུམ་པ། ནང་ཁ་ཕྱེ་བ་པདྨ་འདབ་བརྒྱད། ལྟེ་བར་ཐིག་ལེ་བདེ་བའི་རོས་གང་། འདབ་མ་བཞི་ལ་ཨ་ཨ་ཨཾ་
༢༧༡ ཨ། མཚམས་བཞི་ལ་མ་ནིང་བཞི། དེའི་འོད་ཀྱིས་ནང་ཁེངས། ཕྱི་རོལ་དུ་ཡང་དཀར་ཕྲམ་ཕྲམ་བསམ། དེ་ལྟར་ཡང་ཡང་དུ་བསྒོམ་མོ། །འཕོ་བའི་མན་ངག །ཕྱི་ནང་གི་འཆི་ལྟས་བྱུང་ན་སླུ་བ་ལ་འབད་ངེས་པར་འཆི་ཚེ། སྔོན་དུ་རླུང་བུམ་པ་ཅན་ཐེབས་ཉི་ཤུ་རྩ་གཅིག་ཡང་ཡང་བསྒོམ་སྟེ་སྒོ་དགག་པ་ནི། མིག་གཉིས་སུ་ཧཱུྃ་སྔོན་པོ། ལྕེའི་ཆུང་ངུ་སུམ་དཀར་པོ། མགྲིན་པར་།།། དཔུང་པར་།།། སྙིང་གར་།།། ལྟེ་བར་།།། །འོག་སྒོ་གཅི་བའི་སྒོར་ཧཱུྃ། གཤང་སྒོར་ཀྵུཾ། དེ་ནས་བུམ་པ་གང་བ་ལྟ་བུ་དེ་ལ་ལུས་མཁལ་ཁུང་གཉིས། མཆན་འོག་གཉིས། རྐང་མཐིལ་གཉིས་དང་དྲུག་ཏུ་ཡུཾ་སྔོན་པོ་དྲུག་དགོད། སྙིང་དབུས་སུ་ཧཱུྃ་ལ་ཡུཾ་སྔོན་པོ་བཞིས་མཐའ་སྐོར་བ། ལྟེ་བ་ནས་སྤྱི་བོའ་བར་དུ་པདྨ་ཉི་ཤུ་རྩ་གཅིག་དོང་རྩེ་བརྩེགས་པ་ལྟར་བསྒོམ། ལྟེ་བའི་དབུས་སུ་ཨ། སྤྱི་བོར་ཚངས་པའི་བུ་གར་ཀྵཾཨུ། དེ་གཉིས་འོད་ཀྱི་རི་མོ་བ་ཐག་ལྟ་བུས་སྤྲེལ། ཧི་ཀྲ་བརྗོད་པས་ཨ་དེ་ཐག་པས་འཐེན་པ་བཞིན། པད་མའི་སྟེང་དུ་ཕྱིན་པར་བསྒོམ། ཉི་ཤུ་རྩ་གཅིག་ཧི་ཀྲ་བརྗོད། ཨ་དེ་སྤྱི་བོའ་པད་མའི་བར་དུ་ཀྵུཾ་གྱིས་འཐེན་ཞིང་། ཁྲོན་པ་ནས་ཆུ་དྲངས་པ་ལྟ་བུར་ཤེས་པར་བྱའོ། ཏིང་ངེ་འཛིན་གྱིས་གང་འདོད་པའི་སར་དམིགས་ལ། ཉི་ཤུ་རྩ་གཅིག །ཐ་མ་ཧི་ཀྲ་ཞེས་འཕུལ། སྤྱི་བོ་ནས་འཕོ་བར་བྱའོ་གསུང་ངོ་། །འདིས་ནི་རིག་པ་འཛིན་པ་དང་ལྷའི་ལུས་ལ་སོགས་ཏེ་གང་འདོད་པའི་ལུས་དེ་ཐོབ་པར་འགྱུར་རོ། །གདན་བཞིའི་མན་ངག་ཀུན་བསྡུས་ནས། །དགའ་ཆེན་གྲོལ་བའི་ལམ་མཆོག་ཏུ། །ཉེར་བསྡེབས་རྔོག་པའི་གསུང་ཇི་བཞིན། །ལྷག་ཆད་མེད་པར་ཡི་གེར་བཀོད། རྔོག་ཞེ་སྡང་རྡོ་རྗེའི་ཡིག་རྙིང་ལས་བཤུས་སོ། །མ་ཧཱ་མཱ་ཡའི་ཁྲིད་ཡིག་མ་ཧཱ་མཱ་ཡའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྟན་བདེ་བ་ལ་འདུག་
༢༧༢ རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་བཅས་ལ། གཡས་རྩ་ཀཱ་ལི་ཡས་མར། གཡོན་རྩ་ཨཱ་ལི་མས་ཡར། ལྟེ་བར་རྩ་གསུམ་འདུས་སུ་ཆོས་འབྱུང་དུ་མེ་རླུང་འབར་བ་ལ་སེམས་གཏད་དེ་བསྒོམ། ཨ་རེག་བྱ་དྲོད་ཚ་བར་བསམ། ཉམས་མྱོང་ཨན་རེ་དྲན་པར་བྱ། མ་ཡེངས་པར་བསྒོམ། བརྟན་པའི་དབང་དུ་བྱས་ནས། གཡས་གཡོན་ཨཱ་ལི་ཀཱ་ལི་རྒྱུས། ཆོས་འབྱུང་འོད་ཀྱི་ཁང་པ་དཀར་པོའ་ནང་དུ་ཡི་གེ་མེ་རླུང་གི་རང་བཞིན་ཨ་ལ་གཏད་དེ་བསྒོམ། མེ་ཕྲ་མོ་གཅིག་སིར་གྱིས་འབར། སྤྱི་བོའ་ཧཾ་ཏིལ་ཏིལ་བསྲེགས། བྱང་ཆུབ་སེམས་ཆི་ལི་ལི་བབས། མེའི་མཐའ་ཞལ་ཞལ་བྱས་ཨ་ལ་ཐིམ། དེ་ཀ་བསྒོམ། ཆོས་ཀྱི་རྣལ་འབྱོར་ཏེ་སྔགས་དབྱིབས་ཆོས་གསུམ་ལམ་ཚང་ལ་མ་ནོར་བ། དབྱིབས་སྔོན། དེ་ནས་སྔགས། དེ་ནས་ཆོས་ཀྱི་གོ་རམ་ལྟར་བྱས་ཀྱང་ངེས་པ་མེད་གསུང་། རྩ་གཉིས་ལ་ཨཱ་ལི་ཀཱ་ལིའི་ཕྲེང་བས་བཀག །ལྟེ་བར་ཨ། སྙིང་གར་ཧཱུྃ། མགྲིན་པར་ཨཾ། སྤྱི་བོར་ཧཾ། གོང་མ་གསུམ་ཆུའི་རང་བཞིན། ཨ་མེ་རླུང་། ཨ་ལས་མེ་སིར་འབར། ཧཱུྃ་ཨཾ་ཧཾ་ལ་ཟུག་ཞུ། ཐད་ཀར་ཞལ་ཞལ་བབས། ཨ་ལ་ཏིམ་ཏིམ་ཐིམ། སྔགས་ཀྱི་རྣལ་འབྱོར་རེ། སྒོ། འོག་སྒོ། སྟེང་གསུམ་གྱི་མན་ངག །སངས་རྒྱས་ན་འདིས་རྒྱ་གསུང་། དབྱིབས་ཀྱི་རྣལ་འབྱོར་བྱ། སྤྱི་བོར་རླུང་། སྙིང་ཁར་ས། ལྟེ་བར་ཆུ། འདོམས་མེའི། གོང་མ་གསུམ་ཆུའི་རང་བཞིན། སྤྱི་བོར་རླུང་བསྐྱོད། ཧཾ་བྱང་ཆུབ་སེམས་ཅིག་བྱུང་། རླུང་གི་སྙིང་ཁར་ལྟེ་བ་རྡོ་རྗེའི་རྩེར་དཀར་ལྷག་བྱུང་། ཡར་ལོག་སྤྱི་བོར་ཕྱིན། ཧཾ་ལ་བསྟིམ། དབུགས་ཕྱིར་འགྲོ་ཙ་ན་ཐིག་ལེ་དེ་རྡོ་རྗེའི་རྩེར་ལྷག་གིས་བྱུང་། ནང་དུ་རྔུབས་ཙ་ན་ཐིག་ལེ་དེ་ཡར་བྱུང་ནས་ཧཾ་ལ་ཐིམ། དཔེར་ན་ཆུ་ཡུར་བ་གཅིག་ནས་གཉིས་སུ་མ་གོས་པ་བཞིན། སྣ་གཡས་ཉི་
༢༧༣ ལམ། གཡོན་ཟླ་ལམ། དབུགས་འགྲོ་ཙ་ན་ༀ། འཇུག་ཙ་ན་ཧཱུྃ། ལྟེ་བར་གསུམ་གྱེས། སླེབས་ཙ་ན་ཨཱཿ དེ་ལྟར་བསྒོམ། བདེ་བ་ཕྲིལ་གྱིས་སྐྱེའོ། །བསྐྱེད་རིམ་དབྱིབས་བསྒོམ། ཡོན་ཏན་བརྒྱད་འཆར་རྫོགས་རིམ་དང་འབྲེལ་ལོ། །སྟེང་གི་སྣ་རྩེ། སྙིང་པདྨ་དམར་པོ་ཁ་བེ་བའི་ནང་དུ་པདྨ་འདབ་མ་བཞི་པ། ཉི་མ། ཟླ་བ། བར་དུ་བྱང་ཆུབ་སེམས་ཐིག་ལེ་ས་བཅུའི་རང་བཞིན། ཉི་ཟླ་ཁ་སྦྱོར་ལ་བ་ཐག་ཕྲ་མོ་གཅིག་གིས་ཚན་གསུམ་དུ་དཀྲིས། སྟེང་གི་བ་ཐག་ལ་ཀཱ་ལི་སུམ་ཅུ་རྩ་གཉིས་ཆེད་དུ་བསྒོམས་ལ་བ་ཐག་ལ་བརྒྱུས། བ་ཐག་དབུས་མ་ལ། ཨཱ་ལི་བཅུ་དྲུག །ཟླ་བ་ལ་ཡིག་འབྲུ་ཚན་གསུམ་དཀྲིས། ཉི་མ་ལ་ཡིག་འབྲུ་མེད་པར་བ་ཐག་རང་སེམས་དབུས་ཀྱི་ཐིག་ལེར་གཏད། ཟླ་བའི་དབུས་སུ་བུ་ག་དང་དེ་ཡོད་པ་ལ་བལྟ། ཏོག་ཟེར་བའི་སྒྲ་ལས་ཧཱུྃ་གཅིག་བྱུང་། སྟེང་གི་ཟླ་བ་ཕུག་ཧཱུྃ་ལ་བ་ཐག་ཕྲ་བ་གཅིག་འབྱར། གཡས་སུ་སྐྱོག །དེ་སྐོར་ལ་དཀྲིས་མདུན་ངོས་ནས་སྐྱོག །ཉི་ཟླ་རྒྱ་གྲམ་དུ་བཀྲིས། ཧཱུྃ་བུག་པ་ནས་སོང་ཐིག་ལེ་ལ་གཏད། དེ་ནི་སྔགས་ལ་ལྷ་བསྐྱེད་པའི་དབྱིབས་སོ། །རྣལ་འབྱོར་གསུམ་ཚང་བར་བསྒོམ། མཚན་མ་ལྔ་འབྱུང་ངོ་། །ཐིག་ལེ་སྟེང་གི་སྣ་རྩེར་བྱེད་ན། ཉི་ཟླ་ཁ་སྦྱར་གྭའུ་འདྲ་བ་དཀྱིལ་སྟོང་པ་ལ་ཐིག་ལེ་གཅིག །དེའི་མཐའ་མ་ན་ཚུར་ཨས་སྣ་དྲངས་པའི་ཨཱ་ལི་བཅུ་དྲུག །དེའི་སྟེང་ན་ཚུར་ལ་ཀཱ་ལི་སུམ་ཅུ་རྩ་དྲུག་གི་ཡི་གེ་བ་ཐག་ཕྲ་མོ་གཅིག་གིས་བརྒྱུས་པ། དཔེར་ན་ནོར་བུ་མིག་ཡངས་པ་ལ་ཐག་པ་ཕྲ་མོས་བརྒྱུས་པས་གཅིག་ལ་གཅིག་མ་རེག་པ་བཞིན་དུ་མ་འབྱར་བར་ཐང་ངེ་སྦྲིང་ངེ་བསྐོར་བར་བསམ། རླུང་ཨེན་གཅིག་སྡིག་ནས་བསྒོམ་པས་ཏོག་བརྟོལ་ནས་ན་ར་ར་བྱུང་། ཀྵ་ཐིག་ལེ་ལ་རེག་གེ་འདུག །ཨ་དེ་སྟོར་བྱས་ཀྵ་ཤག་
༢༧༤ བྲལ། ཨ་དེ་ནང་དུ་ཚུར་ནུར་ཞུགས་པར་ཡང་ཡང་བསྒོམ། ཐིག་ལེ་འོག་སྒོ་ལ་བརྟེན་པ་བྱེད་ན། མཚན་ལྡན་གཅིག་བཙལ། དེ་རྙེད་ནས་ཨཾ་གུ་ལིའི་སྦྱོར་བ་བྱ། རྩ་ཁ་བྱེ་འབོལ་གྱིས་ཡོང་། དེ་བྱུང་བ་དང་རྡོ་རྗེ་བསྲུབ་མི་དྲག་སྐྱོད། ཟག་མེད་ཉམས་སུ་མྱོང་། དེ་ཀ་ལ་སེམས་བཞག །ཕྱིས་ཤེས་རབ་མེད་ཀྱང་རྟོགས་པ་སྐྱེའོ། །རླུང་རྒྱ་ཡན་བགྲང་ཞིང་བརྩི་བ་བུམ་པ་ཅན་ཡིན་ནོ། །རླུང་གང་ནས་འོངས། གར་འགྲོ། ལས་ཅི་བྱེད་བལྟ། ཆེད་ཀར་མི་བཏང་། བསྡམ་ཡང་མི་བསྡམ། རྔུབ་ཀྱང་མི་རྔུབ། འབད་རྩོལ་མེད་པ་གང་དགར་བྱའོ། །རླུང་རྗེས་ཤེས་པ་ཟིན། གྲངས་བརྩི། སྙིང་གར་ཧཱུྃ། ཕྱིར་འགྲོ་ཙ་ན་རང་འཐག་ལྟར་གསུམ་སྐོར་ༀ། འཇུག་པ་ཧཱུྃ་སྐོར་བ་གསུམ། གནས་པ་ལ་ཨཱཿ དེ་ལྟར་བགྲང་ཞིང་བརྩི་ཏེ་ཟིན་པར་བྱ། ནང་དུ་གནས་པ་ཇེ་རིང་། བུམ་པ་ཅན་ཕར་ཧ་ཧ་བྱ། ས་ལ་ཐེབས་བཅུ་ཙམ་རྔུབ། དབུགས་བཀག །རླུང་ལྟེ་བ་མན་ཆད་བཀང་། དྲག་པོར་མི་གཏང་ངོ་། གོལ་གྱིས་འགེངས། ཉི་ཤུ་རྩ་གཅིག་གི་ཕྱིར་གཏང་ངོ་། སེང་གེ་རྣམ་རོལ་ཕྱག་རྒྱས་འགེང་། མིག་རྣ་བ་ཁ་སྣ་བགག །རྡོ་རྗེ་བརླ་བར་དུ་བརྩིར། རྟིང་པས་བཤང་ལམ་བགག །དེ་ནི་བཙན་ཐབས་སོ། །བགག་པའི་ཚད་པུས་མོ་ལ་ལག་མཐིལ་ཡུལ་པ་གཅིག་བྱས་ལ་སེ་གོལ་དྲུག་བརྡབས་པའི་ཡུན་ཚད་དོ། །སྔགས་དབྱིབས་ཆོས་ཚང་། སྐྱེ་མེད་དུ་འཆར་བས་ཆོས། དེ་ལས་ལྷ་དང་སྔགས་འབྱུང་། ལམ་ཚང་ལ་མ་ནོར་བ་སྒྱུ་མ་ཆེན་པོའ་མན་ང་གོ །མཱ་ཡ་ཀུ་ཀུ་རི་པའི་གཞུང་། ཀུན་ལས་འདུས་པའི་དགའ་སྦྱིན་ནི། །རང་གྲོལ་མཆོག་ཏུ་སྟོན་པའི་གནད། །མར་པའི་ཐུགས་བཅུད་འདིར་བཀོད་དོ། །རྔོག་པའི་ཡིག་རྙིང་ལས་བཏུས་སོ། །བདེ་མཆོག་བོང་ཞལ་ཅན་གྱི་ཁྲིད་ཡིག །བདེ་མཆོག་བོང་ཞལ་ཅན་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་
༢༧༥ ནས། རང་གི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་རང་གི་ལུས་ལ་བསྡུ། ཡུམ་ཡང་སྣ་གཡོན་ནས་རང་གི་སྙིང་ཁར་བསྡུ། རང་ཉིད་ཕྱག་གཉིས་པར་བསྡུས་པའི་སྤྱི་བོར་བླ་མ་བསྒོམས་པ་ལ་མོས་གུས་དྲག་ཏུ་བྱ་ཞིང་། བདག་གི་རྒྱུད་ལ་ཡང་དག་པའི་ཏིང་ངེ་འཛིན་བསྐྱེད་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་སྙིང་གའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་སྲན་མ་ཕྱེད་ཚལ་ཙམ་གྱི་སྟེང་དུ། རང་གི་ཤེས་པ་ཐིག་ལེ་དཀར་དམར་ཡུངས་འབྲུ་འབྲིང་པོ་ཙམ་བསམས་ལ་དེ་ལ་སེམས་གཟུང་། རིམ་གྱིས་རླུང་ཡང་ཁ་སྦྱར་འཇམ་པོ་བྱ། གོམས་ནས་སེམས་ཟིན་པ་དང་ཡིད་གཞན་དུ་མི་འཕྲོ་ཞིང་རྩི་གཅིག་ཏུ་གནས་པ་དང་བདེ་གསལ་གྱི་ཏིང་ངེ་འཛིན་སྐྱེའོ་དེ་ལ་བརྟན་པ་དང་དབང་པོ་གཞན་ལ་ཡང་སྤྲོ་སྟེ། སྔོན་འགྲོ་སྔ་མ་ལྟར་བྱས་ལ། དངོས་གཞི་མིག་གི་འབྲས་བུ་གཉིས་ཀྱི་ནང་དུ་ཟླ་བ་ལ་གནས་པའི་ཐིག་ལེ་དཀར་པོ་ཤིན་ཏུ་ཕྲ་བ་རེ་བསྒོམས་ཏེ་མིག་བཙུམ་ལ་ཡིད་གཟུང་། ཅུང་ཟད་ཟིན་པ་དང་། གཟུགས་སྣ་ཚོགས་ལ་བལྟ་ཞིང་། ཐིག་ལེ་ལ་ཡིད་གཏང་དེ་གཞན་དུ་སེམས་འཕྲོར་མི་གཞུག་གོ །དེ་གོམས་པས་ཐིག་ལེའི་རྣམ་པ་གསལ་ཞིང་གཟུགས་གང་མཐོང་བའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང་། ཐིག་ལེ་དེ་སྙིང་ཁར་བསྡུས་ལ། སྙིང་ཁའི་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམ། མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །དེ་རྗེས་རྣ་བར་སྤྲོས་ཏེ་སྔོན་འགྲོ་སྔར་ལྟར་བསྒོམས་ལ་དངོས་གཞི་རྣ་བ་གཉིས་ཀྱི་ནང་དུ་ཟླ་བ་ལ་གནས་པའི་ཐིག་ལེ་སྔོན་པོ་གཉིས་བསྒོམས་ལ་སྒྲ་མེད་པའི་ས་ཕྱོགས་སུ་ཡིད་གཟུང་། ཅུང་ཟད་ཟིན་པ་དང་། སྒྲ་སྣ་ཚོགས་ལ་ཉན་ཞིང་ཐིག་ལེ་ལ་ཡིད་གཏད་དེ། གཞན་དུ་སེམས་
༢༧༦ འཕྲོར་མི་གཞུག །དེ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་སྒྲ་གང་ཐོས་པའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང་། ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་པས་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམས་ལ་མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། །དེའི་རྗེས་སུ་སྣར་སྤྲོ་སྟེ། སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་སྣ་བུག་སོ་སོའ་བུག་འདོམས་པའི་ནང་དུ་ཟླ་བའི་སྟེང་དུ་ཐིག་ལེ་སེར་པོ་བསྒོམ་ལ་དྲི་མི་བྲོ་བའི་སར་ཡིད་བཟུང་། ཅུང་ཟད་ཟིན་པ་དང་དྲི་སྣ་ཚོགས་བསྣོམ་ཞིང་ཐིག་ལེ་ལ་ཡིད་གཏད་དེ་སེམས་གཞན་དུ་འཕྲོར་མི་གཞུག །དེ་ལ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་དྲི་གང་ཚོར་བའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་ན་ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་པས་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམ་ལ་མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་སྐྱེའོ། །དེའི་རྗེས་ལ་ལྕེར་སྤྲོས་ཏེ། སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་ལྕེའི་རྩ་བར་ཟླ་བའི་སྟེང་དུ་ཐིག་ལེ་དམར་པོ་བསྒོམས་ལ། རོ་མི་མྱང་བར་ཡིད་གཟུང་། ཅུང་ཟད་ཟིན་པ་དང་། རོ་སྣ་ཚོགས་མྱོང་ཞིང་ཐིག་ལེ་ལ་ཡིད་གཏད་དེ་གཞན་དུ་སེམས་འཕྲོར་མི་གཞུག །དེ་ལ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་རོ་གང་མྱང་བའི་སྟེང་དུ་ཏིང་ངེ་འཛིན་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་ན། ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་བསྡུས་པས་ཐིག་ལེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམས་ནས་མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་སྐྱེའོ། །དེའི་རྗེས་སུ་ལུས་ལ་སྤྲོ་སྟེ་སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ། དཔྲལ་བར་ཟླ་བའི་སྟེང་དུ་ཐིག་ལེ་ལྗང་གུ་བསྒོམས་ལ། གང་ལའང་མི་རེག་པར་སེམས་བཟུང་། ཅུང་ཟད་ཟིན་པ་དང་རེག་
༢༧༧ བྱ་སྣ་ཚོགས་ལ་རེག་ཅིང་ཐིག་ལེ་ལ་ཡིད་གཏད་དེ་སེམས་འཕྲོར་མི་གཞུག །དེ་ལ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་རེག་བྱ་གང་ལ་རིག་པའི་སྟེང་དུ་ཏིང་ངེ་འཛིན་མཆོག་སྐྱེའོ། །དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་དང་། ཐིག་ལེ་དེ་སྙིང་ཁའི་ཐིག་ལེ་ལ་བསྡུས་པས་ཐིག་ལེ་དེ་སྔར་བས་ཀྱང་གསལ་ཞིང་འབར་བར་བསྒོམས་ནས་མཉམ་པར་བཞག་པས་ཏིང་ངེ་འཛིན་མཆོག་སྐྱེའོ། དེའི་རྗེས་ལ་ཀུན་ཏུ་གཡོ་བའི་ཡིད་ལ་དམིགས་ཤིང་བསྒོམས་ཏེ། སྔོན་འགྲོ་སྔར་ལྟར་བསྒོམས་ལ། དངོས་གཞི་ལ་སྙིང་ཁའི་ཐིག་ལེ་དཀར་དམར་གྱི་སྟེང་དུ་དེ་ལས་ཕྲ་བའི་ཐིག་ལེ་དམར་སྐྱ་གཅིག་བསྒོམས་ལ། ཤིན་ཏུ་དབེན་པའི་གནས་སུ་ཡིད་གཟུང་ངོ་། །ཅུང་ཟད་ཟིན་པ་དང་འདུ་འཛི་དང་བཅས་པའི་གནས་སུ་བསྒོམ་ཞིང་། གང་ལ་ཡིད་འཕྲོ་བའི་ཡུལ་དང་རྣམ་རྟོག་དེ་ཉིད་ཐིག་ལེ་དམར་སྐྱ་དེ་ལ་བསྟིམ་ཞིང་ཡིད་གཟུང་ངོ་། །དེ་ལ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་རྟོག་པ་མི་སྐྱེ་བའམ། །ཅུང་ཟད་སྐྱེས་ཀྱང་རང་ཡལ་དུ་འགྱུར་རོ། །དེ་ལ་ཅུང་ཟད་བརྟན་པ་ཐོབ་པ་དང་། ཐིག་ལེ་དེ་འོག་གི་ཐིག་ལེ་དཀར་དམར་ལ་ཐིམ་པས། ཐིག་ལེ་སྔ་མ་དེ་བས་ཀྱང་གསལ་ཞིང་འབར་བར་གྱུར་པར་བསྒོམ་ལ་མཉམ་པར་བཞག་པས་ཞི་གནས་ཀྱི་ཏིང་ངེ་འཛིན་མཆོག་སྐྱེའོ། །དེའི་རྗེས་ལ་ཉོན་མོངས་དང་བཅས་པའི་ཡིད་ལ་དམིགས་ཤིང་བསྒོམས་ཏེ། སྔོན་འགྲོ་སྔར་ལྟར་བསྒོམ། དངོས་གཞི་ལ་སྙིང་ཁའི་ཐིག་ལེ་དཀར་དམར་གྱི་སྟེང་དུ་དམར་སྐྱ། དེའི་སྟེང་དུ་ཐིག་ལེ་སྔོན་པོ་གཅིག་བསྒོམས་ལ་ཤིན་ཏུ་དབེན་པའི་གནས་སུ་ཡིད་གཟུང་ངོ་། །ཅུང་ཟད་ཟིན་པ་དང་ཉོན་མོངས་པ་སྣ་ཚོགས་སྐྱེ་བའི་ཡུལ་དང་བཅས་པའི་གནས་སུ་བསྒོམ་ཞིང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཀུན་ཏུ་རྒྱུ་བ་ཉིད་
༢༧༨ ཐིག་ལེ་སྔོན་པོ་ལ་བསྟིམ་ཞིང་ཡིད་གཟུང་ངོ་། །དེ་གོམས་པས་ཐིག་ལེའི་དམིགས་པ་གསལ་ཞིང་ཉོན་མོངས་པ་མི་སྐྱེ་བའམ། ཅུང་ཟད་སྐྱེས་ཀྱང་རང་ཡལ་ལ་འགྱུར་རོ། །དེ་ལ་ཅུང་ཟད་བརྟན་པ་ཐོབ་པ་དང་། ཐིག་ལེ་དེ་འོག་གི་ཐིག་ལེ་དམར་སྐྱ་ལ་ཐིམ། དེ་ཡང་འོག་གི་ཐིག་ལེ་དཀར་དམར་ལ་ཐིམ། དེ་ཡང་ཟླ་བ་ལ་ཐིམ། ཟླ་བ་ཡང་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་ཡལ་ནས་སྟོང་པ་ལ་མཉམ་པར་བཞག་པས་ཞི་གནས་མཆོག་སྐྱེའོ། །མཐར་མཉམ་བཞག་ལས་ལྡང་བའི་ཚེ། སྐད་ཅིག་གིས་ཟླ་བ་དང་ཐིག་ལེའི་རྣམ་པར་རིམ་གྱིས་གྲུབ་པར་བལྟ་ཞིང་། ངང་ཧེ་རུ་ཀ་དང་། ཕྱིའི་ཆོས་རྣམས་ཀྱང་སྣང་བཞིན་དུ་རང་བཞིན་མེད་པར་བལྟས་ལ་ལྡང་ངོ་། །དེ་ལྟར་སོ་སོའ་རྟགས་མ་བྱུང་གི་བར་བསྒོམ་ཞིང་། མཐར་ཕྱིན་པ་ན་སྟོང་པའི་ཞི་གནས་དང་། བདེ་གསལ་ལྷག་མཐོང་གི་ཏིང་ངེ་འཛིན་སྐྱེས་ནས། ཏིང་ངེ་འཛིན་གྱི་རྒྱུན་དེས་མཐོང་ལམ་གྱི་ཡེ་ཤེས་སྐྱེ་བས་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ། །མདོར་ན་སྦྱོང་བའི་ཚུལ་དབང་པོའ་སྒོ་རྣམས་ལ་སོར་སྡུད་ཀྱི་ཏིང་ངེ་འཛིན་རབ་བཀྲམ་དུ་སྦྱངས་ནས། དངོས་གཞི་མི་ཤིགས་པའི་ཐིག་ལེ་ཉིད་རྩལ་དུ་འཇོག་པ་སྟེ། མཐར་ལྟེ་བར་རྩ་གནས་བོང་གདོང་འཁྱིལ་འདྲ་ལ། གཏུམ་མོའ་མེ་སྦྲུལ་གྱི་ལྕེ་ལྟར་འཁྱོག་པ་བྱུང་བས་རྩ་དབུ་མའི་ནང་གང་ཞིང་ཁྱབ་པར་བསམ་སྟེ་རླུང་ཁ་སྦྱར་ནན་ཏན་དུ་བསྒོམ། །གདམས་པ་ཀུན་ལ་མེད་པ་ཡི། །སྲིད་པའི་དགའ་བདེ་ལ་ཞེན་རྣམས། །འཆིང་གྲོལ་སྟོན་པ་ཟབ་མོའ་བཅུད། །མན་ངག་མཆོག་གྱུར་ཁོ་བོས་བཀོད། ཞལ་ལས་འོངས་པ་ཉིད་རྗེན་པར་བྲིས། །ཕག་མོའ་སྒོམ་དྲུག་གི་ཁྲིད་ཡིག །ཕག་མོའ་སྒོམ་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། དང་པོ་ནི། རང་ལུས་ཕག་མོའ་སྐུར་བསྒོམ་པ་སྟེ་དབྱིབས་ལ་བསླབ་པའོ།
༢༧༩ དེ་ནས་ལྟེ་བར་པད་མ་དམར་པོ་འདབ་མ་བཞི་པའི་སྟེང་དུ་བཾ་དམར་པོ་གཅིག་བསྒོམ། དེ་ནི་གཉིས་པ་ཡིག་འབྲུ་ལ་བསླབ་པའོ། །དེ་ནས་སྟེང་རླུང་མནན་པས་ལྟེ་བའི་བཾ་ལ་ཐིམ་པར་བསྒོམ། དེ་ནི་གསུམ་པ་རླུང་ལ་བསླབ་པའོ། །དེ་ནས་རྐང་པར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོས་པས། འདོམས་བར་དུ་རཾ་ལས་མེ་འབར། དེ་ནས་ལྟེ་བའི་བཾ་དྲོས་པས་བ་ལས་འོད་འབར་ལ་ཁད་དེ། དེ་ལས་འོད་འབར་ཏེ་ལུས་འོད་ཀྱི་ཀྱི་ཕུང་པོར་གྱུར་པར་བསྒོམ། དེ་ནི་བཞི་པ་འོད་ཀྱི་ལུས་ལ་བསླབ་པའོ། །དེ་ནས་འོད་དེ་ནམ་མཁའ་ལ་སྤྲིན་དེངས་པའམ། བར་སྣང་གི་འཇའ་ཚོན་ཡལ་བ་བཞིན་བསྒོམ། དེ་ནི་ལྔ་པ་འོད་གསལ་ལ་བསླབ་པའོ། །དེའི་ངང་ལ་སྔར་གྱི་སྤྱི་བོའ་ཐད་ཙམ་དུ་ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བ་གཅིག་བསམ། ལྟེ་བའི་ཐད་ཙམ་དུ་བཾ་དམར་པོ་མགོ་གྱེན་དུ་བལྟ་བ་གཅིག་བསམ། དེ་ནས་སྟེང་གི་ཧཾ་དེ་ལས་བྱང་ཆུབ་ཀྱི་སེམས་པ་ཐག་ལྟ་བུ་འཐིགས་ནས་བཾ་ལ་ཕོག་པས་བཾ་ཡོངས་སུ་གྱུར་པ་ལས། རང་རྡོ་རྗེ་རྣལ་འབྱོར་མ་ཟུང་འཇུག་གི་ལྷ་མོ་འཇའ་ཚོན་ལྟ་བུ་བསྒོམས་ཏེ། བདེ་གསལ་མི་རྟོག་པའི་རང་བཞིན་དུ་བཞེངས་པའོ། །དེ་དག་ཀྱང་ཐ་དད་མེད་དེ་བདེ་བ་དང་སྟོང་པ་དབྱེར་མེད་པས་ཟུང་འཇུག །གསལ་བ་དང་སྟོང་པ་དབྱེར་མེད་པས་ཟུང་འཇུག་གོ །དེ་ནི་དྲུག་པ་ཟུང་འཇུག་ཏུ་བསླབ་པའོ། །དཔྱལ་ལོ་ཀུན་དགའ་རྡོ་རྗེ་ཡིས། སྨིན་གྲོལ་མཆོག་ཏུ་བསྔགས་པའི་གཞུང་། །ཕག་མོའ་བསྒོམ་དྲུག་གནད་འདོམས་པ། །ཡི་གེས་གསལ་བར་བྱས་འདིའོ། །དཔྱལ་པའི་ཡིག་རྙིང་ཇི་ལྟ་བ་བཞིན་བྲིས་སོ། །ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག །ནཱ་རོ་ཆོས་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ལུས་རྣམ་སྣང་གི་ཆོས་བདུན་ལྟ་བུ་ལ་གནས་ནས། ལུས་སྟོང་ར་སྐྲ་སེན་དང་བ་སྤུའི་བུ་ག་ཐམས་
༢༨༠ ཅད་ཀྱང་ཁྲོལ་ཚགས་ལྟར་བུག་པ་སང་ངེ་བར་བལྟས་ལ་བསྐྱང་། བཅོམ་ལྡན་འདས་མ་ལྷན་ཅིག་སྐྱེས་མ་སྐུ་སྟོང་རའི་རང་བཞིན་དུ་བལྟས་ལ་བསྐྱང་། ལུས་ཀྱི་དབུས་དྲང་པོ་ན་ཡར་དྷཱུ་ཏི་མདའ་སྙུག་ལྟར་དྲང་བ། སོག་སྦུབ་ལྟར་བུག་པ་ཡོད་པ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། གསང་གནས་ཚངས་བུག་གི་བར་དུ། གཡས་གཡོན་རོ་རྐྱང་གཉིས། སྟེང་འོག་ཏུ་དབུ་མ་དང་འདྲེས་ཤིང་། ཡང་སྣ་སྣ་བུག་གཉིས་སུ་ཟུག་པ། ལྟེ་བའི་འཁོར་ལོ་དྲུག་ཅུ་རྩ་བཞི། སྙིང་ཁའི་རྩ་འདབ་བརྒྱད། མགྲིན་པར་བཅུ་དྲུག །དཔྲལ་བར་སོ་གཉིས་སྟོང་རའི་རང་བཞིན་ཅན། བ་སྤུ་འཁྲུགས་པའི་བར་གྱི་རྩའི་ཕྲེང་བ་རྣམས་ཀྱང་སྟོང་རར་བསམ། འདི་ལ་རིགས་ལྡན་གྱི་གཞི་གཟུང་བ་ཞེས་ཀྱང་བྱ། རླུང་རོ་བསལ། སྣ་རྩེ་ནས་སོར་བཅུ་དྲུག་གི་ཐད་ནས་རླུང་དུ་བའི་མདོག་ཅན་ལ་དལ་བུས་རྔུབས་ཏེ་རོ་རྐྱང་གི་ལམ་གཉིས་ནས་དྷཱུ་ཏིའི་མར་སྣའི་ནང་དུ་སོང་། འོག་རླུང་ཀྱང་དེར་དྲང་། ཕྱིར་གཏང་རན་པ་ན་དྷཱུ་ཏི་ལས་སྤྱི་བོའ་ཚངས་བུག་ནས་ཡར་དུ་བ་འཐོན་པ་ལྟར་བསམ་སྟེང་འོག་གཉིས་ཀ་མི་འཛིན་པར། ལྟོ་བ་ཕྱིར་ཕུལ་ཏེ་བར་རླུང་དགང་། དྷཱུ་ཏིའི་ཡར་སྣ་སྨིན་མཚམས་སུ་ཟུག་པའི་ཡར་སྣ་བྱང་སེམས་ཀྱི་ཐིག་ལེ་དཀར། སྣུམ། འདྲིལ། འཚེར་བ་སྟེ་ཆོས་བཞི་ལྡན་བསམ། རླུང་རྔུབས་པ་དང་། ལྷན་ཅིག་དྷཱུ་ཏིའི་ནང་ལ་འཁོར་ལོ་སོ་སོའ་ལྟེ་བར་གནས་པས་རིམ་གྱིས་གསང་གནས་ཀྱི་ལྟེ་བའོ་བར་དུ་བྱུང་། སླར་ཡང་གྱེན་དུ་གཤེགས་ཏེ་ཡར་སྣ་སྨིན་མཚམས་སུ་སྐྱ་ཡེར་གྱིས་བྱུང་བར་བསམ། གཏུམ་མོའ་ཐིག་ལེ་ལས་མེ་ལྕེ་ལྷག་པར་འབར་བ་ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་སོང་བས་མེའི་རང་བཞིན་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གནས་ཁང་གཞལ་མེད་ཁང་གི་རྣམ་པ་མེ་ཆོས་བཞི་ལྡན་གྱི་རང་བཞིན་ཅན་བསམས་ཏེ་གཏུམ་མོ་
༢༨༡ གནས་ཁང་དུ་བྱའོ། །འདུག་པ་དང་ཉལ་བའི་ཚེ་སྟན་དང་མལ་མེའི་རང་བཞིན་ཅན་དུའང་བསམས་ཏེ་གཏུམ་མོ་སྟན་དུ་བྱའོ། །གོས་བགོ་བ་ཐམས་ཅད་ཀྱང་མེའི་རང་བཞིན་དུ་བསམས་ཏེ་གཏུམ་མོ་གོས་སུ་གྱོན་པའོ། །སྒྱུ་ལུས་ཀྱི་མན་ངག །སྡུག་བསྔལ་གྱི་རང་བཞིན་ཅན་གྱི་འཁོར་བ་སྤྱི་དང་། སྒོས་སུ་རང་གི་ལུས་ཕུང་། ཁྱད་པར་སེམས་རང་དབང་མ་ཐོབ་བར་སྐད་ཅིག་རེས་ཀྱང་མི་རྟག་པ་སྟེ། ཡིད་བརྟན་པར་མི་འོས་པའི་ཚུལ་ལ་བརྟག་ཅིང་དཔྱད། གདོད་ནས་སྣང་སྲིད་དག་པའི་འཁོར་ལོར་བཞུགས་པས་ལུས་ལྷག་པའི་ལྷའི་སྐུར་བལྟ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ངེས་ཤེས་བསྐྱེད་དེ། སྐུའི་རྣམ་པ་ཡོངས་སུ་རྫོགས་ཀྱང་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། ཁ་དོག་ཅིར་ཡང་སྣང་བ་འཇའ་ལྟ་བུ། གཅིག་ལས་གཉིས་སུ་སྣང་བ་མིག་ཡོར་ལྟ་བུ། རླུང་དང་འོད་ཟེར་ལས་གྲུབ་པའི་མིག་འཕྲུལ་ལྟ་བུ། གཅིག་ཉིད་དུ་མར་སྣང་བ་ཆུ་ཟླ་ལྟ་བུ། དངོས་པོ་གང་གིས་ཀྱང་གཞིག་མི་ནུས་པ་གྲིབ་མའི་སྐྱེས་བུ་ལྟ་བུ། ཞིང་དང་བཀོད་པ་སྣ་ཚོགས་སུ་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ་བདུན་སྐུའི་དཔེ། འཕོ་འགྱུར་མྱུར་བ་བྲག་ཆ་ལྟ་བུ། རོ་གཅིག་ལ་དུ་མར་སྣང་བ་ཆུ་བུར་ལྟ་བུ་སྟེ་གཉིས་གསུང་། ཉམས་སུ་མྱོང་བ་རང་བཞིན་མ་གྲུབ་པ་རྨི་ལམ་ལྟ་བུ། ལྷན་སྐྱེས་ཉིད་སྣང་བ་སྒྱུ་མ་ལྟ་བུ་སྟེ་གཉིས་ཐུགས། ཕྲིན་ལས་འཇུག་པ་མྱུར་བ་གློག་ལྟ་བུ་གསུམ་ཀའི་ངོ་བོ་སྟེ་དཔེའི་སྒོ་དེ་རྣམས་ཀྱིས་ངེས་ཤེས་བསྐྱེད་ཅིང་བསྒོམ་མོ། །རྨི་ལམ་གཟུང་བ་མགྲིན་པའི་འཁོར་ལོ་པད་འདབ་བཞི་པའི་དབུས་སུ་ཐིག་ལེ་དམར་པོ་མེའི་རང་བཞིན་ཅན་བསམས་ལ། པད་འདབ་བཞིར་ༀ་ཨ་ནུ་ཏ་ར་བསམས་ལ་ཉལ་བས་ངེས་
༢༨༢ པར་ཞིན་ནོ། །སྤྱོད་པ་ལ་བསྒྱུར་དང་སྤེལ་ཞིང་སྦྱང་། འོད་གསལ་ཉིན་གྱི་དུས་སུ་འོད་གསལ་རྣམ་པར་མི་རྟོག་པའི་ངང་ལ་གོམས་པ་བརྟན་པར་བྱས་པས་དེའི་སྟོབས་ཀྱིས་གཉིད་འཐུག་གི་འོད་གསལ་བདེ་གསལ་མི་རྟོག་པ་གསུམ་ཚོགས་ཀྱི་ཏིང་ངེ་འཛིན་མངོན་དུ་གྱུར་ནས། བར་སྲིད་ནམ་ཤར་བ་ན། གང་ཤར་དེ་སྔོན་གོམས་ཀྱིས་དག་སྣང་དུ་རྩལ་སྦྱངས་པས། བར་དོར་ལོངས་སྐུ་མངོན་དུ་འགྱུར་བ་ཡིན་ནོ། །སྐྱེ་བ་འདིའི་འཚོ་བ་ཡོངས་སུ་བཏང་སྟེ། ཕྱི་མའི་སྐྱེ་བ་ཡོངས་སུམ་བཟུང་པའི་བར་ན། །རླུང་སེམས་ཙམ་གྱི་ལུས་ཅན་དུ་གནས་པ་དེ་ཉིད་ཉམས་སུ་ལེན་པ་ཡིན་ལ། དེ་ཡང་སྔོན་གོམས་ལ་རགས་ལས་པས། ད་ལྟར་གྱི་ཉིན་སྣང་གང་ཤར་བར་དོ་ཡིན་སྙམ་དུ་ངེས་པར་བྱས་ལ། རང་བཞིན་མངོན་དུ་བྱ་བའམ། །ཡང་ན་དག་སྣང་དུ་བསྒྱུར་ཏེ། དེའི་ངང་དུ་རང་བབས་སུ་སྐྱོང་བ་གོམས་པར་བྱས་པས་རྨི་ལམ་དུ་འདྲོངས་ཏེ། རྨི་ལམ་གྱི་སྣང་བ་གང་ཤར་ལ་བར་དོའ་དྲན་འདུན་དང་དེའི་སྟེང་དུ་དག་སྦྱོང་དང་། རང་གྲོལ་སྐྱོང་བའི་ཉམས་ལེན་ལག་ཏུ་ལོངས་པར་འགྱུར་ལ། དེ་གོམས་པས་ནམ་འཆི་བའི་ཚེ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་རིམ་གྱིས་ཐིམ་སྟེ་སྣང་གསུམ་གྱི་རིམ་པས་ཚེ་འདིའི་འདུག་པ་བརྟུལ་ཏེ། བར་སྲིད་ཀྱི་སྣང་བ་ཅི་ཡང་རུང་བ་ཤར་ན་སྔོན་གོམས་ཀྱི་མན་ངག་ཉམས་འོག་ཏུ་ཆུད་དེ། བར་སྲིད་ལོངས་སྐུའི་གོ་འཕང་མངོན་དུ་འགྱུར་རོ། །འཕོ་བའི་མན་ངག །སྤྱི་བོའ་མཐོ་གང་ཙམ་གྱི་ནམ་མཁར་བླ་མ་དང་ཡི་དམ་ཕོ་བྲང་མཁའ་སྤྱོད་དངོས་སུ་བསམ། ལུས་ཀྱི་ཨ་ཝ་དྷཱུ་ཏིའི་ནང་མགྲིན་པའི་གནས་སུ་ༀ་དཀར་པོ་ལ་ཨ་ནུ་ཏ་ར་བཞིས་བསྐོར་བར་བསམས་ལ། རླུང་ནང་དུ་རྡུབ་པ་དང་ལྷན་ཅིག་མགྲིན་པའི་ༀ་ལས་ཧཱུྃསྔོན་པོ་ཆད་དེ་སྙིང་ཁར་བྱུང་། དེ་ལས་ཨཱཿདམར་པོ་ཆད་དེ་ལྟེ་བར་གནས་པར་བསམས་ལ། རླུང་ཐུབ་ཚད་བཟུང་ལ། དེ་ནས་ཕྱིར་དབྱུང་
༢༨༣ པ་དང་ལྷན་ཅིག །ལྟེ་བའི་ཨཱཿཧཱུྃ་ལ་འདྲེས། དེ་མགྲིན་པའི་ༀ་ལ་འདྲེས། ༀ་ཡི་གེ་བཞི་དང་བཅས་པ་ལུས་ངག་ཡིད་གསུམ་གྱི་ངོ་བོ་ཐིག་ལེའི་གཟུགས་ཀྱིས་ཚངས་བུག་ནས་ཐོན་ཏེ། བླ་མའི་ཐུགས་ཀར་འདྲེས་པར་བསམ། ནཱ་རོ་ཆོས་དྲུག་ཀུན་ཁྱབ་ལས། །དགའ་བ་རྒྱས་པའི་མདུད་གྲོལ་མཆོག །གསེར་ཞུན་ནང་ནས་ཟ་འོག་གི། །དུམ་བུ་ལོགས་སུ་བཀོལ་ལྟར་བྲིས། གསེར་ཞུན་མ་ལས་བཀོལ་ཏེ་བྲིས་སོ། །ནཻ་གུ་ཆོས་དྲུག་གི་ཁྲིད་ཡིག །ནཻ་གུ་ཆོས་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་བསྒོམས་ལ། བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་དག་པར། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། རང་གི་མགོ་ནང་དུ་ཆོས་འབྱུང་དཀར་སངས་པའི་སྟེང་ཐད་དུ་ཨ་དཀར་པོ་ལས་བདུད་རྩི་བྱུང་ལུས་གང་སྡིག་སྒྲིབ་བག་ཆགས་དུད་ཁུའི་རྣམ་པར་ཕྱིར་སྦྱངས་ནས། ལུས་ཤེལ་གོང་ལྟར་གྱུར། ནད་ཚད་པ་ལ་བདུད་རྩི་བསིལ། གྲངབ་ལ་དམར། རླུང་ལ་དམར་སེར་ཚ་གྲང་སྙོམས་པས་སྦྱངས། གདོན་ལ་ཁྲོ་ཆུ་ཁོལ་མ་ལྟ་བུ། རྟགས་རྣམས་དངོས་དང་རྨི་ལམ་དུ་འཆར། གཏུམ་མོའ་སྔོན་འགྲོ་མེའི་སྟོང་པར། །ལུས་མེ་ཐབ་དྲུག་ཆེངས་སུ་བྱ་ཞིང་། རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ནང་དར་དམར་རྐྱལ་པ་ལྟར་སྲབ་དྭངས་ཀྱི་མཁལ་རྩ་གཡས་གཡོན་མདུན་རྒྱབ་དུ་མེ་གོང་བསམ། བླ་མ་རིན་པོ་ཆེ་བདག་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་དྲོད་ཀྱི་ཏིང་ངེ་འཛིན། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་མཛད་དུ་གསོལ། འཇམ་རླུང་བཟུང་ལ་ཕོ་སྐོར་བྱས་པས་མེ་གང་འཐབ། མེ་སྟག་དམར་སྐྱ་ཐོར་འཐོར་བར་བསམ། གཏུམ་མོ་ཟས་བཟའ། རྩ་གསུམ་འདུས་མདོར་རི་ཡིག་མེ་རླུང་གིས་བསྐུལ་ཏེ་དབུ་མ་ཇེ་ཡངས་ལ་སོང་
༢༨༤ པ་མེས་ཁེངས་པར་བསམས་ལ། ལུས་དཀྲུགས་འཁོར། གཙུབ་ཤིང་མའི་འཁྲུལ་འཁོར། ངག་ལྟེ་འོག་གི་རླུང་ཁ་སྦྱར། སེམས་མེ་འབར་བ་ལ་རྩེ་གཅིག་གཏད་དོ། །གོས་གྱོན་མཐིལ་མེས་ལུས་འགེབས། སྟན་འདིང་ཁྱི་ཉལ་སྒོར་མོར་ཉལ། རྟ་ཞོན་མཆན་འོག་ནས་རླུང་གི་ལྷ་མོས་འདེགས་པར་བསམས་ལ། རླུང་ཁུག་པ་ཉེར་གཅིག་སྦྱོང་། སྲིད་པའི་དབང་། སྤྱི་བོའ་བླ་མའི་སྐུ་ལས་བདུད་རྩི་དཀར་ཆིལ་གྱིས་བྱུང་ནས་རང་གི་སྤྱི་མགྲིན་སྙིང་ཁ་ལྟེ་གསང་གང་། དབང་བཞི་བསྐུར་བར་མོས། གེགས་སྟོད་ལ་ནོར་བུ་མིག་གསུམ་གང་ན་སར་བསྒོམ། ལུས་ཁྲོལ་ཚགས་ལྟར་ཡང་ཡང་བསམས་ལ་འབུད། ནད་རླངས་ཀྱི་རྣམ་པར་ཕྱིར་ཐོན་ཧ་དྲག་པོ་དང་། ཁུ་ཚུར་ཕྱིར་བསྟན་ནུ་མའི་སྟེང་ཐད་དུ་བརྡེག །སྨད་ལ་རྡོ་རྗེའི་བུ་གར་འི་ངོ་བོ་པདྨ་དམར་པོའ་རྩ་བ་ཕྲ་བ་བུ་གའི་ནང་ན་ཡར་ཆུད་པར་བསྒོམས་ལ་རྐང་མཐིལ་སྤྲད་ནས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་བསྒྱུར་བས་དམིགས་པ་ནོར་བུ་རྒྱུ་མ་ནང་བཟློག་ཏུ་གྱེན་ལ་བྱུང་བས་ཧཱུྃ་ཡིག་དམར་ལ་དྭངས་པ་གཅིག་དབུ་མའི་ལམ་ནས་ཚངས་བུག་བར་དུ་བྱོན་པ་ལ་ཤེས་པ་གཏད། འཛག་པ་དྲུག་ཀ་འདིས་ཆོད། ཞལ་ཤེས་བྲིས་པ་ཡིན། སྒྱུ་ལུས་ལ། སྐྱོ་ཤེས་བསྐྱེད་དེ་རང་བདེ་མཆོག་ལྷན་སྐྱེས་སུ་བསྒོམས་པའི་སྤྱི་བོར་བླ་མ་ཀུན་འདུས། བླ་མ་རིན་པོ་ཆེ་བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། བླ་མ་རང་ལ་བསྟིམ། རྗེས་ཅིར་་སྣང་སྒྱུ་མར་ཤར་བའི་འཆར་སྒོ་དང་མ་བྲལ་བའི་རྗེས་ཐོབ་སྐྱོར་བ་ནི་དབང་པོ་རབ། འབྲིང་རང་ལུས་བདེ་མཆོག་གིས་མཚོན་པའི་སྣང་དམིགས་སྒྱུ་མ་རྨི་ལམ་དུ་ཐག་རྦད་བཅད་ནས་ཡིད་དང་ངག་མཚུངས་པར་སྒྱུ་མ་རྨི་ལམ་ཞེས་བརྗོད། ཐ་མས་འགྲོ་འདུག །འཕོ་སྐྱས། བློ་སྣ། ལོང་གཏམ་གྱི་སད་བཞི་སྤངས་ནས་ལྟེ་བར་ཆོས་
༢༨༥ འབྱུང་ནང་དུ་འགྲོ་བ་རིགས་དྲུག་ལ་སྙིང་རྗེ་བསྐྱེད། འོག་རླུང་བསྐུམ། སྟེང་རླུང་རིམ་པས་མནན་པས་བདེ་དྲོད་སྐྱེ། རྨི་ལམ་རང་ཟིན། སྦྱངས། སྦེལ། ཡུལ་སྣང་། རང་ཤར་ཏེ་ཡོན་ཏན་དྲུག་འཆར། ནད་ལ་སྒྱུ་མར་ཐག་བཅད། གདོན་ཆོས་འབྱུང་དུ་བཀུགས་ལ་དཀྲུགས་འཁོར་བྱས་པས་ཐུལ་འགྲོ་ཞིང་། ཞེན་མེད་སྒྱུ་མའི་རང་ཉམས་ཀྱི་རྩིས་བཟུང་། རྨི་ལམ་ལ། བླ་མ་རིན་པོ་ཆེ་བདག་འཛིན། དགོས་མེད། རྨི་ལམ་ཟིན་པར་མཛད་དུ་གསོལ། སྤྱི་བོའ་ཧཾ་ལས་ཐིག་ལེ་དཀར་པོ། གསང་གནས་ཀྱི་ཧཱུྃ་ལས་ཐིག་ལེ་དམར་པོ། སྙིང་ཁར་འཁོར་བ་བུམ་དབང་། རེག་པ་གསང་དབང་། རེག་བདེ་ཤེས་རབ་ཡེ་ཤེས། གཅིག་ལ་གཅིག་ཐིམ་པ་དབང་བཞི་པར་མོས་ཤིང་། གནད་འཕྱུགས་མེད་དགུ་ལ་དུས་ཐོ་རངས། ནམ་ལངས། ཉི་ཤར། ལུས་སྐྱིལ་ཀྲུངས་ཙོག་པུ་སེང་གེའི་ཉལ་སྟབས། དམིགས་པ་རྟོག་བཅས་གཉིས་རྟོག་མེད་གཅིག་གིས། ཐིག་ལེ་དཀར་དམར་སྣ་སྒོ་གཡས་གཡོན་ནས་ཐོན་སྨིན་མཚམས་སུ་བདེ་མཆོག་ཡབ་ཡུམ་དུ་གསལ་ལ་བ་འོད་དུ་ཡལ་བ་དང་། སྙིང་ཁར་བླ་མའི་ཐུགས་ཀར་ཧཱུྃ་བསམས་ལ་རང་བླ་མ། བླ་མ་ཧཱུྃ། ཧཱུྃ་འོད་དུ་ཡལ་འདི་ཉིད་རྨི་ལམ་ཞེས་པས་འདུན་པ་རྐྱང་དྲིལ་བྱས་ལ་གཟུང་། སྦྱང་བ་རྨི་ལམ་འབྱོངས་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ། གཡང་ཟ་ལ་བདེ་མཆོག་གིས་སྦྱོང་བ་སེམས་ཀྱིས་ལུས། སྒོ་དགུའི་ཐིག་ལེ་ནང་དུ་འདུས་ནས་ཡལ་སོང་བ་ལུས་ཀྱིས་སེམས། མདུན་དུ་བདག་མེད་མའི་པདྨ་ལ་ཨ་ཕྲེང་དང་། བདག་མེད་མ་འོད་སྔོན་དུ་རྡོ་རྗེ་ནོར་བུའི་ནང་ནས་འདྲེན་ལ། བདག་མེད་མའི་འདུན་རྐྱང་རྩེ་གཅིག་འདུན་པས་སྦྱངས་པའོ། །སྤེལ་ནུས་པ་མཛད་དུ་གསོལ་ཅེས་བྱས་ལ། བེམ་པོ་དང་སེམས་ཅན་གཅིག་ནས་བཅུ་ལ་སོགས་པར་སྤེལ་ཞིང་རྩ་བའི་གཅིག་ལ་བསྡུ། གང་འདུལ་དུ་སྤེལ་བ་ལ། བྱི་བ་བྱི་ལ།
༢༨༦ བྱིའུ་ཁྲ། ཁྱི་སྤྱང་ཁུ། སྟག་སེང་གེ། མི་སྲིན་པོ་སོགས་དང་། ཀླུ་ལ་ཁྱུང་། གཟའ་ལ་ཕྱག་ན་རྡོ་རྗེ། རྒྱལ་འགོང་ལ་རྟ་མགྲིན། ཀུན་ཁྱབ་ཏུ་རྡོ་རྗེ་འཇིགས་བྱེད་ལྟར་སྤྲུལ་ནས་ཕྱག་མཚན་གྱིས་བརྡུངས་པ། མེ་དཔུང་གིས་བསྲེགས་པར་མོས་པས་འདུལ། སྤྲུལ་ནུས་པར་གསོལ་བ་བཏབ་རྗེས། གང་སྤྲུལ་གོང་བཞིན། བསྒྱུར་ནུས་པར་གསོལ་བ་བཏབ་པ་དང་། འབྱུང་བཞི་སེམས་ཅན་ནམ། ཕྲ་རགས། ལྷ་སྐུ་སྣ་ཚོགས་ཞལ་ཕྱག་མང་ཉུང་རྣམས་སྣང་སྟོང་ཞེན་བྲལ་དུ་བསྒྱུར། ཡུལ་སྣང་གཏན་ལ་ཕེབས་པར་གསོལ་བ་བཏབ་ནས། དམིགས་མེད་གསལ་མཁྱེན་གང་བསམ་གསལ་མཐོང་། ཡིད་ལུས་མཁའ་ལྡིང་རྣམས་ལས་དམན་པའི་ཡུལ་སྣང་ལ། ལྟེ་བར་ཆོས་འབྱུང་དང་ཐོད་པའི་ནང་དུ་ༀ་ཨཱཿསྭཱ་ཧཱ་ལས་བདག་མེད་མ་མན་ཤེལ་དྭངས་པ་ལྟ་བུ་ལས་འོད་ཟེར་སྣ་ལྔའི་རྩེར་ལྷ་ཚོགས་རང་རང་གི་སྔགས་སྒྲ་སྒྲོགས། ཕྱི་ནང་གསང་བའི་མཆོད་པས་མ་དག་སྣོད་བཅུད་སྦྱངས་ཤིང་། ཁྲིག་མེར་གྱིས་གང་བའི་བདག་མེད་མའི་ཐུགས་ཁར་གང་བལྟ་འདོད་པའི་ཡུལ་འགོད་པའམ། བདག་མེད་མ་ཨར་བསམས་པའི་འོད་ཀྱིས་ཡུལ་སྣང་བལྟ་བའམ། ཨ་ཐིག་ལེར་བསམས་པའི་འོད་ཟེར་ཡུལ་སྣང་གོང་ལྟར་སྤྲོ་བའོ། །འོད་གསལ་ལ་ཡང་སྔར་ལྟར་སྐྱོ་ཤས་ཆེར་བསྐྱེད། དམ་རྫས་དང་ཁ་ཟས་སྣུམ་པ་སྤྱོད་ལམ་དལ་ཞིང་རྔུལ་ཐོན་གྱི་ལས་སྤང་། ཤ་ཆེན་དང་ཚིལ་ཆེན་བསྲེག །ཚོགས་དང་གཏོར་མ་བཟང་དུ་བཤམ། བླ་མ་སངས་རྒྱས་དངོས་མཐོང་གི་བློས་འོད་གསལ་ཟིན་པར་གསོལ་བ་གདབ། རང་ལུས་རྩ་དབུ་མ་དྲངས་གསལ་བསྒོམས་པའི་ལྟེ་བའི་ཨ་ལ་མ་ཡེངས་པར་སེམས་འཇོག །ཀླད་རྒྱའི་སྟེང་དུ་བདག་མེད་མའི་ཐུགས་ཀའི་ཨའི་འོད་ཀྱིས་ཀླད་པ་གཏི་མུག་གི་རང་བཞིན་སྦྱངས། ཐོད་པ་དུང་ཁང་གི་གཞལ་མེད་ཁང་། སྙིང་དབུས་སུ་གསལ་དྭངས་ཐིག་ལེའི་ནང་དུ་བླ་མ་དང་ཐུགས་
༢༨༧ ཀའི་ཧཱུྃ་ཡང་ཐིག་ལེའི་རང་བཞིན་ཅན་ལ་ཡིད་རྩེ་གཅིག་ཏུ་གཏོད་ཅིང་སྐུ་གསུམ་ལམ་འཁྱེར་ངང་ནས་གསལ་སྟོང་དབྱེར་མེད་དུ་ལྟ་སྟངས་ཀྱིས་མཉམ་རྗེས་བསྲེ་བ། སྣང་སྟོང་བདེ་སྟོང་གསལ་སྟོང་རིག་སྟོང་ཟབ་ཞི་སྤྲོས་བྲལ་དག་པ་གཉིས་ལྡན་དུ་ངེས་ཤེས་ལྷག་པར་བསྐྱེད་ཅིང་ངོ་སྤྲོད། དམ་ཚིག་སྤྱི་དང་བྱེ་བྲག་ལ་ནན་སྦྱོར་བྱ། གེགས་སེལ་ངེས། སྐྱོན་རང་གྲོལ། བོགས་འདོན་ཐེ་ཚོམ་རྩ་བ་གཅོད། ཉམས་རྟོགས་ཉིན་མཚན་ཁྱད་པར་རྣམས་ཀྱིས་ཤན་ཕྱེད་པར་བྱ་བ་གཅེས་སོ། འཕོ་བ་ཐེབ་པར་མཛད་དུ་གསོལ་ཅེས་གསོལ་བ་ཕུར་ཚུགས་སུ་བཏབ་ལ་རང་ལུས་དར་སྔོན་གྱི་གུར་ཁྱིམ་ལྟར་སྣང་བའི་ལྟེ་བར་འགྲོ་དྲུག་སྐྱེ་སྒོ་གཅོད་པའི་ཆོས་འབྱུང་ཟུར་དྲུག་པའི། སྨད་ཟུར་འཐུར་བསྟན་ངན་སོང་གསུམ་གྱི་ལམ་སྒོ་གཅོད། སྟེང་ཟུར་གསུམ་མདུན་དང་མཁལ་རྩ་གཡས་གཡོན་ལ་གཏད་པའི་ནང་ནས་ཡར་རྩ་དབུ་མ་སྤྱི་གཙུག་རྒྱ་མཐོང་ཐ་ལེ། ལྟེ་བར་ཨ་དཀར་པོ་འོད་ཕིར་བ། ལྟོ་བ་སྒལ་པ་ལ་བཅར་རྒྱབ་པས་ཨ་སྐར་མདའ་ལྟར་དབུ་མའི་གཞུང་ལམ་ནས་སོང་། སྤྱི་བོའ་རྒྱ་མཐོང་ནས་ཐོན་ཏེ་འོད་དུ་ཡལ་བ་ཆོས་སྐུ་དེ་བཞིན་ཉིད། བདེ་ཀྱེ་སོགས་ཡི་དམ་གང་མོས་ལ་བསྟིམ་ན་ཟུང་འཇུག་ཡི་དམ། མཁའ་སྤྱོད་དཀར་དམར་གང་རུང་གི་གསང་སྒོར་ཞུགས་ན་འཆུགས་མེད་མཁའ་སྤྱོད་བླ་མའི་ཐུགས་ཀར་འཕོས་ན་བྱིན་རླབས་བླ་མའི་འཕོ་བའོ། །བླ་མ་ལ་བར་དོ་ལོངས་སྐུ་འགྲུབ་པར་གསོལ་བ་བཏབ་ནས་རབ་བར་དོ་དང་པོའ་འོད་གསལ་རང་ཤར་རང་བཞིན་མའི་ངང་དུ་བུ་བསྒོམ་པའི་འོད་གསལ་མ་བུ་ཞལ་མཇལ་སྔར་འདྲིས་པའི་མི་དང་འཕྲད་པ་ལྟར་ངོ་ཤེས་དྲན་པའི་ཡིད་ཆེས་ཐོབ་པ་ཡིན་ལ། འབྲིང་ལུས་ལྷ། ངག་སྔགས། སེམས་སྐྱེ་མེད་ཕྱག་རྒྱ་ཆེན་པོའ་རང་རྩལ་གྱིས་གཤིན་རྗེའི་གཟུགས་རྒྱོབ་སོད་འབྱུང་བཞི་ལོག་པའི་སྒྲ་བར་དོར་སྐྱེ་བའི་
༢༨༨ དངངས་སྐྲག་དར་འཛིན་པ་གྲོལ་བ། ཐ་མས་ཕྱི་སྣང་གཞལ་ཡས་ཁང་། ནང་བཅུད་ཡི་དམ་ལྷར་མོས་ནས་མདུན་དུ་ཆོས་འབྱུང་སྔོན་པོ་གཅིག་བསྒོམ། འདི་མི་རྟོགས་པ་ལ་མའི་མངལ། རྟོགས་པ་ལ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡིན་ཨང་སྙམ་དུ་བསམ། དེའི་དབུས་སུ་ཧཱུྃ་སྔོན་པོ་འོད་ཟེར་ལྔ་ལྡན་འཕྲོས་པས་སྐྱེ་གནས་བཞིའི་འདས་པའི་མངལ་སྒོ་དག །ད་ལྟར་གྱི་མངལ་སྒོ་སྦྱང་། མ་འོངས་པའི་མངལ་སྒོ་བཀག་པར་བསམས་ལ། ཧཱུྃ་ལས་རང་བདེ་མཆོག་དེའི་སྤྱི་བོ་རྗེ་བཙུན་མ། དེའི་སྤྱི་བོར་བཞུགས་པའི་བླ་མ་འོད་ཟེར་བདེ་བའི་རང་བཞིན་ཅན་རྗེ་བཙུན་མ་ལ། དེ་ལས་འོད་ཟེར་བདེ་བའི་རང་བཞིན་ཅན་རང་ལ་ཕོག །ཕོ་ཞེ་སྡང་སྐྱེ་བའི་ཡུལ་ཆོས་འབྱུང་གཡས་ཟུར་དུ་བདེ་མཆོག་ཡབ་རྐྱང་། མོ་འདོད་ཆགས་སྐྱེ་བའི་ཡུལ་ཆོས་འབྱུང་གཡོན་ཟུར་དུ་རྡོ་རྗེ་རྣལ་འབྱོར་མ་ཡུམ་རྐྱང་དུ་བསྒོམས་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཕུལ་ཞིང་སྦྱངས་པས་བར་དོ་ལོངས་སྐུར་སངས་རྒྱ་བ་ཉིད་དོ། །ཟབ་ཁྲིད་ཀུན་ལས་ཕུལ་བྱུང་བའི། །དགའ་སྟེར་ནི་གུ་ཆོས་དྲུག་ཁྲིད། །གྲོལ་མཆོག་རང་གི་ཉམས་ལེན་ཚུལ། །ཡི་གེར་གསལ་བར་བཀོད་འདིའོ། །བསམ་སྡིང་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ཡིག་ལས་བཏུས་སོ། །ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ཡིག །ཕྱག་རྒྱ་ཆེན་པོ་གྭའུ་མའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྔོན་འགྲོ་རང་བབས་རྣམ་གསུམ་ནི། ལུས་ཀྱི་བྱ་བ་མ་གཡེང་བར། རྐང་པ་སྐྱིལ་ཀྲུང་། རྒལ་ཚིགས་བསྲང་། ལག་པ་པུས་མོ་གོང་དུ་བཞག་ལ་འབོལ་ལེ་སྡོད། ངག་ཀྱང་སྨྲ་བརྗོད་སྤངས་ལ་མཆུ་འབྱེད་འཛུམ་མི་བྱ། ཡིད་དུས་གསུམ་རྟོག་པའི་རྒྱུ་འཕྲེང་བཅད། མི་མནོ། མི་བསམ། མི་སྤྲོ། གཉུག་མའི་རང་སོ་བཟུང་ལ་བསྒོམ་འདོད་རྟོག་པས་མ་སླད་པར་འཇོག་ཅིང་།
༢༨༩ མདུན་རྒྱབ་སྟེང་འོག་གཡས་གཡོན་ཐམས་ཅད་ལྟ་སྟངས་བསྒྱུར་ཞིང་རྩོལ་མེད་དུ་ཧད་དེ། མདོ་འདོན། སྔགས་བཟླས། གཏམ་སྨྲ་བ་ཀུན་ལའང་ཧད་དེ་ཆད་དེ་དེ་ཁའི་ངང་ནས་བྱེད། རིག་པ་བྱིང་ན་མིག་གི་ལྟ་སྟངས་བསྟོད། རྒོད་ན་ཕབ། ཡང་ཡང་བླ་མས་བསྒོམ་བལྟ་བྱ་ཞིང་། དངོས་གཞི་སྐྱོན་བཞི་རང་གྲོལ། རྒྱུན་དུ་འགྲོགས་ཀྱང་ཞལ་མ་མཇལ། ཉེ་དྲགས་པས་ངོས་མ་ཟིན། བཟང་དྲགས་པས་བློར་མི་ཚུད། ཟབ་དྲགས་པས་ཡིད་མ་ཆེས་པའི་འཚང་བརྟོལ་ནས་ངོ་སྤྲོད་དོ། །རྗེས་མཐར་སྐུ་བཞི་རང་ཤར། སེམས་མི་རྟོག་པ་ཆོས་སྐུ། རང་རིག་པ་ལོངས་སྐུ། སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ། དབྱེར་མེད་ངོ་བོ་ཉིད་སྐུ། སྙིང་རྗེ་བསྐྱེད་རིམ་རླུང་མོས་གུས་ཀྱིས་བོགས་འདོན་པ་ཉིད་དོ། །གྭའུའི་ནང་ནས་ཕྱུང་བའི་དཔེ། །ཀུན་སྣང་ཏ་ལའི་འདབ་བྲིས་པའི། །བེའུ་བུམ་དགའ་མོའ་མདུད་གྲོལ་མཆོག །དེང་འདིར་ཡི་གེའི་སྣང་བར་བཀོད། བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ཡིག་ལས་བཏུས་སོ། །ལམ་འཁྱེར་གྱི་ཁྲིད་ཡིག །ལམ་འཁྱེར་གསུམ་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་དུ་བླ་མ་བསྒོམས་ཏེ། དེའང་སྐུའི་རྣམ་པ་ཇི་ལྟ་བ། གསུང་གི་ང་རོ་ཇི་ལྟ་བ། ཐུགས་ཀྱི་མཁྱེན་དགོངས་ཇི་ལྟ་བར་གསལ་བཏབ་ནས་གདུང་ཤུགས་དྲག་པོ་ཕར་ལ་བསྟིམ་ཕོད་པ། ཚུར་ལ་འཕྲོག་ནུས་པའི་བློ་སྣ་རྩེ་ཡམ་ཡམ་པས། གཟུགས་སྣང་བླ་མའི་སྐུ། སྨྲ་བརྗོད་བླ་མའི་གསུང་། རང་རིག་བླ་མའི་ཐུགས་སུ་ཐག་རྦད་བཅད་ནས། མཚན་ལྡན་བླ་མ་དམ་པ་འདིས་བདག་བཟོད་དཀའི་འཁོར་བ་ལས་བསྒྲལ་བས་བཀའ་དྲིན་འཁོར་བ་མེད་སྙམ་པའི་ལུས་བ་སྤུ་གཡོ་བ། མིག་མཆི་མ་འཁྲུགས་པའི་མོས་གུས་
༢༩༠ སྟོབས་སུ་སྦྱར་ཏེ། ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཆོས་འཁོར་བསྐོར་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བ་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་བརྗོད། །དེ་བཞིན་དུ་ཅིར་སྣང་ཡི་དམ། ཅིར་སྣང་སྒྱུ་མར་བསྒོམས་ཏེ། ལམ་འཁྱེར་གོང་བཞིན་ཉམས་སུ་ལེན་པའོ། །ལམ་འཁྱེར་རྣམ་པ་ཀུན་འདུས་པའི། དགའ་བློ་རང་གྲོལ་མཆོག་གི་ཁྲིད། །ཉུང་གསལ་ཡི་གེས་མཚོན་པའོ། །སྐལ་ལྡན་ཐར་ལམ་སྒྱུར་བྱེད་ཡིན། བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ཡིག་ལས་བཏུས་སོ། །སེམས་འཆི་མེད་ཀྱི་ཁྲིད་ཡིག །སེམས་འཆི་མེད་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་མཚོགས་མའི་སྟེང་དུ་ཧཱུྃ་སྔོན་པོ། ཡུམ་གྱི་མཚོགས་མར་བཾ། ཡིག་འབྲུ་གཉིས་སྔོ་བ་དང་དམར་བའི་མདངས་ཀྱིས་ལྷའི་སྐུ་ཡང་མོག་མོག་པོར་སྣང་བ་ལ་ཡིད་གཏད་དེ། ཡི་གེ་གཉིས་ལས་འོད་ཟེར་སྔོ་དམར་བདེ་བའི་རང་བཞིན་ཅན། གངས་རིའི་རྩེ་ལ་ཉི་མ་ཤར་བའི་དཔེས་རིམ་གྱིས་བྱུང་བས། འོད་ཀྱིས་གང་ཕོག་རྣམས། དང་པདྨ་རཱ་ག་ལ་འཇིམ་པས་གོས་པ་ཆུས་བཀྲུས་པ་ལྟར་ཕྱི་གསལ་ནང་གསལ་ཉིད་དུ་གྱུར་ཏེ། ཡབ་ཀྱི་རལ་པའི་རྩེར་ཡིད་བཞིན་གྱི་ནོར་བུ། གཡོན་ངོས་ཀྱི་ཚེས་གཅིག་གི་ཟླ་བ། མཚོགས་མའི་གོང་ཙམ་རལ་པ་ལ་བརྟེན་པའི་སྣ་ཚོགས་རྡོ་རྗེ། རལ་པ་ནག་པོ་རུས་པའི་འཁོར་ལོ་དང་འཕྱང་འཕྲུལ། ཐོད་སྐམ་ལྔའི་དབུ་རྒྱན་གྱི་བར་རྡོ་རྗེའི་ཕྲེད་ཉལ། དཔའ་བོའ་དར་དཔྱངས། སྤྱན་གསུམ་དམར་ཞིང་དབུས་སྔོ་མཐའ་སྐྱ་བ་ཤངས་གཟེངས་མཐོ་བ། དཔྲལ་བའི་དབྱེས་ཆེ་བ། ཞལ་འཛུམ་དང་། སྙན་ཤལ་རིང་བ། བཞད་པའི་ཞལ་ཡས་མར་ཚེམས་དང་མཆེ་བའི་རྩེ་མངོན་ཙམ། མགྲིན་པ་ཟླུམ་པ། སྐུ་སྟོད་རྒྱས་
༢༩༡ པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་མགུལ་རྒྱན་སྙན་ཆ་སེ་མོ་དོ། །དཔུང་རྒྱན་ཕྱག་གདུབ་སྐ་རགས་ཞབས་གདུབ་ཐམས་ཅད་དཀར་ཆབས་སེ་བ། སྟག་ལྤགས་རྒྱབ་ཏུ་གྲོལ་བ། ཞབས་གཡས་བསྐུམ་གཡོན་བརྐྱངས་པས། པད་ཉི་འཇིགས་བྱེད་དུས་མཆན་མནན་པ། ཡུམ་འཛུམ་ཁྲོ་ཧུར་བག་ཅན་དབུ་སྐྲ་ནག་པོ་སིལ་བུར་བཤིག་པ་གྲི་ཐོད་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། རུས་རྒྱན་དཀར་ཁྲོམ་མེ་བ། ནུ་འབུར་རྒྱས་པ། ཞབས་གཡས་བརྐྱངས་གཡོན་བསྐུམས་པས། ཡབ་དང་མཉམ་པར་སྦྱོར་བའི་འོད་སྔོ་དམར་གྱི་གྭའུ་ཞལ་སྦྱོར་དུ་གསལ་བཏབ་ནས། རང་སེམས་འཆི་མེད། སྐྱེ་འཆིའི་དྲི་མས་མ་གོས་པ་ལ་ཡིད་ཆེས་བསྐྱེད་དེ། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་མཉམ་པར་འཇོག་པའོ། །སེམས་ཀྱི་རང་བབས་མ་བཅོས་པ། །ཀུན་ནས་དགའ་སྤྲོར་སྣང་བའི་ཡིད། །རྣམ་གྲོལ་མཆོག་གི་རང་ཞལ་འདི། །འཕོ་བྱེད་བྲལ་བའི་ཡི་གེ་ཡིན། བསམ་སྡིངས་པ་གཞོན་གྲུབ་ཀྱི་ཁྲིད་ཡིག་ལས་བཏུས་སོ། །སུ་ཁ་ཆོས་དྲུག་གི་ཁྲིད་ཡིག །སུ་ཁ་ཆོས་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གཏུམ་མོ་ལ་མེ་ཐབ་དྲུག་བཅིངས་བྱས་ལ་རང་གི་ལྟེ་བར་པདྨ་འདབ་བཞི་ཡི་གེ་ལྔ་དང་བཅས་པ་གསལ་བཏབ་རྗེས། གཤང་སྒོའི་རླུང་གིས་ལྟེ་བའི་མེ་སྦར་ཏེ་དབུས་ཀྱི་ཨ་དང་ཕྱོགས་ཀྱི་ཧ་རི་ནི་སའི་ཡི་གེ་བཞི་མེར་དམར་ཚེར་འབར། མེ་འོད་ཀྱིས་ལུས་ནང་གང་བ་ལ་ཤེས་པ་གཏད་དེ། ཡིད་ཀྱིས་ཧ་རི་ནི་ས་ཞེས་བཟླ། རླུང་ཁ་སྦྱར་གཟུང་། སྒྱུ་ལུས་ནི་ལྟེ་བའི་པདྨའི་འོག་ཏུ་ཆོས་འབྱུང་ནང་རིགས་དྲུག་སེམས་ཅན་བསམས་ལ་སྙིང་རྗེ་བསྒོམ། ཡིག་འབྲུའི་འོད་ཀྱིས་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། འོད་རང་གི་ཚངས་བུག་ནས་ཐོན། ལྷའི་བུ་མོ་དཀར་མདངས།
༢༩༢ དྲི་ཟའི་སྔོ་སངས། བྲམ་ཟེའི་སེར་སྐྱ། མིའི་དཀར་དམར། ཀླུའི་དཀར་སེར། གདོལ་པའི་སྨུག་ནག་རྣམས། མིག་ལ་ཀྲི་ཀ་།མཆུ་ལ་ཆ་ག་།ལྟེ་བ་མན་ཆད་གོས་དང་བྲལ་བའི་གསང་སྒོའི་པདྨ་རྒྱས་པ་ཟེའུ་འབྲུ་རྒོད་པ་ལས་བྱང་སེམས་བདེ་བའི་རྒྱུན་དྲངས། སྤྱི་བོ་ནས་ཞུགས་ལུས་ནང་གང་། བདེ་བ་སྐྱེས་པར་མོས་ཤིང་སྒྱུ་མའི་རང་བབས་བསྐྱང་། རྨི་ལམ་ལྟེ་བའི་པདྨ་བདེ་དྲོད་ཀྱི་རང་ཉམས། ཡི་གེ་འཁོར་བ་ལ་ཤེས་པ་གཏད་ནས་རྨི་ལམ་ཡིན་སྙམ་དུ་གཟུང་སྤེལ་སྤྲུལ་བསྒྱུར་ཡང་ཡང་བྱ། ཡུལ་སྣང་ཨའི་འོད་ལམ་ལ་ཕྱིན་པས་གང་འདོད་ཇི་ལྟ་བར་མཐོང་། འོད་གསལ་ལ་རང་སེམས་ཨ་ལ་བཟོ་མེད་གསལ་ལེ་བཞག་པས་འཆར། འཕོ་བ་པད་འདབ་ཀྱི་ཡི་གེ་བཞི་འབྱུང་བ་བཞིར་བསམས་ལ་འབྱུང་བ་སྡུད་པའི་རིམ་པས་ཨ་ལ་བསྡུས་ལ། སྤྱི་བོ་ནས་རྒྱངས་ཐོན་སྐྱེ་མེད་དུ་ཡལ་བར་བསམ་མོ། །བར་དོ་ད་ལྟ་ནས་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཆོས་ཉིད་དུ་འཁྱེར་བ་ཉིད་ཡིན་ནོ། །སུ་ཁ་མཁའ་འགྲོ་ཀུན་གྱི་གཙོ། །དགའ་བཞི་ལྷན་སྐྱེས་རྩལ་མཛད་པའི། །རྣམ་གྲོལ་མཆོག་གི་ཆོས་དྲུག་གི། ཡི་གེ་ལྷག་ཆད་མེད་འདིའོ། །མཁྱེན་རབ་རྗེའི་ཁྲིད་ཡིག་ལས་བཏུས་སོ། །བདག་མེད་མའི་ནང་ཁྲིད། བདག་མེད་མའི་ནང་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་བདག་མེད་མའི་སྐུར་གསལ། སྒལ་ཚིགས་ཉེར་གཅིག་ལ་བདག་མེད་མ་ཚོན་གང་རེ་བཞུགས་པའི་ལུས་ཀྱི་དབུས་སུ་རྩ་གསུམ་ཤིང་སྡོང་ལ་འཁྲིལ་ཤིང་གི་ཚུལ་དུ་རོ་རྐྱང་གཉིས་དབུ་མ་ལ་བརྟེན་པར་བསྒོམ། ལྟེ་བར་པད་འདབ་བཞི་མདུན་སྔོ་སྐྱ། གཡས་དམར་གཡོན་སེར། རྒྱབ་དཀར། ལྟེ་བར་ལྗང་ཁུ་ལ་ཧ་རི་ནི་ཨའི་ཡི་གེ་འཁོད་པ། སྤྱི་བོར་སློབ་དཔོན་བིར་ཝ་།།།པ་དང་དབྱེར་མེད་དགེས་མཛད་རྡོ་རྗེ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་གར་གྱི་ཉམས་ལྡན། མདུན་གྱི་ནམ་མཁར་དམ་པ་རྒྱ་གར་སྐུ་
༢༩༣ སྨད་ལ་བལ་གྱི་ཐུལ་པ་མན་བས་པ། ཕྱག་ན་སྦའི་གླིང་བུ་འཛིན་པ་ཞལ་རང་ལ་བསྟན་པ་གཅིག་བསྒོམས་པ་ལ། བིར་ཝ་།།།པ་ཧཱུྃ། སུ་ཁ་མ་ཨཱཿ དམ་པ་རྒྱ་གར་ༀ། ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ་མཐར། ཨ་ལྟེ་བ་ན་གནས་པ་ལས་ཨའི་མདའ་གཅིག་ཆད། རྩ་དབུ་མའི་གཞུ་ལ་བརྟེན་རླུང་སེམས་གཉིས་ཀྱི་ལྕག་གིས་བསྐུལ་ནས་གྱེན་ལ་བྱོན་པར་བསམ། ལུས་གཡས་གཡོན་རེས་མོས་སུ་གཅུ་ཞིང་རྐང་པ་སྐྱིལ་ཀྲུང་། ལག་པ་གཉིས་བླ་རྩར་བཞག །མིག་འབྲས་ཀྱང་གྱེན་ལ་རིམ་གྱིས་བསྐྱོད། དེའི་ཚེ་རོ་རྐྱང་གི་ཞགས་པས་དབུ་མའི་ལམ་གཅུན་ནས་ཨ་སྤྱི་བོར་རྒྱངས་ཐོན་ཏེ་སུ་ཁ་མ་སིདྡྷི་དང་དབྱེར་མེད་པའི་བདག་མེད་མ་བདེ་བ་རྒྱས་པར་གྱུར་ནས། ནག་པོ་བིར་ཝ་།།།བ་ལ་ཁྱུད་་གྱིས་འཁྱུད་དེ་མཉམ་པར་སྦྱར་བའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་སྒལ་ཚིགས་ལ་བརྒྱུད་བདག་མེད་མ་ཉེར་གཅིག་སྐུ་གང་མཐར། ལྟེ་བ་ལུས་ཀྱི་ཞིང་ས་ནས་ལུས་མ་ལུས་པ་ལ་ཁྱབ་པར་བསམས་ལ། བཞིན་ལ་ངར་བླུད། །མིག་རྩེ་དཔངས་བསྟོད། ཤེས་པ་ལ་ཁྲོག་ཕྱུང་ལ། ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་བཞག །ལྷུག་པར་བཞག་པས་རང་སོ་ཟིན། ཅེས་པའི་གནད་དོ། །དགྱེས་རྡོར་ཀུན་ཏུ་དབྱེར་མེད་ལ། །སུ་ཁ་དགའ་བཞིའི་མདུད་གྲོལ་མཆོག །བདེ་ཆེན་འཁོར་ལོའ་རྒྱན་གྱུར་ཚུལ། ཡི་གེའི་སྣང་བར་འཕོས་འདིའོ། །ཁྱུང་པོའ་ཡིག་རྙིང་ལས་བཏུས་སོ། །ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག །ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ནི། །སྐྱབས་སེམས་སྔོན་དུ་སོང་ནས། བླ་མ་སྙིང་གི་དཀྱིལ་དུ་གསལ་བར་བསྒོམ། མདུན་དུ་ཤིང་བུ་ཕྲ་མོ་གཅིག་བཙུགས་ལ། དེ་ལ་མིག་མི་འཛུམ་པར་འགྱུར་བ་མེད་པར་ཅེ་རེ་ལྟ། ཤེས་པ་ཡང་དེ་ལ་ལྷན་ནེ་གཏད་དོ། །ཡང་དེ་ཀ་རང་ལ་ཁྲིམས་
༢༩༤ ནས་ཀྱང་མི་འཇོག་ལ། ཡང་རྩིར་ཟིན་དུ་ཡང་མི་བྱེད། དེ་ལ་ཡེངས་སུ་ཡང་མི་གཞུག་པར་སེམས་མི་ཡེངས་པའི་རྟེན་ཙམ་དུ་དེ་ལ་ཤེས་པ་ཡུད་དེ་གཏོད་ལ། དེའི་ངང་ལ་ཤེས་པ་རང་ལུགས་སུ་ལྷོད་གློད་ལ་ཆམ་གྱིས་ཞོག །སྒོམ་ལ་བཟང་གྱེས་བྱེད་པ་གལ་ཆེའོ། །གནས་བོད་བ་ལ་ཤིག་བཤིག་ལ་ཅུང་ཟད་ངལ་གསོ། ཡང་དེ་ལྟར་བསྒོམ། དེ་ལྟར་ཐུན་ཐུང་ལ་གྲངས་མང་བར་མཛད་ནས་ཐུན་བཞིར་བསྒོམ་མཛོད། །ཐུན་བར་ཐམས་ཅད་དེའི་ངང་མ་ཤོར་བ་དྲན་པས་རྒྱུན་ཆགས་སུ་ཏུ་རེ་མཛོད། མིག་ཀྱང་སྣ་རྩེ་ལ་མི་རིང་བར་ལྟེ། འགྲོ་འདུག་ལ་སོགས་སྤྱོད་ལམ་ཐམས་ཅད་ཀྱང་། ནད་པའི་སྤྱོད་ལམ་བཞིན་བྱ། དེ་ནས་སྨིན་མཚམས་སུ་ཐིག་ལེ་དཀར་པོ་སྲན་མ་ཙམ་གཅིག་བསམས་ལ། དེ་ལ་ཤེས་པ་ཡུད་དེ་གཏོད་ལ། དེའི་ངང་ནས་སེམས་རང་ལུགས་སུ་ལྷོད་དེ་ཞོག་གནས་བདོ་བ་ལ་ཤིག་བཤིག་ལ་ཅུང་ཟད་ངལ་བསོ། ཐུན་ཐོང་ལ་གྲངས་མང་བར་མཛད་ནས་ཐུན་བཞིར་བསྒོམ་མཛོད། ཐུན་བར་ཐམས་ཅད་དེའི་ངང་ལས་མ་ཤོར་བར་སྤྱོད་ལམ་སྔར་བཞིན། དེ་ནས་སྟན་གྱི་སྟེང་དུ་ཐིག་ལེ་ནག་པོ་རིལ་མ་ཙམ་ཅིག་བསྒོམ། དེ་ལ་ཤེས་པ་ཡུད་དེ་གཏོད་ལ། དེའི་ངང་ནས་སེམས་རང་གནས་སུ་ཞོག །དེ་རྣམས་ལ་གནས་པའི་སྣ་མ་ཟིན་ན་སེམས་མི་གནས་པའི་གེགས། རྣམ་རྟོག་ཐམས་ཅད་རྒྱ་ཡན་དུ་ཤོར་བ་ཡིན་ལ། དེ་དུས་སུ་རྣམ་རྟོག་འགོགས་པ་ནི། གདོད་ནས་རང་མི་འགེགས་རྣམ་རྟོག་ངོས་ཟིན་པར་བྱ། བསྒོམ་གྱིས་སྣ་མ་སུན་པར་གནད་ནས་བཟུང་ནས་བསྒོམ་པས་རྟོག་པ་ཇེ་ཕྲ་ལ་གནས་པ་སྐྱེ་འོང་། ཅི་བྱས་ཀྱང་རྟོག་པ་ངན་ལང་ཅན་ལ། གཞན་སྔར་དང་འདྲ་རྟོག་པ་དེ་ཐོག་ཏུ་ལྷོད་ཀྱིས་གློད་ནས་དྲན་ཐག་མ་ཆད་པའི་ངང་ནས་རྟོག་པ་བྱུང་ཚད་འགྱུར་རུ་ཆུག །ཅི་མང་ལ་ཐོང་། རྒྱ་ཡན་དུ་གཅིག་ཀྱང་མ་ཤོར་བ་གཅིག་སྐྱེས་ངོས་གཟུང་། གཉིས་སྐྱེས་ངོས་གཟུང་།
༢༩༥ སྐྱེས་ཚད་ངོས་བཟུང་། དེས་རྟོག་པ་རང་སེམས་འཛིན་པའི་རྟེན་དུ་སོང་ནས་སླར་རྟོག་པ་རྒྱུན་འཆད། རྟོག་པ་དེ་ཆད་ནས་གནས་པ་ཆེར་ཡོང་། རེས་གནས་པའི་རྒྱུན་མེད། རྟོག་པ་བན་བུན་མང་ཤེས་པ་ཚུབ་ཚུབ་པ་བྱུང་ན་ཁམས་ཀྱི་ནུས་པ་ཟད་པ་ཡིན་པས་ཁམས་གསོ་ཞིང་ཞག་རེ་ཙམ་ངལ་གསོས་ནས་གཟོད་བསྒོམ་པས་སོང་ཡོང་། ཁ་ཟས་བཅུད་ཅན་གལ་ཆེའོ། །ད་འདི་འདྲ་གཅིག་བསྒོམ་བྱ་བའི་བསྒོམ་རྒྱུ་དམིགས་གཏད་རྟེན་ས་ཅི་ཡང་མེད། སེམས་ཁོ་རང་རང་ལུགས་སུ་ལྷོད་གློད་ལ། གཟོ་མེད། བདག་པོ་མེད། གཉེར་ཁ་མེད་པར་གར་ཐོད་ཐོད་དེ་ཀ་བཞིན་དུ་འབོལ་ཐོང་སྟེ་བསྒོམ། རང་བབས་སུ་ཆམ་ཞོག །དེའི་ངང་ལ་མི་ཡེངས་ཙམ་གྱི་དྲན་པ་ཡུད་དེ་བ་ཞིག་གྱིས་ལ་དེ་མིན་ཅི་ཡང་མ་བསྒོམས་པར་རང་ལུགས་སུ་ཞོག །ཐུན་ཀྱང་སྔར་བས་ཐུང་དུ་བྱ། ལྷན་གནས་པ་དང་ཤིག་བཤིག་ལ་དར་རེ་ངལ་གསོ། ཡང་དེ་ལྟར་བསྒོམ། དེ་ལྟར་ཐུན་བཞིར་བསྒོམ། ཐུན་བར་ཐམས་ཅད་དུ་དྲན་པས་རྒྱུན་ཆགས་སུ་ཏུ་རེ་བྱ། སྤྱོད་ལམ་སྔར་བཞིན་བྱ། བསྒོམས་ལས་ལངས་པ་དང་། བཤིག་པའི་དུས་སུ་ཅི་འདྲ་ཞིག་འདུག་དྲིས་པས། བཤིག་ཙ་ན་སེམས་གང་དུའང་མི་འགྱུ་བར་ལངས་ཙ་ནའང་ཤེས་པ་དལ་ལ་ལྷོད་ཆགས་པ་ལྷོད་དེ་ཤིག་གེ་བ། སྣང་བ་ཟི་བུན་ནེ། རྩོལ་མེད་དུ་ལྷོད་དེ། ཡུལ་ལ་ཤེས་པ་ཆེད་དུ་མ་བཅུག་ན་སྤུ་རིས་མི་ཟིན་པ་གཅིག་འདུག་ཟེར་ན་ཞི་གནས་སྐྱེས་པ་ཡིན་ནོ། །དེ་ལ་ཤེས་པ་བག་ཙམ་ངར་བསྐྱེད་ལ་གསལ་ལེ་ཧྲིག་གེ་ཞོག །དེའི་ངང་ལ་མ་ཡེངས་པར་དྲན་པས་ཡུད་དེ་བྱ། གསལ་ལྷན་གནས་པ་དང་ཤིག་བཤིག་ལ་ངལ་གསོ། ཡང་དེ་ལྟར་བསྒོམ། ཐུན་བར་ཐམས་ཅད་དུ་དེའི་ངང་ལས་མ་ཤོར་བ་བྱ། སྤྱོད་ལམ་སྔར་དང་འདྲ། ད་དེ་ལྟར་གནས་པའི་རྟོག་པ་རྒྱུན་ཆད་ནས། བསྒོམ་
༢༩༦ བཟང་བདོ་བའི་དུས་ཀྱི་སེམས་དེའི་ངོ་བོ་ལ་ཆེར་བ་གཅིག་ལྟོས། སེམས་ཀྱི་ངོ་བོ་དེ་རང་ཅི་འདྲ་གཅིག་འདུག །རང་ལ་རང་གི་ལེགས་པར་ཐག་ཆོད་པ་ཞིག་ལྟོས། །ཡང་ཅམ་བཞག་གིན་དར་རེ་ངལ་གསོ། ཡང་དེ་ལྟར་བསྒོམ། དེ་ལ་ཐག་ཆོད་པ་ཞིག་ལྟོས་ལ་སེམས་ལ་ངོས་གཟུང་འདུག་གམ། ངོས་གཟུང་མེད་པའི་སྟོང་པ་ཞིག་འདུག་གམ། སྟོང་པ་ཅང་མེད་གཅིག་འདུག་གམ། སྟོང་པའི་ངང་ནས་གསལ་ལེ་རྗེན་ནེ་བ་ཞིག་འདུག་གམ་ཇི་འདྲ་ཞིག་འདུག །རང་གིས་རང་ལ་ལྟོས་ལ་ཉམས་ཤིག་ཁྱེར་ལ་ཤོག །ཁྲིད་ཀྱི་གནད་ཐམས་ཅད་འདི་ལ་ཡོད། སེམས་ཀྱི་ངོ་བོ་ཅི་འདྲ་ཞིག་འདུག་དྲིས་པས་སྟོང་པ་ཞིག་འདུག་ཟེར་ན་ཕྱོགས་གཅིག་ཙམ་མཐོང་ཡང་ངོ་སྤྲོད་དུ་མི་བཏུབ་པས། སྟོང་པ་ཅང་མེད་ཅིག་འདུག་གམ། གསལ་ཧྲིག་ཅིག་འདུག་གམ། ལེགས་པར་ལྟོས། ངོ་མ་མཐོང་བར་ངོ་སྤྲད་དུ་མི་བཏུབ། ངོས་གཟུང་མེད་པའི་ཤེས་པ་ལྷག་གེ་འདུག་ཟེར་ན། ངོ་མཐོང་བ་ཡིན་པས། ད་ངོ་སྤྲད་པ་ནི། སྤྱིར་སྒོམ་ལ་ཞི་གནས་དང་ལྷག་མཐོང་གཉིས་ཡིན། དེ་ལ་ཞི་གནས་ལྷག་མཐོང་བྱ་བ་དེ་ཚིག་ཡིན། ཞི་གནས་གནས་པ་ཞིག་ཡོད་པར་འདུག །ལྷག་མཐོང་གསལ་བ་ཞིག་ཡོད་པར་འདུག་སྙམ་པ་དེ་གོ་བ་ཡིན། དེ་རྣམས་ཀྱིས་མི་ཕན། ངེད་སྒོམ་ཆེན་པ་རིག་ཐོག་ཏུ་རྗེན་ནེ་ཉམས་སུ་བླང་དགོས་པས། ད་ཁྱོད་ལ་ངོ་སྤྲད་ན། ཁྱོད་ཀྱི་སེམས་རང་ལུགས་སུ་ལྷོད་བཞག་པའི་དུས་ན་རྣམ་པར་རྟོག་པ་རང་སར་ཉལ་ཞི་ནས། སེམས་རང་ལུགས་སུ་ལྷན་ནེ་གནས་པ་ཞིག་ནི་འདུག་གམ། དེ་ལ་ཞི་གནས་ཟེར་བ་ཡིན་ནོ། །ད་ལྟ་གདམས་ངག་པའམ། སྒོམ་ཆེན་པ་ཕལ་ཆེ་བ། དེ་ཁ་སྒོམ་དུ་བྱེད། རང་ཡང་རློམ། གཞན་ལ་ཡང་སྟོན་པ་མང་སྟེ། དེས་སྒོམ་དུ་ཅུང་མི་བཏུབ་པ་ཡིན། དེ་མེད་ཐབས་ཀྱང་མེད་པ་ཡིན། གནས་པ་དེའི་ངང་ནས་རྨུགས་པའམ་་
༢༩༧ ལུང་མ་བསྟན་ནམ། འཆལ་བའམ། བཏང་སྙོམས་སུ་མ་ལུས་པར་སེམས་ཀྱི་ངོ་བོ་དེ་འདི་འདྲ་ཞིག་འདུག་བྱ་བའི་ངག་ཏུ་སྨྲ་རྒྱུའམ། ཡིད་ཀྱིས་བསམ་རྒྱུའམ། བློས་བརྟག་རྒྱུའམ། ཚིག་ཏུ་བརྗོད་རྒྱུའི་ངོས་གཟུང་རང་མེད་ལ། ངོས་གཟུང་མེད་བཞིན་དུ་གསལ་ལ་མ་འགགས་པའི་ཤེས་པ་སེང་སེང་ཡེར་ཡེར་རྗེན་ནེ་ལྷན་ནེ་བ་མ་མཐོང་བའི་མཐོང་རྒྱུའམ་མ་མྱོངས་པའི་མྱོང་རྒྱུ་རང་ལ་ཡོན་རྒྱུ་ཞིག་ཡོད་ལ། ཁར་འདོན་དུ་མི་བཏུབ་པའི་གསལ་ལ་ངོས་གཟུང་མེད་པ་གཅིག་མི་འདུག་གམ། དེ་ལ་ལྷག་མཐོང་ཟེར་བ་ཡིན། དེ་གཉིས་ཚིག་ལ་སྔ་ཕྱི་འབྱུང་ཡང་དོན་ལ་ཐ་དད་མེད་པར་བསྒོམ། སྐད་ཅིག་དེའི་ཐོག་ན་ཚང་བསྒོམ་སྐྱོན་མེད་སྐྱེས་པ་ཟེར་བ་ཡིན་ནོ། །དེ་སྒྲོ་བཏགས་ཐམས་ཅད་དང་བྲལ་བས་རྟག་པའི་མཐར་མ་ལྷུང་། རང་གིས་རིག་ཅིང་མྱོང་བས་གྲུབ་པས་ཆད་པའི་མཐར་མ་ལྷུང་བའོ། །ད་སེམས་རང་ལུགས་སུ་ལྷོད་དེ་བཞག་པས་རྟོག་པ་རང་སར་ཉལ་ཞི་ནས་ངོས་གཟུང་མེད་པའི་ཤེས་པ་གསལ་སིང་ངེ་རང་རིག་རང་གསལ་དུ་རྗེན་ནེ་བ་དེ་ལ་སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་པ་ཟེར་བ་ཡིན། སེམས་ཅན་གྱི་སེམས་ཀྱི་མཚན་ཉིད་ཟེར་བ་ཡིན། དངོས་པོའ་གནས་ལུགས་ཟེར་བ་ཡིན། རང་གི་སེམས་བྱ་བ་ངོས་གཟུང་མེད་པའི་ཤེས་པ་གསལ་སིང་ངེ་བ་འདི་ཡིན་མོད་བླ་མས་དེ་ངོ་སྤྲད་པ་ཡིན། །སློབ་མས་དེར་ཤེས་པར་བྱེད་པ་ཡིན། དེ་སྔར་ངོ་མ་ཤེས་པ་ལ་ད་སེམས་ངོ་ཤེས་པ་ཟེར་བ་ཡིན། སངས་རྒྱས་མཁན། འཁོར་བར་འཁྱམས་མཁན། དགའ་བ་དང་། མི་དགའ་བ་དང་། མདོར་ན་སྲིད་དང་ཞི་བའི་ཆོས་ཀྱི་བྱེད་མཁན་ཐམས་ཅད་འདི་ཡིན། སྔར་རྟོག་པས་བསྒྲིབས་ནས་ངོ་མ་ཤེས་པ་ཡིན། ད་ལྟ་རྣམ་རྟོག་རྒྱུན་ཆད་པས་ངོ་ཤེས་པ་ཡིན་ནོ། །སེམས་དེ་ལ་ངོས་གཟུང་ཅི་ཡང་མེད་པ་སེམས་ཀྱི་རང་བཞིན་ཡིན། མེད་བཞིན་གསལ་ལེ་ཝལ་ལེ་བ་དེ་སེམས་ཀྱི་མཚན་ཉིད་ཡིན།
༢༩༨ སྟོང་གསལ་རིག་པའི་ངོ་བོར་སིང་ངེ།།།དེ་ངོ་བོ་ཡིན། དེ་ལ་ངོ་ཤེས་རྗེན་པ་ཞིག་མཛོད། སེམས་ཉིད་ལྷན་ཅིག་སྐྱེས་པར་ངོ་སྤྲད་པའོ། །ཕྱག་ཆེན་ཀུན་གྱི་ནོར་བུའི་ཏོག །ལྷན་ཅིག་སྐྱེས་དགའ་མཉམ་སྦྱོར་ཉིད། །རྣམ་གྲོལ་མཆོག་ཏུ་དཀྲི་པའི་ཚུལ། །འདི་ན་ཡི་གེའི་སྣང་བར་ཤར། རྒྱལ་སྲས་པའི་གསུང་ལས་རྒྱ་མ་པས་ཟིན་བྲིས་མཛད་པ་ལས་བཏུས་སོ། །ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་ཡིག །ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བྱང་ཆུབ་སེམས། ཡི་དམ་ལྷ། བླ་མ། ཕྱག་ཆེན། བསྔོ་བ། ལྔ་ལྡན་ཉམས་སུ་ལེན་པ་ལ། ཐུན་འདིའི་ནང་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་ཞེས་ཞེ་ཐག་པ་ནས་བསྒོམ། རང་ཉིད་སྐད་ཅིག་གིས་འཁོར་ལོ་སྡོམ་པ་ཡུམ་ལ་མཉམ་པར་སྦྱོར་བ། རྣམ་པ་གསལ་ཞིང་ང་རྒྱལ་བརྟན་པོ་བསྒོམ། སྤྱི་གཙུག་ཏུ་པདྨ་ཟླ་ཉིའི་གདན་ལ། རྡོ་རྗེ་འཆང་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ། སེམས་ཅན་ཐམས་ཅད་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་གསོལ་བ་བཏབ། མཐར་རང་ལ་ཐིམ། སྐུ་གསུང་ཐུགས་ལུས་ངག་ཡིད་གསུམ་འདྲེས་པའི་ངང་ལ། གང་ལ་ཡང་མི་སེམས་བྱིང་རྒོད་བྲལ་བཞིན་པའི་ངང་ནས་གང་དུའང་མི་འཕྲོ་བར་གསལ་ལེ། རྗེ་ནེ་བཞག །བསྔོ་བས་རྒྱས་བཏབ་བོ། །གནད་ལྔ་ཀུན་བསྡོམས་དགའ་བསྐྱེད་པའི། །གྲོལ་བ་མཆོག་སྟོན་ཐར་པའི་ལམ། །ཐབས་ཤེས་ཟུང་འབྲེལ་ཉམས་ལེན་གནད། ཡི་གེར་རྣམ་པར་སྤེལ་བའོ། །སྤྱན་སྔ་བའི་ཁྲིད་ཡིག་ལས་བཏུས་སོ། །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཡིག །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ནི། །སྐྱབས་སེམས་སྔོན་དུ་སོང་ནས། གཞི་རྩ་བཅད། བཞག་ཐབས་བསྟན། གོལ་ས་བཅད། ལམ་འཁྱེར་སྟོན་ཏེ། སེམས་དང་པོ་བྱུང་ས་མེད། ཡེ་སྟོང་རྩ་བྲལ། བར་དུ་གནས་པ་མེད། འགྱུ་བ་འགྱུས་སྟོང་། ཐ་མ་འགྲོ་ས་མེད། འགྱུ་
༢༩༩ བ་རང་གྲོལ་ཅིར་ཡང་མ་འགགས་ལ་ཅིར་ཡང་མ་གྲུབ་བ། འཁོར་བའི་སྐྱོན་གྱིས་མ་གོས་པ། ཡེ་ནས་སངས་རྒྱས་ཡིན། བཞག་ཐབས་དྲུག་སྟེ། ལུས་རྣམ་སྣང་ཆོས་བདུན་བྱ། ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན་དུ་མ་བཅོས་གཉུག་མའི་ངང་ལ་རྩོལ་སྒྲུབ་མེད་པར་བཞག །རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ་སེམས་གཡོ་འགུལ་མེད་པའི་ངང་ལ་བཞག །ཉི་མ་སྤྲིན་དང་བྲལ་བ་བཞིན་དུ་ཀུན་གསལ་མདངས་དང་ལྡན་པར་མཉམ་པར་བཞག །བུ་ཆུང་ལྷ་ཁང་ལྟ་བ་བཞིན་དུ་གསལ་ཆ་མ་འགགས་ལ་འཛིན་ཆ་མེད་པར་བཞག །ཆུའི་རྦ་རླབས་བཞིན་དུ་བྱུང་ཚོར་ཐམས་ཅད་སེམས་སུ་ཤེས་པར་བྱས་ལ་བཞག །ནམ་མཁའ་ལ་བྱ་འཕུར་བ་བཞིན་རིག་པ་རྗེས་མེད་བཞག །གོལ་ས་བཅད་པ། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བ་ལ་མི་དོགས། བར་སྣང་བ་ལ་མི་ཞེན། ཡིད་ལ་བྱར་མེད་པར་ཁོ་ཐག་བཅད། །ལམ་འཁྱེར་བསྟན་པ། རྒྱུན་གྱི་རྣལ་འབྱོར་དྲུག་སྟེ་ཉིན་མོ་སྣང་བ་རྒྱས་གདབ་པའི་རྣལ་འབྱོར། ནང་ནུབ་འདོད་ཡོན་གྲོགས་སུ་འཁྱེར་བའི་རྣལ་འབྱོར། སྲོད་ལ་དབང་པོ་བཞི་ལ་བསྡུ་བའི་རྣལ་འབྱོར། ནམ་གུང་ཤེས་བྱ་བུམ་པར་གཞུག་པའི་རྣལ་འབྱོར། ཐོ་རངས་རིག་པ་གསལ་ཆར་བཏབ་པའི་རྣལ་འབྱོར། འཆི་ཁར་ཡེ་ཤེས་ཟང་ཐལ་དུ་བཏང་བའི་རྣལ་འབྱོར་རོ། །ཨ་མ་ན་སི་ཡི་གེ་བཞི། །ཀུན་ཏུ་ཡིད་དགའ་འཆིང་གྲོལ་མཆོག །གཞི་རྩ་གཞག་ཐབས་གོལ་ས་བཅད། །ལམ་འཁྱེར་སྟོན་ཚུལ་ཡི་གེར་བཀོད། །གཡག་སྡེ་པཎ་ཆེན་གྱི་ཁྲིད་ཡིག་ལས་བཏུས་སོ། །སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་ཡིག །སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་ཉིད་སེར་ཁྲི་པདྨ་དང་ཟླ་བའི་གདན་ཁྲིའི་ཟུར་བཞི་ནས་ཚངས་པ། དབང་པོ། ཉེ་དབང་། དྲག་པོ་བཞིས་འཕྲུལ་འདོགས་ཀྱི་ཚུལ་དུ་མ་འདུད་པ། ལྷ་རྫས་གོས་དང་ནོར་བུའི་ཕྲ་བཀོད་ཀྱིས་སྤྲས་པའི་སྟེང་ན། ཐུབ་པའི་དབང་
༣༠༠ པོ་གསེར་མདོག་མཚན་དཔེའི་རྒྱན་ཅན། ཆོས་གོས་རྣམ་གསུམ་གསོལ་བ། ས་གནོན་མཉམ་གཞག །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་དབུའི་གཙུག་ཏོར་ནས་བརྩམས། དཔྲལ་བའི་མཛོད་སྤུ། ཐུགས་དཔལ་བེའུ། སྐུའི་ཁྱོན་ཐམས་ཅད་ནས་སངས་རྒྱས་སོང་མ་འདྲེས་པར་གསལ་བའི་བདག་ཉིད་སྐྲ་ཙམ་ཁྱོན་ལ་དུས་གསུམ་སྙེད་དུ་བཞུགས་པའི་སྐུ་ལས་འོད་ཟེར་སྤྲོས། སྣོད་དག་པའི་ཞིང་། བཅུད་རྒྱལ་བའི་སྐུར་གྱུར་པ་རྣམས་རང་གི་བ་སྤུའི་སྒོ་བྱེ་བ་ཕྲག་བརྒྱན་ས་ཞུགས་པས་སྤྲུལ་སྐུ་མཐོང་ཐོས་དྲན་རིག་གི་འགྲོ་བའི་དཔལ་མགོན་དུ་བསམས་པ་ནི། སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་ངོ་སྤྲོད་ཡིན་ཞིང་། ཡང་སེང་ཁྲི་པད་ཟླའི་གདན་ལ་རང་ཉིད་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པའི་རྣམ་པ་ཅན། ཞལ་གཅིག་ཕྱག་བཞི་པ། དང་པོ་མཉམ་སྦྱོར། གཡས་ཤེལ་ཕྲེང་། གཡོན་པདྨ། ཞབས་རྡོ་རྗེ་སྐྱིལ་ཀྲུང་། རལ་པའི་ཅོད་པན་མདུན་ན་འོད་དཔག་མེད། རི་དྭགས་ལྤགས་པའི་སྟོང་གཡོགས། གངས་རི་ལ་ཉི་མ་ཤར་འདྲའི་བ་སྤུའི་སྒོ་རྣམས་སངས་རྒྱས་བྱང་སེམས་གྱིས་གང་བ་ལས་འོད་ཟེར་འཕྲོས། སྣོད་བཅུད་སྦྱངས། ལོངས་སྐུ་ངེས་པ་ལྔ་ལྡན་དུ་གྱུར་པར་བསམས་པ་ལོངས་སྐུ་ངོ་སྤྲོད་ཡིན་ལ། ཡང་བདག་ཉིད་གདན་ཁྲི་ཕུན་སུམ་ཚོགས་པའི་སྟེང་ན། ཆོས་སྐུ་རྡོ་རྗེ་འཆང་ནམ་མཁའ་ལ་སྤྲིན་གྱིས་མ་གོས་པ་ལྟར་སྔོ་སངས། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་མཚན་དཔེ་གསལ་རྫོགས། དར་དང་རིན་པོ་ཆེའི་རྒྱན་ཅན་གྱི་སྐུའི་ཆ་ཤས་མ་ལུས་པ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱིས་གཏམས་པ་ལས་འོད་ཟེར་སྤྲོ་བསྡུས་སྣོད་བཅུད་སྦྱངས་ལ་རང་ལ་བསྡུ། རང་སྣང་ཡང་འོད་གསལ་བདེ་བའི་ངང་དུ་ཐིམ་ནས། ཆོས་ཟད་མཐར་འཁྱོལ་བ། སྨྲ་བསམ་བརྗོད་མེད་ཟབ་ཞི་སྤྲོས་བྲལ་བློས་མ་བྱས་པའི་རང་བབས་ལ་ཅམ་འཇོག་པ་ནི་
༣༠༡ ཆོས་སྐུ་གདོད་མའི་ངོ་སྤྲོད་དོ། །ཕུལླ་ཧ་རིའི་གདམས་པ་ཀུན། །རྫོགས་མཐར་དགའ་བར་བསྐྱེད་པའི་གསུང་། །རང་གྲོལ་ནཱ་རོ་ས་སྩལ་བའི་ཆོས། །མཆོག་གྱུར་ཡི་གེས་མཚོན་འདིའོ། །རྗེ་རང་བྱུང་བའི་ཁྲིད་ཡིག་ལས་བཏུས་སོ། །རླུང་སེམས་གཉིས་མེད་ཀྱི་ཁྲིད་ཡིག །རླུང་སེམས་གཉིས་མེད་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བསྐྱེད་རིམ་རླུང་སེམས་དབྱེར་མེད། རླུང་སེམས་ཐ་དད་སྤངས་པའི་རང་སྣང་ལྷ་སྐུ་བདེ་བའི་རང་ཉམས་ལྷན་ཅིག་སྐྱེས་མ་ལ་དྲན་པ་ཡེངས་མེད་དུ་སྐྱོང་ཞིང་མཉམ་རྗེས་མེད་པར་ནང་གི་ལྷན་ཅིག་སྐྱེས་མ་ལྟེ་བའི་ཨ་ཐུང་འབར་བ་མེའི་གོས་ཅན་ཙཎྜ་ལཱི་རླུང་གི་སྲོག་སྒྲུབ་ཡིན་པའི་ངེས་ཤེས་ཀྱིས་རླུང་སེམས་གྲུབ་སྡེ་གཅིག་པ་སྐྱེས་བུ་རྟ་ཞོན་གྱི་དཔེས་རླུང་ཟིན། ནམ་ཟིན་པ་ན་སྐད་ཅིག་ལ་སེམས་ཉིད་གདོད་མའི་རང་བབས་གསལ་ལེ་གནས་ཆ་བསྐྱང་། མེ་སྣང་དང་གནས་ཆ་བསྲེ། གང་ཤར་སྒྱུ་ལུས་རླུང་སེམས་དབྱེར་མེད་ཀྱི་ངང་མ་ལོག་པའི་སྣང་སྟོང་ཞེན་བྲལ། ན་ནུས་འཆི་ནུས་གང་ལའང་མི་ཞུམ་པའི་གུ་ཡངས། །བློ་བདེ་བླ་མའི་གདུང་ཤུགས་གཅིག་པུ་ལམ་གྱི་སྲོག་ཏུ་ཡིད་ཆེས་བསྐྱེད་ཅིང་། འཆི་ཁར་འཕོ་བ་རླུང་སེམས་གཉིས་མེད། གསང་གནས་ནས་ཡར་རླུང་སེམས་འདྲེས་པའི་ཐིག་ལེ་སྔོན་དམར་སྲན་མ་ཙམ་གཅིག་དབུ་མའི་གཞུང་ལམ་ནས་ཐལ་གྱིས་ཚངས་པའི་བུ་ག་ནས་ཏོག་གིས་ཡར། གནས་ལུགས་ངང་དུ་འཇོག་པའོ། །རླུང་སེམས་ཀུན་ཏུ་རོ་གཅིག་པ། །ཐ་དད་མི་འཛིན་རང་དགའི་བློས། །རང་གྲོལ་ཕྱག་རྒྱ་ཆེན་པོའ་དབྱིངས། །མཆོག་ཏུ་ཞལ་སྟོན་ཡི་གེའོ། །ལྷ་གཟིགས་རས་པའི་ཁྲིད་ལས་བཏུས་སོ། །སྲས་མཁར་མའི་ཁྲིད་ཡིག །སྲས་མཁར་མའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཤོག་དྲིལ་བཅོ་ལྔ་སྒོམ་པ་ལྟ་སྐོར་དང་། བཀའ་སྲུང་ཁོལ་པོ་དར་ཐོད་ཅན་སོགས་བཞག་རྗེས། དམིགས་
༣༠༢ པའི་སྙིང་པོ་དུས་གསུམ་ཞལ་བསྒྱུར་ལ། དུག་ལྔ་ཡེ་ཤེས་ལྔའི་ངོ་བོ་རྒྱལ་བ་རིགས་ལྔར་ཞལ་བསྒྱུར་བ་སྟེ། ཞེ་སྡང་ནག་ཐམ་སྐྱེས་པའམ་སྐབས་སུ་འགྱུར་མེད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མི་བསྐྱོད་པ་ཀྲོང་བྱོན་པ་ངེས་པས། ཞེ་སྡང་གི་ལས་ལ་མི་འཇུག་ཞུགས་ན་རྒྱལ་བུ་ཕ་དང་བྲལ། ཞེ་སྡང་གཉེན་པོས་མི་གནོན། མནན་ན་རྒྱལ་བུ་དབུ་འཕང་སྨད་པ་ཡིན། ཞེ་སྡང་དུ་སྣང་བའི་རང་ངོ་། གྲ་མ་ཆགས་ཟུར་མ་ཉམས་པ་ཨ་མ་སོར་རི་བ་དེ་ལ་ཞེ་སྡང་རྡོ་རྗེའི་མཚན་བཞག་ཅིང་། ཞེ་སྡང་མ་སྤངས་གནས་དག་ཕྱག་རྒྱ་ཆེན་པོ་སྟེ། ཞེ་སྡང་རྡོ་རྗེའི་ཤོག་དྲིལ་བསྒོམ། དོན་དེས་རིགས་བསྒྲེས་ལ་ང་རྒྱལ་མཉམ་ཉིད་ཡེ་ཤེས། སེར་སྣ་རིན་འབྱུང་། འདོད་ཆགས་སོར་རྟོག །ཕྲག་དོག་བྱ་གྲུབ། གཏི་མུག་མེ་ལོང་ཡེ་ཤེས་སུ་དག །གོང་གི་རིགས་པས་ཉམས་སུ་བླངས་ཤིང་། དུག་ལྔའི་ཤོག་དྲིལ་སོ་སོར་ལག་ལེན་ཁྲིགས་བཀོད་ཡིན་ལ། ཆོས་དྲུག་གི་མཇུག་ན། འཕོ་བ་གྲོང་འཇུག་གི་གནད། ཐོད་པ་མཚན་ལྡན་ནང་སྣག་ཚས་བྱུག་ལ་ནག་སིང་བ་བྱས་པའི་དཀྱིལ་དྲང་ཐད་དུ། ཡི་དམ་ལྷའི་ས་བོན་ཧཱུྃ་ཡིག་དཀར་སེང་པ་གཅིག་བྲིས་ལ། མཁའ་འགྲོ་མ་འདུ་བའི་དུས་བཟང་ལ་མཚམས་བཅད་ལ། ཚོགས་འཁོར་སྤྱི་དང་ཁྱད་པར་ཨཽ་རྒྱན་གྱི་མཁའ་འགྲོ་ཟ་བྱེད་ལས་ཀྱི་མཁའ་འགྲོ་མ་ལ། མི་ཤས་བརྒྱན་པའི་གཏོར་མ། ཚིལ་ཆེན་གྱི་སྤོས། ཞུན་ཆེན་གྱི་སྒྲོན་མེའི་དམ་རྫས་གསུམ་ནི་མེད་མི་རུང་བས། གོང་དུ་འདུ་བྱས་ལ་མཆོད་པར་འབུལ་ཞིང་། རང་ཉིད་བདེ་ཀྱཻ་གང་མོས་ཀྱི་ལྷན་སྐྱེས་སུ་བསྒོམ་ཞིང་། ཧྲཱིཿཧ་ཧའམ་དེ་ཝ་པི་ཙུ་གང་ནུས་བགྲང་། མིས་དབེན་པའི་སྤྱིལ་བུར་སྔ་དྲོ་ཁ་ནུབ། དགོངས་ཀ་ཁ་ཤར་དུ་བལྟས་ལ་རང་གི་མདུན་དང་ཉེ་བར་ཐོང་པ་སྟེགས་བཅས་བཞག་ལ། དེའི་ནང་གི་ཧཱུྃ་ཡིག་ལ་མིག་ལྟ་སྟངས་གཅུན། སེམས་མ་ཡེངས་པར་བཞག་པས་རང་
༣༠༣ གིས་བསགས་རྒྱབ་དང་བསྟུན་པའི་ཞག་མང་ཉུང་ཅི་རིགས་ནས་ཐོད་ནང་ཧཱུྃ་ལས་འོད་འཕྲོ་བ། དུད་པ་འཐུལ་བ། འདར་བ། འགུལ་བ་སོགས་བྱུང་ན་འགྲུབ་པའི་མཚན་མ་ཡིན་པས། ཐོད་པ་དར་ཟབ་ཀྱིས་གྲིལ་ལ་བསྐུར་སྟི་བྱ། གཏོར་མ་ནུབ་ཕྱོགས་སུ་བཏང་ལ་ལས་ཀྱི་རྗེས་མི་མངོན་པར་བྱས་ཏེ་ཉམས་སད་པའི་ཕྱིར་སྦྲང་བུ་ཚོད་ནང་དུ་ཤོར་ནས་ཤི་འཕྲལ་གྱི་རོ་ལག་མཐིལ་དུ་བཞག་ནས། ལྷ་བསྒོམ་སྔགས་བཟླ། སྔར་གྱི་རང་རིག་ཧཱུྃ་ལ་གཏོད་པའི་ཚུལ་རོལ་གཏད་པས་ཟིར་ཅེས་སྒྲ་འབྱིན་ཞིང་འདར་འདར་ཤིག་ཤིག་ངང་ནས་འཕུར་སོང་ན། དེ་ལྟར་ལན་ཅིག་ལན་གཉིས་མིན་པར་སྦྱངས་ན་དོན་འགྲུབ་ཅིང་། སྔོན་རྗེ་མར་པས་ཕུག་རོན་ལུ་གུ་སོགས་ལ་གྲོང་འཇུག་པར་མཛད་པ་གྲུབ་ཐོབ་ཀྱི་རྣམ་འཕྲུལ་ཡིན་ལ། གཞན་དུད་འགྲོ་ལ་འཕོ་ནུས་ཀྱང་སླར་ལོག་དཀའ་བས་ཚོད་ཟིན་པ་ནི་གཅེས་སོ། །སྲས་སློབ་ཀུན་ལ་གསང་ཆོས་འགའ། །དགའ་བར་གདམས་པའི་ཤོག་དྲིལ་རྣམས། །ཆོས་དབང་རྣམ་གྲོལ་མཆོག་བརྙེས་ལས། སྙིང་པོར་གྱུར་དག་བཀོལ་ནས་བྲིས། གཏེར་ཡིག་ནང་ནས་བཀོལ་ནས་ཕྲིས་སོ། །རྔོག་པའི་བསྲེ་འཕོའ་ཁྲིད་ཡིག །རྔོག་པའི་བསྲེ་འཕོའ་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། འདོད་ཆགས་དབང་གི་ཡེ་ཤེས་དང་། ཞེ་སྡང་བསྐྱེད་རྫོགས་དང་། གཏི་མུག་འོད་གསལ་དང་བསྲེ་བའི་གནད་ཀྱིས་འཁོར་བའི་རྩ་བ་དུག་གསུམ་མ་སྤངས་པའི་གནད་དག་གི་ཉམས་ལེན་ལ། གདོད་མའི་གནས་ལུགས་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱི་འོད་གསལ་ཆོས་སྐུ། །བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུའོ། །སྣང་ཚུལ་སྐྱེ་ཤིའི་བར་ན་རྣམ་སྨིན་གྱི་ལུས། གཉིས་དང་སད་པའི་བར་ན་བག་ཆགས་ཀྱི་ལུས། སྲིད་པ་འགག་པ་དང་སྐྱེ་བའི་བར་ན་ཡིད་ཀྱི་ལུས་སུ་གནས་སོ། །འཁྲུལ་ཚུལ་ལ། སྐྱེ་ཤི་བར་
༣༠༤ དོ་སྣང་བ། རྨི་ལམ་བར་དོ་བག་ཆགས། སྲིད་པ་བར་དོ་ལས་ཀྱི་འཁྲུལ་པའོ། །གྲོལ་ཚུལ་ལ། རབ་འོད་གསལ་གཉིས་འདྲེས་འཆི་ཁར། འབྲིང་སྒྱུ་མ་གསུམ་བརྒྱུད་དུ་བར་དོ། །ཐ་མ་སྐྱེ་གནས་ཕྱག་རྒྱ་ཆེན་པོར་གྲོལ་ལོ། །ལམ་དུ་སློང་ཚུལ་ནི། ཉིན་སྣང་བསྐྱེད་རིམ་བདེ་གསལ། མཚན་མོ་གཉིད་ཀྱི་འོད་གསལ། །བར་དོ་འདུན་པ་ལ་ལམ་སྦྱོང་ངོ་། མངོན་དུ་བྱ་ཚུལ་ནི། དབང་གི་ཡུལ་བླ་མ་ཡབ་ཡུམ་མཉམ་སྦྱོར་གྱིས་འདོད་ཆགས་སྦྱང་། དེའི་སྣང་བས་སྲིད་པ་ཉེར་ལེན་ཕ་མའི་ཞེ་སྡང་སྤྱོང་ཞིང་། མ་རིག་ཀུན་ལྡན་གཏི་མུག་རང་རིག་རང་གསལ་གྱི་སྒྲོན་མེས་སྦྱངས་ལ་བསྲེ་བའི་གནད་ནས་གཟུང་། འཆི་ཚེ་རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མས་སྐྱེ་འཛིན་དུ་འཕོ་སྟེ། རྣལ་འབྱོར་གོམས་སྟོབས་ཀྱི་ས་གཞིའི་འོད་གསལ་རང་ངོ་ཤེས་ན་སྔར་འདྲིས་མི་དང་འཕྲད་ཚུལ། སྒྱུ་འདྲའི་སྣང་བ་གང་མོས་དག་པའི་ཞིང་དུ། ཆོས་བཞིན་སྤྱོད་པའི་ཕ་མ་རིགས་བཟང་གི་མངལ་སྒོར་འཕོ་བ་སྟེ། བཀའ་བཞི་གདམས་པ་བསྲེ་འཕོ་སྐོར་སྙན་བརྒྱུད་ཀྱི་གནད་འདོམས་ཀྱང་དེ་ཉིད་དོ། །བཀའ་བཞི་ཀུན་གྱི་གདམས་པའི་གནད། །དགའ་བཞི་འདུས་པའི་གྲོལ་ལམ་མཆོག །རྔོག་བརྒྱུད་གསུང་གི་བདུད་རྩི་ཡི། །སྙིང་པོ་གཅིག་དྲིལ་ཡི་གེ་ཡིན། རྔོག་ཞེ་སྡང་རྡོ་རྗེའི་ཁྲིད་དཔེ་ལས་བཏུས་སོ། །སྙན་གྱི་ཤོག་དྲིལ་བཞིའི་ཁྲིད་ཡིག །སྙན་གྱི་ཤོག་དྲིལ་བཞིའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཤོག་དྲིལ་དང་པོ་དགྱེས་པ་རྡོ་རྗེའི་རྒྱུད་དོན་མཐར་ཐུག་ནི། ནཱ་རོ་པའི་ཞལ་གདམས་ཉིང་ཁུར་གྱུར་པ། སེམས་ཅན་གྱི་ས་ནས་སངས་རྒྱས་ཀྱི་བར་ཅིས་འགྲོན་ཨས་འགྲོ། །གནས་ལྟེ་བ་ནས་རྩ་དབུ་མའི་ལམ་ལ་བརྒྱུད་དེ་འགྲོ། །ཐབས་རླུང་སྲོག་རྩོལ་གྱི་ཉེ་ལམ་ལ་བརྟེན་ནས་འགྲོ་སྟེ། རང་ལུས་ལྷར་གསལ་བའི་ལྟ་བར་སེམས་ཉིད་རིག་པའི་ངོ་བོ་ཨ་ཁྲོན་གཏིང་ཟླ་བ་
༣༠༥ ལྟ་བུ་གཅིག་བསྒོམས་ལ་སྣ་བུག་ནས་སྲོག་རྩོལ་གྱི་རླུང་གིས་ལམ་བཙལ་ཏེ། མཐར་དབུ་མའི་ནང་ནས་ཡར་སྐར་མདའ་ལྟར་ཐལ་མར་བྱུང་ཞིང་། སྤྱི་བོར་ཨ་མི་དམིགས་པ་གནས་ལུགས་ཕྱག་རྒྱ་ཆེན་པོ་ལ་འཇོག་པ་དང་གཅིག །ཤོག་དྲིལ་གཉིས་པ་གསང་བ་འདུས་པའི་རྒྱུད་དོན་མཐར་ཐུག་ནི། དཔལ་ཡེ་ཤེས་སྙིང་པོའ་ཞལ་གདམས་ཉིང་ཁུར་གྱུར་པ། སྣང་བ་སྒྱུ་མ། དྲན་རིག་འོད་གསལ་སེམས་གསུམ་སྟོང་པར་ཕེབས་པ་སྟེ། སྣོད་བཅུད་སྒྱུ་འདྲ་རྨི་ལམ་བཞིན། དྲན་རིག་སྐྱེ་མེད་འོད་གསལ་དང་། སྣང་མཆེད་ཐོབ་གསུམ་རང་ཉམས་ལ། འཁྲུལ་པའི་ཡིད་ཆེས་རྙེད་པ་ཞིག་ཡིན། ཤོག་དྲིལ་གསུམ་པ། མ་ཧཱ་མཱ་ཡའི་རྒྱུད་དོན་མཐར་ཐུག །ཀུ་ཀུ་རི་པའི་ཞལ་གདམས་ཉིང་ཁུར་གྱུར་པ་ནི། སྤྲོས་པ་གཅོད་པ། འགྲོ་འོང་རང་གྲོལ་ངོ་བོ་འགྱུར་མེད་ལ་བློས་བྱས་ཀྱི་སྤྲོས་ཚོགས་བཅད་པས། གཟུང་འཛིན་འགྲོ་འོང་བྲལ་ནས། དོན་ལྷན་སྐྱེས་དབུ་མར་ཚུད་དེ་རིག་པ་ཆོས་སྐུར་སངས་རྒྱས་པ་ཉིད་དོ། །ཤོག་དྲིལ་བཞི་པ་རྡོ་རྗེ་གདན་བཞིའི་རྒྱུད་དོན་མཐར་ཐུག་ནི། རྣལ་འབྱོར་མ་ཆུ་ཤིང་སྙེ་མ་ཅན་གྱི་ཞལ་གདམས་ཉིང་ཁུར་གྱུར་པ། རྣལ་འབྱོར་པས་འཆི་བའི་དུས་ཐེབས་པ། འཕྲལ་ཡིད་ཆེས་ཀྱི་རྟགས་ཐོན་པ། འཆི་ཁར་སངས་རྒྱས་པ་ལ་ཐེ་ཚོམ་མེད་པ་སྟེ། ཕྱི་ནང་འཆི་ལྟས་སྤྱི་དང་། ཁྱད་པར་བྲག་ཕུག་གསང་བའི་འདུ་གནས་སུ་མ་མཁའ་འགྲོའི་རང་སྒྲ་ཡལ་ངེས་ནས་ཞག་བདུན་ལས་མི་འདའ་ངེས་པས་དུས་བཏབ་བྱ། ཀླུ་དབང་འཁྱིལ་པའི་རྩ་གནས་ལྟེ་བའི་གྲོང་ཁྱེར་ནས་རིག་པའི་ཁྱེའུ་ཆུང་འཕུར་ཏེ། ཡང་དག་དབུ་མའི་ལམ་ཆེན་ནས་ཞུགས། མགྲིན་པའི་གོང་ཙམ་དུ་ཨེན་ཙམ་ངལ་གསོ། རྟེན་ལ་ཕྱི་རླུང་སྣ་སྒོ་གཉིས་ཀ་ནས་དྲག་དུ་རྔུབས་ཏེ་ཐུར་དུ་མི་གནོན་པར་སྟེང་དུ་གཅུན། མིག་འབྲས་གྱེན་ལ་བཟློག །ལྷག་པར་ལྟག་པ་དགྱེད་པར་བྱས་ལ་ལག་པའི་
༣༠༦ སོར་མོས་མནན་ཅིང་རླུང་གྱེན་དུ་འཕུལ་ལ་རིག་པ་གཏད་པས་ཚངས་སྒོ་གཡའ་ཚ་འཁྱུགས་པ་མཐར་ནི་ངང་སྒོང་ཙམ་འབུར་ཡོང་བ་དེ་ལ་འཇག་མ་གཙུགས་ཏེ་ཡིད་ཆེས་སྒྲུབ་ཅིང་། དེ་འདྲའི་རྣལ་འབྱོར་པ་འཆི་ཁར་ཡེ་ཤེས་ཟང་ཐལ་དུ་སྡིག་སྒྲིབ་ཀྱིས་མི་གོས་པར་སངས་རྒྱས་པ་ཡིན་གསུང་ངོ། །མར་པའི་སྙན་གྱི་ཤོག་དྲིལ་ལས། །མཐར་ཐུག་བཞིའི་གདམས་པ་ཀུན། །དགའ་བའི་གླུ་ལེན་མཚུར་དབང་ལ། །རྣམ་གྲོལ་མཆོག་སྦྱིན་ཡི་གེའོ། །མཚུར་དབང་གི་རྡོ་རྗེའི་ཡིག་རྙིང་ལས་བཏུས་སོ། །སྦྱོར་དྲུག་གི་ཁྲིད་ཡིག །སྦྱོར་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། མུན་ཁང་དང་སྟེགས་བུ་སོགས་ཚགས་སུ་ཚུད་པར་བྱས་ལ། སྐྱིལ་ཀྲུང་ཕལ་བ་དང་ལག་པ་གཉིས་ས་གནོན་བྱས་ནས། རླུང་གི་དུག་དབྱུང་བ་ཅི་རིགས་གྲུབ་པའི་རྗེས་སུ། ལུས་གནད་རྡོ་རྗེ་སྐྱིལ་ཀྲུང་། ལག་གཉིས་ཁུ་ཚུར་གན་རྐྱལ་ལམ། ཁ་སྤུབ་བརླའི་རྩ་བར་བཀོད་ཅིང་། ལག་ངར་གཉིས་དྲང་པོར་བྱས་པ་རྩིབ་ལོགས་སུ་སྦྱར་བ་དང་ལྷན་ཅིག་ཏུ་རྒལ་ཚིགས་དྲང་པོར་བསྲང་བའམ། དེ་ལྟར་མ་ནུས་ན་སེམས་སྐྱིལ་དང་། མཉམ་གཞག་གི་ཕྱག་རྒྱ་བྱས་ལ། རོ་སྟོད་རྒྱབ་དུ་དགྱེ་ཞིང་མགྲིན་པ་ཅུང་ཟད་སྒུར་ཀོས་ཀོས་ཨོལ་མདུད་ནོན་ཙམ། ལྕེ་རྐན་ལ་སྦྱར། མཆུ་རང་བབས་སུ་བཞག་པ་སྟེ། ལུས་གནད་མདུན་རྒྱབ་གཡས་གཡོན་ཡོ་འཁྱུགས་མེད་པར་བཅོས་ཏེ། ལྟ་སྟངས་སྣ་རྩེ་ནས་སོར་བཅུ་དྲུག་གི་ནམ་མཁར་གཡོ་བ་མེད་པར་རྩེ་གཅིག་ཏུ་གཏད་ལ། སེམས་འདས་མ་འོངས་ཀྱི་རྟོག་པའི་རྗེས་བཅད་སྔོན་བསུ་མེད་ཅིང་ད་ལྟ་བའི་ཤེས་པ་ལའང་འཕྲོ་གཞིག་མི་བྱ་བར་མི་རྟོག་པའི་ངང་ལ་བཞག་གོ །དེ་ལྟར་ལུས་ངག་ཡིད་དབེན་པ་གསུམ་ལ་གནས་པ་ནི། ལྟོས་མེད་བཞི་ལས། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་། ངག་གི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་། སེམས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པའི་དོན་ནོ། །སོ་སོར་
༣༠༧ སྡུད་པ་ནི། ས་རླུང་རྒྱུ་དུས་ངེས་པར་བྱས་ནས་སམ། སྣ་བུག་གཡས་ཀྱི་རླུང་སྡུད་རིམ་གྱིས་རྒྱུ་བའི་རྟེན་འབྲེལ་གྱིས་ཀྱང་རྣམ་པར་མི་རྟོག་པ་སྐྱེ་བས། དུས་དེའི་ཚེ་བསྒོམ་ཅིང་། སྲོད་ཐོ་རངས། སྔ་དྲོ་ཕྱི་དྲོ་རྣམས་སུ་བསྒོམ། ཉིན་མཚན་གྱི་གུང་དང་། དགོངས་ཆའི་དུས་སུ་བྱིང་རྒོད་ཀྱི་དུས་ཡིན་པས་ངལ་གསོའོ། །ལུས་གནད་སྔར་བསྟན་པ་ཉིད། རླུང་གི་དུག་དབྱུང་བ་དང་བཅས་པ་བྱས་ནས་ལྟ་སྟངས་ཀྱང་སྨིན་མཚམས་ནས་སོར་བཅུ་དྲུག་གི་ཐད་སོར་གཡོ་མེད་དུ་གཏད། ངག་རླུང་རང་བབས་སུ་བཞག །སེམས་རྣམ་པར་མི་རྟོག་པར་བཞག་པ་གཙོ་བོར་བྱ། དེའི་ཚེ་ཅུང་ཟད་རྟོག་པ་འཕྲོ་ན་ལྟ་སྟངས་ཀྱིས་རིག་པ་གཅུན། ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཟིར་ཏེ་རིག་པ་རྩེ་གཅིག་ཏུ་བཞག་པ་གཅེས་སོ། དེའི་དུས་ཀྱང་རྟོག་པ་ཡུལ་གྱི་སྟེང་དུ་རྒྱུག་ན། འདས་པ་དང་། མ་འོངས་པ་གཉིས་བཅད་ནས་ད་ལྟ་བའི་ཤེས་པ་མ་བཅོས་པར་འཇོག་གོ །སེམས་ཀྱི་འཇོག་ཐབས་དེ་རྣམས་ཀྱི་གྲིམས་ཆས་ཤེས་པ་ཡེར་བར་གྱུར་ན། བསྒྲིམས་པའི་རྩོལ་བ་བཤིག་ནས་གློད་དེ་འཇོག་མོད་ཀྱི། མ་ཡེངས་པའི་དྲན་པས་ཅུང་ཟད་བྱ་ར་བྱའོ། །ཉིན་མོའ་རྣལ་འབྱོར་ནི། ཤར་ནུབ་ཏུ་ནམ་མཁའ་རྒྱ་ཆེར་སྣང་ལ་གངས་ལ་སོགས་པའི་དཀར་འཚེར་མེད་པར། སྤྲིན་དང་སེར་བུ་མེད་པའི་ཚེ་སྔ་དྲོ་ཁ་ནུབ་ཏུ་ཕྱོགས་ཤིང་། ཕྱི་དྲོ་ཤར་དུ་ཕྱོགས་པས་ལྟ་སྟངས། ལུས་གནད། སེམས་ཀྱི་འཇོག་ཚུལ་སྔ་མ་ལྟར་བྱའོ། །ཉིན་གུང་ཐུན་མཚམས་བྱ། མན་ངག་རྣལ་འབྱོར་གཉིས་པོ་དེ་དག་གི་དུས་སུ་བྱིང་བ་ཤས་ཆེ་ན། སྐྱིལ་ཀྲུང་ལག་གཉིས་པུས་མོ་ལ་དགབ་པའི་ལུས་གནད་དང་ལྡན་པས་རླུང་ཅུང་ཟད་བཟུང་ནས་ཁ་སྣ་གཉིས་ཆར་ནས་རླུང་ཕྱིར་དྲག་ཏུ་དབྱུང་། འཕྲོ་རྒོད་ཤས་ཆེན། ལུས་འོད་ཀྱི་གོང་བུར་བྱས་
༣༠༨ ནས། དེ་ཡང་ཇེ་ཆུང་ཇེ་ཕྲར་རིམ་གྱིས་མི་དམིགས་པ་ལ་འཇུག་པས་སེལ་ལོ། །རྣལ་འབྱོར་དེ་དག་ལ་རྩེ་གཅིག་ཏུ་བརྩོན་པར་བྱས་པའི་མཐུས། རླུང་སེམས་རྡོ་རྗེའི་ལམ་ལས་ཨ་ཝ་དྷཱུ་ཏིར་ཞུགས་ནས། འོད་གསལ་བའི་སྣང་བ་རྒྱ་ཆེར་མཐོང་བ་ཡང་མཚན་རྟགས། དུ་བ་དང་། སྨིག་རྒྱུ་དང་། མཁའ་སྣང་སྲིན་བུ་མེ་ཁྱེར་གྱི་རྣམ་པ་དང་། མར་མེ་འབར་བ་ལྟ་བུ་དང་བཞི་འབྱུང་། ཉིན་རྟགས་མེ་འབར་བའི་རྣམ་པ་སེར་པོ་འབར་བ་དང་། ཟླ་བ་དང་། ཉི་མ་དང་། རྡོ་རྗེ་སྒྲ་གཅན་ཁ་དོག་ནག་པོ་དབྱིབས་དུ་མ་ཅན་དང་། མཆོག་གི་ཆ་གློག་འགྱུ་བ་ལྟ་བུ་དང་། ཐིག་ལེ་སྔོན་པོ་སོགས་ཀྱི་སྣང་བརྙན་རྣམ་པ་དྲུག་ཀྱང་འཆར། འདི་དག་ཀྱང་གཙོ་ཆེ་ཆུང་གི་ཉིན་རྟགས་དང་མཚན་རྟགས་སུ་བཞག་མོད་ཀྱི་མ་ངེས་པར་འབྱུང་ངོ་། །དེ་ལྟར་ཡུན་རིང་དུ་བསྒོམས་པས་ཐིག་ལེ་དེའི་དངུས་སུ་རྣམ་པ་ཀུན་ལྡན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གཟུགས་སུ་སྣང་བར་འགྱུར་རོ། །གཞོམ་དུ་མེད་པའི་སྒྲ་བརྙན་ནས་རེག་བརྙན་གྱི་བར་ཉམས་སུ་མྱོང་ངོ་། དེ་ལྟར་རྣམ་པའི་རྟགས་སྣང་འབྱུང་བའི་རྒྱུ་མཚན་ནི། བསྡུ་རིམ་དང་བསྐྱེད་རིམ་གྱི་རྒྱུ་བའི་རླུང་དབུ་མར་ཞུགས་པ་ལས་ཡིན་པར་གསུངས་ཀྱང་། རགས་པའི་འབྱུང་འཇུག་བྱེད་པའི་རླུང་རིམ་པས་ཐིམ་པར་མི་མངོན་བཞིན་དུ་རྟགས་སྣང་ཇི་ལྟར་འཆར་བར་འགྱུར་རོ་སྙམ་ན། དེ་ནི་སེམས་རྣམ་པར་མི་རྟོག་པའི་མཐུས། ཕྲ་བའི་རླུང་རྣམ་ཤེས་ཀྱི་བཞོན་པར་གྱུར་པ་ངག་གི་གཡོ་བ་ལོག་ནས་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཅི་ཙམ་འགགས་པ་ལྟར། འབྱུང་བ་ལྔའི་རླུང་རྣམས་རྒྱུ་བ་རིམ་གྱིས་ཐིམ་ཞིང་ཞུགས་པར་དགོངས་ལ། སྟོང་གཟུགས་དེ་མཐོང་བའི་མིག་ཀྱང་ཕལ་པ་ཉིད་མ་ཡིན་པར་ཤའི་མིག་གིས་མཐོང་། དེ་ཡང་དབང་པོའ་མངོན་སུམ་རྣལ་འབྱོར་པའི་ཡེ་ཤེས་ཀྱི་སྣང་བ་རྟོག་བྲལ་མ་འཁྲུལ་པའི་མངོན་སུམ་དེ་ཉིད་ཉེ་བར་སྟོན་པར་བྱེད་པའི་མཚན་ཉིད་དུ་
༣༠༩ བཤད་པ་ཁོ་ན་ཡིན་ནོ། །རྟགས་དང་རྟགས་ཅན་དེ་དག་ལ་ངེས་པ་དང་། ཡང་དག་པར་ངེས་པའི་རྟགས་ཤེས་ཀྱང་གསུངས་ཤིང་། མ་ངེས་པའི་རྟགས། བུམ་པ། སྣམ་བུ་རེ་ལྔེ་སོགས་སྣ་ཚོགས་པའི་རྣམ་པ། རྨི་ཉམས་དུ་མ་འབྱུང་ལ། སྤུ་རིས་ཕྱེད་པ་ལས་རྟོགས་པར་བྱའོ། །བསམ་གཏན་ཞེས་པའི་དོན་ནི། སྔར་སོར་སྡུད་ཚེ་མཐོང་བའི་སྟོང་གཟུགས་ལ་སེམས་རྩེ་གཅིག་ཏུ་གནས་པར་བྱེད་པ་སྟེ། ཐོག་མར་སྟོང་གཟུགས་སྣ་ཚོགས་ཤར་ཡང་རང་བཞིན་སྟོང་པ་ཉིད་དུ་ཤེས་པ་ཤེས་རབ་དང་། རྣམ་རྟོག་གཡོ་བར་འགྱུར་ན་སྟོང་གཟུགས་ཀྱང་གཡོ་ཞིང་། སེམས་མི་འཕྲོ་བའི་དུས་མི་གཡོ་བར་ངེས་པ་ལ། སྟོང་བཞིན་དུ་དངོས་པོའ་རྣམ་པ་ཙམ་འཛིན་པ་རྟོག་པ་དང་། དེ་ལྟར་སྟོང་གཟུགས་གཅིག་ཏུ་མ་ཟད་གང་སྣང་ཐམས་ཅད་ལ་ཡང་དེ་ཁོ་ན་ལྟར་ངེས་ཤེས་དང་བཅས་སྐྱེ་བ་ནི་དཔྱོད་པ་ཡིན་ལ། ཚུལ་དེས་སྟོང་པ་ཉིད་ཀྱི་གཟུགས་དེ་ལ་སེམས་ཀུན་ཏུ་གནས་པས་ཆགས་པའམ། ཡང་ཡུལ་དེ་ལ་མཚན་མར་འཛིན་པའི་ཆགས་པས་མ་གོས་པར་བྱ་བ་དག་འགལ་མེད་དུ་ཉམས་སུ་བླངས་པས་ཡིད་ལ་དགའ་བ་ཁྱད་པར་ཅན་འབྱུང་ཞིང་། སྔ་མ་དེ་རྣམས་ལ་ཡང་ཡང་གོམས་པར་བྱས་པས། སེམས་དང་སྟོང་གཟུགས་རོ་གཅིག་ཏུ་འདྲེས་པ་ལྟར་གྱུར་ནས་ལུས་ཤིན་ཏུ་སྦྱངས་པའི་བདེ་བ་སྐྱེ་བ་ལ། གཡོ་མེད་བདེ་བའམ། མི་གཡོ་བའི་བདེ་བ་ཞེས་བྱ་ཞིང་། ཡན་ལག་ལྔ་ལྡན་ལ་ནན་ཏན་བྱས་པས། སྟོང་གཟུགས་བརྟན་པོར་གྱུར་ཀྱང་། མིག་བཙུམ་ན་སྟོང་གཟུགས་མི་གསལ་ན་ཉིན་མོའ་རྣལ་འབྱོར་གྱི་དུས་སུ། རྟགས་སྣང་ནམ་མཁར་ཤར་བ་རིམ་གྱིས་ཕབ་སྟེ། ལས་སྣང་གི་དངོས་པོ་གང་རུང་གི་སྟེང་དུ་ལྟ་སྟངས་རྩེ་གཅིག་ཏུ་གཏད་ཅིང་སེམས་བཟུང་བས་ཅི་ཞིག་ན་ལས་སྣང་དེ་རྣམས་
༣༡༠ འགག་ནས། རྟགས་སྣང་འདྲེས་པར་འཆར། མིག་བཙུམ་པའི་སྟོང་གཟུགས་གསལ་ན། རྩ་གསུམ་གྱི་འདུས་མདོ་ཨ་ཝ་དྷུ་ཏིའི་ནང་དུ་སེམས་བཟུང་བས་ཁྱད་པར་དུ་ཡང་སེམས་གནས་ཆ་བརྟན་པར་འགྱུར་རོ། །ཡང་སྣ་བུག་གི་སྒོ་ནས་སོར་བཅུ་དྲུག་ཙམ་གྱི་ཐད་སོར། རླུང་རྒྱུ་བ་དང་སྟོང་གཟུགས་ཕྱོགས་མཐུན་དམིགས་པའི་ཡུལ་དུ་བྱས་པས་རླུང་གི་ཁ་དོག་མཐོང་བ་དང་། ཞི་རྒྱས་ཀྱི་ལས་སྦྱོར་རྣམས་ཀྱང་འགྲུབ། མལ་སྟན་བདེ་ཞིང་སྔས་མཐོ་བར་བྱས་པ་ལ། སེང་གེའི་ཉལ་སྟབས་སུ་ལུས་གནད་དང་། རླུང་རང་སོར་རྒྱུ་བ་ཉིད་ལ་སེམས་རྣམ་པར་མི་རྟོག་པའི་ངང་དུ་བཞག་པར་གཉིད་དུ་འགྲོ་བ་བྱས་པས། རྨི་ལམ་གྱི་རྣམ་པ་ཅི་རིགས་པའང་མེད་ཅིང་། སད་པའི་རྗེས་སུ་སེམས་གསལ་སྟོང་དུ་གནས་པ་འགྱུར་བ་ནི་འཐུག་ཟིན་དང་། གཉིད་ཤིན་ཏུ་སྲབ་མོར་གྱུར་ཏེ། མུན་ཁང་གི་ནང་སྐྱ་བོར་སྣང་བ་ལྟ་བུ་དང་། སྟོང་གཟུགས་རྣམས་ཀྱང་གསལ་བར་འཆར་བ་དག་འབྱུང་ངོ་། །རིམ་གྱིས་མཉམ་རྗེས་འདྲེས་པར་འགྱུར་བས་དེ་རྣམས་ལ་བརྩོན་པར་བྱའོ། །སོར་སྡུད་ཀྱི་དུས་ལ་རྟགས་སྣང་གསལ་བ་དང་། རྒྱ་ཆེར་འཆར་བ་དང་། སྒྲ་བརྙན་དྲི་བརྙན་སོགས་འབྱུང་བ་དང་། ཐིག་ལེ་ལ་ཡང་འོད་སྣ་ཚོགས་འཕྲོ་ཞིང་། ཕྲ་བ། འཚེར་བ། འདར་བ། གཞིག་དཀའ་བའི་ཆོས་ལྔ་ལྡན་དང་། དེའི་དབུས་ཀྱི་སངས་རྒྱས་ཀྱི་སྐུ་ངེས་པ་གསུམ་ལྡན་རེ་ཁཱ་དང་བཅས་པ་སྣང་། ལྷའི་མིག་གི་མངོན་ཤེས་ནས། རྣ་བ་དང་། རྫུ་འཕྲུལ་གྱི་དང་། གཞན་གྱི་སེམས་དང་། སྔོན་གྱི་གནས་དྲན་པའི་མངོན་ཤེས་ལྔ་ཐོབ་ཅིང་། རྩ་དག་ཅིང་རྡོ་རྗེའི་སྐུ་འགྲུབ། སྲོག་དང་རྩོལ་བ། སྟེང་ནས་རྒྱུ་བའི་སྲོག་གཡས་དང་གཡོན་པའི་རྩར་འབབ་པ་དགག་ཅིང་དབུ་མར་འཇུག་པའི་རིམ་པ་ནི་རྩོལ་བ། གཡོན་ནས་རླུང་རྒྱུ་བའི་དུས་དང་སྦྱར།
༣༡༡ གཙོ་ཆེར་མུན་ཁང་ལ་གནས་ནས་ལུས་གནད་རྐང་པ་གཡས་པའི་རྟིང་པས་རྡོ་རྗེའི་རྩ་དང་བཤང་སྒོ་དགག་ཅིང་། གཡོན་མདུན་དུ་ཅི་བདེར་བརྐྱང་། ལག་གཉིས་ཐལ་མོ་བསྣོལ་མར་བརླའི་སྟེང་ཙམ་དུ་བཞག་པ་ཐབ་མགལ་ལམ་འཁྱུད་པའི་ཚུལ་གྱིས་ཁུ་ཚུར་བཅིངས་པ་དང་ལྟ་སྟངས་སྨིན་མཚམས་ནས་སོར་བཅུ་དྲུག་གི་ཐད་དུ་ལྟ་བར་མཛད་པ་བཞིན་བྱས་ལ། ལྟོ་བ་ལྟེབས་པ་དང་སྦྱར་བའི་དབུགས་རྒྱུན་ཉེར་གཅིག་ཙམ་གྱི་བར་ཕྱིར་འབུད་པའི་ཚེ་ལུས་རྩ་ཐམས་ཅད་ནས་རླུང་ཕྱིར་བྱུང་ཞིང་། རྩ་རྣམས་ཀྱང་ལྡེམ་ཀྱོག་བྱེད་པའི་དམིགས་པ་དང་། གཡས་གཡོན་མཉམ་པར་དབྱུང་བ་ལག་ལེན་ལྟར་ཅི་རིགས་གྲུབ་པའི་རྗེས་སུ་ཉམས་སུ་བླང་བྱའི་མན་ངག་ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་རྡོ་རྗེའི་ཚིག་དྲུག་ཅེས། རྩ་ལམ་སྦྱོང་བ་རྡོར་བཟླས། འཇམ་རླུང་དགང་གཏོང་གིས་རླུང་དབུ་མར་གཞུག་པ། རྩུབ་རླུང་བུམ་པ་ཅན་གྱིས་རླུང་དབུ་མར་ཞུགས་པ་དེ་བཅིང་བ། དེ་དག་གིས་ཚུད་པ་དང་འཆིང་བར་མ་གྱུར་ན་དྲག་རླུང་བཙན་ཐབས། །ཞེས་གསུངས་པས། སྔ་དྲོ་ལྟོ་སྟོང་ལ་སོགས་པའི་དུས་སུ་སེམས་སྐྱིལ་ལམ་རྡོ་རྗེ་སྐྱིལ་ཀྲུང་བྱས་ལ། སྣ་བུག་གཡོན་ནས་རླུང་རྒྱུན་གཡས་པའི་ཁུ་ཚུར་གཡོན་པའི་མཆན་རྩ་དང་ནུ་མའི་སྟེང་དུ་བཞག་ལ་གྲུ་མོ་གཡོན་པས་མནན། གདོང་གཡས་སུ་གཅུས་ནས་འོག་རླུང་ཅུང་ཟད་འཐེན་ཞིང་ལག་པ་གཡོན་པའི་ཁུ་ཚུར་གྱི་མཛུབ་མོ་བརྐྱངས་པས་སྣ་བུག་གཡས་བཀག་ཅིང་། རླུང་སྣ་བུག་གཡོན་ནས་དྲག་ཏུ་རྔུབས་ལ་ལྟེ་བར་མནན་ཟིན་པ་དང་གཡོན་ཕྱོགས་སུ་གདོང་བསྒྱུར་ལ། མཛུབ་མོས་སྣ་བུག་གཡས་བཀག་པ་བཏང་ནས་གཡོན་བཀག་ལ་གཡས་པའི་སྣ་བུག་ནས་རླུང་ཤུགས་ཕྱུང་སྟེ་འབུད་དོ། །དེ་བཞིན་དུ་གཡས་ནས་རྒྱུ་ན་ལག་པ་གཡོན་པའི་ཁུ་ཚུར་གྱིས་གཡས་པའི་མཆན་
༣༡༢ རྩ་དང་ནུ་མ་མནན། གདོང་གཡོན་དུ་བལྟས་ཏེ་འོག་རླུང་འཐེན། གཡས་པའི་ཁུ་ཚུར་གྱི་འཛུབ་མོས་སྣ་བུག་གཡོན་བཀག །གཡས་ནས་རྔུབས། གདོང་གཡས་སུ་བསྒྱུར་ནས་མཛུབ་མོས་སྣ་བུག་གཡས་བཀག་ལ་གཡོན་ནས་འབུད་དོ། །དེ་ལྟར་ལན་བདུན་ལ་སོགས་པར་རེས་མོས་ཀྱིས་བསྒྱུར་ནས་མཉམ་རྒྱུར་བྱ་ཞིང་། སྐབས་སུའང་ངལ་གསོའོ། །སྲོག་རྩོལ་འདི་རྣམས་ཀྱང་ཇི་སྲིད་དུ་མགོ་བོ་ན་ཞིང་སྙིང་ཁར་འཚང་བ་དང་། འོད་ཀྱི་འཁོར་ལོ་ལྟ་བུའི་རྟགས་མཐོང་ནས་ཀྱང་། དེ་ཉིད་སྟེང་གི་ཕྱོགས་མཐོན་པོར་སོང་བ་མཐོང་ན། རེ་ཞིག་ཐུན་མཚམས་བྱ་བའམ། སོང་བསམ་དག་བསྒོམ་མོ། །སྲོག་ཐུར་བསྲེ་བ་དང་། ལྕེའི་ཆུང་གི་བདུད་རྩི་མྱང་བ་གཉིས་སུ་བཞེད་ཀྱང་། སྲོག་ཐུར་བསྲེས་རྗེས་འཁོར་ལོ་སོ་སོའ་དབུས་སུ་ས་ཆུ་ལ་ཐིམ་པ་ནས་ནམ་མཁའ་ཡེ་ཤེས་ལ་ཐིམ་པའི་ཚུལ་གྱིས་འཛིན་པའི་ཡན་ལག་བསྒོམ་པ་ལ། ལུས་གནད་བུམ་པ་ཅན་གྱི་སྐབས་བཞིན་ནམ་རླུང་གཡོན་དུ་གཙོ་བོར་རྒྱུན་རྐང་པ་གཡས་ཀྱི་རྟིང་པས་འོག་སྒོ་མནན། གཡོན་ཅུང་ཟད་མདུན་དུ་བརྐྱངས་པའི་གཡོན་རོལ་དང་། གཡས་རླུང་རྒྱུ་ན་དེ་ལས་བཟློག་པར་བྱ་ཞིང་། ལག་གཉིས་པུས་མོ་ལ་བཀབ་པ་དང་ལྟ་སྟངས་སྔ་མ་ལྟ་བུས། ཐོག་མར་འོག་རླུང་སྟེང་དུ་འཐེན། སྟེང་རླུང་ཧཱུྃ་རིང་པོའ་གདངས་ཀྱིས་དྲངས་པས་སྣ་གཉིས་ཆར་ནས་ཕྱིར་ཕྱུང་། སླར་ནང་དུ་རྔུབས་ཏེ་ཧཱུྃ་ཐུང་གིས་ལྟོ་བར་བཙུད་པས་སྲོག་ཐུར་འདྲེས་པར་བསམས་ནས། ལྟོ་བ་ཕྱིར་ལན་འགའ་ཕུལ། གསང་རླུང་ཧཱུྃ་ཐུང་གིས་དྲག་ཏུ་ཡར་དྲངས། མིག་སྨིན་མཚམས་སུ་བཟློག་ཅིང་། ལྕེ་རྩེ་རྐན་ལ་སྤར་བ་དང་ཕཊ་ཅེས་དྲན་པས་འོག་རླུང་འཐེན། ལུས་ཀྱི་དབུས་སུ་རྩ་དབུ་མ་གསལ་བཏབ་ནས། ལྟེ་བའི་རྩ་འཁོར་འདབ་མ་བཞི་བརྒྱ་བཅུ་གཉིས་སོགས་
༣༡༣ ཕྱི་ནང་ཐམས་ཅད་དང་། ཕྱི་རོལ་དྲུག་ཅུ་རྩ་བཞི་པོ་ཁ་དོག་སེར་པོར་བསྒོམས་པའི་དྷཱུ་ཏིའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་དཀར་པོ་ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པ་དམིགས་ལ། ཐུར་སེལ་གྱིས་རླུང་ཡར་འཐེན། སྟེང་རླུང་རྩུབ་རླུང་གི་སྐབས་ལྟར་དྲངས་པ་དང་། བུམ་པ་ཅན་དུ་བྱ་བ་སྟེ་ཡིད་ཐིག་ལེ་ལ་ཐིམ་པར་མོས་ནས་སེམས་རྩེ་གཅིག་ཏུ་གཏད་ཅིང་། དེ་ལ་གོམས་ནས་སྟོང་གཟུགས་དང་ཡིད་རོ་གཅིག་ཏུ་བསྲེས་ལ་བསྒོམ། རླུང་མི་ཐུབ་པ་སྙམ་བྱེད་ན་དལ་གྱིས་བཏང་བ་སྟེ་འདི་ལ་ནན་ཏན་ཏུ་བྱའོ། །ལྟེ་བའི་འཁོར་ལོའ་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་གྱུར་པར་བསྟིམ། ཐུར་སེལ་འཐེན། སྟེང་རླུང་དང་ཁ་སྦྱར། སྙིང་ཁའི་འཁོར་ལོ་ལ་སེམས་རྩེ་གཅིག་ཏུ་བཟུང་ནས། སྟེང་རླུང་དལ་གྱིས་བཏང་ངོ་། །ཕྱི་མ་རྣམས་ལའང་རླུང་སྦྱོར་གསུམ་འདྲ་བ་ལ། དམིགས་པ་མགྲིན་པར་རྩ་འདབ་བཞི། བརྒྱད། བཅུ་དྲུག །སོ་གཉིས་ཀྱི་ཕྱི་རིམ་ཁ་དོག་དམར་པོ་ལ་སྙིང་གའི་རྩ་ཐིག་རླུང་གསུམ་རོ་གཅིག་ཐིམ་པ་སོགས་སྔར་བཞིན་དང་། དཔྲལ་བར་རྩ་འདབ་བཞི། བརྒྱད། བཅུ་དྲུག་གི་ཕྱི་རིམ་ལ་མགྲིན་པའི་རྣམ་གསུམ་རོ་གཅིག་པ་དང་། སྤྱི་བོའ་རྩ་འདབ་བཞི་སྔོན་པོ་ལ། དཔྲལ་བའི་རྣམ་གསུམ་རོ་གཅིག་པ་དང་། གསང་འཁོར་རྩ་འདབ་དྲུག་ཅུ། བཅུ་དྲུག་གི་ཕྱི་རིམ་ལྗང་གུ་ལ། སྤྱི་བོའ་རྩ་ཐིག་རླུང་གསུམ་དབྱེར་མེད་པར་ཐིམ་པར་མོས་ཤིང་གོམས་ནས་སྟོང་གཟུགས་དང་བསྲེས་པ་རྩེ་གཅིག་བསམ་གཏན་ཀྱང་ཐམས་ཅད་དུ་བྱའོ། །ཡན་ལག་དང་པོ་གཉིས་དང་བར་པ་དག་གི་གོ་རིམ་བརྟན་པས་ལྟེ་བ་སོགས་འཁོར་ལོ་དྲུག་ཏུ་རིམ་བཞིན་དེ་ལྟར་བསྒོམ་རིམ་ལ། བྱང་ཆུབ་ཀྱི་སེམས་སླ་བ་དང་། ཅུང་ཟད་སྐ་བ་དང་། ཤིན་ཏུ་སྐ་བར་གྱུར་པའི་གནས་སྐབས་ན་འཛིན་པ་ལ་སོགས་པའི་ཐབས་སུ།
༣༡༤ ལས་རྒྱ་ནས་རིམ་པར་འཇུག་དགོས་པར་བཞེད་པ་ཡང་ཡོད་མོད་ཀྱི། འདིར་རྣལ་འབྱོར་པ་མཆོག་གི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལམ་དུ་བྱས་ཏེ། ནང་རིག་འགྱུར་མེད་བདེ་བ་ཆེན་པོ་རྟོགས་པའི་མཐུས་འཕོ་བ་མེད་པར་འགྲུབ་ཅིང་འབྲིང་དང་ཐ་མས་ཕྱག་རྒྱ་གཉིས་ལ་བརྟེན་ནས་ཞུ་བདེ་ལྷན་སྐྱེས་ཉམས་སུ་མྱོང་ལ། ཁམས་ཀྱང་དངུལ་ཆུ་འཆིང་བ་བཞིན་དུ་བྱེད་ཅིང་། འགྱུར་མེད་བདེ་བ་མངོན་དུ་འགྱུར་བས་གོ་རིམ་དེ་ལྟར་བྱ། ལུས་ཀྱི་དབུས་སུ་རྩ་དབུ་མ་ཡར་སྣ་སྨིན་མཚམས་སུ་ཟུག་ཅིང་འཁོར་ལོ་དྲུག་པོ་སྔར་སྨོས་པ་བཞིན་གསལ་བཏབ་པའི་ལྟེ་བར་གནས་པའི་རོ་རྐྱང་གཉིས་གཙུག་ཏོར་ནས་བརྩམས་ཏེ། འཁོར་ལོ་སོ་སོའ་ཐད་དུ་དབུ་མ་དང་འབྲེལ་བ་ལ་འཁོར་ལོ་དྲུག་གི་བར་དུ་གཡས་གཡོན་དུ་གྱེས་པ། གསང་བའི་འཁོར་ལོ་ནས་དབུ་མ་གཡས་དང་། རོ་མ་གཡོན་དང་། རྐྱང་མ་དབུས་སུ་སོང་བ་ལ་གཤང་གཅི་ཁུ་བ་འབབ་པས། རྩའི་གནས་ལུགས་དང་མཐུན་པར་དེ་ལྟར་བསྒོམས་ལ། ལྟེ་བའི་འཁོར་ལོའ་དབུས་སུ་ཧོ་ཡིག་ཡོངས་སུ་གྱུར་པའི་གཏུམ་མོའ་མེ་དམར་ཞིང་ཕྲ་ལ་རྣོ་བ་གྱེན་དུ་སོར་བཞིའི་ཚད་དུ་འབར་བའི་འོད་ཟེར་དབུ་མའི་སྟེང་འོག་ཐམས་ཅད་དུ་ཁྱབ་པར་དམིགས་ནས། འཇམ་རླུང་བུམ་པ་ཅན་དང་ལྷན་ཅིག་སྣང་བ་དང་བཅས་པའམ། མེ་ཁོ་ན་ལ་ཡུན་དུ་སེམས་བརྟན་པར་བཟུང་ལ། གཙུག་ཏོར་རམ་དཔྲལ་བའོ་འཁོར་ལོ་བྱང་སེམས་ཧཾ་ཡིག་གམ་ཐིག་ལེའི་རྣམ་པ་ཅན་དུ་གཡོས་ཏེ། རྩ་ཕྲན་རྣམས་ཀྱང་རིམ་པས་ཁྱབ་ཅིང་དབུ་མར་འོང་བ་ལས། །དཔྲལ་མགྲིན་དུ་དགའ་བ། སྙིང་ཁར་མཆོག་དགའ། ལྟེ་བར་ཁྱད་དགའ། གསང་བ་དང་ནོར་བུར་ལྷན་སྐྱེས་ཉམས་སུ་མྱོང་བར་བསྒོམ་པའམ། གཙུག་ཏོར་ནས་དཔྲལ་བའི་བར་དུ་སོན་པ་དགའ་བ། མགྲིན་པ་ནས་སྙིང་ཁར་མཆོག་དགའ། ལྟེ་བ་ནས་གསང་
༣༡༥ འཁོར་དུ་དགའ་བྲལ་ལམ་སྣ་ཚོགས་དགའ་བ། གསང་བ་ནས་རྡོ་རྗེ་ནོར་བུའི་བར་དུ་འོངས་པ་ལྷན་སྐྱེས་མཐར་ཐུག་འཆི་མེད་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱ་བའི་དོན་དུ་ཐབས་ཀྱི་ཡན་ལག་འདི་དག་ཉམས་སུ་བླང་ངོ་། །འཛག་མེད་དུ་རིམ་པར་བརྟན་པས་བདེ་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐོབ་ཅིང་། དུས་སྦོར་གྱི་རླུང་རྣམས་ཀྱང་དེ་དང་མཚུངས་པར་འགགས་པ་ལས། ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་འགྱུར་ཏེ། དེ་ཡང་ཐིག་ལེ་རྡོ་རྗེ་ནོར་བུའི་རྩེར་བརྟན་པས་མི་འགྱུར་བའི་བདེ་བའི་སྐད་ཅིག་དང་པོ་ཐོབ་ནས་ཏིང་ངེ་འཛིན་གྱི་ཐོག་མ་སྟེ། དབུགས་འབྱུང་འཇུག་གཅིག་འགག་གོ །དེ་བཞིན་དུ། སྐད་ཅིག་མ་སྟོང་བརྒྱད་བརྒྱའི་བར་དུ་འཕེལ་ཞིང་། དབུགས་ཀྱི་གྲངས་དེ་སྙེད་འགགས་པའི་རིམ་པས། གསང་བར་ས་དང་པོ་དང་གཉིས་པ། ལྟེ་བ། སྙིང་ཁ་།མགྲིན་པ། དཔྲལ་བ། གཙུག་ཏོར་རྣམས་སུ་བདེ་བའི་སྐད་ཅིག་ཐོབ་པ་དང་། དུས་སྦྱོར་གྱི་རླུང་འགག་པའི་ཚུལ་དེ་ཉིད་ཀྱིས་ས་གཉིས་གཉིས་ཐོབ་པའི་རྣམ་པར་བཞག་པ་བསྟན་ལ་མཐར་ཐུག་གི་འབྲས་བུ་ཡེ་ཤེས་ཀྱི་སྐུ་ནི་བླ་ན་མེད་པའི་སངས་རྒྱས་ཉིད་དོ། །སྦྱོར་དྲུག་ཀུན་ལས་ཁྱད་འཕགས་པ། །དགའ་བཞི་དངོས་སུ་འདྲེན་པའི་ཆོས། །རྣམ་དག་གྲོལ་ལམ་མཆོག་འདི་ནི། །རྒྱུད་འགྲེལ་ཉིད་ལས་ཕྱུངས་པའོ། །ཙན་དན་དང་དེའི་དྲི་ལྟར་རྒྱུད་འགྲེལ་ལས་བཏུས་སོ། །སྙན་བརྒྱུད་ཀྱི་ཁྲིད་ཡིག །སྙན་བརྒྱུད་སྟེང་སྒོ་ཆོས་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གཏུམ་མོ་འབར་ཐབས་ཨ་ཤད་ལ་སེམས་གཏད། སུམ་མདོ་རུ་མེའི་སྙིང་པོ་ཨ་ཤད་ཁབ་ཙམ་ཤིན་ཏུ་དམར་ཞིང་ཚ་བ། ཉི་ཟླའི་ལམ་ནས་རླུང་གིས་བུས། དགུ་མའི་ནང་ཚ་འུར་གྱིས་དྲོས་ལུས་སེམས་བསྒྲིམ། ཡང་དམིགས་པ་སྤོ་ཏེ། མེའི་སྙིང་པོ་དེ་ལ་རླུང་གིས་བུས་
༣༡༦ པས་མེ་ཅུང་ཟད་འབར་བས་ཇེ་ཆེ་ཇེ་ཆེ་ལ་སོར་བཞི་ཙམ། དེ་ནས་སོར་བརྒྱད་ཙམ། མཚན་ཉིད་བཞི་ལྡན་དེ། རེག་བྱ་ཚབ། ཁ་དོག་དམར་བ། རྩེ་མོ་རྣོ་བ། འཇམ་ཞིང་མཉེན་པ། དེ་ལ་སྦྱང་། དྲོད་སྐྱེ། དེའི་དུས་སུ་རས་གོན། སྤྱི་བོར་ཧཾ་དཀར་པོ་མགོ་ཐུར་དུ་བལྟས་པ། ཨ་ཐུང་ལ་མེ་འབར། འོད་ཀྱིས་ཧཾ་བྱང་སེམས་དཀར་པོ་གྲང་སི་ལི་ལི་བྱུང་། ཐམས་ཅད་སྐྱ་མེར་ཁེངས། དེ་ལ་མ་ཡེངས་པར་བྱ། ཕྱིར་འགྲོ་བ་ཧཱུྃ། འཇུག་པ་ༀ། གནས་པ་ཨཱཿརྡོ་རྗེའི་བཟླས་པ་ཡིག་འབྲུ་གསུམ་ལ་གོམས་ཤིང་། སངས་རྒྱས་ལྔ་ལ་ཁ་དོག་སོ་སོར་བསླབ། སྣའི་ཀ་བ་ལ་བརྟེན་པས། མཆུ་གཉིས་ལ་བརྟེན་པ་ཆུ། ཕྱི་ལོག་ལ་བརྟེན་པ་མེ། སྟེང་དུ་བརྟེན་པ་རླུང་། ས་སེར། ཆུ་དཀར། མེ་དམར། རླུང་སྔོན། ས་ཡིས་ཤ་སྐྱེ་ཞིང་ཁ་དགོ་གསལ། ཆུས་ལུས་སྣུམ། མེས་དྲོད་ཆེ། རླུང་གིས་ལུས་ཡང་། ནམ་མཁས་ལུས་ཡོད་དུ་མི་ཚོར། བོགས་འདོན་སྒྱུ་མ་གསེར་འགྱུར་གྱི་རྩི་ནི། སེམས་ཉིད་འཁྲུལ་པ་ལས་ཀྱི་བག་ཆགས་ཀྱི་སྣང་བ་སྣ་ཚོགས་ཀྱི་རྒྱུ་ལ་བརྟེན་ནས། དགེ་བ་དང་སྡིག་པའི་རྒྱུ་འབྲས་སྣ་ཚོགས་སུ་སྐྱེ་བས་ན་སྒྱུ་མ། དཔེར་ན་སྒྱུ་མ་མཁན་གྱིས་རྫས་ཀྱི་དངོས་པོ་རྡེའུ་དང་གྱོ་མོ་ལ་སོགས་པ་ལ་བརྟེན་ནས། རྟ་དང་གླང་པོ་ཁང་ཁྱིམ་ལ་སོགས་པ་དུ་མར་སྣང་ཡང་། དོན་ལ་བདེན་པར་མ་གྲུབ། དཔེ་དེ་བཞིན་དུ་འཁོར་བའི་ཆོས་ཐམས་ཅད་ལ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་ངེས་པའི་ཤེས་པ་གཏིང་ནས་ལྷག་གེ་མ་སྐྱེས་བར་དུ་སྦྱང་། ཉི་ཟླའི་འོད། འཕོ་འགྱུར་གྱིས་དུས། སྟོད་སྨད་ཀྱི་སྒྲ་ལ་སྦྱང་། སྣང་བ་ཐམས་ཅད་བོན་ལོང་བའི་ཉམས་འཆར། ཉིན་སྣང་མཚན་མོ་རྨི་ལམ་དུ་ཁྱེར་བ་ལ་འདུན་པ་དྲག་པོ་བསྟེན། རྨི་ལམ་ཟིན་པར་གསོལ་འདེབས། སྔས་བསྡོས། གཡས་་་་་་་་་་་་་་་་་་་་་་་་་་་་་་་་་་
༣༡༧ ཕབ། གཉིད་ཐུམ་འགྲོ་དུས་ཟིན་མ་ཟིན་བརྟགས་ལ། གནས་ཁང་ཉལ་ས་ངོས་བཟུང་། འདུན་པ་ལ་སྦྱངས་པས་ཟིན། རྨི་ལམ་ཟིན་དུས་རྨི་ལམ་དུ་ངོ་ཤེས་པས་རྨི་ལམ་ཟིན། སྦྱོང་དུས་མང་པོ་ཉུང་ངུ་། ཉུང་ངུ་མང་པོ་རུ་སྤྲུལ་པས་རྨི་ལམ་འབྱོངས། འབྱམས་པ་བཞི། བརྗེད་འབྱམས། སད་འབྱམས། འཁྲུལ་འབྱམས། རྒྱུན་འབྱམས། རྨི་ལམ་འབྱོངས་ནས། གཉིད་འཐུག་འོད་གསལ་དུ་གཞུག་པ་ལ། གཉིད་ལོག་པའི་དུས། བླ་མ་ལ་མོས་གུས་དུངས་པ་བྱ། སྙིང་ཁར་ཤེས་པ་གཏད། དམིགས་པ་ཡེངས་མེད་འཛིན་མེད་ངང་ལ་བཞག་པས་རིག་པ་ཕྱི་མ་མེད་པར་གསལ་ལ་ངོས་བཟུང་མེད། སྒྲིབ་གཡོགས་དང་བྲལ་བ། འོད་གསལ་བའི་ཏིང་ངེ་འཛིན་འབྱུང་། གཉིད་སད་པ་དང་། ད་ལྟར་གྱི་སྣང་བ་ཐམས་ཅད་གསལ་ལ་ངོས་གཟུང་མེད་པ། ཕྱག་རྒྱ་ཆེན་པོའ་ངང་རྒྱུན་ཆད་མེད་པར་སྦྱང་། དེས་ལམ་བགྲོད། གལ་ཏེ་དུས་ཀྱིས་གཏུགས་ནས་འཕོ་བ། ལུས་གནད་བྱས། །སྙིང་ཁའི་ཐང་ཀར་ཧཱུྃ། སྤྱི་བོར་བླ་མ་བསམ། ཧཱུྃ་དེ་ཚངས་པའི་བུ་གའི་ལམ་ནས་ཐོན། བླ་མའི་ཐུགས་ཁར་ཐིམ་པར་བསམ། འཇོག་དུས་ཚངས་བུག་ཀྵས་བཀབ། །རྨི་ལམ་དང་འཆི་ཀ་མ་ལ་ཞིབ་ཏུ་བྱས་ལ། འོད་གསལ་བེའུ་མ་འཕྲད་ལྟར། རིག་པ་རྨུགས་པ་དྲན་པ་སད་ནས་རིག་པ་གསལ་ལ་ངོས་བཟུང་མེད་པ། འོད་ལྔའི་རང་བཞིན་མ་འདྲེས་པ་ཡོངས་སུ་རྫོགས་པ། སྐྱེལ་བསུ་དང་མཚམས་སྦྱོར་བདུན་ཕྲག་དང་པོ་ཡོན་ཏན་རྫོགས་པའི་དུས་སུ། །སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། རིགས་མཐུན་ལྷ་མིག་དག་པས་པས་མཐོང་། འདིའི་དུས་སུ་སྔར་གྱི་གདམས་པ་དྲན་པར་བྱ། འཁོར་བ་ལུགས་ཀྱི་རིགས་མཐུན་ལམ་གྱི། མངལ་ཐེར་བའང་སྣང་། དུབ་གསུམ་སྲེ་བྱེད་ཚེ་འདིར་བསྒོམས་ནས་
༣༡༨ ད་བཟོད་སངས་རྒྱས་བ་ཡིན་པ་ལ་སྙམས་པའི་ཐེ་ཚོམ་ཆོད་ནས་ཆོས་ཐམས་ཅད་ཟད་སར་སྐྱོལ་བ་ལམ་ཉམས་སུ་བླང་བའི་ཆོས་དྲུག་ལམ་དུ་ཤེས་པར་བྱའོ། །མི་ལའི་གསུང་ཀུན་རས་ཆུང་པའི། །སྙིང་ཁུང་ནང་དུ་དགའ་སྦྱིན་ཆོས། །སྨིན་གྲོལ་ཟུང་འབྲེལ་ལམ་མཆོག་གི། །གནད་བསྡུས་ཡི་གེར་བྲིས་འདིའོ། །ཞང་ལོའ་ཁྲིད་ལས་བཏུས་སོ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་ཁྲིད་ཡིག །ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ལུས་མེད་མཁའ་འགྲོའི་གླུ་དབྱངས། སྨིན་གྲོལ་སེམས་ཀྱི་རྒྱ་མདུད་བཤིག །ཅེས་པ་ལ། ཚོགས་ལམ་ཚོགས་གཉིས་ལམ་ཁྱེར། སྦྱོར་ལམ་དམིགས་པ་ཞེན་བྲལ། མཐོང་ལམ་གང་བྱུང་གྲོང་གདམས། སྒོམ་ལམ་ཉོན་མོངས་ལམ་ཁྱེར་མཐར་ཕྱིན་པ་འབྲས་བུ་ངོ་སྤྲོད་ཀྱི་གདམས་པ། ཚོགས་ལམ་ལ་ཞེན་པ་བཅད་ཕྱིར། སྦྱོར་ལམ་ལ་དམིགས་པ་ཞེན་བྲལ། སྦྱོར་ལམ་དུ་ཞེན་པ་བཅད་པའི་ཕྱིར། མཐོང་ལམ་འདོད་ཡོན་གང་སྣང་གྲོགས་སུ་ཁྱེར། གྲོགས་ཙམ་དུ་ཞེན་པ་དེའང་སྒོམ་ལམ་ཉོན་མོངས་ལམ་ཁྱེར་གྱི་ས་བཅད་ལ། སྨིན་གྲོལ་སེམས་ཀྱི་རྒྱ་མདུད་བཤིག །དམ་ཚིགས་རང་སེམས་མེ་ལོང་ལྟོས། དགག་པ། སྒྲུབ་པ། དགག་སྒྲུབ་གཉིས་མེད་ཀྱི་དམ་ཚིག །མ་སྨིན་པར་དབང་ཆོས་མི་བཤད། སྣོད་མིན་ལ་གོང་ལམ་མི་བསྟན། ཡུལ་མ་ཡིན་པ་ལ་རྟེན་མི་བརྟན། མ་གུས་པ་ལ་ཆོས་མི་བཤད། མ་དད་པ་ཚོགས་ལམ་དུ་མི་གཞུག །དམ་ཚིག་མེད་པ་སློབ་མར་མི་བཟུང་། རླུང་གི་དབུ་མར་མི་བསྐུར། བྱ་མ་རྟ་གྲོགས་སུ་མི་འགྲོགས། ཚིག་ལ་བརྟེན་པ་གདམས་པར་མི་བསྒོམ། བརྒྱུད་པ་དང་ལྡན་པའི་བླ་མ་བསྟེན། ལས་འཕྲོ་སད་པའི་ཡི་དམ་བསྒོམ། བར་ཆད་སེལ་བའི་ཌཱ་ཀི་མཆོད། ལྟ་སྤྱོད་མཐུན་པའི་གྲོགས་དང་འགྲོགས། གྲུབ་ཐོབ་
༣༡༩ བརྒྱུད་པའི་སྙན་བརྒྱུད་བསྒོམ། ཉོན་མོངས་སྤང་དུ་མེད། གཉེན་པོ་བསྟེན་དུ་མེད། དེ་ཁོ་ན་ཉིད་ཀྱི་ཆོས་ལ་བསྒོམ་དུ་མེད། འབྲས་བུ་གཞན་ལ་བཙལ་དུ་མེད། དམ་ཚིག་རང་སེམས་མེ་ལོང་ངོ་། །དམ་རྫས་རྟོགས་པའི་ཉི་མ་ལྡེ། ཞེས་པ་ལ་འཁྲུལ་གཞི་འཁོར་བར་སྐྱེ་བར་བྱེད་པའི་དམ་རྫས་དང་། ཟློག་བྱེད་མྱ་ངན་ལས་འདས་པའི་ཉི་མ་ལྡེ་བའོ། །སྤྱིར་དུག་གསུམ་སྐྱེད་པའི། ལས་ངན་གསོག་པའི། འཁོར་བར་སྐྱེ་བའི་དམ་རྫས་ལས་ལྡོག་པ་མི་དགེ་བ་བཅུ་སྤང་། ངན་འགྲོར་མི་སྐྱེ་བའི་དམ་རྫས་ཡིན། དེའི་སྟེང་དུ་དགེ་བཅུ་སྤྱད། མཐོ་རིས་ཐོབ་པའི་དམ་རྫས། མྱང་འདས་ཀྱི་ཉི་མ་ལྡེ་བ་ལ། སྐྱབས་འགྲོ་རྟེན་གྱི། སོ་ཐར་ལས་འབྲས་ཀྱི། བྱང་སེམས་གཞན་དོན་གྱི། གསང་སྔགས་ངོ་སྤྲོད་ཀྱི་ཉི་མ་ལྡེ་བ་དམ་རྫས་རྟོགས་པའི་ཉི་མའོ། སྤྱོད་པ་ཆུ་ལ་རལ་གྲི་ཐོབ་ཅེས་པ་ལ། ཀུན་བཟང་སོམ་པ་གསུམ་ལྡན། གསང་སྤྱོད་དམ་ཚིག་དང་ལྡན་པ། རིག་སྤྱོད་བག་ཡོད་དྲན་པ། ཨ་ཝ་དྷཱུ་ཏི་གཟའ་གཏད་མེད་པའི་སྤྱོད་པའོ། །ཕྱི་རྐྱེན་བྱུང་བརྡའ། ནང་སྒོ་གསུམ་ངན་སོང་སྒོ་འགེགས། གསང་བདུག་གསུམ་ལམ་ཁྱེར། དེ་ཁོ་ན་བདེ་གསལ་ངོ་སྤྲོད། ལུས་སྤྲུལ་སྐུ་སོ་ཐར་གྱི། ངག་ལོངས་སྐུ་བྱང་སེམས་ཀྱི་སྡོམ་པའི། སེམས་ཆོས་སྐུ་རིག་འཛིན་གྱི་སྤྱོད་པ་བྱ། དུག་གསུམ་ཆགས་སྡང་གི་འཁོར་ལོ་མི་བསྐོར། སྤྱོད་པ་གསོག་འཇོག་གི་ཁེ་སྤོགས་མི་བྱ། ཆོས་བརྒྱད་ཚེ་འདིའི་རྟ་ལ་མི་རྒྱུག །ཁ་འཛིན་དམ་པའི་ཆོས་ལ་མི་སྨད། བཟང་འདོད་ཀྱིས་གཞན་ལ་སྐུར་པ་མི་གདབ། འཁོར་འདོད་ཀྱིས་ཐོས་བསམ་མི་བྱ། ཉེ་འབྲལ་དགྲ་ཡི་མཆོད་གནས་མི་འདེགས། ཕ་ཡུལ་སོ་མཚམས་ཀྱི་དགོན་པ་མི་བཟུང་། སྡེ་སོགས་ཕྱོགས་འཛིན་གྱི་བྱ་ར་མི་དབྲམ། ང་རྒྱལ་གྱིས་སེམས་ཅན་བློས་མི་སྤང་། མཉམ་ལ་འགྲན་སེམས་ཀྱི་གཞུ་མི་བདུང་། མཐོ་ལ་ཕྲག་དོག་གི་
༣༢༠ མདའ་མི་འཕེན། གསང་སྤྱོད་ལུས་ཀྱི་སྤྱོད་པ་གཅེར་བུ་དང་སྒྲ་གྲོལ། རྒྱན་གྱི་སྤྱོད་པ་ཐལ་ཆེན་དང་རུས་རྒྱན། ཕྱག་མཚན་གྱི་སྤྱོད་པ་ཁ་ཾ་དྲིལ་བུ་ཌ་མ་རུ། རིག་སྤྱོད་གཅིག་པུ་ཉམ་ང་མེད་པ་སེངྒེ་ལྟ་བུའི། ཐོགས་རྡུགས་མེད་བ་སྟག་མོ་ལྟ་བུའི། །ཚམ་ཚོམ་མེད་པ་གླང་པོ་ལྟ་བུའི། གཙང་སྨེ་མེད་པ་ཁྱི་ཕག་ལྟ་བུའི། བསམ་སྒོམ་བྲལ་བ་བུ་ཆུང་ལྟ་བུའི་སྤྱོད་པ་བྱ། ཨ་ཝ་དྷཱུ་ཏིའི་སྤྱོད་པ། སྣང་བ་སྒྱུ་མ་ཞེན་མེད་ཀྱི་སྤྱོད་པ། སེམས་ཉིད་འོད་གསལ་བརྗོད་མེད་ཀྱི་སྤྱོད་པ། གཉིས་མེད་བྱ་བྲལ་བློ་འདས་ཀྱི་སྤྱོད་པ། བསྒོམ་པ་མཐར་ཕྱིན་དུས་ཚོད་དང་འབྲེལ་བའི་སྤྱོད་པ། སྤྱོད་པ་ཆུ་ལ་རལ་གྲི་འདེབས་པའོ། །རྩ་རླུང་དྲ་མིག་འཁོར་ལོ་བསྐོར་བ། ངོ་བོ་རྩ་རླུང་གི་འཁོར་ལོ། །ཕྲིན་ལས་རྩ་རླུང་དྲྭ་མིག་གོ །དབྱིབས་གདུགས་ལྟ་བུ། ཐོག་རྩེ་ལྟ་བུ། གའུ་ལྟ་བུ། ཨུཏྤལ་ལྟ་བུ། གྲངས་ནི་ཕྱིའི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས། ནང་གི་རྩ་བརྒྱ་ཉི་ཤུ། གསང་བའི་རྩ་སུམ་ཅུ་རྩ་གཉིས། དེ་ཁོ་ན་ཉིད་ཀྱི་རྩ་གསུམ་བསྡུས་ན་གཅིག །གནས་ཕྱི་རྩ་ཤ་ལྤག་ལ། ནང་རྩ་ཚིལ་བུ་ལ། གསང་རྩ་རུས་པ་ལ། དེ་ཁོ་ནའི་རྩ་གསང་གནས་ལ། རྩ་རིང་ཐུང་རང་གི་འདོམ་རེ། །ཐུང་བ་ནས་ཙམ། ཁབ་ཙམ། ལུས་རྩའི་དྲ་མིག་ཏུ་ཚུད་ནས་ཡོད། ནང་རྩ་རྟོག་པ། །གསང་རྩ་བདེ་སྟོང་། རླུང་ལ་རྒྱལ་བློན་འབངས། རྒྱལ་པོའ་རྩ་ལ་རླུང་ལྔ། བློན་པོ་ཡན་ལག་གི་རླུང་ལྔ། འབངས་རང་ལ་འབུམ་འབུམ། ནང་རླུང་འབྱུང་བ་བསྐུལ། གསང་རླུང་རྒྱུ་བ། ཡེ་ཤེས་རླུང་སྐུ་གསུམ། ཐིག་ལེ་ལ་ཕྱིའི་ཐིག་ལེ་རྩ་རེ་རེའི་ནང་ན་ཟག་བཅས་ཀྱི་ཐིག་ལེ་གྲངས་གོང་དང་མཉམ། བསྡུས་ན་རྐྱང་མ་མི་བསྐྱོད་རོ་མ་ཁྲག །ཨ་ཝ་དྷཱུ་ཏི་བྱང་སེམས་འབབ། ནང་གི་ཐིག་ལེ་རིག་པ་རང་ཤར། གསང་བའི་ཐིག་ལེ་གཉིས་མེད་ཡེ་ཤེས། ལམ་ཉམས་སུ་བླང་བ་འཆར་
༣༢༡ ཚུལ་ལོ། །ཁྲག་གི་དྭངས་མ་འོད་དུ་ཆགས། དབུགས་ཀྱི་དྭངས་མ་དྲོད་རླུང་། ཐིག་ལེའི་དྭངས་མ་གསལ་དྭངས། རྒྱུ་ལུགས་དང་པོ་འོད་ལྔའི་རླུང་རྒྱུ། གཉིས་པ་དབུགས་ཀྱི་རླུང་། གསུམ་པ་འདོད་ཆགས། བཞི་པ་དབང་པོའ་རྒྱུ། རྣམ་ཤེས་ལས་ཀྱི་རྒྱུ་ཚུལ། དང་པོ་ཀུན་གཞི། གཉིས་པ་ཡིད་ཤེས། གསུམ་པ་ཉོན་ཡིད། བཞི་པ་སྒོ་ལྔའི་ལས་རྒྱུ། རྟོག་དཔྱོད་འོད་ཀྱི་སྒྲོན་མ་ནི། རྩའི་སྦོམ་ཕྲ་རྟ་རྔའི་བཅུ་ཆ་ཙམ། ཐིག་ལེ་དར་དཀར་གྱི་སྐུད་པ་ཙམ། རླུང་རྒྱུ་ཚུལ་ལྔ། འདོད་ཆགས་དམར། ཞེ་སྡང་དཀར། གཏི་མུག་ནག །ང་རྒྱལ་སེར། ཕྲག་དོག་ལྗང་། དབུས་ན་དྲན་པ་འཆར་བྱེད། བྱང་ཆུབ་ཀྱི་སེམས་ཀྱི་རྟེན་འོད། གཉིས་མེད་ཡེ་ཤེས་སུ་གནས། ཡེ་ཤེས་འཆར་ཚུལ་ཞེ་སྡང་མེ་ལོང་ཡེ་ཤེས། འདོད་ཆགས་སོར་རྟོགས། གཏི་མུག་ཆོས་དབྱིངས། ང་རྒྱལ་མཉམ་ཉིད། ཕྲག་དོག་བྱ་གྲུབ། འཆར་ཚུལ། རྩ་ལོངས་སྐུ། རླུང་སྤྲུལ་སྐུ། རྩ་གསུམ་དྲ་མིག་འཁོར་ལོའ་མན་ངག །བདེ་ཆེན་གསུང་གི་རིན་ཆེན་བྲིས། འདི་ལ་སྨིན་ལམ་དབང་གི་མཐོང་དབྱེ་བ། གོལ་ལམ་ཐབས་ཀྱི་སྒོན་མེ་བལྟམས་པ། ལས་ཀྱི་ཕྱག་རྒྱ་སྔགས་སྐྱེས་མཚན་ཉིད་ལྡན་པ་གཅིག་ལ། དབང་བསྐུར་ནས་སེམས་ལྷན་སྐྱེས་ཡབ་ཡུམ། འདུ་ཤེས་གསུམ་ལྡན། ཡུམ་ཕག་མོ། །ཡབ་བདེ་མཆོག །རྡོ་རྗེ་དང་པདྨ་བྱིན་རླབས། དལ་བུས་བསྲུབ། དབབ་པ་འཁྲུལ་འཁོར་གྱི་སྤྲོ་བསྡུ། གཟུང་བ་སྐུ་གསུམ་གྱི་བཅུད། བཟློག་པ་རིགས་གསུམ་གྱི་གནད། བསྲེ་བ་རྩ་མིག་ཏུ་དབབ། དབབ་པ་རང་ཤུགས་སུ་ཡོང་བས་ལྟེམས། གཟུང་བ་ལ་རུས་སྦལ་བསྐུམ། ཧག་སྟག་མོའ་སྐྱུག་སྟངས། སྐར་མདའ་ལུས་ཀྱི་འཁྲུལ་འཁོར། བཟློག་པ་ཧཱུྃ་གི་གཟེར་ཆེན། བསྲེ་བ་རྩ་མིག་ཏུ་སྡེབ་པ། ཟླ་བ་རྣམ་སྣང་གི་མདོག །ལྗོན་ཤིང་གདུགས་
༣༢༢ དབུབ་བ། བདེ་ཆེན་གསུང་གི་རིན་ཆེན་ནོ། །རིག་པ་ཡེ་ཤེས་སྒྲོན་མེ་ལ། ཐ་སྙད་དོན་འཚོལ་གྱི། དཔེ་དོན་གྱི། བརྡ་འགྲོལ་གྱི། ཉམས་རྟོགས་སྐུལ་བྱེད་ཀྱི། བྱིན་རླབས་རང་གི་སྒྲོལ་མ་ལ། ཡོད་མེད་མུ་མཐའ་གསལ་བ་དང་། བློ་འདས་ཀྱི་སྒྲོན་མེ་བལྟམས་པའོ། །རིག་པས་གྲུབ་པར་འདོད་པའི་ཕྱིར་དངོས་པོ་ཡིན། འགལ་བ་དང་བཅས་པའི་ཕྱིར་ལུང་གི་སྤྱོད་ཡུལ་ཡིན། ཚིག་གིས་མཚོན་པའི་ཕྱིར་ཐོས་ཡུལ་ཡིན། ཤེས་རབ་ཀྱིས་བརྟགས་པའི་ཕྱིར་རྟོག་པ་ཡིན། བློ་འདས་ཀྱི་སྒྲོན་མ་དགག་སྒྲུབ་དང་བྲལ་བའི་ཕྱིར་རིག་པའི་ཡུལ་མ་ཡིན། འགལ་བ་མེད་པའི་ཕྱིར་ལུང་གི་སྤྱོད་ཡུལ་མ་ཡིན། ཚིག་གི་རྗེས་སུ་མི་འབྲང་བའི་ཕྱིར་ཐོས་ཡུལ་མ་ཡིན། བརྟགས་ན་མི་རྙེད་པའི་ཕྱིར་རྟོག་པ་མ་ཡིན། གནད་ལས་བྱུང་བའི་ཕྱིར་བླ་མའི་གདམས་ངག་གིས་རྟོགས་པ་བསྟན་པ་ལ། བྱིན་རླབས་ཞུགས་ན་རྟོགས། ཡིད་ཆེས་ན་རྟོགས། ཉམས་སུ་བླངས་ན་རྟོགས། ལུང་གིས་རྟོགས། ཡིད་ལ་བྱེད་པ་ཁམས་གསུམ་དུ་འདུ། དཔེ་དོན་གྱི་སྒྲོན་མ། རང་གྲོལ་སྤྲུལ་མདུད། རང་བཞིན་ཆུ་སྦུར། རང་དེངས་སྤྲིན། རང་གསལ་ཤེལ། བློ་འདས་རི་བོང་རྭའི་དཔེའོ། །བརྡའ་འགྲོ་ལ་སྒྲོན་མེ། ལྟ་བ་རྟོགས་པའི། བསྒོམ་པ་ཉམས་ཀྱི། དམུས་ལོང་ལྟ་མེད་ཀྱི། ལྐུགས་པ་སྨྲ་མེད་ཀྱི། སྨྱོན་པ་ཞེན་མེད་ཀྱི་བརྡའོ། །རེག་མེད་མཛུབ་མོའ་བརྡའ། གཅོད་མེད་རལ་གྲིའི་བརྡའ། མཆོངས་མེད་ཕྲག་པའི། བསྲེ་མེད་མེ། ཉམས་རྟོགས་བསྐུལ་བྱེད་སྒྲོན་མ། ཞེན་མེད་ངོས་གཟུང་མེད་པ། བློ་འདས་རང་གྲོལ། བྱིན་རླབས་རང་ཞུགས། ལྐུགས་པའི་བདེ་བ་ལྟར་སྒྲ་མེད། བུ་ཆུང་ལྟར་ཞེན་མེད། མར་མེ་ལྟར་རང་གསལ། རིག་པ་ཡེ་ཤེས་སྒྲོན་མེའོ། །རང་གྲོལ་ཕྱག་རྒྱ་ཆེན་པོ་ལ། སྒོམ་བྱེད་མོ་གཤམ་བུའི་གར་བྱེད་པ་དང་། བསྒོམ་བྱ་ཕྱག་རྒྱ་ཆེན་པོ།
༣༢༣ གཟུགས་མེད་ཀྱི་ཐབ་ཁུང་བཅའ། རང་བྱུང་གི་ལིང་ག་དགོང་། བྱ་རོག་པའི་བུད་ཤིང་བཅད། དང་པོའ་སངས་རྒྱས་ཀྱི་ལྷ་བསྐྱེད། དམུས་ལོང་གི་དགུག་གཞུག་བྱ། ལྷག་མེད་ཀྱི་དམིགས་པ་གཟུང་རུས་སྦལ་སྤུ་ཡིས་ཐུན་བྲབ། རི་བོང་རྭའི་ཕུར་བ་གདབ། དུས་མཐའི་མེ་སྦར། ནམ་མཁའི་མེ་ཏོག་དབུལ། སེངྒེའི་འོ་མས་རཀྟ། ཡིད་ཀྱི་རྒྱལ་སྲིད་ཀྱི་དངོས་གྲུབ་བླང་། རང་གྲོལ་ཕྱག་རྒྱ་ཆེན་པོའོ། །རོ་སྙོམས་ཕྱིའི་མེ་ལོང་ལ། སྟེང་རླུང་འོག་རླུང་ཚ་གྲང་རྟ་གཡག་ཚུལ་དུ་གནས། ཡེ་ཤེས་ཉོན་མོངས་གཉིས་དྷཱུ་ཏཱིའི་འཁྱགས་ཡོད་པ་ཞུ་བ། སྟེང་རླུང་འོག་རླུང་གཉིས་ཀ་བསྡམ། འཁོར་ལོ་ལྟར་བསྐོར། ལྕགས་ཀྱུ་ལྟར་དགུག །ནམ་མཁའ་ལྟར་དཔངས་བསྟོད། གཟེར་ན་སེང་གེའི་རྣམ་རོལ་གྱིས་དཀྲུགས། བྱིང་ན་འོག་སྒོ་བསྡམ། རླུང་སེམས་ནམ་མཁར་འཕང་ངོ་། །རྒོད་ན་རྒྱུ་མའི་མཐིལ་དུ་སྦོས། རླུང་ནང་དུ་ཟིན་ན་ཡེ་ཤེས་སྐྱེ། ཕྱིར་ཏོར་ན་ཅི་ཡང་མི་འབྱུང་ངོ་། །རོ་མཉམ་འོག་ས་ཤས་ཆེ་བ་དལ་ས་ལ་རླུང་བཏང་། ལུས་ཀྱི་བརྟུལ་ཤུགས་དྲག་ཏུ་བྱ། སྟེང་ཆུ་ཤས་ཆེ་ན་ཆུ་ལ་མེ་བཏང་། ཤེས་པ་སྤྲུལ་འཁོར་ན་ཡར་བཏང་། སྲིན་པོའ་ཞལ་ནས་ཧཾ་ལས་མེ་སྤར། སྟེང་མེ་ཤས་ཆེ་ན་ཕྱག་རྒྱ་མ་ལ་དམིགས་ལ་ཐིག་ལེ་གཏང་། རླུང་ཤས་ཆེ་ན་རླུང་ས་ལ་བཏང་། གཙུག་ཏུ་ཐལ་མོ་བརྡབ། རྒྱང་མིག་ལྟ། ཁུ་བཏང་། མེ་ཆུ་ཤས་ཆེ་ན་སྟེང་མནན། ས་ཆུ་ཤས་ཆེ་ན་འོག་སྤར། ས་ལ་རླུང་གཏང་། རླུང་ལ་ས་གཏང་། ཆུ་ལ་མེ་གཏང་། མེ་ལ་ཆུ་གཏང་། རླུང་ལ་སྐྱེ་མེད་གཏང་། བདེ་བ་ལ་སྟོང་པ་གཏང་། སྟོང་པ་ལ་བདེ་བ་གཏང་། རོ་སྙོམ་ཕྱིའི་མེ་ལོང་ངོ་། །ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་གདམས་པ་ལས། སྐོར་དང་པོ་བཞི་མར་པས། ཕྱི་མ་ལྔ་
༣༢༤ རས་ཆུང་པས་ཏི་ཕུ་བའི་གསུང་བཞིན་བཀོད་པའོ། །ལུས་མེད་ལྷག་ཀུན་ཏི་ཕུ་པས། །རས་ཆུང་ལ་བསྩལ་དགའ་བྲོ་འཁྲབ། །སྨིན་གྲོལ་མི་ལ་མཆོག་དྲུང་དུ། །ཕུལ་བའི་གདམས་པ་ལེགས་པར་བྲིས། ཡིག་རྙིང་ལས་བཏུས་སོ། །ཞང་གི་ཟབ་རྒྱའི་ཁྲིད་ཡིག །ཞང་གི་ཟབ་རྒྱའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ལུས་ངག་ཡིད་གསུམ་བརྡ་ཐབས་ལ། བྱིན་གྱིས་རླབས་པ་ཡིན་ཏེ། ཁྱོད་ཡི་དམ་ལྷ་སྐད་ཅིག་ལ་སྒོམས་ཤིག་གསལ་ལམ་དྲི། གསལ་ཟེར་ན། སྣང་བ་དེ་ད་ཅི་ཡོད་དམ་མེད་དྲིས་པས། མེད་ཟེར་ན། འོ་དེ་འགག་གམ་མ་འགག་དྲི། འགག་ཟེར་ན། འོད་རྟོག་པ་གློ་བུར་བ་ཡིན། རྟེན་སྐད་ཅིག་མ་ཙམ་ཡིན། ཡང་མདུན་ཏུ་ཁ་དོག་གཅིག་བསྒོམ་བཅུག་གོ །ཁྲ་དེ་སྣང་ངམ་དྲི། སྣང་ཟེར་ན། ད་ཅི་ཡོད་དམ་མེད་དྲི། མེད་ཟེར་ན། འོ་དེ་ཁ་དོག་གློ་བུར་སྐད་ཅིག་མ་ཡིན། ཆོས་ཐམས་ཅད་དེ་འདྲ། ཡང་སྟེང་སངས་རྒྱས་ཞིང་། འོག་དམྱལ་བའི་ཞིང་། ཞིང་ཁམས་སུ་འཛིན་པ་བློ། །དེ་ཁ་སེམས་ཀྱིས་བྱས་པ་ཡིན་ལ། རྐྱེན་ལས་སྐྱེས་པ་ཡིན། ཡིད་ཀྱི་རྟོག་པ་ཐམས་ཅད་གཞི་མེད་རྩ་བྲལ། ངག་གི་བརྡ་ནི་རྡོ་རྗེ་ཕག་མོའ་གྲོང་ཁྱེར་ཙིནྡྷོན་བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་བཞུགས་པ་ཐོས་སམ་བྱ། ཐོས་ཟེར་ན། དེ་ཉིད་དུ་ཐལ་མོ་བརྡ་བ། སྒྲ་དེ་ཐོས་སམ་བྱ། ཐོས་ཟེར་ན། ད་ཅི་སྤྱོད་པའི་བློ་གྲོས་སྣང་ངམ་མི་སྣང་བྱ། ཐལ་མོའ་རྐྱེན་གྱིས་མི་སྣང་ཟེར་ན། འོ་དེ་ཁ་རྟོག་པ་གློ་བུར་བ་རང་བཞིན་མེད་པ་ཡིན་ནོ། །ཡང་སུམ་ཅུ་རྩ་གསུམ་ཆོས་བཟང་ལྷའི་མདུན་ས་ན་ལྷའི་དབང་པོ་བརྒྱ་བྱིན་བཞུགས་སོ་ཞེས་བྱ། དེ་ཉིད་ཏུ་ངག་ཏུ་ཕཊ་ནམ་མཁའི་མཐོང་ན་མཚོན་པའི་དཔེ་གཅིག་འདུག་གོ་བྱ། དེར་དབང་པོ་མ་བརྗེད་དམ་བྱ། སྒྲ་ཕྱི་མ་དེའི་རྐྱེན་གྱིས་བརྗོད་ཟེར་ན། དེ་ཁ་རྟོག་པ་གློ་བུར་བ་ཡིན། སྣང་གྲགས་
༣༢༥ དེ་དང་འདྲའོ། །མདོར་ན་ལུས་ཀྱི་སྤྱོད་ལམ་ངེས་མེད་མང་པོ་བསྟན་པས། རྟོག་པ་གློ་བུར་བ་རྐྱེན་ལས་སྐྱེས་པ་སྐད་ཅིག་མ་ངོ་བོ་སྟོང་པ། ངེས་མེད་གཞི་མེད་རྩ་བྲལ། དེ་ལྟར་བརྡ་སྣ་ཚོགས་ཀྱིས་མཚོན་ནས། གཅེར་མཐོང་ཐུག་ཕྲད་དུ་ངོ་སྤྲད། ཅིར་སྣང་ཐམས་ཅད་བློ་བུར་བ་རང་བཞིན་མེད་པ་རྨི་ལམ་སྒྱུ་མ་ལྟ་བུ། བར་སྣང་ལྟ་བུར་ངོ་སྤྲད། དེ་ལ་སྐུ་ཡེ་ཤེས་ལྔ་ཇི་ལྟར་གནས་ཞེ་ན། གཞི་རྩ་གང་ཡང་མེད་དེ། སྐྱེ་མེད་ཆོས་སྐུ། རྟེན་འབྲེལ་གྱིས་སྐྱེས་པ་སྤྲུལ་སྐུ། ངོ་བོས་སྟོང་པ་སྣང་སྟོང་ཐ་དད་མེད་པ་ལོངས་སྐུ། དབྱེར་མེད་ངོ་བོ་ཉིད་སྐུ། དེ་སྐུ་བཞི་ལྷུན་གྲུབ་གོམས་པར་བྱས་པ་ཙམ་ལས་ལམ་ལོགས་པ་ཞིག་སྦྱངས་པས་འབྲས་བུ་ལོགས་ནས་ཐོབ་རྒྱུ་མེད། ཕྱག་ཆེན་མངོན་སུམ་ལམ་བརྡའི་ངོ་སྤྲོད་དོ། །ཞང་གི་ཐུགས་ནང་ཕྱུང་བ་ཀུན། །དཔེ་བཞག་དགའ་མགུ་རངས་པའི་སྲོལ། །སེམས་ཉིད་འཆིང་གྲོལ་མཆོག་སྟོན་གནས། །ཡི་གེར་སྣང་བ་འདི་ཉིད་དོ། །ཞང་གི་ཟབ་རྒྱ་ནས་བཏུས་སོ། །དཔལ་ཆེན་་ལོའ་སྦྱོར་དྲུག་གི་ཁྲིད་ཡིག །དཔལ་ཆེན་་ལོའ་སྦྱོར་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། མཆོག་གྲུབ་ཡེ་ཤེས་ཀྱི་ལམ་ལ་གནས་ཁང་མུན་པ་ཅན་ལ་ལུས་གནད་དང་བཅས་པས། ཐ་མལ་པའི་མིག་ཤེས་གཟུགས་ལ་འཇུག་པ་ལྟར་རྣལ་འབྱོར་པས་རྟགས་སྣང་གང་ཤར་གྱི་ཡུལ་ལ་སོ་སོར་བསྡུད་དེ། དེ་ལ་གཟུགས་མཐོང་ལ་གཡེང་ཚེ་དུང་སྒྲ་རྣ་བར་མི་ཚོར་བས་རྟོག་གཉིས་གཅིག་ཆར་མི་ལེན་པ་བཞིན། རྣལ་འབྱོར་པས་འཆར་སྒོ་གང་སྣང་དེ་རང་ལ་ཡིད་རྩེ་གཅིག་ཏུ་བཞག་པས། ལས་སྣང་གི་ཚོར་བས་མི་འཕྲོག་པའི་སེམས་རང་མལ་དུ་གནས་པའི་ངང་ཚོར་ཆུང་ཀུན་འགྲོའི་བྱེད་པ། དུ་སོགས་བསམ་གཏན་ཡུལ་ཅན་ལྔ་ལ་སྦྱར་ནས་དགའ་བདེ་རྟོག་དཔྱོད་ཤེས་རབ་གཡོ་མེད་རྣམས། གང་ཤར་དེའི་འཆར་སྒོར་དྲངས་ལ། ཞི་ལྷག་ཟུང་འབྲེལ་སོར་བསམ་
༣༢༦ མ་བུ་ཞལ་མཇལ་བྱ། རོ་རྐྱང་ཉི་ཟླ་ཁ་སྦྱོར་རླུང་སེམས་གཉིས་འདྲེས་སྲོག་རྩོལ་རྡོ་རྗེའི་བཟླས་པ་ཕྱིར་འོངས་ནང་འགྲོ། །གནས་པའི་དབང་ལས་ཧཱུྃ་ༀ་ཨཱཿ སྒྲ་མེད་ཡིད་ཀྱིས་བཟླས་ཤིང་གནས་ཚེ་ཁ་སྦྱོར་བུམ་ཅན་གྱི་རྩོལ་བས་དབུ་མར་བཙན་ཐབས་སུ་འཇུག་ལ། སྟེང་དུ་ཡང་། ཡང་ཡང་ལོངས་སྤྱོད་ཀྱི་རླབས་བཏབ་སྟེ་སྟེང་འོག་ལས་རླུང་གི་རྒྱུ་བ་འགག་པ་ལ་སྲོག་རྩོལ་གྭའུ་ཁ་སྦྱོར་བྱ། །གཏུམ་མོའ་མེས་བྱང་སེམས་ཞུ་བའི་བདེ་ཉམས་རང་རིག་གི་འཛིན་པའི་ཤུགས་འབྱུང་དུ་ལུས་ཚོར་བདེས་ཡུལ་སྣང་དེ་མཚུངས་སྣང་བ་བདེ་བའི་རང་བབས་སྐད་ཅིག་རེ་ལ་ཡང་ལུས་གནད་འཇོག །ཐབས་ལྟ་སྟངས་ཀྱི་ཚེ་ཡང་སྔར་བདེ་རྗེས་དྲན་སྡུག་བསྔལ་གྱི་སྣང་བ་འགོག་པའི་ཏིང་ངེ་འཛིན་ལྷུག་པར་རང་ཤར་ཏེ། དངས་མས་ལུས་ཁྱབ་པས་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་གཞན་སྣང་ཟིལ་གནོན་འབད་མེད་འབྱུང་སྟེ། དཔལ་དུས་ཞབས་པས། རབ་ཀྱིས་དང་པོར་རྒྱུད་ལས་རྟོགས་ཞེས་གསུངས་པའི་ལག་ཁྲིད་སྙིང་གཏམ་གསང་བའི་མདུད་འཆིང་ཡིན་ལ། དེའི་བོགས་འབྱིན་བསིལ་བའི་ཚུལ་དུ་མཁའ་འགྲོས་དངོས་སུ་སྩལ་བའི་དམན་པ་ལས་ཀྱི་གཏུམ་མོ་ཞག་བདུན་གྱིས་ངེས་པ་བསྐྱེད་པའི་གནད་ཀྱང་། རང་ཡི་དམ་དུ་གསལ་བའི་ལྟེ་བའི་མེ་ཚང་དུ་བླ་མས་ཡེ་ཤེས་ཀྱི་མེའི་རྣམ་པ་བླ་མའི་འཆར་སྒོར་ལམ་མེ་བ་ཚོན་གང་བསམ་པ་འདི་ཉིད། སངས་རྒྱས། ཆོས། དགེ་འདུན། སྐྱབས་ཡུལ་ཀུན་འདུས་ཡིན་ངེས་ཞེས་མོས་དུང་བསྐྱེད། རྐང་པ་བསྣོལ། ལག་པ་ཕན་ཚུན་བསྡམ། མགྲིན་པ་དགུག །སྒལ་སྐེད་བསྲང་། དཔུང་པ་བརྒྱང་། རླུང་རོ་ཕྱིར་བསལ་རྗེས་རྔུབ་པ་འཇམ་རིང་ཤུགས་རྫོགས་པ་སྣད་དུ་གཅུན། སྟེང་འོག་རླུང་ཐད་མཉམ་བཟུང་ལ་དགང་བ་ཕན་ཚུན་གཅུས་ཞིང་རླུང་དགང་། གཞིལ་བ་ལུས་གསི་གསལ་རླུང་གིས་ལུས་ཀུན་ཁྱབ་པར་བསམ། དབྱུང་བ་དངོས་སུ་སྣ་སྒོ་
༣༢༧ དང་། དམིགས་པ་བ་སྦུའི་རྩེ་ནས་བར་བསྒོམ་ཞིང་ལྟེ་བར་མེ་སྲན་མ་ཙམ་པ་མེ་སྟག་འཕྲོ་བ་ལུས་སྲེག་པ་ཙམ་གྱི་དྲོད་དང་ལྡན་པ་ལ་སེམས་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་བསྒྲིམས་པས་མེ་རྒྱུའི་ཐིག་ལེ་སྲན་མ་ཙམ་པ་ལ་མི་ལུས་ཐོབ་པའི་རྐྵ་ཉི་མ་མེ་འབར་ཏེ་མེ་ལྕེ་སོར་བཞིའི་ཚད་དུ་སྤྲུལ་ལྕེ་ལྟར་འཁྱུག་ཅིང་། རླུང་གིས་བསྐྱོད་པའི་མར་མེའི་རྩེ་ལྟར་རྣམ་པར་གཡོ་བ་ལ་ཡིད་རྩེ་ཅིག་གཏད་དོ། །མེ་ལྕེའི་རྩེས་རྩད་དབུ་མའི་སྒོ་ཕྱེ་ནས་ཤེལ་ནང་དུ་སྐུད་པ་ཚུད་པ་ལྟར་དབུ་མ་དྭངས་གསལ་ཆོས་བཞི་ལྡན་གྱི་ནང་ན་ཡར་དར་དམར་སྣལ་མ་བརྐྱངས་པ་འདྲ་བའི་མེ་ཏལ་ལ་འབར་བ་ལ་སེམས་མ་ཡེངས་པར་འཇོག །དབུ་མའི་རྩེ་ནས་སྤོས་དུད་ལྟར་དུ་བ་སྔོ་ལྗང་སྤྱི་བོ་ནས་སོང་། ཡར་ནམ་མཁར་གདུགས་ཕུབ་པ་ལྟར། ཁྱི་ལེ་ཡོད་པར་བསམས་ལ། དམིགས་པ་ལྟེ་བའི་མེ་ཉིད་ལ་གཏད་དེ་འབད་ནས་བསྒོམས། དུ་བ་དེ་ཡང་རི་ལ་རྨུགས་པ་བབས་ཚུལ་དུ་རང་ལུས་ལ་གོས་སུ་གཡོགས་ཤིང་། ལུས་ནང་མེ་འབར་བ་ལ་དམིགས་པ་གཅུན་ནས་རྩེ་གཅིག་ཏུ་བསྒོམ། མེ་ལྕེ་འཁྱོགས་པོ་སྤྱི་བོ་གཤང་སྒོའི་ལམ་གཉིས་ནས་ཕྱིར་ཐོན་ཞགས་པ་བསྐོར་བ་ལྟར་རྩེ་འཁྱིལ་ནས་འོད་ཀོར་རེ་བ་ལ་སེམས་གཏད་ནས། རླུང་དྲག་ཏུ་འཛིན། དབུ་མའི་ནང་ནས་ལུས་རྩ་སྒོ་ཐམས་ཅད་དུ་མེས་གང་ཞིང་། རང་གི་ཕྱིའི་ཕྱོགས་བཞིར་ཉི་མའི་དཀྱིལ་འཁོར་ཆེ་བ་མེ་དབལ་གྱིས་ལུས་སྲེག་པ་ཙམ་དང་ཉི་མའི་འོད་ཟེར་དང་ལུས་ལས་འཕྲོས་པའི་མེ་འོད་ཀྱི་རྩེ་འཕྲོད་ནས། མེའི་ཟེར་འཐབས་པས་ལུས་ཕྱི་ནང་མེ་དྲོད་དུ་འུར་འུར་བ་ལ་ཡིད་གཏད་ནས། ལུས་ཉྭ་བཞི་སྒྲིམས། རླུང་བཙན་ཐབས་སུ་དགང་། འཁྱགས་པ་ཡིད་ལ་མི་བྱེད། དྲོ་ཧུ་རེ། ཚ་ལམ་མེ། ཉི་མ་སྟོང་གི་འོད་ཀྱིས་གདུངས་བར་བསྒོམ་མོ། །་ལོའ་གསང་གཏམ་ཀུན་གྱི་གཙོ། །དགའ་བདེ་རང་གྲོལ་མཆོག་གི་བཅུད། །སྨན་མཆོག་གཏུམ་མོའ་ཉམས་ལེན་ཉིད་
༣༢༨ ཞང་གི་ཟབ་གནད་ནང་ནས་བཀོལ། བླ་མ་ཞང་འཚལ་པའི་ཁྲིད་ཡིག་ལས་བཏུས་སོ། །ཕག་གྲུའི་ཐེལ་སྐོར་གྱི་ཁྲིད་ཡིག་ཕག་གྲུའི་ཐེལ་སྐོར་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ལུས་གནད་སྐྱིལ་ཀྲུང་ཚིགས་པ་བསྲང་། མིག་སྣ་རྩེ། མཉམ་བཞག་ཕྱག་རྒྱ་བཅའ། ཕག་མོའ་བརྡ་དབང་དུག་གསུམ་ཞལ་བསྒྱུར་གྱིས་སྒོ་ངེས་པར་བྱས་ལ། རྐྱེན་བཞིའི་གཉིས་དང་བྲལ་བའི་བཤེས་གཉེན་ལ་བརྟེན་ཏེ། ཤེས་རབ་ཀྱིས་རང་གི་སེམས་ཀྱི་མཚན་ཉིད་ཤེས་པར་བྱས། སྐྱེ་འགག་གནས་མེད། བློ་འདས་སྐུ་བཞི་གདོད་ནས་ལྷུན་གྲུབ། ཆོས་ཐམས་ཅད་ཀྱི་མཚན་ཉིད་མཚན་གཞི་ལས་འདས་པ། ཚིག་གི་ཆུ་ལས་དོན་གྱི་ཉ་གཟུང་། ཆོས་ཐམས་ཅད་ཀྱི་མཉམ་ཉིད་ཤེས་པས། སྐད་ཅིག་ལ་བྱུང་ཚད་ཆོས་སྐུའི་ཡོ་ལང་དུ་ལོངས་སྤྱད་པས་སྐུ་ཡོངས་རྫོགས། ཚོགས་ལམ་སོགས་ཁྱད་པར་གྱི་ལམ་ལྔ་སྦྱང་། མཐར་ཕྱིན་བྱང་ཆུབ་ཀྱི་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ནམ། དྲན་པ་ཉེར་གཞག །ཡང་དག་སྤོང་། ལམ་དེ་ལས་རྫུ་འཕྲུལ་གྱི་རྐང་པ་བཞི། དད་པས་རྒྱུ། དྲན་པས་ལམ། གྲོགས་བརྩོན་འགྲུས་གསུམ་ཐབས་ཤེས་རབ་ཀྱིས་ཤེས་དགོས། ཏིང་ངེ་འཛིན་འབྲས་བུ་སྟོབས་ལྔ་དང་བྱང་ཆུབ་ཀྱི་ཡན་ལག་འཕགས་ལམ་བརྒྱད། དེ་ལྟར་ལྟ་བའི་གོ་ཆས་རྟོག་པ་ལམ་དུ་འཁྱེར་བ་ནི། ནམ་མཁའི་ཁམས་ལ་བརྟག་པར་མི་ནུས་བཞིན། །སེམས་ཀྱི་མཚན་ཉིད་རིག་པ་མ་ཡིན་ན། །སྒྱུ་མའི་གཟུགས་ལ་ལེགས་ཉེས་རྟོག་མཁན་འཁྲུལ། །གཟུགས་བརྙན་དོན་དུ་འཛིན་པའི་བུ་ཆུང་བཞིན། །མཉམ་རྗེས་གཉིས་པོ་ལྕགས་ཟད་བརྡར་ཟད་ཡིན། །འཁོར་འདས་དབྱེར་མེད་ཆོས་སྐུ་ཉིད་ལ་མཚུངས། །ཆོས་རྣམས་ཐམས་ཅད་ནམ་མཁའི་ཆོ་འཕྲུལ་ཡིན། །རང་མཚངས་རིག་ན་བཅིངས་གྲོལ་དགོས་པ་མེད། །མེད་བཞིན་སྣང་བ་ནམ་མཁའི་ཆོ་འཕྲུལ་ཡིན། །ཤེས་པས་གྲོལ་བ་རྨི་ལམ་སད་པ་འདྲ། །སྣ་ཚོགས་སྣང་བ་ནམ་མཁའི་
༣༢༩ མེ་ཏོག་ཡིན། བྱིས་པའི་དགའ་སྡུག་རྒན་ལ་ཅང་བདེན་ནམ། །ཕན་ཡོན་མེད་པ་སྒྱུ་མའི་རང་སྣང་ཡིན། །ནམ་མཁའི་ལྟས་མོ་འདི་འདྲ་ཤེས་པས་ལྟོས། །གཟུགས་ནས་རྣམ་མཁྱེན་ནམ་མཁའི་རི་མོ་ཡིན། །སྒྲོ་འདོགས་སེམས་ལ་ཆོད་ཅིག་སྒོམ་ཆེན་ཀུན། །གང་བྱུང་ཆོས་ཀྱི་དབྱིངས་ལ་བླང་དོར་མེད། །ཐམས་ཅད་སྒྲོ་བཏགས་ཡིན་ཕྱིར་རྫུན་ཕུགས་རྡིབ། །སྤང་བླང་མེད་པའི་དོན་ཅིག་རྟོགས་ཏེ་མཆི། །བཅིངས་གྲོལ་གོལ་ས་མེད་པའི་ཚུལ་ལུགས་མཆོག །རང་ལ་རང་གིས་ལྟོས་དང་རང་མཚངས་རིག །ཅིར་ཡང་འཆར་བ་གང་དུ་མི་འཛིན་པ། ལམ་མཆོག་འདི་ལས་གོང་ན་གཞན་མ་མཆིས། །བག་ཆགས་འཐས་པའི་མི་སྣང་དགུ་སྣང་འདི། །བློ་ཡིས་བཟུང་ཚད་མཚན་མའི་ས་བོན་ཡིན། །ལྟོས་ཤིག་ལྟོས་ཤིག་ཅིར་ཡང་མ་བལྟ་ཞིག །བརྡར་ཤ་སེམས་ལ་ཆོད་ལ་གཅོད་མཁན་ལྟོས། །རེ་དོགས་འཁོར་འདས་ཐམས་ཅད་ཀློང་དུ་ཞི། །དངོས་པོའ་ཆོས་ཉིད་སྟེང་དུ་དེ་ཡིས་ཕེབ། །གཉིད་སད་རྨི་ལམ་བཞིན་དུ་རྟག་པར་ལྟོས། །དོན་གྱི་དབྱིངས་ཉིད་སྨྲ་བསམ་བརྗོད་མེད་ཡིན། །བློ་དང་བྲལ་བ་ཕྱག་རྒྱ་ཆེན་པོར་འདོད། ཐབས་ལམ་གཏུམ་མོ། །ལུས་ལྷའི་སྟོང་ར། ལུས་གནད་གཙོ་བོར་འདོན། མིག་དེ་བཞིན་དུ་བསྒྲིམ། རང་ཉིད་ལྷའི་སྤྱི་བོར་བླ་མ། རྩ་གསུམ་འཁོར་ལོ་བཞི་དྭངས་གསལ། རླུང་གཡོན་ནས་རྒྱུ་དུས་བསྒོམ། རླུང་སྦྱོར་བཞི་ལྡན་རྡུབ་དགང་། གཞི་ལ། འཕངས། ལྟེ་བའི་ཨ་ཐུང་སོགས་ལ་རླུང་སེམས་བཟུང་། མེ་སོར་བཞི་ནས་ཉི་ཤུའི་བར་ལུས་ཀྱི། ལྟེ། སྙིང་། མགྲིན། སྤྱི། རིལ་པོར་བདེ་དྲོད་ལ་ངེས་ཤེས་བསྐྱེད་དེ་བོགས་དབྱུང་འབར་འཛག་སྐྲ་ཤད་འཛིངས་པའི་བསམ་གཏན་ལ་སྙུགས་ཇེ་རིང་། མི་རྟོགས་མཚམས་སུ་ངལ་གསོ། །རླུང་ཐམས་ཅད་ལྕགས་ཐག་སྦྲེལ། རྔུབ་ངལ་མི་གསོ། །མཁལ་ཁུང་གཉིས་སུ་རཾ། ལྟེ་བར་མེའི་པདྨ་དམར། དབུས་ཨ་ཐུང་རང་བཞིན་
༣༣༠ མེ། རོ་རྐྱང་གི་རླུང་བུས། མེ་སོར་བཞི། བརྒྱད། བཅུ་གཉིས། ལྟེ་སྙིང་། མགྲིན་སྤྱི་བར་དུ་ཕྲ་རགས་ཀྱི་མེས་གང་། ཧཾ་ཞུ་བའི་ཐིགས་པ་ཕྲ་མོ་དང་། རིགས་པ་དར་་སྐུད་བརྐྱངས་པ་བཞིན་བབས་པས་འཁོར་ལོ་གོ་རིམ་བཞིན་གང་། དམིགས་པ་བསྒྲིགས་ཆགས་མ་མེད། བྱེད་བྱང་ལུགས། བདེ་དྲོད་ཆེར་འབར་བ་ལ་ཡིད་གཏད། ལས་དང་གཏུམ་མོ་མཆོག་གི་གཏུམ་མོ་གསུམ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན། སྤྱན་མ་སོགས་ཡུམ་ལྔ་ཞུ་བའི་བདེ་བ་རླུང་སེམས་ཀྱི་སྟེང་དུ་འཆར། སྒྱུ་ལུས་ཀྱི་འཚང་རྒྱ་ཐབས། སྔོན་འགྲོ་གཏུམ་མོ་བཞིན། རང་དང་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ། མེ་ལོང་གི་གཟུགས་བརྙན་ལ་བསྟོད་སྨད་བྱ། དགའ་མི་དགའ་མེད་ན་དེར་གཟུགས་བརྙན་རང་ལ་བསྟིམ། བདག་ལ་བསྟོད་སྨད་བྱེད་དུ་གཞུག །གཟུགས་བརྙན་བཞིན་དགའ་མི་དགའི་བསམ་པ་མི་ཡོང་ངེས། ཚོང་འདུས་སོགས་སུ་ཕྱིན་སྔར་བཞིན་བལྟ། མེད་ན་ཡི་དམ་སོགས་ཀྱི་སྐུ་མེ་ལོང་ལ་འཆར་དུ་བཅུག །དེ་བཏོན་ནས་རང་ལ་ཡང་ཡང་བསྟིམ། རང་ལུས་ལྷར་གསལ་ན་དག་པའི་སྒྱུ་ལུས་འབྱོངས་པ་ཡིན། སྦྱངས་པས་མཉམ་རྗེས་མེད་ན་མཆོག་ཐོབ། ཡོད་ན་བར་དོར་འཚང་རྒྱ། རྨི་ལམ་འཛིན་ཚེ་མགོ་བྱང་བསྟན། སྤྱི་བོའ་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བྱ། རྨི་ལམ་འཛིན་པའི་གསོལ་བ་བཏབ། སེམས་ཅན་ཐམས་ཅད་སྒྱུ་མ་རྡོ་རྗེ་འཛིན་པ་ཐོབ་པར་སྨོན་པའི་སེམས་བསྐྱེད། མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་བླ་མའི་ངོ་བོར་ༀ། འདབ་བཞིར་ཨ་ནུ་ཏ་ར་དཀར་སེར་དམར་ལྗང་མདུན་ནས་བསྐོར། འཁོར་བ་ལ་དམིགས་པ་གཏད། རྨི་ལམ་ཟིན་པར་བྱ་བའི་འདུན་པ་དྲག་པོ་ཡང་ཡང་བྱ། ཨ་ལ་ཤེས་པ་གཏད་ནས་གཉིད་པས་སྲོད་ནམ་གུང་ཐོ་རངས་ལ་ཟིན་ཡོང་། མ་ཟིན་ན་སྨིན་མཚམས་སུ་ཐིག་ལེ་དམར་པོ་འཚེར་བ་སྲན་མ་ཙམ་ལ་ཤེས་པ་གཏད་
༣༣༡ པས་ཟིན། རྨི་ལམ་ལ་རྨི་ལམ་དུ་ཟིན་ཅིང་ཤེས་ན། ཡུན་བསྲིངས་ནས་བསྐྱང་། གཅིག་ལས་གཉིས་སུ་སྤེལ་བ་དང་། བསྒྱུར་བ། སྐྲག་ཟིན་རྩུབ་ཟིན་སོགས་ལ་མཆོངས་པ་སོགས་བྱ། གཉིད་ཀྱི་འོད་གསལ། རྨི་ལམ་གྱི་དངོས་པོ་ཐམས་ཅད་ལ་མཐའ་དབུས་མེད་པའི་ནམ་མཁའ་ལྟ་བུར་གྱུར་པའོ། །ཉམས་དེ་བསྐྱངས་པས་འཆི་ཁའི་འོད་གསལ་ཟིན་ནས་མཆོག་གི་དངོས་གྲུབ་ཐོབ་པས། གྲོགས་དང་བཅས་ཏེ་ལྭ་བ་པ་བཞིན་དུ་ཉམས་སུ་བླང་ངོ་། །འཕོ་བ་གློ་གཡས་ཕབ། མགོ་བྱང་། སྔར་གྱི་འོད་གསལ་ངང་ནས་འཕོས་ན་རབ་ཀྱིས་མཆོག་གྲུབ་ཅིང་། ཐ་ནའང་མི་ལུས་ཆོས་ལྡན་ཐོབ། རང་ལུས་ལྷ། དབུ་མ་སྦ་ལྕག་ཙམ་གསལ་བཏབ། སྣོད་བཅུད་འོད་སྣང་དུ་གསལ་བར་ཞུ། རང་ལ་ཐིམ། ཧཱུྃ་ལ་བསྡུ། སྐར་མདའ་བཞིན་སྤྱི་བོར་བླ་མ་རྡོ་རྗེ་འཆང་གི་ཐུགས་ཁར་ཐིམ། དེ་ལ་མཉམ་པར་བཞག །ལན་མང་དུ་སྦྱང་། དབང་པོ་རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་མི་ལུས་གང་འདོད་དུ་འཕོ། བསགས་པ་ཞེན་ན་བར་དོར་འཁྱམས་པ་ཆོས་ཉིད་ཡིན་པས། ཞག་གསུམ་ཙམ་ནས་འཆི་བའི་རྟགས་གསུམ་འཆར། རྡོ་རྗེའི་གདན་དང་མངལ་མ་གཏོགས་གང་ལའང་མི་ཐོགས། མངལ་དགག་པ་ལ་རང་ཉིད་ཡི་དམ་དུ་གསལ་བས་འོད་གསལ་དུ་བཞག་པས་ཁེགས། ཡང་ན་རང་དང་སྣང་བ་ཐམས་ཅད་བླ་མ་ཡབ་ཡུམ་དུ་བསྒོམ་པས་དགག །ད་ལྟ་ནས་སྦྱོང་། ཡང་ཕ་མ་འདུ་འཕྲོད་དུས་ཆགས་པ་སྐྱེ་བས། དེ་གཉིས་བླ་མའམ་ཡི་དམ་ཡབ་ཡུམ་དུ་མོས་གུས་བསྐྱེད། མཆོད་པ་དང་གསོལ་བ་བཏབ་པས་ཁེགས། ཡང་ན་སྔར་ཆགས་སྡང་བྱས་པས་ཉེས། དབྱེད་རི་ཤེ་སྙམས་པས་ཁེགས། མ་ཁེགས་ན་རང་དང་སྣང་བ་ལྷ། ལྷ་སྐུ་སྒྱུ་མ་འཇའ་ཚོན། དེ་ཡང་འོད་གསལ་དང་བསྲེས་ཏེ། དྭངས་གསལ་འཛིན་མེད་ཕྱག་རྒྱ་ཆེན་པོ་ལ་བློ་འཇོག །དེས་མི་ཁེགས་མི་སྲིད། བདུན་ཕྲག་དང་པོ་དེས་ཁེགས་ཤིང་། ཕྱི་མ་
༣༣༢ རྣམས་ཀྱང་རྩོལ་མེད་དུ་ཁེགས། འདས་པོའ་དོན་དུ་དགེ་རྩ་ལ་འབད་པ་གལ་ཆེ། ཀུན་ཁྱབ་ཏུ་སྔར་བསྟན་པའི་འོད་གསལ་ཕྱག་རྒྱ་ཆེན་པོ་ཉིད་ལ་རྩལ་འདོན། གནད་འདོམས་ལས་མངོན་རོལ་གཞན་མེད་དོ། །བཀའ་བརྒྱུད་ཕྱག་ཆེན་ཀུན་གྱི་བཅུད། །དགའ་བསྐྱེད་དྭགས་པོའ་དགོངས་གྲོལ་གནད། །གསང་མཆོག་ཕག་གྲུའི་ཉམས་བཞེད་མཐིལ། །ཆོས་དྲུག་གསལ་འདོམས་ཡི་གེར་བཀོད། རྗེ་ཕག་གྲུའི་གསུང་འབུམ་ལས་བཏུས་ཏེ་འདིར་ཕྱུང་ངོ་། །དགོངས་གཅིག་གི་ཁྲིད་ཡིག །དགོངས་གཅིག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བསྟན་པ་ཐ་དད་པས་གཅིག །གྲུབ་མཐའ་རྟེན་འབྲེལ་ཡིན། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་གཉེན་པོར་གསུང་། གསུང་རབ་ཡན་ལག་བཅུ་གཉིས་ཐ་དད་ཡིན་མོད། གཅིག་ནང་དུ་ཐམས་ཅད་ཚང་། སྡེ་སྣོད་གསུམ་གཅིག་ལ་གཅིག་ཐུག །རེ་རེ་ལ་གསུམ་ཀ་ཚང་། བཀའ་ཐམས་ཅད་ལ་ཕུན་ཚོགས་ལྔ་ཚང་། འཁོར་འདས་ཀྱང་ཕུན་ཚོགས་ལྔས་བསྡུས། འདུལ་བ་ཐུན་མོང་གི་མདོ་སྡེ། སེམས་ཙམ་མངོན་པ། མུ་སྟེགས་བོན་གྱི་སྒོར་ཞུགས་པས་བདེན་པ་མཐོང་བའི་སྐབས་མེད། ཐར་པ་ཆ་མཐུན་ནི་ཡོད། མུ་སྟེགས་པས་ཉམས་སུ་བླང་བྱ་ཐམས་ཅད་སྔར་བྱ་ཡིན་ཟེར་ཡང་སྡོམ་པ་བསྲུང་བ་དང་སྙིང་རྗེ་ཕྱི་རོལ་པ་ལའང་ཡོད། རྒྱུ་མཚན་ཉིད་ཀྱི་ཐེག་པས་ཚེ་གཅིག་གིས་སངས་རྒྱ་བ་ཡོད། མཚན་ཉིད་སྔགས་སངས་རྒྱས་གཅིག །སྡོམ་གསུམ་གོང་ནས་གོང་དུ་དོག་ཏུ་འགྲོ། བྱང་ཕྱོགས་སོ་བདུན་ནི་ལམ་སངས་རྒྱས་དེའི་ཕ་རོལ་ན་ཡོད་མོད། ལམ་ངོ་བོས་བགྲོད། ཉན་རང་རིགས་ཆད་སངས་མི་རྒྱབ་ཡིན་མོད། མཐར་ཐུག་བྱང་ཆུབ་ཆེན་པོར་འགྱུར། འཁོར་བ་མཐའ་མེད་སྤྲོས་པ་མེད། སྡེ་པ་བཞི་ངོ་བོ་གཅིག །རྨི་ལམ་ས་བོན་ཉམས་པ་ཉེས་པ་མེད་མོད། རྨི་ལམ་དུ་ཉམས་ཀྱང་ཉེས་པ་འབྱུང་། ས་ཐོབ་ནས་ངན་འགྲོ་མེད་མོད། ས་ཐོབ་ངན་སོང་དུ་སོང་བ་ཡོད། ཚོགས་བསགས་ཉམས་
༣༣༣ ལེན་ཀུ་སུ་ལུའི་ཚོགས་གསོག་ཡིན། སྒྲུབ་པ་བྱེད་པ་ལ་ནད་དང་གནོད་པ་བྱུང་ན། སེལ་བའི་ཐབས་ལམ་དུ་གཏོང་བ་ཡིན། གསང་སྔགས་སྡེ་སྣོད་གསུམ་གྱི་སྙིང་པོ་ཡིན། དབང་བསྐུར་ཡང་མི་ཐོབ་པར་འདོད་པ་དང་། མ་བསྐུར་ཡང་ཐོབ་པར་འདོད་པ་ཡིན་མོད། །དབང་པོ་རབ་འབྲིང་གསུམ་ཀ་ལ་ཆོ་ག་དགོས། ལྷ་གཅིག་གིས་ཀྱང་ཕྲིན་ལས་ཐམས་ཅད་འགྲུབ། ལྷ་རེ་ལ་མཚན་རེ་ཡོད་མོད། ལྷ་ཐམས་ཅད་ལྷག་པའི་ལྷས་བཟུང་། སྔགས་ནས་རྩ་བའི་དམ་ཚིག་གནང་སྐབས་མེད། ལྷ་ལ་རིམ་འཇུག་པ་གནད་ཟབ། བསྐྱེད་རིམ་ལ་བསྙེན་བགྲངས་གཙོ་བོ་ཡིན་མོད། ལྷ་རྟེན་འབྲེལ་གྱི་ཚོགས་པས་འགྲུབ་པར་ཤེས་དགོས། དཀའ་ཐུབ་ལྷ་ལ་བརྙས། ཐ་མལ་གྱི་ལུས་དམ་དཔར་བཞེད། རྒྱུད་སྡེ་བཞི་སྔོན་མ་དྲང་དོན། བླ་མེད་གཅིག་པུ་ཟབ་མོད། ངེས་དོན་ཐམས་ཅད་ལ་དགོས། ཆོ་ག་གང་གིས་འདུལ་བར་བསྡུས་པ། སྲུང་འཁོར་རྡོ་རྗེའི་རབ་ཟབ་པ་འདོད་མོད། སྲུང་བའི་འཁོར་ལོ་བྱང་ཆུབ་ཀྱི་སེམས་ཡིན། སྔགས་ཀྱི་ཉམས་ལེན་རྩ་རླུང་ཟབ་པར་འདོད་དེ་གནད་འདུལ་བ་ཆེ། རྩ་རླུང་ཐིག་ལེ་དག་པ་ཁྱད་པར་དུ་ཟབ། དམ་ཚིག་གཉན་མི་གཉན་དཔོན་སློབ་གཉིས་ཀའི་དམ་ཚིག་མཉམ། ཀུན་གཞིའི་རྣམ་ཤེས་བྱིན་རླབས་དང་ལྡན་པས་གཞན་དུའང་མཐོང་། ཆོས་ཀུན་སོ་སོ་ཐར་པའི་སྡོམ་པ་རེ་རེར་འདུ། །མི་དགེ་བ་སྤྱད་ན་ས་བཅུ་པ་ཡང་ངན་འགྲོར་ལྷུང་། འདུལ་བ་ཕར་ཕྱིན་གསང་སྔགས་གསུམ་མི་གཅིག་བར་འདོད་མོད། འདི་གསུམ་ཆར་ལམ་དུ་བཞེད་དོ། །ཕྱག་རྒྱ་ཆེན་པོ་ལ་དགེ་མི་དགེ་གཉིས་ཀས་སྒྲིབ་པར་འདོད་པ་མིན་མོད། དགེ་བའི་ངོ་བོས་ཆོས་སྐུ་ལ་སྒྲིབ་མི་སྲིད། བྲལ་བའི་འབྲས་བུ་ལ་རྒྱུ་མི་འདོད་མོད། རྒྱུ་མེད་ཀྱི་འབྲས་བུ་མི་སྲིད། བསྒོམ་བྱ་སྒོམ་བྱེད་གཉིས་བསྲེས་མཐར་ཐུག་ཏུ་འདོད་མོད། སྦྲོས་བྲལ་ཉན་ཐོས་སུ་བཞེད་དོ། །རླུང་རྩོལ་སྦྱོར་བ་བཞི་ལྡན་ཟབ་པར་འདོད་མོད། རླུང་མི་འཛིན་ལྷུག་པར་འཇོག་པ་གནད་ཟབ། འཕོ་བ་ཧཱུྃ་ཡིག་ལ་བརྟེན་ནས་བླ་མའི་ཐུགས་ཁར་འཕོ་བར་འདོད་མོད། །
༣༣༤ མཆོག་གི་འཕོ་བ་རྣམ་ཤེས་འོད་གསལ་ལ་བྱ། སངས་རྒྱས་མྱ་ངན་འདས་པ་བུད་ཤིང་ཟད་པའི་མེ་བཞིན་དུ་ཤིང་ཟད་མེ་ཟད་འདོད་པ་ཡང་ཡོད་མོད། འདིར་ནི་བྱང་ཆུབ་རང་གཟུགས་མཐའ་དང་བྲལ་བའི་ངོ་བོར་བཞེད་དོ། །འདིར་བཤད་ཀྱི་དོན་རྣམས་མོས་གུས་ལྔ་ལྡན་གྱི་སྐྱ་བར་དུ་བཅུག་སྟེ་ཉམས་སུ་ལེན་པ་ཉིད་དོ། །དགོངས་པའི་དབྱིངས་སུ་ཆོས་རྣམས་ཀུན། །རོ་གཅིག་དགའ་མགུར་ལེགས་གཟིགས་ཆ། །རང་གྲོལ་མཆོག་ཏུ་བསྟན་པ་ཡི། །རྡོ་རྗེའི་གསུང་འདོམས་ཡི་གེའོ། །རྡོ་རྗེའི་གསུང་ཞི་བརྒྱད་པ་ལས་བཏུས་སོ། །སྟག་ལུང་པའི་ཆོས་དྲུག་གི་ཁྲིད་ཡིག །སྟག་ལུང་པའི་ཆོས་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གཏུམ་མོ་དམན་མཆོག་གིས་གཉིས་སུ་འབྱེད། ལས་རླུང་གཅུན་ལ་སྣང་རིམ་མཆེད། དམིགས་ཐུན་ཆུང་ལ་མང་བ་གནད། ལུས་མེ་འགལ་དྲུག་བཅིངས་བཅའ་སྙིང་རུས་འབད། རྗེས་ཐོབ་ཀྱི་འཆར་སྒོ་མ་དག་སྒྱུ་མའི་དཔེར་བླང་། སྣང་དུས་ནས་ངོ་བོས་སྟོང་པའི་ཚུལ། རྨི་ལམ་ཉལ་དུས་ཀྱི་འཆར་སྒོ་འདུན་པ་ལས་མ་གཡོས་པར། ལས་རླུང་གི་གཏུམ་མོ་མཉམ་བཞག་གི་མཐིལ། མ་དག་པའི་སྒྱུ་ལུས་རྗེས་ཐོབ་ཀྱི་ལམ། རྨི་ལམ་གྱི་འདུན་པ་མཚན་སྣང་གི་ཆོས། ཐུན་བཞིའི་རྣལ་འབྱོར། མཆོག་ཡེ་ཤེས་ཙཎྜ་ལི། རླུང་སྲོག་རྩོལ་ཁ་སྦྱོར། སྤྱི་གཙུག་ནས་ཐིག་ལེ་ཨ་ཤད་ལ་འབེབས། ཉམས་བདེ་གསལ། སེམས་རྟོག་མེད། དབྱིངས་ཀ་དག་ཕྱག་རྒྱ་ཆེན་པོ། འཆར་སྒོའི་རང་རྩལ་གཉུག་མའི་གཤིས། ཡུལ་གདོད་ནས་བཞུགས་པའི་དག་པའི་སྒྱུ་ལུས། མན་ངག་གསེར་འགྱུར་བཟང་པོའ་སྨན་གྱི་གཞི་སྟེ། གཏི་མུག་ལྕགས་ཁམས་བསྒྱུར་ནས། མིང་འོད་གསལ་དུ་བཏགས་པའི་ལག་ལེན། བདེ་སྟོང་ཉམས་མྱོང་འཆར་སྒོ་གང་ཤར་འཕྲལ་བ་ཟོ་བཅོས་མེད་པའི་གུ་ཡངས། འཆི་ཁའི་འོད་གསལ་མ་བུ། ཡིད་ལུས་ཀྱི་གར་མཁན་འཕོ་བའི་ཡིད་དཔྱོད། ཀ་
༣༣༥ ཧིའི་བཟླས་པ། རླུང་སེམས་ཀྱི་མདའ་གཞུ། དམིགས་པའི་ཁ་བསྒྱུར་གྱི་འཕྲུལ། ཧཱུྃ་ཡིག་གི་འཕོ་བ་ཆོས་དྲུག་གི་དགོངས་དྲིལ་ཉེ་ལམ་མོ། །གཏུམ་མོ་སྒྱུ་ལུས་རྨི་ལམ་དང་། །དེ་བཞིན་འོད་གསལ་ཀུན་དགའི་མདངས། །འཆར་སྒོ་རྣམ་གྲོལ་མཆོག་ཉིད་ཀྱིས། །ཆོས་དྲུག་བྱེད་ཚུལ་བྲིས་འདིའོ། །དཔལ་སྟག་ལུང་ཐང་པ་ཆེན་པོའ་ཁྲིད་ཡིག་ལས་བཏུས་སོ། །བླ་སྒྲུབ་རྟེན་འབྲེལ་རོ་སྙོམས་ཀྱི་ཁྲིད་ཡིག །བླ་སྒྲུབ་རྟེན་འབྲེལ་རོ་སྙོམས་ཀྱི་ཁྲིད་ནི། སྐྱབས་སམས་སྔོན་དུ་སོང་ནས། བླ་མ་ཆོས་ལོངས་སྤྲུལ་གསུམ་དུ་མོས་པའི་གནད་འདོམས་ཉམས་ལེན་ཡང་ཐོ་རངས་ནམ་གྱི་བརྒྱད་ཆ་ནས་ལངས་ཏེ། རང་གི་མདུན་གྱི་ནམ་མཁར་བཀོད་པས་ཁྱད་པར་འཕགས་པའི་ཁྲི་རྒྱན་གྱིས་སྤུད་པའི་དབུས་སུ་བླ་མ། ཟག་མེད་ཆོས་སྐུའི་རང་ཉམས་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་མོས་ལ། ངག་ཏུ་མ་ནམ་མཁའ་མ་བཞི་སྐོར་འདོན་བཞིན་པས་ཡན་ལག་ལྔ་གཏུགས་ཀྱི་ཕྱག་སྟོང་ཕྲག་གྲངས་མ་འཆོལ་པའི་ངེས་ཤེས་དང་བཅས་ནས་བསྒྲུབས་མཐར། ཡུམ་ཆེན་ཤེས་ཕྱིན་བླ་མའི་ངོ་བོ་རང་ལ་ཐེམ་པས་རང་སེམས་ཆོས་སྐུ་སྤྲོས་བྲལ། བྱ་བྱེད་ལས་གསུམ་གྱི་དྲི་མས་མ་གོས་པའི་རང་རིག་རྗེན་པ་ཅི་ཙམ་གནས་པའི་རང་བབས་བསྐྱང་། །ཟས་ཀྱི་བྱ་བ་སོགས་ཐུན་མཚམས་བརྟེན་ཞིང་། ཡང་བླ་མ་ལོངས་སྐུ་རྡོ་རྗེ་འཆང་མཚན་དཔེ་གསལ་རྫོགས། བརྒྱུད་པ་ཀུན་འདུས་སུ་མོས་བཞིན་ལས། སྔར་བཞིན་ཕྱག་འཚལ་སྟོང་ཕྲག་དང་། རང་ལ་བསྟིམས་རྗེས་རང་སྣང་རྒྱལ་བ་ལོངས་སྐུའི་རང་མདངས་འགག་མེད་སྐྱོང་ཞིང་། ཡང་བླ་མ་སྤྲུལ་སྐུ་་ཐུབ་པ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ལ་མོས་གདུང་དང་ལྡན་པས། སྔར་བཞིན་གུས་ཕྱག་དང་རང་ལ་བསྟིམས་རྗེས། རང་ཉིད་སྤྲུལ་སྐུ་འགྲོ་དོན་ལྷུན་གྲུབ་ཏུ་གྱུར་པའི་ངང་ལ་རང་རིག་གཅུན་ནས་མཐར་སྐུ་གསུམ་ཡོངས་རྫོགས་
༣༣༦ རྩ་བའི་བླ་མ་ཉིད་ལ་དད་འདུན་སྙིང་ནས་ཤུགས་བསྐྱེད་པའི་ལུས་ཀྱིས་ཕྱག །ངག་གིས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་།བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་།བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ་།བླ་མ་སངས་རྒྱས་རིན་པོ་ཆེ་ལ་།ཆོས་རྗེ་སངས་རྒྱས་བཀའ་དྲིན་ཅན་ལ་།ཞེས་བརྗོད། སེམས་ཀྱིས་ཅི་མཛད་ཁྱེད་ཤེས་སུ་ལྟོས་པ་ལིངས་ཀྱིས་བསྐྱུར། ལུས་དང་ངག་དང་ཡིད་དང་གསུམ་རྩེ་གཅིག་ཏུ་བསྒྲིམ། མཚམས་བཅད་ལྷག་པར་བསྡམ། ནུབ་མོ་ཉལ་བའི་རྣལ་འབྱོར་བྱ། དེས་ཚོགས་རྫོགས། སྒྲིབ་དག །བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བཙན་ཐབས་སུ་རྒྱུད་ལ་འཇུག་པས་ཉམས་རྟོགས་ཀློང་རྡོལ་ཕ་རྗེས་བུས་ཟིན་པར་འགྱུར་རོ། །རྟེན་འབྲེལ་ཆིག་ཆོད་མའི་ཁྲིད། རྩ་བའི་སེམས་ཐག་ཆོད་ཕྱིན། དགོས་མེད་རྣམ་གྲངས་མང་པོས་ཡིད་ཀྱི་རྙོག་པ་མི་བསླང་སྟེ། འགངས་རྗེས་ཟོས་ན་སྐྱུག་པའམ་མ་ཞུ་བའི་ནད་ཕོ་ནད་འབྱུང་བའི་གོ་བ་བསྐྱེད། སོ་ནམ་དུས་བཞི། ཚོང་པ་ཇ་ཕོག་འགྲུབ་མཐར་དལ་བར་ཉལ་བ་བཞིན། སེམས་ངོ་འཕྲོད་རྗེས་བྱར་མེད་དུ་རོ་མཉམ་བསྟེན། ཕྱུགས་རྫིས་མཐོ་སར་འདུག་ནས་ཕྱུགས་ལུགས་ལ་དགྲ་རྐུན་སྤྱང་ཀི་ཡོང་མི་ཡོང་བྱ་ར་འཇུག་པ་ལྟར། མ་ཡེངས་པའི་བྱ་ར་རིག་པའི་ངར་གཅུན། རི་དྭགས་རང་གནས་འཛིན་པ་བཞིན་གངས་ཁྲོད་ནགས་ཁྲོད་དུ་གཅིག་པུར་ཤུག་པ་བྲག་སྐྱེས་ལྟར་བསྒོམ། ལུས་ཀྱིས་འགྲོ་འདུག །ངག་གིས་སྨྲ་བརྗོད། ཡིད་ཀྱིས་ཀུན་འཕྲོ་མི་བྱ་ཞིང་ལས་མི་འཆོལ། །ཁྱིམ་དབེན་བྲང་ཁང་འགོལ་ས། མལ་སར་ཡང་ཡོལ་བཅད་བྱེད། ངག་རྒྱུན་གཅོད་ལ། སྨྲ་སྒོ་གླེངས་ན་བླ་མའམ་ཆོས་དང་། མཆེད་གྲོགས་ཀྱི་ཆེ་བ་བརྗོད། ཆོག་ཤེས་བྱ་བ་བཏང་། འདོད་ཟད་སྡོད་ཚུགས་ཀྱི་མན་ངག་བཞི་སྦྱང་། ལུས་
༣༣༧ ངག་ཡིད་མི་གཡོ་བའི་དམ་ཚིག་གསུམ་བསྲུངས་ན་ཤ་ལ་སྦྲང་བུ་འདུ་ཚུལ་དུ་རྟེན་འབྲེལ་མ་ལུས་པ་ལྷུན་གྲུབ་ཏུ་འབྱུང་ངོ་། །རོ་སྙོམས་ཀྱི་ཁྲིད་ནི། བླ་མ་ལ་གསོལ་བ་དུང་དུང་དུང་བཏབ། ཤར་གྲོལ་འཛིན་མེད་འདི་ཟབ། རྣམ་རྟོག་ལམ་དུ་འཁྱེར། ལྟས་ངན་གཡང་དུ་བླང་། བློས་བཏང་རེ་དོགས་བསལ། གང་ཤར་རྩིར་གྱིས་གཟུང་། སྤོང་ཡང་མི་སྤང་། རྗེས་སུ་མི་འབྲེང་། བཅས་བཅོས་མི་བྱེད། ལྷོད་དེ་འཇོག །ཧྲིག་གེ། །ཕྱམ་མེ། བདག་འཛིན་བཏང་། ཉོན་མོངས་ལམ་ཁྱེར། དུག་བདུད་རྩིར་བསྒྱུར་བ། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག །འདོད་ཆགས་སུ་ཐོལ་ཤར་དུས་ཙིར་བཟུང་། གསལ་ལེ་འཇོག །མ་སྤངས་གནས་སུ་དག །སོར་རྟོག་ཡེ་ཤེས། མེ་ལོང་ཡེ་ཤེས། ཆོས་དབྱིངས་ཡེ་ཤེས། མཉམ་ཉིད་ཡེ་ཤེས། བྱ་གྲུབ་ཡེ་ཤེས། རིགས་ལྔའི་རང་བཞིན་མངོན་དུ་བྱས་ལ། ལྷ་འདྲེ་ལམ་དུ་འཁྱེར། བར་ཆད་དངོས་གྲུབ་ཏུ་ལེན་པ། གདོན་རྟོག་འཇིགས་སྣང་ཐོལ་ཤར་ངོས་ཙིར་བཟུང་། ལྷན་བཞག །འཇིགས་སྣང་མ་སྤངས་གནས་སུ་དག །གསལ་གྱིས་འོངས། གདོན་ཐུལ་ལམ་འཁྱེར། བྱང་ཆུབ་སེམས་ཀྱི་གདམས་ངག །སེམས་ཅན་ལ་སྙིང་རྗེ་བསྒོམ། བདག་གཞན་བརྗེ་བ་བཅོས་མེད་བསྐྱང་། ན་ཚ་ལམ་ཁྱེར་འབྱུང་བ་རོ་སྙོམས། ནད་བྱུང་ཡང་ལག་ལེན་འདི་ལས་མེད། ངོས་གཟུང་བློས་བཏང་། རེ་དོགས་བསལ། ནད་ཟུག་གི་མི་བདེ་བ་ལ་གཅེར་བལྟ། གདན་རྩད་བཅད་པས་མི་རྙེད་དེ། དེའི་ངང་དུ་བཞག །བདག་འཛིན་རེ་དོགས་ནད་ཀྱི་རྒྱུ་ཡིན། འཆི་བ་ལམ་དུ་ཁྱེར་བ་མ་བུ་ངོ་སྤྲོད། ཆོས་ཉིད་མ་ལ་སྣང་བ་ཡིན་ལུགས་རིག་པ་བུ། འཆི་བའི་དུས་སུ་བླ་མ་བསྒོམ། རྟོག་པ་ངོས་བཟུང་། མོས་གུས་དུང་བྱ། ལྷོད་དེ་ཤིག་གེ་བཞག །འཆི་ཁའི་རིག་པ་ངོ་ཤེས་ཤིང་མ་བཅོས་པར་བཞག་པས་སངས་རྒྱས་
༣༣༨ བ་ཡིན་གསུང་ངོ་། །བླ་སྒྲུབ་རྟེན་འབྲེལ་རོ་སྙོམས་ཀུན། །དགའ་བཞིན་དགའ་བ་དང་ལན་བཅས། །མདུད་གྲོལ་མཆོག་གི་གནད་སྟོན་པའི། །སངས་རྒྱས་ལག་བཅངས་ཡི་གེའོ། །དཔལ་ལྡན་འབྲུག་པའི་ཁྲིད་དཔེ་ལས་བཏུས་སོ། །ལོ་རས་ཐུབ་པ་ལྔ་ལྡན་གྱི་ཁྲིད་ཡིག །ལོ་རས་ཐུབ་པ་ལྔ་ལྡན་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གཏུམ་མོ་རས་ཐུབ་ལ་དམིགས་པ་རང་རྡོ་རྗེ་རྣལ་འབྱོར་མ་མེའི་སྐུ་ཅན། མེ་དཔུང་འབར་བའི་ཀློང་ན་འོག་ཉི་དཀྱིལ་རྐང་མཐིལ་མེས་བསྲེགས་པ་ལྟར་དམར་ཞིང་འཚེར་བའི་མེ་སྟག་གི་ཚྭ་ཚྭ་འཕྲོ་བ། སྟེང་ཡང་མེའི་རང་བཞིན་དུ་འབར་བ། ལུས་ཀྱི་རྒྱན་དྲུག་ཀྱང་མེར་དམར་ལམ་ལམ་ཕྱི་ནང་མེར་འབར་བའི་སྣང་བ་ལ་ཡིད་རྩེ་གཅིག་གཏད་ནས་མོས་གུས་ཤུགས་དྲག་པོས་བདེ་དྲོད་ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས། །ཞེས་མགོ་ཆུ་རྟིང་པར་ཉིལ་མ་བྱུང་བར་བྱས་མཐར་གཙུབ་ཤིང་མེའི་འཁྲུལ་འཁོར་རྒྱུན་མི་འཆད་དང་། རླུང་སྲོག་རྩོལ་གཉིས་ཤུགས་བསྐྱེད། ངལ་གསོའ་སྐབས་རང་ངོ་སྐྱོང་ཞིང་མ་ཡེངས་པར་བྱ། ཟས་སྤྱོད་ལམ་གྱི་ལྕག་གིས་བསྐུལ། གང་ཤར་གྱི་སྣང་བ་སྒྱུ་མར་ཐག་རྦད་བཅད་ལ། མི་ཕོད་པ་ལ་ཐོག་རྫིས་ཀྱིས་སྒྱུ་ལུས་གདིང་ཡོད་ཀྱི་རྟགས་ཐུབ་ངང་ནས། ནད་གདོན་གྱི་འཆར་སྒོ་རྐྱེན་ངན་གང་བྱུང་ལ་དེར་འཛིན་མེད་པར་གྲོགས་ཤར་དུ་གོ་བའི་རྐྱེན་ཐུབ་ལ་རྩལ་སྦྱངས་པས། བདེ་སྡུག་རོ་སྙོམས་གང་བྱུང་ལམ་དུ་བསླངས་ནས་རྩིས་གདབ་མེད་པས་ནད་ལ་གཉེན་པོ་གདིང་ཐུབ་སྟེ། གང་དགའི་བློ་སྐྱིད་ད་ལྟ་རང་ལ་བེམ་རིག་བྲལ་ཡང་ཡ་ང་དང་བག་ཚ་རྡུལ་ཙམ་མེད་པའི་ལྟ་བ་ཕྱག་རྒྱ་ཆེན་པོའ་དབྱིངས་སུ་ཤི་ཐུབ་སྙེམས་ཆོད་ཉིད་དོ། །ཐུབ་པ་ལྔ་ལྡན་གདམས་པ་ཀུན། །ཚེ་འདི་བློས་བཏང་དགའ་སྐྱིད་བློ། །འཆིང་བྱེད་དབྱིངས་གྲོལ་སྙེམས་ཆོད་ལམ། །ཟབ་ཟབ་མཆོག་འདི་ཡི་གེར་སྤེལ། གྲྭ་དགའ་ལྡན་པའི་ཁྲིད་ཡིག་ལས་བཏུས་སོ།
༣༣༩ རི་ཆོས་ཀྱི་ཁྲིད་ཡིག །རི་ཆོས་སྙིང་པོ་མ་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། དྲག་རླུང་གནད་ལྔ་ལ། རྔུབ་པ་དང་། དགང་བ་དང་། བཞིལ་བ་དང་། མདའ་ལྟར་འཕང་བ་དང་། བུམ་པ་ཅན་ཁ་སྦྱར་གྱི་གནད་དེ། རྔུབ་པའི་ལུས་གནད་རྔུབ་ལུགས་ཀྱི་གནད་ཐེམ་སྐྱོན་ཡོན་ཤན་འབྱེད་དེ། དེ་བཞིན་དུ་འོག་མ་བཞི་ལ་སྦྱར་ཏེ་ཡི་གེར་འབྲི་བའི་སྲོལ་མེད་པས་ལག་ལེན་བླ་མས་སྟོན་པ་ཉིད་ཡིན་ནོ། །འཕོ་བ་ཧཱུྃ་དམར་མལ་སྦྱོང་བ་དང་ལས་སྦྱར་གྱིས་སྦྱོང་བ། ལུས་གནད་དང་ལྡན་པའི་སྤྱི་བོར་བླ་མ་བསྒོམས་པའི་བླ་མའི་གསང་སྒོ་དང་། རང་གི་ཚངས་བུག་ཐད་མཉམ་དུ་བསམ། དད་མོས་རྩེར་བསྐྱེད། ལྟེ་བར་ཧཱུྃ་དམར་པོ་བྱུ་རུའི་མདོག་ལྟ་བུ་སྟེ། གསང་གནས་སུ་ལྷན་ནེ་བབས་འོད་ཟེར་བུང་བའི་མཚོན་ཆ་ལྟ་བུ་སྤྲོས། ལུས་ནང་གི་མི་གཙང་བ་དང་ལྗན་ལྗིན་མ་ལུས་པ་བསྲེགས། སྟོང་གསལ་ཕྲུམ་ཕུས་བཏབ་པ་ལྟར་གྱུར། ཡང་ཧཱུྃ་ལས་ཧཱུྃ་སྦྲེལ་མ་རེ་ཆད་དེ། བཤང་ཁ། ཆུ་སོ། ལྟེ་བ། ཁ་སྣ། མིག །རྣ་བ། སྨིན་མཚམས་བཀག །མཚོགས་སྒོ་སྤྱི་གཙུག་ཚངས་པའི་སྒོ་ཧར་རེ་ཕྱེ་བར་མོས། ལུས་སྟོང་པའི་དཀྱིལ་ན་རྩ་དབུ་མ་སྦོམ་ཕྲ་སྦ་ལྕག་ཙམ་མས་སྣ་ལོང་ཁ་ཕུགས་རྡུགས་ལྟར་ལམ་མེ། ཡས་སྣ་སྟོང་གསལ་ལེ་ཚངས་བུག་ལ་ཟུག་པར་བསམ། ལྟེ་བར་གསང་གནས་ཀྱི་ཧཱུྃ་འོངས་ནས་དམར་བཤིག་བཤིག་འགུལ་འགུལ་ལྡེག་ལྡེག་ལ་ཡིད་གཏོད་པའི་ངང་ནས་ལས་སྦྱོར་ཧཱུྃ་དམར་རྒྱང་ངེ་སྐར་མདའ་ལྟར་དབུ་མའི་ལམ་ནས་སོང་། བླ་མའི་གསང་སྒོར་ཟུལ་ཞུགས་པས་བླ་མ་ཏོག་གི་ཡར། སུམ་ཅུ་རྩ་གསུམ་གྱི་གནས་རྡོ་ཨ་མོ་ལི་ཀའི་སྟེང་ན་ཕྱག་རྒྱ་ཆེན་པོའ་ངང་ལ་ཁོད་དེ་བཞུགས་པར་བསམ་མོ། །སྟོང་ཉིད་རྡོ་རྗེའི་ཚིག་དྲུག་མ་ནི། ཆོས་ཉིད་ཅི་ཡང་མ་ཡིན་ཡོང་པ་ལ་ལྟོས་ནས་མེད་པ་ལྟ་བུ་ཕྱོགས་རེ་རེའི་སྟོང་པ།
༣༤༠ བུམ་སྣོད་ཆུས་སྟོང་པ་ལྟར་ཉི་ཚེའི་སྟོང་པ། སྟོང་པ་དང་སྟོང་ལུགས་ཀྱི་སྒྲོ་འདོགས་པ་རྣམ་གྲངས་ཀྱི་སྟོང་པ། བློར་མ་གྲུབ་པའི་ཡུལ་གཅིག་བསམ་པ་ཡིད་ཀྱི་སྟོང་པ་སྟེ། དེ་ལྟའི་དྲི་མས་མ་གོས་པའི་སྣང་སྲིད་འཁོར་འདས་ཐམས་ཅད་སྟོང་པ་ཉིད་དེ། ངའི་ལྟ་བ་འདི་ཡིན་ཅེས་ཡོངས་གཅོད་དུ་གྲུབ་པ་མེད་པས་ལྟ་བ་སྟོང་ལ། འདི་མིན་ཅེས་རྣམ་གཅོད་ཀྱི་དགག་ཆ་མེད་པས་ལྟ་མིན་གྱིས་སྟོང་སྟེ་ཕྱོགས་སུ་མ་ལྷུང་བའི་མཐའ་བྲལ་ཆེན་པོའོ། །དེ་ལྟར་གྱུར་པ་ཡང་བླ་མའི་གདམས་ངག་གི་ཟབ་ཆ་མིན། སློབ་མའི་ཤེས་རབ་ཀྱི་གོ་བ་མིན། མ་བཅོས་གདོད་མའི་གནས་ལུགས་དེ་ལྟར་དུ་བཞུགས་པ་ཡིན་ནོ། །གཞི་ལམ་འབྲས་བུའི་སྟོང་ལུགས་གསུམ་སྟོང་པ་འཐད་ལྡན། སྟོང་པ་གཏན་ལ་དབབ་ལུགས། སྟོང་པ་ཉིད་ཀྱི་སྐྱོན་ཡོན་ཏེ། དུམ་བུ་དྲུག་མ་ཚིགས་དྲུག་ཏུ་བཞག་གོ །ནད་འདོན་ཧཱུྃ་ཆོས་མ་ནི། རང་གི་སྙིང་ཁར་ཧཱུྃ་སྔོན་པོ་རྩེ་སོར་གང་ཙམ་གཅིག་བསྒོམ། ཚ་གྲང་གི་དབྱེ་བས་ཧཱུྃ་དཀར་དམར་རེག་བྱ་བསིལ་བ་དང་། ཚ་བ་ལུས་སྟོད་སྨད་དུ་དམིགས་ནས་ནད་རྣམས་ཁབ་ལེན་གྱིས་ལྕགས་ཕྱེ་སྡུད་པའི་དཔེས་འུབ་ཀྱིས་བསྡུས་ལ་མཐར་སྤྱི་བོ་ནས་རྒྱངས་ཏེ་བཏོན་ལ་བཞག །སྐྲངས་པའི་ཁོལ་བུ་ལ་གདན་སར་ཧཱུྃ་མཐིང་ཁ་བསམ། ནད་བསྡུ་ཚུལ་གོང་བཞིན་སོར་མོའ་རྩེ་ནས་ཕྱིར་འདོན། གཞན་གྱི་ནད་འདོན་བྱེད་ན། རང་གི་སྙིང་ཁའི་ཧཱུྃ་ཕྱིར་འགྲོ་བ་དང་བསྟུན། དྲག་ཏུ་བུས་པས་ཧཱུྃ་ཕྲེང་བ་བརྒྱུས་པ་ལྟར་བར་མ་ཆད་པར་ནད་པའི་སྣ་སྒོ་ནས་ཞུགས། ལུས་ནད་ཧཱུྃ་གིས་མེར་ཁེངས། ནད་མ་ལུས་པ་བསྡུས། ཚུར་ཧཱུྃ་སྔགས་ཕྲེང་རྣམ་པས་རང་གི་སྣ་སྒོ་ནས་ནང་དུ་རྔུབ་ལ། མཐར་ཕྱིན་སངས་ཀྱིས་བུས་པས་ནད་སྣང་ནམ་མཁའི་ན་བུན་ཡལ་བ་ལྟར་བསམ། ནད་གདོན་ཚེར་མ་འདོན་པ་འདྲ་བར་སྣང་ངོ་། །གསང་
༣༤༡ གཅོད་རྣལ་ལམ་མ་ནི། ལྷ་འདྲེ་སྟོང་པའི་གཟུགས་བརྙན་འདི། །ལམ་དུ་འཁྱེར་ན་འདི་ལྟར་རོ། །ཕ་མ་ཡིན་པས་བྱམས་པ་བསྒོམ། །བླ་མ་ཡིན་གྱིས་གསོལ་བ་ཐོབ། །ཡི་དམ་ཡིན་གྱིས་དངོས་གྲུབ་ཞུས། ལྷན་སྐྱེས་ཡིན་གྱིས་ངང་ལ་ཞོག །ཅེས་པའི་གནད་དང་ལྡན་པས་བསྒོམ་ཞིང་། འཛག་སྲུང་ལ། དམིགས་པ་རྡོ་རྗེའི་བུ་གར་ཕཊ་དམར་སེར་མགོ་ཐུར་དུ་བསྟན་པ། རྡོ་རྗེའི་རྩེ་ནས་ལྟེ་བའི་བར་ཧཱུྃ་ཡིག་དཀར་པོ་ཕྲེང་བ་བསྒྲིགས་པ་བ་སྤུའི་བུ་གར་ཧཱུྃ་ཕྱེད་ཕྱིར་ཐོན། ཕྱེད་ནང་དུ་ནུབ་པར་བསམས་ལ། ཤེས་པ་སྤྱི་བོའ་ཧཾ་ལ་གཏད། རྡོ་རྗེའི་བུ་གའི་ཧཱུྃ་ཕྲེང་དབུ་མའི་ནང་ནས་གྱེན་ལ་འབུ་རུ་རུ་བྱུང་། སྤྱི་བོ་ནས་འཇུར་ཐོན་མཐོ་གང་ཙམ་ལ་སེམས་གཏད་དོ། །འཛག་པ་དྲུག་ཀ་བསྲུང་། རྨི་ལམ་དུ་འཛག་ན་ཉལ་ཁར་བསྒོམ། འཁྲུལ་འཁོར་གྱི་འཛག་སྲུང་ཤིང་བུ་མཐོ་གང་གི་སྐེད་པ་ནས་ཐེ་གུ་བཏགས་ཏེ་ཤིང་བུ་ཨར་བུ་ཏའི་གནས་ལྟག་པ་ལ་ཟེར་བས་དེར་དྲང་པོར་བཞག །ལམ་པའི་གནས་མགྲིན་པ་ལ་ཟེར་བས་དེར་ཐིག་གུ་བཅིངས་མི་འཆུགས་པར་བྱས། །གཡོན་རྐྱང་མའི་རྩ་འཐེམས་ནས་མི་འཛགས་པ་ཡིན། གདམས་ངག་བྱིས་པའི་རྩེད་མོ་འདྲ། རྫས་ཀྱི་འཛག་བསྲུང་ནི། གཤིན་རྗེའི་རལ་པ་ལྷད་མེད་ནི་གུ་གུལ། དྲག་པོའ་ཐུན་རྫས་ཡུངས་ཀར། པདྨ་། མ་ཧཱ་བུ་ལུ་ཐལ་ཆེན། ན་ར་ཨོ་ག་ཏི་མིའི་ཀླད་པ། རྒྱ་ཚིལ་མིའི་ཚིལ་བུ་ལ་ཟེར་བས། རྫས་དེ་རྣམས་ཞིབ་ཏུ་བཏགས། བྱིས་པ་ལོ་བརྒྱད་ཡན་གྱི་དྲི་ཆུས་སྤྲུས་ཏེ། རིལ་བུ་ཡུངས་ཀར་ཙམ་གྲིབ་བསྐམ་བྱས། རྡོ་རྗེའི་བུ་གར་རེ་རེ་བཅུག་ན་གཟེར་ཐེམ་བཞིན་འབྱུང་ངོ་། །རི་ཆོས་གནད་ཀྱི་ཁོག་ཆེན་ལས། །མ་དྲུག་དོན་སྙིང་མི་བདོག་ན། །གནད་ཆེན་མང་ཡང་མ་ཚང་བས། །འཆུགས་མེད་ལག་ལེན་ཤེས་པ་དཀའ། ཞེས་གསུངས། ཡང་དགོན་ཆོས་ཀྱི་སྤྱན་ལྡན་དེའི། །རི་ཆོས་གནད་ཀུན་དགའ་སྟོན་ནི།
༣༤༢ མ་དྲུག་གྲོལ་བ་མཆོག་གི་ལམ། །ཚིག་ཉུང་དོན་འདོམས་ཡི་གེར་བཀོད། རི་ཆོས་ཉིད་ལས་བཏུས་སོ། །མགོན་པོ་སྐུ་རགས་མའི་ཁྲིད་ཡིག །མགོན་པོ་སྐུ་རགས་མའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་གི་ལུས་འདི་ནམ་གྲུབ་དུས་དམ་ཚིག་སེམས་དཔའ་ཡིན་པ་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཝལ་གྱིས་གསལ་བ་ཡེ་ཤེས་སེམས་དཔའ་སྟེ། སྐུའི་ནང་གཙང་དྭངས་ཤེལ་གྱི་མཆོད་སྡོང་ལྟ་བུའི་ལྟེ་བར་རྩ་གསུམ་འདུས་མདོར་རང་བཞིན་གྱིས་གྲུབ་པའི་ལྷ་གསུམ་གསལ་འདེབས་ཏེ། དབུས་སུ་ཡེ་ཤེས་མགོན་པོ། །གཡས་བྱ་རོག་གདོང་། གཡོན་ཙཎྜི་ཀཱ་དམར་མོ། །རྩ་འདབ་རྣམས་མ་མགོན་གྱི་རྟེན་གཞི་རྩ་ཐིག་ཏུ་ཁྲ་ལམ་མེ་བསྒོམ། དུར་ཁྲོད་ཆེན་པོ་བསིལ་བ་ཚལ་ནས་རང་འདྲའི་ཡེ་ཤེས་སེམས་དཔའ་བསྟིམ། བླ་མ་བདེ་མཆོག་ལྷན་སྐྱེས་རིགས་བདག་གི་ཚུལ་གྱིས་མགོན་པོའ་དབུའི་ཐད་དུ་བཞུགས་པར་བསམས། མགོན་པོའ་ཐུགས་ཁར་ཧཱུྃ། བྱ་རོག་གདོང་གི་ཐུགས་ཁར་ཡང་ཧཱུྃ། ཙཎྜི་ཀཱའི་ཐུགས་ཁར་བྷྱོཿརྣམས་ལ་རང་སྔགས་ཀྱིས་བསྐོར་བར་དམིགས་ལ། བླ་མ་ལ་མོས་གུས་བསྐྱེད་ཅིང་ཡི་གེ་བདུན་པ་ཕྲེང་སྐོར་ཙམ་བཟླས་པས། བླ་མ་ལྷན་སྐྱེས་ཀྱི་སྐུ་ལས་འོད་ཟེར་བདེ་བའི་རང་བཞིན་ཅན་བྱུང་། མ་མགོན་རྣམས་ལ་ཕོག་པས་ཐུགས་མཉེས་པ་རབ་ཀྱི་མཐར་སོན་ཏེ། དམ་ཚིག་པ་ལ་རྗེས་སུ་དགོངས་ནས་བ་སྤུ་བྱེ་བའི་སྒོ་ནས་རང་འདྲ་བའི་ཆོས་སྐྱོང་སྤྲོས་པས་ལུས་ལ་གོ་ཁྲབ་ལྟར་གཏམས། སྲུང་བ་རྡོ་རྗེ་ལུས་ཅན་དུ་མོས་པས། ༀ་བཛྲ་ཀའུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་བགྲང་ཞིང་དེའི་འོད་ཀྱིས་བསྐུལ་བས་ཙཎྜི་ཀཱ་དང་བྱ་རོག་གདོང་ལས་རང་། བསྟན་དགྲ་ཚར་བཅད་ནས་ས་གསུམ་གྱི་མཐུ་སྟོབས་ནུས་མཐུ་བསྡུས། རང་མགོན་པོར་གསལ་བའི་བ་སྤུའི་སྒོ་ནང་ནས་ཚུར་འདུས། ལྟེ་བའི་རྩ་བཞིར་ཕན་ཚུན་ཐིམ་པར་བསམས་ནས། རྩ་
༣༤༣ འདབ་ཀྱི་ཐིག་ལེ་རྣམས་དངུལ་ཆུའི་རྡོག་མ་མེ་ནང་དུ་གཡོ་བ་ལྟར་འདུས། མ་མགོན་རྣམས་ལ་མཆོད་ཚུལ་དུ་ཐིམ། གཡས་གཡོན་གྱི་ལས་མགོན་དང་ལྷ་མོ་ཡང་། དབུས་ཀྱི་མགོན་པོ་ལ་ཐིམ་པས། མགོན་པོ་ཉིད་བསྐྱེད་གཞི་ཧཱུྃ་དུ་གྱུར་པའི་ཞབས་ཀྱུ་ནས་རིམ་གྱིས་ནཱ་ད་དང་། དེ་བླ་མ་ལྷན་སྐྱེས་ཀྱི་ཞལ་དུ་ཐིམ། ཡབ་ཡུམ་སྙོམས་པར་ཞུགས་པའི་མཐར་བདེ་སྟོང་གི་ངང་དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོ་ལ་འཇོག་ཅིང་དེ་ལྟར་གསང་གནས། སྙིང་ཁ་།མགྲིན་པ། སྤྱི་བོ་བཞིར་ལྷ་གསུམ་བསྒོམ་པ་ནས། བླ་མ་ལྷན་སྐྱེས་བདེ་སྟོང་གི་ངང་དུ་ཐིམ་པའི་བར་རིམ་པར་བསྒོམ་ཞིང་། རྩ་གསུམ་དཀར་དམར་མཐིང་སྐྱ། འཁོར་ལོ་ལྔར་ཐིག་ལེ་ཁ་དོག་རྣམ་ལྔར་བསྒོམ། མཐར་རང་མགོན་པོར་མོས་པའི་གསང་གནས་བདེ་སྟོང་ཆོས་འབྱུང་། ཕྱི་སྔོན་ནང་དམར་བར་ཡུམ་དགའ་བྱེད་དབང་ཕྱུག་མ། དེའི་བྷ་གའི་ནང་དུ་མགོན་པོའ་རང་བཞིན་ཧཱུྃ་མཐིང་ནག་འོད་ཟེར་ལྔ་ལྡན་སྣུམ་ཞིང་གཟི་བརྗིད་ཉི་མ་སྟོང་ལྡན་དུ་བསྒོམས་ཏེ། གསང་རྟེན་ལུས་ལ་བཅའ་བའི་གནད་དམ་པའོ། །ཀུན་ནས་ཡིད་ཆེས་གོང་མའི་གསུང་། །དགའ་དང་སྤྲོ་བས་ཐོ་ཙམ་བཀོད། །རང་གྲོལ་མཆོག་བསམ་ཡོངས་གང་བཞིན། དཔྱོད་ལྡན་ཡིད་མགུ་ཐོབ་གྱུར་ཅིག །ཡིག་རྙིང་ནང་ལྟར་བཏུས་ཏེ་བྲིས་པའོ། །དཔལ་གུར་གྱི་མགོན་པོའ་ནང་ཁྲིད། དཔལ་གུར་གྱི་མགོན་པོའ་ནང་ཁྲིད་ནི། སྐྱབས་སེམས་སྔོན་དུ་བཏང་ནས། རང་མགོན་པོར་གསལ་བའི་རྩ་གསུམ་འཁོར་ལོ་རྣམས་གསལ་བཏབ་པའི་ལྟེ་བ་སྤྲུལ་འཁོར་དུ་ཨ་ཐུང་སྐྱེ་བ་མེད་པ་ལས་སྐྱེ་བའི་ཚུལ་དུ་ཨེ་ཀ་ཛཱ་ཊི། དེ་ཉིད་འོད་དུ་ཞུ་སྟེ་ཐིག་ལེ་བཞིར་གྱུར་ནས་སྟེང་གི་ཐིག་ལེ་བླ་མ་ཀྱེ་རྡོ་རྗེ་དཔའ་བོ་གཅིག་པ། རོ་རྐྱང་དབུ་མ་གསུམ་དང་ཐིག་ལེ་འདྲེས་པའི་དབུས་སུ་མགོན་པོ། །གཡས་ཟངས་གྲི་ཅན། གཡོན་ལྷ་མོ། །མགོན་པོའ་ཐུགས་ཁ་ནས་ཡ། ལྷ་མོ་ལས་མཾ་འཕྲོས་པས་གནོད་
༣༤༤ སྦྱིན་ཡབ་ཡུམ། ཡབ་ལ་ཏྲི་གཉིས་དང་། ཡུམ་ལས་བྷྱོ་སྤྲོས་ཏེ། པུ་ཏྲ་མིང་སྲིང་རྣམས་གསལ་བཏབ་ནས་ཡེ་ཤེས་པ་བསྟིམ། དབང་བསྐུར། བླ་མ་དང་མགོན་པོ་ལ་མི་བསྐྱོད་པ། གཞན་རྣམས་ལ་རྡོ་རྗེ་རྩེ་ལྔས་དབུ་བརྒྱན། བླ་མའི་ཕྱག་གི་རྡོ་རྗེས་དམ་ལ་བཞག་པར་མོས་ལ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། གལ་ཏེ་དམ་ལས་འདས་གྱུར་ན། །འཇིགས་འགྱུར་འདི་ལ་ཐེ་ཚོམ་མེད། ས་མ་ཡ་སྨར་ས་མ་ཡ་མ་ཏི་ཀྲ་མ། ས་མ་ཡ་། དེ་ནས་དེ་ཝ་པི་ཙུ། ཡི་གེ་བཅུ་གཉིས་པ། རོ་རུ་རྣམས་སྡམས་གཉའ་མནན་ཅིང་བཟླ། དམིགས་པ་བླ་མས་མགོན་པོ། །མགོན་པོས་ཟངས་གྲི་ཅན་དང་ལྷ་མོ། །དེས་གནོད་སྦྱིན་ཡབ་ཡུམ། དེས་པུ་ཏྲ་མིང་སྲིང་རིམ་པས་བསྐུལ་བས་སྟོང་གསུམ་ཁེངས་པའི་ཕོ་ཉས་དགྲ་བགེགས་ཚར་བཅད་པར་མོས་ལ། ༀ་ཀཱ་ལ་ཡཀྵ་ཡེ། ཀཱ་ལི་ཡཀྵི་སཱི། ཡཀྵ་པུ་ཏྲ་ཡེ། རུ་ཊ་དྷ་ཏྲ་ཡེ། རུ་ལུ་རཀྑ་སཱི་ཧཱུྃ་བྷྱོ་་ཧཱུྃ། ཞེས་བཟླས་པའི་མཐར། རིམ་གྱིས་འདུས་ཏེ་ཐིག་ལེ་སེར་པོ་ཉུང་འབྲུ་ཙམ་ལ་སེམས་བཞག །འཇམ་རླུང་ཁ་སྦྱར་གཟུང་། དེ་བཞིན་དུ་གསང་གནས། སྙིང་ཁ་།མགྲིན་པ། སྤྱི་བོའ་འཁོར་ལོ་སོ་སོར་ཨ་ཐུང་ལས་ཨེ་ཀ་ཛཱ་ཊི་བཞེངས་པ་ནས་ཐིག་ལེ་ལྗང་། སྔོ། དམར། དཀར་བ་ལ་སེམས་འཇོག་པའི་དམིགས་པ་ཁ་བསྒྱུར་དང་། མཐར་ལྟེ་བར་ལྷ་མོ་དེའི་གསང་བའི་ཆོས་འབྱུང་ནང་དུ་ཧཱུྃ་བསམས་པའི་གསང་རྟེན་ནང་དུ་བཅའ་ཞིང་། སྤུ་གྲི་སོ་འདེབས་ཀྱི་ལས་སྦྱོར་ཡང་བསྒོམ་མོ། །ཀུན་གྱིས་ཟབ་པར་སྒྲོགས་པའི་ཆོས། །དགའ་བསྐྱེད་ཡིད་བདེའི་རང་བབས་ཀྱི། །གྲོལ་ལམ་ཁྲིད་ཀྱི་དམིགས་པའི་ཐོ། །མཆོག་ཏུ་འདུམས་ཤིང་གསལ་བར་བྲིས། ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱི་ཁྲིད་ཡིག་ནང་ལྟར་བཏུས་ཏེ་བྲིས་པའོ། །དོ་ཧ་སྐོར་གསུམ་གྱི་ཁྲིད་ཡིག །དོ་ཧ་སྐོར་
༣༤༥ གསུམ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། འཁོར་འདས་ཐམས་ཅད་སེམས་ཀྱི་འཆར་ལུགས་ལས། དངོས་སུ་མེད་ལ་སེམས་རྒྱུ་རྐྱེན་བྱེད་པོ་འདིས་བྱས་མེད་དེ་སྟོང་པ་ཅང་མེད་རིག་པའི་རྩལ་འགག་མེད། དབྱིབས་ཁ་དོག །འདི་འདྲ་གང་དུ་མེད་དེ་གཅིག་དུ་མ། རྟག་ཆད། མཐའ་བྲལ། འདི་ལྟ་བུ་ཞེས་བསྟན་དུ་མ་བཏུབ། ཉམས་བློ་འདས་རང་ལ་ཅི་ཡང་འཆར་བ། གང་དུའང་སྣང་། རྒྱ་མ་ཆད་པ། མཐར་མ་ལྷུང་བ། ཕྱོགས་སུ་མ་ཞེན་པ། ཟད་འཕེལ་མེད་པ། རྒྱུན་ཆད་མེད་པའོ། དེ་བརྡས་ངོ་སྤྲོད། སེམས་གཅུན། སྔ་སོལ་མ་ཤོར་བ། ཕྱི་སོ་ལ་མ་ཤོར་བ། རང་བབས་སུ་ཙེན་ནེ་འཇོག །རྟེན་མེད་ཀྱི་ངར་གྱིས་རྩལ་སྦྱོང་། དྲན་པ་མ་ཡེངས་པར་གཟུང་། རིག་པའི་ཉམས་བསྐྱང་། གོམས་པ་ཀློང་དུ་གྱུར་པའི་ཚེ། དྲན་པས་གཟུང་མི་དགོས། གཉེན་པོ་བསྟེན་མི་དགོས། བློ་བྲལ་རང་བྱུང་གི་ཉམས་རྒྱུན་ཆད་མེད་པའོ། །དོ་ཧ་སྐོར་གསུམ་སྙིང་པོ་ཀུན་ལེགས་པར་བསྡུས་པའི་དགའ་བསྐྱེད་ལམ། །འཆིང་བ་གྲོལ་བྱེད་མཆོག་གི་ཁྲིད། །ཡི་གེར་གསལ་བར་བྱས་འདིའོ། སྤར་པུ་བའི་ཁྲིད་ཡིག་ལས་བཏུས་སོ། །གྲུབ་ཐོབ་ཆོས་དྲུག་གི་ཁྲིད་ཡིག་གྲུབ་ཐོབ་ཆོས་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ལྟ་བ་འོད་གསལ། ལུས་སྒྱུ་ལུས། མཚམས་སྦྱོར་རྨི་ལམ་བར་དོ། །ཇི་ལྟར་ན་སྐྱེས་ནས་མ་ཤིའི་བར་ལ་སྐྱེ་ཤི་བར་དོ། །རྣམ་པར་སྨིན་པའི་ལུས་ལམ་རྩ་རླུང་ལ་བརྟེན། གཏུམ་མོ་འདོད་ཆགས་དང་བསྲེ། རྨི་ལམ་གཟུང་སྦྱང་། སྒྱུ་མར་བསླབ། དེ་ཉིད་མི་འདའ་བར་བྱེད། སྔོན་དུ་འདུན་པ་དྲག་པོ་བྱེད། ཉིན་བར་གྱི་དུས་སུ་རྨི་ལམ་དུ་ཤེས་པར་བྱ་སྙམ་པའི་དྲན་པ་ཡང་ཡང་བྱ། སྔས་མཐོ་བ། སྟན་འབོལ་བ། གཞོགས་
༣༤༦ གཡས་ཕབ། མགྲིན་པར་པདྨ་དམར་པོ་འདབ་མ་བཞིའི་ལྟེ་བར་ཨ་དཀར་པོ་བསམ། གཉིད་ལ་འགྲོ་བའི་དུས་སུ་དྲན་པ་དུངས་པ་བྱ། སྲོད་ལ་སྨིན་ཕྲག་ཏུ་ཐིག་ལེ་དཀར་པོ་གཅིག་ལ་སེམས་བཟུང་། ཐོ་རངས་མགྲིན་པའི་ཨཱཿལ་གཏད། གཉིད་སད་པའི་དུས་སུ་སྣང་སྲིད་རྨི་ལམ་དང་འདྲ་བར་ཤེས་པར་བྱ། ཟིན་པའི་རྟགས་ཆུ་དང་མེ་དང་གཡང་ས་འདེད་པ་དང་། གསོད་པ་ལ་སོགས་པ་བྱུང་ཡང་རྨི་ལམ་ཡིན་སྙམ་པའི་ཤེས་པ་འབྱུང་། དེ་གཟུང་བའོ། སྦྱང་བ་ནི། ཇི་ལྟར་ཡང་བཏུབ་སྙམ་པའི་འདུན་པ་བྱས་ལ། རྨི་ལམ་གྱི་དུས་སུ་ཆུར་མཆོངས། མེར་བསྲེག །གཡངས་ལ་འཛེག །སུམ་ཅུ་རྩ་གསུམ་པའི་གནས་སམ། གནས་ཉེར་བཞི་ལྟ། ཉི་མ་རྐང་པས་མནན། ཡི་དམ་གྱི་ཞལ་བལྟ་ཞིང་། ཆོས་ཉན་པ་སོགས་སེམས་སེམས་ལ་ཅི་མནོ་བྱ། དེ་སྦྱང་བའོ། སྒྱུ་མར་སློབ་པ་རྨི་ལམ་སྦྱང་བའི་དུས་སུ། ཆུར་མཆོངས་པ་ལ་སོགས་པ་བྱས་པས་བག་ཚ། འཇིགས་པ་སྙམ་བྱེད་ན། རྨི་ལམ་ཡིན། བདེན་པ་མ་ཡིན། འཇིགས་སུ་གང་ཡོད་སྙམ་པས་ཡ་ང་བ་སྤང་ངོ་། །དེ་ཁོ་ན་ཉིད་ལས་མི་འདའ། རྨི་ལམ་སྦྱང་བ་ཡང་ཅི་ཡོད། འཁྲུལ་པ་ཤེས་པར་བྱ། གཉིད་འོད་གསལ་དུ་གཞུག་པ། སྙིང་གའི་འཁོར་ལོའ་ལྟེ་བར་ཧཱུྃ། མདུན་དུ་ཨ། །གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་བསྒོམ། ཐ་མལ་གྱི་དུས་སུ་ཨ་ལ། རྟོག་པ་རགས་པ་ནུབ་ནས་གཉིད་འཐིབས་པ་ཡོང་བའི་དུས་སུ་ནུ་ལ། རྣམ་རྟོག་ཕྲ་བ་ནུབ་དུས་ཏ་ལ། གཉིད་སྲིབ་པའི་དུས་སུ་ར་ལ་དམིགས། གཉིད་ཧྲུལ་གྱི་འགྲོ་བའི་དུས་སུ་ཧཱུྃ་ལ་བསྡུ། ལྷན་གྱིས་ཉལ་བས་གཉིད་ཀྱི་རོ་བདེ་སྟོང་འོད་གསལ་ཉམས་མྱོང་སྟོང་པའོ། །བར་དོ་རྣམ་སྨིན་ལུས་ཞིག་པ་ན། བག་ཆགས་ཡིད་ལུས། ལུས་གཞན་གཅིག་ལ་མ་བླངས་པའི་བར། སྲིད་པའི་
༣༤༧ བར་དོ། །དེ་ཙ་ན་མོ་མཚར་པོ་ལ་འདོད་ཆགས། ཕོ་མཚར་པོ་ལ་ཞེ་སྡང་མི་སྐྱེ་བར་འོད་གསལ་དུ་འཁྱེར། ཤི་ནས་ཞག་གསུམ་མམ་ལྔའམ་བདུན་ཚུན་ཆད་བརྒྱལ་བ་གཉིད་དུ་སོང་བ་ལྟ་བུ། སད་ནས་རྨི་ལམ་གྱི་ཚོད་ཙམ་དུ་འཇིགས། ཤི་ནས་འདུག་སྙམ་རྣམ་རྟོག་ལྡང་། དེ་དུས་སྐྱེ་བ་སྔོན་ནས་བག་ཆགས་བསགས་པ་གཅིག་རྟིང་ནས་གཅིག་མཚམས་སྦྱར་ནས། དམྱལ་བ་ལ་སོགས་པ་ངན་སོང་གསུམ་གྱི་སྡུག་བསྔལ་ཉམས་སུ་མྱོང་། སྔོན་མའི་ཉོན་མོངས་པ་རང་ག་མར་མ་ཤོར་བས། བར་དོའ་རྟོག་པ་རང་རྒྱུད་པར་མི་འཆོར་ཏེ། འོད་གསལ་ཆོས་སྐུ་མངོན་དུ་འགྱུར་གསུང་ངོ་། །གྲུབ་ཐོབ་ཡོངས་ཀྱི་དགོངས་པའི་བཅུད། །གནོད་སྦྱིན་མོ་ལ་གདམས་པ་ཡི། ཀུན་ཏུ་དགའ་བ་རང་གྲོལ་མཆོག །ཡི་གེའི་ལམ་དུ་འཕོས་འདིའོ། །ཡིག་རྙིང་ལས་བཏུས་སོ། །པདྨ་ལམ་རིམ་གྱི་ཁྲིད་ཡིག །པདྨ་ལམ་རིམ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གནས་དབེན་པ་སྒྲུབ་ཁང་ཉི་འོད་ཕེབས་པར་ཤེལ་སྒོང་ལས་འཇའ་སྣང་གསལ་བར་བྱས་པ་དམིགས་པའི་རྟེན་དུ་བཞག་སྟེ། རྒད་པོ་འཁར་བཙུགས། རྒན་མོ་མཛུབ་བཙུགས་ཀྱི་བརྡ་སྦྱོར་ཚུལ་དུ། བུ་འདི་ན་སྣང་བའི་རྡོ་རྗེ་སེམས་དཔའི་མེ་ལོང་འདི་ནི་ངོ་བོ་གང་དུ་མི་འགྱུར། རྐྱེན་གྱིས་ཅིར་ཡང་འཆར། འདི་བཞིན་སྣང་སྲིད་འཁོར་འདས་ཐམས་ཅད་ཐིག་ལེ་ཉག་གཅིག་ཕྱི་ནང་དུ་ཕྱེ་བ་མེད་ཅིང་། འཇའ་འོད་ལམ་འདྲེས་གསལ་བའི་གཟིགས་མོ། །འོད་སྣང་སྟོང་ཞིང་གོ་འབྱེད་པ། གསང་བའི་གནས་མཆོག་འོག་མིན་ཉམས་དགའི་ཞིང་ཡང་འདིས་མཚོན། །ཆོས་སུ་བཏགས་སོ་ཅོག་ལ་ཀ་དག་ལྷུན་གྲུབ་མཉམ་ཉིད་ཁྱབ་བརྡལ། མན་ཤེལ་དང་མན་ཤེལ་གྱི་འོད་མདོག་དབྱིབས་ལྷན་ཅིག་འཇའ་འོད་སྣ་ཚོགས་སུ་སྣང་ཡང་། མེད་
༣༤༨ སྣང་ཁྱབ་གསུམ་ལས་མ་འདས་པས་མ་བྱས་པའི་ཡེ་གྲོལ་དུ་ལམ་ལམ། ཝལ་ཝལ། སལ་སལ། སིང་སིང་། ཡེར་ཡེར། རྗེན་རྗེན། ལྷན་ལྷན། དབྱིངས་རིག་དབྱེར་མེད་དབྱེར་མིན། དབྱེ་ཆ། དབྱེ་བྱེད་བྲལ་བ་སྟེ། མ་བཅོས་དབྱིངས་ལས་རང་བྱུང་འོད་གསལ་བ། ཡོངས་ལ་ཡོད་མོད་སུས་ཀྱང་མཐོང་བ་མེད། །དཔག་པར་མི་སྤོབས་ནམ་མཁའི་ཁྱོན་དང་འདྲ། །གསལ་ལ་འཚེར་བ་ཉི་མའི་འོད་དང་འདྲ། །འགྱུར་མེད་བརྟན་པ་རི་རྒྱལ་ལྷུན་པོ་འདྲ། །ཟབ་ཅིང་གཏིང་མེད་རྒྱ་མཚོའ་མཐིལ་དང་འདྲ། །གོས་པ་མེད་པ་འདམ་རྫབ་པདྨ་འདྲ། །ངོས་གཟུང་མེད་པ་ཆུ་ནང་ཟླ་བ་འདྲ། ཅི་ཡང་འཆར་བ་ནམ་མཁའི་འཇའ་སྤྲིན་འདྲ། །གསལ་བར་རྫོགས་པ་མེ་ལོང་གཟུགས་བརྙན་འདྲ། གང་ལ་ཐོགས་མེད་གནམ་ལྕགས་ཐོག་དང་འདྲ། །རྒྱུན་ཆད་མེད་པ་ཆུ་བོ་ཆེན་པོ་འདྲ། ཀུན་གྱི་གཞིར་གྱུར་ས་གཞི་ཆེན་པོ་འདྲ། འདི་བཞིན་དཔེ་རྣམས་ཡེ་ཤེས་དབྱིངས་དང་སྦྱོར། དེ་ལྟར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱི་ནང་དུ་གྲུབ་པ་མེད་ཀྱང་། སྣང་ཚུལ་གྱི་དབང་གིས་ཕྱི་ནང་དུ་ཤར་བའི་ཕྱི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནང་རིག་པ་རང་གསལ་དྭངས་མའི་ཁྱེའུ་ཆུང་ཞེས་བཏགས་ཏེ། རིག་པ་དངོས་དང་རིག་པའི་རང་འོད་དང་རིག་པའི་རང་མཚན་བྱ་བའི་ཚུལ་གྱིས་མ་འདྲེས་གསལ་པའི་རི་མོ་བཀྲ་བ་ཡབ་འོད་མི་འགྱུར། འོད་སྣང་གི་ཐིག་ལེ་སྟོང་གསལ་རྩ་སྦུབས་ཡུམ་རྡོ་རྗེ་བཙུན་མོའ་བྷ་གར་ཆུད་པ་ལས་ཉམས་བདེ་གསལ་སྟོང་པའི་ཁྱེའུ་ཆུང་འཁྲུངས་ཏེ། དཔག་བསམ་ཤིང་ལས་དཔག་བསམ་གྱི་འབྲས་བུ་སྨིན་ནོ། །བདུད་རྩིའི་རྒྱ་མཚོ་ལས་བདུད་རྩིའི་རྦ་རླབས་བྱུང་ངོ་། །ཡིད་བཞིན་ནོར་བུ་ལས་འདོད་དགུའི་ཆར་འབེབས་སོ། །དེ་ལྟར་ན་ཡང་རྟོག་བྱེད་བློ་ངན་གྱི་སོམ་ཉིས་ངན་སྐྱུགས་ཀྱི་བུམ་པར་བདུད་རྩི་མ་བླུག་ཅིག །སྨན་གྱི་ས་བོན་ལས་དུག
༣༤༩ འབྲས་མ་སྐྱེད་ཅིག །ཉི་མའི་སྣང་བ་ལ་མུན་པས་མ་འགེབས་ཤིག །ཨེ་མ་མདུན་གྱི་མན་ཤེལ་འདི་ཁོ་ན་བཞིན་དུ། ནང་རིག་པ་གསལ་བའི་ལུ་གུ་རྒྱུད་ཀྱང་གོ་བར་གྱིས། འདི་ལས་འོད་སྣང་གི་འཇའ་ཚོན་མ་འགགས་པ་ཤར་བས་མཚོན་པའི་འཆར་སྒོའི་འོད་གསལ་འབྱུང་བཞི་ཁ་བསྒྱུར་གྱི་རང་བབས། རྩ་རླུང་ཐིག་ལེ་རང་སྣང་ཐམས་ཅད་དུ་བ། སྨིག་རྒྱུ། གློག། སྲིན་བུ་མེ་ཁྱེར། མར་མེ་འབར་བ། ཟླ་འདྲ། ཉི་འདྲ། སྒྲ་གཅན་གྱི་དབྱིབས་ཏེ་འདི་འཆར། འདི་མི་འཆར་མེད་དེ་ཀུན་ཀྱང་དབྱིངས་ཤར་དབྱིངས་གྲོལ་སྦྲུལ་མདུད་འདྲ་བས་འཛིན་པའི་གདོན་གྱིས་མ་དཀྲུགས་པར་མན་ཤེལ་འདི་སྦུག་མེད་སྣང་དུ་སྣང་བ་འདྲ་བའི་དཔེས་རང་རིག་ལས་ལོགས་སུ་མ་ལྟ་ཞིག །རྟགས་སྣང་མ་ལུས་པ་མ་བྱས་རྩོལ་མེད་རང་གསལ་གྱི་རང་སྣང་དུ་མཚོན་པས་རྒྱུ་འབྲས་འཆོལ་མེད་ཀུན་ཏུ་སྤྱོད་པ་ཡིན་ནོ། །པདྨའི་བཀའ་སྩལ་སྙིང་པོ་ཀུན། །མན་ཤེལ་ཉམས་དགའི་བརྡ་ཐབས་ཀྱིས། སེམས་ཀྱི་འཆིང་གྲོལ་མཆོག་སྟོན་པ། །ཡི་གེ་འདི་ལ་ཡིད་ཆེས་སྐྱེད། པདྨ་ལམ་རིམ་གྱི་གནད་འདོམས་ཁོལ་ཕྱུང་ངོ་། །རྒྱལ་པོ་བཀའ་འབུམ་གྱི་ཁྲིད་ཡིག །རྒྱལ་པོ་བཀའ་འབུམ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྐུ་ཁྲིད་བསྐྱེད་རིམ་དང་འབྲེལ་བའི་སྔོན་འགྲོ་ཐུན་མོངས་མ་ཡིན་པ་ལ་ལུས་ཀྱིས་སོག་གཅོད། མ་བྱིན་ལེན། འདོད་པས་ལོག་པར་གཡེམས་པ་སྙིང་ནས་འགྱོད་པས་བཤགས་པ་བྱ་ཞིང་། ལུས་དགེ་བ་གསུམ་དང་ལྡན་པར་བསླབ། ལུས་གདོད་མ་ནས་ལྷའི་སྐུ་ཡིན་པ་ལ་ཡིན་ངེས་པའི་བློས་རང་ཉིད་འཕགས་པས་སྤྱན་རས་གཟིགས་དྲི་མེད་དུང་གི་མདོག་ཅན་ཞལ་གཅིག་ཕྱག་བཞི་པར་ལམ་གྱིས་གསལ་བཏབ། བསྐྱེད་རིམ་བསྒོམ་ན་བར་སྣང་འཇའ་ལ་ལྟོས། གསུངས་པས་
༣༥༠ སྣང་བ་གཟུགས་སུ་གྲུབ་ལ་རེག་བྱ་གཟུགས་སུ་མ་གྲུབ་པ་ལ་ངེས་ཤེས་བསྐྱེད་ཅིང་། མཐར་སྐུ་ཉུངས་འབྲུའི་ཚུལ་དུ་འཕོ་བ་སྙིང་གའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་དབུ་མའི་ལམ་ནས་མདུན་གྱི་ནམ་མཁར་བླ་མ་འོད་དཔག་མེད་ལྷའི་བུ་དང་བུ་མོའ་ཚོགས་ཀྱིས་བསྐོར་བའི་བླ་མའི་ཐུགས་ཀར་འཕོས་པས་འོད་ཀྱི་འཇའ་ལམ་ལ་སྤྱན་དྲངས་ཏེ། བདེ་བ་ཅན་དུ་གཤེགས་པར་བསམ། གསུང་ཁྲིད་བཟླས་པ་དང་འབྲེལ་པ་ལ། བརྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་བཞི་བཤགས། ངག་ཡིག་དྲུག་དང་མི་འབྲལ་བར་བསླབ། ངག་གདོད་ནས་གྲག་སྟོང་དུ་གོ་བའི་བློས་ཡིག་དྲུག་རྡོ་རྗེའི་གླུ་བླང་། བཟླ་ཚུལ་སོ་དྲུག་གི་བུང་བ་སྤྲང་ཚང་བཤིག་པའི་སྒྲ་ལྟར། རྩི་ཤིང་རི་བྲག་ས་རྡོ་སྣང་སྲིད་ཐམས་ཅད་ཡི་གེ་དྲུག་པའི་སྒྲར་བསམ་ཞིང་། ༀ་མ་ཎི་པདྨེ་ཧཱུྃ། ཉིན་མཚན་ཆད་པ་མེད་པར་བཟླས་ལ། གསུང་ཡིག་འབྲུར་འཕོ་བ་སྤྱི་བོའ་རིགས་བདག་གི་ཐུགས་རྗེའི་ལྕགས་ཀྱུས་དབུ་མའི་ལམ་ནས་ལྟེ་བའི་རིག་པ་བྱང་ཆུབ་སེམས་ཀྱི་རྟེན་ཧྲཱིཿཡིག་ཚངས་པའི་སྒོ་ནས་ཡུད་ཀྱིས་དྲངས། བླ་མའི་ཐུགས་ཀར་ཐིམ། །བླ་མ་ཏོག་གིས་ཡར། བདེ་བ་ཅན་ལ་གཤེགས་པར་བསམ་མོ། །ཐུགས་ཁྲིད་འོད་གསལ་དང་འབྲེལ་བ་ལ། བརྣབ་སེམས་གནོད་སེམས་ལོག་ལྟ་བཤགས་པར་བྱ། སེམས་གདོད་ནས་ཆོས་སྐུར་བཞུགས་པ་ལ་ཡིད་ཆེས་བསྐྱེད། ཝལ་པོ་རྗེས་མེད་ཀྱི་ལྟ་བའི་གཞི་རྩལ་ཐག་ཆོད་བྱ། རེག་འབྱར་བརླན་གཤེར་མེ་ཚ་དུས་མཉམ་སྔ་ཕྱི་མེད་པས་འགྲང་རྗེས་མི་ཟ། ངོ་མས་རྗེས་མི་འཐུང་། དྲོད་རྗེས་མི་གྱོན། རྙེད་རྗེས་མི་འཚོལ་ཞིང་། ཐུགས་འོད་གསལ་དུ་འཕོ་བ་ལ། འཕོ་བྱ་འཕོ་བྱེད་དང་བྲལ་བའི་སྒོ་ནས་འོད་གསལ་མ་བུ་ཞལ་འཇལ་ལ་སེམས་བཞག་པ་དེ་ཉིད་དོ། སྐུ་གསུང་ཐུགས་སུ་ཁྱེར་སོ་གསུམ། ཀུན་ཏུ་རབ་དགའི་
༣༥༡ བསྒོམས་བྱས་པས། །རྣམ་གྲོལ་སངས་རྒྱས་མཆོག་ཐོབ་པའི། །སྡིག་སྤོང་དགེ་བཅུའི་ལམ་རིམ་མཚར། ལྷ་རྗེ་དགེ་བ་འབུམ་གྱི་ཁྲིད་ཡིག་ལས་བཏུས་སོ། །ནོར་བུ་མཐོང་གྲོལ་གྱི་ཁྲིད་ཡིག །ནོར་བུ་མཐོང་གྲོལ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཚིག་དོན་ངོ་སྤྲད། བརྡ་བརྗོད་པ་སྟེ། ནམ་མཁའི་དབྱིངས་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལ་ཉི་ཟླ་གཉིས་ཤར། བར་སྣང་གི་འཇའ་ཚོན་ལ་རླུང་གི་ཞགས་པས་བཏབ་པ། རྒྱ་མཚོའ་ནོར་བུ་ཤེལ་གྱི་རྟ་མཆོག་ཞོན་པ། ཉི་ཟླའི་སྟེང་དུ་དཀྱུས་ཐོག་གཅོད་པ། འབྱུང་བ་ལྔའི་གྲོང་ཁྱེར་དུ་རིགས་དྲུག་གིས་གཅུན་ནས་རི་རབ་ཀྱི་སྟེང་དུ་སོང་བ། ཁམས་གསུམ་གྱི་འཕྲང་ལ་ཤེལ་གྱི་མི་ཕོ་བཙོན་དུ་བཟུང་བ་ཁམས་གསུམ་སྐད་ཅིག་ལ་བསྐོར་ནས་རང་ཁྱིམ་དུ་གཉིད་དུ་སོང་བའོ། །དེའི་དོན་དབྱིངས་ནམ་མཁའ་ལ་རིག་པ་ལུ་གུ་བརྒྱུད་ཀྱི་ནོར་བུ་ཤར་དུས། མིག་ཉི་ཟླ་གཉིས་ཀྱིས་མཐོང་བ། ནང་སྙིང་གའི་འོད་ཕུང་གི་དཀྱིལ་ན་རིག་པ་ལུ་གུ་བརྒྱུད་ནོར་བུའི་འོད་རྩ་སྣ་གཉིས། མིག་གི་དྭངས་མ་ཐིག་ལེ་སྟོང་པའི་སྒྲོན་མེར་ཤར་བ། ཕྱི་ནམ་མཁའ་སྤྲིན་མེད་ལ་གདངས་ཀྱི་ལུ་གུ་བརྒྱུད་ཤར་བ། ནང་དབྱིངས་ཀྱི་གདངས་འོད་ལྔ་བར་སྣང་ལ་ཤར་དུས། རིག་པ་མ་ཡེངས་པར་གཏད་ནས་རླུང་འགྲོ་འོང་བཅད་པས། ཐིག་ལེ་འགུལ་འཕྲིག་མེད་པ། སྙིང་གའི་རིག་གདངས་ཤེལ་སྦུབ་ཅན་གྱི་ནང་ནས་ཞུགས། མིག་གཉིས་ཀྱི་སྟེང་ལ་ཟང་ཐལ་དུ་ཤར་བ་ལ་རང་ངོ་མ་ཤེས་པའི་དབང་གིས་འཁོར་བར་འཁྱམས། འབྱུང་ལྔའི་གྲོང་ཁྱེར་དུ་རིགས་དྲུག་གི་དམག་མི་བཅུག་ནས། སྐྱེ་ཤིར་སྣང་བའི་བཙོན་རར་སྣང་སེམས་རང་ངོ་ཤེས་པའི་སྐད་ཅིག་ལ་གྲོལ། དབྱིངས་ཆོས་སྐུའི་ངང་དེར་གཉིད་ལ་སོང་། མདོར་ན་སེམས་ཁམས་གསུམ་དུ་འཁོར་ཡང་། རྣམ་དག་ཡེ་ཤེས་ཀྱི་
༣༥༢ རང་ངོ་ཤེས། མ་རིག་པ་བསལ་ཏེ། གདོད་མར་བཙན་ས་ཟིན། གཞི་གཤིས་ཀྱི་ངོ་བོ་ལ་འཁོར་འདས་སུམ་གྲུབ་ཀྱང་། རིག་རྩལ་རང་ཤར་དུ་རིག་མ་རིག་གིས་འཁོར་འདས་སུ་ཤར། དོན་དམ་པའི་རང་བཞིན་ཚིག་གིས་མི་ཤེས་པ་རིག་པའི་མངོན་སུམ་དུ་མཐོང་། གདོད་མའི་ཆོས་ཁམས་རང་བཞིན་གྱི་རིགས་ཀྱི་སྙིང་པོ་ལ་འཕེལ་འགྲིབ་མེད་ཀྱང་། ཉམས་སུ་བླངས་པས་སྣང་བཞི་རིམ་པས་འཆར། ཀ་དག་གི་གཤིས་ལ་གྲོལ་རྒྱུ་མེད་ཀྱང་། གནད་ཟབ་མོས་རླུང་སེམས་དབྱིངས་སུ་དག །ཐེག་པ་ལས་སངས་རྒྱས་དུས་ལ་ལྟོས་ཀྱང་། ཡིན་ཐོག་ཅིག་ཆར་དུ་གྲོལ། ཉམས་རྣམ་པ་ཚད་མེད་ཀྱང་། ངོ་བོ་གཅིག་ལས་མ་གཡོས་པར་ཐག་ཆོད། གནང་ཡིག་སྐལ་མེད་གསང་ཚིག་འཆོལ་པ་ལ་གབ་བོ། ཕྱག་རྫོགས་ཀུན་གྱི་དགའ་དགའ་རྣམས། །ནོར་བུ་མཐོང་གྲོལ་མཆོག་ཉིད་དུ། །གྲུབ་ཆེན་ཡ་བརྒྱད་དགོངས་འདུས་ཀྱི། །སྙིང་པོར་དྲིལ་འདི་ཡི་གེར་བཀོད། བྲམ་པའི་ཁྲིད་ཡིག་ལས་བཏུས་སོ། །སེམས་ཁྲིད་ཡིད་བཞིན་ནོར་བུའི་ཁྲིད་ཡིག །སེམས་ཁྲིད་ཡིད་བཞིན་ནོར་བུའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བྱིན་རླབས་འབའ་ཞིག་ལ་རེ་བ་ཡིན་པས། མོས་གུས་གདུང་ཤུགས་བསྐྱེད་ལ། ཕྱག་རྒྱ་ཆེན་པོ་ཟེར་བའི་སྒྲ་པོ་ཆེ་གཡེར་པོ་ཆེད་རང་གི་སེམས་ལ་ཟེར་བ་ཡིན། དེ་ངོ་མ་ཤེས་ན། མི་དྲན་དགུ་དྲན་གྱི་རིག་པ་འདི་ཀ་ཡིན། བསྒོམ་དུ་ཅི་ཡང་མེད། རིག་པ་འདི་རང་ཧྲིག་གི་རང་སར་ཞོག །དེ་ཕྱག་རྒྱ་ཆེན་པོ་ཡིན་ནམ་མིན་ནམ་སྙམ་ཐེ་ཚོམ་མི་དགོས། ལེགས་སུ་རེ་བ་དང་། ཉེས་ཀྱི་དོགས་པ་ཡེ་མི་བྱེད། རྟོག་པ་བན་བུན་མང་པོའ་རྗེས་སུ་མི་འབྲེང་། དེ་ལྟར་ཡང་ཡང་གཅུན་པས། དུས་ཚོད་གཅིག་ཙ་ན། རྣམ་རྟོག་རང་ངོ་ཤེས་ནས་གཞི་མེད་རྩ་བྲལ་དུ་ལྷང་གིས་རྟོགས་ཏེ། ཞེན་པ་ཐམས་ཅད་རང་སར་གྲོལ། སྐད་ཅིག་ལ་བག་ཆགས་ཀྱི་
༣༥༣ ཀྱི་མུན་པ་དྲུངས་ནས་ཕྱུང་སྟེ། དེ་ལ་སངས་རྒྱས་ཞེས་ཟེར། དེ་ལྟར་སེམས་སྐད་ཅིག་མའི་རང་འགྲོས་འདི་ལ་སྣང་བ་རང་སེམས་རང་ཡིན་པའི་གནད་ཀས་གང་ཤར་གྱི་ངོ་བོ་ལ་གཅེ་རེ་བལྟས་པའི་དུས་ན། སྣང་བ་ཕྱི་རུ་མ་ལུས། སེམས་ནང་དུ་མ་ལུས་པར་སོ་སོ་རབ་རིག །ཤར་གྲོལ་དུས་མཚུངས་སུ་ཙན་གྱིས་ཤར་བ་དེ་རྩེ་གཅིག །དེའི་ངོས་ན་གཟུང་འཛིན་ལ་སོགས་པས་སྟོང་ཞིང་སྤྲོས་པའི་མཚན་མ་དང་བྲལ་བ་སྤྲོས་བྲལ། མྱོང་བ་ཅི་ཡང་མེད་པའི་སྟོང་པ་ཕྱང་ཆད་མ་ཡིན་པར་སྟོང་བཞིན་དུ་སྣང་། སྣང་བཞིན་དུ་སྟོང་པ་རང་རིག་ཏུ་རོ་གཅིག །དེ་ལ་རྩོལ་མེད་དུ་གནས་ཤིང་བ་ནས་པ་ལྷུན་གྲུབ་ཏུ་འཆར་བ་བསྒོམ་མེད་ཀྱི་རྣལ་འབྱོར་ཡིན་ནོ། །ཞེས་རིག་པ་སྐད་ཅིག་མའི་གནད་ལ་རང་བྱང་ཆུབ་པར་བྱའོ། །ཀུན་མཐའི་ཁྲིད་ཚན་དགའ་སྤྲོའི་བློས། །སེམས་ཀྱི་མདུད་གྲོལ་མཆོག་སྐྱེས་པ། །ལན་གཉིས་ནོས་ཤིང་དོན་གྱི་གསང་། །ཆིག་གྲོལ་མྱོང་བ་ཡི་གེ་བྲིས། ཀལ་དུང་མཚོ་ནས་སྤྱན་དྲངས་པའི་དཔེ་རྙིང་ལས་བཏུས་སོ། །དེ་ལྟར་ཁྲིད་ཚུལ་བརྒྱ་དང་བརྒྱད། །རང་གིས་གང་ལས་གང་ཐོབ་པའི། །ཡི་གེ་ཇི་བཞིན་ཉུང་ངུའི་ཚིག །དོན་ཚང་སྙིང་པོ་ཆ་ཙམ་བཀོད། །ཐུན་མོང་ཐུན་མོང་མིན་པའི་ཁྲིད། །སྤྱི་བསྡོམས་གཅིག་དྲིལ་སྔོན་བཏང་ནས། །དངོས་གཞི་རང་རང་མ་འདྲེས་པའི། །ཁྲིད་རིམ་རྒྱ་མོའ་ཐག་སོའ་དཔེ། །བརྒྱུད་ལྡན་དམ་པ་གོང་མ་ཡི། །དགོངས་པ་ཕན་ཚུན་མ་འཛིངས་པར། །ལུགས་གང་དེ་ལས་རང་བློ་ཡི། །ནན་གྱིས་བཅོས་པའི་དྲི་མ་བྲལ། །སངས་རྒྱས་རྣམ་འཕྲུལ་རྒྱ་བོད་འདིར། །སྔོན་བྱོན་མཁས་གྲུབ་མ་ལུས་པའི། །བཞེད་པའི་ཟབ་གནད་ཀུན་འདུས་པ། །འདི་འདྲ་ཐོས་པ་སྐལ་པ་ཆེ། །ཁོ་བོས་ཟབ་ཁྲིད་རེ་རེ་ནས། དཀའ་བ་དང་བླངས་བཙལ་བའི་ཆོས། །ཁྱེད་ཅག་ཚེགས་མེད་དུས་གཅིག་ཏུ། རྣ་བར་ལེན་པ་ངོ་མཚར་རྨད། སྔ་མའི་བསགས་ཁྱབ་དབང་བྱས་པས། མི་ཚེ་ཆོས་ཀྱི་སྣང་བས་འདས། འཚོལ་དང་ཉན་དང་འབྲི་དང་སེམས། མཐར་ནི་ཡི་གེའི་ལམ་དུ་བྲིས། རང་གི་ཚེ་རབས་ཕྱི་མ་ཡི། ཆོས་ཀྱི་བག་ཆག་གསོ་བྱེ་ངང་། དུས་འདིར་དོན་གཉེར་དང་ལྡན་འགའ། སྲིད་ན་དེ་ལའང་ཕན་གྱུར་ཅིག །ཅེས་ཚེགས་ཆུང་ངུས་ཆོས་ཀྱི་གནད་བདེ་བླག་ཏུ་རྟོགས་བྱེད། ཁྲིད་བརྒྱའི་བརྗེད་བྱང་བྲིས་པའི་མཐའ་རྟེན་དུ་གྲོལ་མཆོག་གི་བློ་མཚོ་ལས་སོ། །མངྒ་ལཾ།། །

༄༅། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྗེས་གནང་བྱིན་རླབས་ཀྱི་འབྱུང་གནས་བཞུགས་སོ། །

XXX བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྗེས་གནང་བྱིན་རླབས་ཀྱི་འབྱུང་གནས་བཞུགས་སོ། །
XXX སྲིད་གསུམ་ཉོན་མོངས་བུད་ཤིང་ཀུན་འཇོམས་པ། །རང་བྱུང་ཡེ་ཤེས་མེ་དཔུང་ཆེར་འབར་བའི། །དབུས་ན་བཞུགས་པའི་བཅོམ་ལྡན་རྡོ་རྗེ་འཛིན། །གཏུམ་པོ་ཁྲོས་པའི་སྐུ་ལ་ཕྱག་འཚལ་ལོ། །དེ་ཡི་རྗེས་སུ་གནང་བའི་རིམ་པ་ནི། །བླ་མའི་ཞལ་ནས་ཇི་ལྟར་གསུངས་པའི་ཚུལ། །མ་ནོར་བདག་གིས་ཡི་གེར་བཀོད་པ་ལ། །བླ་མ་མཁའ་འགྲོས་བྱིན་གྱིས་བརླབ་ཏུ་གསོལ། །འདིར་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོའི་རྗེས་གནང་ལ་དོན་གསུམ། སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་སྔོན་འགྲོ་ལ་གཉིས་ཏེ། བཀོད་པ་བཤམས་པ། མངོན་རྟོགས་བསྒོམས་ནས་བདག་འཇུག་བླངས་པའོ། །དང་པོ་ནི། མཎྜལ་སྔོན་པོ་པད་འདབ་བཅུ་པ་འདབ་མ་རྣམས་སྣ་ཚོགས་པདྨའི་དབུས་སུ། འཁོར་ལོ་སྔོན་པོ་རྩིབས་བཅུ་པའི་ལྟེ་བ་དང་རྩིབས་རྣམས་ལ་སྔོན་པོ་བཅུ་བྲི། མཐའ་མཆོད་གཏོར་གྱིས་བསྐོར། ཁ་རྒྱན་མགུལ་ཆིངས་དང་བཅས་པའི་ལས་བུམ་ཀྱང་བཤམས། གཉིས་པ་ལ་དོན་བདུན་ཏེ། དང་པོ་སྐྱབས་འགྲོ་སེམས་བསྐྱེད། གཉིས་པ་ཡི་གེ་བརྒྱ་པའི་བསྒོམ་བཟླས། གསུམ་པ་ཡན་ལག་བདུན་པའི་སྒོ་ནས་ཚོགས་བསགས་པ། བཞི་པ་ཚད་མེད་པ་བཞི་སྒོམས་པ་རྣམས་སྤྱི་དང་འདྲའོ། །ལྔ་པ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ཀའི་དབུས་སུ་ཧཱུྃ་མཐིང་ནག་ལས་འོད་འཕྲོས། འོག་རྡོ་རྗེའི་ས་གཞི། ཕྱོགས་མཚམས་རྡོ་རྗེའི་རྭ་བ་དང་འདྲ་བ། སྟེང་རྡོ་རྗེའི་གུར་དང་བླ་རེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་ཏུ་འབར་བར་སྒོམ་པ་ནི་སྲུང་འཁོར་རོ། །དྲུག་པ་བསྐྱེད་རིམ་ལ་གཉིས་ཏེ། བདག་བསྐྱེད་མདུན་བསྐྱེད་དོ། །དང་པོ་ནི། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། །ཧཱུྃ་ཡིག་མཐིང་ཁ་བཅུ་
XXX གཅིག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། གདོན་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། བསྟན་པ་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ཁ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། བྲང་དང་གསུས་ཁྱིམ་ཆེ་བ། ཡན་ལག་དང་ཉིང་ལག་རག་པ། ཕྱག་གཡས་པས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁར་འཕྱར་ཞིང་སྡིགས་མཛུབ་ཀྱི་རྩེ་ནས་ཁྱུང་གི་ཕོ་ཉ་འགྱེད་པ། གཡོན་པ་སྡིགས་མཛུབ་དང་བཅས་པས་དངུལ་དཀར་གྱི་དྲིལ་བུ་ཐུགས་ཀར་འཛིན་པ། སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། ཞལ་གདངས་པ། རྣོ་ཞིང་དཀར་བའི་མཆེ་བ་བཞི་གཙིགས་པ། ལྗགས་རྐན་ལ་འདྲིལ་བ། ཁྲོ་གཉེར་བསྡུས་པ། སྤྱན་གསུམ་དམར་ཞིང་གཡོ་བ་ལ་བསྐལ་པའི་མེ་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་ལྷག་མ་མཐུར་དུ་འཕྱང་བ། ནོར་རྒྱས་དང་དུང་སྐྱོང་སེར་པོས་དབུ་ལ་བརྒྱན་པ། དགའ་བོ་དང་ཉེ་དགའ་བ་དམར་པོས་སྙན་ཆ་བྱས་པ། པདྨ་དང་ཆུ་ལྷ་དཀར་པོས་ཕྱག་གདུབ་དང་ཞབས་གདུབ་བྱས་པ། འདབ་བཟང་དང་ལེགས་ལྡན་ནག་པོས་སྐུ་རགས་དང་སེ་རལ་ཁས་བརྒྱན་པ། དར་སྔོན་པོ་སྟོད་གཡོགས་ཅན། འོད་འཕྲོ་བའི་རིན་པོ་ཆེ་སྣ་ལྔས་བརྒྱན་པ། དར་གྱི་ཅོད་པན་དང༌། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཁྲོ་བོ་བཅུ་པོ་ཡང་རང་ལྟ་བུའི་ཆ་ལུགས་ཀྱི་ཞལ་ནང་དུ་གཟིགས་པར་བསྒོམ་ལ། དེ་དག་རྣམས་
XXX ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུྃ་མཐིང་ཁ་ལས་འོད་འཕྲོས། ལྕང་ལོ་ཅན་ནས་རང་ལྟ་བུའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿདབྱེར་མེད་དུ་བསྟིམ། སླར་རིགས་ལྔ་སྤྱན་དྲངས་ལ་དབང་བསྐུར་བས་སྒྲིབ་པ་དག །བདུད་རྩི་ཡར་ལུད་པ་ལས་མི་བསྐྱོད་པ་ལ་སོགས་རིགས་ལྔས་དབུ་བརྒྱན་པར་བསྒོམ་པ་ནི་བདག་བསྐྱེད་དོ། །གཉིས་པ་མདུན་བསྐྱེད་ནི། བདག་བསྐྱེད་ཇི་ལྟ་བ་བཞིན་དུ་མདུན་གྱི་མཎྜལ་གྱི་སྟེང་དུ་ཡང་ཕྱག་ན་རྡོ་རྗེ་ལ་ཁྲོ་བོ་བཅས་བསྐོར་བ་བསྐྱེད་ལ། ཡེ་ཤེས་པ་བསྟིམ། དབང་བསྐུར་རྒྱས་གདབ་བོ། །ལས་བུམ་གྱི་ནང་དུ་བདུད་རྩི་འཁྱིལ་བ་གཞུང་བཞིན་བསྐྱེད་ལ། དབང་བསྐུར་རྒྱས་གདབ་ལ་སོགས་སྤྱི་དང་མཐུན། དེ་ནས་རང་གི་སྙིང་ཁར་པད་ཉིའི་སྟེང་དུ། རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས། བཛྲ་པཱ་ཎི་ཧཱུྃ། ཞེས་པའམ་ཡང་ན། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས། ཕྱི་སྣོད་ལ་ཕོག་ལྕང་ལོ་ཅན་གྱི་ཞིང་ཁམས་སུ་སྦྱངས། ནང་བཅུད་ལ་ཕོག་རྡོ་རྗེ་གཏུམ་པོའི་གོ་འཕང་ལ་བཀོད། ཚུར་འདུས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེག་པར་བསམ། སྔགས་ཕྲེང་རང་གི་ཞལ་ནས་མདུན་བསྐྱེད་བུམ་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་ཀར་འཁོར་ཞིང་ཐུགས་བརྒྱུད་བསྐུལ་ནས་སྔགས་སྒྲ་སྒྲོགས་ཤིང་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ་བསྙེན་པ་བསྐྱལ་ལོ། །སླར་དེ་དག་པ་མཆོད་ཅིང་བསྟོད་ནས། གཏོར་མ་ཕུལ་ལ་འདོད་དོན་དུ་གསོལ་བ་བཏབ་བོ། །བདུན་པ་བདག་འཇུག་ལེན་པ་ནི། འོག་ནས་འབྱུང་བའི་རིམ་པས་རང་ཏིང་ངེ་འཛིན་གྱིས་བདག་འཇུག་བླང་ངོ༌། །གཉིས་པ་དངོས་གཞི་ལ་གཉིས་ཏེ། རྗེས་གནང་གི་སྔོན་འགྲོ་དང༌། དངོས་གཞི་རྗེས་སུ་གནང་བའོ། །དང་པོ་ནི།
XXX སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས་ལ། གྲལ་ལ་འཁོད་དེ། བགེགས་གཏོར་བཏང་ཞིང་བགེགས་བསྐྲད་སྲུང་འཁོར་བསྒོམ་པའི། དེ་ནས་བླ་མ་ལ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས། བླ་མ་སྐྱབས་འགྲོའི་སྡོམ་པ་བྱིན་པ་ནི། བླ་མ་ཕྱག་ན་རྡོ་རྗེ་དང༌། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་འགྲོའི་སྡོམ་པ་བྱིན། དེ་ནས་སེམས་བསྐྱེད་ཀྱི་སྡོམ་པ་བཟུང་བ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་ལ། དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བ་དང༌། །དབུགས་མ་ཕྱིན་རྣམས་དབྱུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད། དེ་ནས་ཡན་ལག་བདུན་པས་ཚོགས་བསགས་པ་ནི། དཀོན་མཆོག་གསུམ་གྱི་ཇོ་བོ་ཉིད། །བླ་མ་ཕྱག་རྡོར་ལ་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །ཅེས་ལན་གསུམ་བརྗོད། དེ་དག་གིས་སྔོན་འགྲོ་རྣམས་སོང་ནས།
XXX གཉིས་པ་དངོས་གཞི་ལ་ལྔ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྗེས་གནང་དང་ལྔ་ལས། དང་པོ་སྐུའི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་གླིང་བཞི་རི་རབ་དང་བཅས་པ་ཕུལ་ལ། གསོལ་བ་གདབ་པ་ནི། ཀྱཻ། སྟོན་པ་ཐུགས་རྗེའི་མངའ་བདག་རྡོ་རྗེ་འཛིན། །བདག་ཅག་འཁོར་བས་འཇིགས་ཤིང་ཐུགས་རྗེས་བཟུང་དུ་གསོལ། །མུན་པར་གྱུར་པའི་འགྲོ་བའི་གྲོང་ཁྱེར་ན། །འཇིགས་ཤིང་ཡ་ང་ཁྱེད་ལ་གསོལ་བ་འདེབས། །བདེ་བ་ཆེན་པོ་མྱ་ངན་འདས་པའི་གྲོང༌། །ཞབས་ཀྱི་རྡུལ་ལ་རེག་ཅིང་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱིས་གནང་བ་བྱིན་པ་ནི། བདག་གི་ཐུགས་རྗེའི་ཉི་མ་ཡི། །འོད་ཀྱི་མ་རིག་མུན་པ་སེལ། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །ཅེས་བརྗོད། དེ་ནས་སློབ་མ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཕྱག་རྡོར་མངོན་རྟོགས་ནས་བྱུང་བ་ལྟར་བསྐྱེད་པ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་ཐམས་ཅད་ལ་ཕོག་པས། ཐམས་ཅད་ཕྱག་ན་རྡོ་རྗེ་རྣམ་པ། སྐུ་ཆུང་ལ་ཡན་ལག་རག་པ། ཕྱག་མཚན་རྡོ་རྗེ་དྲིལ་བུ་དང་བཅས་པ་གསལ་བ་དཔག་ཏུ་མེད་པ་བྱུང༌། བླ་མའི་སྐུ་ལས་ཀྱང་ཕྱག་ན་རྡོ་རྗེའི་སྐུ་དཔག་ཏུ་མེད་པ་ཆད་ནས་བྱུང་བས། སློབ་མའི་ལུས་ལ་མཚོ་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་བསྒོམ་ལ། སྤོས་ཀྱི་བདུག །རོལ་མོ་དཀྲོལ། སློབ་དཔོན་གྱིས་སློབ་མའི་སྤྱི་བོར་སྐུ་བཞག་པའམ་ཡང་ན་མེ་ཏོག་འཐོར་ལ། བཅོམ་ལྡན་རིགས་སྔགས་འདི་ལ་སྩལ་ལགས་ཀྱིས། །
XXX འདི་ལ་འགོ་བར་མཛད་དུ་གསོལ། ཨོཾ་བཛྲ་པཱ་ཎི་ཛཿཧཱུྃ་བཾ་ཧོཿཞེས་བརྗོད། དེ་ལྟར་སྐུའི་རྗེས་གནང་ཐོབ་པའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ལུས་ཀྱི་གནད་གདོན་སྡིག་སྒྲིབ་བར་ཆད་ཞི་བ་དང༌། མཐར་ཐུག་ཏུ་མཐུ་སྟོབས་དང་ལྡན་པ་ཕྱག་ན་རྡོ་རྗེའི་སྐུ་ཐོབ་པར་འགྱུར། ཞེས་བརྗོད། གཉིས་པ་གསུང་གི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས་གསོལ་བ་གོང་ལྟར་བཏབ་ལ། དེ་ནས་དཔོན་སློབ་གཉིས་ཀ་ཕྱག་རྡོར་དུ་བསྐྱེད་པའི་སྙིང་ཁར་པད་ཉིའི་སྟེར་དུ་ཧཱུྃ་ཡིག་གི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས། སྔགས་ཕྲེང་བཻཌཱུརྻ་ཞུན་མའི་ཕྲེང་བ་ལྟ་བུ་ཞལ་ནས་ཐོན། སློབ་མའི་ཞལ་དུ་བཞུགས། ཐུགས་ཁར་འཁོར་བར་བསམ་ལ། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཙནྡན་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་སྔགས་ཕྲེང་ཉི་ཤུ་རྩ་གཅིག་གི་བར་དུ་ཕྲེང་བ་ལ་བཟུང་ལ་རྗེས་ཟློས་བྱེད་དུ་གཞུག་གོ །དེ་ནས་ཕྲེང་བ་སློབ་མའི་མགྲིན་པར་རེག་སྟེ། བཅོམ་ལྡན་རིགས་སྔགས་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་དོ། །སློབ་མས་ཀྱང་དེའི་འདོན་པ་བསྒྱུར་ལ་བརྗོད་དུ་གཞུག །འདི་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ལས། གནས་སྐབས་སུ་སྔགས་ཀྱི་ནུས་པ་ཆེ་ཞིང༌། འཆད་རྩོད་རྩོམ་གསུམ་ལ་མཁས་པ་དང༌། མཐར་ཐུག་ཏུ་ངག་བདེན་པའི་ཚིག་འགྲུབ་ཅིང༌། སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་བཅུའི་དབྱངས་དང་ལྡན་པར་འགྱུར་རོ། །ཞེས་བརྗོད་དོ། །གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས་གསོལ་བ་གོང་བཞིན་བཏབ་ལ། སློབ་མས་ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན་དུ་བྱས་ལ། མདུན་གྱི་
XXX ནམ་མཁའ་ཧཱུྃ་སྔོན་པོ་ཞིག་བསམ། དེ་ནས་རང་གི་ལུས་འཇའ་ལུས་སུ་ཡལ་ནས། མདུན་གྱི་ནམ་མཁར་ཧཱུྃ་ཡིག་ལ་ཐིམ་པ་ལ་རིག་པ་གཏད་ཅིང༌། ཧཱུྃ་དེ་ཉིད་ཀྱང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསམ་ཞིང༌། སེམས་དམིགས་མེད་ཀྱི་ངང་ལ་མཉམ་པར་བཞག་གོ །འདིའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཐུགས་འོད་གསལ་ཆོས་སྐུའི་གནས་ལུགས་མངོན་དུ་བྱེད་པར་འགྱུར་རོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་གསོལ་བ་གོང་བཞིན་བཏབ་ལ། སློབ་མ་ཕྱག་རྡོར་དུ་བསྐྱེད་དུ་གཞུག་ལ་སློབ་དཔོན་གྱིས་སློབ་མ་ལ་ལག་པ་གཡས་སུ་རྡོ་རྗེ་གཏད། གཡོན་དུ་དྲིལ་བུ་གཏད་ལ། འདི་ནི་ཕྱག་ན་རྡོ་རྗེའི་ཕྱག་མཚན་རྡོ་རྗེ་དང་དྲིལ་བུ་སྟེ། ཁྱོད་ཀྱིས་རྟག་ཏུ་འཆང་ན། ཐབས་ཤེས་རབ་ཟུང་དུ་འཇུག་པའི་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་ཐོབ་པར་འགྱུར་རོ། །ཞེས་བརྗོད་དོ། །འདིའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ལམ་གྱི་ཡོན་ཏན་མཐའ་དག་འགྲུབ་པ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་འགྲུབ་པར་འགྱུར་རོ། །ཞེས་བརྗོད་དོ། །ལྔ་པ་ཕྲིན་ལས་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་དང་གསོལ་བ་གོང་ལྟར་རོ། །དེ་ནས་སློབ་མ་ཕྱག་རྡོར་དུ་བསྐྱེད་པའི་སྐུ་ལུས་ལ། ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པར་བསམ་ལ་སྦྲུལ་རྒྱན་བྱིན། སྐུ་སྟོད་ལ་དར་སྔོན་པོའི་སྟོད་གཡོགས་དང༌། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་དཀྲིས་པར་བསམ་ལ། སྟོད་དུ་དར་སྔོན་པོ་གཡོགས། སྨད་དུ་སྟག་ཤམ་དཀྲིའོ། །དེ་ནས་དཔོན་
XXX སློབ་གཉིས་ཀའི་གནས་ལྔར་རིགས་ལྔའི་ཁྱུང་ལྔ་བསྒོམ་ལ། བླ་མའི་གནས་ལྔའི་ཁྱུང་རིགས་ལྔ་ལས་ཁྱུང་རིགས་ལྔ་ཆད་ནས། སློབ་མའི་གནས་ལྔའི་ཁྱུང་ལྔ་ལ་ཐིམ་པར་བསམ་ཞིང༌། ཁྱུང་གི་ཙཀ་ལི་ལྔ་རིམ་བཞིན་དུ་སློབ་མའི་གནས་ལྔ་ལ་བཞག་ལ། ངག་ཏུ། ཨོཾ་བུདྡྷ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། པདྨ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། བཛྲ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། རཏྣ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཀརྨ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད། འདིའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ཕྲིན་ལས་རྣམ་པ་བཞིའི་གྲུབ་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ། །ཞེས་བརྗོད། དེ་ནས་བླ་མ་ལ་གཏང་རག་གི་ཡོན་དང་མཎྜལ་ཕུལ་ལ། དེང་ནས་བཟུང་སྟེ་ཁྱེད་བྲན་དུ། །ཞེས་སོགས་བརྗོད། གསུམ་པ་རྗེས་ནི། གཏང་རག་གི་མཆོད་བསྟོད་གཤེགས་གསོལ་ལ་སོགས། རྗེས་ཆོག་རྣམས་གཞན་དང་མཐུན་ནོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྗེས་གནང་བྱིན་རླབས་ཀྱི་འབྱུང་གནས་ཞེས་བྱ་བ། རྣལ་འབྱོར་པ་འོད་དཔག་རྡོ་རྗེས་བླ་མའི་གསུངས་བཞིན་ཡེ་གེར་བཀོད་པ་རྫོགས་སོ།། །།མངྒ་ལཾ།། །།

སེམས་སྡེ་བཅོ་བརྒྱད་ཀྱི་དགོངས་པ་རིག་འཛིན་རྣམས་ཀྱིས་རྡོ་རྗེའི་གླུར་བཞེངས་པ་

༡༧༡ ༈ །།སེམས་སྡེ་བཅོ་བརྒྱད་ཀྱི་དགོངས་པ་རིག་འཛིན་རྣམས་ཀྱིས་རྡོ་རྗེའི་གླུར་བཞེངས་པ་བཞུགས་སོ། །ན་མོ་གུ་རུ་བིདྱཱ་དྷཱ་རེ་བྷྱཿ དེ་ལ་ཁྱུང་ཆེན་གྱི་དགོངས་པ། ཆོས་ཉིད་ཀློང་རྡོལ་གླུ་ཡི་བསམ་གཏན། ཙནྡན་གྱི་ནགས་ཚལ་དུ་ནམ་གྱི་གུང་ལ། རྒྱལ་པོ་དྷ་ཧེ་ན་ཏེ་ལོ་འདི་སྐད་ལོ། །ཧཱུྃ། འགྱུར་བ་མེད་པའི་ཆོས་ཉིད་ནི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །སྣང་བའི་གཟུགས་མེད་བྱང་ཆུབ་སེམས། །ཅི་ལའང་མི་སྤྱད་རྟོག་པས་མི་བཟུང་ཞིང་། །སེམས་ཉིད་རང་བཞིན་བསམ་མེད་མཁའ་འདྲ་ལ། །མ་ཡེངས་མ་བསླད་བཅོས་པ་མེད་པར་བཞག །སྒོམ་དུ་མེད་པའི་ཆོས་དབྱིངས་ཆེན་པོ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་ཞོག །དེ་ལ་སྒོམ་རྒྱུ་རྡུལ་ཙམ་མེད་པར་འཁུམས། །སྐྱེ་བ་བརྒྱུད་ནས་རྒྱལ་པོར་བདག་སྐྱེས་ཏེ། །དོ་ཧ་དེ་བླངས་ང་རྒྱལ་བཅག་པ་ལས། །སྔོན་ཆད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སེམས་དང་ཆོས་སུ་འདྲེས་པའི་འཕྲོ་བླངས་ཞིང་། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ས་ལ་ཨ་ཧོཿ ཞེས་སོ། །དེ་སྐད་དུ་ཡང་དྲང་སྲོང་བྷ་ཤིས། །སེམས་ནི་ཅི་ལ་ཡང་མི་རྟོག་པ། །མ་བཅོས་པ་དེ་རྣལ་མར་ཞོག །ཅེས་སོ། །ཁྱུང་ཆེན་གྱི་དགོངས་པ་དེ་དང་པོའོ། །། ༈ །རིག་པའི་ཁུ་བྱུག་གི་དགོངས་པ། རིག་པ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་གོི་ཤའི་ཚལ་དུ་ནམ་གྱི་ཆ་སྟོད་ལ། སྲས་ཐུ་པོ་རཱ་ཛ་ཧ་སྟི་འདི་སྐད་ལོ། །ཧཱུྃ། ཀུན་གཞི་ཡེ་ནས་མ་བཅོས་དེ་བཞིན་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་མཁའ་འདྲ་མཉམ་པ་ཆེན་པོའི་
༡༧༢དང་། །ཚིག་དང་ཡི་གེའི་སྒྲ་ལས་འདས་པ་ཀུན་ཏུ་བཟང་། །སེམས་དང་ཆོས་ཉིད་མཉམ་ཞིང་དབྱེར་མེད་ན། །ལུས་ངག་ཡིད་གསུམ་མཚན་མ་ཅིས་སླད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་མེད་དེ། །རྣམ་རྟོག་སྐྱོན་སྤངས་ཀུན་གཞི་བྱང་ཆུབ་སེམས། །མ་བཅོས་ངང་དུ་བཞག་པ་ལས། །སྒོམ་ཞེས་གུད་ན་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་ང་ལ་ཤར། །གྷི་ཏ་མ་ཀོ་ལ་ས་མ་ཧོཿ ཞེས་གསུང་། གཞན་ཡང་ཤྲཱི་སེང་ཧས། ཡེ་ཤེས་སྣ་ཚོགས་རང་གསལ་ལ། །མི་གཡོ་དེ་བཞིན་ཉིད་དུ་ཞོག །ཅེས་སོ། །རིག་པའི་ཁུ་བྱུག་གི་དགོངས་པ་སྟེ་གཉིས་པའོ། །།། ༈ །ནམ་མཁའ་ཆེའི་དགོངས་པ། ཡེ་ཤེས་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་ཨུ་དུམྦཱ་རའི་ཚལ་དུ་ནམ་སྨད་ཀྱི་ཆ་ལ། སྲས་མོ་སཱ་ར་ནིས་འདི་སྐད་ལོ། །ཀུན་གཞི་མ་བཅོས་ཡེ་ནས་ཆོས་ཀྱི་དབྱིངས། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་འཇིག་བྲལ་མེད། །རང་བྱུང་ལྷུན་གྱིས་གྲུབ་པ་བཅོམ་ལྡན་འདས། །རང་བྱུང་ཡུལ་ལས་འདས་པ་རྡོ་རྗེ་སེམས་དཔའི་ཐུགས། །བདག་གི་དགོངས་པ་འདི་ལས་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས། །གྷི་ཏ་མ་ཀོ་ལ་ཧོཿ ཞེས་གསུངས། གཞན་ཡང་། འཕགས་པ་ལྷས། རིག་པ་དེ་ཉིད་དངོས་གཞན་མེད། །ངེས་ན་རྟོག་མེད་གསལ་བར་བཞག །ཅེས་སོ། །ནམ་མཁའ་ཆེའི་དགོངས་བཅུད་དེ་གསུམ་པའོ། །། ༈ ཐིག་ལེ་དྲུག་པའི་དགོངས་པ། ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་གཏིང་རུམ་དུ་ཀླུའི་རྒྱལ་པོས་འདི་སྐད་དོ། །མཐའ་དང་དབུས་མེད་ནམ་མཁའ་ལྟ་བུ་ལ། །སྨ་བསམ་ཡུལ་ལས་འདས་པ་
༡༧༣ཆོས་ཀྱི་སྐུ། །སྲིད་འབྱུང་སྐྱེ་འགྲོ་རྣམ་པར་དག་བྱས་ནས། །མ་བཅོས་རྣམ་པར་དག་པས་ཀུན་གཞི་བྱང་ཆུབ་སེམས། །མ་བཙལ་མཉམ་པར་གཞག་ན་བསྒོམ་པའི་མཆོག །རིག་པ་ཆོས་ཀྱི་དབྱིངས་སུ་མ་བཅོས་ལ། །རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་དེ། །དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཉིད། །དཔག་ཅིང་གཞལ་ཡང་འདི་ལས་མེད་པར་མཇལ། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་མ་ཁོལ་ལུང་བསྟན་ལས། །ཆོས་རྣམས་ཡེ་ནས་སངས་རྒྱས་པས། །གཞན་ལ་རེ་བཙལ་གཉིས་དང་འབྲལ། །ཞེས་སོ། །ཐིག་ལེ་དྲུག་པའི་དགོངས་བཅུད་དེ་བཞི་པའོ། །། ༈ །རྩལ་ཆེན་གྱི་དགོངས་པ། བྱང་སེམས་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་གཉིས་པ་ཤར་ཙམ་ན། རྒྱ་མཚོའི་གླིང་དུ་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛས་འདི་སྐད་ལོ། །ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོ་དང་། །གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས། །མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པ་མི་འགྱུར་མ་བསླད་མཉམ་བཞག་ན། །རྩི་ལའང་མི་རྟོག་གང་ལའང་མི་བསམས་ཏེ། །མཆོག་ཏུ་གསང་བའི་རྨད་བྱུང་སེམས་ཉིད་འདི། །རྣ་བས་ཉན་པ་ལ་སོགས་སྤྱོད་ཡུལ་ཡོད་མ་ཡིན། །ཀུན་གཞི་མི་འགྱུར་དབྱིངས་ཆེན་ལ། །རིག་པ་མི་འགྱུར་མ་ཡེངས་བཞག །སྒོམ་པ་འདི་ལས་མེད་པར་འཁུམས། །ཁམས་གསུམ་རང་སར་གྲོལ་བས་བཙལ་ཞིང་སྒྲུབ་མི་དགོས། །རེ་ཞིང་དོགས་པ་མེད་པས་བདག་ཉིད་སངས་རྒྱས་ཡིན། །གྷི་ཏི་མ་ཀོ་ལ་ཧོཿ ཞེས་གསུངས་སོ། །གཞན་ཡང་། ཨཱ་དེ་བས། བཟང་ངན་བླང་དོར་མེད་པས་ཡེ་ཤེས་ཟང་ཐལ་ཏེ། །ཡེ་ཤེས་ཉིད་ལ་ཉིད་སྤྱོད་གསེར་གླིང་འདྲ།
༡༧༤ཞེས་སོ། །རྩལ་ཆེན་གྱི་དགོངས་བཅུད་དེ་ལྔ་པའོ། །། ༈ །སེམས་སྒོམ་གྱི་དགོངས་པ། དབྱིངས་ཀློང་རྡོལ་གླུའི་བསམ་གཏན། རྒྱན་ཆགས་དཔལ་གྱི་རིའི་ནགས་སུ་སྐྱ་རེངས་གསུམ་པ་ཤར་ཙམ་ན། ནཱ་གརྫུ་ནས་འདི་སྐད་དོ། །སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ། །རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ནས། །དབྱིངས་ཉིད་མི་འགྱུར་རིག་པ་མི་བསླད་དེ། །མ་ཡེངས་མི་འགྱུར་མཁའ་ལྟར་དག་པ་ལ། །མ་ཡེངས་མ་བཅོས་ཡོངས་ཀྱི་འོད་གསལ་ལས། །སྒོམ་པ་མིང་དུ་བཏགས་པ་གུད་ན་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདིས། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཧོཿ ཞེས་གསུངས། གཞན་ཡང་ཤེལ་ཕྲེང་དཀར་པོ་ཞེས་བྱ་བའི་མན་ངག་ལས། སྣང་སྲིད་ཐམས་ཅད་ཆོས་ཉིད་ཡེ་ནས་ཡིན། །དེས་ན་ཆོས་ཉིད་དེ་ཉིད་དེ་ལ་སྤྱོད། །ཅེས་སོ། །སེམས་སྒོམ་གྱི་དགོངས་བཅུད་དེ་དྲུག་པའོ། །། ༈ །རྨད་བྱུང་གི་དགོངས་པ། འབྱུང་ལྔ་ཡེ་ཤེས་ཀློང་རྡོལ་གླུའི་བསམ་གཏན། དམར་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་འགྲམ་དུ་ཁྱིའི་རྒྱལ་པོ་ཕྱི་མས་འདི་སྐད་ལོ། །ཆོས་ཉིད་བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ། །མ་བཅོས་རང་བཞིན་གསལ་བས་མཁའ་ལྟར་གནས། འགྲོ་བའི་གཟུགས་འཛིན་སྲེགས་པས་མེ་ལྟར་གནས། །དམིགས་མེད་གདོད་ནས་དག་པས་རླུང་ལྟར་གནས། །གཟུང་འཛིན་སྐྱོན་དང་བྲལ་བས་ཆུ་ལྟར་གནས། །ཅིས་ཀྱང་སྐྱོན་མེད་སྲ་བས་ས་ལྟར་གནས། །འབྱུང་བ་ལྔ་ཉིད་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས། །གདོད་ནས་དག་པས་ནམ་མཁའ་འདྲ་བ་ལ། །དམིགས་པ་མེད་པར་མ་ཡེངས་གནས་པ་ལས། །སྒོམ་པ་འདི་ལྟར་མེད་པར་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གསུངས་སོ། །
༡༧༥གཞན་ཡང་རྡོ་རྗེ་བརྩེགས་པ་ལས། །རྣམ་རྟོག་ཡེ་ཤེས་ངང་དུ་གསལ། །དེས་ན་མ་སྤངས་རང་ཞིར་ཞོག །ཅེས་སོ། །རྨད་བྱུང་རྒྱལ་པོའི་དགོངས་བཅུད་དེ་བདུན་པའོ། །། ༈ །ཡིད་བཞིན་ནོར་བུའི་དགོངས་པ། དངོས་གྲུབ་ཀློང་རྡོལ་གླུའི་བསམ་གཏན། །དམར་རེངས་གཉིས་པ་ཤར་ཙམ་ན་གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་ལོ། །ཆོས་ཉིད་བྱང་ཆུབ་སེམས་ལ་བླང་ཞིང་བལྟ་མེད་དོ། །ལྟ་བའི་གཟུགས་སུ་ཡོངས་ལ་སྣང་། །ཅིས་ཀྱང་བཅོས་སུ་མེད་ལ་བཅད་དུ་མེད། །སེམས་ཀྱི་རང་བཞིན་ཅི་ཡང་མི་གནས་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན། །ཇི་ལྟར་ལྷད་ཀྱང་དབྱིངས་ལ་འགྱུར་བ་མེད། །དབྱིངས་ཉིད་རིག་པས་མི་བཙལ་ཏེ། །སེམས་ཉིད་མཁའ་ལྟར་དག་པའི་དངོས། །མ་བཅོས་རང་བཞིན་མེད་པ་ལས། །སྒོམ་པ་འདི་ལས་མེད་པར་བདག་གིས་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་རཱ་ཧུ་ལ་ཆེན་པོས། འཁོར་བ་མ་སྤངས་ངང་གིས་གསལ་བ་ལ། །ཡེ་ཤེས་ཉི་མ་དེ་ཡི་ཚུལ་དུ་འཆར། །ཞེས་སོ། །ཡིད་བཞིན་ནོར་བུའི་དགོངས་བཅུད་དེ་བརྒྱད་པའོ། །། ༈ །རྩེ་མོ་བྱུང་རྒྱལ་གྱི་དགོངས་པ། རྩོལ་མེད་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནལ་བྱིས་ལའི་རྩར། དམར་རེངས་གསུམ་པ་ཤར་ཙམ་ན་སྨད་འཚོང་མ་བུདྡྷ་མ་ཏི་འདི་སྐད་ལོ། །ཨེ་མ་ཧོ་ཆོས་ཉིད་བྱང་ཆུབ་སེམས། །བརྟག་ཏུ་མེད་དེ་དཔྱད་དུ་མེད། །བཙལ་ཞིང་གཉེན་པོས་བཅོས་སུ་མེད། །སེམས་ལས་སངས་རྒྱས་ལོགས་ན་མེད། །བཙལ་བས་མི་རྙེད་སེམས་ལས་སངས་རྒྱས་མེད། །སེམས་ཀྱི་རང་བཞིན་མ་བཅོས་སངས་རྒྱས་ཡིན། །གདོད་ནས་མ་བཙལ་བྱང་ཆུབ་སྙིང་པོ་ལ། །ཏིང་འཛིན་
༡༧༦མ་ལྷད་ངང་གིས་གསལ་བ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་ཀོ་ལས་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་གུ་རུ་ཆེན་པོས། ཐམས་ཅད་ཡེ་ཤེས་གསལ་བའི་རྐྱན། །དེ་ལྟར་རྟོགས་པས་དག་པ་ཡིན། །ཅེས་སོ། །རྩེ་མོ་བྱུང་རྒྱལ་གྱི་དགོངས་བཅུད་དེ་དགུ་པའོ། །། ༈ སྤྱི་གཅོད་ཀྱི་དགོངས་པ། གསང་བ་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནྱ་གྲོ་དྷཱའི་རྩ་བར་སྲོད་ཐུན་ལ་འཇམ་དཔལ་བཤེས་གཉེན་ཕྱི་མ་འདི་སྐད་ལོ། །ཀུན་གཞི་ཡངས་པའི་དབྱེ་ཐང་ལ། །དག་པའི་ཀློང་ནས་ཉི་མ་ཤར། །ཤར་བའི་དུས་ན་ནུབ་པ་མེད། །ཤར་ནས་མ་བཅོས་གསལ་པ་ལས། །སངས་རྒྱས་ཆོས་ཉིད་སྔ་ཕྱི་གསུམ། །གང་དུ་བཙལ་ཡང་རྙེད་ཐབས་མེད། །ཀུན་གཞི་ཡངས་བའི་ཆོས་ཉིད་ལ། །རིག་པ་ཡེ་ཤེས་ཅི་ཤར་བ། །མ་བཅོས་ནུབ་པ་མེད་པ་ལས། །སྒོམ་དུ་འདི་ལས་མེད་པར་འཁུམས། །མྱོང་ན་སེམས་ཀྱི་བདུད་རྩི་མྱོང་། །བལྟ་ན་རིག་པའི་ཡེ་ཤེས་ལྟོས། །པདྨ་ཀོ་ལ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། ལུང་ཕྱི་མ་ལས། ཉམས་སུ་མྱོང་བའི་བདེ་ཆེན་ནི། །ཐམས་ཅད་གསལ་བ་ཞེ་ཕུག་ཡིན། །ཅེས་སོ། །རྫོགས་པ་སྤྱི་གཅོད་ཀྱི་དགོངས་བཅུད་དེ་བཅུ་པའོ། །། ༈ །སྤྱི་ཆིངས་ཀྱི་དགོངས་པ། ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། དཔག་བསམ་ཤིང་གི་གྲིབ་མ་ལ། ཐོ་རེངས་ཁར་ཨཱརྻ་པ་ལོ་འདི་སྐད་ལོ། །བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། །ཕྱི་དང་ནང་མེད་ཀུན་ལ་གསལ་བར་སྣང་། །གདོད་ནས་དག་པ་ནམ་མཁའི་ཀློང་འདྲ་ལ། །རྣམ་རྟོག་བསྲེག་པའི་ཡེ་ཤེས་མངོན་ཤར་བས། །སྐྱེ་འགག་ཡངས་དོགས་རང་གཞན་མེད་པ་
༡༧༧ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཟ་ན་སེམས་ཉིད་བདུད་རྩི་ཟོ། །གོན་ན་ཆོས་ཉིད་གོས་སུ་གྱོན། །ཨེ་མ་ཀོ་ལ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། ལུང་གི་རྒྱལ་པོ་ལས། སེམས་ཀྱི་དེ་ཉིད་མ་བཅོས་གསལ། །དེ་ལྟར་ཡིན་པས་རྟོག་པ་མེད། །ཅེས་སོ། །སྤྱི་ཆིངས་ཀྱི་དགོངས་བཅུད་དེ་བཅུ་གཅིག་པའོ། །། ༈ །བདེ་བ་འཕྲ་བཀོད་ཀྱི་དགོངས་པ། ཕྲིན་ལས་ཀློང་རྡོལ་གླུའི་བསམ་གཏན། །རིན་པོ་ཆེའི་གླིང་དུ་ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེ་འདི་སྐད་ལོ། སེམས་ཉིད་སངས་རྒྱས་ཡིན་པ་ལས། །སེམས་ལས་སངས་རྒྱས་ལོགས་ན་མེད། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལས། །རིག་པ་མི་འགྱུར་རང་བཞིན་མེད་པ་འདི། །ཟབ་མོའི་ཆོས་དབྱིངས་མི་བརྗོད་དོན་དམ་གསལ། །རྒྱ་མཚོ་ཆེ་ལྟར་ཆོས་དབྱིངས་ཟབ་མོ་ལས། །རིག་པ་མི་འགྱུར་བཟོད་ཅིང་ནང་ནས་འཆར། །ཀུན་གཞི་གཏན་ནས་སྦྱོང་བའི་ཉི་ཆེན་པོ། །མཁའ་ལྟར་དག་པས་ཡོངས་ལ་ཁྱབ་པར་བརྡལ། །ཆོས་ཉིད་ཡེ་ནས་དག་པས་སྤྱད་དུ་མེད་པ་ལ། །རིག་པ་མི་འགྱུར་གདོད་ནས་གསལ་བར་གནས། །ཕྱིན་ཅི་ལོག་གིས་མ་ལྷད་གསལ་བར་གནས། །བདེ་བར་གཤེགས་པའི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་ནམ་མཁའ་ཆེན་པོ་ལ། །རྣལ་འབྱོར་ཁྱུང་ཆེན་གཤོག་པ་ལྡིང་། །ཀརྨ་ཀོ་ལ་ཤ་ཨ་ཧོ༔་ཞེས་གསུངས་སོ། །གཞན་ཡང་། རྒྱ་ལུང་ཆེན་མོ་ལས། །སེམས་ཉིད་མི་རྟོག་ནམ་མཁའི་ངང་དུ་གནས། །དེས་ན་མ་བཅོས་རྟོག་མེད་ངང་དུ་ཤར། །ཞེས་སོ། །བདེ་བ་འཕྲ་བཀོད་ཀྱི་དགོངས་བཅུད་དེ་བཅུ་གཉིས་པའོ། །། ༈ །སྲོག་གི་འཁོར་ལོའི་དགོངས་པ། རང་བྱུང་ཀློང་རྡོལ་གླུའི་བསམ་གཏན། ནྱ་གྲོ་དྷའི་དགོན་པར་སྲོད་ཡོལ་གྱི་
༡༧༨དུས་སུ། །དྲང་སྲོང་བྷི་ཤ་ཏི་འདི་སྐད་ལོ། །མ་བཅོས་མཁའ་ལ་གཟའ་སྐར་ཀུན་འཕྱོ་བས། །གདོད་ནས་དག་པས་མཁའ་ནི་མི་བརྗོད་དེ། །བྱང་ཆུབ་སེམས་ནི་མཁའ་ལྟར་དག་པ་ལ། །མཚན་མའི་རྣམ་རྟོག་སྒྱུ་མས་ཅི་བསླད་ཀྱང་། །རྣལ་འབྱོར་སེམས་ཉིད་དབྱིངས་ལ་འཕོ་འགྱུར་མེད། །ཆོས་དབྱིངས་བརྡལ་བ་ཆེན་པོའི་དཀྱིལ་འཁོར་ལ། །རིག་པ་ཡེ་ཤེས་དུ་མས་བཏབ་པ་ནི། །གསང་པའི་འོད་ཀྱི་དཀྱིལ་འཁོར་གསལ་བར་འཆར། །ཤར་བ་ཉིད་ཀྱི་དོན་དེ་མ་ཡེངས་ལས། །སངས་རྒྱས་རྣམས་ལ་དགོངས་པ་འདི་ལས་མེད། །རིག་པ་ཡེ་ཤེས་རླུང་ཆེན་གྱིས། །རྣམ་པར་རྟོག་པའི་མུན་པ་གཡེངས། །ཨ་ཀ་ཤ་ཀོ་ལ་མ་དྷ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། ཀློང་ཆེན་འཁྱིལ་བ་ཞེས་བྱ་བའི་མན་ངག་ལས། སེམས་ལ་ཐམས་ཅད་རྫོགས་པ་ལྷུན་གྲུབ་སྟེ། །བཅོས་སླད་དགག་སྒྲུབ་མེད་པ་ཡེ་ཤེས་གསལ། །ཅེས་སོ། །སྲོག་གི་འཁོར་ལོའི་དགོངས་བཅུད་དེ་བཅུ་གསུམ་པའོ། །། ༈ །རིན་ཆེན་ཀུན་འདུས་ཀྱི་དགོངས་པ། སྐྱེ་མེད་ཀློང་རྡོལ་གླུའི་བསམ་གཏན། རྒྱས་པའི་དགོན་གནས་སུ་ནམ་སྨད་ལ་སྲས་མོ་གོ་མ་དེ་བཱི་འདི་སྐད་ལོ། །སངས་རྒྱས་ཀུན་གྱི་ཐུགས་ཉིད་ཡི་གེ་ཨ་ཡིན་ཏེ། །ཨ་ཡི་རང་བཞིན་ཡེ་ནས་དངོས་པོ་མེད། །བདེ་གཤེགས་ཀུན་གྱི་འབྱུང་གནས་ཨ་ཡིན་ཏེ། །བདེན་གཉིས་ལ་སོགས་སྣང་སྲིད་ཅིར་ཡང་སྣང་། །ཨ་ཡི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས། །འཕོ་འགྱུར་འདུ་འབྲལ་བརྟགས་ནས་སངས་རྒྱས་ཏེ། །སྨྲ་བསམ་ཡུལ་ལས་འདས་པའི་བྱང་ཆུབ་དབྱིངས་ཉིད་ལ། །ཨ་ལྟར་སྐྱེ་བ་མེད་པའི་བྱང་ཆུབ་སེམས། །མ་བཅོས་མ་ཡེངས་མཉམ་པར་གཞག་པ་ལས། །བདག་གི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་དབྱེ་ཐང་ཆེན་པོ་ལ། །རིག་པའི་ཡེ་ཤེས་རྟ་ཕོ་རྒྱུག །ཀ་པ་ལ་ཀ་མ་པ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། བདུད་རྩི་
༡༧༩འཁྱིལ་པ་ལས། །ཐམས་ཅད་ཉིད་དུ་མེད་པའི་བྱང་ཆུབ་སེམས། །ཡིན་པར་བདག་ཅག་རྣམས་ཀྱིས་རྟོགས། །ཞེས་སོ། །རིན་ཆེན་ཀུན་འདུས་ཀྱི་དགོངས་བཅུད་དེ་བཅུ་བཞི་པའོ། །། ༈ །སྐྱེ་མེད་རང་རིག་གི་དགོངས་པ། །ཆོས་སྐུ་ཀློང་རྡོལ་གླུའི་བསམ་གཏན། །ཙནྡན་སྡོང་པོའི་རྩར་གུང་ཐུན་ལ། །ཁ་ཆེའི་རྒྱལ་པོ་རབ་སྣང་འདི་སྐད་ལོ། །བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ། །མཁའ་དང་འདྲ་བར་ཀུན་ལ་ཁྱབ་པར་སྣང་། །སྣང་བ་ཉིད་ཀྱང་སྟོང་པ་སྟེ། །སྟོང་པའི་ཆོ་འཕྲུལ་ཅི་སྣང་བ། །བསམ་དུ་རྡུལ་ཙམ་མེད་པ་ལ། །བརྗོད་བྲལ་མེད་པར་མ་ཡེངས་ཞོག །ཆོས་ཉིད་སེམས་ཀྱི་བདུད་རྩི་ཡིས། །ཁམས་གསུམ་འགྲོ་བའི་ནད་པ་གསོས། །ཀ་ལ་པ་ཀོ་ཤ་ཨ་ཧོཿ ཞེས་གསུངས། གཞན་ཡང་། གླང་པོ་རབ་འབོགས་ལས། གཉིས་མེད་བདེ་ཆེན་ངང་གིས་གསལ། །དེ་བཞིན་མ་བཅོས་རྣལ་མར་ཞོག །ཅེས་སོ། །སྐྱེ་མེད་རང་རིག་གི་དགོངས་བཅུད་དེ་བཅོ་ལྔ་པའོ། ། ༈ བདེ་བ་རབ་འབྱམས་ཀྱི་དགོངས་པ། སྐུ་གསུམ་ཀློང་རྡོལ་གླུའི་བསམ་གཏན། གྲོང་ཁྱེར་དཔལ་ཡོན་དུ་སྲོད་ཀྱི་དུས་སུ་རྒྱལ་པོ་དེ་བ་རཱ་ཛ་འདི་སྐད་ལོ། སྣང་སྲིད་ཆོས་རྣམས་མངོན་དུ་ལྟོས་པ་རྣམས། །ཡང་དག་ཉིད་དུ་བཅོམ་པར་བྱ། །སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་པོའི་དང་། །འདི་ལས་གཞན་མེད་མ་ཡེངས་མཉམ་བཞག་པས། །བསྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་ནི་སྒྱུ་མའི་ཕུང་པོ་མིང་ཙམ་སྟེ། །སེམས་ནི་ཡེ་ཤེས་ཆེན་པོར་སོན། །ཙནྡྲ་དེ་བ་ཀོ་ས་ལ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། དྲི་མེད་བཤེས་གཉེན་གྱི་མན་ངག་ལས། དུག་ལྔ་ཡེ་ཤེས་ལྔ་རུ་གསལ། །དེ་ལྟར་རྟོགས་ན་རིག་མཆོག་ཡིན། །ཞེས་སོ། །བདེ་བ་རབ་འབྱམས་ཀྱི་དགོངས་བཅུད་དེ་བཅུ་དྲུག་པའོ། །
༡༨༠། ༈ །ནམ་མཁའ་རྒྱལ་པོའི་དགོངས་པ། གྲོལ་བ་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དྷརྨ་རཱ་ཛ་འདི་སྐད་དོ། །སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལས། །གང་ལྟར་རྟོགས་ཤིང་ཇི་ལྟར་སྣང་བ་ཀུན། །འབྱུང་འཇུག་འབྱུང་བ་མེད་ན་ཀུན་ཏུ་བཟང་། །གཉིས་སུ་མེད་པའི་རིག་པ་དེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། །རིག་པའི་དབྱིངས་ལས་མ་བསླད་པས། །སྒོམ་ཞིང་གནས་པ་འདི་ལ་མེད། །ཀྱེ་མ་མ་རྟོགས་སྙིང་རེ་རྗེ། །བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། །དྷོ་ཧ་ཀོ་པ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། འཕགས་པ་དྲང་སྲོང་མིག་གི་མན་ངག་ལས། མ་ཡེངས་རྩེ་གཅིག་བསམ་དང་བྲལ། །དེས་ན་ཡེ་ཤེས་ཟང་ཐལ་ཡིན། །ཅེས་སོ། །ནམ་མཁའ་རྒྱལ་པོའི་དགོངས་བཅུད་དེ་བཅུ་བདུན་པའོ། །། ༈ །རྗེ་བཙུན་དམ་པའི་དགོངས་པ། ཤེས་རབ་ཀློང་རྡོལ་གླུའི་བསམ་གཏན། དབེན་པ་ཆེན་པོའི་གནས་སུ་བུདྡྷ་གུཔྟ་འདི་སྐད་ལོ། །ཆོས་རྣམས་ཐམས་ཅད་མ་བཅོས་ཀུན་ཏུ་བཟང་པོ་ལ། །གསལ་ལ་འགྱུར་པ་མེད་པ་བྱང་སེམས་ངང་དེ་ལ། །མཚན་མའི་རྣམ་པར་རྟོག་པས་མ་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞིར་གནས་པ་ལས། །སྒོམ་པ་འདི་ལས་གུད་ན་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་བལྟས་ན། །རྣམ་རྟོག་དྲི་མས་གོས་ཏ་རེ། །པྲཛྙཱ་ཀོ་ས་ལ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། །སྒོམ་ལུང་ཆེན་མོ་ལས། བཅོས་བསླད་མེད་པར་ཀ་ནས་དག་པ་ལ། །གཉིས་སུ་འཛིན་པ་ཡང་ཡེ་ངང་གིས་མེད། །ཅེས་སོ། །རྗེ་བཙན་དམ་པའི་དགོངས་བཅུད་དེ་བཅོ་བརྒྱད་པའོ། །། ༈ །སེམས་སྡེ་སྤྱིའི་དགོངས་པ། རིན་པོ་ཆེ་ཀློང་རྡོལ་གླུའི་བསམ་གཏན། ཤྲཱི་སིདྷས་བསམ་གཏན་གྱི་ཁང་པར་ཚོགས་ཀྱི་མཆོད་པའི་དུས་སུ་བླངས་པ་འདི་སྐད་ལོ།
༡༨༡ཇི་ལྟར་བསམ་ཀྱང་སྒོམ་དུ་མེད། །ཇི་ལྟར་སྨྲས་ཀྱང་དཔྱད་དུ་མེད། །ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལས། །བཙལ་བ་མེད་པར་འོད་ཤར་ཏེ། །བསམ་དུ་མེད་པའི་ཆོས་ཉིད་ལ། །ཡེངས་པ་མེད་པར་མཉམ་པར་གཞག །སྒོམ་པ་འདི་ལས་མེད་པར་འཁུམས། །རིག་པ་ཡེ་ཤེས་མདུང་རྩེ་ཡིས། །རྣམ་རྟོག་དགྲ་བོ་རྡུལ་དུ་རློག །རཏྣ་ཀོ་ས་ལ་ཨ་ཧོཿ ཞེས་གསུངས་སོ། །སེམས་སྡེ་སྤྱིའི་དགོངས་བཅུད་དེ་བཅུ་དགུ་པའོ། །། ༈ །རྫོགས་པ་ཆེན་པོ་སེམས་སྡེ་བཅོ་བརྒྱད་ཀྱི་དགོངས་བཅུད་རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་རྡོ་རྗེའི་གླུར་བཞེངས་པ་རྫོགས་སོ། ཤུ་བྷཾ།

ཡལ་ག་འཆུགས་མེད་ལམ་ཁྱེར་རྣམ་གསུམ་ཀྱི་རྡོ་རྗེའི་ཚིག་རྐང་བཞུགས་སོ།

༡༥ ༈ ཡལ་ག་འཆུགས་མེད་ལམ་ཁྱེར་རྣམ་གསུམ་གྱི་རྡོ་རྗེའི་ཚིག་རྐང་བཞུགས་སོ། །རྒྱ་གར་སྐད་དུ། མཱ་རྒྒ་ཀྲ་ཏྲི་དྷརྨ་ནཱ་མ། བོད་སྐད་དུ། ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ། དཔལ་སྐུ་གསུམ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་གིས་བླ་མ་མཆོག་བསྟེན་དབང་ཐོབ་པས། །དབེན་པར་གནས་ཤིང་འཇིག་རྟེན་བློས་བཏང་ནས། །ལམ་མཆོག་འདི་ལ་རྩེ་གཅིག་འབད་གྱུར་ན། །ལོ་ཟླས་ལྷུན་གྲུབ་རྣམ་གསུམ་འགྲུབ་པར་འགྱུར། །འདི་ལྟར་སྣང་བ་སྣ་ཚོགས་ལ། །བརྟེན་ནས་བླ་མ་ཡི་དམ་དང་། །སྒྱུ་མ་བདེ་སྟོང་གསལ་བར་ནི། །ལམ་ཁྱེར་སྐུ་གསུམ་རང་ཤར་འབྱུང་། །བློ་ལྡན་མི་རྟག་སྐྱོ་ཤས་དང་། །བྱང་ཆུབ་སེམས་མཆོག་སྔོན་འགྲོ་བས། །རང་ལུས་ཡི་དམ་སྤྱི་གཙུག་ཏུ། །བླ་མའི་རྣལ་འབྱོར་རྫོགས་བྱས་ནས། །མཁའ་མཉམ་འགྲོ་ཀུན་ཐབས་གཅིག་ཏུ། །སྙིང་རྗེས་ཀུན་བླང་གསོལ་བ་གདབ། །དེ་ཡིས་མོས་གུས་སྐྱེས་པ་དང་། །སྣང་བ་སྣ་ཚོགས་ཐམས་ཅད་ཀུན། །རིམ་གྱིས་བླ་མར་བལྟ་བར་བྱ། །སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །འབྲལ་མེད་བླ་མར་ལམ་ཁྱེར་བས། །ཅིར་སྣང་བླ་མར་འཆར་བར་འགྱུར། །བླ་མའི་ལམ་ཁྱེར་མཆོག་ཡིན་ནོ། །དེ་ལྟར་བརྟན་པར་གྱུར་པབ་དང་། །བླ་མ་དམ་པ་འདི་ཉིད་ཀྱིས། །བཟོད་དཀའི་རྒྱ་མཚོ་ཆེ་ལས་བསྒྲལ། །གྲངས་མེད་མི་ཐོབ་ཚེ་འདིར་ཐོབ། །དྲིན་བསམ་འབྲེལ་མརམེད་གསོལ་བ་གདབ། །ཕྱག་སོགས་བདུན་པོ་རྣམ་དག་བྱ། །སྒྲ་རྣམས་གྲགས་སྟོང་བླ་མའི་གསུང་། །དྲན་རྟོག་ཐུགས་སུ་ལམ་ཁྱེར་བྱ། །བླ་མའི་སྐུ་གསུམ་ལམ་ཁྱེར་རོ། །དེ་ལྟར་ཁྱད་འཕགས་
༡༦ ལམ་ཁྱེར་དེས། །ཉིན་མཚན་མཉམ་རྗེས་ཐམས་ཅད་དུ། །ཅིར་སྣང་ཐམས་ཅད་བླ་མར་ཤེས། །བླ་མ་དེ་ཉིད་རང་གི་སེམས། །སེམས་དང་བླ་མ་དབྱེར་མེད་པའི། །གསལ་སྟོང་བདེ་ཆེན་རང་ཤར་འབྱུང་། །དེ་ནས་ཡི་དམ་ལམ་ཁྱེར་བཤད། །ཐ་མལ་ཞེན་པ་བཟློག་པའི་ཕྱིར། །རང་ལུས་སྣང་སྟོང་སྒྱུ་མའི་སྐུ། །གསལ་ལ་རྟོག་པ་མེད་པར་བསྒོམ། །དེ་ནས་ཆགས་སྡང་རྨོངས་གསུམ་ཡུལ། །ཕྱི་རོལ་གཟུགས་སྣང་སྣ་ཚོགས་ཀུན། །རིམ་གྱིས་ལྷ་ཡི་སྐུར་ཤེས་བྱ། །དེ་ལ་དད་ཅིང་གུས་ལྡན་པས། །ཕྱག་ལ་སོགས་པ་གོང་བཞིན་ནོ། །ཅིར་སྣང་ལྷ་སྐུ་སྒྱུ་མར་ཤེས། །ལྷ་སྐུ་དེ་ཉིད་རང་གི་སེམས། །སེམས་དང་ལྷ་སྐུ་དབྱེར་མེད་པའི། །གསལ་སྟོང་བདེ་ཆེན་ལྷ་སྐུ་དེ། །སྐུ་གསུམ་ལམ་ཁྱེར་ཉིད་དུ་བཤད། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །འབྲལ་མེད་ལྷ་སྐུ་ཟླ་དྲུག་གིས། །སྐྱེ་བ་འདིའམ་བར་མ་དོར། །རྒྱལ་བ་ལོངས་སྐུ་ཐོབ་པར་འགྱུར། །སྣང་བའི་ཆ་ལ་བསྐྱེད་རིམ་དང་། །སྟོང་པའི་ཆ་ལ་རྫོགས་རིམ་སྟེ། །བསྐྱེད་རྫོགས་མ་ཡིན་ཆོས་འགའ་མེད། །ཟུང་འཇུག་ཚུལ་འདི་བསྟན་པའོ། །རང་དང་སྣང་བ་ལྷར་བལྟས་ནས། །སྒྲ་རྣམས་གྲགས་ཚད་སྔགས་སུ་བལྟ། །སྒྲ་རྣམས་གྲགས་སྟོང་རང་བཞིན་མེད། །སྒྲར་གསལ་ཡེ་ཤེས་སྟོང་པའི་དབྱིངས། །དབྱེར་མེད་ཤེས་པས་གྲོལ་འགྱུར་ཏེ། །གང་འདུལ་སྤྲུལ་སྐུ་ཐོབ་པར་འགྱུར། །དྲན་རྟོག་ལམ་ཁྱེར་བཤད་ཀྱིས་ཉོན། །དུས་གསུམ་མ་འགགས་རང་ཤར་ལ། །མ་ཡེངས་འཛིན་མེད་སྐུ་གསུམ་དུ། །ཤེས་པས་གྲོལ་འགྱུར་ཐེ་ཚོམ་མེད། །ཡང་ན་དུག་གསུམ་ལྟ་སྟངས་ཀྱིས། །རང་བཞིན་མེད་འགྱུར་ཆོས་སྐུ་ཐོང་། །དེ་ནས་སྒྱུ་མའི་ལམ་ཁྱེར་བཤད། །འདི་ལྟར་རྨི་ལམ་སྣ་ཚོགས་དཔེས། །སྣང་བ་སེམས་སུ་གཏན་ལ་དབབ། །སེམས་ནི་སྒྱུ་མ་རྨི་ལམ་སྟེ། །བཟུང་སྦྱང་སྤེལ་སྤྲུལ་བསྒྱུར་བ་རྣམས། །ཉིན་པར་སྤྱོད་ལམ་ཐམས་ཅད་དུ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །གཉིད་
༡༧ ལོག་འདུན་པས་ཉམས་བླངས་པས། །རྨི་ལམ་དུས་སུ་རང་ཤར་འབྱུང་། །སྒྱུ་འཛིན་བྲལ་བའི་འོད་གསལ་ནི། །མོས་གུས་ལྟ་སྟངས་སྟོབས་ལས་འཆར། །བདེ་གསལ་མི་རྟོག་བརྗོད་བྲལ་བའི། །སྐུ་གསུམ་དབྱེར་མེད་བདེ་ཆེན་ནི། །ཉིན་མཚན་ཀུན་ཏུ་རང་ཤར་འབྱུང་། །འོད་གསལ་ཕྱག་རྒྱ་ཆེན་པོ་འབྱུང་། །མདོར་ན་དམ་པའི་མོས་གུས་དང་། །རང་ལུས་སྣང་སྟོང་ལྷ་སྐུར་བལྟ། །ངག་གི་བཟླས་བརྗོད་གྲགས་སྟོང་སྟེ། །སེམས་ཀྱི་དྲན་རྟོག་དེར་འཛིན་བྲལ། །དེ་ལྟར་རྩེ་གཅིག་ཉམས་བླངས་ན། །ལོ་ཟླས་འབྲས་བུ་མངོན་དུ་འགྱུར། །གསང་སྔགས་མངོན་སུམ་ལམ་པ་སྟེ། །ཀུན་ལས་མཆོག་ཏུ་གྱུར་པའོབའོ། །ཁྱད་འཕགས་ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ། །ཡེ་ཤེས་ཀྱི་ཌཱ་ཀི་མས་མཛད་པ་རྫོགས་སོ། །ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ཌཱ་ཀི་མ་དེ་ཉིད་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོ།

༄༅། །རོ་སྙོམས་སྐོར་དྲུག་གི་ཉམས་ལེན་སྒང་དུ་དྲིལ་བ་ཞེས་བྱ་བ་བཞུགས་སོ། །

༡༡༥ རོ་སྙོམས་སྐོར་དྲུག་གི་ཉམས་ལེན་སྒང་དུ་དྲིལ་བ་ཞེས་བྱ་བ་བཞུགས་སོ། །
༡༡༦ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མ་ཡེངས་ཏིང་འཛིན་ནགས་ཕུག་གནས་བཅས་ཤིང་། ཤེས་རབ་མཆོག་གི་གདོང་ལྔའི་རྩལ་གྱིས་སྙེམས། །དངོས་འཛིན་གླང་པོའི་སྡེ་རྣམས་ལ་སྟོན་པ། །དཔལ་ལྡན་འབྲུག་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་རོ་སྙོམས་ཕྱག་རྒྱ་ཆེན་པོར་སྒང་དུ་དྲིལ་བ་གྲོལ་ལམ་རོ་སྙོམས་སྐོར་དྲུག་གསུམ་གསུམ་གྱིས་བཤད་པ་འདི་ལ། བརྒྱུད་པའི་ལོ་རྒྱུས་གདམས་པ་གཉིས་ལས། དང་པོ་ནི་བརྒྱུད་པའི་གསོལ་འདེབས་བཞིན། གཉིས་པ་ལ། སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་ར་ནས་བཏོན་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། དེའི་ཆེད་དུ་བདག་གིས་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་ཟབ་མོ་ཟབ་པའི་མཐར་ཐུག་བ་འདི་བསྒོམ་པར་བྱའོ་སྙམ་པས་ལུས་ཅི་བདེ་བར་བཞག །རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་བལྟས། སྤྱི་བོར་བརྒྱུད་རིམ་གྱི་བླ་མ་རྣམས་གསལ་བཏབ། རོ་སྙོམས་གསོལ་འདེབས་བྱ། མཐར་འོད་དུ་ཞུ་རང་ལ་བསྟིམ། དེ་ནས་སེམས་ཡུལ་ལ་
༡༡༧ གཡོ་བ་བཟློག་ནས། སེམས་ཇི་ལྟ་བའི་ངང་ལ་འཇོག་པའོ། །གཉིས་པ་ལ་སྐོར་དྲུག་ལས། དང་པོ་རྣམ་རྟོག་ལམ་དུ་འཁྱེར་བ་ལྟས་ངན་གཡང་དུ་ལེན་པའི་གདམས་ངག་ལ། སྔོན་འགྲོ་འདུན་པ་གཏོང་བ། དངོས་གཞི་སྟོང་ཉིད་ལ་གཞག་པ། རྗེས་རོ་སྙོམས་པ་གསུམ་ལས། དང་པོ་ནི། ཕལ་ཆེར་རྣམ་པར་རྟོག་པ་འཁོར་བར་བསྐྱུར་པའི་རྩ་བ་ཡིན་པས། དེ་སྐྱེས་པ་མི་འདོད་ནས་སྤོང་བར་བྱེད་དོ། །འདི་ནི་དེ་ཀ་ལམ་དུ་འཁྱེར་བ་ཞིག་མ་ཤེས་ན། སྤང་གཉེན་དུ་འཛིན་པས་ལམ་ཆོད་མི་ཐུབ། །དེས་ན་སྤྱི་ལས་ཟློག་པས་ཟློག་པའི་སྒོམ་པ། སྣང་གྲགས་རིག་གསུམ་རང་རིག་ཏུ་མཉམ་པར་འབྱུང་བ་རོ་སྙོམས་འདི་ལ་རྣམ་པར་རྟོག་པ་ཇི་ཙམ་མང་བ་དེ་ཙམ་གྱིས་ཡེ་ཤེས་ཀྱི་རྩལ་རྒྱས་པར་འགྱུར་བ་མེ་བུད་ཤིང་དང་འཕྲད་པ་ལྟ་བུ། དེས་ན་རྣམ་རྟོག་བྱུང་ན་དགའ་བ་འབའ་ཞིག་བྱ་བ་ཡིན་ནོ། །གཉིས་པ་ནི། རྣམ་རྟོག་ཤར་བའི་དུས་དེར་ངོས་ཟིན་ན་དེ་ཁོ་ནས་ཤར་གྲོལ་དུ་འགྱུར་ཏེ། མ་རིག་པ་ལས་བཟློག་པས་རིག་པའི་ཡེ་ཤེས། ངོས་མ་ཟིན་ན་དེ་ཀ་མ་རིག་པ་ཉིད་
༡༡༨ དུ་སོང་བ་ཡིན་ནོ། །སྔ་མ་དེ་ཀ་གཉེན་པོར་བཏགས་པ་མིན་པ་གཞན་མེད། དེ་མེད་པས་སྤང་གཉེན་དབྱེར་མེད། སྲིད་ཞི་མཉམ་ཉིད་རྣམ་རྟོག་ཆོས་སྐུའོ། །དེ་ཉིད་ཀྱི་དུས་རིག་པ་ཡང་སེམས་རང་གི་ངང་ལ་གནས་ནུས་པ་ཞིག་ལ་འབྱུང་གིས་གཞན་ལ་མ་ཡིན་ནོ། །དེས་ན་དགོངས་པ་ལུང་སྟོན་ལས། དང་པོའི་སེམས་ནི་ཞི་གནས་ཏེ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །མཐོང་བས་ལྷག་མཐོང་ཞེས་བྱའོ། །ཞེས་གསུངས་པས། འདིར་བསྟན་གྱི་ཞི་ལྷག་དེ་ལ་བྱེད་དོ། །དེས་ན་སྒང་དྲིལ་བའི་ཉམས་ལེན་གྱི་རྩ་བ་དེ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ངོས་ཟིན་ཡུལ་དང་འཛིན་བྱེད་ཀྱི་ཤེས་པ་གཉིས་མེད་པས་མཉམ་པ་ཉིད། ཆུ་ཐོག་ཏུ་ཆུ་བླུགས་པ་ལྟ་བུ། རྟོག་པ་མི་འཕྲོན་མ་བཅོས་པ་ལམ་ཡེངས་པ་དེ་སྐྱོང་འཕྲོན་རྟོག་པ་གཉིས་སུ་བརྒྱུད་མི་འཇུག་པར་ཤར་བའི་དུས་དེ་ཉིད་དུ་ངོས་ཟིན་པར་བྱའོ། །གཉིས་པ་ཉོན་མོངས་པ་ལམ་དུ་འཁྱེར་བ་དུག་བདུད་རྩིར་བསྒྱུར་བ་ལའང་གསུམ་གྱི་དང་པོ་འདུན་པ་གཏང་པ་ནི། ཉོན་མོངས་པ་སྐྱེས་ཤིག །སྦུགས་ཤིག །ཉོན་མོངས་པའི་དབང་དུ་སོང་ཞིག་སྙམ་པ་ཐུན་མོང་མ་ཡིན་པ་བྱའོ། །གཉིས་པ་དངོས་གཞི་སྟོང་ཉིད་ལ་གཞག་པ་ནི། རྩ་བ་དང་ཉེ་བའི་ཉོན་མོངས་པ་བསྡུ་ན་ཉོན་མོངས་པ་ལྔར་གཞག་པ་སྟེ། ཉོན་མོངས་པ་གཏི་མུག་ལྟ་བུ་ལ། གཉིད་ཀྱི་དུས་གཉིད་ཀྱི་ཐོག་ཏུ། ཡེངས་མེད་དུ་གཞག་པས་གཉིད་ཀྱི་ཐིམ་རིམ་རང་གྲོལ། གཞིའི་འོད་གསལ་ངོ་ཤེས་པར་འགྱུར་བ་ཉམས་སུ་ལེན་རྒྱུ་ཡིན། དེས་ན། སྔར་གོམས་པ་ལ་སེམས་གཞག་སྟེ། འོད་གསལ་བར་ནི་འཇུག་པར་བྱ། །ཞེས་གསུངས། ཉོན་མོངས་པ་འདོད་ཆགས་ལྟ་བུ་ལ་ཆགས་པ་རིགས་བཅུའི་ཐ་མ་བརྒྱལ་བའི་དུས། ཆགས་པ་དང་ངོ་ཤེས་པ་ལ་བརྒྱལ་བ་མེད། དེ་ཀ་བདེ་བ་ཆེན་པོ་རང་
༡༡༩ རིག་པ་ཞེས་བྱའོ། །ཞེ་སྡང་ལྟ་བུ་ལ་ཞེ་སྡང་གི་དུས་ཞེ་སྡང་རང་ངོ་ཤེས་པས་གསལ་ཆ་ཆེ། དེས་མངོན་སྤྱོད་ལྟ་བུ་ལ་བསྒྲལ་བ་དང་འདྲེན་པ་གཉིས་ཀ་ནུས་པ་ཡིན་ནོ། །དེས་མཚོན་ན་སང་རྒྱལ་ཕྲག་དོག་ལའང་འགྲེའོ། གསུམ་པ་ནི། །དེ་ལྟར་ཉོན་མོངས་པ་རང་སྟོང་ཙམ་ཉིད་ཀྱི་དུས་རང་གྲོལ་བས་ཉོན་མོངས་ཡེ་ཤེས་ཞེས་བྱའོ། །གསུམ་པ་ལྷ་འདྲེ་ལམ་དུ་འཁྱེར་བ་བར་ཆད་དངོས་གྲུབ་ཏུ་སྡུད་པའི་གདམས་ངག་ལ་གསུམ་ལས། དང་པོ་ནི། གནས་རི་ཁྲོད་དམ། གསང་སྤྱོད་ཀྱི་གནས་སམ། མདོར་ན་འཇིགས་ཤིང་སྐྱི་གཡའ་བ་གང་དུ་འགྲོ་བའམ་སྡོད་པ་ལྟ་བུ་ལ། བར་ཆད་བྱུང་དོགས་མི་བྱ་བར་བྱུང་ན་དགའ་བའི་འདུན་པ་གཏང་སྟེ། བར་ཆད་དངོས་གྲུབ་ཀྱི་སྣ་འདྲེན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གནས་དེ་དག་ཏུ་ལྷ་འདྲེའི་ཆོ་འཕྲུལ་བར་ཆད་ཀྱི་ལྷོངས་བྱུང་ནས་འཇིགས་ན་ལུས་འཇིགས་སམ་སེམས་འཇིགས། ལུས་འཇིགས་ན་ལུས་དེ་སེམས་ཅན་ཐམས་ཅད་ཀྱི་གླུད་དུ་དམིགས་ནས་ལྷ་འདྲེ་རྣམས་ལ་སྦྱིན་པར་གཏང་། སེམས་སྟོང་པ་ཉིད་ཡིན་པས་སུས་ཀྱང་གནོད་པ་བྱེད་མི་ནུས། ད་རུང་འཇིགས་ཀྱིན་འདུག་ན་འཇིགས་མཁན་དེ་རང་གིས་བཟོས་པ་ཡིན་པས། མཁན་པོ་རང་གི་ངོ་བོ་ལ་རྩ་གདར་བཅད་པས་རང་གྲོལ། འཇིགས་སྣང་དགེ་སྦྱོར་གྱི་བསྐུལ་མང་འགྱུར་བ་ཡིན་ནོ། །གསུམ་པ་ནི། ལྷ་འདྲེ་ལ་ལྷ་འདྲེར་བལྟས་ན་ལྟ་བ་དེའི་སྐྱོན་གྱིས་ཚེ་སྲོག་ལ་བར་ཆད་འབྱུང་། ལྷ་འདྲེར་འཛིན་པ་ངོ་ཤེས་ན་བདུད་རིགས་ཆོས་སྐྱོང་དུ་འཆར་བས། བར་ཆད་དངོས་གྲུབ་ཏུ་འདུ་བ་ཡིན་ནོ། །བཞི་པ་སྡུག་བསྔལ་ལམ་དུ་འཁྱེར་བ་བྱང་ཆུབ་སེམས་ཀྱི་གདམས་ངག་ལ་གསུམ་ལས། དང་པོ་ནི། སྡུག་བསྔལ་ལ་སྐྱོན་དུ་མི་བལྟ་སྟེ། །འཁོར་བར་འཁྱམས་ན་སྡུག་བསྔལ་འབྱུང་བ་ལས་འོས་མེད་བསམ་པ་དང་། དེ་ཡང་ཚེ་རབས་སྔ་མ་རྣམས་
༡༢༠ སུ་མི་དགེ་བ་སྤྱད་པས་ད་རེས་རྣམ་པར་སྨིན་པ་ཡིན། ད་རེས་སྡིག་པ་འཛད་པས་དགའ་བ་ཡིན་ནོ་བསམ། དེས་ན་བྱུང་ན་དགའ་བར་བྱའོ། །གཉིས་པ་ལ་རྣམ་པ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་སེམས་སུ་བློ་སྦྱོང་བ་དང་། དོན་དམ་བྱང་ཆུབ་སེམས་སུ་བློ་སྦྱོང་བའོ། །དང་པོ་ནི། ལུས་སོགས་ལ་སྡུག་བསྔལ་གང་བྱུང་བ་དེ་ལྟ་བུའི་མནར་བའི་སེམས་ཅན་དུ་མ་ཡོད་པས། དེ་ཐམས་ཅད་ཀྱི་སྡུག་བསྔལ་འདི་ལ་འདུས་ནས་དེ་དག་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །དེ་ཐམས་ཅད་ཀྱིས་ཇི་ཙམ་འཁུར་དགོས་པ་དེ་སྲིད་བདག་གིས་འཁུར་བར་བྱའོ་སྙམ་པས་སོ། །གཉིས་པ་ནི། སྡུག་ན་སྡུག་པ་དེའི་ངོ་བོ་ལ་བལྟས་པས། སྡུག་པ་དེ་གྲུབ་མ་མྱོང་བའི་གནད་ཀྱིས་རང་དག་ལ་མི་འགྲོག་མེད། སྡུག་བསྔལ་དག་པ་ལས་བདེ་བ་གཞན་མེད་པས། སྡུག་བསྔལ་བདེ་བར་འཁྱེར་བ་ཞེས་བྱའོ། །གསུམ་པ་ནི། སྡུག་བསྔལ་དེ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སུ་སོང་བའི་མཐར་ལམ་སྦྱོང་བའི་ཐབས་མཆོག་ཏུ་འགྱུར་རོ། །ལྔ་པ་ན་ཚ་ལམ་དུ་འཁྱེར་བ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་ལ་གསུམ་ལས། དང་པོ་ནི། ནད་སྒྲིབ་པའི་ཕྱགས་ཤིང་། རྐྱེན་ངན་དགེ་བའི་བཤེས་གཉེན། ཟུག་རྔུ་སྒྲིབ་པའི་འཁྲུད་མ་ཡིན་པས་བྱུང་ན་དགའ་བ་བསྒོམ། གཉིས་པ་ནི། ནད་བྱུང་བའི་དུས་སུ་སེམས་ཅན་དེ་ལྟ་བུས་ན་བ་ཐམས་ཅད་ཀྱི་ནད་འདི་ལ་འདུས་ཤིག །དེ་དག་བདེ་བ་དང་ལྡན་པར་གྱུར་ཅིག །དེ་ཐམས་ཅད་ཀྱིས་ཇི་ཙམ་འཁུར་དགོས་པ་དེ་ཙམ་དུ་བདག་གིས་འཁུར་བར་བགྱིའོ་སྙམ་པས་སྤང་བློ་མ་ཞུགས་པར་བྱའོ། །འདི་ལ་སྙིང་རྗེའི་ཟློག་སྒོམ། དེ་ནས་ནད་དང་། ན་བ་དང་། ན་མཁན་གྱི་མཁན་པོ་རྩད་བཅད་བས་དམིགས་སུ་མེད་དེ། ཅི་ཡང་མ་གྲུབ་བ་དེ་ལ་གཡོ་མེད་དུ་གཞག །འདི་ལ་སྟོང་ཉིད་ཀྱི་ཟློག་སྒོམ་ཟེར། ཡང་ལྡང་ན་སྔར་བཞིན་
༡༢༡ གྱི་སྙིང་རྗེའི་ཟློག་སྒོམ་དང་། སྟོང་ཉིད་ཀྱི་ཟློག་སྒོམ་སྤེལ་མར་བསྒོམ་མོ། །གསུམ་པ་ནི། ནད་འདིའི་རྒྱུ་ཉོན་མོངས་པ་ཡིན་པས། ཉོན་མོངས་པ་ལམ་དུ་འཁྱེར་བའི་རྒྱུ་ཆོས་སོ། །རྐྱེན་རྣམ་པར་རྟོག་པ་ཡིན་པས་རྣམ་རྟོག་ཉོན་མོངས། ལྷ་འདྲེ་ལམ་དུ་འཁྱེར་བས་རྐྱེན་པས་ལ། འབྲས་བུ་ནད་དུཿཁ་ཡིན་པས་རོ་སྙོམས་རྣམ་པ་གཉིས་ཀྱི་རྩལ་སྦྱངས་པས་ནང་འཇོམས། རྟོགས་ལྡན་མགོན་ཡེས་ཀྱིས། དེ་ཤི་དང་དོ་ཆད་བཅུ་གསུམ་ལས། །རྣལ་འབྱོར་ཤེས་པའི་གདིང་ཆེན་རྙེད། །དྲིན་ཅན་གྱི་འགལ་རྐྱེན་རིན་པོ་ཆེ། །དེ་མཐུན་རྐྱེན་བརྒྱ་ཡི་དོ་ཟླ་མིན། ཞེས་གསུངས་སོ། །དྲུག་པ་འཆི་བ་ལམ་དུ་འཁྱེར་བ་མ་བུ་ངོ་སྤྲོད་ཀྱི་གདམས་ངག་ལ་གསུམ་ལས། དང་པོ་ནི། འཆི་བར་ཤེས་ན་དེ་ལ་སྐྱོན་དུ་མི་བལྟ་སྟེ། འཆི་བ་ལས་ཆོས་སྐུ་མངོན་དུ་བྱའོ་སྙམ་པས་སོ། །གཉིས་པ་ནི། ཕྲ་བའི་འཆི་བ་དང་། རགས་པའི་འཆི་བ་ལམ་ཁྱེར་གཉིས་ལས། ཕྲ་བ་ནི་སྐད་ཅིག་མའི་སྐྱེ་འགགས་ཏེ། སྐད་ཅིག་སྔ་མ་འགགས་པ་དེ་ཀ་འཆི་བ་ཕྱི་མ་སྐྱེ་བ་ཡིན་པས། གང་ཤར་གྱི་རྣམ་རྟོག་དེའི་དུས་སུ་ངོ་འཕྲོད་ན། དེ་ཉིད་ཀྱི་མཚམས་སུ་འོད་གསལ་ལ་འཆར་བ་དེ་ངོས་ཟིན། དེ་ཀ་མ་བུ་འཕྲོད་པ་ཡིན་པས། རྗེ་བཙུན་གྱིས། རྣམ་རྟོག་སྔ་ཕྱིའི་སོ་མཚམས་སུ། །ཡེ་ཤེས་རྒྱན་དུ་འཆར་ཏེ་བྲོད། །ཅེས་གསུངས། རགས་པའི་འཆི་བ་ནི། འཆི་བའི་སྲིད་པ་ཐིམ་རིམ་གྱི་མཐར་ཕྱི་དབུགས་ཆད་ནང་དབུགས་གནས་པའི་སྐད་ཅིག་བཞི་པར་འོད་གསལ་འཆར་ལ། དེ་ལ་དེས་ཐིམ་རིམ་ངོས་བཟུང་ནས་དག་པས་གཞིའི་འོད་གསལ་ངོས་ཟིན་དེས་བག་ཆགས་ཐམས་ཅད་སྦྱངས་པས་སངས་རྒྱས་དེ་འགྲོ་བ་ཡིན་ནོ། །གསུམ་པ་ནི། འཆི་ཁའི་འོད་གསལ་ངོས་ཟིན་པས་ན་འཆི་བ་དམིགས་སུ་མེད་པས། འཆི་མེད་
༡༢༢ གཉུག་མའི་དོན་ལ་འབྱོར་པ་ལ་བྱེད་པ་ཡིན་ནོ། །དེ་ལྟར་སྐོར་དྲུག་ཏུ་ཕྱེ་བ་ཁྲིད་ཀྱི་དུས་ཡིན། ཉམས་སུ་ལེན་པའི་དུས་སུ་བླ་མ་རང་སེམས་བསྲེས་ནས་མཉམ་གཞག་སྐྱོང་། དེའི་དུས་རྣམ་རྟོག་ནས་འཆི་བའི་བར་གོ་རིམ་བཞིན་འབྱུང་བ་མ་ཡིན། གང་དང་འཕྲད་པའི་དུས་དེ་ལ་རྩལ་སྦྱང་བ་ཡིན་པས། ཉམས་ལེན་ཐུན་གཅིག་མ་ཞེས་བྱའོ། །དེ་ལྟར་སྒང་དྲིལ་གྱི་ཞལ་གདམས་རྒྱལ་རྩེ་ཀླུ་དབང་ཚལ་དུ་སྡེ་པ་མི་འགྱུར་རབ་ཏུ་བརྟན་པས་དགོས་ཞེས་བསྐུལ་བ་ལྟར། དགེ་སློང་པདྨ་དཀར་པོས་སྦྱར་བའོ།། །།མངྒ་ལམ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་བདུད་ཀྱི་གཅོད་ཡུལ་ལས་ཉིང་ཚོམ་བཞུགས།

༡༡༦

༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་བདུད་ཀྱི་གཅོད་ཡུལ་ལས་ཉིང་ཚོམ་བཞུགས། ༈ རྒྱལ་བ་ཀུན་གྱི་ཡུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་འགྲོལ་བའི་སྤྲུལ་པའི་སྐུ་མ་ཇོ་མོ་ལབ་ཀྱི་སྒྲོལ་མས་གསུངས་པ་འདི་ལ་དོན་རྣམ་པ་ལྔ་སྟེ། སྔོན་དུ་འགྲོ་བའི་གདམས་ངག་དང་། །སེམས་ངོས་བཟུང་བའི་གདམས་ངག་དང་། བྱིན་རླབས་ལུས་སེམས་ཕྲལ་བའི་གདམས་ངག་དང་། །སྒོམ་པ་གནས་ལུགས་ལ་བཞག་པ་དང་། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བ་དང་ལྔའོ། །དང་པོ་ལ་བཅུ་སྟེ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། སྡོམ་པ་བཟུང་བ་དང་། གསོལ་བ་གདབ་པ་དང་། ཕྱག་འཚལ་བ་དང་། མཆོད་པ་རྒྱ་ཆེན་པོ་འབུལ་བ་དང་། ཁྱད་པར་གྱི་སྐྱབས་འགྲོ་སྨོན་ལམ་དང་བཅས་པ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའོ། །གཉིས་པ་སེམས་ངོས་བཟུང་བ་ནི། དེའང་ཚེ་འཁོར་བ་ཐོག་མ་མེད་པ་ནས། དུས་ད་ལྟ་ཡན་ཆད་དུ་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་པ་འདི་ཅི་ལས་བྱུང་ན། རང་གིས་རང་ངོ་མ་ཤེས། བླ་མའི་གདམས་ངག་གིས་མ་ཟིན། རང་བརྩོན་འགྲུས་ཀྱི་འབད་རྩོལ་ཆུང་བ་དང་གསུམ་ལས་བྱུང་བ་ཡིན་ནོ། །ད་ཕན་ཆད་ཀྱང་ཤེས་རིག་ཡན་པར་བཏང་ནས་བླ་མའི་གདམས་ངག་ལ་ནན་ཏན་མ་བྱས་ན། འཁོར་བའི་སྡུག་བསྔལ་ཆེན་པོ་ལས་མི་ཐར་བས། རང་དད་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ལ། དད་པ་དང་བརྩོན་འགྲུས་ཀྱིས་བསྐུལ་ནས། བཏང་སྙོམས་དང་ལེ་ལོའ་དབང་དུ་སྐད་ཅིག་ཀྱང་མི་གཏང་བར་བླ་མ་དམ་པའི་གདམས་ངག་དང་། རྒྱལ་བའི་ལུང་ཟབ་མོ་ཀུན་ཐོས་ཤིང་ཁོང་དུ་ཆུད་པར་བྱས་ནས་ཉམས་སུ་ལེན་དགོས། ཉམས་སུ་ལེན་པ་ལ་བྱང་ཆུབ་ཀྱི་

༡༡༧

སེམས་རིན་པོ་ཆེ་བསྒོམ་དགོས། དེ་ལ་དང་པོ་སེམས་ཇི་ལྟ་བུ་ཞིག་ཡིན་ངོས་ཟིན་དགོས། དེ་ལ་གཉིས་ཏེ། སེམས་ངོས་འཛིན་པ་དང་། བཞག་ཐབས་བསྟན་པའོ། །དེ་ལ་ངོས་བཟུང་བ་ནི། བྱང་ཆུབ་ཀྱི་སེམས་དེ་དང་པོ་རྒྱུ་ལས་མ་བྱུང་། བར་དུ་རྐྱེན་གྱིས་མ་བསྐྱེད། ཐ་མ་སྐྱེ་འཇིག་དང་འཕོ་འགྱུར་མེད་དེ། ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བ། མཚན་ཉིད་འདི་ཡིན་བསྟན་དུ་མེད་པ། རང་བཞིན་གསལ་ཞིང་གསལ་ལ་རྟོག་པ་མེད་པ་དོན་འདུས་མ་བྱས་པ། །དེ་ཉིད་ཁོ་ན་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཡུམ་ཆེན་ལས། སེམས་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ། །ཞེས་པ་དང་། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་སོ། །གཉིས་པ་བཞག་ཐབས་བསྟན་པ་ལ་བདུན་ཏེ། མ་བཅོས་པར་བཞག་པ། མ་བསླད་པར། མ་བསྐྱུར་བར། མ་ཡེངས་པར། རང་ལུགས་སུ། རང་སོར། གཉུག་མར་བཞག་པའོ། །དང་པོ་ནི། རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ནས་གནས་པའི་དོན་ཆོས་ཉིད་ཀྱི་སྟེང་དུ་ཤེས་པ་རང་ལུགས་སུ་ལྷོད་ཀྱིས་གློད་ལ། འབོལ་ལེ། ཤིག་གེ། སིང་ངེ་། གསལ་ལེ། ཡེར་རེ། ཕྱོགས་མེད་དུ་གསལ་ལེ། རིག་མེད་དུ་ཁྱབ་བེ། སིང་ངེ་། ཕྱལ་ལེ། དགའ་ཡལ་ལེ་རྣམ་པར་རྟོག་པ་གང་ལ་ཡང་སེམས་མ་ཤོར་བར་བདེ་སང་ངེ་བ་ལ་འཇོག་པ་ཡིན་ནོ། །གཉིས་པ་རྣམ་རྟོག་གིས་མ་བསླད་པར་བཞག་པ་ནི། རང་གི་སེམས་མ་བཅོས་པའི་ངང་ལ་ཅི་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ཡིན་ཏེ། དགའ་མི་དགའ་དང་། བདེ་སྡུག་དང་། ཚ་གྲང་དང་། བཟའ་བཏུང་དང་། དགྲ་གཉེན་དང་། བདག་གཞན་དང་། འདོད་ཡོན་གྱི་ཞེན་པ་དང་། འཁོར་འདས་གང་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ཡིན། །དེ་ཡང་ཡུམ་ལས། གཟུགས་ཡིད་ལ་མི་བྱེད་པ་ལས་རྣམ་

༡༡༨

པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱེད་པས་འདོད་པའི་ཁམས་སུ་འདྲེ་བར་མི་འགྱུར། གཟུགས་ཀྱི་ཁམས་སུ་འདྲེ་བར་མི་འགྱུར། གཟུགས་མེད་པའི་ཁམས་སུ་འདྲེ་བར་མི་འགྱུར་རོ། །ཞེས་སོ། །གསུམ་པ་དམིགས་པས་མ་བསྒྱུར་པ་བཞག་པ་ནི། རང་གི་སེམས་གང་གིས་ཀྱང་མ་གཡོས་པར་སྙེམས་མེད་དུ་ཁྲེས་སེ་འཇོག་པ་ཡིན། དེ་ཡང་སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །ཞེས་སོ། །བཞི་པ་ཚོགས་དྲུག་གི་ཡུལ་ལ་མ་ཡེངས་པར་འཇོག་པ་ནི། སེམས་བསམ་དུ་མེད་པའི་ངང་ལ་རང་བཞིན་གྱིས་གསལ་བ། དངསདྭངས་པ། བདེ་བ། ཡུལ་བཟང་ངན་གྱི་རྟོག་པ་གང་ལ་ཡང་མ་ཡེངས་པར། ནམ་མཁའ་ལྟ་བུའི་དོན་ལ་རྒྱུན་ཆད་མེད་པར་བཞག་གོ །དེ་ཡང་ཡུམ་ལས། ཆོས་ཐམས་ཅད་ནི་ནམ་མཁའི་རྟེན་ཅན་ཏེ། དེ་དག་རྟེན་དེ་ལས་མི་འདའ་འོ། །ཞེས་སོ། །ལྔ་པ་རང་ལུགས་དེ་བཞིན་ཉིད་དུ་བཞག་བྱ་ནི། སེམས་ཀྱི་དྲན་པ་རྣམ་རྟོག་གང་ལ་ཡང་མ་ཤོར་བ་བདེ། སྟོང་། གསལ་བའི་ངང་ལ་ཤེས་པ་རྟེན་མེད་དུ་འཇོག་པ་ཡིན་ནོ། །དེ་ཡང་ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དོ། །ཞེས་སོ། །དྲུག་པ་འདུ་ཤེས་མི་འཇུག་པར་རང་སོར་འཇུག་པ་ནི། སེམས་ཉིད་ཡེ་ནས་ཆོས་ཉིད་ཇི་བཞིན་པར་གནས་པའི་ངང་ལ་ཧྲིག་གེ་ཡེ་རེ་ཅི་ཡང་ཡིད་ལ་མི་དམིགས་པའི་དོན་ལ་འཇོག་པ་ཡིན་ནོ། །བདུན་པ་གཉུག་མ་ཇི་བཞིན་པར་བཞག་པ་ནི། ཆོས་ཉིད་ཡེ་ནས་གནས་པ་ཆོས་ཀྱི་དབྱིངས་དེ་ལ་བློ་གྱ་གྱུར་མེད་པས་ཁྱབ་བདལ་ཆེན་པོའ་ངང་ལ་རྩོལ་སྒྲུབ་མེད་པར་རང་ལུགས་སུ་ལྷན་ནེ་འཇོག་པ་ཡིན་ནོ། །དེ་ཡང་སྡུད་པ་ལས། །འདི་ནི་ནམ་མཁའི་ཁམས་དང་དབྱེར་མེད་བཅད་དུ་མེད། །ཅེས་སོ། །དེ་ལྟར་སེམས་ངོས་ཟིན་པའི་ངང་ལ་འཇོག་ཤེས་ན། །ཡོན་ཏན་གྱི་རྩལ། ཉམས་

༡༡༩

དང་དྲོད་རྟགས་ལ་སོགས་པ་ཤུགས་ལ་འབྱུང་ངོ་། །གསུམ་པ་བྱིན་བརླབས་ལུས་སེམས་དང་ཕྲལ་བའི་གདམས་ངག་ནི། དང་པོ་སྐྱབས་འགྲོ་སེམས་བསྐྱེད། མཆོད་པ་རྒྱ་ཆེན་པོ་འབུལ། བླ་མ་ལ་གསོལ་བ་གདབ། དེ་ནས་ཀག་གིས་ལངས་ལ། རྐང་པ་གཉིས་གཤིབ་སྟེ་ལག་པ་གཉིས་ཐལ་མོ་སྦྱར་ནས། ལུས་ཀྲིམ་གྱིས་བསྒྲིམ་ཏེ། ཤེས་པ་གཞན་དུ་ཡེངས་སུ་མི་གཞུག་པར། ལུས་སེམས་ལ་གཞིག་འབྲེལ་འདི་ལྟར་བཏང་སྟེ། ལུས་འདི་གཟུགས་ལྦུ་བ་ལྟ་བུ་ཚོར་བ་སྒྱུ་མ་ལྟ་བུ། འདུ་ཤེས་ཆུ་ཟླ་ལྟ་བུ། འདུ་བྱེད་སྨྲིགསྨིག་སྒྱུ་ལྟ་བུ། རྣམ་པར་ཤེས་པ་རྒུ་ཤིང་ལྟ་བུ། མི་རྟག་པ། སྡུག་བསྔལ་པབ། མི་གཙང་བ། ཆུ་སེར་རྣག་ཁྲག་གི་རྐྱལ་པབ། རུས་པའི་དུམ་བུ། རྩ་དང་ཆུ་རྒྱུས་ཀྱི་དྲྭ་བ་ལྟ་བུ་ལ་སོགས་པ་མི་རྟག་འགྱུར་བའི་མཚན་ཉིད་མ་གཏོགས་པ་ལས། བརྟན་ཞིང་ཐེར་ཟུག་པ། ཡིད་བརྟན་དུ་རུང་བ་གང་ཡང་མི་འདུག །སེམས་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཆོས་ཉིད་འོད་གསལ་བར་འདུག་པས། །ལུས་སེམས་ཕྲལ་ལ་སྐྱེ་བ་མེད་པའི་ངང་དུ་བཞག་དགོས་སྙམ་དུ་བསམ་ལ། རང་གི་སེམས་འདི་རྐང་མཐིལ་གཉིས་སུ་ཐིག་ལེ་ལ་ཧྲིལ་བསྡུས་ལ། དེ་ནས་མས་ཡར་ཧྲིལ་ལི་ལི་དྲངས་ལ། ལྟེ་བར་དར་གཅིག་བཟུང་། དེ་ནས་སྙིང་གར་དྲངས། །དེ་ནས་ལྕེ་སྟེང་དུ་དྲངས་ལ་དར་གཅིག་བཟུང་། དེ་ནས་སྤྱི་བོ་ཚངས་པའི་བུ་ག་ཕྱེ་བའི་ནང་ན་ཡར་རླུང་སེམས་འདྲེས་པ་དེ། མདའ་རྒྱངས་གང་ཙམ་དུ་རྒྱང་འཕགས་ལ་ནམ་མཁའི་མཐོངས་སུ་ཕྱལ་གྱིས་བཏང་། ཞེན་མེད་དུ་བཏང་། ཡན་པར་ཐོང་ཐོངས། ལྷུག་པར་ཐོང་ཐོངས། རང་དགར་ཁྱབ་བདལ་དུ་སྟོང་སང་། རིག་པ་ཐོད་རྒལ་རྟེན་མེད་དུ་ཐོང་ཐོངས། འབྲེལ་མེད་དུ་ཐོང་ཐོངས། ཤེས་པ་བདེ་ཕྲིལ་ཕྲིལ་བཤིག །དགའ་ཡལ་ཡལ། བག་དྲོ་འུར་འུར། ནམ་མཁའ་དང་ཤེས་པ་ཀྲུག་

༡༢༠

འདྲྭེས་པའི་ངང་ལ་རིག་པ་སྟོང་སང་ངེ་། ཤེས་པ་གསལ་སེང་ངེ་བཞག་གོ །དེ་ལྟར་བཞག་པས་རིག་པ་ཟིན་པའི་རྟགས་སུ། འཕར་བ་དང་། འདར་བ་དང་། དངང་པབ་དང་། རྒོད་པ་དང་། འཕྱོང་བ་དང་། འདྲོག་པ་དང་། །སྐད་སྣ་ཚོགས་འདོན་ཞིང་བླ་མའི་དྲུང་དུ་ཅི་མཉེས་འབྱུང་སྟེ་ཉམས་སྐྱེས་པའོ། །ཉམས་སྐྱེས་ན་སྤྱོད་ལམ་རྣམ་བཞི་གང་ལ་ཡང་དེ་ཉིད་ངང་ལ་རྒྱུན་དུ་འཇོག་པ་ཡིན་ནོ། །དེ་ཉིད་ཆོས་ཉིད་དུ་ཐག་ཆོད་པ་ལྟ་བའོ། །དེའི་ངང་ལ་མ་ཡེངས་པ་བསྒོམ་པའོ། །དེའི་ངང་ལས་ཐམས་ཅད་ཆོས་ཉིད་དུ་འཁྱེར་ཤེས་པ་སྤྱོད་པའོ། །ཆོས་ཐམས་ཅད་གཅིག་ཏུ་རྟོགས་ཤིང་མཉམ་པར་གྱུར་པ་འབྲས་བུའོ། །དེ་ལྟར་ལུས་ལ་ན་ཚ་དང་སྡུག་བསྔལ་ཆགས་སེམས་གང་བྱུང་ཡང་དེ་ལྟར་ལམ་དུ་འཁྱེར་ཤེས་པར་བྱའོ། །བཞི་པ་སྒོམ་པ་གནས་ལུགས་ལ་བཞག་པ་ནི། དང་པོ་བླ་མའི་གདམས་ངག་ཐོབ་ཅིང་བྱིན་རླབས་ཞུགས་པར་བྱས་ནས། བསྒོམ་པའི་གནས་ནི། དུར་ཁྲོད་དམ། ནགས་ཚལ་ཆེན་པོའམ། འཆད་གསེབ་བམ། ཤིང་གཅིག་གམ། རེ་རུལ་ལམ། ལྷ་ཁང་རྙིང་པའམ། མཚོ་དབུས་སམ། གངས་སམ། ལྷ་འདྲེ་ཆེ་བའི་སར་ཕྱིན་ནས། བསྒོམ་པ་ནི། ཤེས་པ་སྔར་གྱི་བསྒྲིམ་པ་དེ་ལྷོད་ཀྱིས་གློད་ལ། ཅོག་གིས་བཞག་གོ །དེ་ཡང་མ་ཇོ་མོའ་ཞལ་ནས། ཀྲིམ་གྱིས་བསྒྲིམ་ལ་ལྷོད་ཀྱིས་གློད། ཤིགས་ཀྱིས་བཤིགས་ལ་ཕྱལ་གྱིས་ཐོང་། ལྷུགས་ཀྱིས་ཀླུག་ལ་ཅོག་གིས་ཞོག །བསྒོམ་པའི་བཞག་ས་དེ་ན་ཡོད། །ཅེས་གསུངས་པས། ལུས་ལ་ལུས་སུ་མི་བཟུང་བར་སོག་ཕོན་ཐག་པ་ཆད་པ་ལྟར། འབོལ་ལེ། ཤིག་གེ །རེ་དོགས་མེད་པར་བཞག །སེམས་རང་ལུགས་སུ་ཉམ་ང་དང་བག་ཚ་བ་མེད་པར་བཞག་གོ །ཚོགས་དྲུག་གི་ངང་ལ་ཇི་ལྟར་སྣང་ཡང་སྙེམ་མེད་རྟོག་པ་མེད་པར་བཞག་གོ །ཡིད་

༡༢༡

གཉིས་ཐེ་ཚོམ་མེད་པར་བཞག །ཤེས་པ་བདེ་ལྷན་ནེ། གསལ་སིང་ངེ་འཇོག་པ་ཡིན་ནོ། །དེ་ལྟར་བཞག་པའི་བྱིན་རླབས་ཀྱིས། ལྷ་འདྲེ་གདུག་པ་ཅན་མ་བཟོད་པར་ཆོ་འཕྲུལ་སྣ་ཚོགས་འབྱུང་སྟེ། དེ་ལྟར་བྱུང་ན་སེམས་ཟིན་ནས་བྱིན་བརླབས་ཡོད་པའི་རྟགས་ཡིན་ནོ། །གལ་ཏེ་ཆོ་འཕྲུལ་བྱུང་བ་ལ། །འདར་ཡེད་བྱུང་ན་སེམས་ཡེངས་བའི་རྟགས་ཡིན་པས། དེ་མ་ཐག་ཏུ་ལུས་ལྷ་འདྲེ་ལ་ལྟོས་པ་མེད་པར་བྱིན་ལ། །སེམས་ལྷོད་ཀྱིས་ལྷོད་ལ། ཨམ་རྩིར་ཤེས་པ་རྒྱ་བསྐྱེད་ལ་བཞག་གོ །ཉམ་ང་བག་ཚ་མེད་པར་བཞག །སྙེམས་དང་རྟོག་པ་མེད་པར་བཞག །རེ་བ་དང་དོགས་པ་མེད་པར་བཞག་གོ །ཡང་ན་སེམས་ངོས་འཛིན་གྱི་བཞག་ཐབས་བདུན་ཤེས་པར་བྱས་ལ་བཞག་གོ །དེ་ལྟར་བཞག་པས་ཉམས་དགའ་ཡལ། སེམས་བདེ་ལྷོད། །བག་དྲོ་འུར། ཤེས་པ་བདེ་སིང་། བློ་བདེ་འབོལ་གྱིས་འགྲོའོ། །ངེས་པའི་ཤེས་པ་ལྷག་གིས་སྐྱེའོ། །དེ་ཙམ་ན་བདུད་ཆོས་ཉིད་དུ་ཆོད། །རྣམ་རྟོག་ཡེ་ཤེས་སུ་འཆར། དུག་ལྔ་སྨན་དུ་འགྱུར། ལྟས་ངན་གཡང་དུ་ལེན་པ་ཞེས་བྱའོ། །ཡང་བསྒོམ་པའི་དུས་སུ་ཉམ་ང་དང་བག་ཚ་མེད་པར་ཆོས་ཉིད་ཀྱི་ངང་ལ་བཞག་པར། ལྷ་འདྲེའི་ཐུག་ཆོམ་དང་། འུར་སྒྲ་དང་། རྡེགས་པ་དང་། འཐེན་པ་དང་། སྡིགས་པ་དང་། །སྐད་སྣ་ཚོགས་འདོན་པ་དང་། གཟུགས་སྣ་ཚོགས་སྟོན་པ་དང་། རི་བསྙིལ་བ་དང་། དེ་ལྟར་ཆོ་འཕྲུལ་སྣ་ཚོགས་སྟོན་པ་འོང་སྟེ། དེ་ཙ་ན་ཆོ་འཕྲུལ་སྣ་ཚོགས་ཇི་ལྟར་སྣང་ཡང་སེམས་ཉིད་རང་སྣང་དུ་ཤེས་པར་བྱའོ། །དེ་ཉིད་དགེ་སྦྱོར་གྱི་བསྐུལ་འདེབས་པ་ཡིན་པས། ལུས་ལ་ལུས་སུ་མི་བཟུང་། ལྷ་ལ་ལྷར་མི་བཟུང་། ཆོ་འཕྲུལ་ལ་ཆོ་འཕྲུལ་དུ་མི་བཟུང་། དོན་ཆོས་ཉིད་ལ་ཤེས་པ་གཏད་ལ་ཉམ་ང་བ་དང་བག་ཚ་མེད་པ། སྙེམས་དང་རྟོག་པ་མེད་པར་སེམས་རང་ལུགས་སུ་ཤིག་

༡༢༢

བཤིགས་ལ། བློ་བདེ་འབོལ་ལེ། ཤིག་གེ །ས་ལེ། སིང་ངེ་བ་ལས་ཡིད་རྟེན་མེད། འབྲེལ་མེད། སྐྱོད་ལ་མ་གཡས་མེད་དེས་མེད་དུ་ལྷོད་དེ་བཞག་གོ །དེ་ལྟར་བཞག་པས་ཉམས་དང་རྟོགས་པ་ལྷན་ཅིག་སྐྱེས་པའི་རྟགས་སུ། བློ་བདེ་འབོལ། ཤེས་པ་བདེ་ཕྲིལ། ཉམས་དགའ་ཡལ། ལུས་སེམས་བདེ་སེང་། བག་དྲོ་འུར་སོང་སྟེ། བྲོ་རྡུང་སྙིང་འདོད། གླུ་ལེན་སྙིང་འདོད། དཀྱུ་མེད་དཀྱུ་སྙིང་འདོད། སྔར་མ་བྱས་པའི་སྤྱོད་པ་བྱེད་སྙིང་འདོད། སྔར་འགྲོ་བར་མ་འདོད་པའི་ལྷ་འདྲེ་འོར་ཆེ་སར་འགྲོ་སྙིང་འདོད་པ་བྱུང་ན། ཤེས་པ་མི་འགེགས་པར་ཤུགས་འབྱུང་ལ་གཏོང་བ་ཡིན་ནོ། །རྗེས་ལ་རྣལ་དུ་ལྷན་གྱིས་ཕབ་ལ། ལྷོད་ཀྱིས་ཀློད་ལ་མ་ཡེངས་པར་གོང་བཞིན་འཇོག་པ་ཡིན་ནོ། དེ་ཙམ་ན་འདྲེ་ལྷར་ཆོད་པ་མངོན་ནོ། །ཡང་རང་གི་སྙིང་འབྱིན་པ་དང་། ཁྱོད་ཀྱི་ཆོས་དང་བསྒོམ་འདི་ཚུག་མིན་ཟེར་བ་དང་། ཁྱོད་དུས་འདི་ཙ་ན་འཆི་ཟེར་བ་དང་། དེ་ལ་སོགས་པ་མི་སྙན་པ་སྣ་ཚོགས་བྱུང་ཡང་བདེན་སྙམ་པར་མི་བྱ་བར་ཤེས་པ་འབོལ་ལེ་ཤིག་གེ་བཏང་ལ། ཨ་མ་རྩིར། བློ་རྒྱར་བསྐྱེད་ལ་བཞག་གོ །ཉམ་ང་དང་བག་ཚ་མེད་ཅིང་སྙེམས་དང་རྟོག་པ་མེད་པར་བཞག་གོ །ལོག་ལྟ་ཡང་དག་ཏུ་ཆོད་པའི་དུས་སོ། །ཡང་རྨི་ལམ་དུ་ཆོ་འཕྲུལ་སྣ་ཚོགས་སྟོན་པ་འོང་སྟེ། བྲག་གཡང་གི་ཁ་ནས་རྦབ་ལ་ལ་འདྲིལ་ལ་ཁད་པ་དང་། གཅོང་རོང་དང་། ནགས་འདབ་དང་། མཚོར་ཆུངམཆོངས་པ་དང་། ཆུ་ཆེན་པོ་དང་། མེ་ལྕེ་ཆེན་པོ་དང་། རླུང་ནག་འཚུབ་མ་དང་། རི་ཉིལ་བ་དང་། རྦབ་མང་པོ་དང་། དོང་དུ་བཅུག་པ་དང་། ཤྭ་འུདའོད་ཀྱིས་ཁྱེར་བ་ལ་སོགས་པ་ཆོ་འཕྲུལ་སྣ་ཚོགས་པའོ། །ཡང་མི་མང་པོས་དེད་པ་དང་། མཚོན་ཐོགས་པས་གསོད་པ་དང་། གཅན་ཟན་མང་པོས་རྨུགས་པ་དང་། བྱོལ་སོང་མང་པོས་བརྡུང་བ་དང་། རི་དྭགས་ཀྱི་ཚོགས་མང་པོ་དང་། བྱ་དང་། ཤ་སྦྲང་དང་། ཉ་དང་། སྦལ་ལྕོངས་དང་།

༡༢༣

སྡོམ་དང་། རྩང་པ་དང་། རྟ་དང་། བ་ལང་ལ་སོགས་པས་ལུས་ལ་གནོད་པ་བསྐྱལ་བ་རྨི་ནས། རྨི་ལམ་བཟང་ངན་ཅི་ཡང་འོང་བས་གང་ལའང་རྙོག་པར་མི་བཟུང་སེམས་ཀྱི་འཁྲུལ་སྣང་། སྒོམ་གྱི་བསྐུལ་མར་ཤེས་པར་བྱས་ལ། ཉམ་ང་བ་དང་བག་ཚ་བ་མེད་པར་ཆོས་ཉིད་ཀྱི་ངང་དུ་སྙེམ་མེད་རྟོག་མེད་དུ་ཅི་ཡང་དྲན་པས་མ་བཟུང་བར་ལྷོད་ཀྱིས་གློད་ལ་བཞག །རྨི་ལམ་བཟང་ངན་ཅི་བྱུང་ཡང་། རང་གི་སེམས་ཀྱི་ཆོ་འཕྲུལ། བག་ཆགས་ཀྱི་གཟུགས་བརྙན་ཡིན། ཡང་དག་པར་གང་ལ་ཡང་གྲུབ་པ་མེད་པས་ཇི་ལྟར་ཡང་སེམས་རྟོག་མེད་ཀྱི་ངང་དུ་ཆོ་འཕྲུལ་རང་ཞི་རང་དག་རང་གྲོལ་དུ་བློའི་སྙེམས་ཤིགས་ཀྱིས་བཤེགས་ལ་རིག་པ་སྟོང་གསལ་དུ་བཞག་གོ །དེས་སེམས་བདེ་ལྡན། ཤེས་པ་དགའ་ཡལ། བག་དྲོ་འུར་འགྲོ། དེ་ལྟར་རིག་པ་ནམ་མཁའ་དག་པའི་དཀྱིལ་བཞིན་སྟོང་སངས་ཀྱིས་སོང་བའི་དུས་སུ། སྣང་བ་འཛིན་མེད་དུ་འཆར་བ་ཡིན་ནོ། །རྨི་ལམ་གྱི་རྟོག་པ་ཆོས་ཉིད་དུ་འཆར་བའོ། །ཡང་སྙིང་མི་དགའ་བ་དང་། འགྲོ་འདོད་པ་དང་། །ཚིག་པ་ཟ་བ་དང་། རྣལ་མར་སྡོད་སྙིང་མི་འདོད་པ་དང་། དགེ་སྦྱོར་བྱེད་སྙིང་མི་འདོད་པ་དང་། སེམས་རྟོག་པ་དུ་མ་ལ་འཕྲོ་ཞིང་རང་ལུགས་སུ་མི་གནས་པ་བྱུང་ན། ཤེས་པ་ཡེངས། སེམས་ལ་བདུད་ཞུགས་པ་ཡིན་པས། དེ་ཟློག་པ་ནི། །སེམས་ཉིད་རང་ཡིན་པས་བདུད་ལོག་ན་གྲུབ་པ་མེད་པར་ཤེས་པར་བྱས་ལ། སེམས་གནས་ལུགས་ཀྱི་ངང་ལ་ཤེས་པ་རང་ལུགས་སུ་ལྷན་གྱིས་བཞག །དེ་ལྟར་བཞག་པས་སེམས་རྟོག་མེད་མཉམ་པ་ཉིད་ཀྱི་ངང་དུ་རང་གྲོལ་སོང་ནས་ཤེས་པ་བདེ་སེང་། བག་དྲོ་འུར། ཉམས་དགའ་ཡལ་འགྲོ། །དེའི་དུས་སུ་རྣམ་རྟོག་ཡེ་ཤེས་སུ་འཆར་བའོ། །རང་གི་ཡིད་ལ་འདོད་ཡོན་གྱི་སྣང་བ་དགའ་མི་དགའ་དང་། ལེགས་ཉེས་དང་། བསྟོད་སྨད་དང་། བཟང་ངན་དང་། ཡིན་མིན་དང་། བདེ་

༡༢༤

སྡུག་དང་། དགྲ་གཉེན་དང་། ནོར་རྫས་དང་། བདག་གཞན་དང་། རེ་དོགས་དང་། གཙང་རྨེ་དང་། ཉམ་ང་བག་ཆ་ཇི་བྱུང་ཡང་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱས་ལ། སེམས་རྟེན་མེད་རང་གྲོལ་ཆེན་པོའ་ངང་དུ་ཅོག་བཞག་པས་ཐམས་ཅད་དབྱེར་མེད་དུ་ཁྲོལ་གྱིས་འགྲོ། དེ་ཙམ་ན་གཉིས་སྣང་ཐམས་ཅད་གཉིས་མེད་དུ་ཆོད་པ་འོང་། ཡང་གོང་བཞིན་བསྒོམས་པས་ཡི་དམ་ལྷས་ལུང་སྟོན་པ་དང་། ལྷ་དང་ལྷ་མའི་ཚོགས་ཀྱིས་མཆོད་པ་འབུལ་བ་དང་། འདོད་ཡོན་གྱི་རྣམ་པ་ལེགས་པ་ཐམས་ཅད་སྟོན་པ་དང་། དངོས་དང་རྨི་ལམ་དུ་ཡིད་དུ་འོང་བ་ཐམས་ཅད་སྟོན་པ་དང་། ཉམས་དང་དྲོང་རྟགས་སྣ་ཚོགས་སུ་སྟོན་པ་བྱུང་ཡང་དགའ་བའི་སེམས་མི་བྱ་བར་ཐམས་ཅད་ཆོས་ཉིད་ཀྱི་རོལ་བར་ཤེས་པར་བྱ། །ཉམས་སུ་ལེན་པ་ལ་ཡོན་ཏན་གྱི་སྐུ་ལ་འདེབས་ཙམ་དུ་ཤེས་པར་བྱས་ལ། ཆོས་ཉིད་གསལ་བ་ཆེན་པོར་བློ་རྒྱ་བསྐྱེད་ནས། རིག་པ་སྟོང་གསལ་གྱི་ངང་དུ་སེམས་མ་གཡོས་པར་སལ་ལེ་སིང་དེ་བཞག་གོ །དེས་ཉམས་ལ་བོགབོགས་ཐོན་ནས་བདེ་སྟོང་གི་ངང་ལ་རིག་པ་རྩ་བྲལ་དུ་གནས་པ་དང་། དེ་ཙ་ན་དགའ་བྲོད་ཀྱི་བདུད་སྐྱེ་མེད་དུ་ཆོད་པའོ། །ཡང་རིགས་དྲུག་གི་སྣང་བ་སྣ་ཚོགས་ལ་མཐོ་རིས་གསུམ་བདེ་སྡུག་གི་ཆོ་འཕྲུལ་སྣ་ཚོགས་པ་དང་། ངན་སོང་གསུམ་གྱི་དུཿཁའི་ཆོ་འཕྲུལ་སྣ་ཚོགས་སུ་སྣང་བའི་ཚེ་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱས་ལ། ཡེ་གདོད་མ་ནས་མ་བྱུང་། མ་སྐྱེས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་བར་ཤེས་པར་བྱས་ལ། ཉམ་ང་དང་། བག་ཚ་དང་། སྙེམས་དང་། རྟོག་པ་མེད་པར་སེམས་རང་ལུགས་སུ་རྣལ་མའི་སྟེང་དུ་བཞག་པས། །ཤེས་པ་བདེ་སྟོང་གསལ་བའི་རང་བཞིན་དུ་གནས་པའི་ཚེ་ཉོན་མོངས་པའི་བདུད་རང་གྲོལ་དུ་ཆོད་དོ། །དེ་ཡང་ཡུམ་ཆེན་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་པབ་དང་། ཀློག་

༡༢༥

པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི། དམ་གྲོག་ན་འདུག་གམ། གཡང་ས་དང་། བྱ་སྐྱིབས་དང་། གཅོང་རོང་དུ་འདུག་ཀྱང་རུང་སྟེ། བདུད་ཀྱི་ཕྱོགས་ལ་ཉམ་ང་བ་དང་བག་ཚ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྙེམས་མེད་པའི་ཕྱིར་རོ། ཞེས་པ་དང་། ཡང་ཕྱི་སྟོང་པ་ཉིད་མི་དམིགས་པའི་ཚུལ་དུ་བསྒོམ་པར་བྱའོ། །ཞེས་སོ། །དེ་ལྟར་སྣང་བ་མ་འགག་པའི་ཆ་ནས་བདེ་སྡུག་དང་ཆོ་འཕྲུལ་ཅི་བྱུང་བ་ཐམས་ཅད་ལ། ཉམ་ང་བ་དང་བག་ཚ་བ་མེད་པར་བསྒོམ་པ་གནས་ལུགས་ལ་བཞག་ནས་ཉམས་སུ་བླངས་པས། སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་གྲོགས་དང་རྩལ་དུ་འཆར་བའོ། །གལ་ཏེ་བསྒོམས་པས་སྐྱོན་བྱུང་ན། སྒོམ་གྱི་སྐྱོན་བྱིང་རྒོད་གཉིས་ཡིན་ཏེ། དེའང་བྱིང་བ་ནི། འབྱུང་བའི་བྱིང་རྟགས། བར་ཆད་ཀྱི་བྱིང་རྟགས་སོ། དེ་ལ་འབྱུང་པའི་བྱིང་རྟགས། ལུས་ལྕི་ལ་ཤེས་པ་མི་གསལ་ན་སའི་བྱིང་རྟགས་ཡིན། ཤེས་པ་མི་གསལ་ལ་གྲང་ཤུམ་བྱེད་ན་ཆུའི་བྱིང་རྟགས་ཡིན། ཤེས་པ་མི་གསལ་ལ་རྔམ་ཞིང་འགྲོ་འདོད་ན་རླུང་གི་བྱིང་རྟགས་ཡིན། སེམས་ཉོག་ལ་མ་གོ་ན། དྲོད་ཆེ་རྡུལ་བྱུང་ན་མེ་ཡི་བྱིང་རྟགས་ཡིན། དེ་ལྟར་འབྱུང་བ་བཞི་གང་གིས་བྱིང་ཡང་། ཀོག་གིས་ལངས་ལ། ལུས་བསྲང་། རྐང་པ་གཤིབ། ལག་པ་སྤྱི་བོར་ཐལ་མོ་སྦྱར་ཏེ། ཕྱི་ལུས་ཀྱི་འབྱུང་བ་བཞི་ནང་གི་འབྱུང་བ་བཞི་ལ་བསྟིམ། ཕྱི་ནང་གི་འབྱུང་བ་བཞི་གཉིས་སུ་མེད་པར་བསྟིམ། སེམས་ནམ་མཁའ་ལ་ཕྱད་ཀྱིས་བཏང་ལ། ཤེས་པ་རྟེན་མེད་རིག་པ་ཡུལ་མེད། རྟོག་མེད་རང་གསལ་ཆེན་པོའ་ཀློང་དུ་གསལ་སིང་ངེ་བཞག་པས་བྱིང་བ་སངས་ཀྱིས་འགྲོ་བ་ཡིན། དེ་ཡང་ཡུམ་ལས། ས་ནི་ཆུ་ལ་མེད་ཅིང་མི་དམིགས་སོ། །ས་ནི་གཟུགས་ཀྱི་ནང་ན་མེད་ཅིང་མི་དམིགས་སོ། །ས་ནི་གཟུགས་ཀྱི་བར་ན་མེད་ཅིང་མི་དམིགས་སོ། །ཞེས་པ་དང་། ཡང་། ཆོས་ཉིད་ནི་སེམས་ལ་གནས་སོ། །

༡༢༦

ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །སེམས་ཉིད་ནི་ནམ་མཁའ་ལ་གནས་སོ། །ཞེས་པ་དང་། ནམ་མཁའ་རྣམ་པར་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཞེས་སོ། །དེ་ལྟར་བྱིང་བ་ལས་བསལ་ནས་ཤེས་པ་རང་ལུགས་སུ་ཕབ་ལ་ལྷན་གྱིས་བཞག་གོ །གཉིས་པ་ཡི་དྭགས་ཀྱི་བྱིངས་རྟགས་ནི། །གཉིད་ཆེ། ཤེས་པ་ཉོག །ཡང་ན་སྙིང་མི་དགའ་སེམས་རང་བཞིན་དུ་མི་གནས། དབུགས་རྔམས་པ་འབྱུང་ངོ་། །དེ་ལ་བླ་མ་ལ་གསོལ་བ་གདབ། སྐྱབས་སུ་འགྲོ་བ་བྱ། ལུས་དང་། ནད་དང་། རྟོག་པ་ཐམས་ཅད་འདྲེ་ལ་བྱིན་ལ། ཡ་ང་བའི་སར་ལུས་གཅེར་བུར་ཕྱུང་སྟེ་མཆོང་རྒྱུག་བྱ། ལུས་གཅུ། སྨྱེད། བསྐུམ། ཟློག་སྤྱོད་དྲན་ཚད་བྱས་པའི་རྗེས་ལ་ལུས་སེམས་དད་དལ་བྱས་པས་ཤེས་པ་ལྷན་གྱིས་འགྲོ། དེ་ནི་བྱིང་བ་བཅོས་པའོ། །བསྒོམ་སྐྱོན་གཉིས་པ་རྒོད་པ་ནི། སེམས་རང་ལུགས་སུ་མི་གནས་པར་ཤེས་པ་འཕྲོར་འོང་། དེ་ལ་གཉེན་པོ་ཤེས་བཞིན་གྱི་བྱ་ར་བཏང་སྟེ། འཕྲོ་བའི་མཁན་པོ་ལ་བལྟས་པས། མཁན་པོ་རང་གི་སེམས་སུ་འདུག་པ་རང་གིས་ངོས་ཟིན་པ་དང་། ཏུར་གྱིས་དྲན་པ་ཐམས་ཅད་ཕྱལ་གྱིས་བཏང་། ལྷུག་གིས་ཀླུགས་ལ་ཅོག་གིས་བཞག །ཤེས་པ་ཁ་ནང་དུ་བལྟས་ལ། ཡིད་དྲན་མེད་ཀྱི་ངང་ལ་ལྷན་གྱིས་བཞག །དེས་མ་ཞི་ན་ཇི་ཙམ་འབྲོ་ནུས་པ་ལྟ་སྟེ། ཕྱི་ནང་ཐམས་ཅད་ལ་འཕྲོར་གཞུག་གོ །དེ་ལྟར་བཏང་བས་སླར་འགྲོ་ས་མ་རྙེད་པར་ཤེས་པ་ལྷན་གྱིས་འགྲོ་བ་ཡིན་ནོ། བྱིན་རྒོད་གཉིས་སྐྱོན་གང་ཆེ་ན་བྱིང་བ་སྐྱོན་ཆེ། ཅིའི་ཕྱིར་ན། བྱིང་བ་གཏི་མུག་ཤས་ཆེ། རྒོད་པ་ཡེ་ཤེས་ཤས་ཆེ་བས་སོ། །དེས་ན་གནས་ལུགས་ངོ་སྤྲོད་ཀྱི་སྟེང་དུ་ལྷན་གྱིས་བཞག་པའི་ཆེ་བས་སྐྱོན་ཐམས་ཅད་ཡོན་ཏན་དུ་ཆོད་པའོ། །གལ་ཏེ་ཡུལ་ལ་ཤེས་པ་འཕྲོ་བ་ཐམས་ཅད་རྒོད་པའི་ཆ་ཡིན་པས། དྲན་པས་འཛིན་པ་གལ་ཆེ་བས། སེམས་སྤྲོས་པ་མེད་

༡༢༧

པའི་ངང་དུ་གནས་པར་བྱའོ། །དེ་ཡང་གཟུགས་སྟོང་པའོ་ཞེས་པའམ་མི་སྟོང་ངོ་ཞེས་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་སྤྲོས་པའོ། །ཞེས་སོ། །དེ་ནས་གནས་ལུགས་སྤྲོས་པ་མེད་པའི་དོན་ལ་ཡེངས་མེད་དུ་ཉམས་སུ་བླང་ངོ་། །ལར་འགལ་རྐྱེན་གང་བྱུང་བའི་དུས་སུ། ཆོས་ཐམས་ཅད་རང་གི་ལུས་ལ་བསྡུ། ལུས་སེམས་ལ་བསྡུ། སེམས་ཆོས་ཀྱི་དབྱིངས་སུ་བཏང་བ་ནི་གདམས་ངག་ཡིན་ནོ། །དེ་ལྟར་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་ངང་ལ་བཞག་པས། རིག་པ་ཟིན་ནས་བདེ་ལྷན་གྱིས་འགྲོ། །ཉམས་མྱོང་ཐུན་མོང་མ་ཡིན་པ་སྐྱེའོ། དེ་ནི་སྡུག་བསྔལ་བདེ་བར་ཆོད་པའོ། །དེ་ལྟར་བདུད་ཐམས་ཅད་ཆོས་ཉིད་དུ་བཅད་ཅིང་བསྒོམས་པས། །དྲོད་རྣམ་པ་གསུམ་འབྱུང་སྟེ། སྦྱོར་བ་ཕྱིའི་དྲོད་ལུས་ཡོད་དུ་མི་ཚོར་བ་དང་ན་ཚ་དང་བྲལ་པབ་འབྱུང་། མཚན་མ་ནང་གི་དྲོད་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་རྣམ་རྟོག་མི་སྐྱེ་བར་འགྱུར། གསང་བ་བྱང་ཆུབ་སེམས་ཀྱི་དྲོད་སེམས་ཉིད་དེ་བཞིན་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་ལྷན་ནེ་སོང་ནས་བདེ་བ་ཆེན་པོ་རྒྱུན་ཆད་མེད་པར་སྐྱེའོ། །དེ་ནས་གསལ་སྟོང་གི་དོན་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་ཐོབ་པ་ལ་ཚེགས་མེད་པའོ། །དེ་ལྟར་ཉམས་སུ་བླངས་པས་བར་དོ་ངང་གིས་འབྱོངས་ཏེ། དེ་ཡང་རང་བཞིན་གནས་པའི་བར་དོ་ད་ལྟ་ཡིན་པས། དུས་འདི་ཉིད་དུ་གོམས་པར་བྱས་ནས། བདུད་ཀྱི་བར་ཆད་ཐམས་ཅད་ཉམས་ལེན་གྱི་བསྐུལ་མའམ། །ཆོས་ཉིད་ཀྱི་གྲོགས་སུ་ཤེས་ཏེ། རྒྱུན་ཆད་མེད་པར་ཉམས་སུ་བླངས་པས། སེམས་ལ་རྟོག་པ་བཟང་ངན་གང་ཡང་མེད་པར་ཆོས་ཉིད་ཀྱི་ངང་ལས་མི་གཡོ་བར་འདུག་ཙམ་ན་ད་ལྟའི་བར་དེ་འབྱོངས་པ་ཡིན་ནོ། །དོན་དེ་ལྟར་ཉམས་སུ་བླངས་ཙ་ན། །དེས་རྨི་ལམ་གྱི་དུས་ན་རྨི་ལམ་ཆོས་ཉིད་དུ་ཤེས་ནས། གཉིད་སད་པ་མ་ཚོར་བ་ཆོས་ཉིད་སྤྲོས་བྲལ་གྱི་ངང་ལ་གསལ་

༡༢༨

སིང་ངེ་བ་འདུག་ན་རྨི་ལམ་གྱི་བར་དོ་འབྱོང་བ་ཡིན་ནོ། །དེ་ལྟར་གོམས་པས་འགྲོ་མཐུད་ནས་ཉམས་སུ་བླངས་པས་འཆི་ཁའི་དུས་སུ་ནད་དམ་པོས་ཟིན་ནས་ལངས་འདུག་མི་ཤེས། སྣང་བ་ནི་མ་ནུབ། འཆི་བར་ནི་ཤེས་ཙམ་ན་ཆོད་དགོས་པ་ཡིན་པས། ཉམས་ཀྱི་སྟེང་ནས་ལྕོགས་ན་དངོས་སུ་བྱ། མ་ལྕོགས་ན་ཡིད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། གསོལ་བ་བཏབ་ལ་ལུས་མཆོད་པར་འབུལ། །སེམས་ཆོས་ཉིད་ཀྱི་ངང་ནས་ཆགས་མེད་ཞེན་མེད་དུ། ཉམ་ང་བག་ཚ་དང་། ཐེ་ཚོམ་ཡིད་གཉིས་མེད་པར། སྒོམ་ལ་ཉམས་མྱོང་། ཆོས་ཉིད་རང་ལུགས་ཀྱི་ངང་ལ་བློ་མ་ཡིངས་པར་བཞག །གང་ལ་ཡང་སྙེམས་དང་ཆགས་ཞེན་མེད་པར་ཆོས་ཉིད་མི་འགྱུར་བའི་ངང་ལ་བློ་ལྷན་ནེ་གནས་པ་ལ་དབུགས་ཆད་ན་འཆི་ཁའི་བར་དོ་འབྱོངས་པ་ཡིན་ནོ། །དེ་ནས་དབུགས་ཆད་མ་ཐག་ཏུ་རང་བཞིན་གྱི་གནས་ལུགས་ཀྱི་དོན་སྐྱེ་བ་མེད་པའི་ངོ་བོ། །སེམས་ཅན་ཐམས་ཅད་ལ་འཆར་བ་དེ་ངོས་ཟིན་ནས་ཆོས་ཉིད་ཀྱི་ངང་ལ་གནས། དེ་ལ་བརྟན་པ་ཐོབ་ཙམ་ན། རང་བཞིན་སྐྱེ་འགགས་མེད་པའི་དབྱིངས་ནམ་མཁའ་ལྟ་བུའི་ངང་ལ་སེམས་རང་ས་ཟིན་པར་བྱའོ། །དེའི་ངང་ནས་གཟུགས་སྐུ་གཉིས་ཀྱི་གང་ལ་གང་འདུལ་དུ་དོན་མཛད་པའོ། །དེས་ན་སྲིད་པའི་བར་དོ་འབྱོངས་པ་ཡིན་ཏེ། མངལ་གྱི་གྲོང་ཁྱེར་རྒྱུན་ཆད། འཁོར་བ་ཆོས་ཉིད་དུལ་ཟློས་པའོ། །དེ་ལ་མིང་བཏགས་ན། ངལ་སོས། ཆད་པ་བཏང་། དབུགས་ཕྱིན། བྱ་བ་བྱས། བྱེད་པ་བྱས། ཟག་བཟད། ཁུར་བོར། །རང་གཞན་གྱི་དོན་རྗེས་སུ་ཐོབ། །ཨར་ཧན་ཞེས་བྱའོ། །དེ་རྣམས་བསྒོམ་པ་གནས་ལུགས་ལ་བཞག་པའི་གདམས་པའོ། །ལྔ་པ་ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བའི་གདམས་པ་ལ་གཉིས་ཏེ། བདུད་ངོས་བཟུང་བ་དང་། བདུད་ཆོས་ཉིད་དུ་བཅད་ནས་ལམ་དུ་ཁྱེར་བའོ། །དང་པོ་ལ་གཉིས་ཏེ། རྩ་བའི་

༡༢༩

བདུད་དང་། ཡན་ལག་གི་བདུད་དང་། །རྩ་བའི་བདུད་ལ་བཞི། ཕུང་པོ་དང་། ལྷའི་བུ་དང་། ཉོན་མོངས་པ་དང་། འཆི་བདག་གི་བདུད་དོ། །ཡན་ལག་གི་བདུད་ལ་བཅོ་བརྒྱད་ཡོད་དེ། བྱང་ཆུབ་བསྒྲུབ་པ་ལ་མངོན་ཞེན་གྱི་བདུད། །བར་ཆད་བཏང་བ་ལ་ཆོ་འཕྲུལ་གྱི་བདུད། ཐོགས་བཅས་དངོས་ཀྱི་བདུད། །ཐོགས་མེད་ཡིད་ཀྱི་བདུད། ཡོན་ཏན་གཡེང་བའི་བདུད། ཉམས་མྱོང་རློམས་སེམས་ཀྱི་བདུད། རིག་པ་ཁུ་འཕྲིག་གི་བདུད། རྣམ་རྟོག་ཕྲ་བའི་བདུད། ང་རྒྱལ་རློམས་སེམས་ཀྱི་བདུད། ཕྲག་དོག་གཞན་སྨོད་ཀྱི་བདུད། ཤེས་པ་བྱིང་རྒོད་ཀྱི་བདུད། བཏང་སྙོམས་ལེ་ལོའ་བདུད། ཞེ་སྡང་ཁོང་ཁྲོའི་བདུད། འདོད་ཆགས་ལོག་འཚོའ་བདུད། ཤེས་པ་གཡམ་ཁྱེར་གྱི་བདུད། ཡི་མུག་གཉའ་གཅོག་གི་བདུད། ཁོལ་ཙེ་ཨ་འཐས་ཀྱི་བདུད། ཁ་གཏོགས་འབྱུང་པོའ་བདུད་དོ། །གཉིས་པ་བདུད་དེ་དག་ཆོས་ཉིད་ཀྱིས་ལམ་དུ་འཁྱེར་བ་ནི། དབང་པོ་རབ་ཀྱིས་བདུད་གང་བྱུང་ཉམ་ང་བག་ཚ་མེད་པར་རྟོག་མེད་མཉམ་པའི་ངང་ལ་བཞག་གོ །འབྲིང་གིས་ཚོར་བ་པོས་བཙལ་ཏེ། བདུད་རང་གི་སེམས་སུ་ཤེས། སེམས་རང་བཞིན་སྐྱེ་བ་མེད་པ་དེ་ཉིད་ཀྱི་ངང་དུ་བཞག་གོ །དབང་པོ་ཐ་མས། ལུས་ལ་གནོད་པའི་བགེགས་ལ་ལིང་གིས་བྱིན་ལ། སེམས་དྲན་མེད་ཀྱི་ངང་ལ་ཡིད་ལ་བྱར་མེད་པར་བཞག་གོ །དེ་ཡང་ལུས་ལ་ལུས་སུ་མི་བཟུང་། ནད་ལ་ནད་དུ་མི་བཟུང་། འདྲེ་ལ་འདྲེར་མི་བཟུང་། བར་གཅོད་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ཕྱལ་གྱིས་བཏང་། ཅོག་གིས་གཞོག །ཤིགས་ཀྱིས་བཤིག །འབོལ་གྱིས་གཞོག །ལྷོད་ཀྱིས་གློད། ལྷུགས་ཀྱིས་ཀླུག །སྟོང་སང་ངེ། བདེ་འབོལ་ལེ། གསལ་སིང་ངེ། ཅི་ཡང་ཡིད་ལ་བྱར་མེད་པའི་ངང་ལ་བཞག་གོ །དེ་ཡང་སྡུད་པ་ལས། ཤེས་རབ་ལྡན་པས་མཉམ་ཉིད་གནས་པར་ཤེས་པར་བྱ། ཞེས་སོ། །དེས་ན་སེམས་ཉིད་མཉམ་པ་ཉིད་ཀྱི་དོན་

༡༣༠

ལ་མ་ཡེངས་པར་གནས་པར་བྱའོ། །དེ་ལྟར་གནས་ལུགས་ཀྱི་དོན་ལ་མ་ཡེངས་པར་བྱས་པས་བྱིན་རླབས་ཀྱི་རྩལ་དང་ནུས་པ་འབྱུང་སྟེ། ནད་པ་ལྟ་བུ་ལ་བྱིན་རླབས་བྱེད་ན། འདྲེ་དང་ནད་པ་མི་དམིགས་པར་བསྒོམས་ལ། གང་ན་སར་ཕྱག་གིས་བྱབས། ཕུ་བཏབ། མཆིལ་མ་གདབ། ནད་ཐམས་ཅད་སྟོང་པར་བསམ་ལ། གང་ལ་ཡང་མ་གྲུབ་ཅིང་དངོས་པོ་མེད་པའི་ངང་ལ་སེམས་བཞག་ལ། སྐྱབས་འགྲོ་བྱ། གསོལ་བ་གདབ། གནས་ལུགས་ཀྱི་ངང་ཚུལ་དུ་ཤེས་པར་བྱའོ། །དེ་ལྟར་བདུད་ཆོས་ཉིད་ཀྱི་ངང་དུ་བཅད་ནས་ལམ་དུ་ཁྱེར་བ་ལ། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བར་དོན་ཆོས་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་ལས། ཉིང་ཚོམས་ཆོས་ཀྱི་རྩ་བ་ཞེས་བྱ་བ། བཀའ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པས་དགོངས་པ་གྲོལ་བ་སྤྲུལ་པའི་སྐུ་ཇོ་མོ་ལབ་ཀྱི་སྒྲོན་མས་གསུངས་པ་རྫོགས་སོ།།

༄༅། སྤྲོས་བཅས་གྱི་དབང་ཆོག་ཚངས་པའི་དྲ་བ་བཞུགས་སོ༎

༡༧སྤྲོས་བཅས་ཀྱི་དབང་ཆོག་ཚངས་པའི་དྲ་བ་བཞུགས་སོ། །
༡༨ཆོས་སྐུའི་མཁའ་ལ་ལོངས་སྐུའི་དཀྱིལ་འཁོར་རྒྱས། །སྤྲུལ་སྐུའི་ཟེར་གྱིས་འགྲོ་བློའི་མུན་པ་སེལ། །གདོད་མའི་མགོན་པོ་རིགས་ལྔ་བརྒྱུད་པར་བཅས། །བདག་བློའི་གཙུག་ན་ཡིད་བཞིན་ལྷུན་གྲུབ་མཛོད། །སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་རྡོ་རྗེའི་དོན། །མངོན་སུམ་སྙིང་ཏིག་བཀའ་གསང་རྒྱ་ཆེ་ལས། །སྨིན་བྱེད་དབང་བཞིའི་དང་པོ་གང་ཡིན་པ། །སྤྲོས་བཅས་ཆོ་གའི་རིམ་པ་གསལ་བར་བྱ། །འདི་ལ་གསུམ་སྟེ། ཆོ་ག་ལ་འཇུག་པའི་གང་ཟག་གི་མཚན་ཉིད། སྔོན་འགྲོ་ལེགས་པར་བཤམ་པ། དངོས་གཞི་དབང་བསྐུར་བའོ། །དང་པོ་ལ་གཉིས་ལས། སྟོན་བྱེད་སློབ་དཔོན་གྱི་མཚན་ཉིད་ནི་གསུམ་དང་ལྡན་པ་སྟེ། མདོ་རྒྱུད་ཀྱི་དོན་ལ་མཁས་པ། མངོན་སུམ་གྱི་གནད་ལ་གོམས་པ། རང་རྒྱུད་སྨིན་ནས་གཞན་རྒྱུད་གྲོལ་བའི་ནུས་པ་ཡོད་པའོ། །བསྟན་བྱ་སློབ་མའི་མཚན་ཉིད་ནི་བཞི་སྟེ། མངོན་སུམ་སྙིང་པོའ་དོན་སྟོན་པའི་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ། དད་པའི་ཞིང་ས་བཟང་བས་མི་དགེ་བའི་ཕྱོགས་དུག་སྦྲུལ་ལྟར་སྤང་བ། འཁྲུལ་པའི་དོན་རིག་པས་ཡང་དག་པའི་གདམས་པ་ཞུ་བ་ལ་འཇིག་རྟེན་གྱི་
༡༩ནོར་རྫས་གཏོང་ཕོད་ཆེ་བ། ལུས་དང་སྲོག་ལའང་མི་ཕོངས་པར་བླ་མ་ལ་གཏོང་ཕོད་ཅིང་སྲི་ཞུ་དང་མོས་གུས་ཆེ་བའོ། །དོན་གཉིས་པ་བཤམ་པ་ནི། མཎྜལ་གྲུ་བཞི་འདོམ་གར་མི་ལོང་ལྟར་སྙོམས་པ་ལ་བའི་རྣམ་ལྔ་དང་དྲིས་བྱུགས་པའི་སྟེང་དུ་ཐིག་ཚོན་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ལ། ཚངས་ཟུར་ནས་སྒོ་རྐྱང་གི་ཐིག་རྫོགས་པར་བཏབ་པའི་དབུས་སུ་འོད་ཟླུམ་མཐིང་ཁ་ལ་པདྨ་འདབ་བརྒྱད། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་མཚམས་བཞིར་མཛེས་ཚོན་དུ་སྤེལ་ཞིང་། ལྷ་སྣམ་གྱི་གྲུ་ཆད་དང་། སྒོ་གྲུ་རྟ་བབས་ཞིང་ཁམས་དང་བཅས་པའི་མཐར། ཉི་གདན་རྡོ་རྗེའི་ར་བ། འོད་ཟེར་ལྔའི་ཕྲེང་བས་བསྐོར་བ་བྲིས་པའི་དབུས་དང་ཕྱོགས་བཞིར་རིན་པོ་ཆེའི་བུམ་པ་རིགས་ལྔའི་ཁ་དོག་ཅན་སོ་སོའ་ས་བོན་ༀ་ཨཱཿཧཱུྃ་སྭཱ་ཧཱས་མཚན་ཕར་བྲིས་པ། ཁ་རྒྱན་མགུལ་ཆིངས་དང་བཅས་པ་དགོད། ནང་དུ་རིན་པོ་ཆེ་ལྔ། འབྲུ་ལྔ། སྨན་ལྔ། སྤོས་ལྔ། ཆུ་གཙང་འོ་མ་དང་བཅས་པ་དཀར་གསུམ་མངར་གསུམ་གྱིས་བྲན་པས་དགང་ཞིང་། ཁ་རྒྱན་གསེབ་ཏུ་མདའ་ལྔ། མེ་ལོང་ལྔ།
༢༠ཤེལ་ལྔ། དར་སྣ་ལྔ། རྨ་བྱའི་མདོངས་ལྔ། རིགས་ལྔའི་ཙཀ་ལི་ལྔ་དང་བཅས་པ་དགོད་ཅིང་། གསང་དབང་གི་རྫས་ཐོད་པ་བདུད་རྩིས་གང་བ་ཡང་བཞག །སྒོ་བཞིར་ཕུར་པ་བཞི། མཚམས་བཞིར་རལ་གྲི་བཞི་གཟུག །མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ་དང་། གཏོར་མ་དང་ཚོགས་རྒྱ་ཆེར་བཤམས་ཤིང་། དབང་གསུམ་པའི་རྟེན་མཚན་དང་ལྡན་པ་ཡང་བཞག །བླ་བྲེ་དང་ཐང་ཀ་ལ་སོགས་པས་བརྒྱན་པར་བྱའོ། །དོན་གསུམ་པ་དངོས་གཞི་དབང་བསྐུར་བ་ལ་གསུམ་སྟེ། བདག་དང་དཀྱིལ་འཁོར་བྱིན་གྱིས་བརླབས་པ། སློབ་མ་འཇུག་པ། དབང་བསྐུར་བའོ། །དང་པོ་ནི། གསང་སྔགས་འོག་མ་ལྟར་བསྐྱེད་རྫོགས་དུ་མའི་སྤྲོས་པ་མེད་ཀྱང་། ཡེ་ནས་དཀྱིལ་འཁོར་དུ་སངས་རྒྱས་པར་གསལ་འདེབས་པ་ཙམ་ཞིག་སྐད་ཅིག་གིས་བྱ་སྟེ། བདག་ཉིད་གཞིའི་ཀུན་བཟང་ཡབ་ཡུམ་མཐིང་ཀ་མཉམ་པར་སྦྱོར་བའི་ཕྱག་གཉིས་མཉམ་བཞག །ཞབས་གཉིས་སྐྱིལ་ཀྲུང་། འོད་ཟེར་མུ་མེད་པར་འཕྲོ་བར་བསམས་ལ། ཨ་བརྒྱ་རྩ་བརྒྱད་བཟླས་ནས། མདུན་གྱི་མཎྜལ་རིགས་ལྔའི་དལ་དུ་སྐད་ཅིག་གིས་བསྐྱེད་ནས། ༀ་ཨཱཿཧཱུྃ་སྭ་ཧཱས་རྒྱས་གདབ་ནས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཡེ་ཤེས་ལྔའི་ཞིང་དང་གཞལ་ཡས་ཁང་། ལྷ་དང་ལྷ་མོས་གང་བ་ལ་དམ་རྫས་འདོད་ཡོན་གྱི་རྒྱན་དུ། ༀ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབ་བོ། །ཚུལ་འདི་ནི་རྫོགས་པ་རང་བྱུང་གི་རྒྱུད་ནས་གསལ་བར་གསུངས་པ་ཡིན་ནོ། །གཉིས་པ་ལ་བཅུ་གཅིག་ལས། དང་པོ་གསོལ་བ་གདབ་པ་ནི། མཎྜལ་ཕུལ་བའི་རྗེས་ལ། ཐལ་མོ་སྦྱར་ཏེ་སློབ་མས། ཨེ་མ་ཧོ། །སྐྱེས་ཆེན་འགྲོ་མགོན་བླ་མ་རྗེ། །བདག་ནི་ལས་ཅན་ཤེས་རབ་བུ། །གསང་ཆེན་ངེས་པའི་ལུང་འདི་ལ། །གཏོགས་པས་བདག་ནི་བཟུང་དུ་གསོལ། །ཅེས་པ་གསུམ་བརྗོད་དོ། །གཉིས་པ་གནང་བ་སྦྱིན་པ་ནི། བླ་མས། །ཨེ་མ་སྐལ་ལྡན་ཤེས་རབ་བུ། །མཆོག་ཏུ་གསང་བའི་ཐེག་པ་འདིར། །།
༢༡རྡོ་རྗེ་འཛིན་པ་བདག་གི་ལུང་། །ཞུགས་ནས་འབྲས་བུར་ངེས་ཐོབ་འགྱུར། །བདག་ཉིད་ཆེན་པོ་ཁྱེད་ཅག་གིས། །བློ་ཡི་ཐེ་ཚོམ་རབ་བསལ་ནས། །ནོར་བུའི་ཡོན་ཏན་མཐོང་བ་བཞིན། །བདག་ལ་བླ་མར་སྤྲོ་ལགས་སམ། །ཞེས་དྲིས་པའི་ལན་དུ། སློབ་མས་སྤྲོ་ལགས་ཞེས་བརྗོད་དོ། །གསུམ་པ་སྐྱབས་འགྲོ་བྱ་བ་ནི། བླ་མས། །རླུང་ལྔ་རྣམ་དག་དངས་མའི་སྐུ། །ཉོན་མོངས་རྣམ་དག་ཡེ་ཤེས་ལྔ། །སྐུ་གསུམ་མཛད་པ་མཐར་ཕྱིན་པའི། །དཀོན་མཆོག་གསུམ་ལ་རྟོགས་པས་འདུད། །ཅེས་གསུམ་བརྗོད་ནས། སྐལ་ལྡན་རང་གི་ལུས་ཀྱི་འཁོར་ལོ་བཞིའི་རྩ་འདབ་དགེ་འདུན། ཐིག་ལེ་ཆོས། རླུང་ལྔའི་དྭངས་མ་ཡེ་ཤེས་ལྔ་ནི། ཉོན་མོངས་པ་ཡེ་ནས་དག་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དུ་རང་ངོ་ཤེས་ནས་བསྒོམ་སྙམ་དུ། དོན་དམ་པའི་སྐྱབས་འགྲོ་གྱིས་ཤིག །ཅེས་བཤད་དོ། །བཞི་པ་སེམས་བསྐྱེད་པ་ལ་གཉིས་ལས། སྨོན་པ་ནི། ཨེ་མ་ཧོ། མ་རིག་འཇིག་རྟེན་མུན་པའི་ཀློང་། །རང་གི་ཐབས་ཤེས་སྒྲོན་མེ་ཡིས། །རང་ལ་གནས་པའི་ཡེ་ཤེས་དེ། །བླ་མའི་དྲིན་གྱིས་རྟོགས་པར་བྱའོ། །ཞེས་པ་གསུམ་བརྗོད་ནས། རང་གི་རིག་པ་མངོན་སུམ་གྱི་ཡེ་ཤེས་ལམ་སྣང་བ་རྣམ་པ་བཞི་ཉམས་སུ་བླངས་སྙམ་དུ་སེམས་སྔ་ན་མེད་པ་བསྐྱེད་པའོ། །ཞེས་བཤད་དོ། །འཇུག་པ་ནི། ཨེ་མ་ཧོ། །སངས་རྒྱས་མཐར་ཐུག་དབྱིངས་རིག་གཉིས། །སྐུ་གསུམ་ངོ་བོ་མཐའ་བྲལ་བཞི། །ཚིག་ལས་འདས་པའི་ཡེ་ཤེས་དེ། །ད་ལྟ་ཉིད་དུ་རྟོགས་པར་བྱའོ། །ཞེས་པ་གསུམ་དང་། དབྱིངས་ཀ་དག་ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་དང་། ཡེ་ཤེས་ལྷུན་གྲུབ་རང་རིག་སྐུ་གསུམ་གྱི་ངོ་བོ་སྤྲོས་པའི་མཐའ་བཞི་ལས་འདས་པ་ཚིག་དང་ཡི་གེ་མེད་པའི་དོན། སྨྲ་བསམ་བརྗོད་མེད་ཆེན་པོ་ཉིད་རང་ངོ་ཤེས་པར་བྱ་སྙམ་དུ་སེམས་བསྐྱེད་ཅིག །ཅེས་བཤད་དོ། །ལྔ་པ་སྲུང་སྐུད་གདགས་པ་ནི།
༢༢འཁོར་བའི་ཀུན་རྟོག་ཡེ་ཤེས་ལྔས་བསྲུང་བའི་ཕྱིར། ཚོན་སྣ་ལྔའི་སྐུད་པ་ལ། ༀ་ཨཱཿཧཱཾཨུ་སྭཱ་ཧཱ། ༀ་སྭ་བྷཱ་བ་ཤུདྡྷཿསརྦ་ཿསྭ་བྷཱ་བ་ཤུདྡྷོ྅ཧཾ། གིས་སྔགས་མདུད་བྱས་པ། ཕོའ་དཔུང་པ་གཡས། མོའ་དཔུང་པ་གཡོན་ལ་གདགས་སོ། །དྲུག་པ་དམ་ཚིག་བསྒྲག་པ་ནི། ལས་བུམ་གྱི་ཆུ་བླུག་ལ། ཧཱཾཨུ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ། །ཉམས་ན་དམྱལ་མེ་བཟོད་དཀས་བསྲེག །བསྐལ་པ་བགྲང་གིས་མི་ལོང་བར། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །བསྲུངས་ན་དངོས་གྲུབ་རྨད་པོ་ཆེ། །མ་ལུས་རང་བཞིན་ལྷུན་གྱིས་གྲུབ། །དེ་བས་དམ་ཚིག་སྲོག་གི་ཆུ། །སྙིང་ལ་བཞག་པས་ཐུབ་པར་གྱིས། །ༀ་སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཧཱུྃ་ཧྲཱི་ཐ། ཞེས་རིམ་པར་བརྗོད་ནས། ཀྱེ་སྐལ་ལྡན་ཀུན་དམ་ལས་ཉམས་ན། རྡོ་རྗེ་དམྱལ་བ་ནས་ཐར་བའི་དུས་མེད་ཅིང་བསྐལ་པ་དུ་མར་སྡུག་བསྔལ་བཟོད་དཀའ་བ་མྱོང་དགོས་ལ། མ་ཉམས་པར་བསྲུངས་ན། འདི་ཕྱིའི་ལེགས་པ་ཀུན་འགྲུབ་ཅིང་། མྱུར་ཏུ་སངས་རྒྱས་ཐོབ་པས་ན། དམ་ཚིག་ལེགས་པར་སྲུངས་ཤིག །ཅེས་བརྗོད་པར་བྱའོ། །བདུན་པ་ཡེ་ཤེས་དབབ་པ་ནི། སྤོས་དང་ཚིལ་ཆེན་བསྲེགས་ལ། སློབ་མ་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་པ་ལ། ཀུན་བཟང་ཡབ་ཡུམ་དུ་བསྒོམ་དུ་བཅུག་པའི་རྩ་གནས་འཁོར་ལོ་བཞིའི་རྩ་ཡིག་དང་ཐིག་ལེ་འོད་སྐུ་དང་བཅས་པ་རིམ་པས་གསལ་བཏབ་ལ་རླུང་ཁ་སྦྱོར་འཛིན་དུ་བཅུག་ནས། བླ་མའི་ཚིག་རིམ་པ་བཞིན་སློབ་མས་མ་ཡེངས་པར་དམིགས་པ་གསལ་བར་བསྒོམ་ཞིང་། བླ་མས་དལ་བུས་གཟབས་ལ། ཌཱ་མ་རུ་དཀྲོལ་ཞིང་བར་བར་དུ་གཅད་ལ། དབྱངས་སྙན་པོས། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། །སྤྲུལ་པ་སྐུ་ཡི་བཞུགས་གནས་ཡིན། །རླུང་ལྔ་གཡོ་རྩོལ་ལས་འདས་པ། །ཐིག་ལེ་འོད་སྐུར་ཤིགས་
༢༣སེ་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྙིང་ག་ཆོས་ཀྱི་འཁོར་ལོ་ནི། །ཆོས་ཀྱི་སྐུ་ཡི་བཞུགས་གནས་ཡིན། །སངས་རྒྱས་རིགས་ལྔ་མེ་རེ་རེ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ནི། །ལོངས་སྤྱོད་རྫོགས་སྐུའི་བཞུགས་གནས་ཡིན། །མཚན་དང་དཔེ་བྱད་རང་འཁྲུངས་པའི། །ཐིག་ལེ་འོད་སྐུར་ཡ་ལ་ལ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྤྱི་བོ་བདེ་ཆེན་འཁོར་ལོ་ནི། །སྐུ་གསུམ་འདུས་པའི་བཞུགས་གནས་ཡིན། །འབྲས་བུ་འདུས་པའི་རྩེ་མོ་ན། །ཁྲེ་རྒྱལ་གད་རྒྱངས་ཡ་ལ་ལ། །ཞེས་པ་དེ་དག་གི་དམིགས་པ་གསལ་བར་བྱའོ། །བརྒྱད་པ་མེ་ཏོག་དོར་བ་ནི། ཐོག་མ་མེད་པ་ནས་མ་རིག་པས་ཡེ་ཤེས་ཀྱི་མིག་ལྡོངས་པ་མཚོན་པའི་ཕྱིར་མིག་དར་ནག་པོས་བཀབ་ལ་ཐལ་མོ་སྦྱར་བའི་བར་དུ་དར་སྣ་ལྔའི་འཕན་དར་བཟུང་སྟེ། །ཨེ་མ་ཧོ། །ཐོག་མའི་འོད་གསལ་སྙིང་པོ་ནས། །ད་ལྟའི་ཐེག་མཆོག་འདི་འཕྲད་བར། །གཞི་ལ་སྦྱངས་པའི་ལས་འབྲས་ཀྱིས། །རིགས་མཆོག་དེ་ལ་འབབ་པར་ཤོག །ཅེས་བརྗོད་ནས་ཕོ་བྲང་དབུས་སུ་དོར་རོ། །དགུ་པ་མིང་བཏགས་པ་ནི། མེ་ཏོག་དེ་ཉིད་དབུས་སུ་བབས་ན་སྣ་ཚོགས་རང་གྲོལ། ཤར་དུ་རྡོ་རྗེ་སྙིང་པོ། ལྷོར་འདོད་ཡོན་རང་ཤར། ནུབ་ཏུ་བདེ་ཆེན་རྒྱལ་པོ། བྱང་དུ་སྒོ་ལྔ་བྱ་བྲལ་དུ་གདགས་སོ། །སྐྱེ་དམན་གྱི་གསང་མཚན་ནི། དབུས་སུ་མཁའ་ཀློང་ཡངས་མ། ཤར་དུ་ང་དྲངས་འོད་གསལ། ལྷོར་གང་ཤར་ཆོས་ཉིད། ནུབ་ཏུ་པདྨའི་ཀློང་ཅན། བྱང་དུ་ཁྱབ་གདལ་།།།།ཆོད་དོ། །བཅུ་པ་མིག་དར་དབྱེ་བ་ནི། སློབ་མས། ཀྱེ་མ་རྡོ་རྗེ་འཛིན་མགོན་རྗེ། །བདག་ནི་ཁམས་གསུམ་འཁོར་བར་ལོང་། །རྗེ་ཡི་ཡེ་ཤེས་ཐུགས་རྗེ་ཡིས། །བདག་གི་མ་རིག་བསལ་དུ་གསོལ། །ཅེས་པའི་ལན་དུ།
༢༤བླ་མས། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྔོན་ཆད་གཟུང་འཛིན་འཁྲུལ་པས་ལོང་། །རང་ལ་བཞག་ནས་གཞན་དུ་བཙལ། །ཐུར་མ་ཡིད་བཞིན་ནོར་བུ་མཚོན། །ཞེས་བརྗོད་ལ། གསེར་གྱི་ཐུར་མས་མིག་དར་ཕྱེ་བས། མ་རིག་པ་བསལ་བར་བསམ་མོ། །དེའི་དོན་ཡང་སྙིང་པོ་རིག་པའི་ཡེ་ཤེས་ལྔ་ལྡན་ཡིད་བཞིན་ནོར་བུ་རང་ལ་ཡོད་ཀྱང་། ངོ་མ་ཤེས་པར་གཟུང་འཛིན་གྱི་མ་རིག་པས་བློའི་མིག་ལྡོངས་ཏེ་གཞན་དུ་བཙལ་བས་འཁོར་བར་འཁྱམས། ད་ནི་བླ་མའི་ཐུགས་རྗེ་ཡེ་ཤེས་ཀྱི་གདམས་པ། གསེར་གྱི་ཐུར་མས་མ་རིག་པའི་སྒྲིབ་གཡོགས་བསལ་ལ། སྙིང་ནང་གི་རིག་པའི་འོད་མདངས་དབང་པོས་མངོན་སུམ་དུ་བསྟན་པར་བྱའོ། །ཞེས་བཤད་དོ། །བཅུ་གཅིག་པ་མཐོང་བ་བསྟན་པ་ལ་བཞི་ལས། དང་པོ་བླ་མའི་མཐོང་བ་བསྟན་པ་ནི། བླ་མས། ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ། །མ་ཡེངས་སེམས་ཀྱི་ངང་དུ་ལྟོས། །ང་ལ་མཐོང་བ་སྣ་ཚོགས་པའོ། །བུ་ཁྱོད་ཀྱིས་ནི་ཅི་མཐོང་སྨོས། །ཞེས་པའི་ལན་དུ། བླ་མ་སངས་རྒྱས་སུ་མཐོང་ལགས། །ཞེས་བརྗོད་དོ། །དེའང་ལས་དག་པ་རྣམས་ཀྱིས་བླ་མ་ལྷ་སྐུ་དང་འོད་ཕུང་ལ་སོགས་པར་མཐོང་ཞིང་མོས་པས་སངས་རྒྱས་སུ་མཐོང་བའོ། །གཉིས་པ་དཀྱིལ་འཁོར་གྱི་མཐོང་བ་བསྟན་པ་ནི། །ལྟོས་ཤིག་མིག་ཅན་སྐལ་ལྡན་བུ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །དད་པའི་མཆོག་ནི་བསྐྱེད་རེ་རན། །ཁྱེད་ཀྱིས་དཀྱིལ་འཁོར་ཅི་རུ་མཐོང་། །ཞེས་བརྗོད་པའི་ལན་དུ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་ག་ལ་སོགས་པ་གང་ཤས་ཆེར་མཐོང་བ་བཞིན་ལན་བརྗོད་པ་ནི། རང་གིས་ཡེ་ཤེས་མངོན་དུ་གྱུར་པའི་རིགས་ངོས་གཟུང་བའོ། །དེ་ནས་གསེར་གྱི་ཐུར་མ་ལ་སོགས་པས་རིམ་པར་ངོ་སྤྲད་ནས། དཀྱིལ་འཁོར་གྱི་དེ་ཉིད་བཤད་པ་ནི། དབུས་ཟླུམ་
༢༥པོ་མཐིང་གར་བྱུང་བ་ནི། གཞི་ཆོས་ཉིད་ཀྱི་དོན་ལ་གཉེན་པོ་དང་བྲལ་བའི་བརྡའོ། །པད་འདབ་བརྒྱད་མཛེས་ཚོན་དུ་བྱུང་བ་ནི། གཞི་ལ་རླུང་ལྔའི་དྭངས་མ་དང་ལྡན་པའི་བརྡའོ། །གྲུ་ཆད་བཞིར་བྱུང་བ་ནི། འབྱུང་བ་བཞིའི་འོད་དང་ལྡན་པའི་བརྡའོ། །ཁྱམས་བཞི་སྒོ་བཞི་དང་བཅས་པ་ནི། ཕྲིན་ལས་བཞི་པོ་རང་ལ་ཚང་བའི་བརྡའོ། །པད་རག་གི་རྩིགས་པ་ལྔར་བྱུང་བ་ནི། ཡེ་ཤེས་ལྔའི་རང་མདངས་ལྡན་པའི་བརྡའོ། །རྟ་བབས་བཞི་ནི། གཞི་ལ་ཚད་མེད་པ་བཞི་ལྷུན་གྱིས་གྲུབ་པའི་བརྡའོ། །རི་དྭགས་བརྒྱད་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་གཞི་ནས་དག་པའི་བརྡའོ། །འཁོར་ལོ་བཞི་ནི། ཕྱི་ནང་གསང་བ་བླ་ན་མེད་པ་བཞིའི་ཆོས་ཀྱི་འཁོར་ལོ་ཡེ་ནས་བསྐོར་བའི་བརྡའོ། །གདུགས་བཞི་ནི། རྟག་པ། བརྟན་པ། འཕོ་འགྱུར་མེད་པ། ལྷུན་གྱིས་གྲུབ་པ། གཞིའི་དབྱིངས་ན་གདོད་མ་གནས་པའི་བརྡའོ། །སྣ་ཚོགས་རྡོ་རྗེ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ། རྫོགས་པ་ཆེན་པོའ་ངང་ལ་གནས་པའི་བརྡའོ། །འདོད་ཡོན་གྱི་སྣམ་བུ་ནི། འདོད་ཡོན་མ་སྤང་རྒྱན་དུ་ཤར་བའི་བརྡའོ། །ཕ་གུ་ནི། འདོད་དགུ་རང་ལས་འབྱུང་བའི་བརྡའོ། །དྲྭ་ཕྱེད་ནི། གཞིའི་ཡོན་ཏན་རྫོགས་པའི་བརྡའོ། །མདའ་ཡབ་ནི། ཐུགས་རྗེ་ཕྱོགས་རིས་མེད་པའི་བརྡའོ། །པུ་ཤུ་ནི། འོད་གསལ་སྙིང་པོར་གྱུར་པའི་བརྡའོ། །ཞིང་ཁམས་ནི། རང་སྣང་ལྷུན་གྱིས་གྲུབ་པའི་བརྡའོ། །ཉི་གདན་ནི། ཤེས་རབ་དབྱིངས་སུ་འཁྱིལ་བའི་བརྡའོ། །རྡོ་རྗེའི་ར་བ་ནི། དབྱིངས་ལ་འཕོ་འགྱུར་མེད་པའི་བརྡའོ། །འོད་ཟེར་ཕྲེང་བས་བསྐོར་བ་ནི། དབྱིངས་ན་སྐུ་དང་ཡེ་ཤེས་ལྔའི་རོལ་པ་ལྷུན་གྱིས་གྲུབ་པའི་བརྡའོ། །ཞེས་བཤད་དོ། །གསུམ་པ་རྫས་ཀྱི་མཐོང་བ་བསྟན་པ་ནི། ཨེ་མ་བརྡ་ཤེས་
༢༦སྐལ་ལྡན་བུ། །བརྡ་དང་དམ་རྫས་བཀོད་པའི་ཚོགས། །གནས་ལུགས་མཚོན་པའི་རྫས་འདི་ལྟོས། །མཐོང་བའི་དོན་ནི་བདག་ལ་སྨྲོས། །ཞེས་བརྗོད་དུས། ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་མཐོང་ལགས་ཞེས་ལན་བཏབ་ལ། བླ་མས་རྫས་ཀྱི་མཐོང་བ་བསྟན་པ་ནི། ཐུར་མས་མཚོན་ལ། ཀྱེ་སྐལ་ལྡན་རིགས་ཀྱི་བུ། བུམ་པ་ལྔར་བྱུང་བ་ནི། རིགས་ལྔ་རང་ལ་རྫོགས་པའི་བརྡའོ། །མགུལ་ཆིངས་ལྔ་ནི། ཡུམ་ལྔ་དང་ཡབ་ལྔ་དབྱེར་མེད་པའི་བརྡའོ། ཁ་རྒྱན་ལྔ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡེ་ནས་རྫོགས་པའི་བརྡའོ། །ཤེལ་ལྔ་ནི། ངོ་བོ་ཀ་དག་ཆོས་སྐུའི་གཞི་མཚོན་པའི་བརྡའོ། །རྨ་བྱའི་མདངས་ལྔ་ནི། རང་བཞིན་འོད་གདངས་སྒྲོན་མ་ལྔ་རང་ལས་འཆར་བ་ལྷུན་གྲུབ་ལོངས་སྐུའི་གཞི་མཚོན་པའི་བརྡའོ། །མེ་ལོང་ལྔ་ནི། ཐུགས་རྗེ་རིག་པའི་སྙིང་པོ་ཡེ་ཤེས་ལྔ་སྤྲུལ་པར་འཕྲོ་བའི་གཞིར་མཚོན་པའི་བརྡའོ། །མདའ་ལྔ་ནི། ཤེས་རབ་ལྔ་གཞི་ལ་མཚོན་པའི་བརྡའོ། །དར་སྣ་ལྔ་ནི། རླུང་ལྔ་དབྱིངས་སུ་མཚོན་པའི་བརྡའོ། །ཕུར་པ་བཞི་ནི། དབྱིངས་ལ་འཕོ་འགྱུར་མེད་པའི་བརྡའོ། །གྲི་བཞི་ནི། སྐྱེ་བ་བཞིའི་སྒོ་གཅོད་པའི་བརྡའོ། །གཏོར་ཚོགས་དང་མཆོད་པས་བརྒྱན་པ་ནི། འདོད་ཡོན་རང་སྣང་དུ་ཤར་བའི་བརྡའོ། །ཞེས་བཤད་དོ། །བཞི་པ་མཆེད་ལྕམ་གྱི་མཐོང་བ་བསྟན་པ་ནི། ཨེ་མ་ངོ་མཚར་རིགས་ཀྱི་བུ། །གྲོགས་ཀྱི་དམ་པ་གང་ཡིན་པ། །འཇུག་སྒོ་གཅིག་པའི་སྤུན་གྲོགས་ལ། །ཁྱེད་ཀྱིས་ཅི་མཐོང་བདག་ལ་སྨྲོས། །དག་པའི་སྣང་བ་མཐོང་རེ་རན། །ཞེས་པའི་ལན་དུ་སོ་སོ་ནས། ཐར་པ་སྒྲུབ་པའི་གྲོགས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ལྷ་དང་ལྷ་མོའ་རང་བཞིན་དུ་མཐོང་ལགས་ཞེས་བརྗོད་དོ། །གསུམ་པ་དབང་བསྐུར་བ་དངོས་ལ་བཞི་ལས། དང་པོ་བུམ་པའི་དབང་ནི། སློབ་མ་རྣམས་
༢༧རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་པའི་སྤྱི་བོར། དབུས་ཀྱི་བུམ་པ་བླངས་ཏེ་བཞག་ལ། ༀ། ཆོས་ཉིད་དབྱིངས་ཀྱི་བུམ་པ་རུ། །སྟོང་གསལ་རང་བྱུང་ཆུ་ཡིས་བཀང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དབྱིངས་ཀྱི་གནས་ལུགས་རྟོགས་པར་ཤོག །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ཡ་ཝ། ཤ་ཥ་ས་ཧཀྵ། ཕ་ཕཱ། ཕི་ཕཱི། མ་མཱ། མི་མཱི། བ་བཱ། བི་བཱི། ཉ་ཉཱ། ཉི་ཉཱི། ཀ་ཁ་ག་གྷ་ང་། ཙ་ཙཱ། ཚ་ཚཱ། ཊ་ཊཱ། ཋ་ཋཱ། པ་པཱ། ན། ཞེས་ཀཱ་ལི་དང་། སྤྱི་བོའ་རྩ་ཡིག་གིས་དབང་བསྐུར་ནས། ཆུ་ཐིགས་གཅིག་སྤྱི་བོར་བླུགས་པའི་རྗེས་ལ་ཁྲུས་བྱའོ། །དེ་ཡང་དབྱིངས་ཆོས་ཉིད་སྟོང་པའི་ངང་ནས་ཡེ་ཤེས་ཆོས་ཅན་སྣང་བར་གནས་པ་ནི། བུམ་པ་དང་ཆུས་མཚོན་པ་སྟེ། ཆོས་དབྱིངས་ཡེ་ཤེས་ཀྱི་དོན་རང་ལ་གནས་པའི་ངེས་ཤེས་སྐྱེད་ཅིག །ཅེས་བཤད་དོ། །ཤར་གྱི་བུམ་པ་སྙིང་གར་གཏུགས་ལ། ཧཱུྃ། མ་སྐྱེས་སྙིང་པོའ་བུམ་པ་རུ། །འགགས་མེད་རང་བྱུང་རྫས་ཀྱིས་བཀང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །འཇིགས་བྲལ་བཞི་ཡི་དོན་རྟོགས་ཤོག །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱི། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ ཁ་ཙ་ཌ་ཏ་པ་ཡ་སཱུ་ཧཱ། ཀ་གྷ་བྷ་ཛྷ། ཞེས་ཨཱ་ལི་དང་དྲན་པ་འདུས་པའི་རྩ་ཡིག་བརྗོད་ནས་ཆུ་ཐིགས་གཅིག་སྙིང་གར་བྱུགས་ལ་ལྷག་མས་ཁྲུས་བྱའོ། །དེའང་སྐྱེ་བ་མེད་པའི་སེམས་ཉིད་ནམ་མཁའ་ལྟ་བུའི་ངང་ནས་འགག་པ་མེད་པའི་རིག་པ་རང་ཤར་དུ་གནས་པ་ནི་གཞི་གདོད་མ་ནས་དག་པའི་རང་བཞིན། བུམ་པ་དང་ཆུས་མཚོན་པ་སྟེ། མེ་ལོང་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །ཅེས་བཤད་དོ། །ལྷོའི་བུམ་པ་མགྲིན་པར་གཏུགས་ལ། སྭཱཿ རང་བྱུང་ཡེ་ཤེས་བུམ་
༢༨པ་རུ། །འདོད་ཡོན་རང་བྱུང་རྫས་ཀྱིས་བཀང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །བསམ་པ་ལྷུན་གྲུབ་དབང་ཐོབ་ཤོག །ཀཱ་ལིའི་རྗེས་ལ། རོ་རྣམས་འདུས་པའི་རྩ་ཡིག །ར་རཱ། ལྀ་ལཱྀ། ཨཾ་ཨེ། ཨ་ཨཱ། ཞེས་བརྗོད་ལ། ཆུ་ཐིགས་གཅིག་བླུད་ལ་ཁྲུས་བྱའོ། །དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་ལ་གང་འདོད་ཀྱི་ཡོན་ཏན་ལྷུན་གྲུབ་ཏུ་ཡེ་ནས་ཡོད་པ་ནི་བུམ་པ་དང་ཆུས་མཚོན་པ་སྟེ། རང་ངོ་ཤེས་པས་བསམ་དགུ་འགྲུབ་པ་ནི། །མཉམ་ཉིད་ཡེ་ཤེས་སུ་ངེས་ཤེས་སྐྱེད་ཅིག །ཅེས་བཤད་དོ། །ནུབ་ཀྱི་བུམ་པ་ལྟེ་བར་གཏུགས་ལ། ཨཱཿ མ་སྐྱེས་ཆགས་བྲལ་བུམ་པ་རུ། །བདེ་ཆེན་རྒྱུན་སྤྲོའི་རྫས་ཀྱིས་བསྐང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཆགས་པ་འཛིན་མེད་དབང་ཐོབ་ཤོག །ཨཱ་ལིའི་རྗེས་ལ་སྐྱེད་བྱེད་འཁོར་ལོའ་རྩ་ཡིག །ཨ་ཏ་ལི་ཧ། ཨཱུ་དྷ་རཾ་ཡཾ་ཎཾ་ན་ཛ་ཊི་ས་ཁ་རཾ་ཡཾ། ཞེས་བརྗོད་ནས། ཆུ་ཐིགས་གཅིག་ལྟེ་བར་བླུགས་ལ་ཁྲུས་བྱའོ། །དེ་ཡང་སེམས་ཉིད་སྐྱེ་བ་མེད་པ་ཡེ་ནས་ཆགས་པ་དང་བྲལ་བ་བདེ་བ་ཆེན་པོའ་དོན་ནི། ལུས་གནས་འཁོར་ལོར་དྭངས་མ་ཆེན་པོ་བདུད་རྩིས་བཀང་བའི་རྒྱུན་ལས་བྱུང་བ་སྟེ། བུམ་པ་དང་ཆུས་མཚོན་ནས། ཁམས་བདེ་བ་ཆེན་པོའ་འབེབས་ལྡོག་བསྐྱིལ་བའི་རང་བཞིན་གཟུང་འཛིན་དང་། བྲལ་བ། སོ་སོར་རྟོགས་པའི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །ཅེས་བཤད་དོ། །བྱང་གི་བུམ་པ་སྔར་གྱི་གནས་བཞི་ཀར་གཏུགས་ཤིང་། ཧཱཿ ཡེ་ཤེས་ཟང་ཐལ་བུམ་པ་རུ། །འགགས་མེད་རླུང་ལྔའི་རྫས་ཀྱིས་བཀང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩལ་ཆེན་རྫོགས་པའི་དབང་ཐོབ་ཤོག །ཨཱ་ལི་ཀཱ་ལི་དང་འཁོར་ལོ་བཞི་ཀའི་རྩ་ཡིག་གི་རྗེས་ལ། ཧ་ཧེ་ཧོ། །ཞེས་བརྗོད་ནས་ཆུ་ཐིགས་རེ་བླུགས་ལ་ཁྲུས་བྱའོ། །དེ་ཡང་རིག་པའི་ཡེ་ཤེས་ཟང་ཐལ་ཡེ་
༢༩གྲོལ་ཆེན་པོའ་ངང་ནས་དྭངས་མའི་རླུང་ལྔ་ཡེ་ཤེས་སུ་གསལ་བ་ཉིད་བུམ་པ་དང་ཆུས་མཚོན་པ་སྟེ། རང་ཤར་རང་གྲོལ་ཆེན་པོའ་རང་རིག་རང་བྱུང་གི་ཡེ་ཤེས་རྩལ་ཆེན་ཡེ་ནས་རྫོགས་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་རང་ངོ་ཤེས་པར་གྱིས་ཤིག །ཅེས་བཤད་དོ། །དེ་དག་ནི་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་མཚོན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །གཉིས་པ་གསང་བའི་དབང་ནི། ཀ་པཱ་ལ་བདུད་རྩིས་བཀང་བ་བཏེགས་ལ་གནས་བཞིར་གཏུགས་ལ། རྩ་གནས་བཞིའི་དབུས་ན་ཀུན་བཟང་ཡབ་ཡུམ་སྦྱོར་བའི་བརྡས་བསྐུལ་བས་བྱང་སེམས་བབས་པས། རྩ་གནས་དང་ལུས་ཀུན་གང་ནས་བདེ་བ་ཆེན་པོའ་ངང་ལ་དར་ཅིག་བཞག་ལ། ཧཱུྃ། བདེ་ཆེན་གདལ་བ་རང་བྱུང་ཀ་པཱ་ལར། །ཆགས་པ་དངོས་དག་ཀུན་བཟང་ཐིག་ལེས་བཀང་། །རིགས་ཆེན་སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩ་རླུང་བྱང་སེམས་མཆོག་ལ་དབང་ཐོབ་ཤོག །ཅེས་པའི་རྗེས་ལ། ཨཱ་ལི་ཀཱ་ལི་དང་འཁོར་ལོ་བཞིའི་རྩ་ཡིག་ཚང་བར་བརྗོད་ནས། ཧུབ་རེ་བཏུང་བས་བདེ་བ་རྒྱས་པར་བསམ་མོ། །དེ་ཡང་རང་བྱུང་གི་ཡེ་ཤེས་ཡེ་ནས་བདེ་བའི་ངང་དུ་ཀུན་བཟང་ཡབ་ཡུམ་གྱི་དྭངས་མ་བབས་པས་བདེ་བར་ཤར་བ་ནི། གཉིས་མེད་ཡོངས་གྲོལ་གྱི་ཆོས་སྐུར་ངོ་ཤེས་པར་གྱིས་ཤིག །ཅེས་བཤད་དོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། གང་ཟག་གི་རིམ་པས། དངོས་སམ་ཡིད་ཀྱི་མུ་དྲ་ལ་འཁྱུད་ལ། ཧཱུྃ། སྣང་སྲིད་བདེ་ཆེན་གདལ་བའི་ཞིང་ཁམས་ལ། །རོལ་པའི་ཡེ་ཤེས་བདེ་བ་ཆེན་པོར་ཤར། །ཐབས་ཤེས་འདོད་པ་སྤྱད་པས་གྲོལ་གྱུར་ཏེ། །མ་འགག་རོལ་པར་སྤྱོད་ཅིག་བདེ་བ་ཆེ། །ཞེས་པས་ཀུན་བཟང་ཡབ་ཡུམ་དུ་མོས་ཏེ་སྙོམས་པར་ཞུགས་ལ། ཐིག་ལེ་སྤྱི་བོ་ནས་གཡོ་བ་དགའ་བའི་ཡེ་ཤེས། མགྲིན་པར་
༣༠བབས་པས་མཆོག་དགའི་ཡེ་ཤེས། སྙིང་གར་བབས་པས་དགའ་བྲལ་གྱི་ཡེ་ཤེས། ལྟེ་བ་ནས་གསང་བར་བབས་པ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སུ་ངོ་སྤྲད་ལ། དབང་གི་དོན་བཤད་པ་ནི། སྐལ་ལྡན་སྣང་སྲིད་སྣོད་བཅུད་ཐམས་ཅད་ཡེ་ནས་ལྷའི་རང་བཞིན་དུ་གནས་ཤིང་སྐྱེས་པ་དང་བུད་མེད་དུ་སྣང་བ་ཡེ་ནས་ཐབས་ཤེས་སུ་འབྲེལ་བ་ལྷན་ཅིག་རོལ་པའི་བདེ་བ་ནི། ཡེ་ནས་རྒྱལ་བའི་དགོངས་པ་ཡེ་ཤེས་བཞིར་གནས་པས་མ་སྤངས་པར་ཡེ་ཤེས་ཀྱི་ངོ་བོར་ལྷན་ཅིག་ལོངས་སྤྱོད་པར་གྱིས་ཤིག་དང་མྱུར་ཏུ་གྲོལ་བར་ངེས་སོ། །ཞེས་བརྗོད་དོ། །བཞི་པ་ཚིག་དོན་ངོ་སྤྲད་ཀྱི་དབང་ནི། བརྡའི་དོན་བརྗོད་པས་ཏེ། ཀྱེ་སྐལ་བ་དང་ལྡན་པའི་བུ་རྣམས་ཉོན་ཅིག །ནམ་མཁའི་དབྱིངས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཉི་ཟླ་གཉིས་ཤར་ནས་འདུག་པ་དེ་མཐོང་ངམ། བར་སྣང་གི་འཇའ་ཚོན་ལ་རླུང་གི་ཞགས་པས་བཏབ་ནས། འདུག་པ་དེ་མཐོང་ངམ། རྒྱ་མཚོའ་ནོར་བུ་ཤེལ་གྱི་རྟ་མཆོག་ཞོན་ནས་ཉི་ཟླའི་སྟེང་དུ་དཀྱུས་ཐག་གཅོད་པ་དེ་མཐོང་ངམ། འབྱུང་ལྔའི་གྲོང་ཁྱེར་དུ་རིགས་དྲུག་གི་དམག་མི་བཅུག་ནས་རི་རབ་ཀྱི་སྟེང་དུ་སོང་བའི་མི་དང་། ཁམས་གསུམ་གྱི་འཕྲང་ལ་ཤེལ་གྱི་མི་ཕོ་བཙོན་དུ་བཟུང་བ་དེས་ཁམས་གསུམ་སྐད་ཅིག་ལ་བསྐོར་ནས་རང་ཁྱིམ་དུ་གཉིད་དུ་སོང་བ་དེ་མཐོང་ངམ། ཞེས་བརྗོད་ལ་བརྡ་བཞིའི་དོན་དགྲོལ་བ་ནི། དབྱིངས་ཀྱི་ནམ་མཁའ་ལ་རིག་པ་ལུ་གུ་རྒྱུད་ཀྱི་ནོར་བུ་ཤར་དུས། མིག་ཉི་ཟླ་གཉིས་ཀྱི་མཐོང་བ་དང་པོའོ། །འདི་ལའང་ནང་གི་དབྱིངས་རྣམ་ངག་སྒྲོན་མ་སྙིང་གའི་འོད་ཕུང་གི་དབུས་ན་རིག་པ་གནས་པ་ལས། ལུ་གུ་རྒྱུད་ནོར་བུའི་འོད་རྩར་ཕྱིར་འཕྲོས་པའི་སྣ་གཉིས་ལས་མིག་གི་གདངས་ཉི་ཟླའི་ཚུལ་དུ་ཐིག་ལེ་སྟོང་པའི་སྒྲོན་མར་ཤར་བ་ཡིན་ལ། ཕྱིའི་དབྱིངས་ནམ་མཁའ་སྤྲིན་མེད་ལ་གདངས་ཀྱི་རིག་པ་ལུ་གུ་རྒྱུད་ནོར་བུ་ལྟར་ཤར་བ་ལ་མིག་གིས་བལྟ་བའོ། །བརྡ་
༣༡གཉིས་པ་ནི། ནང་དབྱིངས་ཀྱི་གདངས་འོད་ལྔ་བར་སྣང་ལ་ཤར་དུས། རིག་པ་མ་ཡེངས་པར་གཏད་ནས་རླུང་འགྲོ་འོད་བཅད་པས་ཐིག་ལེ་འགུལ་ཕྲིགས་མེད་པར་ཟིན་པའོ། །བརྡ་གསུམ་པ་ནི། སྙིང་གའི་རིག་པའི་གདངས་ཤེལ་སྦུག་ཅན་གྱི་ནང་ནས་ཞུགས་ནས་མིག་གཉིས་ཀྱི་སྟེང་ལ་ཟང་ཐལ་དུ་ཤར་བ་ལ། ནོར་བུ་དང་། རྟ་དང་། ཉི་ཟླ་བཏགས་པའོ། །བརྡ་བཞི་པ་ནི། དབྱིངས་ལས་གཡོས་ཏེ། རང་ངོ་མ་ཤེས་པའི་དབང་གིས་འཁོར་བར་འཁྱམས་དུས། སེམས་ཅན་སོ་སོའ་ལུས་འབྱུང་བ་ལྔའི་གྲོང་ཁྱེར་དུ་སེམས་རིགས་དྲུག་གི་དམག་མི་བཅུག་ནས་སྐྱེ་ཤིར་སྣང་བའི་སེམས་འཁྲུལ་པ་དེས། ལུས་རི་རབ་ཀྱི་སྟེང་དུ་འཁོར་ནས་བདེ་སྡུག་ལ་སྤྱོད་པ་དེ་དང་། སེམས་ཀྱི་འཆར་གཞི་སེམས་ཉིད་རིག་པའི་ཡེ་ཤེས་དྲི་མ་མེད་པ་ཤེལ་གྱི་མི་ཕོ་དེ་གཉིས། ཁམས་གསུམ་དུ་འཁོར་བའི་འཕྲང་ལ་མ་དག་པའི་ལུས་ངག་ཡིད་གསུམ་བཙོན་དུ་བཟུང་བ་ལྟར། སྣང་བ་སེམས་དང་ཡེ་ཤེས་གཉིས་པོ་ཡིན་པས་སེམས་ཀྱི་ཡེ་ཤེས་ལ་བཟུང་བས་འཁོར་ཡང་། རང་ངོ་ཤེས་པས་སྐད་ཅིག་ལ། ཁམས་གསུམ་ཡོངས་གྲོལ་དུ་ཤར་ཏེ། སེམས་ཡེ་ཤེས་ཀྱི་རང་ཁྱིམ་དུ་ཐིམ་པས་ཡེ་ཤེས་དབྱིངས་སུ་འཁྱིལ་པ་ཆོས་སྐུའི་ངང་དེར་གཉིད་ལ་སོང་བའོ། །མདོར་ན་ཡེ་ཤེས་ལས་སེམས་འཕྲོས། སེམས་ཀྱིས་ཡེ་ཤེས་ལ་བཟུང་བས་ཁམས་གསུམ་དུ་འཁོར་ཡང་། སེམས་ཀྱི་ཁམས་རྣམ་དག་ཡེ་ཤེས་ཀྱི་རང་ངོ་ཤེས་པའི་སྟོབས་ཀྱིས་མ་རིག་པ་བསལ་ཏེ། གདོད་མར་བཙན་ས་ཟིན་པའོ། །ཞེས་རྒྱས་པར་བཤད་ལ། རྡོ་རྗེའི་གླུས་བསྐུལ་བ། ཨེ་མ་ཧོ། །མ་ཡེངས་གསོན་ཅིག་རིགས་ཀྱི་བུ། །གཞི་ལ་འཁོར་འདས་གྲུབ་མེད་ཀྱང་། །རྩལ་གྱི་འཆར་ཚུལ་ངོ་མཚར་ཆེ། །དོན་དམ་ཚིག་གིས་མི་རྟོགས་ཀྱང་། །མངོན་སུམ་གདིང་ཐོབ་ངོ་མཚར་ཆེ། །
༣༢རིག་པར་སྐྱེ་འབྲི་མེད་མོད་ཀྱང་། །ལམ་སྣང་འཆར་ཚུལ་ངོ་མཚར་ཆེ། །ཀ་དག་གྲོལ་རྒྱུ་མ་མཆིས་ཀྱང་། །རླུང་རིག་དག་ཚུལ་ངོ་མཚར་ཆེ། །ཐེག་པའི་འཇུག་སྒོ་མཐའ་ཡས་ཀྱང་། །ཅིག་ཆར་ཐོབ་པ་ངོ་མཚར་ཆེ། །འཆར་ཚུལ་སྣང་བ་རྒྱ་ཆེ་ཡང་། །ངོ་བོ་གདིང་ཐོབ་ངོ་མཚར་ཆེ། །ཚིག་གི་སྤྲོས་པ་མང་མོད་ཀྱང་། །བརྡ་ཡིས་དོན་མཐོང་ངོ་མཚར་ཆེ། །ཞེས་པའི་དོན་ཡང་། གཞི་གཤིས་ཀྱི་ངོ་བོ་ལ་འཁོར་འདས་སུ་མ་གྲུབ་ཀྱང་རིག་རྩལ་རང་ཤར་དུས། རིག་མ་རིག་གིས་འཁོར་འདས་སུ་ཤར་བ་དང་། དོན་དམ་པའི་རང་བཞིན་ཚིག་གིས་མི་ཤེས་པ་རིག་པས་མངོན་སུམ་དུ་མཐོང་བ་དང་། གདོད་མའི་ཆོས་ཁམས་རང་བཞིན་གྱི་རིགས་སམ། སྙིང་པོ་ལ་འཕེལ་འགྲིབ་མེད་ཀྱང་། ཉམས་སུ་བླངས་པས་སྣང་བ་བཞི་རིམ་པས་འཆར་བ་དང་། ཀ་དག་གི་གཤིས་ལ་གྲོལ་རྒྱུ་མེད་ཀྱང་། གནད་ཟབ་མོས་རླུང་སེམས་དབྱིངས་སུ་དག་པ་དང་། ཐེག་པ་མང་པོ་ལས་སངས་རྒྱས་དུས་ལ་ལྟོས་ཀྱང་། ངོ་ཡི་ན་ཐོག་ཅིག་ཆར་དུ་ཤེས་པས་གྲོལ་བ་དང་། ཉམས་ལ་རྣམ་པ་ཚད་མེད་ཀྱང་། ངོ་བོ་གཅིག་ལས་མ་གཡོས་པར་ཐག་ཆོད་པ་དང་། ཚིག་གིས་སྤྲོས་ཏེ་མཐའ་ཡས་པར་བརྡ་གཅིག་གིས་ཐམས་ཅད་རྟོགས་པར་ནུས་པ་འདི་དག་ཤིན་ཏུ་ངོ་མཚར་ཆེའོ། །ཞེས་བཤད་དོ། །གཟེངས་བསྟོད་པ་ནི། དབང་འདི་ཉིད་ཐོབ་ནས་བསྐྱེད་རྫོགས་གནས་ལུགས་ཀྱི་དོན་ལ་དབང་ཐོབ་པ་དང་། རྩ་རླུང་ཡེ་ཤེས་ཀྱི་བདེ་བ་བསྒོམ་པར་དབང་བ་དང་། མ་འབད་ཀྱང་སྐྱེ་བ་གསུམ་ན་གྲོལ་བར་འགྲུབ་པ་ཡིན་ནོ། །ཞེས་བརྗོད་དོ། །དེ་ནས་མཎྜལ་ཕུལ་ལ། ཕྱི་ནང་གི་མཆོད་པས་མཆོད་དེ། ཚོགས་ཀྱི་འཁོར་ལོ་ལ་རོལ་པར་བྱའོ། །དབང་འདི་ནི་སྐལ་པ་རབ་དང་ལྡན་པ་གཉིས་ནས་བདུན་ཚད་ལས་མང་ན་མཁའ་འགྲོས་ཆད་པ་འབྱུང་བས་
༣༣མི་བྱ་བར་གསུངས་ཀྱང་སྣོད་དང་ལྡན་མི་ལྡན་བརྟགས་ཏེ་བྱ་བ་ཡིན་ནོ། །འདིར་དབང་ངེས་པའི་དོན་ཡང་རང་ཉིད་སྨིན་པས་གཞན་ཉིད་གྲོལ་བར་བྱའོ། །རྡོ་རྗེ་སློབ་དཔོན་མ་དག་པ་དང་། སློབ་མ་མ་དག་པས་བྱས་ན། ངན་སོང་གི་རྒྱུར་གསུངས་པའི་ཕྱིར། གཉིས་ཀ་དག་པ་གཅེས་སོ། །དེ་ཡང་སྐལ་བ་དང་ལྡན་པ་ཡིན་ངེས་ན། མང་པོའང་འགལ་བ་མེད་དེ། བདུན་གྱིས་ངོས་གཟུང་དང་མི་འགལ་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཁམས་བདུན་དག་པར་བྱ་བའི་སྣོད་ཡིན་པས་སོ། །ཞེས་དབང་གི་གནད་ཡིག་ལས་འབྱུང་བའི་ཕྱིར་རོ། །སྣོད་དང་མི་ལྡན་ན་གཅིག་ཀྱང་མང་བ་ཡིན་ཏེ། སྐལ་བ་མེད་ཅིང་ཆོས་ཀྱི་གསང་ཚིག་འཆོལ་བའི་ཕྱིར་རོ། །དུས་དང་རིམ་པ་ཡང་། ཕྲ་ཏིག་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་ཟད་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ་། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གིས། །སོ་སོའ་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤེས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །ཅེས་གསུངས་པས། ཕྱིའི་འབྱུང་བ་དགྲ་གྲོགས་མཐུན་པ། ནང་གི་ལས་དང་སྐལ་བར་མཐུན་པ་ལ་གྲངས་ངེས་པ་མེད་པར་བྱས་པས་འགྲུབ་བོ། །དེ་ལྟར་སྤྲོས་བཅས་དབང་གི་རིམ་པ་ལས། །ཇི་བཞིན་གསུངས་བཞིན་བཀོད་པའི་བསོད་ནམས་དེས། །འགྲོ་ཀུན་དབང་མཆོག་རྒྱལ་པོའ་གནས་ཐོབ་ནས། །དོན་གཉིས་ལྷུན་གྲུབ་ཡིད་བཞིན་རྫོགས་པར་ཤོག །བླ་མ་དམ་པ་རྣམས་ཀྱིས་སྔ་རབས་སུ། །རིམ་པ་འདི་ཉིད་ཡོངས་སུ་བཀོད་
༣༤ན་ཡང་། །འཁྲུགས་དང་མི་གསལ་གབ་པ་མངོན་ཕྱུང་ནས། །མ་ནོར་མ་འཁྲུགས་གསལ་བར་བཀོད་པ་ཡིན། །ཆོས་ཚུལ་འདི་ལ་ཁོ་བོས་སྔོན་སྦྱངས་པས། །ཚེ་འདིར་ངང་ངམ་ཤུགས་ཀྱིས་ལྷུན་གྱིས་གྲུབ། །དེ་ཕྱིར་དམ་པའི་བརྒྱུད་པ་མ་ཉམས་པར། །ཀློང་ཆེན་རབ་འབྱམས་བཟང་པོས་ལེགས་པར་སྦྱར། །གནད་ཀྱིས་གྲོལ་བ་ཡང་ཟབ་གདམས་པའི་མཆོག །གང་འདིས་སྐལ་བཟང་སྐྱེ་བོ་དགའ་བར་མཛོད། །གསང་བ་སྙིང་ཏིག་དབང་གི་དབང་རྣམ་པར་ཕྱེ་བ་ལས། སྤྲོས་བཅས་བུམ་པའི་དབང་གི་གསལ་བྱེད་ཚངས་པའི་དྲ་བ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།དགེའོ།། །།

༄༅། རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ་བཞུགས་སོ༎

༢༣༣ ༄༅། རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ་བཞུགས་སོ།། །
༢༣༤ ༄༅། །ན་མོ་གུ་ར་ཝེ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམས་པའི་རྟགས་ཚད་ལ་འཕྲོས་ནས་རྟགས་ཀྱི་རྣམ་བཞག་རག་པ་རྣམས་བཤད་པར་བྱའོ། །འདི་དག་ཀྱང་རྩ་བ་རྣམས་རྒྱུད་འགྲེལ་ལས་གསལ་བར་གསུངས་ཤིང་། བརྒྱུད་པ་གོང་མ་རྣམས་ཀྱིས་འདི་དག་མཐའ་དག་ཉམས་མྱོང་གིས་གྲུབ་པར་མཛད་ལ། ད་ལྟའི་བར་དུ་ཡང་ཡན་ལག་དང་པོ་དངོས་དང་གཞན་རྣམས་རྗེས་མཐུན་པའི་དབང་དུ་བྱས་ན། ཉམས་མྱོང་གི་གཙོ་བོ་གཙོ་བོ་རྣམས་ལ་རྟགས་ཐོན་པ་དང་ཡོན་ཏན་སྐྱེས་པའི་རྒྱུན་མ་ཆད་པའི་རིམ་པ་ཅན་ཡིན་ནོ། །དེ་ཡང་བོད་ཡུལ་གྱི་གདམས་པ་ཆོས་གཞན་རྣམས་ཀྱི་ཉམས་མྱོང་རྟགས་ཚད་རྣམས་ད་ལྟར་བསྒོམ་པའི་ཚེ། བཤད་ཚོད་དང་མཐུན་མི་མཐུན་ཅི་རིགས་ཡོད་ཅིང་། ཆོས་འདི་རྣམས་ལ་རྟགས་རྣམས་འཁྲུལ་མེད་ཅན་དུ་འབྱུང་བ་ནི། རྒྱུད་དང་སེམས་འགྲེལ་སྐོར་གསུམ་ནས་མན་ངག་གི་རྩ་བ་ཐམས་ཅད་ལྷག་ཆད་མེད་པར་གསུངས་པས། གདམས་ངག་འདི་ནི་རྡོ་རྗེ་འཆང་གི་དགོངས་པ་ཟུར་མ་ཉམས་པ་ཡིན་ལ། གཞན་རྣམས་
༢༣༥ ལ་ནི་སེམས་འགྲེལ་སྐོར་གསུམ་ལྟ་བུའི་དབང་པོ་མེད་ཅིང་། རྒྱུད་ཚིག་རྣམས་ཀྱང་ཞལ་མི་གསལ་ཞིང་གབ་པར་ཡོད་པས་བརྒྱུད་པ་མང་པོ་ཞིག་བརྒྱུད་པ་ལས་མན་ངག་གི་ཟུར་ཉམས་པའི་རྒྱུ་ལས་ཡིན་ནོ་གསུངས་སོ། །དེ་ལ་སྔོན་འགྲོ་དབེན་གསུམ་གྱི་སྐབས་སུ་མཐོང་ཉམས་དང་ལུས་ཉམས་སོགས་ནི་མ་ངེས་པ་སྣ་ཚོགས་འབྱུང་། དབེན་གསུམ་དང་སོར་སྡུད་ཀྱི་སྐབས་ཅི་རིགས་སུ། ལུས་གནད་མདུན་དུ་བུབ་ན་སྙིང་གའི་དབུས་ཀྱི་ནང་མདུན་གྱི་རླུང་དང་ཕྲད་པས་ཤེས་པ་ཧོལ་ལེ་བ་འབྱུང་། གཡས་སུ་ཡོ་ན་མེ་དང་ཕྲད་པས་འཚུབ་ལོང་བ་དང་། གཡོན་དུ་ཡོ་ན་ཆུ་དང་ཕྲད་པས་ཉོག་གེ་བ་དང་། རྒྱབ་ཏུ་ཡོ་ན་ས་དང་ཕྲད་པས་བྱིང་ཞིང་སྲ་འཐས་པའི་ཉམས་འབྱུང་། དེ་དག་སྤངས་ཏེ་སྒལ་ཚིགས་བསྲངས་པས་སྙིང་ལྟེ་བར་གྱི་རྩ་འདྲོངས་པས་སྲོག་རླུང་འཆིང་། རྡོ་རྗེ་སྐྱིལ་ཀྲུང་དང་འོག་ཚགས་ལེགས་པོར་བྱས་པས་ཐུར་སེལ་དང་། མགྲིན་པ་དགུགས་པས་གྱེན་རྒྱུ་དང་། གསུས་པ་མཉམ་དགང་དུ་ཤུགས་ལ་ཡང་འབྱུང་བ་བྱེད་
༢༣༦ ཀྱང་དགོས་ཏེ་དེས་མཉམ་གནས་དང་། ལྟ་སྟངས་ཀྱིས་མིག་ཏུ་རྒྱུ་བའི་རླུང་དང་། མགྲིན་པ་བཀུག་ནས་སོ་མཆུ་རང་སོ་དང་། ལྕེ་རྩེ་ཡར་རྐན་ལ་སྦྱར་བས་རྣ་བའི་རྩ་ཡང་ཁྱུར་ཏེ་འོང་བས་རྣ་བ་དང་ལྕེ་བའི་རླུང་འཆིང་བ་དང་། སྦྱོར་བ་དེ་དང་རླུང་སྣ་ནས་དལ་བུས་བཏང་བས་སྣའི་རླུང་དང་། ཁུ་ཚུར་བརླ་བཞག་ལུས་གྲིམས་ལྷོད་རན་པར་བྱས་པས་ལུས་དབང་ལ་རྒྱུ་བའི་རླུང་དང་། ཐམས་ཅད་བསྡོམས་པས་ཁྱབ་བྱེད་ཀྱི་རླུང་འཆིང་སྟེ། དེ་ཡང་ལུས་གནད་ཁོ་ནས་འཆིང་ཐུབ་པ་རང་ཏ་མ་ཡིན་མོད། ལུས་གནད་དང་དམིགས་པ་སྦྱར་བས་ཡིན་ནོ། །དེ་ལྟར་བསྒོམས་པས། སེམས་ཉམས་གཙོ་ཆེ་བའི་དབང་དུ་བྱས་ན། ཉམས་གནས་སྐབས་དང་པོ་ནི། སེམས་སྐད་ཅིག་ཀྱང་མི་གནས་ཤིང་རྣམ་རྟོག་སྔར་བས་མང་བ་འཕྲོ་རྒོད་ཆེས་ཆེ་བ་འབྱུང་། འགའ་ཞིག་གཅིག་རྟིང་ལ་གཅིག་བྲེང་མ་ཆད་ཅིང་རིགས་མི་འདྲ་བ་ཤ་སྟག་འབྱུང་བའང་ཡོད། འགའ་ཞིག་ཡུལ་གཅིག་ལ་བརྟེན་པ་ཉིད་རྣམ་འགྱུར་མི་འདྲ་ཙམ་གྱིས་ཡང་ཡང་དྲན་ཡོང་བའང་ཡོད། ད་སྒོམ་མི་སྐྱེ་བ་ཡིན་ནམ་སྙམ་པ་དང་། འདི་བས་གཞན་ཞིག་བྱས་ན་དགའ་ལ་སྙམ་པ་ཡང་འབྱུང་། དེ་ནི་སྔོན་སྒོམ་མ་བྱས་པའི་དུས་ན་རྣམ་རྟོག་མང་ཡང་ཁ་ཕྱིར་བལྟས་སུ་སོང་ནས་ངོ་མ་ཤེས། འདིར་ཁ་ནང་ལོག་གིས་བལྟས་པས་འགྱུར་བ་ལ་འགྱུ་བ་རིག་ཤེས་བྱུང་བ་ཙོམཙམ་ཡིན་ཀྱི། རྣམ་རྟོག་སྔར་ལས་མང་དུ་སོང་བ་མིན། གཞན་ཡང་སྐབས་དེར་ཕར་ཆེར་ལ་ལུས་གནད་མ་འབྱོངས་པས་ལུས་ཀྱང་ན་ཟུག་ཆེ། དབུགས་འཐུམས་པ་དང་འདར་བ་འབྱུང་། སེམས་ཀྱང་ཚིག་པ་ཟ་བ་དང་། གཞན་དུ་འགྲོ་འདོད་པ་དང་། གུ་དོགདོགས་པའི་རྣམ་པ་
༢༣༧ སྔར་གྱི་ནད་གཞི་རྙིང་པ་ཡོད་ན་ལྡང་བ་སྙམ་བྱེད། དེ་ནི་ཅུང་ཟད་སེམས་ཟིན་པའི་འབྲས་བུ་སྟེ། གཡོ་བ་ཞེས་བྱ་བའི་ཉམས་ཡིན་ལ། དཔེ་རི་གཟར་གྱི་འབབ་ཆུ་དང་འདྲའོ། །གནས་སྐབས་གཉིས་པ་ནི། དེ་དག་ལ་སྐྱོན་ཡོན་དགའ་སྡུག་གང་དུ་ཡང་མ་བལྟས་པར་བསྒོམས་པས། སྔ་མ་ལྟར་རྣམ་རྟོག་མང་པོ་ཡོང་འཕྲོ་ལ་ཅུང་ཟད་རེ་ཞི་མལ་སོང་བ་དང་། ལུས་དང་དབུགས་ཀྱང་བདེ་བ་སྙམ་བྱེད། དེའི་འཕྲོ་ལ་སྔར་བཞིན་རྣམ་རྟོག་ལྡང་ཞིང་། ལུས་དང་དབུགས་ཀྱང་མི་བདེ་བ་སྐྱེ། དེ་ནི་ཐོབ་པ་ཞེས་བྱ་བའི་ཉམས་ཏེ། དཔེ་བྱ་ཙི་ཙི་མོའམ། རོང་ཁུང་དོག་པའི་འབབ་ཆུ་དང་འདྲའོ། །གསུམ་པ་ནི་ད་དུང་བསྒོམས་པས་མགོ་དང་རོ་སྟོད་ལྗི་བ་ཙམ་འབྱུང་། སྔར་ལས་རྣམ་རྟོག་དེ་ཕྲ་རུ་སོང་བ་སྙམ་བྱེད་ཅིང་ཤུགས་ཆུང་ལ། འཕྲལ་རང་ལ་ཡལ་འགྲོ་བ་མེ་སྟག་གནམ་དུ་ཡར་བ་ལྟ་བུ་དང་། རེས་འགའ་རྣམ་རྟོག་འཆར་ཚད་པ་ལ་ཟློག །རེས་འགའ་རྣམ་རྟོག་མི་འགྱུར་བར་ཧར་རེ་ཚོམ་མེ་གསལ་ཆ་དྭངས་ཆ་ངར་ཆ་མེད་པ་ལ་ལུས་ཡོང་། །དེ་སྐབས་སུ་ཧུར་ཕྱུང་ངར་བཏོན་ཏེ་བསྒོམ་པ་གལ་ཆེ། དེས་ཤེས་པ་གསལ་དྭངས་ཅན་ལ་ལྷན་ལྷན་གནས་པ་འོང་། དེ་འཕྲོ་ལ་རྣམ་རྟོག་ཐོལ་ལོ་ལོ་སྐྱེ་དེ་ལྟར་སྤེལ་མར་འབྱུང་སྟེ། ལུས་ཉམས་ངག་ཉམས་སྔར་བས་ཆེས་འཇོམ་ཞིང་བདེ་བའི་མགོ་ཟིན་ཏེ། གོམས་པ་ཞེས་བྱ་བའི་ཉམས་ཡིན་ལ། དཔེ་མི་རྒན་པོའ་སྤྱོད་ལམ་དང་། རི་དྲུང་གི་རྫིང་བུའམ་སྦལ་པ་མཆོད་པ་དང་འདྲའོ། །བཞི་པ་ནི། ད་དུང་ཡུན་བསྲིངས་ཏེ་བསྒོམས་པས་རྣམ་རྟོག་ཆིག་སྐྱེར་བ་དང་། གཉིས་བསྟུད་གསུམ་བསྟུད་ཐོལ་ཐོལ་བ་འབྱུང་། ཕལ་ཆེར་རྩེ་གཅིག་ཏུ་འཇམ་ཉལ་ལེ་
༢༣༨ གསལ་སེང་ངེ་གནས། ལུས་ཉམས་ཕལ་ཆེར་བདེ་ཆམ་པ་འབྱུང་། རླུང་ཡང་ཕལ་ཆེར་འཇམ་ཞིང་བདེ། རེས་འགའ་སྣ་སྒོའི་རླུང་གི་རེག་བྱ་དང་སྒྲ་ཤིན་ཏུ་གསལ་བས་སེམས་གནས་སུ་མི་སྟེར་བར་སུན་པ་སྙམ་བྱེད། རེས་འགའ་རྣམ་རྟོག་འགྱུ་འགྱུ་འདྲ་ཡང་ངོས་བཟུང་མེད་པར་ལྷན་ནེ་གནས། རེས་འགའ་སེམས་བཏང་ཡང་མི་འགྲོ་སྟེ། དེ་ནི་བརྟེན་པའི་ཉམས་ཞེས་བྱ་བ་ཡིན། དཔེ་རུས་སྦལ་མཁར་གཞོང་དུ་བཅུག་པ་དང་། མཚོ་ཆུང་སེར་བུས་བསྐྱོད་པ་དང་། ལྕགས་སྦུགས་སུ་ཆུ་བླུག་པ་ལྟ་བུའོ། །ལྔ་པ་ནི་ད་དུང་འབད་དེ་བསྒོམས་པས་སྔ་མ་ལས་ཀྱང་ལུས་ཉམས་ངག་ཉམས་བདེ་ཞིང་ལུས་ཡོད་པ་མི་ཤེས། རླུང་རྒྱུ་བ་མི་ཚོར་བ་དང་། ཤེས་ཀྱང་བདེ་སྡུག་མེད་པའི་བཏང་སྙོམས་ལ་གནས་ཏེ་སེམས་མི་འཕྲོ་བ་དང་། འགའ་ཞིག་བརྟགས་ན་ཤེས་མ་བརྟགས་ན་མི་ཤེས་པའང་འབྱུང་། སེམས་ཞི་གནས་གཅིག་ཏུ་མེར་གྱིས་སོང་ནས། སེམས་གཞག་ན་སྡོད། བཏང་ན་འགྲོ། དགོས་དུས་སླེབ་ནས་རང་དབང་ཐོབ། སྒྲ་དྲག་པོ་སོགས་ཕྱིའི་རྐྱེན་བྱུང་བ་དང་། ནང་གི་རྩོལ་པས་སད་པར་བྱས་ན་མ་གཏོགས་ཐུན་རེ་འཁྱོངས་པ་འབྱུང་སྟེ། མཐར་ཕྱིན་པའི་ཉམས་ཞེས་བྱ་བ། དཔེ་རྒྱལ་པོ་འཁོར་ལ་དབང་བསྒྱུར་བ་དང་། རི་བོ་ཆེན་པོ་ལྟ་བུ་དང་། མཚོ་ཆེན་རླབས་དང་བྲལ་བ་ལྟ་བུའོ། །དེ་ལྟར་ཡང་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ཏེ། བསམ་གཏན་ལམ་གྱི་སྐྱེ་ཚུལ་ཡིན། །ཞེས་གསུངས། ཡང་ཉམས་སྐྱེ་ཚུལ་ལྔ་པོ་དེ་དག་ལ་རིམ་པས། རྣམ་རྟོག་ངོས་འཛིན་གྱི་ཉམས། ངལ་གསོའ་ཉམས། ཐང་ཆད་ཀྱི་ཉམས། རླབས་བཅས་ཀྱི་ཉམས། རླབས་དང་
༢༣༩ བྲལ་བའི་ཉམས་ཞེས་གསུངས། ལྔ་པ་འདི་འོད་གསལ་རྟགས་བཅུའི་སྟེང་དུ་གནས་ཤིང་བརྟན་པ་ཐོབ་ན། རྐྱེན་དྲག་པོས་ཀྱང་སྒོམ་ལ་འདུ་འབྲལ་མི་འབྱུང་སྟེ། འབྲས་བུ་འོད་གསལ་ལ་སྦྱོར་ཐུབ་གསུང་ངོ་། །དེ་དག་ལ་རེས་འགའ་སེམས་མི་གསལ་བ་དྭངས་ཆ་མ་རྙེད་པ་འབྱུང་སྟེ། དེ་ནི་ཞི་གནས་ལྟེང་སོར་གྲགས་པ་བྱེད་པ་དང་འདྲེན་པའི་སྐྱོན་ཡིན། ཕྱིས་སྐབས་གཅིག་ན་དེ་ལྟ་བུ་ཡང་བྱུང་རྒྱལ་དུ་བསྐྱངས་པས་མི་རྟོག་པ་སྐྱོན་མེད་དུ་འགྲོ་བ་ཡོད་ཀྱང་། རེ་ཞིག་ཤེས་པ་གྲིམས་ཆ་ཐོན་པར་བྱས་ལ་སྦྱང་དགོས། དེ་དག་གི་བར་བར་དུ་འདོད་ཡོན་གྱི་གཡེང་བ་སྔར་བྱས་དྲན་པ་ནི་མི་རྒོད་པ་དང་། ཕྱིས་བྱེད་འདོད་ནི་འདོད་པ་ལ་འདུན་པ་དང་། བྱ་ཉེས་ཕྲ་མོ་ཚུན་ཆོད་ལའང་འགྱོད་པ་སྐྱེ་བ་དང་། ཆོས་དང་བྱ་བ་གང་ལ་ཡང་ཡིད་གཉིས་ཐེ་ཚོམ་མང་པོ་འབྱུང་སྟེ། སྒོམ་ལ་བཞག་ནས་རིག་པ་དྭགས་པོ་བྱུང་བའི་ཚེ། དེ་དག་གང་རུང་ཞིག་བསྐྱར་གྱིན་བསྒྱར་གྱིས་བློ་ལ་འཆར་པས་སེམས་ལ་གནོད་པར་འབྱུང་སྟེ། ཕྱིས་སྐབས་གཅིག་ན་དེ་ལྟ་བུ་ཡང་བྱུང་རྒྱལ་དུ་བསྐྱངས་པས་གསལ་བའི་ཏིང་ངེ་འཛིན་གྱི་འགྲོ་བ་གྲོགས་སུ་འགྲོ་བ་ཅིག་ཡོད་ཀྱང་། རེ་ཤིག་ཆེད་དུ་སྤངས་ན་ལེགས་པས། དེ་དག་གི་ཡུལ་རྣམས་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པ་དང་། རྒོད་འདུན་ལ་ངེས་འབྱུང་དང་། འགྱོད་པ་ལ་སྤྲོ་བ་བསྐྱེད་པ་དང་། ཐེ་ཚོམ་ལ་བློ་ཐག་བཅད་པ་རྣམས་ལན་ཁ་ཡར་ཤུགས་བསྐྱེད་དེ་བསྒོམས་པས་སེལ། དེ་དག་ནི་དཔེནདབེན་གསུམ་དང་པོར་སྡུད་ཀྱི་སྐབས་སུ་ཅི་རིགས་པར་དགོས་སོ། །དཔེནདབེན་གསུམ་དང་ཐུན་མོང་བ་རྣམས་བཤད་ཟིན་ཏོ། །ད་ནི་སོར་སྡུད་ཀྱི་ཉམས་རྣམས་
༢༤༠ བཤད་པར་བྱ་སྟེ། ནང་དུ་རླུང་སེམས་འགགས་པ་ལས་རྟགས་བཅུ་འཆར་བའི་ཚུལ་ནི། ཤེས་རབ་ཀྱི་ཕྱོགས་ལས་རླུང་དབུ་མར་འདུས་པས་དུ་བ་ལྟ་བུ་སྟེ་ཕྱུར་པ་དང་། དུག་དང་ཆགས་པ་ལྟ་བུ་མེར་རེ་བ་དང་། སྤོས་རེང་གི་དུ་བ་ལྟ་བུ་ཁྱུར་ཁྱུར་འགྲོ་བ་དང་། ཆར་སྤྲིན་གསར་པ་འདྲ་བ་དང་། རྨུགས་པ་འཐིབས་བ་ལྟ་བུ་འབྱུང་ཞིང་། ཁ་དོག་སེར་དཀར་དམར་ནག་ལྗང་སྔོ་ཁྲ་བོ་སོགས་སྣ་ཚོགས་དང་། ཁ་དོག་གཅིག་པ་དང་། གཉིས་ལྡན་གསུམ་ལྡན་བཞི་ལྡན་ལྔ་ལྡན་ལ་སོགས་པ་སྣ་ཚོགས་དང་། ཚད་ཀྱང་ཆེ་ཆུང་མ་ངེས་པ་བརྟན་པ་དང་གཡོ་བ་རྒྱུ་པའི་ཚུལ་ཀྱང་གཅིག་ཏུ་མ་ངེས་པ་འབྱུང་ངོ་། །ངག་ཉམས་རླུང་ཐོན་དཀའ་བ་དང་། ལུས་ཉམས་ལུས་བརྗི་སྙམ་བྱེད། སྙིང་ག་ལ་སོགས་པ་ནས་གཞན་གྱིས་མནན་པའམ་བཙིར་བ་སྙམ་བྱེད་པ་འབྱུང་། སེམས་ཉམས་བྱིང་རྨུགས་ཤས་ཆེ་རྨི་ཉམས་སུ་དུ་བ་རླངས་པ་འཚུབ་མ་རྨུགས་པ་སོགས་དང་། སའི་འོག་ཏུ་ནོན་པ་དང་། ས་ཕུག་དང་ཁུང་དུ་ཉལ་བ་སོགས་འབྱུང་། ཆུ་རླུང་དབུ་མར་འདུས་པས། སྨིག་རྒྱུ་ལྟ་བུ་སྟེ་ཤིག་ཤིག་པ་དང་། ཆུ་བོ་ལྟ་བུར་རྒྱུག་པ་དང་། ཆར་ཟིམ་རླུང་གིས་བསྐྱོད་པ་ལྟར་ཧྲིབ་ཧྲིབ་བ་འབྱུང་། ཁ་དོག་དང་རྒྱ་ཆེ་ཆུང་དང་བརྟན་གཡོ་ལ་སོགས་པ་གོང་དུ་བཤད་པ་ལྟར་མ་ངེས་པའོ། །ལུས་ཉམས་འཇམ་ལ་མཉེན། ལུས་བསིལ་བ་དང་གང་ལྟར་འདུག་ཀྱང་བདེ་བའི་རྣམ་པ་འབྱུང་སེམས་ཉམས་གནས་པ་དང་རྣམ་རྟོག་རེས་མོས་སུ་འབྱུང་ཞིང་། བདེ་མི་བདེ་རེས་མོས་སུ་འཆར། །རྨི་ཉམས་སུའང་ཆུ་བོ་དང་ཆར་དང་སྨིག་རྒྱུ་ལ་སོགས་པ་འབྱུང་། །མེ་རླུང་འདུས་པས་སྲིན་བུ་མེ་ཁྱེར་ལྟ་བུ་སྟེ།
༢༤༡ འོད་ཕྲ་མོ་ཙིམ་ཙིམ་མང་པོ་ནམ་མཁའ་ལ་སྐྱེ་ཞིང་ཡལ་བ་དང་། འཕྲོ་ཞིང་འདུ་བ་དང་། ཏོག་ཡར་གྱིས་འགྲོ་བ་འབྱུང་། ལུས་ཉམས་དྲོད་ཆེ་བ་སྐབས་སུ་རྡུལ་དང་བཅས་པ་དང་། བཀྲེས་སྐོམ་གྱི་སྣང་བ་འབྱུང་། ངག་ཉམས་སུ་དབུག་ཁ་ཐུང་། སེམས་ཉམས་སུ་ཤེས་པ་གསལ་ལ་འཕྲོ་ཞིང་རྩུབ། རྨི་ཉམས་སུ་མེའི་སྣང་བ་མང་དུ་འབྱུང་། །རླུང་གི་རླུང་འདུས་པས་མར་མེ་འབར་བ་ལྟ་བུ་སྟེ། འོད་ཚད་འབྲིང་ཙམ་གསལ་ཞིང་། འབར་བ་ཡུན་རིང་དུ་གནས་ཤིང་གཡོ་བ་མེད་པ་དང་། འདར་ཁྲིལ་བ་འབྱུང་། འཕྲེང་དུ་བསྒྲིགས་པ་དང་། གཅིག་ཏུ་ཆེར་འབར་བ་དང་། གཅིག་རྟིང་ལ་གཅིག་འབྱུང་བ་སོགས་མདོག་དབྱིབས་ཚད་སོགས་མ་ངེས་པ་གོང་བཞིན་ནོ། །ལུས་ཉམས་ཡང་ཞིང་གཡོ། ངག་ཉམས་དབུགས་འཇམ་ཞིང་དལ། དབུགས་ཕྱི་ནང་དུ་འགག་པ་སྙམ་བྱེད། སེམས་ཉམས་ཡུལ་ཡུལ་བ་དང་། བརྗེད་ངས་ཆེ་བ་དང་། གཏད་མེད་དུ་ཆོ་ལང་ངེ་འབྱུང་། རྨི་ཉམས་སུ་རླུང་ཚུབས་དང་བྱ་སོགས་ལྡིང་བ། རྟ་སོགས་སྲོག་ཆགས་རྒྱུག་པའི་རྣམ་པ་འབྱུང་སྟེ་མཚན་རྟགས་བཞིའོ། །དེ་ལྟར་བཞི་དང་། འོག་ཏུ་འཆད་པའི་ཐིག་ལེ་ལྔ་ནི་ཤེས་རབ་ཕྱོགས་ཀྱི་འབྱུང་བ་ལྔ་འདུས་པ་ཡིན་པས། ཁམས་ལྔའི་རླུང་འདུས་པ་ཞེས་བྱའོ། །འདིའི་འཕྲོས་ལས་ནམ་མཁའི་རླུང་འདུས་ན་མཆོག་གི་ཆ་ལྟ་བུའི་རྟགས་སྐབས་འདིར་འབྱུང་ངོ་། །ཞེས་གསུངས་ལ། ཉིན་མཚན་གཉིས་ཀར་གྱི་ཐུན་མོང་དུ་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་རྟགས་ཀྱང་འབྱུང་སྟེ། འདི་ནི་ཉིན་རྟགས་རྣམས་འཆར་བའི་གཞི་ཡིན་པས་རྟགས་བཅུའི་ནང་དུ་ལོགས་སུ་མ་བགྲངས་པ་
༢༤༢ ཡིན་ནོ། །དེ་ཡང་སྐར་ཁུང་གི་བུ་ག་ལྟ་བུ་དང་། གློ་སྐར་དང་། མཐོངས་ཀ་དང་། ཚགས་སེ་དང་གྲ་མིག་ལ་སོགས་པའི་རྣམ་པ་འབྱུང་ཞིང་། མཐར་དེ་དག་གཅིག་ལ་གཅིག་འབྲེལ་ཏེ། ཇེ་ཡངས་ཇེ་ཡངས་སུ་གྱུར་ནས། ནམ་མཁའ་མཐའ་དབུས་མེད་པར་འགྲོ། ཁ་དོག་མ་ངེས་པ་སོགས་གོང་དང་འདྲ། འོན་ཀྱང་ནམ་མཁའ་ལྟ་བུའི་རྟགས་ཡིན་ན་གང་མི་སྒྲིབ་ཅིང་དྭངས་པ་ཞིག་འོང་ངོ་། །ཐབས་ཀྱི་ཕྱོགས་མ་རླུང་གི་རླུང་དབུ་མར་འདུས་པས་སེར་པོ་འབར་བའི་རྣམས་པ་འབྱུང་སྟེ། སྤྲིན་མེད་པའི་ནམ་མཁའ་ལ་མེ་འོད་ཀྱིས་ཁྱབ་པ་དང་། ཐབ་ཀྱི་མེ་འདྲ་བ། ནག་མེས་ཚིག་པ་ལྟ་བུའི་རྣམས་པ་དང་། མེ་ལྕེ་གཡས་གཡོན་དུ་རྒྱུ་བ་སོགས་འབྱུང་སྟེ། དེ་ཡང་སེར་པོ་གཙོ་བོ་ཡིན་ལ་ཁ་དོག་མ་ངེས་པ་སྣ་ཚོགས་སུ་འབྱུང་བ་སོགས་གོང་དང་འདྲ། ཁྱད་པར་མུན་ཁང་དུ་དམར་པོ་ཤས་ཆེ་བ་དང་། སྤྲིན་མེད་ཀྱིས་ནམ་མཁའ་ལ་དཀར་པོ་ཤས་ཆེ་བ་འབྱུང་ཞེས་གོང་མ་འགའ་ཞིག་གསུང་། དེ་ཡང་གཅིག་ཏུ་མ་ངེས་པར་འདུག་ཅིང་། ལྷབ་ལྷབ་འབར་བའི་རྣམ་པ་ཅན་དུ་བྱུང་ན། ཁ་དོག་ཇི་ལྟར་བྱུང་ཡང་རུང་སེར་པོ་འབར་བའི་ཕྱོགས་མཐུན་དུ་བསྡུའོ། །མེ་རླུང་དབུ་མར་འདུས་པས་དཀར་པོ་འབར་བ་ཞེས་བྱ་བ་ཟླ་བའི་རྣམ་པ་འཆར་ཏེ་འོད་དཀར་པོ་ནང་རྒྱུག་པ་དང་། གློ་སྐར་དང་། མཐོངས་ཀ་ནས་ཟླ་ཟེར་ཤར་བ་དང་། ཚེས་གཅིག་ནས་བཅོ་ལྔའི་བར་གྱི་ཟླ་བའི་གཟུགས་སྣ་ཚོགས་པ་དང་། ཕྱོགས་ཐམས་ཅད་འོད་ཟེར་དཀར་པོས་ཁྱབ་པ་སོགས་མདོར་ན་ཁ་དོག་དཀར་པོ་ཤས་ཆེ་བའི་སྣ་ཚོགས་པ་དག་འབྱུང་སྟེ། སྐར་མདའ་འཕོ་བ་ལྟ་བུ་དང་ལྕགས་སྒྲོག་ལྟར་
༢༤༣ སྦྲེལ་བ་དང་སྐྱ་ལིང་བ་སོགས་འབྱུང་ངོ་། །ཆུ་རླུང་དབུ་མར་འདུས་པས་དམར་པོ་འབར་བ་ཉི་མ་ལྟ་བུའི་ཉམས་འབྱུང་སྟེ། ཉི་མའི་དཀྱིལ་འཁོར་མཐོང་ཡང་རི་རྩེ་ཁང་ལོགས་ས་མཐིལ་སོགས་ལ་ཉི་འོད་འཕོག་པ་ལྟ་བུ་དང་། གློ་སྐར་དང་ཐོངས་ཀ་ནས་ཉི་མཐོངས་བྱུང་བ་འདྲ་བ་དང་། ཁུན་ཁང་གི་ནང་ཉིན་མོ་ལྟར་མཐོང་བ་དང་། ཉི་མའི་དཀྱིལ་འཁོར་ལྟ་བུའི་འོད་ཟེར་གསལ་བ་དབྱིབས་དང་ཁ་དོག་མ་ངེས་པ་དང་། འོད་ཟེར་གསལ་ཞིང་འཚེར་བས་མི་བཟོད་པ་དང་། དམར་སྒོ་རེ་བ་འོད་མེད་པ་དང་། དཀྱིལ་འཁོར་ལྗང་ཁུ་དང་ལྗང་སེར་སོགས་འབྱུང་། ས་རླུང་དབུ་མར་འདུས་པས་ནག་པོ་འབང་བ་སྒྲ་གཅན་གྱི་ཉམས་འབྱུང་སྟེ། རིན་པོ་ཆེ་ནག་པ་ལྟ་བུ་དང་། མིག་གི་རྣམ་པ་ལྟ་བུ་དང་། མཚན་མོའ་སྤྲིན་དང་རྨུགས་པ་བཞིན་ནག་ལིང་ལིང་བ་དང་། ནག་བུན་བུན་བ་དང་། ནག་སྒོར་སྒོར་བ་དང་། ནག་རིལ་རིལ་བ་སོགས་དྭངས་ཤིང་སྒྲིབ་པ་མེད་པ་ཆེ་ཆུང་མང་ཉུང་མ་ངེས་པ་ཁ་དོག་ཀྱང་ནག་པོ་ཤས་ཆེ་བའི་ཁ་དོག་མ་ངེས་པ་སྣ་ཚོགས་འབྱུང་ཞིང་། ལྟོས་འགྲོའི་དབྱིབས་དང་ཁྲོ་ཞལ་གྱི་རྣམ་པར་སྣང་བ་ཀུན་ཀྱང་སྐབས་འདིར་འབྱུང་ཞེས་གོང་མ་འགའ་ཞིག་གསུང་། སྟེང་ཕྱོགས་ན་གནས་པ་ནམ་མཁའི་རླུང་འདུས་པ་ལས་མཆོག་གི་ཆ་སྟེ། བློགགློག་འོད་ཀྱི་རྣམ་པ་འབྱུང་བ་ནི། དང་པོ་འོད་ཁྱུག་ཁྱུག་པ་དང་། དེ་ནས་འོད་ཆེམ་ཆེམ་པས་ཁྱབ་པ་སྔ་མ་ལས་ཡུན་རིང་བ་དང་། མཐར་གོམས་ན་འོད་ཆེམ་མེ་བ་ཞིག་གིས་ཁྱབ་པའི་ངང་ནས་འོད་ཕྲ་མོ་མང་པོ་གཡོ་ཞིང་འཁྱུག་པ་འབྱུང་ངོ་། །དེ་ལྟར་ལྔ་པོ་དེ་རྣམས་
༢༤༤ ཐབས་ཀྱི་ཕྱོགས་འབྱུང་བ་ལྔ་འདུས་པ་ཡིན་པས། ཕུང་པོ་ལྔའི་རླུང་འདུས་པ་ཞེས་བྱའོ། །འོག་ཏུ་ཡེ་ཤེས་ཀྱི་རླུང་ཀྱི་རླུང་འདུས་པ་ལས་ཐིག་ལེའི་རྣམ་པ་འབྱུང་སྟེ། ཁ་དོག་སྔོན་པོ་གཙོ་བོ་ཡིན་ཀྱང་གཅིག་ཏུ་མ་ངེས་པ་སྟེ། ཁ་དོག་དྲུག་པོ་རེ་རེ་དང་། གཉིས་ལྡན་དྲུག་ལྡན་གྱི་བར་དུ་འབྱུང་ཞིང་། ཐིག་ལེའི་ནང་སྟོང་པ་དང་། ནང་ཐིག་ལེ་རང་དང་མདོག་འདྲ་བས་གང་བ་དང་། ཁ་དོག་མི་འདྲ་བ་སྣ་ཚོགས་པས་གང་བ་དང་། དབྱིབས་དང་ཆེ་ཆུང་མ་ངེས་པར་འབྱུང་། དེ་ལྟར་ཉིན་རྟགས་དྲུག་ལ་ཤས་ཆེར་མཐུན་པར་ལུས་ཉམས་འཇམ་ཞིང་བདེ་བ། ལུས་ཡོད་དུ་མི་ཚོར་བ་དང་། དག་ཉམས་རླུང་རྒྱུ་བ་མི་མངོན་པ་ཙམ་དང་། སེམས་ཉམས་གསལ་སྟོང་རྟོག་མེད་དུ་སིང་ངེ་བ་གནས་པ་འབྱུང་ཞིང་། སྐབས་འདིར་གཡང་ཟ་བ་སྙམ་བྱེད་པའི་འཇིགས་པ་དང་། གང་ཡང་མེད་སྙམ་པ་འབྱུང་ཞེས་ཀྱང་གོང་མ་ཁ་ཅིག་གསུང་། དེ་ལྟར་རྟགས་བཅུར་གྲགས་པ་ལ། དུ་བ་ལ་སོགས་པ་སོ་སོའ་མིང་དང་རྣམ་པ་མཐུན་པར་འཆར་བ་དེ་ལ་ལུས་ཉམས་སོགས་ཐམས་ཅད་ཚང་བ་གོ་རིམ་ངེས་ཅན་དུ་བྱུང་ན་ངེས་པའི་རྟགས་དང་ཕྱོགས་མཐུན་སྣང་བ་གཞན་འཆར་བདེ་ལ་མ་ངེས་པའི་རྟགས་ཞེས་ཐ་སྙད་སྦྱོར་བར་མཛད་དེ། མ་ངེས་པའི་རྟགས་དེ་ཡང་འདི་ལྟར་ས་རླུང་དབུ་མར་ཆུད་པས་རི་རབ་ཁང་ཁྱིམ་ལ་སོགས་པ་དང་། ཆུ་རླུང་ལ་མཚོ་དང་འབབ་ཆུ་ལ་སོགས་པ་དང་། མེ་རླུང་ལ་མེ་འབར་བ་ལ་སོགས་པ་དང་། རླུང་གི་རླུང་ལ་འཚུབ་མ་དང་སེར་བུ་ལ་སོགས་པའི་སྣང་བ་དང་། ནམ་མཁའི་རླུང་ལ་ནམ་མཁའ་དང་། བར་སྣང་དང་། ཕུག་སྟོང་སོགས་
༢༤༥ སྦུབས་སྟོང་བ་དང་། རས་ཡུག་སྔོན་པོ་བརྐྱདབརྐྱང་པབ་འདྲ་བ་སོགས་སྣ་ཚོགས་འབྱུང་། གཞན་ཡང་སྦྲང་གཤོག་ལ་ཉི་ཟེར་ཕོག་པ་འདྲ་བ་སོགས་དང་། འཇའ་འོད་ཕྲ་མོ་དང་། སྐྱ་ཁྱམ་ཁྱམ་པ་སོགས་འབར་བ་དང་ཟླ་བའི་རྣམ་པ་ཅི་རིགས་སུ་བསྡུ་བ་དང་། གསོར་མིག་ལྟ་བུ་དང་སྔོ་ལྗང་སོགས་ཉི་མར་བསྡུ་བ་དང་། ཤིང་སྡོང་གི་གྲིབ་མ་འདྲ་བ་དང་། ཐག་པ་སྲད་བུ་ནག་པོ་སོགས་སྒྲ་གཅན་དང་། སོག་མདའ་འཕངས་པ་འདྲ་བ་ཁ་དོག་མ་ངེས་པ་ཕྲ་མོ་རྒྱུག་པ་འབྱུང་བ་ནི་གློག་དང་། ཁ་རླངས་ལྟ་བུ་དང་འགལ་མེ་སྐོར་བ་བྱེད་པ་ལྟ་བུ་དང་། བྱ་ལྡིང་བ་འདྲ་བ་སོགས་ཐིག་ལེའི་རིགས་སུ་གཏོགས་ཞེས་གསུང་ཞིང་། ཉམས་གཞན་ཡང་ཅི་རིགས་པ་ལ། ལུས་ཉམས་འགུལ་སྙིང་མི་འདོད་པ་དང་། ངག་ཉམས་ལྕེ་སྒྱུར་བ་དཀའ་ཞིང་སྨྲ་མི་འདོད། སེམས་ཉམས་གསལ་ལ་བརྟན་པ་གཞན་དུ་མི་འཕྲོ་བ་རྣམས་ས་རླུང་གི་བྱེད་པ་ཡིན། ལུས་ཉམས་འཇམ་མཉེན་ཤེད་ཆུང་བ། སེམས་ཉམས་དགའ་ཤས་ཆེ་བ་ལ་རེས་འཕྲོ་རྒོད་ཐུང་རེས་ཏིང་ངེ་འཛིན་བཟང་ན་ཆུ་ཁམས་ཀྱི་ནུས་པ་ཡིན། ཧ་ཅང་འཕྲོ་རྒོད་ཆེ་ན་གློངགློད་པས་ཕན། ལུས་ཉམས་ཁང་པའི་ནང་ནས་མེ་འབར་བ་ལྟ་བུ་དང་། དུ་བས་འཚུབས་པ་འདྲ་བ་དང་། ཤིན་ཏུ་སྐམ་དང་ཆེ་བ་དང་། སེམས་ཉམས་བློ་རྒོད་ལ་རྩུབ་ཅིང་སྤྲོ་ཐུང་། རྨི་ཉམས་སུའང་མེས་ཚིག་པ་སོགས་བྱུང་ན་མེ་ཁམས་ཀྱི་བྱེད་པ་ཡིན། སྤྲོ་ཐུང་བ་ལའང་གློད་པས་ཕན། ལུས་ཉམས་རླུང་གིས་ཁྱེར་བ་སྙམ་བྱེད། ནམ་མཁའ་ལ་འགྲོ་བ་སྙམ་བྱེད། དངོས་སུ་འོང་ལུས་གནད་མ་ཞིག་པར་
༢༤༦ རིང་དུ་འཕར་བ་འབྱུང་། སེམས་ཉམས་སུ་གསལ་སྟོང་ཤས་ཆེ། ནམ་མཁའ་ལ་ལྡིང་ཞིང་ཡོད་པ་སྙམ་བྱེད་ན་རླུང་ཁམས་ཀྱི་བྱེད་པ་ཡིན། ལུས་ཉམས་ལུས་མེད་པར་སྙམ་བྱེད་ཅིང་། སེམས་ཉམས་ས་རྡོ་རི་བྲག་སོགས་ཐོགས་བཅས་འདི་རྣམས་ཐམས་ཅད་སངས་པའམ་ཆ་ཤས་ཅི་རིགས་ཅི་རིགས་ནས་སངས་ཏེ། རང་ཉིད་ནམ་མཁའི་དབྱིངས་ཡ་གི་ན་ཡོད་པ་སྙམ་བྱེད་པ་བྱུང་ན་ནམ་མཁའ་ཁམས་ཀྱི་བྱེད་པ་ཡིན་ནོ། །གཉིད་ཀྱི་འོད་གསལ་ནི། དང་པོར་གཉིད་འཐུག་གི་སྐབས་སུ་གསལ་སྟོང་གི་ཉམས་སྐྱོང་ཐུབ་པ་ཙམ་འོང་ལ། རེས་འགའ་ནམ་ལངས་པ་དང་། འོད་ཀྱིས་ཁྱབ་པ་སྙམ་བྱེད། རིག་པ་གསལ་བ། ཁམས་དྭངས་བ། གཉིད་དུ་མ་སོང་བ་འདྲ་བ་ལ་སད་རྒྱུ་ཡོད་པ། སད་མ་ཐག་མུན་ཁང་སྟོང་གཟུགས་ཀྱིས་ཁྱབ་པ་དང་། གཞོམ་མེད་ཀྱི་སྒྲ་རྗེས་མཐུན་པར་ཚོར་བའང་ཡོད། གཉིད་ལ་འགྲོ་དུས་ས་ལ་བྱིང་བ་སྙམ་བྱེད། འོད་ཁྱུག་ཁྱུག་པ་འོང་། རྣ་བར་སྒྲ་ཙི་རོང་གི་འོང་། འོད་གསལ་ངོས་མ་ཟིན་གོང་དུ་གཉིད་མི་བདེ་བ་དང་། འདྲེ་གནོན་འདྲ་བ་དང་། ལུས་སྦྲིངསྦྲིད་པ་འོང་མྱུར་དུ་ཟིན་པའི་རྟགས་ཡིན། དེ་ནས་གསལ་སྟོང་དང་རིམ་པས་བདེ་བ་འཆར་རོ། །མ་ངེས་པའི་རྟགས་འདི་དག་སོར་སྡུད་ནས་བསམ་གཏན་དངོས་གཞིའི་བར་དུ་ནམ་ཡང་ངེས་པ་མེད་དོ། །ཁྱབ་པར་རྡོ་རྗེ་འབེབས་པས་བྱིན་གྱིས་བརླབ་པ་ཞེས་བྱ་བ་དང་པོར་སེམས་མི་རྟོག་པར་ཅུང་ཟད་གནས་ཤིང་། རྟགས་སྣང་ཅི་རིགས་པར་མཐོང་བ་ནས་བཟུང་སྟེ། སེམས་མི་རྟོག་པ་ལ་རང་ཤུགས་སུ་གནས་པའི་ངང་ནས། ལུས་ཉམས་དྲག་པོ་འདར་བ་དང་གཡོ་བ་དང་འཕར་
༢༤༧ བ་དང་རྒྱུག་པ་དང་བྲོ་གར་བྱེད་པ་ལ་སོགས་པ་དང་། ངག་ཉམས་དྲག་པོ་སྨྲ་བ་དང་རྒོད་པ་དང་དུ་བ་དང་གླུ་ལེན་པ་དང་སྔགས་ཀྱི་ཚིག་དང་ཀུ་ཅོ་འདོན་པ་སོགས་འབྱུང་སྟེ། དང་པོ་གསལ་ལ་སྟོང་ཙམ་གྱི་ངང་ནས་འབྱུང་ལ། ཕྱིས་ནི་བདེ་ཉམས་ཆེན་པོ་དང་བཅས་ཏེ་འབྱུང་བ། དེ་ཡང་མཉམ་བཞག་གི་ངང་ནས་བྱེད་འདོད་རྟོག་པ་མེད་པར་འབྱུང་སྟེ་མི་རྟོག་པ་འཐུག་པོས་ནོན་པས་སོ། །ཡང་རྗེས་ཐོབ་ཏུ་སེམས་ཉམས་སྣ་ཚོགས་པ་འབྱུང་བ་ནི། དགའ་བ་སྐྱོ་བ་ཁྲོ་ཞིང་འཚིག་པ་དང་རྒྱུག་པར་འདོད་པ་སྣ་ཚོགས་པ་སྟེ་འདོད་མ་དང་ཕྱིར་འདོད་མ་སུམ་ཅུ་རྩ་དྲུག་པོ་རྣམས་ཀྱི་ཡེ་ཤེས་ཀྱི་ཆ་ཤས་བབས་པ་དག་ཡོད་ལ། ཉམས་དེ་ཐམས་ཅད་བྱུང་རྒྱལ་དུ་བསྐྱངས་པས་གེགས་དང་སྐྱོན་ལས་རང་སར་གྲོལ་ནས་ཡོན་ཏན་གོང་འཕེལ་དུ་འགྱུར་བ་ཡིན་ནོ། །དེ་རྣམས་སོར་སྡུད་དང་ཐུན་མོང་བ་ཡིན་ལ། སྤྱིར་ལྡོག་ནས་ཉམས་མྱོང་དང་ཡོན་ཏན་ཡར་ལྡན་དུ་འབྱུང་བས་གོང་མ་རྣམས་ལའང་འདི་དག་ཐམས་ཅད་འབྱུང་ངོ་། །སོ་སོར་སྡུད་པའི་འབྱུང་བ་རྣམས་བཤད་ཟིན་ཏོ། །དེ་ནས་བསམ་གཏན་བསྒོམས་པས་རྟགས་བཅུའི་ཐ་མ་ཐིག་ལེའི་ནང་དུ་རྟགས་གཞན་དགུ་ཡང་རེ་རེ་དང་། གཉིས་ལྡན་ནས་དགུ་ལྡན་བཅུ་ལྡན་གྱི་བར་དུ་རིམ་གྱིས་འཆར་བར་འགྱུར་ཞིང་རྟགས་བཅུ་ཆར་ཚང་བའི་ཐིག་ལེ་དེ་ལ་ནི། ཐིག་ལེ་ཆེན་པོའ་སྣང་བ་ཞེས་བྱའོ། །གཞན་ཡང་བསམ་གཏན་བསྒོམས་པས་སོར་སྡུད་ཀྱི་དུས་ཀྱི་རྟགས་སྣང་གི་རྒྱུན་རྣམས་ཆོས་ལྔ་ལྡན་དུ་འགྱུར་ཞིང་ངེས་པ་ཁོ་ནར་རགས་པ་རྣམས་ཤིན་ཏུ་ཕྲ་བར་འགྱུར་རོ། །དེས་ན་ཕལ་ཆེར་ལ་རྟགས་སྣང་ཐོག་མ་ཕྲ་རགས་གང་ཡིན་ཡང་ཅུང་
༢༤༨ ཟད་མི་གསལ་ཞིང་། བར་དུ་རགས་པ་གསལ་བ་དང་། མཐར་ཕྲ་ཞིང་གསལ་བ་འབྱུང་བ་ཡིན་ཀྱང་། འགའ་ཞིག་ལ་སྔར་གྱི་རྟགས་སྣང་རགས་པ་དེ་བསམ་གཏན་བསྒོམས་པས་ཕྲ་མོར་སོང་པའི་མཚམས་སུ་རྟགས་སྣང་ནུབ་ཏེ། སྒོམ་སྟོར་བ་སྲིད་པས་དེ་ལ་རྗེས་བྲན་དུ་བཤད་པའི་ཡིད་ཀྱི་ཕྱག་རྒྱའི་རྣལ་འབྱོར་ཅུང་ཟད་དང་ཙམ་རླུང་བུམ་ཅན་བསྲེས་ཏེ་མི་གཡོ་གསུམ་ལྡན་བསྒོམས་པས་རྟགས་སྣང་སླར་ཡང་ཤར་འོང་ལ། སྔར་གྱི་རྒྱུན་ལ་རྟགས་སྣང་ཅུང་ཟད་ཡོད་ན། བསམ་གཏན་གྱི་སྤོགས་ཆོག་བཞིན་བསྒོམས་པས་སོར་ཆུད་འོང་སྟེ། ཕལ་ཆེར་ལ་མཚམས་དེ་ནས་ཕྲ་ཞིང་གསལ་ལ་བརྟན་པའི་རྟགས་སྣང་འབྱུང་ངོ་། །ཐིག་ལེའི་སྣང་བ་ལ་དབུས་སུ་སེམས་གཏད་ན་ཕྲ་བར་འགྱུར་ཞིང་། མཐའ་ལ་གཏད་ན་ཆེ་བར་འགྱུར་བ་ནི་སྟོང་གཟུགས་གཞན་ལའང་རིགས་འགྲེ་སྟེ། རགས་པ་ལ་བརྟན་པ་མ་ཐོབ་ཀྱི་བར་དུ་དེ་ལྟར་བྱས་ཀྱང་ཡོང་ངོ་། །གཞན་ཡང་སྟོང་གཟུགས་ཀྱི་གསལ་ཆ་དང་སྤྲོས་བྲལ་དབྱེར་མེད་དེ་ལ་མཉམ་པར་བཞག་པས་གོམས་པས། སེམས་གནས་ན་སྟོང་གཟུགས་གནས། སེམས་གཡོ་ན་སྟོང་གཟུགས་གཡོ། སེམས་གནས་རྩ་ན་མཐོང་བྱ་མཐོང་བྱེད་ཐ་དད་པར་སྣང་བ་མངོན་གྱུར་འགགས་པ་ནི་ཤེས་རབ་ཀྱི་ཡན་ལག་རྒྱུད་ལ་སྐྱེས་པའི་ཚད་ཡིན། དེའི་ཚེ་སེམས་གང་དུ་གཏད་གཏད་དུ་སྟོང་གཟུགས་ཅི་རིགས་པ་རེ་འཆར་རོ། །ཐིག་ལེ་ཆེན་པོ་ལ་མཉམ་པར་བཞག་པས་དམར་སེར་ལ་སོགས་པ་ཁ་དོག་གཉིས་འདྲེས་ཀྱི་རྣམ་པ་དྭངས་ཤིང་གསལ་བ་ཞིག་གི་དབུས་སུ། དང་པོ་དབུ་ཕྱག་ལ་སོགས་པ་སྐུའི་ཆ་ཤས་ཙམ་འབྱུང་ཞིང་། དེ་ཇེ་གསལ་ལ་ལྷའི་
༢༤༩ སྐུའི་རྣམ་པ་ཡོངས་རྫོགས་སུ་རྫོགས་པ་འཆར་རོ། །ཡང་བསམ་གཏན་ཤིན་ཏུ་བརྟན་པ་མཐར་ཕྱིན་ན། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་གཟུགས་དེ་ཡང་ཡུལ་ངེས་པ་ཐིག་ལེའི་དབུས། དུས་ངེས་པ་མཉམ་རྗེས་ཐམས་ཅད། རྣམ་པ་ངེས་པ་མཚན་དཔེ་ཡོངས་སུ་རྫོགས་པ་སྟེ། ངེས་པ་གསུམ་ལྡན་དུ་འགྱུར་རོ་ཞེས་དང་། དེ་རྗེས་རེ་ཁཱ་ནག་པོ་ཡང་མཐོང་ངོ་ཞེས་བླ་མ་གོང་མ་འགའ་ཞིག་གསུང་ལ། བདག་གི་རྣམ་པར་རྟོག་པ་ནི། བསམ་གཏན་དུ་མཉམ་བཞག་ཏུ་སངས་རྒྱས་ཀྱི་གཟུགས་མཐོང་བ་ཙམ་ཡིན་ལ། མཉམ་རྗེས་ཐམས་ཅད་དུ་འཆང་བ་ནི་སོར་བསམ་མཐར་ཕྱིན་ནས་སྲོག་རྩོལ་མངོན་དུ་གྱུར་པའི་ཚེ་འབྱུང་སྟེ། དེར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་ཅེས་བྱ་བ་ལ་སོགས་རྒྱུ་མཚན་དུ་གོའོ། །ཡང་ཁ་ཅིག་འདི་སྙམ་དུ། འོ་ན་རྣམ་པ་ཀུན་ལྡན་རང་སེམས་དང་བྲལ་བ་དག་གོ །ཞེས་པའི་སྐབས་ན་འགྲེལ་པར། གཞན་སེམས་མ་ཡིན་ཏེ། གཞན་སེམས་ཤེས་པ་མེད་པའི་ཕྱིར། ཞེས་རེ་ཁཱ་ནག་པོའ་རྟགས་མཐོང་ནས་ཀྱང་གཞན་སེམས་ཤེས་པའི་མངོན་ཤེས་མེད་པར་བཤད་ལ། བསམ་གཏན་མཐར་ཕྱིན་ན་མངོན་ཤེས་ལྔ་ཀར་ཐོབ་པ་ཡིན་པས་རྟགས་དེ་རྣམས་ཐམས་ཅད་སོར་སྡུད་དམ་བསམ་གཏན་གྱི་གུང་ཡན་ཆད་ལ་རྫོགས་པ་ཡིན་ནོ། །ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། སྤྱིར་སྟོང་གཟུགས་འདི་རང་སེམས་ཡིན་ཏེ། གཞན་སེམས་ཤེས་པའི་མངོན་ཤེས་མེད་པས་ཀྱང་ཤེས་ཤིང་ཉམས་སུ་མྱོང་བའི་ཕྱིར་རོ། །ཞེས་སྤྱི་ལྡོག་ནས་སྟོང་གཟུགས་ནི་བེམ་པོ་དང་མེད་བཞིན་སྣང་བ་ཡིན་པར་
༢༥༠ འདོད་པས་གཞན་དུ་བཀག་ཟིན་པས། ཤེས་པ་ཡིན་པར་གྲུབ་པ་ལས་ཤེས་པའི་ནང་ནས་གཞན་སེམས་མ་ཡིན་ཅིང་རང་སེམས་ཀྱི་སྣང་བ་ཡིན་པའི་སྒྲུབ་བྱེད་དུ་དེ་ལྟར་གསུངས་པ་ཡིན་གྱི། སངས་རྒྱས་གཟུགས་དང་རེ་ཁཱ་ནག་པོ་མཐོང་བའི་དུས་མངོན་ཤེས་མེད་ཅེས་པའི་གོ་བ་ཡི་རང་མ་ཡིན་ནོ། །ཡང་སྤྱིར་རྟགས་སྣང་ཐམས་ཅད་རྟགས་བཅུར་འདུས་པར་སྦྱོར་དྲུག་གི་མཁས་གྲུབ་ཆེན་པོ་ཐམས་ཅད་བཞེད་པ་བཞིན་དོན་ལ་གནས་ལ། དེ་ལས་ཁོ་བོ་ཅག་གི་བླ་མ་མཁས་གྲུབ་རྒྱ་གར་བ་འགའ་ཞིག་འདི་སྐད་གསུང་སྟེ། དཔེར་ན་སྟོང་གཟུགས་ལ་མ་ག་དྷའི་ཡུལ་ལྗོངས་ལྟ་བུ་ཞིག་མཐོང་བ་ལ། ལྗོངས་དེ་ཡུད་ཙམ་མི་གཡོལ། དེ་ནས་སངས་འགྲོ་ན་སྤྱིན་དང་འདྲ་བ་སྟེ་དུ་རྟགས་རགས་པ་ཡིན། རི་ནགས་གྲོང་ཁྱེར་སོགས་ཆ་ཤས་རགས་པ་རགས་པ་ནས་གཡོ་ཞིང་སྐྱེ་འཇིག་བྱེད་པ་ལྟར་སྣང་ན་དུ་རྟགས་དངོས་ཡིན། ཆ་ཤས་ཕྲ་མོ་ནས་གཡོ་ན་སྨིག་རྒྱུའི་རྟགས་ཡིན། འོད་དང་བཅས་པ་གཡོ་ཞིང་སྐྱེ་འཇིག་ཡང་ཡང་བྱེད་ན་མེ་ཁྱེར་གྱི་རྟགས་ཡིན། འོད་དང་བཅས་ཏེ་མི་གཡོ་བར་འདུག་ན་མར་མེའི་རྟགས་ཡིན། དེ་རྣམས་གཅིག་གིས་གཅིག་བསྒྲིབ་པའི་དབང་དུ་བྱས་ན། ཕན་ཚུན་མི་བསྒྲིབས་པར་དྭངས་གསལ་དུ་འདུག་ན་ནམ་མཁའི་རྟགས་སུ་བསྡུ། དེས་གཞན་ལའང་རིགས་འགྲེ་པ་ཡིན་ནོ་གསུང་། དེ་ལྟར་ན་ཐོག་མར་དགེ་བའི་འཁྲིད་ཀྱི་ཉམས་མྱོང་རྒྱུད་ལ་སྐྱེས་པའི་གང་ཟག་དེས་ནི་དོན་དམ་པའི་བུམ་དབང་དངོས་ཐོབ་པ་ཡིན་ཏེ། དེ་བཞིན་དུ། བར་དགེས་གསང་དབང་དང་། རྗེས་དྲན་གྱིས་ཤེར་དབང་དང་། ཏིང་ངེ་འཛིན་གྱི་དོན་དམ་པའི་དབང་བཞི་པ་དངོས་ཐོབ་ཅེས་གསུངས་པའང་རྣམ་གྲངས་ཀྱི་སྒོ་ནས་དེ་ལྟར་ཡིན་
༢༥༡ ལ། སྤྱིར་ནི་སོར་སྡུད་རྐྱང་པ་རྒྱུད་ལ་སྐྱེས་པས་ཀྱང་དབང་བཞི་པའི་ཡེ་ཤེས་ཐུན་མོངསམོང་མ་ཡིན་པ་ཅི་རིགས་པར་རྒྱུད་ལ་སྐྱེས་པ་ཡིན་ལ། རིགས་མཐུན་རྫོགས་པ་ནི་ནི་ཏིང་ངེ་འཛིན་མཐར་ཕྱིན་པ་ནའོ། །བསམ་གཏན་གྱི་རིམ་པ་དང་འབྲེལ་བ་རྣམས་བཤད་ཟིན་ཏོ། །ཐོག་མར་དགེ་བའི་ཉམས་མྱོང་ཁྱད་པར་ཅན་སྐྱེས་པས་རྩ་བཟང་བ་འགའ་ཞིག་ལ་སྲོག་རྩོལ་སྒོས་སུ་མ་བསྒོམས་ཀྱང་། རླུང་དབུ་མར་ཆུད་ནས་གེགས་མེད་ཡོན་ཏན་ཕུན་སུམ་ཚོགས་པ་སྐྱེས་པའང་ཡོད། བུམ་པ་ཅན་ཆེད་ཀྱིས་མ་བསྒོམས་ཀྱང་རང་ཤུགས་ཀྱིས་བུམ་པ་ཅན་གྲུབ་པའང་ཡོད། གཙུག་ཏོར་དུ་རླུང་སེམས་འདུས་པས་རྡོ་རྗེ་བསླང་བའི་བདེ་བ་ཁྱད་པར་ཅན་ཐོབ་པའང་ཡོད། རླུང་དབུ་མར་འདུས་པ་ཙམ་དང་རྡོ་རྗེ་བསླང་བའི་ཉམས་ཕྱོགས་མཐུན་ལས་སྲོག་བསྡུད་ཀྱི་འཕོ་བའི་གེགས་དང་འཛག་གེགས་སུ་འགྱུར་བའང་སྲིད། རྩ་འབྲིང་བ་མན་ཆད་ལ་སོར་བསམ་གྱིས་དེ་རྣམས་མི་འབྱུང་སྟེ། སོར་བསམ་གྱི་རྗེས་སུ་སྲོག་རྩོལ་བསྒོམས་ན། ལྟེ་བར་དྲོད་སྐྱེ། སྨིན་མཚམས་སུ་བདེ་བའི་ཟུག་དང་། སྤྱི་བོ་ཟ་འཁྲིག་གཡའ་བ་སོགས་སྟེ། རླུང་སྦྱོར་ཅི་རིགས་པར་སྒོམས་པས་གཏུམ་མོ་ཅུང་ཟད་འབར་བའི་རྟགས་ཡིན། མེ་སྟོབས་ཆུང་། ཐིག་ལེ་སྟོབས་ཆེ་ན། མགོ་དང་མིག་རུས་མི་བདེ། བྱད་ཤ་འགྱུར། ལངས་ན་མགོ་འཁོར། མེ་སྟོབས་ཆེ་ན་འགའ་ཞིག་ལ་འཛག་གེགས་འབྱུང་ཉེན་ཡོད་པ། རླུང་སྦྱོར་གྱིས་བསལ་དགོས། རླུང་དབུ་མར་འཇུག་ཏུ་ཉེ་ན་རྟགས་སྣང་རྣམས་དབང་པོའ་སྒོ་ནས་འཚང་བ་དང་། བ་སྤུའི་སྒོ་ནས་འཇུག་པ་སོགས་འབྱུང་། མེ་སྟོབས་ཆུང་བ་ལ་རླུང་གྱེན་དུ་
༢༥༢ སོང་པས་སྤྱི་བོའ་ཐིག་ལེ་འཁྱགས་པའི་རྟགས་སུ་རྟགས་སྡང་ནམ་མཁའ་ལ་འཁོར་བ་དང་གྱེན་དུ་འགྲོ་བ་ཤས་ཆེ་ཁམས་ངན་པར་འགྱུར། མེ་སྟོབས་ཆེ་བས་སྤྱི་བོའ་ཐིག་ལེ་ཞུ་ན་རླུང་ཡང་ཅུང་ཟད་མར་ཟློག་པས་རྟགས་རྣམས་ཀྱང་ཕྱི་ནང་དུ་ཐུར་དུ་འགྲོ་ཁམས་བཟང་བར་འོང་། བདེ་ཉམས་ཀྱང་གོང་འཕེལ་དུ་འགྲོ། རྟགས་སྣང་ནམ་མཁར་ལྡིང་བ་དེ་ཧ་ཅང་ཐལ་ན་གཙུག་ཏོར་གྱི་སྒོ་ཕུག་ནས་འཕོ་ཉེན་ཡོད་པས་དབབ་པར་བྱའོ། །ཁྱད་པར་ངེས་པ་ཅན་དུ་རྡོར་བཟླས་དང་འཇམ་རླུང་སྦྲགས་པས་སྙིང་ཚ་མགོ་བོ་ན་སྨིན་མཚམས་འདུས་ཤིང་བཅུས་པ་དང་འཁྱིལ་པ་སྙམ་བྱེད། སེམས་གསལ་སྟོང་འོད་གསལ་དུ་ཐིམ། འོད་ཀོར་དང་བཅས་པའི་རྟགས་སྣང་རང་གི་ལུས་ལ་ཉེ་བར་འཁོར། གཉིད་རྣམས་རང་སངས་ལ་སོང་། རླུང་གི་རྒྱུ་བ་དང་རྣམ་པ་ཅུང་ཟད་མཐོང་། མིག་ན་གཙུག་ཏོར་ཟ་འཁྲིགས་སོགས་གོང་དུ་བཤད་པ་བཞིན་བྱུང་ན། རླུང་དབུ་མར་ཆུག་ནི་ཐུབ། ད་ལྟ་བཅིང་མ་ཐུབ་པའི་རྟགས་ངེས་པ་ཅན་ཡིན། དེ་ལ་འབད་རྩོལ་གྱིས་དྲག་པོར་བསྒོམས་ན་ཟུག་གཟེར་རྣམས་སྔ་བས་ཆེར་འགྲོ། །སྨིན་མཚམས་ཡན་ཆད་སྦྲིད་ཅིང་མེད་པ་སྙམ་བྱེད། དེ་ནས་འོད་ཀོར་རང་གི་ལུས་ཀྱི་ནང་དུ་འཁོར་བ་འབྱུང་ངོ་། །སྤྱིར་འོད་ཀོར་དམའ་ས་ནས་ལངས་ཏེ། གྱེན་དུ་དྲག་པོར་འཁོར་བ་དེ་ཤིན་ཏུ་བཟང་བ་ཡིན་ནོ། །དེ་ཡན་ཚད་ཙམ་ལ་བུམ་ཅན་གྱིས་དབུས་མར་བཅུག་ན་འབེབས་པ་སོགས་མ་བྱས་ཀྱང་འཕོ་བའི་གེགས་སུ་མི་འགྱུར་བ་ཤས་ཆེ་གསུང་ངོ་། །བྱེད་བཅིངས་ལོག་པའམ། དེ་ལས་ཀྱང་ཐལ་ན་རྟགས་སྣང་སངས། ཐོག་པའི་འདུ་ཤེས་ནུབ། གཟུགས་མེད་བཞི་དང་ཕྱོགས་འདྲ་
༢༥༣ རུང་བའི་ཏིང་ངེ་འཛིན་སྐྱེ། འདི་སྐབས་དང་པོར་དལ་བུས་འབེབས་མང་དུ་བྱས་ནས། མཐར་འབེབས་དྲག་པོས་ཕབ་ན་སྲོག་བསྡུད་ཀྱི་གེགས་སེལ་བར་འགྱུར། དེ་ལས་ཅུང་ཟད་ཐལ་ནས་བརྒྱལ་བ་ལྟར་སོང་ན་འབེབས་དྲག་པོ་འབའ་ཞིག་གིས་འབེབས། འཇུག་ཏུ་འཕར་གཡོ་འདར་སྤྲུག་སྨྱོ་འབོག་ལྟ་བུ་རིང་དུ་འབྱུང་པའི་མཐར་སེལ་འགྲོའོ། །འཕོ་བའི་གེགས་འོག་ཏུ་འབྱུང་བ་རྣམས་ཀྱང་རིམ་པ་འདི་ཁོ་ན་དང་འདྲ་བས་ཚོད་བཟུང་ཞིང་བསལ་ལོ། །རྡོར་བཟླས་ལ་རླུང་འཇམ་ཞིང་ཕྲ་ལ་རིང་། རྒྱུ་བ་མི་ཚོར། ཤེས་པ་གསལ། རྨི་ལམ་འཇམ་ཉལ་སོང་། སྟོང་གཟུགས་གསལ་ཞིང་འཚེར་ལ་ཕྲ་སིལ་འགྲོ་ན་ཡོན་ཏན་ཤར་བ་ཡིན། འཇམ་རླུང་དང་རྡོར་བཟླས་ལ་མཉམ་རྒྱུའི་སྐབས་སུ་ཕྱིར་འགྲོ་ཇེ་ཐུང་དང་གནས་པ་ཇེ་རིང་བྱ། འཇམ་རླུང་མ་བྱང་བར་དུ་ཧ་ཅང་དྲག་ན་ནུ་མ་སྦོས་ཡོང་པ་དང་། དལ་བུས་མ་མནན་པང་ཤུགས་དྲག་ན་མགོ་དང་རོ་སྟོད་ན་ཡོང་པའང་སྲིད། འཇམ་རླུང་ལ་ལྟེ་བ་ཀོག་ཀོག་ཟེར། སྤྱི་བོ་ཟ། དཔྲལ་བར་འབུར་ཡོང་། སྤྱི་བོར་བུ་ག་ཟང་ཐལ་དོད་ཡོང་བའང་སྲིད། རེ་གློད་ཅིང་འབེབས་དགོས། གོམས་ན་མཐོང་སྣང་ཐམས་ཅད་ལྗང་མེར་འགྲོ། སྐུ་དང་ཐིག་ལེ་ལྗང་ཁུ་ཕྲ་མོ་དང་། ཡོན་ཏན་འཆར་ཚུལ་སྔ་མ་དང་འདྲ་བ་ལས་ཆེས་བཟང་བར་འཆར་རོ། །ལུས་ཆུ་ལུད་པ་ལྟར་འཕྱར་བའི་ཉམས་དང་། རྨི་ལྟས་རི་ལ་འབབ་འཛེག་དང་། འཕུར་བ་དང་། རྟ་རྒྱུག་པ་སོགས་འབྱུང་། འབྱོངས་ན་རྨི་ལམ་འཇམ་ཞིང་། ཟིན་སྦྱོར་སྤེལ་སྤྲུལ་རྣམ་ཐར་སོགས་ཤུགས་ལས་འབྱུང་ངོ་། །དེ་ནས་སྲོག་རྩོལ་དངོས་གཞི་ལ།
༢༥༤ སྟོང་གཟུགས་རགས་ལ་གསལ་བ་དེ་འཇུག་དཀའ་སྟེ་འཆིང་བླ། ཕྲ་ཞིང་གསལ་བ་དེ་འཇུག་བླ་སྟེ་འཆིང་དཀའ། མི་གསལ་ན། འཇུག་པ་དང་། འཆིང་བ་གཉིས་ཀ་ལ་དཀའ་ཞིང་བོགས་ཆུང་བ་ཡིན་ནོ། །རྩུབ་རླུང་བུམ་པ་ཅན་བསྒོམས་པས། རྩ་བཟང་ན་གེགས་མེད་པར་ཡོན་ཏན་སྐྱེ་མོད་ཀྱང་ཕལ་ཆེར་ལ་སྡུག་བསྔལ་གྱི་ཉམས་རེ་ཐོག་མར་འབྱུང་བས་རླུང་གཅིག་ཅར་འདུན་ལུས་རང་དབང་མེད་པར་འདར། གློ་བུར་དུ་དྲོད་སྐྱེ། ཉམས་རྣམས་ཁྲ་ཆེམ་པ་དང་དམར་ཐིང་བའི་ངང་ནས་ལུས་འགྱེལ་ཞིང་དྲན་མེད་དུ་བརྒྱལ་བ་སོགས་འབྱུང་། རླུང་རིམ་གྱིས་འཇུག་ན་སྟོང་གཟུགས་རང་ལ་འཁོར། ལུས་བསྟུམས་ཤིང་བསྒྲིལ་བ་འདྲ་བ་དང་། རླུང་སུབས་འགྲོ་བ་ལྟ་བུ་འབྱུང་། དེ་ནས་ཅུང་ཟད་གོམས་པས་བདེ་སྡུག་སྤེལ་མར་འབྱུང་སྟེ། དེ་ཡང་གོམས་ན་མཐར་བཏང་སྙོམས་སུ་འགྲོ། གོང་དུ་བཤད་པའི་རྟགས་སྣང་ཐམས་ཅད་འབྱུང་བའི་སྟེང་དུ་ས་རླུང་འཆིངས་ན། ལུས་གནད་བཤིག་སྙིང་མི་འདོད་རྩུབ་ལ་ལྕི་བ་དང་། སྣང་བ་སེར་པོར་སྣང་། ཆུ་འཆིངས་ན་གྲང་ལ་མཉེན་པ་དང་ཆུའི་སྣང་བ་འཆར་བ་ཤས་ཆེ། ལར་ཆུ་ལ་གྲང་དྲོ་གཉིས་ཀའང་འབྱུང་། མེ་འཆིངས་ན་དྲོད་འབར་ཞིང་མེའི་སྣང་བ་འབྱུང་། རླུང་འཆིངས་ན་ལུས་ཡང་ཞིང་འཕར་བ་དང་། རླུང་པོའ་སྣང་བ་འབྱུང་། ནམ་མཁའི་རླུང་འཆིངས་ན། སྔོ་ཡམ་པ་དང་། བདེ་སིང་བ་དང་། ལག་
༢༥༥ པས་བྱུག་པ་སོགས་ཆེད་དུ་རེག་ན་མ་གཏོགས་ལུས་ཡོད་པར་མི་མངོན་ཞིང་། བུ་གའི་རིགས་དང་། བར་སྣང་དང་། སྟེང་འོག་ཕྱོགས་མཚམས་སྟོང་པར་སོང་བའི་སྣང་བ་འབྱུང་། ནམ་མཁའི་ནང་ཚན་དུ་ཡེ་ཤེས་ཀྱི་ཆ་ལ་ལྗང་གུ་དང་ཁྲ་ཆིལ་བ་འབྱུང་བ་ཡོད། དེ་འདྲ་རེ་རེ་ལའང་མཐར་རྟགས་སྣང་ཐམས་ཅད་ཐིག་ལེ་ལ་འདུས་ནས་ལུས་ཀྱི་དབུས་སུ་ཐིམ་འགྲོ་ན་གནད་དུ་སོང་བ་ཡིན། དེ་ལྟར་འབྱུང་བ་ཆ་མཉམ་དུ་ཞུགས་ན་གེགས་མི་འབྱུང་ལ། ཆ་མ་སྙོམས་ན་རྩུབས་ཉམས་སུ་འཆར་ཏེ། དེ་ཐལ་ན་གེགས་སུ་འགྲོ། དེ་ཡང་ས་རླུང་ཟིན་ན་རླུང་གི་སྟོབས་ཟད། སྨྲ་བརྗོད་མི་ཐུབ། གཡོ་འགུལ་མི་ཤེས་པ་ལྟ་བུ་དང་། ས་ལ་བྱིང་བ་དང་། གཞན་གྱིས་མནན་པ་དང་། བྱིང་རྨུག་ལ་སོགས་པར་འགྱུར། མེ་ཟིན་ན་སའི་སྟོབས་ཉམས་ཏེ། མེ་ཆར་འབབ་པ་སོགས་ཚིག་པའི་སྣང་བ་དང་། མྱུལ་ཆེ་ཞིང་ལུས་གཅིག་ཏུ་མི་ཟུག །ཆུ་ཟིན་ན་མེ་ཉམས་པས་ཁོང་འདར། གྲང་ཤུམ་བྱེད། གངས་རི་དང་རྦ་རླབས་ཀྱི་གསེབ་ཏུ་ཤོར་བ་སྙམ་འབྱུང་། ཤེས་པ་དྲན་པ་མི་གསལ་བཀོལ་དུ་མི་གཏུབ་པ་འབྱུང་། རླུང་འཕེལ་ན་ཆུ་ཉམས་ཏེ་འགྲོས་མགྱོགས་ཤིང་ལུས་ཡང་། འགྲོ་སྙིང་འདོད། སེམས་བཟུང་ཀྱང་མི་ཟིན་པ་ཡོད། ནམ་མཁའ་ཐམས་ཅད་ཀྱི་གྲོགས་ཡིན་ཡང་། ནམ་མཁའ་ཁོ་ན་འཕེལ་བས་གཡངས་ཟ་ཞིང་སྐྱོ་ཤེས་ཆེ་བར་འབྱུང་། དེ་དག་ཀྱང་ཕལ་ཆེར་བྱུང་རྒྱལ་དུ་བསྐྱངས་ཤིང་། ལུས་ལ་ནད་ཁམས་འཕེལ་བར་འདུག་ན་གེགས་སེལ་གྱིས་བཅོས། དེ་ལམ་དུ་གསུང་ཞིང་བསྐྱངས་པས་གཏུམ་མོ་འབར་བའི་སྣང་བ་ཅུང་ཟད་འབྱུང་ཞིང་། བདེ་
༢༥༦ ཉམས་གོང་འཕེལ་དུ་འགྲོ་སྟེ། འདི་སྐབས་འདིར་རྡོར་བཟླས་དང་། འཇམ་རླུང་དང་བུམ་ཅན་རྣམས་རིམ་ཅན་དུ་བསྒོམ་པའི་དབང་དུ་བྱས་ནས་བཤད་པ་ཡིན་ལ། སྤྱིར་ནས་རྟགས་རིམ་པ་གསུམ་པོ་དེ་རྣམས་རྩ་ལམ་བྱང་བ་དང་། དབུ་མའི་སྒོར་འདུས་པ་དང་། དྷཱུ་ཏིར་འཆིང་བའི་རྟགས་ཀྱི་རིམ་པ་ཙམ་ཡིན་པས་བུམ་ཅན་ལྟ་བུ་གཅིག་དང་པོ་ནས་མཐར་ཡུན་བསྲིངས་ཏེ་བསྒོམས་པས་ཀྱང་རྩ་ལམ་བྱང་བ་དང་། དབུ་མར་འདུས་པ་དང་། དེར་འཆིང་བ་རྣམས་རིམ་པས་འགྲུབ་པས་རྟགས་འདི་རྣམས་ཐམས་ཅད་ཡོང་ངོ་། །རྩ་ཆད་གསོས་པས་དང་པོར་མཚོན་གྱིས་འབུག་པ་དང་། སེམས་ཅན་གྱིས་རྨུགས་པ་འདྲ་བའི་ལུས་ཉམས་དང་། ལུས་ཀྱི་ནང་དུ་སྲོག་ཆགས་རྒྱུག་པ་འདྲ་བའི་ཉམས་སྣང་དང་། དོག་འཚང་བྱེད་པའི་རྨི་ཉམས་འབྱུང་། རྩ་ཆད་འབྲིང་པོ་རྣམས་གསོས་པས་བགངས་པ་འགྲིལ་བ་འདར་སྤྲུག་འཕར་འཁྲིག་ཟུག་རྔུ་དང་བཅས་པ་ཡོང་། རྩ་ཆད་ཕྲ་མོ་རྣམས་གསོས་པས། ཚ་ཙེག་ཙེག་པ་སོགས་ཟུག་ཆང་ཆུང་མང་པོ་ལྡང་། འདི་དག་གང་དུ་འབྱུང་མ་ངེས་ཏེ། རྩ་ཆད་ཅི་རིགས་པ་གསོས་པ་ཡིན་ནོ། །དེ་ནས་བར་སྐབས་སུ་བཏང་སྙོམས་དང་བདེ་ཉམས་ཤས་ཆེ་བར་འབྱུང་། ཡང་བར་སྐབས་ཞིག་ནས་རླུང་གིས་རྩ་གང་ནི་གང་ལ། དབྱིངས་སུ་ཐིམ་མ་ཐུབ་པས་སྲོག་ཐུར་འདྲེས་པའི་རླུང་སྟོབས་སུ་གྱུར་ཏེ། གོང་དུ་བཤད་པ་ལྟ་བུ་བུའི་འཕོ་བའི་གེགས་ཤིག་འབྱུང་ཉེན་ཡོད། རྟགས་རྣམས་གོང་དུ་བཤད་པ་དང་འདྲ་ཞིང་། རྩ་རླུང་ཅུང་ཟད་བྱང་བའི་སྐབས་ཡིན་པས་འཕོ་བ་དང་འབེབས་པ་གཉིས་ཀ་སྔར་ལས་བླའོསླའོ། །བུམ་པ་ཅན་
༢༥༧ དབུ་མའི་ནང་དུ་ཉིན་ཞག་གཅིག་འཆིང་བར་ནུས་ན་ནད་མཐའ་དག་འབྱང་ཞིང་ཚེ་ལ་ཅུང་ཟད་དབང་བ་ཡིན་ལ། ཡང་སྲོག་ཐུར་འདྲེས་པའི་ཚད་ལ་ཕྱི་རྟགས་འོག་རླུང་ཁ་ནང་ཐོན་ན་ཐུར་སེལ་སྲོག་ལ་འདྲེས། དྲི་བཟང་ཁ་སྣར་རྔུབས་པ་འོག་སྒོ་ནས་མ་ཉམས་པར་འཐོན་ན་སྲོག་ཐུར་སེལ་ལ་འདྲེས་པར་ཟེར་ཏེ། འདི་ཙརྩ་ནང་དུ་འདྲེས་པ་ནི་མ་ཡིན། ཁོག་ནང་ཙམ་དུ་ཕྱི་ལ་རྒྱུ་བའི་སྲོག་ཐུར་རགས་པ་འདི་འདྲེས་པ་ཙམ་ཡིན་པས་རྨོངས་པ་ངོ་མཚར་བསྐྱེད་པའི་རྟགས་ཙམ་ཡིན། ནང་རྟགས་སྟེང་བཟུང་ན་འོག་འཐེམས། འོག་བཟུང་ན་སྟེང་འཐེམས་པ་ཡིན་ཏེ། རྩ་ནང་ཅི་རིགས་པར་འདྲེས་པས་ལས་སྔ་མ་ལས་བཟང་ངོ་། །གསང་རྟགས་འབར་སྣང་དང་བདེ་དྲོད་དངོས་སུ་སྐྱེ་སྟེ་ཆེས་མཆོག་རྩ་དབུ་མར་སྲོག་ཐུར་འདྲེས་པ་ཡིན་ནོ། །སྲོག་རྩོལ་གྱི་རིམ་པའི་ཕྱེད་ཕྱི་མའི་སྐབས་འདིར་སྲོག་གཟུགས་ཕལ་པ་འགྲུབ་པ་ཡིན་ཏེ། སྔ་ཕྱི་ནི་ཅི་རིགས་སུ་ཡོད་དོ། །གཞན་ཡང་ཐིག་ལེ་བཞིའི་སྣང་བ་ལས་འཁོར་འདས་ཀྱི་ཆོས་མཐའ་དག་འཆར་ཏེ། གྲུབ་མཐའ་བཞིའི་ལྟ་བ་དང་། མུ་སྟེགས་བྱེད་ཀྱི་རྒྱུད་བཞི་དང་། རིག་བྱེད་བཞི་དང་། སྡེ་པ་བཞི་དང་། གསང་སྔགས་རྒྱུད་སྡེ་བཞི་ལ་སོགས་པའི་ལྷའི་སྣང་བ་དང་། སྔགས་ཀྱི་སྣང་བ་དང་། ཚིག་དོན་རྣམ་པར་འབྱེད་པའི་བློ་གྲོས་དང་། ལྟ་སྤྱོད་སྒོམ་གསུམ་གྱི་ཉམས་མཐའ་ཡས་པ་འབྱུང་ལ། དུད་འགྲོ་མི་ལྷ་དམྱལ་བ་ལ་སོགས་པའི་གནས་སུ་ལོངས་སྤྱོད་ཀྱི་སྣང་བ་དང་། བདེ་སྡུག་ལ་སོགས་པའི་ཚོར་བ་དང་། ཉོན་མོངས་པའི་ཁྱད་པར་མཐའ་ཡས་པ་སྣང་སྟེ། སྔོན་གྱི་མན་ངག་པ་རྣམས་ལ་གནས་སྤྱོད་དུ་གྲགས་པ་དག་ཡིན་ལ། མདོར་ན་སེམས་རང་བཞིན་གྱིས་འོད་གསལ་བ་རྣམ་པ་ཐམས་ཅད་པ་ཡིན་པའི་རྒྱུ་མཚན་གྱིས་ཤེས་བྱ་ལ་སྲིད་ཚད་སྣང་བ་ཡིན་ཅིང་། དེས་ན་འོད་གསལ་བདེ་གཤེགས་སྙིང་པོའ་ངོ་བོ་ནི་དུས་རྟགས་ཏུ་གཅིག་ཅར་རྣམ་
༢༥༨ པ་ཐམས་ཅད་པ་ཡིན་ཀྱང་རྣལ་འབྱོར་པའིབའི་བློ་ཡི་མཐོང་ཚུལ་ལ་རྣམ་པ་དེ་དང་དེ་འཆར་པའི་རྐྱེན་རེ་དང་ཕྲད་པའི་ཚེ་སྣང་བ་ཡིན་པས་ན་སྣ་ཚོགས་པ་རྣམས་རིམ་ཅན་དུ་སྣང་ངོ་། །རྐྱེན་དེ་ཡང་གང་ཞེ་ན། ནང་གི་རྩ་རླུང་ཐིག་ལེའི་འཕྲོ་འདུའོ། །སེམས་ཀྱི་སྣང་ཆ་ཉིད་རྩ་དང་རླུང་དང་ཐིག་ལེ་སྣ་ཚོགས་སུ་སྣང་ཞིང་། སྣ་ཚོགས་སུ་སྣང་བ་དེ་རྣམས་ཀྱང་སེམས་ཉིད་ཐིག་ལེ་བཞིར་སྣང་བ་ལ་བརྟེན་ནས་བྱང་བ་ཡིན་པས་རྣམ་པ་ཐམས་ཅད་པའི་ཁོངས་སུ་རྩ་རླུང་ཐིག་ལེའི་འདུ་འཕྲོད་ཀྱང་འདུས་པ་ཡིན་པས་དེ་དག་རྣམ་པ་ཐམས་ཅད་པའི་འཆར་སྒོ་ལས་གཞན་དུ་མི་བསམ་མོ། །འོད་ཀྱང་ཀུན་རྫོབ་རྟེན་འབྲེལ་སྣང་ཚུལ་ལ་བལྟོས་ནས་ལུས་ཀྱི་ཐིག་ལེ་དཔྲལ་བ་ནས་གནས། གཉིད་སད་དུས་ཀྱི་སྣང་བ་རགས་པ་ཐམས་ཅད་དེས་བསྐྱེད། ངག་གི་ཐིག་ལེ་མགྲིན་པ་ན་གནས། རྨི་ལམ་དང་བར་དོ་ལ་སོགས་པའི་སྣང་བ་ཐམས་ཅད་དེས་བསྐྱེད། ཡིད་ཀྱི་ཐིག་ལེ་སྙིང་ག་ན་གནས། གཉིད་འཐུག་པོ་དང་བརྒྱལ་བ་དང་འཆི་བ་ལ་སོགས་པའི་གནས་སྐབས་ཐམས་ཅད་དེས་བསྐྱེད། བཞི་པའི་ཐིག་ལེ་ལྟེ་བ་ན་གནས། གཉིས་སྦྱོར་ལ་སོགས་པའི་ཆགས་པ་དང་། ཡུལ་བཟང་ངན་བར་མ་གསུམ་ལ་སྲེད་ཅིང་རྨོངས་པ་རྣམས་དེས་བསྐྱེད། དེ་བཞིན་དུ་རྩ་འཁོར་གཞན་ལའང་སྦྱར་དུ་ཡོད་དེ། ཐིག་ལེ་བཞི་བོ་དེ་ཉིད་དྲི་མ་དང་བཅས་པ་ནི་གཞི་དུས་ཀྱི་འཁོར་ལོའ་ཞལ་བཞི་ཡིན་ལ། སྒྲིབ་པ་ཕྱེད་ཙམ་དག་པ་ན་དཔལ་དུས་ཀྱི་འཁོར་ལོའ་ཞལ་བཞི་དང་། ཤིན་ཏུ་སྒྲིབ་བྲལ་གྱི་གནས་སྐབས་སུ་འབྲས་བུ་དུས་ཀྱི་འཁོར་ལོའ་ཞལ་བཞིའོ། །རྒྱུད་ལས་དུས་ཀྱི་འཁོར་ལོའ་ཞལ་བཞི་ལས་འཁོར་འདས་ཐམས་ཅད་སྤྲུལ་པར་གསུངས་པའི་དགོངས་པའི་གཙོ་བོའང་འདི་
༢༥༩ འདི་ཡིན་ལ། དེར་གསུངས་པའི་བཞི་ཚན་རྣམས་ཀྱིས་ཀྱང་ངེས་པར་སྐྱེད་པར་བྱའོ། །སྲོག་རྩོལ་གྱི་རིམ་པ་དང་འབྲེལ་བ་རྣམས་བཤད་ཟིན་ཏོ། །འཛིན་པའི་སྐབས་སུ་རྟགས་ཐུན་མོང་མ་ཡིན་པ་རྣམས་ཀྱི་ཁྱད་པར་འདི་ལྟར་ཤེས་དགོས་ཏེ། རྟགས་ཀྱི་རྒྱུ་ནི་སྲོག་ཐུར་འདྲེས་པ་ལ་བརྟན་པ་ཐོབ་པས་གཏུམ་མོ་འབར་རྩ་ཁ་ཐམས་ཅད་དྲོས། རྩ་ཐིག་ཐམས་ཅད་གླུམ་ལངས་པ་ལྟར་ཁོལ་ཞིང་སང་། རྩ་མདུད་ཐམས་ཅད་མེས་དྲལ་ཐིག་ལེ་རྣམས་གནས་སོ་སོར་འབར་ཞིང་གཡོ། ཁམས་རྣམས་ཡར་མར་དུ་འདུ་ཞིང་སྟེང་འོག་ཏུ་ཅུང་ཟད་གང་བ་རྣམས་ཡིན་ལ། རྟགས་དངོས་ནི་དབུ་མའི་ནང་དུ་ཕྲ་ཞིང་ཕྲ་བའི་རེ་ཁ་ནག་པོ་ནཱ་དའི་རྣམ་པ་ཅན་དང་། རྟ་རྔ་ཟླུམ་པོར་བཀུག་པ་ལྟ་བུའི་ཐིག་ལེའི་རྣམ་པ་ཅན་འོད་ཟེར་དཔག་ཏུ་མེད་པ་འབར་བ། རེ་ཁཱ་ཕྲ་མོའ་ནང་ན་རྟགས་བཅུ་ཀར་རྫོགས་པར་འཆར་ཞིང་། སྐུ་གཟུགས་ལ་སོགས་པ་དག་པ་དང་མ་དག་པའི་སྣང་བ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་འབྱུང་བ་དེ་ཡང་དྷཱུ་ཏཱིའི་ནང་དུ་གཏུམ་མོ་འབར་བའི་བར་སྣང་གི་དབུས་སུ་འབྱུང་བ་ཡིན། གཏུམ་མོ་འབར་བའི་མེའི་ཁ་དོག་ཀྱང་སྣ་ཚོགས་འབྱུང་ལ། རེ་ཁཱ་ཡང་ནག་པོ་གཙོ་བོ་ཡིན་པས་སྨོས་ཀྱི། གཞན་དུ་ན་ཁ་དོག་སྣ་ཚོགས་པའོ། །དེས་ན་ལས་འཕྲོ་ཅན་མ་གཏོག །སོར་སྡུད་ཅི་ལ་ཐིག་ལེའི་དབུས་སུ་སྐུ་གཟུགས་རེས་འགའ་འཆར་བ་དང་། གཞན་ཡང་རིམ་པ་དང་པོ་གསུམ་ལ་རེ་ཁཱ་ནག་པོ་འདྲ་རུང་འཆར་སྲིད་ཀྱང་མ་ངེས་པའི་རྟགས་ཡིན་པར་ཤེས་པར་བྱའོ། །འཛིན་པའི་རྟོགས་པ་སྐྱེས་པའི་སྐབས་འདིར་སྲོག་གཟུགས་ཁྱད་པར་ཅན་འགྲུབ་པ་ཡིན་ཏེ།
༢༦༠ དེ་ཡང་སྔར་གྱི་སངས་རྒྱས་ཀྱི་གཟུགས་བརྙན་དེ་ཉིད་ཤིན་ཏུ་བརྟན་པར་གྱུར་བས་སྟོང་གཟུགས་དང་སྲོག་ཐུར་གོང་བུ་གཅིག་པའི་རླུང་འདྲེས་པ་དེ་བློས་བརྟགས་པ་ལ་མ་བལྟོས་པར་ལྷ་སྐུ་མཚན་དཔེ་ཅན་གྱི་རྣམ་པ་དང་པོར་གཅིག་འཆར་བ་ནས་བརྩམས་ཏེ་ཇེ་མང་ཇེ་འཕེལ་དུ་འགྱུར། མདོག་དབྱིབས་མཚན་མ་ནི་མ་ངེས་ཏེ། ཁ་གཅིག་ལ་ནི་རྣམ་པ་གཅིག་ཉིད་རྟག་ཏུ་འཆར་བའང་ཡོད། ཁ་ཅིག་ལ་ནི་འཕྲལ་འཕྲལ་འགྱུར་བར་སྣང་བའང་ཡོད་པ་དང་། སྤྱིར་ཕྱི་ནང་ཐམས་ཅད་དུ་འཆར་བ་ཡིན་ཡང་དྷུ་ཏིའི་ནང་དུ་འཆར་བ་ནི་མར་མེ་ལྟ་བུ། གཞན་རྣམས་མར་མེའི་འོད་ལྟ་བུའོ། །འདི་ནི་སྲོག་དབུ་མའི་ཐིག་ལེ་ལ་ལན་གཅིག་ཐིམ་པ་ནས་འབྱུང་སྟེ་མཐར་བརྟན་པ་ཐོབ་ནས་ལས་སྣ་ཚོགས་པ་འགྲུབ་པར་འགྱུར་རོ། །དཔེར་ན་སྲོག་དང་འདྲེས་པའི་སྟོང་གཟུགས་ཀྱི་ལྷ་དེ་ཉིད་སྙིང་གར་ཆུའི་དཀྱིལ་འཁོར་དང་ཨུ་ཡིག་ཏུ་གྱུར་ཏེ། ལྷ་ཡབ་གཡོན་པདྨ་དཀར་པོ་དང་། ཡུམ་གཡོན་ཨུཏྤལ་དཀར་པོ་འཛིན་པ། གཉིས་ཀའང་གཡས་མཆོག་སྦྱིན་མཛད་པ། གླང་པོ་ཆེས་སྲུང་ལ་ཞོན་པ་བསྒྲུབ་བྱའི་ཁྱིམ་དུ་སྤྲོས་ནས་ཞི་རྒྱས་ཀྱི་ལས་བྱེད་པར་བསམས་པས་གང་བློས་བསྒྱུར་བ་དེར་འགྱུར་ཏེ། སྟོང་གཟུགས་དེ་ཡང་དེ་ལྟ་བུའི་རྣམ་པར་སོང་བ་ན་སྙིང་གའི་བུམ་པ་ཅན་ལ་འབད་པས། དེ་མ་ཐག་ཏུ་ཞི་རྒྱས་ཀྱི་ལས་ཐོགས་པ་མེད་པར་འགྲུབ་བོ། །དེ་བཞིན་དུ་རྩ་འཁོར་དང་གདན་འབྱུང་བཞིའི་དཀྱིལ་འཁོར་དང་ས་བོན་དང་ལྷའི་སྐུ་མདོག་ཕྱག་མཚན་དང་གཞོན་པ་རྣམ་ལྡེལྔ་ཁ་བསྒྱུར་བས་ལས་གཞན་ཐམས་ཅད་འགྲུབ་བོ། །དེ་བཞིན་དུ་ཟད་པར་རྣམས་ཀྱང་འགྲུབ་པར་བཤད་དོ། །དཔེར་ན་ལྟེ་བའི་ལ་ཡིག་
༢༦༡ ལས་སའི་ཟད་པ་ཟམ་པ་ལྟ་བུ་སྤྲོས་ཏེ། ལྟེ་བའི་བུམ་ཅན་ལ་འབད་པས་ཆུ་བོའམ་རྒྱ་མཚོའ་སྟེངསསྟེང་ནས་མི་བྱིང་བར་འགྲོ་བ་ལ་སོགས་སོ། །ཉེར་འཚེ་གཞོམ་པ་ཕྲ་མོ་གཞན་ཡང་བཤད་དོ། །མགྲིན་པར་མེའི་དཀྱིལ་འཁོར་ར་ཡིག་ལས་བྱུང་བའི་སེང་གེར་གྱུར་ཞིང་། སེང་གེ་སྤྲོས་པས་གླང་པོ་ཆེ་རྣམས་བསྐྲད་པར་བསམས་ཏེ། མགྲིན་པའི་བུམ་ཅན་བྱས་ན་གླང་པོ་ཆེའི་ཉེར་འཚོ་བཟློག་པ་ལ་སོགས་པ་དུད་འགྲོ་གདུག་པ་ཅན་རྣམས་དང་། ལྷ་མིན་དང་འབྱུང་པོ་སྐྲོད་པར་བྱེད་པ་སོགས་མདོར་ན་ཕྱི་ནང་གི་རྟེན་འབྲེལ་མ་ནོར་བར་བསྒྲིགས་པས་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །སྐབས་འདིར་གཞོམ་མེད་ནཱ་དའི་སྒྲ་དབྱངས་ཀྱང་འབྱུང་བར་འགྱུར་ཏེ། དང་པོ་དྷཱུ་ཏཱེའི་ནང་དུ་སྟོང་པའི་སྒྲ་ཙམ་གྲག་པ་བྱུང་ན། དེ་ཉིད་གོང་འཕེལ་དུ་སོང་ནས་སྒྲ་དྲག་པོ་འབྲུག་སྒྲ་ལྟ་བུ་ལ་སྒྲ་གཞན་ཕྲ་མོ་སྣ་ཚོགས་པས་བསྐོར་བ་ལྟ་བུ་འབྱུང་། དེ་ནས་མི་རིང་བ་ན་དུས་ཅིག་ཅར་དུ་སྲོག་ཆགས་སྣ་ཚོགས་པའི་ཚིག་འདྲ་བ་དང་། འབྱུང་བ་སྣ་ཚོགས་པའི་སྒྲ་དང་། གཏམ་སྣ་ཚོགས་པ་དང་། ཆོས་ཀྱི་སྐད་སྣ་ཚོགས་པ་མང་པོ་སྒྲ་གཅིག་ལས་གྲུབ་པ་འབྱུང་ངོ་། །ལས་དང་པོ་པས་སྲོག་འཛིན་རྗེས་མཐུན་པར་སྒོམ་པའི་སྐབས་ངག་ཏུ་མེ་ཤས་ཆེ་ན་ཐིག་ལེ་འབབ་པའི་སྣང་བ་དང་། ལུས་དྲོད་ཆེ་བ་དང་། རྔུལ་ཆུ་འབབ་པ་ལྟར་འབྱུང་། ལྕེའུ་ཆུང་ལས་ཐིག་ལེ་འབབ་པ་ཚོར་བ་སོགས་འབྱུང་སྟེ། འགའ་ཞིག་ལ་འཛག་གེགས་དང་རྡུལརྔུལ་བབས་དྲགས་པས་ལུས་སྟོབས་འཆོར་ན། འགྲེན་འགྲེམས་དང་ལུས་ཟུངས་མི་འཆོར་བའི་
༢༦༢ གདམས་ངག་བྱ། འགའ་ཞིག་བདེ་གསལ་གྱི་ཉམས་ཡོད་འཕྲོ་ལ་རླུང་ཁམས་ལྡང་། ལུས་གྲང་། མགོན་ན་ཐིག་ལེ་འཇུ་མ་ཐུབ་པ་ཡིན། འགའ་ཞིག་མཐོང་སྣང་གི་ཉམས་བཟང་ཡང་ལུས་སྔོ་ཞིང་སྐམསསྐམ་ས་བདེ་ཉམས་ཡལ། གཞན་གོང་དང་འདྲ་ན་ཐིག་ལེ་རྒྱས་མ་ཐུབ་པ་ཡིན། འདི་རིགས་ཆགས་ལམ་གྱིས་བདེ་བ་སྤེལ་བས་སེལ་ལོ། །འཛིན་པའི་སྐབས་འདིར་ཡང་གཏུམ་མོའ་འབར་སྣང་གིས་རྩ་སྒོ་ཕྱེ་ནས་སྲོག་སྡུད་ཀྱི་འཕོ་བ་འབྱུང་བའི་གེགས་ཅུང་ཟད་འབྱུང་བའི་སྐབས་ཡོད་ཀྱང་། རླུང་སེམས་ལ་ཅི་རིགས་པར་དབང་ཐོབ་པས་གེགས་སེལ་གྱི་གདམས་ངག་ཕལ་པབ་ལ་མ་ལྟོས་ཏེ། སྒྲུབ་པ་པོ་རང་ཉིད་ཀྱིས་ཤེས་པར་འགྱུར་རོ། །སྲོག་རྩོལ་མཐར་ཕྱིན་ནས་གེགས་ཕལ་ཆེར་ལས་གྲོལ་ཞིང་། འཛིན་པའི་ཕྱེད་སྔ་མ་མཐར་ཕྱིན་ནས་སྒོམ་གེགས་ཀྱི་མིང་ཡང་མེད་དོ། །འཛིན་པའི་རིམ་པ་དང་འབྲེལ་པ་རྣམས་བཤད་ཟིན་ཏོ། །རྗེས་དྲན་གྱི་སྐབས་སུ་འདི་ལྟར་ངེས་པར་བྱེད་དགོས་ཏེ། སྤྱིར་སཾ་བུ་ཊི་དང་། གདན་བཞི་ལ་སོགས་པ་རྒྱུད་སྡེ་དུ་མ་ནས་གསུངས་པ་ལ། དང་པོར་མར་མེའི་མཚན་མ་དང་། གཉིས་པ་གློག་གམ་མཁའ་སྣང་གི་མཚན་མ་དང་། གསུམ་པ་རྡུལ་ཕྲན་དཀར་པོའམ་དཀར་པོའ་འོད་ཀྱི་མཚན་མ་དང་། བཞི་པ་འདོད་པའི་ལྷའི་ལོངས་སྤྱོད་ཀྱི་མཚན་མ་དང་། ལྔ་པ་ལྷའི་གཟུགས་ཀྱི་མཚན་མ་དང་། དྲུག་པ་གཟུགས་མེད་ཡེ་ཤེས་ཀྱི་མཚན་མ་དང་། བདུན་པ་ཆོས་ཀྱི་དབྱིངས་ཀྱི་མཚན་མ་དང་། བརྒྱད་པ་བདག་ཉིད་སངས་རྒྱས་སུ་གྱུར་པའི་མཚན་མ་སྟེ། རྫོགས་པའི་རིམ་པ་ལ་མཚན་མ་བརྒྱད་པོ་ནི་དེ་རྣམས་སོ། །འདི་དག་ལ་བཤད་ཚུལ་མི་འདྲ་བ་ཅི་རིགས་
༢༦༣ པར་ཡོད་མོད་ཀྱང་། སྐབས་འདིར་འདི་ལྟར་བཤད་པར་བྱ་སྟེ། མར་མེའི་མཚན་མ་ནི་སོར་བསམ་གྱི་དུས་ཀྱི་རྟགས་རྣམས་ཐམས་ཅད་དེ། ཡན་ལག་ཕྱི་མ་རྣམས་ལ་ལྟོས་ནས་རྒྱ་ཤིན་ཏུ་ཆུང་ངུ་ཞིག་གསལ་བར་བྱེད་པས་སོ། །སྲོག་རྩོལ་གྱི་སྐབས་ཀྱི་རྟགས་ཐམས་ཅད་ནི་གཉིས་པ་གློག་གི་མཚན་མ་སྟེ། སྔ་མ་ལས་རྒྱ་ཆེ་ཡང་མི་བརྟན་པས་སོ། །གསུམ་པ་འོད་ཟེར་དཀར་པོའ་མཚན་མ་ནི་འཛིན་པའི་སྐབས་ཀྱི་མཚན་མ་ཐམས་ཅད་དོ། །དེར་ཞུ་བདེ་འཛག་མེད་གྲུབ་པས་བྱང་ཆུབ་ཀྱི་སེམས་རྒྱས་ཤིང་། རྩ་ནང་ཐམས་ཅད་དུ་ཐིག་ལེ་འགྲོ་འོང་མཐོང་བ་དང་། ཕྱི་རུའང་དེའི་མཐུ་ལས་ཟླ་འོད་ལ་སོགས་པའི་སྣང་བ་འཆར་བས་སོ། །བཞི་པ་ལ་སོགས་པ་བཞི་ནི་རྗེས་དྲན་གྱི་སྐབས་འདིར་འབྱུང་བ་ཡིན་ཏེ། བཞི་པ་འདོད་པའི་ལྷའི་ལོངས་སྤྱོད་དེ། ལྷ་འདོད་ཁམས་པ་དང་མཚུངས་པར་འདོད་ཡོན་ཐ་མལ་པ་འདི་རྣམས་མི་འབྱུང་བར། སྟོང་པ་ཉིད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱར་འཆར་ཞིང་། དེ་ལས་འཇུག་ཤེས་དྲུག་དགའ་བདེ་ཁྱད་པར་ཅན་གྱིས་བརླན་པ་དང་། ལྔ་པ་ལྷའི་གཟུགས་ཀྱི་མཚན་མ་ནི། གཟུགས་ཁམས་ཀྱི་ལྷ་འོད་ལུས་སུ་ཡོད་པ་ལྟར། རང་ཉིད་སྟོང་གཟུགས་ཀྱི་ལྷ་སྐུར་གྱུར་ཏེ། འོད་ཟེར་དཔག་ཏུ་མེད་པར་ཕྲོའཕྲོ་བ་འོད་ཀྱི་དཀྱིལ་འཁོར་གྱི་ནང་དུ་ཆུད་པ། དཀྱིལ་འཁོར་མཐའ་ཡས་པ་སྤྲོ་ཞིང་བསྡུ་བ་འབྱུང་སྟེ། སྟོང་གཟུགས་ཀྱི་ལྷ་ཡབ་ཡུམ་གྲུབ་ནས་སྔར་གྱི་འདོད་པའི་ལོངས་སྤྱོད་དང་། ལྷག་པར་ཁམས་གསུམ་གྱི་གཟུགས་བརྙན་ཐམས་ཅད་ཀྱིས་ཀྱང་དགའ་བདེ་བསྐྱེད་པའོ། དྲུག་པ་གཟུགས་མེད་ནི། དེ་ནས་ཞུ་
༢༦༤ བདེ་ཁྱད་པར་ཅན་སྐྱེ་སྟེ། གཏུམ་མོའ་མེས་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་བྱང་སེམས་ཐམས་ཅད་དྲོས་ཐུབ། རང་གནས་སུ་ཞུ་ཐུབ། སྤྱི་བོར་སྡུད་ཐུབ། དེར་ཤིན་ཏུ་ཞུ་ཞིང་དབུ་མའི་ལམ་དུ་དྲངས་ནས་བཟུང་གིན་བཟུང་གིན་འཁོར་ལོ་དྲུག་འགེངས་ནུས་ཏེ། གཏུམ་མོ་འབར་བའི་ནུས་པ་རྫོགས་ཤིར་བརྟན་པ་ཐོབ་ན་དེ་ལྟར་འབྱུང་གི་གཞན་མི་འབྱུང་ངོ་། །དེ་ཡང་མཉམ་བཞག་དང་རླུང་སྟོབས་ཀྱིས་རླུང་དང་ཐིག་ལེ་འདྲེས་པ་དེ་ཉིད་ཞག་གཅིག་དབུ་མར་འཛིན་ནུས་ན་བརྒྱལ་བ་ཞེས་བྱ་སྟེ། དཔྲལ་བར་ཐིག་ལེ་འཛིན་ནུས། ཞག་བཅོ་ལྔ་དབུ་མར་ཁེགས་ན་བཅིངས་བཞེས་བྱ་སྟེ། མགྲིན་པར་འཛིན་ནུས། ཟླ་བ་གཅིག་ཏུ་ཁེགས་ན་བསད་པ་ཞེས་བྱ་སྟེ། སྙིང་གར་འཛིན་ནུས། ཟླ་བ་དྲུག་ཏུ་ཁེགས་ན་བསྲེགས་པ་ཞེས་བྱ་སྟེ། ལྟེ་བར་འཛིན་ནུས་པར་རྡོ་རྗེ་སྙིང་འགྲེལ་ལས་གསུངས་ལ། ལོ་གཅིག་ཁེགས་ན་གསང་བར་འཛིན་ནུས། རྟག་ཏུ་ཁེགས་ན་ནོར་བུ་འཛིན་ནུས། ཞེས་མན་ལུང་གུ་རུ་སོགས་བླ་མ་གོང་མ་རྣམས་གསུང་ངོ་། །དེ་ལྟར་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་བརྟན་པའི་ཡེ་ཤེས་དེ་ནི། མཆོག་ཏུ་བདེ་བ་གཟུགས་མེད་པ། །ཞེས་གསུངས་པ་ལྟར་གཟུགས་ཡིད་ཀྱི་ཡེ་ཤེས་སུ་མིང་བཏགས་པ་ཡིན་ནོ། །སྐབས་དེ་དང་དེར་ཐིག་ལེ་བཟུང་ནུས་ཞེས་བྱ་བ་ནི། ཁམས་ཀྱི་དྭངས་མ་དང་བདེ་བའི་ཡེ་ཤེས་གཉིས་གནས་དེ་དང་དེར་ནམ་དུ་ཡང་མི་ཉམས་ཤིང་། རྐྱེན་གང་གིས་ཀྱང་གཡོ་མི་ཐུབ་པ་སྟེ། ཞུ་བདེ་འཛག་མེད་མཐར་ཕྱིན་པའི་གྲུབ་འབྲས་ཡིན་ནོ། །ཞུ་བདེ་འཛག་མེད་ལྷུན་གྱིས་གྲུབ་པ་ནི། རྩོལ་མེད་དུ་བཞག་ཀྱང་ནོར་བུ་ལས་བྱང་སེམས་མི་འཛག་པར་མ་
༢༦༥ ཟད་ཀྱི། ཆེས་གཏད་ཕྱིར་ཕབ་ཀྱང་འཛག་མི་ཐུབ་པ་ལ་ཟེར་རོ། །འཁོར་ལོ་འོག་མ་འོག་མ་རྣམས་སུ་བབས་པའི་སྐབས་ཀྱང་གོང་མ་གོང་མ་གང་བདེ་ཉམས་པ་མེད་ཅིང་། སྐད་ཅིག་སྐད་ཅིག་ལ་བྱང་ཆུབ་ཀྱི་སེམས་འཕེལ་བས་འཕེལ་བའི་ཆ་གང་ཡིན་པ་དེ་འོག་མ་འོག་མར་འགྲོ་ཞིང་གསོག་པར་བྱེད་ཅིང་། དེ་ལ་གོང་མ་གོང་མའི་རོ་བཅུད་དང་ངད་དང་ནུས་པའི་ཆ་ཤས་ཡོད་པས་གོང་མའི་ཐིག་ལེ་འོག་མར་སོ་ཞེས་བརྗོད་ལ། དེས་ན་འོག་མར་བབས་པའི་ཚེ་རྩ་འཁོར་གོང་མ་སྟོང་པར་སོང་བ་མིན་ཅིང་། ཡར་ཟློག་པའི་ཚེ་ཡང་མས་རིམ་གྱིས་སྟོང་པར་སོང་བ་མིན་པས། གནས་སྐབས་འདི་ཙམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེས་པའི་དགའ་བཞི་ལུགས་འབྱུང་ལུགས་ཟློག་དང་། ལས་དང་པོའ་དབབ་ཟློག་གི་རིམ་པར་ནི་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ལ། ཞག་གྲངས་འདི་སྙེད་དུ་ཁེགས་ཞེས་གོང་དུ་བཤད་པ་དེ་རྣམས་ཀྱང་མཉམ་བཞག་ཐུན་གཅིག་ལ་དེ་ཙམ་དུ་གནས་ནུས་ལ། དེ་ནས་ལྷག་པར་མི་ནུས་ཏེ། རྩ་འཁོར་གོང་འོག་གང་རུང་གཅིག་ཏུ་འགྲོ་དགོས་པའི་དོན་ཡིན་ནོ། །དེ་ལྟར་ཞུ་བདེ་འཛག་མེད་ལྷུན་གྱིས་གྲུབ་པ་དེ་ཐོབ་པའི་རྒྱུ་ནི་གཉིས་ཏེ། གཏུམ་མོ་འབར་བ་བརྟན་པ་དང་། གནས་དེ་དང་དེའི་ཐིག་ལེས་གང་བའོ། །དེ་ཡང་གཏུམ་མོ་འབར་བ་གཡོས་ན་སྙིང་གའི་ནང་མ་སྟེ་རླུང་གི་ཐིག་ལེ་སྙིང་གར་གནས་པ་དེ་གཡོ་བར་བྱེད་ལ། དེ་གཉིས་གཡོས་པས་ཐིག་ལེ་རྩལ་མེད་དུ་ཁེགས་པ་མི་འབྱུང་ལ། གཏུམ་མོ་གཡོ་བའི་རྒྱུ་ནི་རོ་རྐྱང་གི་རྒྱུ་བ་ཡིན་ནོ། །དེ་ཁེགས་པས་གཏུམ་མོ་བརྟན། དེས་སྙིང་གི་ནང་བརྟན། དེ་
༢༦༦ གཉིས་གཡོས་པས་ཐིག་ལེ་རྩོལ་མེད་དུ་བརྟན་པར་འགྱུར་བ་ཡིན་ནོ། །གང་བས་གཡོ་མེད་དུ་གནས་པ་ནི་བུམ་པ་གང་བ་བཞིན་ནོ། །བདུན་པ་ཆོས་ཀྱི་དབྱིངས་ཀྱི་ཉམས་ནི་ཞུ་བདེ་དེས་རང་བཞིན་ལྷན་ཅིག་སྐྱེས་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གནས་ལུགས་དེ་དངོས་སུ་ཉམས་སུ་མྱོང་བ་སྙམ་བྱེད་ཅིང་། གནས་ལུགས་དེ་ཤིན་ཏུ་གསལ་བར་མཚོན་པར་ནུས་པ་ཡིན་ནོ། །བརྒྱད་པ་བདག་ཉིད་སངས་རྒྱས་སུ་གྱུར་པའི་ཉམས་ནི། ཏིང་ངེ་འཛིན་གྱི་ཡན་ལག་སྟེ། སྐུ་དང་ཡེ་ཤེས་ཟུང་འཇུག་གི་ཆ་ཤས་ཐོབ་པས། རང་ཉིད་རྫོགས་པའི་སངས་རྒྱས་སུ་གྱུར་བ་དང་ཕྱོགས་འདྲ་བའི་ཕྱིར་རོ། །གཞན་ཡང་རྗེས་དྲན་གྱི་སྐབས་སུ་ཁམས་དྭངས་མ་ཐམས་ཅད་སྤྱི་བོར་འདུས། དྷཱུ་ཏིར་ལ་དུས་མེ་འབར། བྱང་སེམས་བབས་པས་ཕྱག་ཆེན་གྱིས་བཅིངས། དབུ་མ་ཐིག་ལེས་གང་བས་ལུས་ཀྱང་ཐིག་ལེས་གང་། ཐིག་ལེའི་ཆ་ཤས་རྡུལ་ཕྲན་གྱི་ཚད་ཙམ་ལས་ཀྱང་རྟགས་སྣང་མཐའ་ཡས་པ་འཆར་བའི་ཕྱིར་འཁོར་འདས་ཁམས་གསུམ་གྱི་གཟུགས་བརྙན་དཔག་ཏུ་མེད་པ་ཅིག་ཅར་སྣང་བ་རྒྱུན་མི་ཆད་པར་འབྱུང་ཞིང་། དེ་རེ་རེས་ཀྱང་ཞུ་བདེ་དང་ཞུ་བདེ་མ་ཡིན་པའི་དགའ་བདེའི་ཁྱད་པར་རེ་འགྲུབ་མོད་ཀྱང་། བདེ་བ་སྐྱེད་བྱེད་གཙོ་བོ་ནི་དབུ་མར་གནས་པ་གཏུམ་མོའ་རང་བཞིན་ལས་གྲུབ་པའི་རྟགས་བཅུ་ལྷ་སྐུ་ཡབ་ཡུམ་གྱི་རྣམ་པ་ཅན་རྣམས་ཏེ། གཏུམ་མོའ་མེ་དང་རྟགས་བཅུ་དང་། སྲོག་ཐུར་གཅིག་ཏུ་འདྲེས་པའི་རླུང་རྣམས་གཞི་གཅིག་ལ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོའོ། །དྲན་ཏིང་གི་སྐབས་དང་འབྲེལ་པ་རྣམས་ཅུང་ཟད་བཤད་ཟིན་ཏོ། །གཞན་ཡང་འཛིན་པའི་སྐབས་སུ་
༢༦༧ གཏུམ་མོ་འབར་བཅུ་འགྲུབ་ཚུལ་དང་། འཛིན་པ་ནས་རྗེས་དྲན་ལ་མཚམས་སྦྱོར་ཚུལ་དང་། རྗེས་དྲན་གྱི་མགོ་ཐོབ་པ་ཙམ་ནས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་འདོད་པའི་ལྷ་དེ་གྲུབ་པ་ཡིན་ཀྱང་ཞུ་བདེ་རྫོགས་པར་འདྲེན་ཐུབ་མི་ཐུབ་ཀྱི་ཁྱད་པར་དང་། སྟོང་གཟུགས་ཀྱིས་བདེ་བ་འཕེལ་ཐུབ་མི་ཐུབ་དང་། མི་འགྱུར་བའི་བདེ་བ་བསྐྱེད་ཐུབ་མི་ཐུབ་ཀྱི་ཁྱད་པར་དང་། དགའ་བ་བཞི་དང་བཅུ་དྲུག་གི་རབ་ཏུ་དབྱེ་བ་དང་། འདོད་པའི་གནས་སྐབས་བཅུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རིམ་པ་དང་། ཏིང་ངེ་འཛིན་སྐབས་སུ་ཁམས་ཐམས་ཅད་དྭངས་མ་བཅུར་གྱུར་གྱི་བར་དུ་བཞུ་གཏུལ་བྱེད་པ་ཡེ་ཤེས་དག་བྱེད་དང་། ཕུང་ཁམས་དབང་ཡུལ་ལས་དབང་བྱ་བ་དང་བཅས་པ་ལྷ་སྐུ་ཤར་བས་ལུས་དག་པ་དང་། ལས་རླུང་བསང་བས་ངག་དག་པ་དང་། བྱང་སེམས་དག་པས་སེམས་ནམ་མཁའ་ལྟར་སྤྲོས་པ་དང་བྲལ་ཡང་རྟོག་མེད་ཀྱི་རིག་པས་ཇི་ལྟ་བ་དང་། ཇི་སྙེད་པ་ཤེས་ཚུལ་དང་། ས་བཅུ་གཉིས་ཀྱི་ཡོན་ཏན་སོགས་མང་པོ་བཤད་དུ་ཡོད་མོད་ཀྱི། གཞན་དུ་ཤེས་པར་བྱའོ། །འདིར་ནི་ལམ་འདི་འབད་པས་བསྒོམས་ན་དེང་སང་གི་གང་ཟག་མང་པོ་ཞིག་ལའང་འབྱུང་དུ་རུང་བའི་ལུས་ཉམས། ངག་ཉམས། སེམས་ཉམས་མཐོང་ཉམས་རྨི་ཉམས་ཏེ་རྟགས་ལྔར་གྲགས་པ་ཉེར་འཁོམཁོ་ཆེ་བ་རྣམས་གཏན་ལ་ཕབ་པ་ཡིན་པས། ཕྱོགས་མཚོན་འདི་ཙམ་ལས་དཔགས་ནས་མཐའ་ཡས་པའི་བར་དུའང་ཤེས་པར་བྱ་ཞིང་། སློབ་དཔོན་ཉམས་མྱོང་དང་ཡོན་ཏན་ཅན་གྱིས་ངོ་སྤྲོད་པར་ཡང་བྱའོ། །ལམ་འདི་རྟགས་སྣང་གིས་ལམ་འཁྲིད་པ་ཡིན་པས་རྟགས་ཚད་ཤེས་པ་
༢༦༨ གལ་ཆེ་ཞིང་། སྟོང་གཟུགས་ལ་གཅེས་སྤྲས་དང་རྩིས་པོ་ཆེར་བྱེད་དགོས། འོན་ཀྱང་སྟོང་གཟུགས་མཐོང་བ་ཙམ་གྱིས་མི་ཆོག་སྟེ། ངོ་སྤྲོད་ཚུལ་དང་། ལམ་དུ་བསྲོལ་ཚུལ་དང་། བོགས་འདོན་ཚུལ་མ་ནོར་བར་བྱེད་དགོས་སོ། །གང་དག་འོད་གསལ་སྟོང་གཟུགས་ལ་འཁྲུལ་སྣང་གི་ཉམས་ཙམ་མོ་ཞེས་སྨོད་པ་རེ་དག་ནི། རྒྱུད་སྡེ་མཐའ་ཡས་པའི་དོན་མ་གོ་བར་ལྟ་བ་མཐོ་རུ་རེ་བས་གཡང་སར་ལྷུངས་པ་ཡིན་ནོ། །དེ་བས་ན་བླ་མ་དམ་པའི་མན་ངག་ཡིད་བཞིན་ནོར་བུ་ལག་ཏུ་འོངས་པ་ཆུད་མ་ཟོས་པར་བྱའོ། །ཅེས་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ་མདོ་ཙམ་བཀོད་པ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ན་ཐའི་སུག་ལས་སོ། །

༄། །སྡིག་སྦྱོང་མན་ངག་བཞུགས་སོ༎

{{TibetanContent|content=

སྡིག་སྦྱོང་མན་ངག་བཞུགས་སོ།།
༩༦བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །སྡིག་པ་བཤག་པའི་ཐབས་ལ་སྟོབས་བཞི་དང་། ཀཾ་ཀ་ནི་དང་། ཡ་ིགེ་བརྒྱ་པ་ལ་སོགས་པ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ནས་གསུངས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་མ་ལུས་པ་སྦྱང་སྙམ་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ལ་རང་གི་ལུས་འཇའ་ཚོན་ནམ་འོད་ཀྱི་རྣམ་པ་ལྟ་བུར་བལྟ་སྟེ། དེའི་སྟེང་དུ་སྣའི་ཐད་ཀར་བུ་ག་གཅིག་བསམས་ལ། ཡི་གེ་གསུམ་བཟླས་པས་བུག་ན་རྒྱུ་མའི་ཚི་བ་ཇི་བཞིན་བྱུང་ནས། དེ་ནས་སྡིག་སྒྲིབ་ཐམས་ཅད་ནག་ནུར་གྱིས་བྱུང་བར་སེམས་ཤིང་བཟླ། དེ་ནས་འཇོག་ཙ་ན་སངས་ཀྱིས་དག་པར་བསམས་ལ། དེ་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་ཤེས་པར་བྱས་ལ་དགེ་བ་བསྔོ། སྨོན་ལམ་བཏབ། དེ་བཞིན་གསེགས་པའི་སྐུ་གསུང་ཐུགས་ཡི་གེའི་རྣམ་པར་བྱོན་པ་ཡིན་པས་བྱིན་རླབས་ཤིན་ཏུ་ཆེ། སྡེ་འཁྲུགས་བྱས་པ་ལ་སོགས་པའི་སྡིག་པ་ཆེན་པོ་ཡང་འདིས་བདག་པ་ཡིན་གསུང་ངོ་། །ཐེག་པ་ཆེན་པོའ་ལུགས་ཀྱི་མཁོན་སྦྱོང་ལགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །མིའམ་མི་མ་ཡིན་པའི་སེམས་ཅན་གྱི་བྱེ་བྲག་གང་ཡང་རུང་བ་དང་། །ཤ་འཁོན་དུ་གྱུར་ནས་དེ་ལ་བྱང་ཆུབ་ཀྱི་སེམས་སྦྱོང་སྙིང་མི་འདོད་ན་བྱང་ཆུབ་ཀྱི་སེམས་སུ་མི་འགྱུར་བས་
༩༧མཁོན་སྦྱོང་བའི་མན་ངག་ནི་རང་སྟན་བདེ་བ་ལ་སྤྱོདལམ་གང་བདེར་འདུག་སྟེ་བྱམས་སྙིང་རྗེ་དྲག་པོས་བསྐུལ་ལ་རང་གི་སྙིང་ཁོང་སྟོད་དུ་ཤ་མཁོན་ཅན་དེ་ཡོད་པར་བསམས་ལ། དེའི་པང་ན་རང་གི་ཡི་དམ་གྱི་ལུས་རང་ཁོ་ན་འདྲ་བ་གཅིག་དང་ཁ་དང་སྙིང་དང་དཔྲལ་བ་ལག་པ་འཁྱུད་པར་བསམས་ལ། རང་གི་སྤྱི་བོར་་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་དྲིལ་བུ་དཀུར་བསྟེན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་ཞབས་ཀྱི་མཐེ་བོང་བདག་གི་ཚངས་བུག་ན་རེག་པར་བསམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་གཅིག་བསམས་ལ། ཡི་གེ་བརྒྱ་པ་བཟླས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་སེམས་དཔའ་དེའི་ཐུགས་བྱང་ཆུབ་ཀྱི་སེམས་སྙིང་རྗེའི་ངོ་བོ་དེ་རྣམ་པ་འོ་མ་ལྟ་བུ་རྡོ་རྗེ་དང་ཧཱུྃ་ལས་བབ་ནས་ཞབས་ཀྱི་མཐེ་བོང་ནས་འཛག་པ་བདག་གི་ཚངས་བུག་ནས་ཞུགས་ནས་སྙིང་གའི་གཟུགས་ལ་ཐིམ་པས་ཚེ་ཐོག་མ་མེད་པ་ནས་ཀྱི་ཤ་མཁོན་དང་གདོན་དང་གནོད་སེམས་དང་འགྲན་སེམས་ཕྲག་དོག་ཐམས་ཅད་དག་ནས་ཕ་མ་སྤུན་ཟླ་ལྟ་བུར་སྐྱེས་པར་བསམ། །
༩༨འཇོག་ཙ་ན་རྡོ་རྗེ་སེམས་དཔའ་སྤྱི་བོ་ནས་མར་ཐིམ་པས་རང་གཞན་ཐམས་ཅད་ནམ་མཁའ་ལྟ་བུ་མཉམ་པ་ཉིད་དུ་བསྒོམ་མོ། །ཐེག་པ་ཆེན་པོའ་བློ་སྦྱོང་གི་མན་ངག་དམ་པའོ། །ཇོ་བོ་ལ་རྣལ་འབྱོར་མ་གཉིས་ཀྱིས་སེམས་སྦྱོངས་ཤིག་ཅེས་གདམས་པའོ། །ན་མོ་རཏྣ་གུ་རུ། ཇོ་བོ་རྗེ་ཉིད་དུས་ཁྱད་པར་ཅན་གཅིག་ལ་བྱང་ཆུབ་ཀྱི་སེམས་སྦྱོང་ཞིང་བསྐོར་བ་མཛད་པ་ན། རྡོ་རྗེ་གདན་གྱི་ཤར་ཕྱོགས་ཀྱི་ནམ་མཁའ་ལ་བུད་མེད་མིའི་ལུས་ལས་ནི་འདས། ལྷའི་ལུས་སུ་ཅུང་མ་སླེབས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཉིས་འདུག་པ་ལ་གཞོན་པ་ལ་རྒན་པ་དེས་དྲི་བའི་ཚུལ་མཛད་ནས། མྱུར་དུ་སངས་རྒྱ་བར་འདོད་པས་ཐབས་གང་ལ་བསླབ་པར་བྱ་ཞེས་ཞུས་པས། མྱུར་དུ་སངས་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོང་ཞེས་གསུངས་ནས་གསང་སྔགས་ལུགས་འདི་གསུངས་སོ། །བུད་མེད་གཉིས་སྒྲོལ་མ་དང་ཁྲོ་གཉེར་ཅན་གཉིས་ཡིན་སྐད། ཇོ་བོས་དགེ་བཤེས་སྟོན་པ་ལ་གནང་། དེ་སྤྱན་སྔ་བ་ལ། དེས་བྱ་ཡུལ་བ། །དེས་གཙང་པ་རིན་པོ་ཆེ། དེས་གླང་ལུང་པ། དེས་སངས་རྒྱས་སྒོམ་པ། ཟེམ་ཚེ་རིན་སངས་པ། དེས་སངས་རྒྱས་སྒོམ་པ་བྱང་ཆུབ་སྐྱབས། ཡེ་ཤེས་ཞབས་ཤཱི་ལ་བཛྲ་ལ། དེས་དོན་ཞབས་ལ། བུདྡྷ་རཏྣ་ལ་ལོའ་དགོན་པར་གནང་། དེས་ཀཱིརྟྟི་ཤཱི་ལ་ལ། དེས་ཛ་ཡ་བྷ་དྲ། དེས་པུཎྱེ་རཏྣ་ལ། དེས་གཞོན་ནུ་རྒྱལ་མཆོག་དཀོན་མཆོག་འབངས་ལའོ། ༈ །ཀུ་སུ་ལུའི་ཚོགས་གསོག་གི་བློ་སྦྱོང་། ཇོ་བོའ་ཞལ་ནས། ཀུ་སུ་ལུའི་ཚོགས་གསོག་འདི་བསོད་ནམས་ཆེ་བ་ཡིན། འཁོར་བ་དོང་སྤྲུགས་བྱས་པ་ཡིན། ཀུ་སུ་ལུའི་ཚོགས་གསོག་འདི་ལ་ཕན་ཡོན་བརྒྱད་ཡོད་གསུངས། ལུས་ཐ་མལ་གྱི་ཞེན་པ་ཆོད་པ་དང་། འཆི་བ་བསླུ་བ་དང་། དམ་ཚིགས་ཉམས་པ་སྐོང་བ་དང་། རྨི་ལམ་འབད་མེད་དུ་ཟིན་
༩༩པ་དང་། །གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བ་དང་། བར་དོར་དག་པའི་སྒྱུ་ལུས་ངོས་ཟིན་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང་། སྨོན་ལམ་དང་ཐུགས་རྗེའི་དབང་གིས་གཞན་དོན་འབད་མེད་དུ་འགྲུབ་པ་དང་བརྒྱད་དོ། །འདི་བསྒོམ་པའི་དུས་སུ་སྟན་བདེ་བ་ལ་འདུག་སྟེ། ལུས་སེམས་གནད་དང་ལྡན་པར་བྱས་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་ཀུ་སུ་ལུའི་གདམས་ངག་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། རང་གི་ལུས་འདིའི་ནང་སྟོང་པ་རྫ་མའི་ནང་ལྟ་བུར་བསྒོམ། མགྲིན་པ་ནས་ཚངས་པའི་བུ་ག་མན་ཆད་བུམ་པའི་མགྲིན་པ་ལྟར་སྐྱ་སེང་བ་གཅིག་བསམ། རང་ལུས་སྟོང་པའི་ཐུགས་ཀར་རང་གི་སེམས་ཀྱི་རྣམ་པ་ཧཱུྃ་སྔོན་པོ་གཅིག་ཏུ་གྱུར་པར་བསམ། དེ་རླུང་གིས་ཡར་བཏེགས་པས་ཚངས་པའི་བུ་ག་ལས་ཡར་འཐོན་ནམ་མཁའི་སོར་བཞི་ཙམ་ན་ཡོད་པར་བསམས་ལ། དེ་ལ་དམིགས་ལ་ༀ་སྭ་བྷཱ་བ་ཤུདྡྷཿསརྦ་ཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པ་ལན་གསུམ་བརྗོད་དེ་རྨི་ལམ་སྒྱུ་མ་ཙམ་དུ་གྱུར་པར་བསམ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ལན་གསུམ་བརྗོད་པས་ཧཱུྃ་དེ་སྟོང་པར་གྱུར་པར་བསམ། དེའི་ངང་ནས་ནམ་མཁའ་ལ་པདྨ་དམར་པོ་གཅིག་བསམ། དེ་འོད་དུ་ཞུ་བ་ལས་པདྨའི་གདན་གཅིག་ཏུ་གྱུར། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བ་དམར་པོ་གཅིག་བསམ། བཾ་འོད་དུ་ཞུ་བ་ལས་གྲི་གུག་གཅིག་ཏུ་གྱུར། ཆང་ཟུང་ཡུ་བ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་དམར་པོ་གཅིག་བསམ། དེ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག་པས་སེམས་ཅན་ཐམས་ཅད་ཇོ་མོ་རྡོ་རྗེ་རྣལ་འབྱོར་མར་གྱུར་བར་བསམ། འོད་ཟེར་ཚུར་འདུས་གྲི་གུག་གི་ཡུ་བའི་བཾ་ལ་ཐིམ་པར་
༡༠༠བསམ། བཾ་གྲི་གུག་དང་བཅས་པ་ཞུ་ནས་རང་གི་སེམས་འདི་ཇོ་མོའ་བྲིས་སྐུ་འདྲ་བ་གཅིག་ཏུ་གྱུར་པར་བསམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་བསམ། དེ་ལས་འོད་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་ཇོ་མོ་ཡེ་ཤེས་པ་སྤྱན་དྲངས་ནས་བྱོན་པར་བསམ། ཛཿ ཞེས་པས་སྤྱི་བོར་བྱོན། ཧཱུྃ་གིས་ཐིམ། བཾ་གྱིས་གཉིས་མེད་དུ་གྱུར། ཧོཿས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་འདུས་པའི་སྐུའི་ངོ་བོར་གྱུར་པ་ཇོ་མོ་རྡོ་རྗེ་རྣལ་འབྱོར་མ་རང་ཉིད་ཡིན་ཨཾ་སྙམ་དུ་དགའ་བ་བསྒོམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་དམར་པོ་གཅིག་བསམ། སྤྱི་བོར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་དཀར་པོ་གཅིག་བསམ། མགྲིན་པར་ཨ་ལས་ཟླ་བའི་སྟེང་དུ་ཨཱཿདམར་པོ་གཅིག་བསམ། ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་གཅིག་བསམ། དེ་རྣམས་ལ་དམིགས་ལ་ༀ་ཨཱཿཧཱུྃ་གསུམ་བརྗོད། དེ་ནས་རང་ལུས་མི་རོར་གྱུར་པ་དེ་རྣལ་འབྱོར་མའི་མདུན་དུ་ལིང་ངེ་ཡོད་པར་བསམས་ལ། དེའི་རྩར་ཡཾ་ལྗང་གུ་གཅིག་བསམ། དེ་འོད་དུ་ཞུ་བ་ལས་རླུང་གི་དཀྱིལ་འཁོར་འོད་མའི་གཞུའི་དབྱིབས་སུ་ཡོད་པ་མཆོག་མ་གཉིས་ན་རླུང་གི་བ་དན་སྔོན་པོ་རེ་ཡོད་པར་བསམ། དེའི་ཆང་ཟུང་ལ་རཾ་དམར་སེར་གཅིག་བསམ་དེའི་ཕྱོགས་རེ་རེ་ན་ཧཱུྃ་སྔོ་སྐྱ་རེ་རེ་བསམ། ཧཱུྃ་འོད་དུ་ཞུ་བས་མི་མགོ་རློན་པའི་སྒྱེད་བུ་གསུམ་ཡོད་པར་བསམ། དེ་ནས་རང་གི་སེམས་རྡོ་རྗེ་རྣལ་འབྱོར་མར་གྱུར་པའི་ཕྱག་གཡས་ཀྱི་གྲི་གུག་དེས་མི་རོའ་ཐོད་པ་འབྲེག་མཚམས་སུ་བྲེག་ནས་མི་མགོའ་སྒྱེད་པུ་དེའི་སྟེང་དུ་བཞག་པར་བསམ། ཐོད་པ་དེ་ཡང་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་གྱུར་པར་བསམ། དེའི་ནང་དུ་མི་རོ་དེ་བཅུག་ལ་མི་རོ་དེའི་སྟེང་དུ་ཨ་ལས་ཟླ་བའི་དལ་གྱི་སྟེང་དུ་བཾ་བསམ། དེ་འོད་དུ་ཞུ་བས་གྲི་གུག་གཅིག་
༡༠༡དེའི་ཆང་ཟུང་གི་སྟེང་ན་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་བསམ། དེ་ལས་འོད་འཕྲོས་པས་མི་རོ་དེ་བདུད་རྩིར་གྱུར། ཡང་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩི་བབས་པས་ཐོད་པ་གང་བར་བསམ། རྣལ་འབྱོར་མའི་ཐུགས་ཀའི་བཾ་ལས་འོད་ཟེར་འཕྲོས་པས་འོད་ཀྱི་སྣ་ལ་བདུད་རྩི་སྤྲིན་འཁྲིགས་པའི་གསབ་ནས་བདུད་རྩི་བབས་པས་སྐྱ་མེར་གྱིས་གང་བར་བསམ། གྲི་གུག་གིས་དཀྲུགས་པས་བདུད་རྩི་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་འདྲེས་པར་བསམ། གྲི་གུག་དང་ཡིག་འབྲུ་རྣམས་བདུད་རྩིར་གྱུར། དེ་ནས་རྣལ་འབྱོར་མས་ཧཱུྃ་ལན་གསུམ་ཤངས་ནས་རླུང་དྲག་པོ་ཤང་ཤང་བྱུང་ནས་བ་དན་གཉིས་པོ་ལ་ཕོག་ནས་དེ་གཉིས་ཀྱིས་རླུང་གཡབ་པས་རཾ་ལས་མེ་འབར་བར་བསམ། །དེ་ནས་བདུད་རྩི་ལྷོག་ཆིལ་གྱིས་ཁོལ་བར་བསམ། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་པས་བདུད་རྩི་དཀར་མེར་གྱིས་གྱུར་པར་བསམ། དེ་ནས་རང་རྣལ་འབྱོར་མའི་ཐུགས་ཀ་ནས་ཧཱུྃ་ལས་འོད་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ནས་ཇོ་མོ་རྣལ་འབྱོར་མ་དཔག་ཏུ་མེད་པ་བྱོན་ནས་ཀ་པཱ་ལས་བདུད་རྩི་བཅུས་ཏེ་ཁྱེར་ནས་དམྱལ་བའི་གནས་སུ་སོང་བས་དམྱལ་བ་རེ་རེའི་མགོ་ན་ཡང་ཇོ་མོ་རེ་རེ་ཡོད་པར་བསམ། སེམས་ཅན་དམྱལ་བ་དེ་རྣམས་ཀྱི་ཁ་ནས་མར་རང་དབང་མེད་པར་བླུགས་པས་དེ་ཐམས་ཅད་ཀྱི་ཚ་གྲང་གི་སྡུག་བསྔལ་ཞི་ནས་དེ་རྣམས་ཐམས་ཅད་རྣལ་འབྱོར་མའི་སྐུར་གྱུར་པར་བསམ། ལྷག་མ་དེ་ཕོ་བས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཞིང་དུ་གྱུར་པར་བསམ། དེ་ནས་རིགས་དྲུག་ཀ་ལ་དེས་མཚོན་པས་ཆོག་པ་ཡིན་གསུངས། དེ་ནས་ལྷག་མ་དེ་དཀོན་མཆོག་ལ་དབུལ་བར་མི་འོས་ན་ཡང་བྲོས་འཐུང་གི་ལྷག་མ་མེད་པར་དཀོན་མཆོག་ལ་ཕུལ་ན་ཆོག་པ་ཡིན་གསུངས། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། སྨོན་ལམ་གདབ་བོ།། ༈ །།སྐྱིད་སྡུག་ལམ་ཁྱེར་གྱི་བློ་སྦྱངསྦྱོང་། བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱིད་སྡུག་ལམ་ཁྱེར་གྱི་མན་ངག་
༡༠༢ནི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། སྐྱིད་པར་བྱུང་ན་སྐྱིད་མཁན་དེ་ལུས་དང་སེམས་གང་ཡིན་ངོས་ཡེར་གྱིས་བཟུང་། ལུས་བེམ་པོ་རོ་དང་འདྲ་སྟེ་སྐྱིད་མཁན་རུ་མ་གྲུབ། སེམས་སྟོང་པ་ནམ་མཁའ་དང་འདྲ་སྟེ་ཁོ་ཉིད་ཁོ་རང་གིས་སྟོང་པས་སྐྱིད་པ་པོ་མ་གྲུབ། དེས་ན་སྐྱིད་པ་པོར་འཛིན་པ་དེ་ཉིད་ཁོ་རང་གིས་སྟོང་པས་སྟོང་པ་ལ་སྟོང་པར་ཤེས་པར་བྱས་ལ་སྟོང་པའི་ངང་ལས་སིང་ངེ་ཡེར་རེ་ལྷོད་དེ་ཤག་གེ་སྡོད་ཚད་མཉམ་པར་བཞག །དེ་ནི་མ་བཅོས་དྲི་མེད་ཆོས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ངང་ལ་སྐྱིད་པར་སྣང་བ་དེ་ཉིད་རང་གི་ཡི་དམ་གང་ཡིན་དེ་ཉིད་ཀྱི་ངོ་བོར་ཡེར་གྱིས་བསྒོམ། སེམས་ཡེངས་རུང་མ་ཡེངས་རུང་ཡི་དམ་ལྷ་དང་འབྲལ་མེད་དུ་རྒྱས་གདབ། དེ་ནི་དག་པའི་གདུལ་བྱ་འདུལ་བྱེད་ལོངས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ང་རྒྱལ་དང་མ་བྲལ་བས་སྐྱིད་པར་སྣང་བ་དེ་ཉིད་སེམས་ཅན་གྱི་དོན་དུ་བསྔོ་སྟེ། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །ཅེས་ལན་གསུམ་བརྗོད། དེ་ནི་དག་པའི་གདུལ་བྱ་འདུལ་བྱེད་སྤྲུལ་སྐུ་ཐོབ་པའི་ཐབས་ཡིན་ནོ། །སྡུག་མཁན་དེ་ལུས་དང་སེམས་གང་ཡིན་ངོས་ཡེར་གྱིས་བཟུང་། ལུས་བེམ་པོ་རོ་དང་འདྲ་སྟེ་སྡུག་མཁན་དུ་མ་གྲུབ། སེམས་སྟོང་པ་ནམ་མཁའ་དང་འདྲ་སྟེ་ཁོ་ཉིད་ཁོ་རང་གིས་སྟོང་པས་སྡུག་པ་པོར་མ་གྲུབ་པས། དེས་ན་སྡུག་པར་འཛིན་པ་དེ་ཉིད་ཁོ་རང་གིས་སྟོང་པས་སྟོང་པ་ལ་སྟོང་པར་ཤེས་པར་བྱས་ལ་སྟོང་པའི་ངང་ལ་སིང་ངེ་ཡེར་རེ་ལྷོད་དེ་ཤིག་གི་སྡོད་ཚད་དུ་མཉམ་པར་བཞག་མ་བཅོས་དྲི་མེད་ཆོས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ངང་ལ་སྡུག་པར་འཛིན་པ་དེ་ཉིད་རང་གི་ཡི་དམ་གང་ཡིན་པ་དེའི་ངོ་བོར་ཡེར་གྱིས་བསྒོམ། སེམས་ཡེངས་རུང་མ་ཡེངས་རུང་ཡི་དམ་ལྷ་དང་འབྲལ་མེད་དུ་རྒྱས་གདབ། དེ་ནི་དག་པའི་གདུལ་བྱ་འདུལ་བྱེད་ལོངས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་
༡༠༣ང་རྒྱལ་དང་མ་བྲལ་བས་སྡུག་པར་སྣང་བ་དེ་ཉིད་སེམས་ཅན་གྱི་དོན་དུ་བསྔོ་སྟེ། སྡུག་ན་ཀུན་གྱི་སྡུག་བསྔལ་བླང་། །སྡུག་བསྔལ་རྒྱ་མཚོ་སྐེམསྐ་མ་པར་ཤོག །ཅེས་ལན་གསུམ་བརྗོད། དེ་ནི་མ་དག་པའི་གདུལ་བྱ་འདུལ་བྱེད་སྤྲུལ་སྐུ་ཐོབ་པའི་ཐབས་ཡིན་ནོ། །སྐྱིད་སྡུག་ལམ་ཁྱེར་གྱི་མན་ངག་གོ་།འདིའི་བརྒྱུད་པ་ནི། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ། མཁན་ཆེན་ལྷོ་བྲག་པ། མཁན་ཆེན་བདེ་བ་བྱམས་ཆེན་པོ། །རིན་པོ་ཆེ་གྲགས་པ་བཤེས་གཉེན། །ཆོས་རྗེ་བསོད་ནམས་རིན་ཆེན། གཞོན་ནུ་རྒྱལ་མཆོག་གོ ༈ །སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་བློ་སྦྱོང་། གུ་རུ་ན་མོ། །གྲུབ་ཐོབ་སུམ་པ་ལོ་ཙཱ་བ་རྒྱ་གར་དུ་བྱོན། གསང་སྔགས་ཕལ་ཆེར་ལ་ཐོས་པ་མཛད། བོད་དུ་བྱོན་ཁར་གསེར་ལྷག་མ་ཁྱེར་ནས་རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོ་ལ་འབུལ་དུ་བྱོན། གནྡྷོ་ལ་ལ་བསྐོར་བ་མཛད་ཅིང་བཞུགས་པས་བུད་མེད་དམར་མོ་གཅིག་དང་སྔོན་མོ་གཅིག་གཉིས་རེས་འགའ་བར་སྣང་ལ་བསྐོར་བ་མཛད། རེས་འགའ་ས་ལ་གོམ་པ་འདོར་བའི་ཚུལ་དུ་བསྐོར་བ་མཛད་ཅིང་གདའ་སྐད། དེར་བུད་མེད་སྔོན་མོ་དེས་དམར་མོ་དེ་ལ། མོ་དེ་མདངས་ཞག་བློ་ཡང་མ་བདེ་འགྲོ་སྙིང་གཅིག་ཀྱང་འདོད་འཆི་བ་མིན་ན་དྲག་སྟེ། ལར་འཆི་བ་འདི་ཀ་ལ་འཚེར་ཟེར་ནས་དྲི་བ་རྣམ་པ་བཞི་བྱེད་ཀྱིན་གདའ་སྐད། དེར་བུད་མེད་དམར་མོ་དེས་ལོ་ཙཱ་བ་ལ་སྤྱན་གྱིས་ཟུར་མིག་ཅེར་བ་ཅིག་གཟིགས་ནས་སྔོན་མོ་དེ་ལ། མོ་དེ་གང་བྱུང་གིས་ཆོག་ན་ཅི་བྱས་ཀྱང་བདེ་སྟེ། ཁྱོད་ཀྱི་བློ་དེ་གང་བྱུང་གིས་མཆོག་པས་ལན་པ་ཡིན་ནོ། །མོ་དེ་སེམས་བཞག་སར་སྡོད་ན་ཕྱིན་ཆོག་ཀྱང་ཆོག་སྟེ། ཁྱོད་ཀྱི་སེམས་དེ་བཞག་སར་མ་སྡོད་པས་ལན་ནོ། །མོ་དེ་བློ་ཆོས་སུ་སོང་ན་ཤི་ཡང་སླ་བ་ལ་ཁྱོད་ཀྱི་བློ་རྒྱུན་ཆོས་སུ་མ་སོང་བས་ལན་ནོ། །མོ་དེ་རང་སེམས་སྐྱེ་མེད་དུ་རྟོགས་ན་
༡༠༤འཆི་རྒྱུ་ཡང་མེད་དེ་ཁྱོད་ཀྱི་སེམས་དེ་སྐྱེ་མེད་དུ་མ་རྟོགས་པས་ལན་ཟེར་ནས་ལན་རྣམ་བཞི་འདེབས་ཀྱིན་གདའ་སྐད། དེ་ནས་ལོ་ཙཱ་བའི་ཐུགས་སྐྱ་བསངས། སྔར་བསླབས་པའི་ཆོས་གནད་དུ་སོང་། ཐུགས་རྒྱུད་ཀྱི་སྟེང་དུ་ཡང་རྟོགས་པ་ཁྱད་པར་ཅན་སྐྱེས་པ་ཡིན་གསུང་ངོ་། །དེ་ལ་ངོ་སྤྲོད་འདི་ལྟར་དུ་ཡིན། གང་བྱུང་གི་ཆོག་ན་བྱ་བ། རང་གི་བསགས་པ་དང་བསྟུན་པའི་ལོངས་སྤྱོད་གང་བྱུང་གིས་ཆོག་ཤེས་གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་མི་དོག །རྐྱེན་བདེ་སྡུག་གི་ཁོང་ཞུམས་སུ་མི་འགྱུར་བ་ལ་སོགས་དགོས་གསུང་ངོ་། །སེམས་བཞག་སར་སྡོད་པ་བྱ་བ། བླ་མའི་བྱིན་རླབས་དང་ཐབས་ཁྱད་པར་ཅན་ལ་བརྟེན་ནས་སེམས་རང་ངོ་ཤེས། རང་ས་ཟིན། རང་དབང་ཐོབ་པ་ལ་སོགས་པ་དགོས། སེམས་ཆོས་དང་འདྲེས་པ་ནི། སེམས་ནི་རིག་རིག་པོ་འདི་ཡིན། ཆོས་དེའི་རང་བཞིན་རྟོགས་པ་གཅིག་དགོས། སེམས་སྐྱེ་མེད་དུ་རྟོགས་པ་ནི། སྐྱེ་བ་རྟོགས་པ་འཆི་བ་འགག་པ་ཡིན། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་པའི་རྟོགས་པ་མཉམ་རྗེས་མེད་པ་ནི་འཆི་རྒྱུ་མེད་པ་ལགས་སོ། །ཆོས་འདིའི་བརྒྱུད་པ་ནི། རྗེ་བཙུན་མ་རྡོ་རྗེ་ཕག་མོ་དང་སྒྲོལ་མ་གཉིས་ཀྱིས་སུམ་པ་ལོ་ཙཱ་བ་ལ་གསུངས། དེས་ས་པཎ། དེས་གྲུབ་ཐོབ་ཆེན་པོ་མཚོ་འཕྲད་པ། དེས་མཁས་གྲུབ་ཆོས་རྗེ། དེས་རི་ཁྲོད་རས་ཆེན། དེས་པྲ་ཛྙཱ་བོ་དྷི། དེས་དོན་ཞགས་པ། བུདྡྷ་རཏྣ་ལ། དེས་ཀཱིརྟྟ་་ཤཱི་ལ་ལ། དེས་ཆོས་རྗེ་རྒྱལ་བ་བཟང་པོ་ལ། དེས་ཆོས་རྗེ་བསོད་ནམས་ལ་གནང་། དེས་དཀོན་མཆོག་འབངས་ལ་གནང་བའོ། ༈ །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའ་བློ་སྦྱོང་། གུ་རུ་མཻ་ཏྲི་ན་མོ། །བླ་མའི་ཞལ་ནས་ཆོས་ཐམས་ཅད་རང་གི་སེམས་སྟེང་དུ་ཧྲིལ་གྱིས་དྲིལ་ནས་ཉམས་སུ་ལེན་དགོས། དེ་ཡང་བཀའ་བརྒྱུད་འདི་བླ་མའི་ལམ་ཡིན་པས་དུས་གསུམ།
༡༠༥གྱི་མཆོད་ཡུལ་ཐམས་ཅད་ཀྱི་ངོ་བོ་བླ་མ་དེའི་རྣམ་འཕྲུལ་དུ་ཤེས་པར་བྱས་ནས་བློ་སྦྱོང་བས་བླ་མ་ལ་ཕྱག་དང་ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ་གསོལ་བ་བཏབ། བླ་མ་དེ་ལ་སྣ་ཐག་གཏད་ནས་མི་རྟག་པ་ནས་གནས་ལུགས་ཀྱི་བར་ཉམས་སུ་ལེན་དགོས། དེ་ཡང་ལྟ་བ་རྣམ་པར་དག་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་འགག་མེད་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་གཏན་ལ་ཕབ། འགག་མེད་ཀྱི་རྩལ་སྦྱོང་སེམས་ཅན་ལ་དམིགས་པ་ཆོས་ཙམ་ལ་དམིགས་པ་དམིགས་པ་མེད་པ་གསུམ་བསྒོམ། མཉམ་པ་ཉིད་གསུམ་བསྒོམ། དེས་ཉེ་རིང་མེད་པ་གུས་པ་བཟང་ངན་མེད་པ་ཡོན་ཏན་གསུམ་བསྐྱེད། གཞན་ཡང་རླབས་པོ་ཆེའི་སེམས་དང་མི་བསྒུལ་བའི་སེམས་དང་། རྡོ་རྗེ་ལྟ་བུའི་སེམས་དང་གསུམ་ལ་བསླབ། དེ་ལ་དང་པོ་ནི། ཐེག་པ་ཆེན་པོའ་སེམས་འབའ་ཞིག་སྟེ། གཅུང་མོས་པས་གཅེན་པོ་ཐམས་ཅད་ཀྱི་མཛད་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཕྲིན་ལས་ལ་སོགས་པ་རྣམས་གཅེན་པོ་ཐམས་ཅད་དང་མཉམ་པར་གྱུར་ཅིག །ཅེས་ཐུགས་བསྐྱེད་པས་ཐམས་ཅད་དང་མཉམ་པ་དང་། ཐུབ་པས་ཀྱང་སེམས་ཅན་ཐམས་ཅད་བྱ་བྱེད་ངན་པ་རང་བཞིན་ངན་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གདུལ་བྱར་མ་གྱུར་པ་རྣམས་ངས་འདུལ་བར་གྱུར་ཅིག །ཅེས་ཐུགས་རླབས་པོ་ཆེ་བསྐྱེད། དཀའ་བ་དཔག་ཏུ་མེད་པ་སྤྱད། རིགས་གསུམ་མགོན་པོ་ཐུགས་རྗེ་ཆེན་པོས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རང་བཞིན་དུ་ཤར་ནས་སྟོང་གསུམ་ཁོང་གི་རྣམ་འཕྲུལ་ཇི་ལྟར་ཡིན་པའམ། འཁོར་བའི་གནས་སུ་ཐུགས་རྗེའི་རླབས་དཔག་ཏུ་མེད་པ་ལ་སོགས་པ་གསུངས། ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཤུགས་འཆང་དུ་སྐྱེ་བ་བཞེས་པའི་དུས་སུའང་སངས་རྒྱས་པ་ཐེག་པ་ཆེན་པོའ་ལམ་
༡༠༦མ་ཡིན། བྱང་ཆུབ་སེམས་དཔའ་རྟག་ཏུ་འཁོར་བར་བསྡད་ནས་སེམས་ཅན་གྱི་སྡུག་བསྔལ་བའི་གྲོགས་བྱེད། དཀའ་བ་དཔག་ཏུ་མེད་པ་སྤྱད། སངས་རྒྱས་མཆོད་པས་མཉེས་པར་བྱེད། སངས་རྒྱས་ཀྱི་ཆོས་རྣམས་རྫོགས་པར་བྱེད་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་འཛིན་བདུད་འདུལ་བར་ཆད་བསྲུང་བ་ལ་སོགས་པ་རླབས་པོ་ཆེའི་སྤྱོད་པ་མཛད། འཕགས་པ་འཇམ་དཔལ་གྱིས་དང་པོ་ཐུགས་བསྐྱེད་པའི་དུས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་བཞིན་དུ་སེམས་ཅན་སངས་རྒྱས་ཀྱི་ས་ལ་འགོད་པར་དམ་བཅས། སེམས་ཅན་བྱང་ཆུབ་ལ་བཀོད་ནས་ཕྱོགས་བཅུའི་སོ་སོར་སངས་རྒྱས་མ་ཐོབ་བར་དེ་སྲིད་དུ་སངས་མི་རྒྱ་བར་དམ་བཅས། སེམས་ཅན་རེ་རེའི་རྒྱས་ཀྱང་ཕྱི་མའི་མུ་མཐར་གནས་པར་བྱ། སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་ལ་སོགས་ཀྱི་སྡུག་བསྔལ་གྱིས་མི་སྐྱོ་བྱང་ཆུབ་སེམས་དཔའི་རྟེན་ལ་སངས་རྒྱས་ཀྱི་མཛད་པ་མཛད་པར་དམ་བཅས། །དམ་བཅའ་དེ་མ་རྫོགས་པར་སངས་རྒྱས་ན་དེའི་མཚམས་མེད་པ་ལྔ་བྱེད་ཅིང་དེ་བཞིན་གཤེགས་པ་རྣམས་བསླུས་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ། དེ་ཐམས་ཅད་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རླབས་ཆེ་སྟེ། དང་པོ་ཐུགས་བསྐྱེད་པའི་དུས་སུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་ཇི་ལྟར་བསྐྱེད་པར་མ་ནུས་པའི་ཐུགས་རྗེས་སུ་བསྐྱེད་དེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་དུས་སུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་ཅི་སྤྱོད་པ་མ་ལུས་པར་སྤྱོད་ཅིང་ནམ་མཁའི་མཐས་གཏུག་པའི་སེམས་ཅན་མ་ལུས་པ་སངས་རྒྱས་ལ་འགོད་པར་འདོད་པ་དང་། བྱང་ཆུབ་སེམས་དཔའི་རྟེན་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་ཕྲིན་ལས་རྫོགས་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་རེ་རེར་ཡང་དེའི་མཛད་པ་བསམ་གྱིས་མི་ཁྱབ་པ་མཛད་པའི་དུས་སུ་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་བ་
༡༠༧དཔག་ཏུ་མེད་པར་མནར་མེད་ལ་སོགས་པའི་སྡུག་བསྔལ་མྱོང་ཞིང་དུས་གསུམ་སངས་རྒྱས་ཀྱི་མཛད་པ་ཞལ་གྱིས་བཞེས། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་སེམས་མ་བསྐྱེད་པ་རྣམས་བདག་གིས་བསྐྱེད། སྤྱོད་པར་མི་ནུས་པའི་དཀའ་བ་བདག་གིས་སྤྱད། ཐུགས་རྗེ་ཆེན་པོ་ཐབས་ལ་མཁས་པ་རྣམས་ཀྱིས་སྤངས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཐུགས་བསྐྱེད་སངས་རྒྱས་རེ་རེའི་མདུན་དུ་ལུས་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་དང་མཉམ་པར་སྤྲུལ་ནས་ཕྱི་ནང་གསང་བའི་མཆོད་པ་དབུལ། ལུས་རེ་རེ་ཡང་ཞིང་ཁམས་དཔག་མེད་གཅིག་སྦྱང་། དེ་བཞིན་དུ་སེམས་ཅན་སྨིན་དཀའ་བ་སྤྱོད་པ་གདུལ་དཀའ་བ་རྣམས་འདུལ་བའི་སྨོན་ལམ་འདེབས། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་པར་ཞལ་གྱིས་བཞེས། ཁ་ཅིག་རེ་རེ་ལ་དུས་གསུམ་སངས་རྒྱས་ཀྱི་མཛད་པ་རྫོགས་པར་མཛད། བསམ་པ་དེ་ཡོངས་སུ་མ་རྫོགས་པར་སངས་རྒྱས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསླུས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཏེ། དེའི་ཐུགས་བསྐྱེད་ནི་ནམ་མཁའ་ལྟ་བུ་སྟེ་བརྗོད་ཀྱིས་མི་ལང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་པས་ཀྱང་རྒྱ་ཆེ་བར་རང་ཅག་གིས་སེམས་བསྐྱེད། བྱང་ཆུབ་ཀྱི་སེམས་དེ་དང་པོ་ལ་བརྟེན་ནས་སྐྱེ། བར་དུ་གནས། ཐ་མར་སངས་རྒྱས་སྐྱོ་བར་མི་བྱ། འདི་སྡུག་གི་མགོ་མཐུད། སྐྱིད་ཀྱི་ཁ་བསྣོན། འཇིགས་པའི་སྐྱེལ་མ་ནད་དང་གདོན་གྱི་གཉེན་པོ་ཉོན་མོངས་འབུར་འཇོམས་ཡིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་རྗེས་སུ་བསླབ་པའི་ཕྱིར་རང་ཐ་མལ་བའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཾ་དཀར་པོ་གཅིག་བསམ། དེ་ལས་འོད་ཟེར་ཟིང་ཟིང་འཕྲོས་ཏེ་སོང་བས་ནམ་མཁའི་མཐའ་ཁྱབ་པའི་སེམས་ཅན་ཐམས་
༡༠༨ཅད་ལ་ཕོག་པས་སེམས་ཅན་གྱི་ལས་དང་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་སེར་སྣ་ལ་སོགས་པ་དྲུག་རྩ་བའི་ཉོན་མོངས་པ། ཉི་ཤུ་ཉེ་བའི་ཉོན་མོངས་པ་དེ་རྣམས་ཀྱིས་ཀུན་ནས་སློང་བའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་མཚམས་མེད་ལྔ་དེ་དང་ཉེ་བ་ལྔ། རྩ་བའི་ལྟུང་བ་དཀོན་མཆོག་ལ་མ་གུས་པ། དམ་པའི་ཆོས་སྤོང་བ། །འཕགས་པ་ལ་སྐུར་བ་བཏབ་པ་ལ་སོགས་པས་རྒྱུ་དེ་ལས་མཐོ་རིས་ཐར་པའི་གེགས་བྱེད་པ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཉམས་སུ་བླང་དགོས་པ་ཐམས་ཅད་རང་གི་ལུས་ལ་སིབ་སིབ་བྱུང་ནས་སེམས་ཅན་གྱི་རྒྱུད་ལ་སྒྲིབ་པ་མེད་པར་གཙང་སིང་གིས་སོང་ནས། ད་སྡིག་པ་དེ་དག་བཤགས་པར་བྱའོ་སྙམ་དུ་བསམས་ནས། ཡང་འོད་ཟེར་བསྐྱར་མ་གཅིག་འཕྲོས་ཏེ་སོང་བས་སེམས་ཅན་ཐམས་ཅད་ལ་ཕོག་པས་འབྲས་བུ་འཁོར་བའི་སྡུག་བསྔལ། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུགས་ལ་སོགས་པ། ལྷ་མ་ཡིན་ལ་འཐབ་རྩོད། ལྷ་ལ་འཆི་འཕོ་བ་དང་ལྟུང་བ། མི་ལ་སྡུག་བསྔལ་བརྒྱད་དམ་བཅུ་གཅིག་ལ་སོགས་པ་ལུས་ངག་ཡིད་གསུམ་ལ་གནོད་པའི་མི་དགེ་བ་ཐམས་ཅད་ལ་འོད་ཟེར་གྱིས་སེམས་ཅན་རྣམས་ཀྱི་ལུས་སེམས་བདེ་སངས་སོང་བར་བསམ། འོད་ཟེར་རང་གི་ལུས་ལ་ཐིམ་པས་སྡུག་བསྔལ་དེ་དག་རང་གི་ལུས་ལ་སིབ་ཀྱིས་བྱུང་ནས་བ་སྤུའི་བུ་ག་རེ་རེ་ཡང་མནར་མེད་པ་ལ་སོགས་པའི་རིགས་དྲུག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་གནས་པར་བསམ། སེམས་ཅན་སྡུག་བསྔལ་དང་བྲལ་ན་བདག་གིས་འཁུར་དུ་ཡོད་པ་དོན་ཆེ་སྙམ་དུ་བསམ། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་གཉའ་བོའམ་གཏའ་མར་ཡིད་ཆེས་བཞིན་པས་བདག་གཏེས་པར་བཅུག་
༡༠༩ལ་སེམས་ཅན་བསླུ། བདག་གིས་སྡུག་བསྔལ་ཐམས་ཅད་ཉམས་སུ་བླངས་ལ་སེམས་ཅན་ཐམས་ཅད་བདེ་བ་ལ་དགོད་དོ་སྙམ་དུ་བསམ། ཡང་འོད་ཟེར་བསྐྱར་མ་གཅིག་འཕྲོས་ནས་སོང་བས་རང་གི་བླ་མ་བརྒྱུད་པ་དང་བཅས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཡི་དམ་གྱི་ལྷ་དང་ཉན་རང་རྣམས་ཀྱི་རྒྱུད་ལ་ཕོག་པས་དེ་དག་གི་ཐུགས་དམ་གྱི་བར་ཆད་དང་། སྐུ་ཆགས་དང་ཐུགས་དགོངས་མ་རྫོགས་པ་དང་རྣམ་པར་ཐར་བ་མཐར་མ་ཕྱིན་པ་ལ་སོགས་པ་ཐམས་ཅད་འོད་ཟེར་གྱི་སྣ་ལ་སིབ་སིབ་འདུས་ནས་རང་གི་ལུས་ལ་སིབ་སིབ་བྱུང་བར་བསམ། དེ་བདག་གིས་ཁུར་དུ་ཡོད་པ་བསོད་ནམས་ཆེ་སྙམ་དུ་བསམ། དུས་རྟག་ཏུ་ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་པར་བྱ། རྟག་ཏུ་བླ་མ་ཡིད་ལ་བྱེད་པ་དང་མ་བྲལ་བར་བྱ། དེ་དག་ལ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་མཆོད་པར་འབུལ། སེམས་ཅན་ཐམས་ཅད་ཀྱི་ལན་ཆགས་དང་ཤ་མཁོན་ཡོད་པའི་བགེགས་རྣམས་ལ་དེ་དག་གི་གླུད་དུ་གྲངས་མང་པོར་རོ་ཞིམ་པ་གཟུགས་བཟང་བར་སྤྲུལ་ཏེ་དེ་བཞིན་དུ་ཁྲག་རུས་པ་དོན་སྙིང་ཡན་ལག་དང་ཉིང་ལག་དཔག་ཏུ་མེད་པར་སྤྲུལ་ལ་གང་འདོད་ལ་བློས་བྱིན། རིངས་ན་རྗེན་པར། མི་རིངས་ན་ཚོས་ལ་ཟོ་བྱ། ཟོས་པ་ཐམས་ཅད་ཉོན་མོངས་པའི་སྲེད་པ་ཞི་ནས་བདེ་བ་རྒྱས་ཏེ་བདག་གི་གདུལ་བྱར་གྱུར་པར་སྨོན་ལམ་བཏབ། ལ་ལ་ད་རེས་བཏང་བའི་དུས་མིན་ཟེར་ཏེ། མི་གཙང་བའི་ལུས་བསྲུང་བ་འདི་གཅེར་བུ་ཚེར་མ་ཁུར་བ་དང་འདྲ་སྟེ་ཀློད་ན་བདེ་གསུངས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དཔག་ཏུ་མེད་པ་བསགས་པས་བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་བླ་མའི་བྱིན་རླབས་ཀྱིས་ཚོགས་གཉིས་དཔག་ཏུ་མེད་པ་འཕེལ་ནས་འཕགས་པ་ཐམས་ཅད་ཀྱི་ཐུགས་དགོངས་རྫོགས་པར་གྱུར་ཅིག །
༡༡༠སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་ནས་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་ཅེས་བརྗོད། སྙིང་པོ་དང་དྲག་ལས་བྱེད་པའི་དུས་སུ་ཡང་རང་ཡི་དམ་ལྷར་བསྐྱེད་ལ་སྡིག་པའི་རྫུ་འཕྲུལ་སྣ་ཚོགས་ཀྱིས་ལུས་ཐམས་ཅད་ཐལ་བ་རྡུལ་དུ་བརླག་ནས་སེམས་ཅན་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པར་བསམ། ཡང་རང་ལ་གནད་གཅོད་དང་ཆོ་འཕྲུལ་བྱུང་བའི་དུས་སུ་ཉམ་ང་ཐམས་ཅད་དང་བྲལ་བ་སྐྱེ་བ་མེད་པར་ཐག་བཅད་ནས་སྣང་བ་ཐམས་ཅད་གཟུགས་བརྙན་དུ་ཤེས་པར་བྱས་ནས་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གསུངས། རང་གི་རྒྱུད་ལ་ཉོན་མོངས་པ་སྐྱེས་ན་དེའི་རང་བཞིན་སྐྱེ་མེད་དུ་ཤེས་པར་བྱས་ལ་ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར། རྐྱེན་ངན་དང་མི་མཐུན་པའི་ཕྱོགས་ཅི་བྱུང་ཡང་ཚོགས་གཉིས་རྫོགས་པའི་ཐབས་སུ་བློ་སྦྱོང་། དེ་ནས་ཟས་གོས་གནས་ཁང་ཐམས་ཅད་ལ་བྱང་ཆུབ་སེམས་ཀྱི་གྲོགས་སུ་ལོངས་སྤྱོད། སེམས་ཅན་གང་གིས་བདག་མཐོང་བ་དང་ཐོས་པ་དྲན་པ་གཏམ་དུ་བརྗོད་པ་ཐམས་ཅད་ཀྱི་སྒྲིབ་པ་གསུམ་ཟད་ནས་སྐུ་གསུམ་ཐོབ་པའི་རྒྱུ་ལ་འབད་པར་བྱའོ། །འགལ་རྐྱེན་ཐམས་ཅད་ཡང་དག་པའི་ལམ་དུ་བླངས་ནས་ཀུན་ཏུ་བཟང་པོའ་སྤྱོད་པ་སྤྱད། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགོངས་པ་དང་ཕྲིན་ལས་དང་སྨོན་ལམ་དང་རླབས་པོ་ཆེའི་སྤྱོད་པ་བདག་གིས་རྫོགས་པར་བྱ་སྙམ་དུ་བསམ་མོ། །མི་སྒུལ་བའི་སེམས་ནི་ཉ་པབ་ཞིང་པ་ཚོང་ས་སོགས་ཀྱིས་ཚ་གྲང་གནོད་པ་བཟོད་ན་བདག་ལྟ་འགྲོ་བ་བདེ་ཕྱིར་ཅིས་མི་བཟོད་སྐད་པས་སེམས་ཅན་གྱི་དོན་བྱེད་པ་ལ་སྡིག་པ་ཉོན་མོངས་པ་ཚེ་འདིའི་རྟོག་པ་ཐེག་པ་དམན་པ་དངོས་པོར་འཛིན་པ་ཐམས་ཅད་ཀྱིས་མི་བསྒུལ་མི་བསྐྱོད་པར་ཐམས་ཅད་མཁྱེན་པ་སྒྲུབ་པ་གཅིག་དགོས། རྡོ་རྗེ་ལྟ་བུའི་སེམས་ནི་ད་ནས་སངས་རྒྱས་མ་ཐོབ་
༡༡༡བར་དུ་རྣམ་པར་རྟོག་པ་གང་གིས་ཀྱང་བར་དུ་མ་ཆོད་པར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན། དེ་ཡང་ཐབས་ཤེས་རབ་དབྱེར་མེད་ཡིན་ཏེ་གཅིག་བསྒོམ་ཙ་ན་གཉིས་རང་ཆས་སུ་འོང་བས་ཟུང་འཇུག་ཏུ་བསྒོམ། །སངས་རྒྱས་ཙ་ན་ཡོན་ཏན་ཞིང་ཁམས་རྒྱ་ཆེ་ཆུང་འོངས་པ་ལྟ་བུའི་མཐུ་སྟོབས་དང་། སྨོན་ལམ་གྱི་ཁྱད་པར་ལས་བྱུང་བས་ད་ལྟ་བྱམས་པས་ཁྱབ་ཚད་མ་འོངས་པ་ན་གདུལ་བྱར་འགྱུར་བས་དེ་ཡང་སྒྱུ་མའི་སྐྱེས་བུའི་སེམས་བསྐྱེད་དཀའ་བ་སྤྱོད་ལམ་ལ་བསླབས་པས་ནམ་མཁའི་དང་དུ་སངས་རྒྱས་ནས་སྤྲུལ་པས་སེམས་ཅན་འཁོར་བ་ལས་གྲོལ་བར་བྱས་པ་ཙམ་དུ་བསླབ། དེ་ཡང་ནམ་མཁས་ནམ་མཁའ་ཡུལ་དུ་བྱས་པ་ཙམ་མོ། །དེ་ལྟར་ནམ་མཁའ་ལྟ་བུའི་ངང་དུ་ཐག་བཅད་ནས་སྒྱུ་མའི་རྣམ་པར་འཕྲུལ་བར་ཤེས་ནས་འགག་མེད་ཀྱི་རྩལ་བྱང་ཆུབ་ཀྱི་སེམས་རླབས་པོ་ཆེ་སྦྱང་། ཚོགས་གཉིས་སྒྱུ་མ་ལྟ་བུར་གསོག་པ་དེ་ཟུང་འཇུག་གོ །དོན་ནང་དུ་ཤར་བས་འཁོར་བར་མི་སྐྱོ། མྱ་ངན་ལས་འདས་པ་ལ་མི་རིང་བ་གཅིག་ཡོང་བ་ཡིན་གསུངས། དེ་ཙ་ན་རེ་དོགས་དང་བྲལ་ཆོས་སྐུར་རྟོགས་པས་མནར་མེད་དུ་ཕྱིན་ཀྱང་བདེ་བ་ཅན་དུ་འཆར། འཁོར་འདས་གཉིས་མེད་དུ་རྟོགས་པས་བླང་དོར་གྱི་བློ་དང་བྲལ། སངས་རྒྱས་དང་སེམས་ཅན་དབྱེར་མེད་དུ་རྟོགས་པས་བཟང་ངན་གྱི་འཛིན་པ་ཞིག །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ཐེག་པ་མཐོ་དམན་དུ་འཛིན་པའི་ཕྱོགས་ཆ་དང་བྲལ་མ་ཕྱིན་པར་ཀླུ་སྒྲུབ་ཀྱི་དགོངས་པའི་སྟེང་དུ་སླེབས། དེ་ལྟ་བུའི་ཆོས་ལ་སླེབསླེབས་པར་འདོད་པས་སྦྱོར་བ་ཚོགས་བསགས། བསམ་པས་བློ་སྦྱང་། མོས་པས་ཡུལ་དུ་བྱ། ཞེན་པས་འཇུག་འབྲེལ་པས་མི་བསླུ། ཁད་ནས་རྟོགས་པར་འགྱུར་རོ། །དེ་ནས་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཕྱིར་ནག་པོའ་ཆོས་བཞི་སྤང་ཞིང་དཀར་པོའ་
༡༡༢ཆོས་བཞི་བསྒྲུབ་པ་ལ་བསླབ། རྟག་ཏུ་སེམས་ཅན་མི་སྤང་བའི་ཕྱིར་བློ་སྦྱོང་སྤོང་བའི་རྒྱུ་བཞི་སྤོང་པ་ལ་བསླབ། རྒྱུ་བཞི་ནི་སེམས་ཅན་མང་པོ་འདི་ཙམ་གྱི་དོན་བྱེད་མི་ནུས་སྙམ་ན་ཇི་ལྟར་མང་བ་ལྟར་བྱང་ཆུབ་ཀྱི་སེམས་རྒྱ་ཆེར་སྤེལ་ལོ། །བྱེད་ངན་པ་སྤང་བ་ནི། ལུས་ཀྱི་གྲོགས་སུམ་བཏུབ་ཀྱང་དུས་གཏན་དུ་བྱས་ལ་བློ་བསྡུ། འཁོར་བའི་ཡུལ་མཐོང་བས་སྤང་བ་ནི། སྡུག་བསྔལ་མང་ཞིང་མང་བ་ལྟར་དེ་རྣམས་བསྒྲལ་ཞིང་འདོན་པར་བྱེད་དགོས་སོ། །སྟོང་པ་ཉིད་མཐོང་བས་སྤང་བ་ནི། ཇི་ལྟར་སྟོང་པ་ཡིན་པ་དེ་བཞིན་མ་རྟོགས་པར་དངོས་པོར་འཛིན་ནས་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་སྙིང་རྗེ་སྙམ་ནས་སྤོང་བའི་རྒྱུ་བཞི་སྤང་སྟེ་སེམས་ཅན་ལ་སྙིང་རྗེ་ཇེ་ཆེ་ཇེ་ཆེ་ལ་བཏང་། དེ་ལྟར་ཐམས་ཅད་ལ་སྙོམས་པའི་བྱང་ཆུབ་ཀྱི་སེམས་སྒོམ་ཙ་ན། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །བྱང་ཆུབ་སེམས་དེ་འདོད་པ་ཆུང་ཞིང་ཆོག་ཤེས་པར་བྱ་བ་ལ་བསླབ། དྲན་པ་དང་ཤེས་བཞིན་དུ་བསྲུང་བ་འཕགས་པ་ཀ་ཏྱཱ་ཡ་ན་བཞིན་དུ་བསླབ། དེ་ལྟར་སྒྱུ་མ་ལྟ་བུར་སྤྱོད་པའི་གང་ཟག་དེས་རློམས་པ་མེད་པས་གཟུགས་བརྙན་གྱི་སྐྱེ་བོ་ལྟ་བུ། ལན་ལ་མི་རེ་བ་རང་གི་ལག་པས་ཁ་ལ་ཟན་བྱིན་པ་ལྟ་བུ། རྣམ་སྨིན་ལ་མི་རེ་བ་སྒྱུ་མའི་སྐྱེས་བུ་ལྟ་བུ། ལུས་ལོངས་སྤྱོད་དགེ་བའི་རྩ་བས་བསྡུས་པ་ལྟོས་པ་མེད་པར་བཏང་བས་སངས་རྒྱས་ལྟ་བུ་དགོས་སྐད། དེ་ཡང་བསམ་པ་དག་པས་ཐོང་ངེས་སུ་བྱ། དངོས་སུ་བཏང་བའི་དུས་མིན་མ་འོངས་པ་ན་རྩོལ་བ་མེད་པར་ལྷུན་གྲུབ་ཏུ་བྱང་ཆུབ་སེམས་དཔའི་རྟེན་ལ་སངས་རྒྱས་ཀྱི་མཛད་པ་གཅིག་འོངས། སངས་རྒྱས་ནས་རང་དོན་ཆོས་སྐུ་བརྙེས་ནས་གཞན་དོན་དུ་
༡༡༣གཟུགས་སྐུ་གཉིས་ཀྱིས་ཞིང་ཁམས་དག་མ་དག་འདྲེས་མ་གསུམ་གྱི་དོན་འཁོར་བ་མ་སྟོང་བར་དུ་འབྱུང་གསུངས། ། གསང་སྦས་སོ། །ཇོ་བོ། །དཔལ་ལྡན་དགོན་པ་བ། རིན་ཆེན་སྣེ་ཟུར་པ། གྱེར་སྒོམ་སངས་རྒྱས་དབོན། ཟང་དགོན་པ། མཁན་པོ་ཆོས་ལྡན། སློབ་དཔོན་ཤཱཀྱ་བཀྲ་ཤིས། རྒྱ་མ་བཀྲ་ཤིས་རྒྱལ་མཚན། བུདྡྷ་རཏྣ་ལ། ཤཱི་ལ་ལ། ཛ་ཡ་བྷ་དྲ་ལ། པུཎྱེ་རཏྣ་ལ། མི་ཕམ་ཆོས་ཀྱི་རྗེ་ལ་གནང་ངོ་། ༈ །བློ་སྦྱོང་ཐུན་བརྒྱད་མ་ལགས་སོ། །ཐེག་ཆེན་དགེ་བའི་བཤེས་གཉེན་ལ་ཕྱག་འཚལ་ལོ། །སྤྱིར་ཇོ་བོ་ལ་སྔགས་ཕ་རོལ་ཏུ་ཕྱིན་པ་གསན་པའི་བླ་མ་བདུན་ཅུ་རྩ་གཉིས་ཡོད། ཁྱད་པར་གྱིས་ཀྱང་བྱང་ཆུབ་སེམས་སྟོན་པའི་བླ་མ་གསུམ་ཡོད། བྱམས་པའི་རྣལ་འབྱོར་པ། རཀྵི་ཏ། གསེར་གླིང་པ་དང་གསུམ་ཡིན། དེ་རྣམས་ཀྱི་ནང་ནས་བླ་མ་གསེར་གླིང་པ་ལ་གུས་པའི་རྒྱུ་མཚན་བླ་མ་གཞན་ལ་གདུང་ཁང་མེད་དེ། གསེར་གླིང་པ་ལ་གདུང་ཁང་དངུལ་གདུགས་ཅན་ཡོད། བླ་མ་གཞན་ལ་ཟླ་མཆོད་མེད་དེ། གསེར་གླིང་པ་ལ་ཟླ་མཆོད་ཡོད། བླ་མ་གཞན་གྱི་མཚན་ཐོས་ཙམ་གྱིས་ཐལ་མོ་ཐུགས་ཀར་སྦྱོར་ཏེ། མཉམ་མེད་གསེར་གླིང་པའི་མཚན་ཐོས་ཙམ་ན་ཐལ་མོ་སྤྱི་བོར་སྦྱོར། བླ་མ་གཞན་དྲན་ཀྱང་སྤྱན་ཆབ་མི་འོང་སྟེ། བླ་མ་གསེར་གླིང་པ་དྲན་ཙམ་ནས་སྤྱན་ཆབ་ཡོད་སྐད། ཨ་ཏི་ཤ་ལ་བླ་མ་མང་དུ་ཡོད་པ་ལ་གསེར་གླིང་པ་ལ་དེ་ཙམ་གུས་པའི་རྒྱུ་མཚན་ཅི་ལགས་ཞུས་པས། ཇོ་བོའ་ཞལ་ནས། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་འདི་བླ་མ་གསེར་གླིང་པ་མིན་པ་ལ་མ་བྱུང་བ་ཡིན་གསུངས། བླ་མ་གསེར་གླིང་པ་དེའི་བརྒྱུད་པའི་དབང་དུ་བྱས་ན། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་
༡༡༤པ་རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ། དེས་མཆོག་གི་སྡེ། དེས་དུལའདུལ་བའི་སྡེ། དེས་མཁན་པོ་ཡང་དག་རྣམ་སྣང་མཛད། དེས་སེང་གེ་བཟང་པོ། །དེས་རིན་ཆེན་མདོ། དེས་བླ་མ་གསེར་གླིང་པ། དེས་དཔལ་ལྡན་ཨ་ཏི་ཤ་།དེས་དགེ་བཤེས་སྟོན་པ། དེས་སྐུ་མཆེད་གསུམ་ལ། ཁྱད་པར་དུ་སྤྱན་སྔ་བ་ལ་གནང་། དེས་གླང་ཐང་པ་དང་། ཤ་བོ་སྒང་པ་གཉིས་ལ། གླང་ཐང་པས་ཞང་ཞུང་དང་ལུ་གུར་གཉིས་ལ། དེ་གཉིས་ཀྱིས་ཕྱིས་ཇོ་བོ་ལ། དེས་ལུང་ནང་པ་མཁན་པོ་རིན་པོ་ཆེ། དེས་སློབ་དཔོན་བྲག་སྟོན་ཤེས་རབ་རིན་ཆེན། བསྟན་པའི་བདག་པོ་སློབ་དཔོན་གཞོན་ནུ་བསམ་གཏན། དེས་བུདྡྷ་རཏྣ། དེས་ཀཱིརྟྟི་ཤཱི་ལ་ལ། དེས་རྒྱལ་བའི་མཚན། དེས་པུ་ཎྱེ་རཏྣ་ལ། དེས་གཞོན་ནུ་རྒྱལ་མཆོག །དེ་ཡན་ཆད་བླ་མ་བརྒྱུད་པའི་རིམ་པ་ཡིན་ཏེ། དེ་རྣམས་ཆོས་འདི་ལ་བརྟེན་ནས་གྲུབ་པ་ཐོབ། རྟོགས་པ་ཁྱད་པར་ཅན་འཁྲུངས་པ་ཡིན་གསུངས། ཐེག་པ་ཆེན་པོ་བློ་སྦྱོང་ཞེས་བྱ་བ་སྤྱིར་དུ་ཡང་བཀའ་སྡེ་སྣོད་ཀྱི་ཆོས་ཐམས་ཅད་ནས་གསུངས། ཁྱད་པར་གྱིས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསམ་གཏན་ལེའུ་ནས། བདག་ཉིད་སྐྱོན་བཅས་གཞན་ལ་ཡང་། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང་། །གཞན་བླང་བ་ཡང་བསྒོམ་པར་བྱ། །ཞེས་གསུངས། དེ་ལ་སོགས་པའི་ཚིགས་སུ་བཅད་པ་དེ་རྣམས་ཀྱི་དོན་གོ་ཧྲིལ་གྱིས་དྲིལ་བ་ལ་སྤྱིར་འཁོར་བར་འཁྱམས་པར་བྱེད་པའི་རྒྱུ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དེ་ཚུར་བསྡུ་ན། དྲུག་རྩ་བའི་ཉོན་མོངས་པ། ཉི་ཤུ་ཉེ་བའི་ཉོན་མོངས་པ་དེའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན། རང་བཞིན་གྲུབ་པ་མེད་པ་གཅིག་ལ་ང་བདག་ཏུ་བཟུང་ནས་འདིའི་ཁ་འཛིན་ཤག་འདེབས་བྱས་པས་ཚེ་འདི་ལ་དགེ་རྒྱུའི་ལས་མི་དགེ་བར་སོང་ནས་མི་
༡༡༥དགེའི་རྒྱུའི་ལས་སྡུག་བསྔལ་དུ་སོང་ནས་རང་ས་རང་གིས་ཁ་འཛིན་ཤག་འདེབས་བྱས་པས་ལན། དེ་འོག་མན་ཆད་དུ་ཡང་བདག་ཏུ་འཛིན་པ་འདི་མ་སྤངས་ན་དེ་ཁོ་ན་བཞིན་དུ་འཁྱམས་པ་འདས་མ་འོངས་ད་ལྟ་དུས་གསུམ་དུ་སྡུག་ཏུ་འཇུག་མཁན་རང་གཅེས་པར་འཛིན་པའི་འགོང་པོ་ང་བདག་བྱ་བ་འདི་ཡིན་མིན་ལ་ཐེ་ཚོམ་མི་ཟ། འདི་ཡི་ཁ་འཛིན་ཤག་འདེབས་བྱས་པས་ལན། མཐོང་བ་ཐོས་པ་ཡིད་ལ་འགྱུས་པ་རྣམས་ལག་ལེན་ལ་མ་བཏབ་པ་གཅིག་ཀྱང་མེད་དེ། འཁོར་བ་ལ་སྔ་འདྲིས་གང་ཡང་རིང་དུ་མ་སོང་བས་ད་ཡང་གང་ལེགས་ཐོང་བྱུག་ལེགས་ལ་ཐོང་སྙམ་དུ་བྱས་ནས་རང་གཞན་ལིང་བསྐྱུར་ལ་ཐོང་ལྷོད་དེ་ཀློད་ལ་ཐོང་། ཤིགས་ཀྱིས་ཤིག་ལ་ཐོང་། སེམས་ཅན་སྤྱིར་མི་ཡོང་བ་མིན་ཕ་མ་དྲིན་ཅན་ཤ་དགསྟག་ཡིན་པས་སེམས་ཅན་རྣམས་ཀྱི་རྒྱུའི་དུས་ཀྱི་སྡིག་པ། འབྲས་བུའི་དུས་ཀྱི་སྡུག་བསྔལ་ཀོ་བ་སྤྱི་གྲིས་བཞར་བ་བཞིན་དུ་བླངས་ནས་རང་གི་ལུས་པོ་འདིའི་སྟེང་དུ་ཧྲིལ་ཧྲིལ་སྨིན་པར་བསམ། རང་གི་བདེ་བ་དང་དགེ་བ་སེམས་ཅན་ལ་སྨིན་པར་བསམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། ཐེག་པ་ཆེན་པོའ་བློ་སྦྱོང་ཞེས་བྱ་བའི་དོན་གོ་དེ་ལྟ་བུ་གཅིག་ཡིན་གསུངས། མཁན་པོ་བའི་གསུང་ནས་བློ་སྦྱོང་ཞེས་བྱ་བ་བདག་ཁྱད་དུ་བསད་ནས་སེམས་ཅན་ལ་གུས། བདག་ཁྱད་པར་དུ་བསད་པ་བྱ་བ་འཁོར་བ་ཐོག་མ་མེད་པ་ནས་སྡུག་ཏུ་འཇུག་མཁན་རང་གཅེས་པར་འཛིན་པའི་འགོང་པོ་འདི་ཡིན་པས་གཞི་འདི་བརླག་ན་ཡང་བརླག་གཞུག་གསུངས། དོན་དུ་མ་ལ་འཇུག་གསུངས། སེམས་ཅན་ལ་གུས་པར་བསྒོམ་པ་ནི་གཞན་ཁམས་གསུམ་འཁོར་བའི་སེམས་ཅན་འདི་རྣམས་ཅིར་
༡༡༦མི་ཡོང་བ་མ་ཡིན། ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་སེམས་ཅན་ལ་གུས་པར་བསྒོམ་ལུས་ངག་ཡིད་གསུམ་གྱི་ཞོ་ཤ་མི་བསྲི་བར་ཕན་འདོགས་གསུང་ངོ་། ༈ །ཟས་ལ་བརྟེན་པའི་བློ་སྦྱོང་། །ཡང་དགེ་བཤེས་སྟོན་པའི་གདམས་ངག་ལག་ལེན་དུ་བྱེད་ན། སྦྱིན་བདག་གི་བསོད་ནམས་ཀྱི་ཚོགས་རྫོགས་པའམ་གཞན་གྱི་དད་ཟས་འཇུ་བར་བྱ་བའི་ཆེད་དུ་ཟས་ལ་བརྟེན་པའི་བློ་སྦྱོང་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། ཁྱད་པར་གྱིས་ཀྱང་རང་གི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་ཡོད་པས་དེ་རྣམས་ད་ལྟ་ཟང་ཟིང་གིས་སྡུད་ལ་མ་འོངས་པ་ན་ཆོས་ཀྱིས་སྡུད་སྙམ་དུ་བསམ། །ཟས་ནང་དུ་མིད་པའི་དུས་སུ་སེམས་ཅན་རྣམས་ཀྱི་རྒྱུའི་དུས་ཀྱི་སྡིག་པ་འབྲས་བུའི་དུས་ཀྱི་སྡུག་བསྔལ་ཐམས་ཅད་ཀོ་བ་སྤྱི་གྲིས་བཞར་བ་བཞིན་དུ་རང་གི་ལུས་འདིའི་སྟེང་དུ་ཧྲིལ་གྱིས་སྨིན་པར་བསྒོམ། དབུགས་ཕྱིར་རྒྱུ་བའི་དུས་སུ་རང་གི་བདེ་བ་དང་དགེ་བ་སེམས་ཅན་ལ་བསྔོ་བར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་རྣམས་ཀྱི་རྒྱུ་དུས་ཀྱི་སྡིག་པ་འབྲས་བུའི་དུས་ཀྱི་སྡུག་བསྔལ་བྲལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚོགས་གཉིས་རྫོགས་ནས་སངས་རྒྱས་ཐོབ་པར་བསྒོམ། ཡང་རྒྱུའི་དུས་ཀྱི་སྡིག་པ་འབྲས་བུའི་དུས་ཀྱི་སྡུག་བསྔལ་དང་བྲལ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚོགས་གཉིས་རྫོགས་ནས་བཅོམ་ལྡན་འདས་མི་གཡོ་བར་ཀྲོང་ངེ་གྱུར་བར་བསྒོམ། དེ་ནས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མི་གཡོ་བ་ཡེ་ཤེས་སེམས་དཔའ་ཚོན་གང་བ་གཅིག་སྤྱི་བོའ་གཙུག་ཏུ་བྱོན་པར་བསྒོམ། དེ་ལ་ཡིད་ཀྱི་སྒོ་ནས་དད་པ་གུས་པ་བྱེད། ངག་གི་སྒོ་ནས་
༡༡༧བསྟོད་པ་བྱེད་མཆོད་པ་འབུལ་གསོལ་བ་གདབ། དེ་ནས་ཚངས་པའི་བུ་ག་ནས་མར་ཐིམ་ཐིམ་སོང་ནས་སྟོང་པ་ཉིད་དུ་ཆམ་ཆམ་སྙིང་གི་ཐད་ཀར་སླེབས་ཙམ་ན་སྟོང་པ་ཉིད་དུ་ཆམ་གྱུར་པར་བསྒོམ། དེའི་ངང་དུ་འབོལ་ལེ་ཤིགས་སེ་ལྷོད་དེ་ཁྲིལ་ལེ་བཞག །དེའི་འཕྲོ་ལ་སེམས་གནས་ན་གནས་སུ་གཞུག །དེའི་འཕྲོ་ལ་གཉིད་དུ་སོང་ན་གཉིད་ཆོས་ཉིད་དུ་ཁྱེར་བའི་མན་ངག་ཡིན། དེའི་འཕྲོ་ལ་ཤིནཤི་ན་འཆི་ཁ་མའི་མན་ངག་ཡིན་ཏེ་བར་དོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་གསུང་ངོ་། །དེའི་འཕྲོ་ལ་བཟླས་པ་བྱེད་ན་བྱིན་རླབས་ཤིན་ཏུ་ཆེ་སྟེ། སྐུ་གསུང་ཐུགས་ཀྱི་བཟླས་པ་འགྲོ་བ་མ་ལུས་ཡི་དམ་ལྷ་བསྒོམ་པ་དེ་སྐུའི་བཟླས་པ། སྙིང་པོ་བཟླས་པ་དེ་གསུང་གི་བཟླས་པ་ཡིན། སྟོང་པ་ཉིད་བསྒོམ་པ་དེ་ཐུགས་ཀྱི་བཟླས་པ་ཡིན་གསུངས། དེ་ལས་ལྡང་བར་འདོད་ན་ནམ་མཁའ་ལ་འཇའ་ཚོན་ཆགས་པ་བཞིན་དུ་སྟོང་པ་ཉིད་ཀྱི་ངང་ལས་བཅོམ་ལྡན་འདས་མི་གཡོ་བ་ལམ་སྟེ་བསྐྱེད། སྔར་བསྟིམས་པའི་སེམས་དཔའ་ཚོན་གང་པ་དེ་སྤྱི་བོའ་གཙུག་ཏུ་བཞུགས་པར་བསམས་ལ། ཡིད་ཀྱི་སྒོ་ནས་དད་པ་དང་གུས་པ་བྱ། ངག་གི་སྒོ་ནས་བསྟོད་པ་བྱ་མཆོད་པ་འབུལ་གསོལ་བ་གདབ། དེ་ནས་རས་བྲིས་ཡོད་ན་དེ་ལ་བསྟིམ། མེད་ན་ལུགས་མའམ་གདུང་རྟེན་ལ་བསྟིམ། དེ་ལྟ་བུ་མི་བཞུགས་ན་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་པའི་སྐྱབས་འགྲོ་སེམས་བསྐྱེད་ཀྱི་བསྔོ་བ་ལན་གསུམ་བྱ། ད་ལྟའི་སྣང་བ་འདི་རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ་གསུངས། ཟས་ལ་བརྟེན་པའི་ལེའུ་སྟེ་དང་པོའོ། ༈ །དབུགས་ལ་བརྟེན་པའི་བློ་སྦྱོང་། གཉིས་པ་དབུགས་ལ་བརྟེན་པའི་བློ་སྦྱོང་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་དབུགས་ལ་བརྟེན་པའི ་
༡༡༨བློ་སྦྱོང་བསྒོམ་སྙམ་དུ་བསམ་ནས་དབུགས་ནང་དུ་རྒྱུ་བའི་དུས་སུ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རང་ལ་སྨིན་པར་བསྒོམ། དབུགས་ཕྱིར་རྒྱུ་བའི་དུས་སུ་རང་གི་བདེ་བ་དང་དགེ་བ་སེམས་ཅན་རྣམས་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་རང་ཡང་སྡིག་སྡུག་དང་བྲལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་ཡི་དམ་གྱི་བསྒོམ་བཟླས་སྔར་བཞིན་བྱས། དབུགས་ལ་བསྟེན་པའི་ལེའུ་སྟེ་གཉིས་པའོ། །གསུམ་པ་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་པའི་བློ་སྦྱོང་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ལུས་གངྒཱ་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྡིག་སྡུག་ཐམས་ཅད་རང་གི་ལུས་པོ་དེ་རྣམས་ཀྱི་ཐོག་ཏུ་ཧྲིལ་ཧྲིལ་སྨིན་པར་བསྒོམ། རང་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་དམྱལ་བ་རྣམས་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་དམྱལ་བ་པ་རྣམས་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་དམྱལ་བ་པ་རྣམས་སྡིག་སྡུག་དང་བྲལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚོགས་གཉིས་རྫོགས་ནས་མཐོ་རིས་ལྷ་མི་ཐོབ་པར་བསྒོམ། །དེ་ལྟར་ཡི་དྭགས་དུད་འགྲོ་ལྷ་མ་ཡིན་རྣམས་ཀྱིས་ཀྱང་ལྷ་མིའི་ལུས་ཐོབ་པར་བསྒོམ། །མིའི་གནས་སུ་ལུས་གངྒཱ་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་མི་རྣམས་ཀྱི་སྡིག་སྡུག་ཐམས་ཅད་རང་གི་ལུས་པོ་དེ་རྣམས་ཀྱི་སྟེང་དུ་ཧྲིལ་ཧྲིལ་སྨིན་པར་བསྒོམ། །རང་གི་བདེ་དགེ་མི་རྣམས་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་
༡༡༩བ་རྣམས་ཀྱང་བློས་བླངས་ནས་སེམས་ཅན་རྣམས་ལ་སྨིན་པར་བསྒོམ། དེ་ལྟར་མི་རྣམས་སྡིག་སྡུག་དང་བྲལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚོགས་གཉིས་རྫོགས་ནས་སངས་རྒྱས་པར་བསྒོམ། དེ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་འདི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་བསྒོམ། རང་གི་ལུས་དུམ་བུར་གཏུབས་ལ་ཤ་ཁྲག་གིས་ཁེངས་པར་བསྒོམ། དེ་ལ་དམིགས་ལ་ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་གྱུར་པར་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབབབས་པས་ཀྱང་ཁེངས་པར་བསྒོམ། སུམ་ཅུ་རྩ་གསུམ་དང་། བྱང་སྒྲ་མི་སྙན་དང་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་དང་བཅུད་ཀྱིས་ཁེངས་པར་བསྒོམ། དེ་ནས་བདུད་རྩི་རྣམས་དང་པོ་བླ་མ་ཡི་དམ་གྱི་ལྷ་ལ་འབུལ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ། དེ་ནས་རིགས་དྲུག་རྣམས་ལ་ཕུལ་བས། དེ་རྣམས་ཐམས་ཅད་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་སྐུ་བརྙེས་པར་བསམ། དེ་ལྟར་ལུས་ནི་སེམས་ཅན་ལ་དྲངས་ནས་མེད། སེམས་ལ་ནི་རང་བཞིན་གྲུབ་པ་མེད་པའི་ངང་ལ་ལྷན་གྱིས་བཞག །ཡི་དམ་གྱི་བསྒོམ་བཟླས་སྔར་བཞིན་བྱ། དགེ་བའི་རྩ་བ་བསྔོ། ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་པའི་ལེའུ་སྟེ་གསུམ་པའོ། །བཞི་པ་ཤ་ཁྲག་ལ་བརྟེན་པའི་བློ་སྦྱོང་ཞེས་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཤ་ཁྲག་ལ་བསྟེན་པའི་བློ་སྦྱོང་སྙམ་དུ་བསམས་ནས། དེ་ནས་རང་གི་ཁང་པ་ཤ་ཁྲག་གིས་ཁེངས་པར་བསམས་ལ། ཡི་དྭགས་ཤ་ཁྲག་ལ་དགའ་བ་ཐམས་ཅད་འདུས་འདུས་བྱས་པས་འདུས་པར་བསྒོམ། དེ་ནས་ཤ་ལ་དགའ་བས་ཤ་ཟོ། ཁྲག་ལ་དགའ་བས་ཁྲག་འཐུང་། མགོ་ཡ་བདུད་རྒྱལ་པོས་ཁྱེར། རྐང་པ་མ་བདུད་
༡༢༠རྒྱལ་མོས་ཁྱེར། བར་རྣམས་ལྷ་འདྲེ་གཉེན་དགུས་ཁྱེར། རིངས་པ་ན་རྗེན་པར་ཟོ། མི་རིང་པ་ན་ཚོས་ལ་ཟོ། ཐབས་ཇི་ལྟར་ལེགས་པ་བཞིན་དུ་གྱིས་བྱས་ནས་བྱིན་པས་ཤ་ཟོས་ཁྲག་འཐུང་རུས་པ་ཀུན་ཡང་མུར་བར་བསམ། དེ་ལྟར་ལུས་ནི་ཁོང་རྣམས་ལ་བྱིན་ནས་མེད་སེམས་ལ་ནི་རང་བཞིན་མེད་པའི་ངང་དུ་ལྷན་ནེ་འཇོག་པ་ཡིན། དེ་ནས་བློ་རྒྱ་ཆེར་སོང་ནས་ལྕགས་རིའི་ནང་གང་ཙམ། ལུང་པ་གང་ཙམ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཤ་ཁྲག་གིས་ཁེངཁེངས་པར་བསྒོམ་པ་ཡིན་གསུངས། དེ་ནས་ལྡང་བར་འདོད་ན་དགེ་བ་བསྔོ། རྨི་ལམ་ལྟ་བུར་བསྒོམ། ཤ་ཁྲག་གཏོང་བའི་ལེའུ་སྟེ་བཞི་པའོ། །ལྔ་པ་གཏོར་མ་ལ་བརྟེན་པའི་བློ་སྦྱོང་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་གཏོར་མ་ལ་བརྟེན་པའི་བློ་སྦྱོང་བྱ་སྙམ་དུ་བསམས་ནས། ཕྱི་སྣོད་ཀྱི་འཇིག་རྟེན་འདི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་བསྒོམ། རང་གི་ལུས་དུམ་བུར་གཏུབས་ལ་སྣོད་ཁེངས་པར་བསྒོམས་ནས་ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་གྱུར་བར་བསྒོམ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་སོགས་པ་བཞིའི་མཚན་བརྗོད་བྱས་པས་དམ་པ་ཆོས་སྐྱོང་བའི་སྲུང་མ་དཔལ་མགོན་དང་ལྷ་མོ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པ་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས་བསྐོར་ནས་གསོལ་བ་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་སམ་བྷ་ར་སམ་བྷ་ར་ཧཱུྃ་ལན་གསུམ་བརྗོད་པས་སངས་རྒྱས་བསྟན་སྲུང་རྣམས་ཀྱིས་གསོལ་བར་བསམ། རིགས་དྲུག་གི་སེམས་ཅན་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་པར་གྱུར་ཅིག་ཅེས་བརྗོད། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་པའི་ཚིག་བརྗོད། དེ་ལྟར་ལུས་ནི་
༡༢༡དྲངས་ནས་མེད། སེམས་ལ་ནི་རང་བཞིན་མེད་པས་རང་བཞིན་མེད་པའི་ངང་དུ་ལྷན་གྱིས་བཞག །དེ་ནས་ལྡང་བར་འདོད་ན་དགེ་བ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། གཏོར་མ་ལ་བརྟེན་པའི་ལེའུ་སྟེ་ལྔ་པའོ། །དྲུག་པ་འབྱུང་བ་ལ་བརྟེན་པའི་བློ་སྦྱོང་བགྱི་བ། སྤྱོད་འཇུག་ལས། ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའ་རྒྱུར་ཡང་ཤོག །ཅེས་གསུངས་པས། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འབྱུང་བ་ལ་བསྟེན་པའི་བློ་སྦྱོང་བསྒོམ་སྙམ་དུ་བསམས་ནས། རང་གི་ལུས་པོ་འདི་ཤ་དང་རུས་པ་རྣམས་ཕྱིའི་འབྱུང་བ་ས་ལ་ཐིམ་པར་བསྒོམ། ཁྲག་དང་ཆུ་སེར་རྣམས་ཆུ་ལ་ཐིམ་པར་བསྒོམ། དབུགས་རྣམས་རླུང་ལ་ཐིམ་པར་བསྒོམ། དྲོད་རྣམས་མེ་ལ་ཐིམ་པར་བསྒོམ། ལུས་འབྱུང་བ་བཞིར་གྱུར་པ་འདིས་སས་སྲ་ཞིང་བརྟན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། ཆུས་བརླན་ཅིང་གཤེར་བའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། མེས་ཚ་ཞིང་སྲེག་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། རླུང་གིས་ཡང་ཞིང་གཡོ་བའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། ཉི་མ་དང་ཟླ་བ་གཉིས་མིག་གཉིས་སུ་བྱས་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ་སེམས་ཅན་ཟས་ཟ་བ་རྣམས་རང་གི་ཤ་ཟ་བར་བསྒོམ། གོས་གྱོན་པ་རྣམས་རང་གི་པགས་པ་གྱོན་པར་བསྒོམ། སྐོམ་འཐུང་བ་རྣམས་རང་གི་ཁྲག་འཐུང་བར་བསྒོམ། དེ་ནས་སེམས་ཅན་རྣམས་ཀྱི་སྡིག་སྡུག་རང་ལ་སྨིན་པར་བསྒོམ། རང་གི་བདེ་དགེ་ཐམས་ཅད་སེམས་ཅན་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་སེམས་
༡༢༢ཅན་རྣམས་སྡིག་སྡུག་དང་བྲལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚོགས་གཉིས་རྫོགས་སྒྲིབ་གཉིས་དག་ནས་སངས་རྒྱས་པར་བསྒོམ། འབྱུང་བ་བཞིའི་ལུས་ལ་ༀ་ཨཱཿཧཱུྃ་ལན་བདུན་བརྗོད་པས་བདུད་རྩིར་གྱུར་བར་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཀྱང་ཁེངས་པར་བསྒོམ། སུམ་ཅུ་རྩ་གསུམ་དང་བྱང་སྒྲ་མི་སྙན་དང་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་དང་བཅུད་དུ་གྱུར་པ་ཐམས་ཅད་ཀྱིས་ཀྱང་ཁེངས་པར་བསྒོམ། དེ་དང་པོ་བླ་མ་དང་ཡི་དམ་ལ་དབུལ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ། དེ་ནས་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕུལ་བས་དེ་རྣམས་ཀྱི་བདུད་རྩི་རྣམས་མ་ལུས་པར་སངས་ཀྱིས་གསོལ་བར་བསམ། དེ་རྣམས་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་པར་བསྒོམ། དེ་ལྟར་ལུས་ནི་བླ་མ་དང་ཡི་དམ་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་དྲུག་རྣམས་ལ་ཕུལ་ནས་མེད། སེམས་ནི་རང་བཞིན་གྱིས་གྲུབ་པ་མེད་པའི་ངང་ནས་ལྷན་གྱིས་འཇོག་པ་ཡིན་གསུངས། ཡི་དམ་གྱི་བསྒོམ་བཟླས་སྔར་བཞིན་བྱ། དགེ་བའི་རྩ་བ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། འབྱུང་བ་ལ་བརྟེན་པའི་བློ་སྦྱོང་གི་ལེའུ་སྟེ་དྲུག་པའོ།། །།བདུན་པ་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་བའི་བློ་སྦྱོང་ཞེས་བགྱི་བ། སྤྱོད་འཇུག་ལས། །ཡིད་བཞིན་ནོར་བུ་བུམ་པ་བཟང་། །རིག་སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ཞེས་གསུངས་པས། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་སྤྲུལ་པའི་བློ་སྦྱོང་བསྒོམ་སྙམ་དུ་བསམས་ནས། དེ་ནས་རང་གི་ལུས་པོ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཁ་དོག་སྔོན་པོ་དབྱིབས་བརྒྱད་
༡༢༣གཞོག་ཆེ་ཆུང་མི་འབྲིང་པོའ་བརླ་ཙམ་གཅིག་ཏུ་གྱུར་པར་བསྒོམ། དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་པས་མི་མཉམ་པའི་ཆར་གཅིག་བབས། དེས་ས་གཞི་ལ་ཆག་ཆག་བཏབ་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་མི་མཉམ་པའི་རླུང་གཅིག་ལངས། དེས་ས་གཞི་ལ་ཕྱག་དར་བྱས་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་བདུད་རྩིའི་ཆར་བབས་པས་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་དང་ཐ་མལ་གྱི་ཤ་ཁྲག་ཐུག་པར་སྦྱོང་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚོགས་གཉིས་རྫོགས་ནས་སངས་རྒྱས་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་རིན་པོ་ཆེའི་ཆར་བབས་པས་དེ་རྣམས་ལ་རིན་པོ་ཆེའི་རྒྱན་གདགས་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་ལྷའི་ན་བཟའ་པཉྩ་ལི་ཀཱའི་ཆར་བབབབས་པས་དེ་རྣམས་ལ་ན་བཟའ་གསོལ་བར་བསམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་ཟག་མེད་ཀྱི་བདུད་རྩིའི་ཆར་བབས་པས་འཇིག་རྟེན་གྱི་ཁམས་ཁེངས་པར་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་བབས་པས་ཀྱང་ཁེངས་པར་བསྒོམ། སུམ་ཅུ་རྩ་གསུམ་དང་སྒྲ་མི་སྙན་དང་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་དང་བཅུད་དུ་གྱུར་པ་ཐམས་ཅད་ཀྱིས་ཁེངས་པར་བསྒོམ། དེ་ཡང་དང་པོ་དེ་བླ་མ་དང་ཡི་དམ་གྱི་ལྷ་ལ་འབུལ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ། དེ་ནས་རིགས་དྲུག་སངས་རྒྱས་པ་དེ་རྣམས་ལ་ཕུལ་བས་དེ་རྣམས་ཀྱི་བདུད་རྩི་ལྷག་མ་མ་ལུས་པར་སངས་ཀྱིས་གསོལ་བས་དེ་ཐམས་ཅད་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་པར་བསྒོམ། དེ་ལྟར་ལུས་ནི་བླ་མ་དང་ཡི་དམ་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིགས་དྲུག་སངས་རྒྱས་པ་རྣམས་
༡༢༤ལ་དབུལ། སེམས་ལ་ནི་རང་བཞིན་གྲུབ་པ་མེད་པས་རང་བཞིན་མ་གྲུབ་པའི་ངང་ལ་ལྷན་གྱིས་འཇོག །དེ་ནས་ལྡང་བར་འདོད་ན་དགེ་བའི་རྩ་བ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་བའི་ལེའུ་སྟེ་བདུན་པའོ། །བརྒྱད་པ་བློ་སྦྱོང་འཆི་ཁ་མའི་མན་ངག་བགྱི་བ། འཆི་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་འཆི་དགོས་པ་ཡིན། འཆི་བའི་དུས་སུ་ཡོ་བྱད་སུམ་ཆ་གསུམ་དུ་བགོས་ལ་ཆ་གཅིག་བླ་མ་དང་དཀོན་མཆོག་གསུམ་ལ་འབུལ། ཆ་གཅིག་ཚོགས་སོག་བྱེད། ཆ་གཅིག་ལ་བཀྱེ་བཀང་ལ་སོགས་པ་ཅི་རིགས་སུ་བྱེད་པ་ཡིན་གསུངས། དེ་སྦྱིན་པ་ཡིན། ཚུལ་ཁྲིམས་ལ་སོ་སོར་ཐར་པའི་ལྟུང་བ་བཤགས་སྡོམ་བྱེད། སྨོན་འཇུག་གི་སེམས་བསྐྱེད་སོར་འཇུག་བྱེད། དེ་ཚུལ་ཁྲིམས་ཡིན། བཟོད་པ་སྔར་མཁོན་ཡོད་ན་བཟོད་གསོལ་བྱེད། རྩ་ན་མེད་ན་ཀ་ཆ་རྣ་ཆ་གཅིག་ཙམ་བསྔོས་ནས་འོ་ཅག་གཉིས་འདི་ལྟ་བུ་གཅིག་ཡོད་པས་བཟོད་པ་མཛོད་ཟེར། ཁོས་བཟོད་པ་ལེན་དུ་མ་བཏུབ་ན་རང་གི་སེམས་ལ་མི་བདེ་བ་མེད་པར་བྱེད་པ་ཡིན། བརྩོན་འགྲུས་དེ་རྣམས་བྱེད་པ་ཐམས་ཅད་དགའ་སྤྲོ་དང་བཅས་པས་བྱེད་པ་ཡིན། བསམ་གཏན་དང་ཤེས་རབ་གཉིས་འདིའི་ཁོག་ན་ཡོད། དེ་ནས་དཀོན་མཆོག་གི་སྤྱན་སྔར་མཆོད་པ་གྲུབ་ན་རྒྱས་པར་བྱེད། ཡན་ལག་བདུན་པ་རྒྱས་པར་བྱེད། བདག་གི་རྒྱུད་ལ་ཐེག་པ་ཆེན་པོའ་བློ་སྦྱོང་གི་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བློ་སྦྱོང་བརྗེད་པའི་གནས་བཞིར་མི་བརྗེད་པར་བྱིན་གྱིས་བརླབ་ཏུ་གསོལ། འཆོར་བའི་གནས་བཞིར་མི་འཆོར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་དཀོན་མཆོག་གི་སྤྱན་སྔར་ཡི་གེ་བཾ་དམར་སེར་གཅིག་བསྒོམ། དེ་འོད་དུ་ཞུ་བས་པདྨའི་སྡོང་པོ་གཅིག་ཏུ་གྱུར་པར་བསྒོམ། པདྨའི་ཟེའུ་འབྲུ་རིན་པོ་ཆེ་དར་ཟབ་ཀྱིས་བརྒྱན་པ་ལ་
༡༢༥བླ་མ་དང་ཡི་དམ་གྱི་ལྷ་ཐམས་ཅད་པར་བསྒོམ་ལ། སྔར་གྱི་མཆོད་པ་དེ་རྣམས་བློས་བླངས་ནས་དབུལ། ཡན་ལག་བདུན་པ་བྱ། སྔར་བཞིན་གསོལ་བ་གདབ། དེ་ནས་ས་ཕྱོགས་དབེན་པར་འབོལ་བའི་གདན་ལ་ལུས་རྣམ་སྣང་ཆོས་བདུན་ནམ་བསམ་གཏན་གྱི་ཆོས་དྲུག་ལ་བསླབ་ཟེར་ནས་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། རྒལ་ཚིག་གསེར་གྱི་དོང་རྩེ་བརྩེགས་པ་བཞིན་དུ་དྲང་ཏིག་སྟེ་བསྲང་། ལག་པ་གཉིས་ལྟེ་བའི་ཐད་ནས་སོར་བཞི་ཙམ་གཞལ་བའི་སར་མཉམ་པར་བཞག །མགྲིན་པ་ལྕགས་ཀྱུ་ལྟར་བཀུག་ཅིང་རྒྱབ་མདུད་གཏམ་གསུངས། གཡོན་ཕྱོགས་སུ་ཆུས་ཆུས་པ་ལན་གསུམ་ཙམ་བྱས་པའི་སྣ་ཆུ་ཐིག་པ་ལྟེ་བའི་ཐད་ཀར་ཡོང་ཙམ་བྱེད། མིག་སྣ་རྩེ་ལ་གཏད། སོ་བར་རྟ་རྔ་ཤོང་བ་ཙམ་བྱེད། །ལྕེ་ཡ་རྐན་ལ་སྦྱོར། མིག་བཙུམ་པའང་མིན་བཙུམ་ན་བྱིང་ནས་འགྲོ། བསྒྲད་པའང་མིན་བསྒྲད་ན་ཡེངས་ནས་འགྲོ། ལྷའི་སྤྱན་ལྟར་ཟིམ་ཟིམ་དུ་བྱ། དེ་ནས་ཤེས་པ་དེ་ལྟེ་བའི་ཐད་ཀར་ཆིལ་ཆིལ་བ་ལན་གསུམ་བྱེད་པ་ཡིན་གསུངས། དེ་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའ་བློ་སྦྱོང་འཆི་ཁ་མའི་གདམས་ངག་བསྒོམ་སྙམ་དུ་བསམས་ནས་འཁོར་བའི་སྡུག་བསྔལ་འདི་ཐམས་ཅད་ལས་དགེ་མི་དགེ་མི་གཡོ་བའི་ལས་གསུམ་ལས་འབྱུང་། དེ་ཉོན་མོངས་པ་ཀུན་ནས་བླངས་པ་ལས་བྱུང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དེའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན་པས་རང་བཞིན་གྲུབ་པ་མེད་པ་གཅིག་ལ་ང་བདག་ཏུ་བཟུང་ནས་འདིའི་ཁ་འཛིན་ཤག་འདེབས་བྱེད་བྱེད་ནས་ལས་བསགས། ལས་ཀྱིས་འཁོར་བར་འཁྱམས་ནས་འཁོར་བའི་སྡུག་བསྔལ་ལ་ཐུག་པ་མེད་ཅིང་མཐའ་མི་མངོན་པ་གཅིག་ཉམས་སུ་མྱོང་། ཚེ་འདི་ལ་ཡང་ཁ་འཛིན་ཤག་འདེབས་བྱས་པ་དེ་རྒྱུ་ལས་སྡུག་བསྔལ་དུ་སོང་བའམ། དགེ་རྒྱུ་ལས་མི་དགེ་བར་སོང་བས་རང་ས་རང་གི་
༡༢༦ཁ་འཛིན་དང་ཤག་འདེབས་བྱས་པས་ལན། དེ་མན་ཆད་དུ་ཡང་བདག་ཏུ་འཛིན་པ་འདི་མ་སྤངས་ན་སྔ་མཁོན་བཞིན་དུ་འཁོར་བར་འཁྱམས་པས་འདས་མ་འོངས་ད་ལྟ་དུས་གསུམ་དུ་སྡུག་ཏུ་འཇུག་མཁན་རང་ལ་གཅེས་པར་འཛིན་པའི་འགོང་པོ་ང་བདག་བྱ་བ་འདི་ཡིན་མིན་ལ་ཐེ་ཚོམ་མི་ཟ། འདིའི་ཁ་འཛིན་ཤག་འདེབས་པས་པས་ཕན་ན་མཐོང་བ་ཐོས་པ་ཡིད་ལ་འགྱུ་བ་རྣམས་ལག་ལེན་དུ་མ་བཏབ་པ་གཅིག་ཀྱང་མེད་དེ་འཁོར་བ་ལས་སྔར་འདྲེས་གང་ཡང་རིང་དུ་མ་སོང་བས་ད་གང་ལེགས་ལེགས་ལ་ཐོང་དབྱུག་ལེགས་ལ་ཐོང་སྙམ་དུ་བགྱིས་ལ་རང་བཞིན་ལིང་བསྐྱུར་ལྷོད་དེ་ཀློད། ཤིགས་ཀྱིས་བཤིག་ལ་ཞོག །གཞན་ཁམས་གསུམ་འཁོར་བའི་སེམས་ཅན་འདི་རྣམས་སྤྱིར་མི་ཡོང་བ་མིན་དྲིན་ཅན་གྱི་ཕ་མ་ཤ་སྟག་ཀྱང་ཡིན་པས་སེམས་ཅན་གྱི་སྡུག་བསྔལ་རང་ལ་སྨིན་པར་བསྒོམ། རང་གི་བདེ་བ་དང་དགེ་བ་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་སྡིག་སྡུག་དང་བྲལ་ནས་སངས་རྒྱས་པར་བསྒོམ། རང་ཡང་སྡིག་སྡུག་བྲལ་ནས་ཡི་དམ་གྱི་ལྷའི་བསྒོམ་བཟླས་གོང་དང་མཐུན། དེ་ནས་དཀོན་མཆོག་གི་སྤྱན་སྔར་མཆོད་པ་གྲུབ་ན་རྒྱས་པར་བྱེད། ཡན་ལག་བདུན་པ་གྲུབ་ན་རྒྱས་པར་བྱེད། བདག་གི་རྒྱུད་ལ་ཐེག་པ་ཆེན་པོ་བློ་སྦྱང་གི་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བློ་སྦྱོང་བརྗེད་པའི་གནས་བཞིར་མི་བརྗེད་པར་བྱིན་གྱིས་བརླབ་ཏུ་གསོལ། འཆོར་བའི་གནས་བཞིར་མི་འཆོར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་འཆི་བ་རང་གི་དུས་སུ་ཕྱི་དབུགས་ཆད་པའི་དུས་སུ་སེམས་གསལ་ལ་རྟོག་པ་མེད་པ་སྟོན་ཀའི་ནམ་མཁའ་སྤྲིན་བྲལ་བ་ལྟ་བུ་སེམས་ཅན་ཐམས་ཅད་ལ་ཡང་། དེ་དང་སྔར་གྱི་དེ་གཉིས་གུང་བསྒྲིགས་པ་ཡིན། གུང་འགྲིགས་ན་ཆུ་སྣ་དང་བྲེང་འཕྲད་པ་བཞིན་དུ་སོང་ནས་དེ་ལ་ལོའམ་ཟླ་བ་ཙམ་དུ་གནས་ནས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བ་ཡིན་ཏེ་བརྩོན་འགྲུས་ཅན་མཐོང་ཆོས་ལ་སངས་རྒྱ་བ་ཡིན་གསུངས། དེར་མ་ཟིན་ན་བར་དོའ་ཆོས་ལུས་སུ་ལྡང་བ་ཡིན་ཏེ་བར་དོ་བྱིས་པ་ལོ་ལྔ་ལོན་པའི་ཚོད་ཙམ་གཅིག་འོངས། ཁ་
༡༢༧དོགསདོག་རྣམ་པ་ལྔའི་ཚུལ་དུ་ཡོད་དེ་སྒྱུ་མའི་དཔེ་བརྒྱད་དང་གཉིས་སུ་མེད་པར་ཤེས་ན་དུག་ལྔ་ཡེ་ཤེས་ལྔར་གྱུར་ནས་འགྲོ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་མཉམ་ཉིད་ཡེ་ཤེས་གཉིས་ཆོས་ཀྱི་སྐུ། མེ་ལོང་ལྟ་བུ་ལོངས་སྐུ། བྱ་བ་གྲུབ་པའི་ཡེ་ཤེས་དང་སོ་སོར་རྟོག་པའི་ཡེ་ཤེས་གཉིས་སྤྲུལ་པའི་སྐུའོ། །འོད་ཁ་དོག་ལྔ་པོ་དེ་ལ་ཆགས་ཤིང་མངོན་པར་ཞེན་ན་དུག་ལྔར་གནས་གྱུར་ནས་རྒྱུ་དྲག་ཏུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་སྐྱེ་བ་ལེན་པ་ཡིན་གསུང་ངོ་། །ལར་སྐྱེ་བ་འདིའམ་བདུན་ནམ་བཅུ་དྲུག་ཐུག་པས་སངས་རྒྱས་པ་ཡིན་གསུང་སྟེ་འཁོར་བ་ཐོག་མཐའ་མེད་པ་ལ་ལྟོས་ན་སང་གནང་གི་ཚོད་ཙམ་ཡིན་གསུངས། ཤིན་ཏུ་ལེ་ལོ་ཅན་སྐྱེ་བ་བརྒྱུད་ནས་སངས་རྒྱས་པར་བྱ་བ་ཡིན་གསུངས། ཐུན་བརྒྱད་མའི་མན་ངག་དགེ་ལེགས་སུ་གྱུར་ཅིག ༈ །མངྒ་ལཾ། ༈ །གེགས་སེལ་བློ་སྦྱོང་བཞུགས་སོ། །བླ་མ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོ་བློ་སྦྱོང་གི་གེགས་སེལ་ནི། ལྟས་ངན་གཡང་དུ་ལེན། བདུད་སྲིད་དུ་གཅོད། བར་ཆད་ལམ་དུ་འཇུག །མི་མཁོ་ཤོས་ལ་འདོད་ཐོག་ཏུ་བྱེད་པ་ཡིན་གསུངས། དང་པོ་ནི་འཇིག་རྟེན་པས་སྲིན་བྱའམ་ཝ་བརྒྱལ་བ་ལ་སོགས་པ་ལྟས་ངན་པ་བྱུང་བའི་དུས་སུ་རྩིས་བྱེད་མོ་འདེབས་ཆོ་ག་བྱེད་པ་ཡིན་ཏེ། འོ་ཅག་ལྔསལྟས་དང་མཚན་མ་ངན་པ་བྱུང་བའི་དུས་སུ་སྡུག་ཏུ་འཇུག་མཁན་བདག་ཏུ་འཛིན་པ་འདི་ཡིན་པས་འཇིག་རྟེན་གྱི་ཁམས་ཀྱི་ལྟས་ངན་པ་བྱུང་གིས་དོགས་པའི་སྡུག་བསྔལ་བདག་ལ་སྨིན་བདག་ཏུ་འཛིན་པ་འདི་བརླག་ཏུ་ཆུག་ཅིག་སྙམ་དུ་ལེན་པ་ཡིན། གཉིས་པ་ནི་སྡུག་ཏུ་འཇུག་མཁན་བདག་ཏུ་འཛིན་པ་ཡིན་གསུངས། ལུས་ལ་མི་དང་མི་མ་ཡིན་གྱིས་གནོད་པ་བྱུང་བའི་དུས་སུ་ང་ནི་འདིས་སྡུག་ཏུ་བཅུག་ནས་འདུག་ཁྱེད་འདི་ལ་དགའ་ན་ད་ལྟ་ཁྱེར། མགོ་སོགས་ཡ་བདུད་རྒྱལ་པོས་ཁྱེར་ཅིག །འདི་ལ་གནོད་
༡༢༨པ་སྐྱེལ་བ་རྣམས་བཀའ་དྲིན་ཆེ་དགྲ་འདུལ་རོགས་པ་ཡིན། འདྲེ་འདུལ་རོགས་པ་ཡིན་པས་འཇིག་རྟེན་གྱི་ལྷ་འདྲེ་མི་གསུམ་སྲིད་དུ་བཅད་ནས་འགོང་པོ་ཅི་བརླག་ལ་ཐོད་སྙིང་ཚིམ་འགལ་བ་མེད་དོ་སྙམ་དུ་སྲིད་དུ་གཅོད། ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་སོགས་མ་མཁོ་བ་དང་བར་ཆད་ཅི་བྱུང་ཡང་ཁྱེད་རང་གི་བདག་ཏུ་འཛིན་པས་ལན་པ་ཡིན་པས་ད་དུང་ཡང་བདག་འཛིན་མ་སྤངས་ན་བར་ཆད་ད་དུང་འབྱུང་བས་འཇིག་རྟེན་གྱི་བར་ཆད་བྱུང་བ་བྱུང་གིས་དོགས་པ་ཐམས་ཅད་བདག་གི་སྟེང་དུ་ད་ལྟ་ཉིད་དུ་ཧྲིལ་གྱིས་སྨིན་ལ་བདག་ནི་ཐུལ་ཅིག་བརླག་ཏུ་ཆུག་ཅིག་སྙམ་དུ་ལམ་དུ་འཇུག་པ་ཡིན། བཞི་པ་ནི་འདི་ལ་ཕན་བཏགས་པས་ཕན་ན་ཅི་ཙམ་པའི་ཕན་གཅིག་བཏགས། དེས་འཁོར་བ་ལས་རིང་དུ་མ་སོང་བས་འདི་བརླག་ཏུ་འཇུག་དགོས་པ་ཡིན་པ་ལ་མི་མཁོ་བ་བྱུང་བ་དེ་གོ་བཅད་བླ་མའི་བྱིན་རླབས་ཡིན་བཀའ་དྲིན་ཆེ་ད་དུང་ཡང་མི་མཁོ་བ་ཐམས་ཅད་འདིའི་ཐོག་ཏུ་ཐོད་ལ་ཐུལ་གྱིས་བརླག་ཏུ་ཆུག་ཅིག་སྙམ་དུ་འདོད་ཐོག་ཏུ་བྱེད་པ་ཡིན། ། ཐེག་པ་ཆེན་པོའི་བློ་སྦྱོང་། མ་འོངས་པའི་འགལ་རྐྱེན་སྤོང་བ་ལ་གསུམ་སྟེ། བློ་སྦྱོང་བརྗེད་པའི་གནས་བཞི། འཆི་བའི་དུས་ཀྱི་གནད་གཅོད་བར་དོ་དང་མའི་མངལ་དང་སྐྱེ་བ་ཕྱི་མའོ། །འཆོར་བའི་གནས་བཞི་ནི། མིའི་གནོད་པ་དྲག་པོ་བྱུང་བ་དང་། མི་མ་ཡིན་གྱི་དང་། འབྱུང་བའི་ན་ཚ་དྲག་པོ་དང་། ཉོན་མོངས་པ་དྲག་པོ་སྐྱེས་པའོ། །དེའི་གཉེན་པོ་བསྟེན་པ་ནི། བླ་མ་དང་དཀོན་མཆོག་ལ་མཆོད་པ་ཕུལ་ནས་བདག་གི་རྒྱུད་ལ་ཐེག་པ་ཆེན་པོའ་བློ་སྦྱོང་གི་རྟོགས་པ་ཕྱིན་ཅི་མ་ལོག་པར་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བརྗེད་པའི་གནས་བཞིར་མི་བརྗེད་པ་དང་། འཆོར་བའི་གནས་བཞིར་མི་འཆོར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་ཆོས་སྐྱོང་ལ་གཏོར་མ་ཕུལ་ནས་ཀྱང་དེ་ལྟར་བྱའོ། །རང་གིས་བསོད་ནམས་བསགས་ནས་ཀྱང་ཐེག་པ་ཆེན་
༡༢༩པོའ་བློ་སྦྱོང་བདག་གི་རྒྱུད་ལ་སྐྱེ་བར་གྱུར་ཅིག །བརྗེད་པར་མི་བརྗེད་པ་དང་། འཆོར་བའི་གནས་བཞིར་མི་འཆོར་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱིས་ཀྱང་དེ་ལྟར་རོ། །ཐེག་པ་ཆེན་པོའ་བློ་སྦྱོང་ཉམས་སུ་ལེན་པའི་ཐག་ཆོད་བཞི་ནི་ལམ་གཅིག་ཆོད། འདུན་མ་གཅིག་དྲིལ། རྟོག་པ་འབུར་འཇོམས། གཉེན་པོ་བཅོམ་རྡེག་བྱ་བ་ཡིན་གསུང་ངོ་། །ལམ་གཅིག་ཆོད་ཡིན་ཏེ་ས་ལམ་བརྩི་རྒྱུ་མེད། །བདག་འཛིན་ཤས་སུ་ཆེ་ཆེ་སྡུག །འདི་དེ་རིང་བརླག་ན་དེ་རིང་སངས་རྒྱ། སང་བརླག་ན་སང་སངས་རྒྱ། འདི་མ་བརླག་ན་སངས་རྒྱས་མེད། འདི་བརླག་ན་ནམ་བརླག་ཙ་ན་སངས་རྒྱས་པ་ཡིན་གསུང་ངོ་། །འདུན་མ་གཅིག་འདྲིལ་ཡིན་ཏེ་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཅི་བྱེད་ཀྱང་བདག་འཛིན་ཅི་བརླག་དང་སེམས་ཅན་ལ་ཕན་ཅི་ཐོགས་ལས་མེད། གཞན་གྱི་འདུན་མ་མང་པོ་བྱ་རྒྱུ་མེད་གསུངས། རྟོག་པ་འབུར་འཇོམས་བྱ་བ་ཡིན་ཏེ། ཁ་ཅིག་རྟོག་པ་སྤང་ཟེར་ཏེ། རྟོག་པ་སྤང་མི་དགོས་ལམ་དུ་ཁྱེར་བ་ཡིན་ཆོས་སྐུའི་རྫས་ཡིན་ཏེ་ཉོན་མོངས་པ་འདི་དང་པོ་ཆུང་ངུ་གཅིག་སྐྱེ་བས་དེ་མ་ཐག་འཇོམས་དགོས་པ་ཡིན་ཏེ་དེ་མ་བཅོམ་ན་ཆེར་སྐྱེས་ནས་མི་སྤོང་སྟེ། དང་པོ་ཉོན་མོངས་པ་སྐྱེས་མ་ཐག་ཏུ་གཉེན་པོ་བསྟེན་པ་ཙམ་གྱིས་ལྡོག་པ་ལ་ཨ་ལོ་ཨོ་ཅི་བྱས་མི་སྤང་གསུངས། རྟོག་པ་དེ་སྐྱེས་ན་གང་ནས་སྐྱེས་གནས་ན་གང་ན་གནས། འགག་ན་གང་དུ་འགག་བལྟས་པས་རང་བཞིན་མེད་པར་ཤེས་པར་བྱས་ནས་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་དུ་རང་བཞིན་མེད་པར་ལམ་དུ་ཁྱེར་བ་ཡིན་གསུངས། ཡང་རྡོ་ཚན་གྱི་ཁར་ཁ་བ་བབབབས་པ་བཞིན་དུ་སྟོང་པ་ཉིད་དུ་བཏང་བ་ཡིན། གཉེན་པོ་བཅོམ་བརྡེག་བྱ་བ་ཡིན་ཏེ་ཉོན་མོངས་པ་སྐྱེས་མ་ཐག་ཏུ་གཉེན་པོ་གང་ལ་གང་ཕན་
༡༣༠གྱིས་ཕག་མགོ་རེ་ལ་གཏུན་བུ་ཆ་རེའི་ཚུལ་དུ་བསྒོམ་གསུངས། ཐེག་པ་ཆེན་པོའ་བློ་སྦྱོང་བསྒོམ་པ་ལ་གཉེན་པོ་བསྟེན་ཚུལ་གསུམ་སྟེ། མེད་སྤྲུལ། འཕྲད་གཞོམ། རྗེས་སྙགས་བྱ་གསུངས། དང་པོ་ནི། དཔེར་ན་སོག་པོ་སྟག་འདུལ་བ་སྟེ། དང་པོ་ཐབས་སྟག་བྱེད་སྟག་འདུལ་བ་ལ་བསླབས་པས་སྟག་བྱུང་བའི་དུས་སུ་སྟག་ཐུལ་བ་གཅིག་འོངས། སྔར་མ་བསླབ་ན་མི་ཐུལ་བས་དེའི་དབང་དུ་འགྲོ། དེ་བཞིན་དུ་ཉོན་མོངས་པ་འདོད་ཆགས་ལ་སོགས་ཤས་གང་ཆེ་བ་དེ་རམ་རམ་སྤྲུལ་ནས་ཡོང་བའི་དེ་འདྲོག་ལ་ལོག་སྟེ་བཟློག་ནས་བཏང་། བློ་ལུང་མ་བསྟན་དུ་མི་འཇོག་པར་རང་བཞིན་བློ་སྦྱོངས་པས་གཉེན་པོ་ཉོན་མོངས་པ་སྐྱེས་པའི་དུས་སུ་གཉེན་པོས་རྐྱེན་ཐུབ་ནས་འོངས་ཉོན་མོངས་པའི་དབང་དུ་མི་འགྲོ། དེ་བཞིན་དུ་མ་བསླབས་ན་གཉེན་པོས་རྐྱེན་མི་ཐུབ་ཉོན་མོངས་པའི་དབང་དུ་བྱ་བ་ཡིན་གསུངས། འཕྲད་གཞོམ་བྱ་བ་ཡིན་ཏེ་རྒན་རྒོན་གཉིས་ལ་རྐུན་མ་བྱུང་བ་བཞིན་མི་བྱ། དེ་བཞིན་དུ་ཉོན་མོངས་པ་འདི་ཡང་དང་པོ་ནས་ཆེ་བ་མི་སྐྱེ། དང་པོ་ནས་ཆུང་ངུ་གཅིག་སྐྱེས་མ་ཐག་ཏུ་ཁྱོད་སུ་ཡིན་བྱས་ནས་ལོག་སྟེ་བཟློག་ནས་བཏང་ན་ཉོན་མོངས་པའི་དབང་དུ་མི་འགྲོ། གཉེན་པོས་རྐྱེན་ཐུབ་ནས་འོང་། དེ་དུས་སུ་མ་བཟློག་ན་ཇེ་ཆེ་ཇེ་ཆེ་ལ་སོང་ནས་དེ་ནས་གཉེན་པོ་རང་གིས་མི་ཐུབ་པས་ཉོན་མོངས་པ་སྐྱེས་མ་ཐག་ཏུ་ཕག་མགོ་རེ་ལ་གཏུན་བུ་ཆ་རེའི་ཚུལ་དུ་ལོག་ཏེ་བཟློག་ནས་བཏང་ངོ་། །རྗེས་སྙེག་བྱ་བ་ནི་ཉོན་མོངས་པའི་དབང་དུ་སོང་བ་དེའི་རྗེས་བསྙེགས་པ་ཡིན་ཏེ། ཨ་ཙམ་ཁྱོད་འདྲ་བའི་འཁོས་ཆུད་གཅིག་འོང་བ་དེ་ལྟ་བུ་བྱེད་པའི་ཤག་ཅི་ཡོད་སྙམ་དུ་རྗེས་བསྙེགས་པ་ཡིན། གཞན་ཡང་ཉོན་མོངས་པ་སྐྱེས་པ་ན་འོ་ཁྱོད་འདི་ཙུག་བྱས་པས་འཁོར་བར་འཁྱམས་པ་ཡིན། ད་དུང་འདི་ཙུག་བྱེད་དམ་བྱས་ནས་ལོག་སྟེ་བཟློག་ནས་བཏང་བ་ཡིན་གསུངས། སྦྱོར་བ་ལ་མེད་སྤྲུལ་་
༡༣༡དངོས་གཞི་ལ་འཕྲད་གཞོམ། མཇུག་ལ་རྗེས་སྙགས་བྱ་བ་ཡིན་གསུངས། བློ་སྦྱོང་གི་ནད་འདོན་ནི་སྤུངས་པ་བསྐྱེད་པ་སྦྱོང་བ་གསུམ་ཡིན་གསུངས། སྤུངས་པ་ནི་རང་ལ་ན་ཚ་བྱུང་བའི་དུས་འཇིག་རྟེན་ན་ན་ཚ་བྱུང་བ་བསམ་གྱིས་མི་ཁྱབ་པ་གཅིག་ཡོད་པས་དེ་ཐམས་ཅད་ད་ལྟ་ཉིད་དུ་ང་ལ་སྨིན་པར་གྱུར་ལ་སྡུག་བསྔལ་དེ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་སྙམ་དུ་བསྒོམ་སྟེ། སེམས་ཅན་གྱི་སྡུག་བསྔལ་རང་ལ་སྤུངས་པ་ཡིན། བསྐྱེད་པ་ནི་གང་ན་སར་བུག་པ་ཟང་ཐལ་གཅིག་བསྒོམ་དེ་ཇེ་ཆེ་ཇེ་ཆེ་ལ་སོང་བས་སྟོང་པ་ཉིད་དུ་ཆམ་སྟེ་སོང་བར་བསྒོམས་ལ་དེའི་ངང་དུ་ལྷན་གྱིས་བཞག་པ་ཡིན་གསུངས། སྦྱོང་བ་ནི་གང་ན་བའི་སར་ཨ་དཀར་པོ་གཅིག་བསྒོམ། དེ་ཇེ་ཆུང་ཇེ་ཆུང་ལ་ཡལ་ཏེ་རང་བཞིན་མེད་པར་སོང་བར་བསྒོམས་ལ་དེའི་ངང་དུ་ལྷན་གྱིས་འཇོག་པ་ཡིན་གསུངས། ཐེག་པ་ཆེན་པོའ་བློ་སྦྱོང་གི་གནས་ཀྱི་དགོངས་པ་བཞི་ནི། སྐྱིད་ཀྱི་ཁ་གནོན་ཡིན། སྡུག་གི་མཇུག་སྡུད་ཡིན། གཅིག་པུར་སྡོད་ན་སྐྱོ་གྲོགས་ཡིན། ན་ན་ནད་གཡོག་ཡིན་གསུངས། དེས་ན་ཆོས་འདི་ལྟ་བུ་གཅིག་མེད་ན་ཨེ་ན་སྐྱིད་སྐྱིད་འདྲ་ན་མི་བྱ། རྒུད་ན་བྱ་འདོད་ནས་འོངས་པས་ཁྱོད་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ལ་སྐྱིད་སྙམ་པ་དེ་ལོག་ཤེས་ཡིན་པས་དེ་སྐྱེས་ན་གང་ནས་སྐྱེས། གནས་ན་གང་ན་གནས། འགག་ན་གང་ནས་འགག །ཁ་དོག་དང་དབྱིབས་ཇི་ལྟར་འདུག་བལྟས་པས་རང་བཞིན་མེད་པར་ཤེས་པས་སྐྱིད་ཀྱི་ཁ་གནོན་ཡིན། ཆོས་འདི་ལྟ་བུ་གཅིག་མེད་ན་སྡུག་བསྔལ་བྱུང་བ་དང་ང་ལ་འདི་འདྲ་བ་གཅིག་བྱུང་སྙམ་ནས་སྡུག་བསྔལ་ཇེ་ཆེ་ལ་འགྲོ་བ་ལ་བློ་སྦྱོང་འདི་ཡོད་ཙ་ན་སྤྱིར་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན་ཏེ། ཁྱོད་ལུས་ལ་བདག་ཏུ་འཛིན་པས་ལན་པ་ཡིན་ཏེ་སྡུག་བསྔལ་གྱི་རྒྱུ་རྐྱེན་
༡༣༢ཚོགས་པས་ལན། འབེན་མ་བཙུག་ན་མདའ་མི་འཕོག །ཐོ་མ་བརྩིགས་ན་བྱ་མི་འབབ། དཔེ་དེ་བཞིན་དུ་བདག་ཏུ་མ་བཟུང་ན་སྡུག་བསྔལ་ཡོང་དོན་མེད་པ་ལ་ཁྱོད་རང་གིས་བདག་ཏུ་བཟུང་བས་ལན་པ་ཡིན། སྙིང་ཚིམ། བདག་ཏུ་མ་བཟུང་ན་འདི་འདྲ་ཡོང་དོན་མེད་ས་རྡོ་རི་བྲག་ནམ་མཁའ་སྟོང་པ་ལ་སྡུག་བསྔལ་ཡོད་དམ་སྙམ་དུ་བྱས་པས་སྡུག་བསྔལ་དེ་ཞི་ནས་འགྲོ་སྟེ་སྡུག་གི་མཇུག་སྡུད་ཡིན། གཅིག་པུར་སྡོད་ན་སྐྱོ་གྲོགས་ཡིན་ཏེ་ཆོས་འདི་ལྟ་བུ་གཅིག་མེད་ན་གཅིག་པུར་འདུག་མི་ཚུགས་ཏེ་ཁང་པར་སྡོད་ན་ཕྱིར་འགྲོ་སྙིང་འདོད། ཕྱིར་བསྡད་ན་ཁང་པར་འགྲོ་འདོད་ནས་འོང་བ་ལ་ཆོས་འདི་འདྲ་བ་གཅིག་ཡོད་ཙ་ན་སྤྱིར་འགྲོ་བའི་སྡུག་བསྔལ་བསྐྱེད་པའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན་ཏེ་རང་བཞིན་གྲུབ་པ་མེད་པ་གཅིག་ལ་བདག་ཏུ་བཟུང་བས་སྡུག་བསྔལ་དུ་བཅུག་པ་ཡིན་པས་གང་ཡོང་གང་ལེགས་ལ་ཐོངས། ཇུགསའཇུག་ལེགས་ལ་ཐོངས་སྙམ་དུ་བྱེད། འཁོར་བའི་སེམས་ཅན་འདི་རྣམས་སྤྱིར་མི་ཡོང་བ་མིན་ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རང་གི་སྙིང་གར་ལེན། རང་གི་བདེ་དགེ་སེམས་ཅན་ལ་བསྔོ། དེ་གཉིས་ཕར་བཟློག་ཚུར་བཟློག་ཏུ་བསྒོམས་པས་འདིའི་རོ་གཅིག་མྱོང་ཙ་ན་ཉིན་ཐུང་མཚན་ཐུང་ལ་ཚབ་ཡིན་པས་གཅིག་པུར་སྡོད་ན་སྐྱོ་གྲོགས་ཡིན། ན་ན་ནད་གཡོག་ཡིན་ཏེ་བློ་སྦྱོང་འདི་མེད་ན་ན་ཚ་ཇི་ལྟར་བྱུང་ཙ་ན་ནད་གཡོག་ཀུན་ལའང་མི་མགུ། འདིས་ང་ལ་འདི་བས་དྲག་པ་གཅིག་བྱེད་ཐོང་ལ་འདི་ལ་ང་དྲིན་ཆེ་བ་གཅིག་ཡིན་ཏེ་སྙམ་ནས་ཡུས་ཀྱིས་བརྒྱལ་ནས་ཡོང་བ་ཡིན་པ་ལ། བློ་སྦྱོང་འདི་ཡོད་ཙ་ན་ཁྱོད་ན་བ་སུས་ཀྱང་མ་ལན་ཁྱེད་རང་གི་བདག་ཏུ་བཟུང་བས་ལན་པ་ཡིན། བདག་ཏུ་མ་བཟུང་ན་ན་ཚ་ཡོང་དོན་མེད། ཁྱོད་ལ་ནད་གཡོག་བྱས་པས་ཕན་ན་དེ་སྔ་ཕན་ཆད་ནད་གཡོག་ཐོབ་པར་བྱས་པ་ལ་ཚད་མེད། སྨན་འདི་
༡༣༣མ་འགམ་བྱ་བ་མེད། རིམ་གྲོ་འདི་མ་བྱས་བྱ་བ་མེད། དཔྱད་བྱས་པ་ལ་ལྷག་མ་ལུས་པ་མེད་དེ་འཁོར་བ་ལས་ཐར་མ་ཐར་ད་རེས་ཐུལ་གྱིས་བརླག་ཏུ་ཆུགཆུགསཤིག་སྙིང་ཚིམ་མོ། །བདག་འཛིན་འདི་ཅི་བརླག་ལ་ཐོངས། འདི་མ་བརླག་ན་སངས་རྒྱས་ཐོབ་མི་སྲིད་གསུངས། ད་ཁྱོད་རང་གི་ལུས་བདག་ཏུ་བཟུང་བས་ལན་པ་ཡིན་སྙམ་དུ་བསྒོམས་པས་གཞན་ལ་ང་རྒྱལ་བསྐྱེད་པ་མེད་པར་འགྲོ་བ་ཡིན་པས་ན་ན་ནད་གཡོག་བྱས་པ་ཡིན་གསུངས། ཐེག་པ་ཆེན་པོའ་བློ་སྦྱོང་གི་ལུས་ངག་ཡིད་གསུམ་གྱི་ཁྱེར་སོ། །སྡུག་བསྔལ་བྱུང་ན་ཀུན་གྱི་བླང་། །དགེ་བ་བྱུང་ན་ཚོགས་སུ་བསྔོ། །ལུས་ངག་སྒྱུ་མ་བྲག་ཆ་བཞིན། །འོད་གསལ་སེམས་ལ་འགྲོ་འོང་མེད། །བྱ་བ་གསུངས་པས། དང་པོ་ལ་གཉིས་ཏེ། ཉེ་རིམ་ནས་བླང་བ་དང་། ཚེ་རིམ་ནས་བླང་བའོ། །དང་པོ་ནི། ཕ་མ་ཉེ་དུ་འབྲེལ་བའི་སྡུག་བསྔལ་ཐམས་ཅད་ད་ལྟ་ཉིད་དུ་བདག་ལ་སྨིན་པར་གྱུར་ཅིག །སྡུག་བསྔལ་དེ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་སྙམ་དུ་བསྒོམ། གཉིས་པ་ནི། དམྱལ་བའི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ལ་སྡུག་བསྔལ་དེ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་སྙམ་དུ་བསྒོམ། དེ་ནས་ཡི་དྭགས་དུད་འགྲོ་ལྷ་མ་ཡིན་ལྷ་དང་མི་ཐམས་ཅད་ཀྱི་བླང་བའོ། །དགེ་བ་བྱུང་ན་ཚོགས་སུ་བསྔོ་བ་ལ་དགེ་བའི་རྩ་བ་ཅི་བྱུང་ཡང་བདག་གི་དགེ་བའི་རྩ་བ་འདི་ཐམས་ཅད་ཕ་མ་གཉིས་དང་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་དུ་བསྒོམ། ལུས་ངག་སྒྱུ་མ་བྲག་ཆ་བཞིན་བྱ་བ་ལུས་སྒྱུ་མ་དང་འདྲ་སྟེ་སྒྱུ་མ་མཁན་པོས་སྔགས་དང་རྫས་ཀྱི་ནུས་པ་ལ་བརྟེན་ནས་ལྟད་མོ་བའི་མིག་ལ་སྦྱོར་སྔགས་བཏབ་ནས་སྒྱུ་མ་སྤྲུལ་པ་སྣ་ཚོགས་བྱེད་པ་གཅིག་སྣང་ཡང་བདེན་པར་མི་འཛིན་སྣང་བ་ཉིད་ཀྱི་
༡༣༤ངོས་ན་ཡང་གྲུབ་པ་མེད་ལ་རྟག་ཆད་གཉིས་དང་བྲལ་བ་སྣང་བ་ཙམ་པོ་དེ་མཚོན་བྱའི་དོན་རང་གི་ལུས་འདི་ལ་མཚོན་ནས་བསྒོམས་པས་སྣང་ལ་རང་བཞིན་མེད་པར་བསྒོམ། ངག་བྲག་ཆ་དང་འདྲ་སྟེ་བྲག་ཆ་ཡོད་པའི་བྲག་དེ་ལུང་པ་གཅོང་རོང་དོག་པོ་བྲག་ཚད་ལས་རིང་བ་མཁྲིགས་པ་གཅིག་ལ་ཨ་རྩེ་བྲག་ཆ་ལྷ་མོ་བྱས་ཙ་ན་ཅི་སྐད་བོས་པ་བཞིན་ལན་འདེབས། ཡོད་བྱས་པས་བྲག་ཆས་ཡོད་མེད་བྱས་པས་མེད་དུ་བྱུང་། སྣང་བ་ཙམ་པོ་དེ་ངག་ལྷང་ལྷང་པོ་འདི་ལ་མཚན་པར་བསྒོམས་ནས་བྲག་ཆ་དང་ཁྱད་པར་མེད་པར་བསྒོམ། སྣང་བ་རང་བཞིན་མེད་པར་བསྒོམ། འོད་གསལ་སེམས་ལ་འགྲོ་འོང་མེད་བྱ་བ་འོད་གསལ་གྱི་སེམས་ལ་འདིར་སོང་བྱ་བ་མེད། འདིར་གནས་བྱ་བ་མེད། སྐྱེ་འགགས་གནས་གསུམ་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ་དེ་ལྟར་ལུས་སྒྱུ་མ་དང་འདྲ། ངག་བྲག་ཆ་དང་འདྲ། སེམས་རང་བཞིན་གྲུབ་པ་མེད་པས་རང་བཞིན་མེད་པའི་ངང་དུ་ལྷུན་གྱིས་འཇོག་པ་ཡིན་གསུངས། དཔལ་མར་མེ་མཛད་ནས་བརྒྱུད་པའི་གདམས་པ་དགེ་ལེགས་སུ་གྱུར་ཅིག། ༈ །།ཇོ་བོའི་བློ་སྦྱོང་དོན་བདུན་མ་ལགས་སོ། །ན་མོ་གུ་རུ། དུས་གསུམ་སངས་རྒྱས་ཀུན་གྱི་ལམ་གྱི་མཆོག །བྱམས་དང་སྙིང་རྗེ་སྟོང་པ་ཟུང་འཇུག་པ། །བདག་གཞན་མཉམ་ཉིད་བདེ་སྡུག་བརྗེ་ནུས་པའི། །ཐུགས་རྗེ་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །དོན་དམ་སྟོང་ཉིད་བདག་གཞན་མཉམ་པ་ཉིད། །དགྲ་གཉེན་མེད་པར་མཉམ་ཉིད་བྱང་ཆུབ་སེམས། །གང་ལ་སྐྱེས་ན་བྱང་ཆུབ་ཐོབ་བྱེད་པ། །དབྲི་བསྣན་མེད་པར་བླ་མའི་གསུང་བཞིན་བྲི། །དེ་ལ་འདིར་ཡིད་ཆེས་ཤིང་ཁུངས་བཙུན་པ་བླ་མ་བརྒྱུད་པའི་ལོ་རྒྱུས་དང་། བྱིན་རླབས་འཇུག་པར་བྱ་བའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པ་དང་། སེམས་ཅན་ལ་བྱམས་པ་བསྒོམ་པ་དང་
༡༣༥འཕྲུལ་འཁོར་གསུམ་གྱི་སྒོ་ནས་སྙིང་རྗེ་བསྒོམ་པ་དང་། སྨོན་འཇུག་གི་སེམས་གཉིས་ལ་ངོ་སྤྲད་པ་དང་། འགལ་རྐྱེན་ལམ་དུ་བྱ་བ་དང་། དམིགས་བསལ་ཅན་ལ་ཕུར་ཚུགས་སུ་བསྒོམ་པ་དང་བདུན་ལས། དང་པོ་ནི། ཇོ་བོ་ལ་བླ་མ་མང་དུ་ཡོད་ཀྱང་འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏཻ་ལོ་པ། ནཱ་རོ་པ། ཌོམྦི་པ། ཇོ་བོ་རྗེ། འཛེང་དབང་ཕྱུག་རྒྱལ་མཚན། པུ་ཏོ་བ། རྒྱ་ལྕགས་རི་བ། ལྷ་རི་རྩ་བརྒྱད་པ། དྭགས་པོ་ལྷ་རྗེ། ཕག་གྲུ། རྒྱ་སྒོམ་རི་བ་ཞིག་པོ། རྒྱ་མཁར་རི་བ། རིན་ཆེན་བྲག་དམར་བ། ཞང་བྲག་དཀར་བ། བླ་མ་དཀོན་མཆོག་བྱང་ཆུབ་དཔལ། གཞོན་ནུ་གྲགས། སློབ་དཔོན་ཞང་། དེས་ཤེས་རབ་བསོད་ནམས་ལ། དེས་བརྩོན་འགྲུས་ལ། །དེས་སློབ་དཔོན་ཆོས་མཆོག་ལ། དེས་སློབ་དཔོན་ཚུལ་ཁྲིམས་དཔལ་ལ། དེས་བུདྡྷ་རཏྣ་ལ། དེས་ཀཱིརྟྟི་ཤཱི་ལ་ལ། དེས་ཆོས་རྗེ་རྒྱལ་བ་བཟང་པོ་ལ། དེས་ཆོས་རྗེ་བསོད་ནམས་རིན་ཆེན་ལ། དེས་གཞོན་ནུ་རྒྱལ་མཆོག་ལ། དེས་བདག་ལའོ། །གཉིས་པ་བྱིན་གྱིས་བརླབས་པའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་བསྒོམ་སྙམ་དུ་སེམས་བསྐྱེད་པའི་ངང་ནས་རང་གི་རྩ་བའི་བླ་མ་པད་ཟླའི་སྟེང་དུ་བསྒོམས་ལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་ཆོས་འབྲེལ་ཡོད་ཚད་ལ་ཕོག །ཚུར་འདུས་བླ་མ་ལ་ཐིམ། དེ་བཞིན་བརྒྱུད་པའི་བླ་མ་དང་ཡི་དམ་གྱི་ལྷ་ཚོགས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྡུས་ལ་བླ་མ་ལ་བསྟིམ། དེ་ནས་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་བླ་མ་ལ་ཕུལ་ལ་མོས་གུས་དུང་བ་བྱ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་བོ། །བླ་མའི་རྣལ་འབྱོར་བསྒོམ་པ་ཚར་བའི་
༡༣༦སྐབས་ཤིག་དེ་རྣམས་ལ་བྱམས་པ་བསྒོམ་པ་གསུམ་ནི། དང་པོ་རང་གི་རྩ་བའི་མ་མདུན་དུ་བསམས་ལ། མ་འདིས་བདག་དང་ཕུང་པོ་ཉིང་མཚམས་སྦྱོར་བའི་ཚེ་འགྲོ་བ་མིའི་ས་ལ་བཞག་པས་ཤིན་ཏུ་དྲིན་ཆེ་སྟེ། དེ་ནས་ཟླ་བ་དགུའམ་བཅུར་ལྟོ་ན་གནས་པའི་ཚེ་བརྩེ་བའི་བསམ་པས་བསྐྱངས་ཏེ། ངའི་བུ་འདི་གཞན་སུ་དང་མི་མཉམ་པ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་བུའི་ཆེད་དུ་མོ་འདེབས། ཕྱྭ་ཀློག །སཱ་ཙྪ་གདབ། ཆུ་གཏོར་བཏང་། ཀློག་འདོན་ལ་སོགས་པ་བྱེད། །སྦྱོར་བས་ཀྱང་བུ་ལ་གནོད་པའི་སྤྱོད་ལམ་ཐམས་ཅད་སྤོང་། བཙས་ནས་ཀྱང་སྤུ་ཚོགས་གཅིག་དང་གཉེར་མ་སྤར་གང་ལས་མེད་ཅིང་སེ་གོལ་གཅིག་བཞག་ན་འཆི་བ་ལས་སྐྱོང་སྟེ་ཤའི་དྲོད་ལ་རླན་མི་གཙང་བ་ལག་པས་ཕྱིས་ཁའི་ཟས་བསྙོད་སྣབས་ལྕེས་ཕྱིས་ཏེ་ཅུང་ཟད་ཆེར་སོང་སྟེ་ཟས་རང་གིས་ཟ་ཤེས་པ་དང་ཕ་མའི་མིང་ནས་སྨོས་ཏེ་འབོད་ཤེས་པ་དང་། གོག་ལི་ཙམ་ཤེས་པ་ལ་དགའ་བ་བྱས་ཤིང་མ་རང་གི་ལུས་པས་ཀྱང་གཅེས་པར་བཟུང་། བུའི་ཆེད་དུ་སྐྱིད་སྡུག་གཏམ་གསུམ་ལ་མ་ལྟོས་པར་བསྐྱངས། སྙན་པའི་མིང་ནས་བོས། བྱམས་པའི་མིག་གིས་བལྟས། ཆེར་སྐྱེས་ནས་གཞན་ལ་བྲེ་ཁ་ཕུལ་ཁ་ཙམ་ལ་ངོ་ནག་ལོག་ལོག་བརྩེགས་ནས་བསགས་པ་ཐམས་ཅད་བུ་ལ་ཕོངས་པ་མེད་པར་བྱིན། བུའི་ཆེད་དུ་སྡིག་སྡུག་གཏམ་གསུམ་རང་གིས་བླངས་རང་ལ་ནུས་པ་ཡོད་ན་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ལ་འཁོར་ལོས་སྒྱུར་བའི་ལུས་ལ་བཀོད་ཀྱང་ཆེས་སྙམ་པ་མི་སྐྱེ། འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ན་སངས་རྒྱས་ཀྱི་བདེ་བ་ལ་བཀོད་ཀྱང་བུ་ལ་ཆེས་སྙམ་པ་མེད་པར་བྱས། དེ་ལྟར་བརྩེ་བའི་སེམས་ཀྱིས་བསྐྱངས། བྱམས་པའི་མིག་གིས་བལྟས། སྙན་པའི་ཚིག་གིས་བོས། སྙིང་གི་དུམ་བུ་ཕྱིར་ལུས་པ་ལྟ་བུར་བསྐྱངས། རང་གིས་སྤྱད་དུ་རུང་བའི་ཟས་གོས་ནོར་
༡༣༧ཐམས་ཅད་བུ་ལ་ཕོག་ཅིང་རང་བས་གཅེས་པར་བཟུང་། ཞག་གཅིག་མེད་ཀྱང་བློ་མི་བདེ་བར་བྱས། ཕན་སྣ་ཚོགས་ནས་བཏགས་གནོད་པ་སྣ་ཚོགས་ནས་བསལ་བའི་དྲིན་ཅན་འདི་བདག་ལ་དེ་ཙམ་ཞིག་དྲིན་ཆེ་སྙམ་དུ་མིག་ནས་མཆི་མ་ཕྱུང་བའམ་ལུས་ཀྱི་བ་སྤུ་ལྡང་པ་མང་དུ་བསམ། མ་འདི་ལ་བདག་གིས་ཇི་ལྟར་བྱས་ནས་ཕན་གདགས་སྙམ་དུ་བསམ། མ་འདི་ཇི་ལྟར་བྱས་ན་བདེ་བ་དང་ལྡན་པར་འགྱུར་སྙམ་དུ་བསམ། དེ་བཞིན་དུ་མཆེད་གྲོགས་བཟའ་ཚང་ལ་བསམ། དེ་ནས་ཡུལ་མི་ཁྱིམ་མཚེས་ལ་བསམ། དེ་བཞིན་དུ་མིག་གིས་མཐོང་བའི་སེམས་ཅན་ཐམས་ཅད་ལ་བསམ། དེ་ནས་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་བསྒོམ། བྱམས་པའི་ཐུགས་བྱུང་ན་རིགས་དྲུག་རེ་རེ་ལ་མ་སྐྱེས་ཀྱི་བར་དུ་བསྒོམ་དུ་གཞུག་གོ་།བདག་འཁོར་བ་ཐོག་མེད་པ་ནས་ད་ལྟའི་བར་དུ་འཁྱམས་པས་སེམས་ཅན་གྱི་མ་བྱས་པ་ཡང་གྲངས་མེད་ལ། མདོ་མྱང་འདས་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུང་ངོ་། །མ་མིན་པ་ལ་ཡིན་པར་བསྒོམ་པ་མིན་པས་སེམས་ཅན་ཐམས་ཅད་ལ་རྩ་བའི་མ་བཞིན་དུ་དྲིན་ཆེ་སྙམ་དུ་མ་སྐྱེས་བར་བསྒོམ། བཞི་པ་ནི་ལུས་ངག་ཡིད་གསུམ་གྱི་འཁྲུལ་འཁོར་བཅས་ཏེ་སྙིང་རྗེ་བསྒོམ། དེ་ཡང་ཡིད་ཀྱི་འཁྲུལ་འཁོར་ནི་རིགས་དྲུག་རེ་རེ་ལ་མ་སྐྱེས་བར་དུ་བསྒོམ་སྟེ། ཚ་དམྱལ་བརྒྱད་ནི། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་དོ། །དེ་རྣམས་ནི་དང་པོ་རྣམས་ལ་མཚོན་ཆས་འཚེ་བ། ཕྱི་མ་དག་ལ་ནི་ལྕགས་སྲེག་གི་ཁང་པ་མེ་འབར་བ་སུམ་རིམ་དུ་བཅུག་ནས་ཡུན་དཔག་ཏུ་མེད་པར་མེས་བསྲེགས་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་
༡༣༨མེད་པ་ཡོད་ཅིང་། གྲང་དམྱལ་བརྒྱད་ནི། ཆུ་བུར་ཅན། ཆུ་བུར་རྡོལ་བ་ཅན། ཨ་ཆུ་ཟེར་བ། སོ་ཐམ་པ། ཀྱི་ཧུད་ཟེར་བ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ཆེན་པོ་ལྟར་གས་པ་སྟེ་གྲང་བའི་དམྱལ་བ་ལ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པས་དེ་རྣམས་ཀྱི་ཚེ་ཚད་དང་ལུས་ཚད་རྣམས་མངོན་པ་དང་མདོ་དྲན་པ་ཉེར་བཞག་ལ་སོགས་པ་ནས་བཤད་པ་བཞིན་བསམས་ལ་རང་གི་རྩ་བའི་མ་བཞིན་དུ་མ་འདིས་སྡུག་བསྔལ་བཟོད་བརླག་མེད་པ་མྱོང་ན་སྙིང་རེ་རྗེ་སྙམ་དུ་བསམ། མ་འདི་རྣམས་ལས་ངན་བསགས་པས་སྡུག་བསྔལ་འདི་ལྟ་བུ་དཔག་མེད་མྱོང་བ་སྙིང་རེ་རྗེ། སྡུག་བསྔལ་ལས་ཇི་ལྟར་བྱས་ན་གྲོལ་བར་འགྱུར་སྙམ་དུ་བསམ་ཞིང་མཆི་མ་ཉིལ་ཉིལ་ལ་བསྒོམ། ལུས་ཀྱི་འཁྲུལ་འཁོར་ནི་ཐལ་མོ་གཉིས་འགྲམ་པ་ལ་སྦྱར། གྲུ་མོ་གཉིས་བརླ་ལ་བཙུག་ལུས་ཙོག་པུར་མགོ་བོ་བཀུག །ངོ་འཛུམ་བསྡུས་ལ་ངག་ཏུ་ངའི་ཨ་མ་ཨ་མ་ཞེས་འདོན་པ་ངག་གི་འཁྲུལ་འཁོར་རོ། །དེ་བཞིན་དུ་ཡི་དྭགས་ལ་ཡང་ཕྱིའི་སྒྲིབ་པ་ཅན་ལོ་མང་པོའ་བར་དུ་ཟས་སྐོམ་མིག་གིས་ཀྱང་མི་མཐོང་ངོ་། །མཐོང་ཡང་རྣག་ཁྲག་དང་གྲ་ཕུབ་མེ་འདགས་ལ་སོགས་པར་སོང་ནས་བཟར་མི་བཏུབ་པའོ། །ནང་གི་སྒྲིབ་པ་ཅན་ནི་ལྟོ་བ་ལུང་པའི་ལྟོས་ཙམ། ཁ་ཁབ་མིག་ཙམ། མགྲིན་པ་འཇག་སྦུབས་ཙམ། རྐང་ལག་འཇག་མ་ཙམ་དུ་གྱུར་པས་ཟས་ཁར་མི་ཤོང་། ཤོང་ཡང་མགྲིན་པ་ནས་མི་ཐར་ལྟོ་ཁེངས་ན་རྐང་ལག་གིས་མི་ཐེག་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། ཟས་སྐོམ་ཉིད་སྒྲིབ་པར་གྱུར་པ་ནི་བཟའ་བཏུང་ཟོས་པས་གྲ་ཕུབ་མེ་མ་མུར་དང་ལྕགས་ཀྱི་ཐོ་ལུམ་འབར་བ་དང་ཐལ་བར་སོང་ནས་སྡུག་བསྔལ་བ་ལ་དམིགས་པ་སྔར་བཞིན་སྙིང་རྗེ་བསྒོམ། དུད་འགྲོ་བྱིངས་ན་གནས་པ་རྣམས་ལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་པར་གསུངས་ལ་རང་གིས་
༡༣༩མཐོང་བ་རྣམས་ལ་ཡང་མ་ཤི་བར་ཁོག་པར་ལག་པ་འཇུག་པ་བྱ་དང་གཅན་གཟན་གཅིག་གིས་གཅིག་མ་ཤི་བར་ཟ་བ་དང་། སྟོན་ཀའི་ཕྱུགས་ལུག་གསོད་པ་དང་། ཧོར་ལ་སོགས་པས་དུད་འགྲོ་གསོད་པ་དང་། མི་ཐེག་བཞིན་དུ་འཁུར་དགོས་པ་དང་། མི་འདྲུད་པ་བཞིན་དུ་རྨོས་རྨོ་དགོས་པ་དང་། གཞན་ཡང་གླེན་ཞིང་གཏི་མུག་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པས་དེ་རྣམས་ལ་དམིགས་ལ་སྙིང་རྗེ་སྔར་བཞིན་དུ་བསྒོམ་མོ། །མི་ལ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། མེད་པ་བཙལ་གྱིས་མི་རྙེད། ཡོད་པ་བསྲུངས་ཀྱིས་མི་ཐུབ། བྱམས་པ་དང་བྲལ་བའི་དུཿཁ། སྡང་བ་དང་ཕྲད་པའི་སྡུག་བསྔལ། སྐྱིད་མི་སྟེར་བ་ཚིག་ངན་དྲག་འདུལ་ལ་སོགས་པ། མེད་ཐབས་མེད་པའི་བུ་དང་ཁྱོ་དང་ཆུང་མ་དང་གྲོགས་དང་དཔོན་ཤི་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་དང་གཞན་ཡང་ཚེ་འདིར་སྡིག་པ་ཤ་སྟག་སྤྱོད་པ་བཟང་སེམས་སྐད་ཅིག་ཀྱང་མི་རྒྱུ་བ་ཤི་མ་ཐག་ངན་སོང་མིན་པ་འགྲོ་ས་མེད་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་སྔར་བཞིན་བསྒོམ། །ལྷ་མ་ཡིན་རྣམས་ལ་འཐབ་རྩོད་དང་། བསད་ཤིའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་སྙམ་དུ་བསམ། ལྷ་ལ་ཡང་འཆི་ལྟས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་དང་གྲོགས་རྣམས་ཀྱིས་ཕ་རོལ་བོར་བའི་སྡུག་བསྔལ་དང་། ལྷ་འགའ་ཞིག་ལ་ཏམྦུ་ར་ཙམ་ལས་ལོངས་སྤྱོད་གཞན་མེད་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པས་དེ་རྣམས་ལ་དམིགས་བསལ་སྔར་བཞིན་སྙིང་རྗེ་བསྒོམ་མོ། །དེ་རྣམས་ཀྱི་ཚེ་ཚད་ལུས་ཚད་རྣམས་མངོན་པ་ནས་བཤད་པ་ལྟར་ཤེས་པར་བྱའོ། །མདོར་ན་སེམས་ཅན་འདི་རྣམས་མ་དྲིན་ཅན་ཡིན་པས་མ་འདི་རྣམས་སྡུག་བསྔལ་འདི་འདྲ་བ་ལ་སྤྱོད་པ་སྙིང་རེ་རྗེ་སྙམ་དུ་བསམ་ཞིང་བདག་གི་མ་འདི་རྣམས་ཀྱི་ཤེས་རབ་ཀྱི་མིག་ལོང་། །
༡༤༠ཐབས་ཀྱི་རྐང་པ་ཆག །བླ་མའི་ལོང་ཁྲིད་པ་དང་བྲལ། གྲོགས་བཟང་པོ་ཆོས་ལ་སྦྱོར་བའི་འཁར་བ་དང་བྲལ་བ་འདི་རྣམས་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་དུ་མཆི་མ་ཉིལ་ཉིལ་བསྒོམ་མོ། །ལྔ་པ་ལ། གཉིས་ལས། དང་པོ་སྨོན་པ་ནི། རང་གི་ལུས་ལ་ན་ཚ་བྱུང་ངམ་མི་བདེ་བ་ཅི་བྱུང་ཡང་དེའི་དུས་སུ་བདག་གི་མི་བདེ་བ་འདིའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སྨིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་ནས་སེམས་ཅན་རྣམས་ལ་སྡུག་བསྔལ་གྱི་སྒྲ་ཙམ་ཡང་མི་གྲག་པར་གྱུར་ཅིག་སྙམ་དུ་བསམ། ཡང་རང་གི་ལུས་ངག་ཡིད་གསུམ་ལ་བདེ་བ་དང་སྐྱིད་པ་དང་དགེ་སྦྱོར་འཕེལ་བ་དང་། བློ་དགེ་ཕྱོགས་སུ་བསྐུལ་ཏུ་བཏུབ་པ་དང་། ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་བ་རྣམས་སངས་རྒྱས་ཀྱི་བདེ་བ་དང་དགེ་བ་ཙམ་དུ་བསམས་ལ། བདག་གི་འདི་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་དགེ་བ་རྒྱས་པར་གྱུར་ཅིག་སྙམ་དུ་བསམ། གཉིས་པ་འཇུག་པ་ནི་མ་རྒན་སེམས་ཅན་རྣམས་ལ་གང་གནོད་ན་སྡུག་བསྔལ་དང་ཀུན་འབྱུང་གིས་གནོད་པས་དེ་རྣམས་ཀྱི་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་དང་ཉོན་མོངས་པ་དང་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྤྱི་གྲིས་བཞར་བ་ལྟར་བློས་འུབ་ཀྱིས་བསྡུས་ལ་སྣ་བུག་གཡོན་པ་ནས་རླུང་ཚུར་འོང་བ་དང་བསྡོང་ལ་རང་གི་སྙིང་གི་དཀྱིལ་དུ་ཞུགས། མཆོག་ཏུ་ན་ཚ་དང་སྡུག་བསྔལ་གང་ཡང་དེ་བཞིན་དུ་སྙིང་གི་དཀྱིལ་དུ་གཞུག་གོ །སེམས་ཅན་རྣམས་ལ་གཅིག་ཀྱང་མ་ལུས་པར་བསམ་མོ། །སེམས་ཅན་རྣམས་ལ་གང་གིས་ཕན་ན་གནས་སྐབས་སུ་ཆོས་ཀྱི་མཐུན་རྐྱེན་དང་མཐར་ཐུག་སངས་རྒྱས་ཀྱི་བདེ་བས་ཕན་པས་བདག་གི་ལུས་ངག་ཡིད་གསུམ་ལ་བདེ་བ་དང་དགེ་བ་ཅི་ཡོད་པ་ཐམས་ཅད་གནས་སྐབས་སུ་མཐུན་རྐྱེན་དང་མཐར་ཐུག །སངས་རྒྱས་ཀྱི་བདེ་བ་དཔག་
༡༤༡ཏུ་མེད་པར་བསམ། དེ་རྣམས་རང་ལ་གཅིག་ཀྱང་མ་ལུས་པར་སྣ་བུག་གཡས་ནས་རླུང་ཕར་འགྲོ་བ་དང་བསྡོངས་ནས་སེམས་ཅན་རྣམས་ལ་སྨིན་པར་བསམ། སེམས་ཅན་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་རྒྱས་པར་བསམ། སྟོང་པ་ཉིད་དང་སྙིང་རྗེ་རྒྱུད་ལ་སྐྱེས་ནས་བསམ་ངན་སྡུག་སེམས་ཐམས་ཅད་ཞི་བར་བསམ་གསུང་ངོ་། །དྲུག་པ་མདོར་ན་རང་ལ་ན་ཚ་དང་སྡུག་བསྔལ་བློ་དང་མི་མཐུན་པའི་རྐྱེན་མ་ཉེས་པའི་ཁ་ཡོག་དང་ཁ་སྨྲས་དང་། བདག་ལ་འཕྱར་ཀ་གཏོང་བ་དང་། དགྲས་གཏིབས་པ་དང་། གདོན་གྱི་བར་ཆད་གཏོང་བ་དང་། ཆ་རྐྱེན་མ་འཛོམ་པ་དང་། སེམས་རྒྱུད་ལ་ཉོན་མོངས་པ་དྲག་པོ་སྐྱེས་པ་དང་། བློ་དགེ་ཕྱོགས་སུ་བཀོལ་ཏུ་མི་བཏུབ་པ་དང་། བླ་མ་དང་དཀོན་མཆོག་ལ་དད་གུས་གཡེལ་དུ་སོང་བ་དང་། སྒྲུབ་པ་དང་དགེ་སྦྱོར་བྱེད་སྙིང་མི་འདོད་པ་དང་། བློ་སྣ་མང་པོས་སེམས་ཚོལ་འཕྲོས་ཁྱེར་བ། སྙིང་མི་དགའ་བ། ང་རྒྱལ་དང་རློམས་སེམས་སྐྱེས་པ། དམ་ཚིག་ཉམས་ཆགས་ལ་སོགས་པ་ཆོས་དང་མི་མཐུན་པ་ཐམས་ཅད་བདུད་ཀྱི་བར་ཆད་ཡིན་པས་བདུད་དུ་ཤེས་པར་བྱས་ལ་རིག་པ་ལ་ངར་བསྐྱེད་པ་འདི་ཀའི་དུས་སུ་དགོས་པ་ཡིན་སྙམ་དུ་བསམས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དུང་དུང་པ་མཆི་མ་འཆོར་བ་བསྒོམ། དགྲ་བགེགས་གནོད་པར་བྱེད་པ་ལ་ལྷག་པར་བསྒོམ། དེ་ནས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་ཀྱི་བར་དུ་གཅོད་པ་མི་མཐུན་པའི་ཕྱོགས་ཐམས་ཅད་རང་ལ་གང་བྱུང་བ་དེའི་སྟེང་དུ་ཤུགས་བསྐྱེད་ལ་བླངས་ལ། དེ་ནས་བླངས་པའི་ཡུལ་དང་སྡུག་བསྔལ་དང་བླང་རྒྱུའི་དངོས་པོ་ཐམས་ཅད་ཀྱང་རང་སེམས་འཁྲུལ་པའི་རང་སྣང་དུ་ཐག་བཅད་ལ་སེམས་སྐྱེ་
༡༤༢འགག་གནས་གསུམ་དང་བྲལ་བའི་ངང་ལ་ཀློད་ལ་བཞག་གོ །དར་བསྐྱར་ཞིང་ཡང་ཡང་བསྒོམས་པས་བདུད་ཀྱི་བར་ཆད་དང་སྡུག་བསྔལ་ཐམས་ཅད་དག་སྤོར་གྱི་བོགས་འདོན་དུ་འགྲོ་ཞིང་བར་ཆད་ཐམས་ཅད་བླ་མ་དཀོན་མཆོག་གི་བྱིན་རླབས་སུ་ཤེས་ཤིང་བློ་ངེས་པའི་ཤེས་པ་གཏིང་ནས་སྐྱེ་གསུང་ངོ་། །དེ་ལྟར་བྱུང་ན་ལྟས་ངན་གཡང་དུ་ལེན། བདུད་ཆོས་ཉིད་དུ་གོ །རྐྱེན་ངན་གྲོགས་སུ་ཤར་ནས་སྣང་བ་གང་ཤར་ཐམས་ཅད་ལམ་དུ་འགྲོ་བ་གཅིག་འོང་གསུང་ངོ་། །དེ་ལྟར་བྱུང་ཡང་རློམས་སེམས་མི་བྱ། བྱས་ན་བདུད་ཡིན། ཡང་རང་གི་དགེ་བ་དང་ལུས་སེམས་ཀྱི་དགེ་བ་ཐམས་ཅད་སྔ་མ་ལྟར་ཤེས་པར་བྱའོ། །དེ་ལྟར་སྣང་བ་ཐམས་ཅད་རང་སེམས་སུ་ཐག་བཅད་ལ་དུས་རྟག་ཏུ་དྲན་པས་ཟིན་པར་བྱའོ། །བདུན་པ་དམིགས་བསལ་ཅན་ལ་ཕུར་ཚུགས་སུ་བསྒོམ་པ་ནི་རང་ལ་གནོད་པའི་གདོན་བགེགས་སམ་སྡང་བའི་དགྲ་ལ་སོགས་པ་ལ་བསྒོམ་སྟེ། དེ་ཡང་རང་ལ་སྔར་ནས་ཁ་ཟུག་པའི་གདོན་དང་། གློ་བུར་དུ་གནོད་པའི་གདོན་གང་ཡང་རུང་སྟེ། གདོན་དེ་རྨི་ལམ་ལ་སོགས་པར་ཁོའ་གཟུགས་ནང་ཆོ་འཕྲུལ་གང་སྟོན་བརྟགས་ལ་དེ་ངོས་བཟུང་ངོ་། །དགྲའམ་གདོན་དེ་རང་གི་མདུན་དུ་བཀུག་ལ་གསལ་བར་བསྒོམས་ལ། གཞན་ཡང་སེམས་ཅན་ལ་གནོད་ཅིང་འཚེ་བའི་འབྱུང་པོའ་རིགས་ཐམས་ཅད་ཀྱང་བསམ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་བསམས་ལ་གནོད་བྱེད་ཀྱིས་གཙོར་བྱས་པའི་སེམས་ཅན་རྣམས་བདག་གི་མ་དྲིན་ཅན་ཡིན། འདི་རྣམས་ཚེ་སྔ་མ་མང་པོར་ཕ་མ་ཡང་ཡང་དུ་བྱས་པས་ལན་ཆགས་འོང་བ་ཡིན། མ་དྲིན་ཅན་འདིས་ལས་ངན་པ་བསགས་པས་ལུས་འདི་འདྲ་བླངས། ལུས་འདི་འདྲ་བ་ལ་བརྟེན་ནས་ང་མེད་པ་ལ་ངར་བཟུང་། བདག་མེད་པ་ལ་བདག་ཏུ་བཟུང་། ད་ལྟ་སེམས་ཅན་ལ་གནོད་ཅིང་འཚེ་བ་ཤ་སྟག་བྱས་པས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཆེན་པོ་ལས་ཐར་དུས་མེད་པ་
༡༤༣སྙིང་རེ་རྗེ་སྙམ་དུ་བསམ། རང་གི་རྩ་བའི་མ་ལྟ་བུར་བསམ་ཞིང་ངའི་ཨ་མ་ཞེས་ངག་ཏུ་ཡང་བརྗོད་ཅིང་སྙིང་རྗེ་དྲག་པོ་མིག་ནས་མཆི་མ་ཉིལ་ཉིལ་བའམ་ལུས་ཀྱི་བ་སྤུ་ལྡང་བ་ཙམ་བསྒོམས་ལ། ཁོས་གཙོ་བྱས་པའི་སེམས་ཅན་རྣམས་ལུས་ཀྱི་ན་ཚ་སྡུག་བསྔལ་ཐམས་ཅད་རང་གི་སེམས་མི་བདེ་བ་གང་ཡོད་པ་དེའི་སྟེང་དུ་འུབས་ཀྱིས་བསྡུས་ལ་རང་གི་དེ་དག་གཉིས་མེད་དུ་བསྡུས་ལ་ཁོ་ལ་གཅིག་ཀྱང་མ་ལུས་པར་བསམ་མོ། །རང་གི་ལུས་ངག་ཡིད་གསུམ་གྱི་བདེ་བ་དང་དགེ་བ་ཐམས་ཅད་ཁོ་ལ་བཏང་བས་ཁོའ་བསམ་ངན་དང་གདུག་སེམས་ཐམས་ཅད་ཞི་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བསམ། དེ་ཡང་ཡང་བྱའོ། །ཡང་ནད་གདོན་ཐམས་ཅད་བཀའ་དྲིན་ཅན་ཏུ་བསྒོམ། དགེ་སྦྱོར་གྱི་བསྐུལ་མ་བྱས་པས་དྲིན་ཆེ་བས་དུས་འདི་ནས་བཟུང་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་མི་འབྲལ་བར་བྱ་སྙམ་དུ་བསམ། གཞན་ཡང་ལུས་སེམས་ཀྱི་སྟེང་དུ་སྡུག་བསྔལ་མི་འཚམས་པ་བྱུང་བའི་ཚེ་ཡིད་མ་ཤི་བར་བྱས། རིག་པ་ངར་བསྐྱེད་ལ་འདི་ཀའི་དུས་སུ་དགོས་པ་ཡིན་སྙམ་པ་བྱས་ལ། གནོད་བྱེད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དངོས་རྒྱུ་དང་བཅས་པ་རྣམས་བསམ། རང་གི་རྩ་བའི་མ་ལྟ་བུ་དྲིན་ཆེ་བ་འདི་རྣམས་སྡུག་བསྔལ་འདི་འདྲ་བ་སྤྱོད་པ་སྙིང་རེ་རྗེ་ན་བདག་ལ་ནི་ད་ལྟ་སྡུག་བསྔལ་ལས་གྲོལ་བར་བྱེད་པའི་ནུས་པ་མེད་ན་མ་འདི་རྣམས་ཇི་ལྟར་བྱས་ན་སྡུག་བསྔལ་ལས་གྲོལ་བར་འགྱུར་སྙམ་དུ་སེམས་ཀྱི་འཕྲུལ་འཁོར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསམ། ལུས་ཀྱི་འཁྲུལ་འཁོར་ནི་ལུས་ཙོག་པུར་འདུག་ལ་ལག་པ་གཡས་པའི་ཐལ་མོས་འགྲམ་པ་སྐྱོར། གྲུ་མོ་བརླ་ཡི་སྟེང་དུ་བཞག །བཞིན་གྱི་མདོག་སྨིན་མཚམས་སུ་བསྡུས་ལ་མཆི་མ་འདོན་པའི་ཚུལ་དུ་བྱའོ། །ངག་གི་འཁྲུལ་འཁོར་ནི་ངའི་ཨ་མ་ཞེས་བརྒྱ་དང་སྟོང་ལ་སོགས་པ་བགྲང་ངོ་། །དེ་
༡༤༤ལྟར་བྱམས་པ་བསྒོམས་པས་སྙིང་རྗེ་དབང་མེད་དུ་སྐྱེ་བ་འབྱུང་ངོ་། །ངུ་སྙིང་འདོད་པ་དང་། སྙིང་གྲང་བ་དང་སྡུག་བསྔལ་ཅན་མཐོང་བ་དང་། ཐོས་པ་དང་། དྲན་པ་ཙམ་གྱིས་སྙིང་རྗེ་རང་དབང་མེད་དུ་སྐྱེ་བ་འབྱུང་ངོ་། །དེ་ལྟར་བྱུང་བ་དང་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་སྐྲ་གྲིས་བཞར་བ་བཞིན་དུ་སྣ་བུག་གཡོན་ནས་རླུང་ནང་དུ་འོང་བ་དང་བསྡོངས་ནས་རང་གི་སྙིང་ནང་དུ་ཞུགས་སེམས་ཅན་ལ་སྡུག་བསྔལ་གཅིག་ཀྱང་མ་ལུས་པར་བསམ། ཉོན་མོངས་པ་ལ་སོགས་པ་གང་སྐྱེས་ཀྱང་དེ་ལྟར་ཡང་ཡང་བྱའོ། །ཡང་དག་པའི་དོན་ལ་འདི་ཡིན་འདི་མིན་མེད་པའི་ལྟ་བའི་སྟེང་དུ་བཞག །རང་གི་དགེ་བ་དང་བདེ་བ་ཐམས་ཅད་ལྟོས་པ་མེད་པར་སེམས་ཅན་ལ་ཕར་བཏང་བས་སེམས་ཅན་ཐམས་ཅད་ཀྱི་གནོད་སེམས་གདུག་རྩུབ་ཐམས་ཅད་ཞི་བར་བསམ་མོ། །དེ་ལྟར་བྱས་པས་ནད་གདོན་ཐམས་ཅད་གྲོགས་སུ་འཆར་རོ། །ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །གནས་སྐབས་སུ་ནད་གདོན་ཐམས་ཅད་རང་གྲོལ་དུ་འགྲོ་བའི་ཤེས་བྱེད་མང་དུ་ཡོད་དེ་འདིར་མ་བྲིས་སོ། །བྱ་བ་གང་བྱེད་ཀྱང་འདིས་ཟིན་ན་སངས་རྒྱས་ཀྱི་ལམ་དུ་འགྲོ་གསུངས། འདི་དང་མི་ལྡན་ན་གསང་སྔགས་ཟབ་མོའ་བཟླས་པ་བྱས་ཀྱང་མུ་སྟེགས་ཀྱི་དྲག་སྔགས་བཟླས་པ་དང་ཁྱད་མེད་དུ་འགྲོ་གསུང་ངོ་། །གཞན་ཡང་ཐེག་པ་ཆེན་པོའ་མདོ་དང་བསྟན་བཅོས་རྣམས་སུ་ལེགས་པར་བལྟའོ།། །།མཆིམས་ཀྱི་བློ་སྦྱོང་ལགས་སོ། །བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་ལ་ཕྱག་འཚལ་ལོ། །གདམས་པ་འདི་ལ་དོན་གསུམ་སྟེ། དང་པོ་སྦྱོང་བ་ནི། གནས་དབེན་པར་ཚངས་སྤྱོད་མི་མཐུན་པའི་ཕྱོགས་མེད་པའི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ་སྐྱབས་འགྲོ་དང་སེམས་བསྐྱེད་བྱས་ལ་རང་གི་ལུས་ཕྲུམ་ཕུས་བཏབ་པ་ལྟ་བུར་བདེན་མེད་དུ་བསམ། སྙིང་འོད་དཀར་པོའ་ཕུང་པོར་བསྒོམ། དེའི་སྤྱི་བོའ་གཙུག་ཏུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་
༡༤༥བསྒོམ། སངས་རྒྱས་ནས་ད་ལྟའི་བར་གྱི་བརྒྱུད་པ་དང་ཆོས་འབྲེལ་ཡོད་པ་དང་ཡི་དམ་གྱི་ལྷ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོ་འདི་ཡིན་སྙམ་དུ་བསམ། ཡིད་ཀྱིས་ཕྱག་དང་མཆོད་པ་ཕུལ། གསོལ་བ་འདེབས་པ་ནི། བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་བདག་གི་རྒྱུད་ལ་ཐེག་པ་ཆེན་པོའ་བློ་སྦྱོང་གི་རྟོགས་པ་ཉམས་པ་མེད་པར་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ང་དང་བདག་ཏུ་འཛིན་པ་ད་ལྟ་ཉིད་དུ་ཐུལ་བ་དང་། རྐྱེན་ངན་བར་ཆད་ཐམས་ཅད་ཆོས་ཀྱི་ཕྱོགས་སུ་ཁྱེར་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ། བདག་གི་བླ་མ་འདི་ཉེས་པའི་སྐྱོན་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་ཤིང་ལེགས་པའི་ཡོན་ཏན་མ་ལུས་པ་དང་ལྡན་པའི་སངས་རྒྱས་ཡིན་སྙནསྙ་མ་དུ་བསམས་ལ་བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་འགྲོ་བྱ། དེ་ནས་བླ་མ་ཚངས་བུག་ན་མར་བྱོན་ནས་སྙིང་འོད་ཀྱི་ཕུང་པོའ་ནང་དུ་བཞུགས་ནས་འདི་ཉིད་སངས་རྒྱས་དངོས་ཡིན་སྙམ་དུ་བསྒོམ་མོ། །བླ་མའི་སྐུ་གསུང་ཐུགས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་ཆོས་ཉིད་འོད་གསལ་ཆེན་པོར་གྱུར་པ་དེའི་ངང་དུ་གནས་ཚད་དུ་བཞག །དེ་ནས་རྟོག་པ་འཕྲོ་ན་བླ་མ་སྤྱོ་གཙུག་ཏུ་བསྒོམ། ཐུགས་དགོངས་ཡོངས་སུ་རྫོགས་པའི་བསྔོ་བ་བྱ། གསོལ་བ་གདབ། དེ་ལྟ་བུ་ཉིན་མཚན་ལན་དྲུག་ལ་སོགས་པ་བྱ། རང་གང་འདོད་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེའོ། །དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་པ་ནི་དེ་ལ་གསུམ་སྟེ། དལ་འབྱོར་རྙེད་པར་དཀའ་བ་ནི་དལ་འབྱོར་གྱི་ཆོས་བསམ་སྟེ་དེའི་སྙིང་པོ་བླང་བར་བྱ། ཆོས་ཀྱི་མཆོག་བློ་སྦྱོང་བ་ཡིན་པས་བསྒོམ། དལ་འབྱོར་ཐོབ་ཀྱང་གཏན་དུ་སྡོད་
༡༤༦དབང་མེད། ལས་ཀྱི་འཕེན་པ་ཟད་ནས་ནམ་འཆི་ཆ་མེད། འཆི་བའི་དུས་སུ་ཆོས་རྒྱུད་ལ་མ་སྐྱེས་པར་འགྱོད་བཞིན་དུ་ཤི་ན་དེ་ལས་ཕམ་པ་མེད་པས་བློ་སྦྱོང་དགོས་སམ་ཤི་ནས་མེད་པར་མི་འགྲོ། སྐྱེ་བ་ལེན་དགོས་ལ་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པས་དེ་སྤང་བར་བྱ། དེའི་ཆེད་དུ་བློ་སྦྱོང་བསྒོམ། རང་རྒྱུད་ལ་བསགས་པའི་སྡིག་སྒྲིབ་སྦྱང་། གཞན་ལའང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་མོ། །དངོས་གཞི་ལ་གཉིས་ལས། དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །ལེན་པའི་གོ་རིམ་རང་ནས་བརྩམས། །ཞེས་པ་ནི། བདག་ལ་སྐྱེ་བ་ཕྱི་མའི་ཕྱི་མ་ཕན་ཆད་དང་ཐ་ན་སང་ཕན་ཆད་སྨིན་རྒྱུའི་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་ད་ལྟ་སྨིན་པར་གྱུར་ཅིག་ཅེས་སྙམ་དུ་བསམ། དེ་བསམ་པས་རྐྱེན་ངན་གྲོགས་སུ་འགྱུར་བའི་དགོས་པ་ཡོད། དེ་ནས་རྩ་བའི་མ་ལ་བྱམས་པ་དང་སྙིང་རྗེ་བསྒོམས་ལ་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་ཞེ་ཐག་པ་ནས་བླང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དང་འཕགས་པ་གསུམ་གྱི་ཤེས་སྒྲིབ་ཐམས་ཅད་བླང་། མདོར་ན་བླ་མ་དང་སངས་རྒྱས་མ་གཏོགས་པའི་འཁོར་འདས་ཀྱི་སྐྱོན་ཐམས་ཅད་རང་གི་སྙིང་གི་ནང་དུ་བླང་། དེ་ལྟར་ཡང་ཡང་བླངས་པས་རོ་སྟོད་གཟེར་བ་ལ་སོགས་པ་བྱུང་ན་སྙིང་ཕྲུ་མ་བུས་པ་ལྟ་བུར་བསམས་ཏེ། དེ་ཡང་རྒྱ་ཆེར་སོང་བས་ནམ་མཁའི་མཐའ་ཁྱབ་པར་བསམ་སྟེ་རང་བཞིན་མེད་པའི་ངང་ལ་བཞག་གོ །དེ་སྟོང་ཉིད་བསྒོམ་པའོ། །བདག་གི་མ་འདི་རྣམས་འཁོར་བ་སྡུག་བསྔལ་གྱི་དངོས་རྒྱུ་ལ་གནས་པས་སྙིང་རྗེ། སྡུག་བསྔལ་དངོས་རྒྱུ་མཐའ་དག་ལས་བསྒྲལ་ཏེ་བདེ་བ་སྐྱིད་པ་བླ་ན་མེད་པ་ལ་འགོད། ངའི་ཆེད་དུ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་གཏོང་སྙམ་དུ་བསམས་ལ། ལུས་ཡིད་བཞིན་གྱི་
༡༤༧ནོར་བུ་རིན་པོ་ཆེར་བསྒྱུར། ལོངས་སྤྱོད་ལྷ་དང་མིའི་རྫས་ནམ་མཁའ་གང་བ་ཙམ་པ་དགེ་བ་དུས་གསུམ་དུ་བསགས་པ་ཐམས་ཅད་མ་རྒན་ལ་བཏང་བས་ཆོས་བྱེད་པའི་མཐུན་རྐྱེན་ཐམས་ཅད་ཚང་བ་དང་ཚོགས་གཉིས་རྫོགས་པ་དང་སངས་རྒྱས་པར་བསྒོམ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བསྒོམ། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ཞེས་པ་ནི་དབུགས་ཕྱིར་འགྲོ་དུས་ལོངས་སྤྱོད་དགེ་བ་ཐམས་ཅད་སེམས་ཅན་ལ་བཏང་། དེ་ལྟར་བསྒོམས་པས་ཏིང་ངེ་འཛིན་སྐྱེ། ནང་དུ་འོང་ཙ་ན་རང་གཞན་གྱི་སྡུག་བསྔལ་ཀུན་འབྱུང་ལེན། །དེ་ལྟར་བྱས་པས་རྒྱུད་ལ་སྐྱེ་བ་དང་། བློ་སྦྱོང་སྐྱེ་བའི་དགོས་པ་ཡོད་གསུང་ངོ་། །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། །སྦྱངས་ནས་གསང་བའི་དོན་ལ་སྤྱད། །ཅེས་པ་ནི་བདག་གི་དགེ་བ་དང་གཞན་གྱི་སྡུག་བསྔལ་བ་བརྗེ་ནུས་པ་དང་། བློ་དམན་པ་ལ་གསང་བའི་སྟོང་ཉིད་བསྒོམས་ཏེ་དེ་ཡང་དངོས་པོ་ཐམས་ཅད་གཟུང་འཛིན་གཉིས་སུ་འདུས་ཏེ་གཟུང་བ་ཐམས་ཅད་ཡུལ། ཡུལ་བེམ་པོར་སྣང་བ་ཐམས་ཅད་རིམ་གྱིས་དཔྱད་པས་རྡུལ་ཕྲ་རབ་ཡིན་ལ་དེ་ཡང་ཕྱོགས་དྲུག་ལ་བལྟ་བའི་ཆ་དྲུག་དབུས་ཤ་སྟག་ཏུ་གྱུར་ནས་བདེན་པ་གཅིག་ཏུ་མ་གྲུབ་པས་དེ་མ་གྲུབ། དེ་དག་གིས་དུ་མ་མི་གྲུབ་པས་བེམ་པོ་བདེན་པ་མེད་པར་བསྒོམ། །ནང་རིག་པ་ནི་འདས་པ་འགག་མ་འོངས་པ་མ་སྐྱེས་ད་ལྟར་ཁ་དོག་མེད་དབྱིབས་མེད་གནས་མེད། དེ་ལྟར་མ་གྲུབ་ཙ་ན་བདེན་པར་མ་གྲུབ་པས་ན་རང་རིག་པ་བདེན་པ་མེད་པར་བསམ། ཕྱི་བེམ་པོ་མ་གྲུབ་པས་བསྒོམ་བྱའི་ཡུལ་མ་གྲུབ། ནང་རིག་པ་སྣང་བ་མ་གྲུབ་པས་སྒོམ་བྱེད་ཀྱི་བློ་མ་གྲུབ། བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་དེ་ལ་ཤེས་བྱ་ཟད་པ་ཞེས་ཟེར། དེ་ཡི་ངང་ལ་མ་ཡེངས་པར་གནས་པ་ལ་དེ་ཁོ་ན་ཉིད་བསྒོམ་ཞེས་གསུངས། དེ་བས་ན་ཡུལ་ཅི་ཡང་མ་གྲུབ་པ་ལ་བློས་
༡༤༨ཅིར་ཡང་མི་འཛིན། །ཅིར་ཡང་མི་རྟོག་པའི་ངང་ལ་ལྷོད་དེ་ཀློད་ལ་བཞག །འཇུར་བུས་བཅིངས་པའི་སེམས་ཉིད་ནི། །ཀློང་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས། རྟོག་པའི་འཕྲོ་འདུ་ཐམས་ཅད་ཞི་བ་ནི་ཞི་གནས། མི་རྟོག་བཞིན་དུ་གསལ་ཞིང་དྭངས་པ་ལ་མཚན་མར་མི་འཛིན་པ་ནི་ལྷག་མཐོང་ཞེས་གསུངས་སོ། །དང་པོ་ཐུན་ཆུང་ལ་གྲངས་མང་པོར་བསྒོམ། བརྟན་པ་ཐོབ་ན་ཇི་ཙམ་གནས་ཀྱི་བར་དུ་བཞག །དེ་ལས་ལྡང་བར་འདོད་ན་སེམས་ཅན་ལ་སྙིང་རྗེ་བསྒོམ་ཞིང་དགེ་བའི་རྩ་བ་བསྔོ་བར་བྱའོ། །དང་པོའ་དུས་སུ་ཀུན་རྫོབ་དོན་དམ་གཉིས་ལ་རེས་འཇོག་ཏུ་བསྒོམ། གོམས་པར་གྱུར་ནས་ཐམས་ཅད་མ་གྲུབ་ཀྱང་ཀུན་རྫོབ་སྒྱུ་མ་ཙམ་དུ་བདེན་པ་དང་ཞེན་པ་མེད་པར་གཏོང་ལེན་བསྒོམ་པར་བྱའོ། །གསུམ་པ་རྗེས་ནི། ཡུལ་གསུམ་དུག་གསུམ་ཞེས་པས་ཡུལ་གསུམ་ལ་བརྟེན་ནས་དུག་གསུམ་སྐྱེ་ཞིང་དེ་དགེ་བའི་རྩ་བ་གསུམ་དུ་བསྒྱུར་ཏེ་མིག་གི་ཡུལ་དུ་གཟུགས་སྡུག་པ་ལ་འདོད་ཆགས་སྐྱེས་པ་དང་། སེམས་ཅན་གྱི་འདོད་ཆགས་རང་གི་སྙིང་གི་དཀྱིལ་དུ་བླང་རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་སེམས་ཅན་ཐམས་ཅད་ལ་བཏང་བས་སེམས་ཅན་ཐམས་ཅད་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་བསམ། མི་སྡུག་པ་ལ་ཞེ་སྡང་དང་བྲལ་ལ་གཏི་མུག་སྐྱེས་པ་ཡང་དེ་བཞིན་དུ་བསྒོམ། དེ་བཞིན་དུ་རྣ་བས་སྒྲ་དང་། སྣས་དྲི་དང་། ལྕེས་རོ་དང་། ལུས་ཀྱི་རེག་བྱའི་བར་དུ་གསུམ་གསུམ་བྱུང་ཡང་བསྒོམ་པར་བྱའོ། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱོང་། །ཞེས་པ་ནི་འགྲོ་བ་དང་འགྲེང་བ་དང་འདུག་པ་དང་ཉལ་བ་དང་སྤྱོད་ལམ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་ད་ལྟ་ཉིད་དུ་བདག་ལ་སྨིན་པར་གྱུར་ཅིག །བདག་ཕུང་བར་གྱུར་ཅིག །བདག་དངོས་པོ་མེད་པའི་གཏན་བརླག་ལ་འགྲོ་བར་གྱུར་ཅིག །བདག་གི་ལུས་ལོངས་སྤྱོད་དང་དགེ་
༡༤༩བ་ཐམས་ཅད་སེམས་ཅན་རྣམས་ལ་ཕན་པར་གྱུར་ཅིག །ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ད་ལྟ་ཉིད་དུ་འབྱུང་བར་གྱུར་ཅིག་ཅེས་སོགས་ཀྱང་སྦྱང་བར་བྱའོ། །དེ་ལྟར་སྦྱོང་བས་ངག་གི་རྗེས་སུ་ཡིད་ཞུགས་ནས་མྱུར་དུ་སྐྱེ་བའི་དགོས་པ་ཡོད་གསུངས། བློ་སྦྱོང་ཐུན་གཅིག་ཞེས་བྱ་བ་དཔལ་སྣར་ཐང་བའི་མཁན་པོ་མཆིམས་ནམ་མཁའ་གྲགས་ཆེན་པོས་མཛད་པ་དགེ་ལེགས་ནམ་མཁའ་དང་མཉམ་པར་གྱུར་ཅིག། ༈ །།རྣམ་དག་གཙུག་གི་ནོར་བུ་ལ་ཇོ་བོས་གནང་བའི་བློ་སྦྱོང་ལགས་སོ། །ཤེས་བྱའི་མཁའ་ལ་ཚད་ཡོད་མ་མཆིས་ཀྱང་། །སྟོང་དང་སྙིང་རྗེ་གཉིས་སུ་ལེན་པ་ཡིན། །མར་མེ་མཛད་དཔལ་ལ་སོགས་བླ་མ་ལ། །སྒོ་གསུམ་དང་བའི་ཡིད་ཀྱིས་གུས་ཕྱག་འཚལ། །འགྲོ་མགོན་བོད་དུ་བྱོན་ཁར་གདམས་པ་ནི། །བརྩེ་བར་གྱུར་པའི་ནོར་བུ་བདག་ལ་གནང་། །ནམ་མཁའ་འདི་ལ་རྒྱུ་རྐྱེན་མ་མཆིས་བུ། །ཡོད་པར་སུ་འཛིན་མེད་པར་སུ་ཞིག་འཛིན། །ཆོས་རྣམས་དེ་བཞིན་ཤེས་པར་གྱིས་ཤིག་བུ། །འདི་ལ་གོལ་ན་གོལ་ས་ཤིན་ཏུ་མང་། །ནམ་མཁའ་ལྟ་བུར་མཉམ་པར་ཞོག་གཅིག་པུ། །འོན་ཀྱང་མཁའ་ལ་འཇའ་ཚོན་འཁྲིགས་པ་ན། །ཡོད་ཡོད་ལྟ་བུར་མཛེས་ཤིང་འཆར་རོ་བུ། །འདི་ལ་རྒྱུ་རྐྱེན་ཡོད་པར་སུས་མ་མཐོང་། །འོན་ཀྱང་རྟེན་འབྲེལ་ལེགས་མཆིས་མཁས་པའི་བུ། །འཇའ་ཚོན་མཁའ་ལ་རྒྱུ་ཞིང་མཁའ་ལ་ཡལ། །འདི་ལ་རྒྱུ་རྐྱེན་ཡོད་པར་སུས་མ་མཐོང་། །འདི་ཡང་རྟེན་འབྲེལ་ལགས་མཆིས་མཁས་པའི་བུ། །ལེགས་པར་བརྟགས་ན་འཇའ་ཚོན་ནམ་མཁའ་རུ། །ཐ་དད་རྣམ་དབྱེ་འདུག་གམ་མཁས་པའི་བུ། །ཡེ་ནས་སྟོང་པ་ཆོས་ཀྱི་གནས་ལུགས་ལ། །འགྲོ་ལ་བཟོད་བླག་མེད་པའི་སྙིང་རྗེ་འཁྲིགས། །སྙིང་རྗེ་བྱུང་ཡང་ཆོས་ཀྱི་དབྱིངས་ནས་བྱུང་། །ཐིམ་ཡང་
༡༥༠ཆོས་ཀྱི་དབྱིངས་སུ་ཐིམ་མོ་བུ། །འཁོར་འདས་ཐམས་ཅད་རང་གི་སེམས་ཉིད་དེ། །དེ་ལ་རྒྱུ་རྐྱེན་ཡོད་པ་སུས་མ་མཐོང་། །བརྟགས་ཤིང་དཔྱད་ན་ནམ་མཁའི་འཇའ་བཞིན་གདའ། །དེས་ན་ནམ་མཁའ་འཇའ་ཚོན་ཇི་ལྟ་བུར། །སྟོང་ཉིད་སྙིང་རྗེ་ཤེས་པར་མཛོད་ཅིག་བུ། །གང་ཡང་རྒྱ་མཚོའ་གཏིང་མཐའ་ཟབ་པ་ལས། །སྟེང་ནས་གཡོ་བའི་རྦ་རླབས་འཁྲུགས་པ་མཐོང་། །རྦ་རླབས་བྱུང་ཡང་རྒྱ་མཚོ་ཉིད་ལས་བྱུང་། །ཐིམ་ཡང་རྒྱ་མཚོ་ཉིད་ལ་ཐིམ་མོ་བུ། །གཡོ་བའི་རླབས་དང་ཟབ་པའི་རྒྱ་མཚོ་ལ། །ཐ་དད་རྣམ་དབྱེ་ཡོད་པར་སུས་མ་མཐོང་། །དེ་བཞིན་ལྷུན་གྱིས་གྲུབ་པའི་སྟོང་ཉིད་ལས། །འགྲོ་ལ་གཡོ་ཞིང་འཁྲུགས་པའི་སྙིང་རྗེ་བྱུང་། །སྙིང་རྗེ་བྱུང་ཡང་སྟོང་ཉིད་ངང་ལས་བྱུང་། །ཐིམ་ཡང་སྟོང་པ་ཉིད་ལ་ཐིམ་མོ་བུ། །མེ་ལོང་གཡའ་ཡིས་དག་པའི་ད་ལ་ལ། །སྣ་ཚོགས་གཟུགས་བརྙན་བཀྲ་བཞིན་ཤར་བ་དེ། །མེ་ལོང་ཉིད་དམ་ཕྱི་རོལ་གཟུགས་ལས་བྱུང་། །དེ་ལས་གཞན་ནམ་འོན་ཏེ་རྒྱུ་མེད་པ། །གང་དུའང་དཔྱད་ན་འཇིག་རྟེན་རྟེན་འབྲེལ་ཙམ། །བྱད་གཞན་ཡོད་མ་མྱོང་དང་སྣང་བ་གཉིས། །ཐ་དད་རྣམ་དབྱེ་ཡོད་པར་སུས་མ་མཐོང་། །དེ་བཞིན་སྟོང་ཉིད་མེ་ལོང་ལྟ་བུ་ལ། །ཡོད་མ་མྱོང་སྟེ་གཟུགས་བརྙན་འཆར་བ་ལྟར། །སྟོང་དང་སྙིང་རྗེ་བརྟེནསྟེན་ཅིག་མཁས་པའི་བུ། །རྙོག་མེད་ཆབ་ཀྱི་ད་ལ་ངངསདྭངས་པ་ལ། །ཆུ་ཤེལ་ཟླ་བའི་གཟུགས་བརྙན་ཤར་ན་ཡང་། །གཉིས་སྣང་ལྟ་བུར་རང་ཉིད་འཁྲུལ་མོད་ཀྱི། །གྲུབ་པའི་རྣམ་དབྱེ་ཡོད་པར་སུས་མ་མཐོང་། །རྙོག་མེད་ནམ་མཁའ་ལྟ་བུའི་སྟོང་ཉིད་ལས། །འགྲོ་ལ་བཟོད་བླགགླགས་མེད་པའི་སྙིང་རྗེ་ཤར། །སྙིང་རྗེ་བྱུང་ཡང་སྟོང་ཉིད་ངང་ལས་བྱུང་། །ཐིམ་ཡང་སྟོང་ཉིད་ངང་དུ་ཐིམ་མོ་བུ། །ཇི་ལྟར་གཟུགས་ཀྱི་བྲག་རི་མཐོན་པོ་ལ། །ལྷང་ལྷང་འཆོར་བའི་སྒྲ་སྙན་བྱུང་ན་ཡང་། །སྒྲ་སྙན་བྲག་ལས་རྣམ་
༡༥༡དབྱེ་སུ་ཞིག་ཡོད། །འོན་ཀྱང་བྲག་མེད་ཡོད་མེད་སུ་ཞིག་འཛིན། །དེ་བཞིན་ཡེ་ནས་དག་པའི་སྟོང་ཉིད་ལས། །འགྲོ་ལ་ཤིན་ཏུ་བརྩེ་བའི་སྒྲ་འབྱུང་མོད། །སྟོང་ཉིད་སྙིང་རྗེ་དེ་བཞིན་སྒོམས་ཤིག་བུ། །རྙོག་མེད་ཉི་མའི་དཀྱིལ་འཁོར་དྭངས་པ་ལ། །འགྲོ་ལ་དངོས་སུ་ཕན་པའི་འོད་འབྱུང་མོད། །ཉི་འོད་ཐ་དད་ཉིད་དུ་སུས་མ་མཐོང་། །སྟོང་ཉིད་སྙིང་རྗེ་ཆེན་པོའ་གཟུགས་སུ་ཤར། །སྙིང་རྗེ་དེ་ཡང་སྟོང་པ་འབའ་ཞིག་སྟེ། །སྟོང་པ་ཉིད་ལས་སྙིང་རྗེ་གཞན་ཡོད་པར། །མགོན་པོ་གང་གིས་མ་བཤད་མཁས་པའི་བུ། །ཀྱེ་ཧོ་སྟོང་ཉིད་ངང་དུ་ཚུར་ཉོན་ཅིག །འགྲོ་བ་ཐམས་ཅད་ཉོན་མོངས་སྡུག་བསྔལ་སྤངས། །སྟོང་ཉིད་འབའ་ཞིག་ཡིན་གྱི་ཤེས་པར་མཛོད། །དེ་ཡི་གཉེན་པོ་ཡོན་ཏན་མཐའ་ཡས་ཀྱང་། །སྟོང་ཉིད་འབའ་ཞིག་ཡིན་གྱི་གོམས་པར་མཛོད། །སྤང་གཉེན་ཐ་དད་ལྟ་བུར་མཐོང་ན་ཡང་། །འཁྲུལ་འཁོར་དག་པར་བསམ་གཏན་ལམ་དུ་བསྒོམ། །དེ་ལྟར་མ་གོ་འགྲོ་བ་མཐའ་ཡས་པ། །རང་ལ་བསྡུས་ཀྱང་སྤང་དགོས་ཅང་གདའ་འམ། །སྟོང་ཉིད་སྙིང་རྗེར་ལྟོས་དང་ཅང་འཁྲུལ་ལམ། །སྙིང་རྗེ་སྟོང་པར་འདུག་གམ་མཁས་པའི་བུ། །སྟོང་པ་སྙིང་རྗེར་ཤར་རམ་རྟོག་དཔྱོད་ཅན། །སྟོང་དང་སྙིང་རྗེ་རྣམ་དབྱེར་འདུག་གམ་ཨ། །ཁོ་བོས་ཞེ་སྡང་རླུང་དམར་འཚུབ་ན་ཡང་། །སྟོང་པ་ཉིད་ལ་ཐ་དད་མེད་པར་མཐོང་། །དེ་བཞིན་རྣམ་པར་རྟོག་པ་མཐའ་ཡས་པས། །སྟོང་ཉིད་ངང་ལས་ངེས་པར་འབྱུང་བ་མཐོང་། །རྣམ་རྟོག་རྣམས་ལ་ཅེར་ཏེ་བལྟས་ཙམ་ན། །བདེན་ནམ་བརྫུན་ནམ་གྲུབ་པར་ངས་མ་མཐོང་། །སྟོང་ཉིད་ངང་ལས་ལྷོད་ཀྱིས་ཀློད་ཙམ་ན། །རྟོག་པ་ཙམ་ཡང་འཆར་བར་ངས་མ་མཐོང་། །དེས་ན་སྟོང་ཉིད་སྙིང་རྗེ་འགལ་ཟླ་ཡང་། །དབྱེ་བ་རྡུལ་ཙམ་ཡོད་པར་མ་མཐོང་གི་།སྟོང་ཉིད་སྙིང་རྗེ་དབྱེར་མེད་སྨོས་ཅི་འཚལ། །ཀྱེ་ཧོ་ད་ནི་འགྲོའམ་འདུག་ན་ཡང་། །
༡༥༢གནས་དེ་དགོན་པ་ཡིན་ནོ་མཁས་པའི་བུ། །དབུ་མའི་ནང་དུ་སེམས་ཉིད་གནས་པ་དེ། །སྟོང་པའི་གནས་ལུགས་ཡིན་ནོ་མཁས་པའི་བུ། །དེ་ཡི་ངང་དུ་སྙིང་རྗེ་བསྒོམ་པ་དེ། །དབྱེ་བ་མེད་པའི་རྣལ་འབྱོར་ཡིན་ནོ་བུ། །དེ་ལྟར་ཤེས་པའི་སྙིང་རྗེ་བསྒོམ་པ་ན། །ཤིན་ཏུ་བརྩེ་ཡང་སྟོང་ཉིད་འབའ་ཞིག་ཡིན། །སྟོང་ཉིད་བསྒོམས་པས་སྙིང་རྗེས་མ་ཁྱབ་མེད། །སྙིང་རྗེ་སྒོམ་པ་སྟོང་ཉིད་ཁོ་ན་ཡིན། །སྟོང་པ་ཙམ་ཞིག་ཞི་གནས་ཚེལ་བའང་སྒོམ། །ཐེག་པ་འདི་ཡི་སྟོང་ཉིད་སྙིང་རྗེ་ཡིན། །སྙིང་རྗེ་འདི་ཡི་རང་མཚན་སྟོང་ཉིད་ཡིན། །དེས་ན་གནས་དོན་སྙིང་རྗེར་ཤེས་པར་མཛོད། །ཁྱོད་ལ་བྱ་བའི་རིམ་པ་མཐའ་ཡས་ཀྱང་། །བརྒྱ་ཕྲག་ངོས་ཀྱི་བཅར་ཕུར་ཆེན་པོ་འདི། །ཚེ་འདིའི་ཉན་བཤད་སྙིང་གཏམ་ཐ་མར་བསྟེན། །ད་ནི་ཁོ་བོ་མི་སྡོད་བོད་དུ་འགྲོ། །འཕྲེང་སེམས་དག་ཀྱང་རྫ་དང་ལ་ཆ་འདྲ། །ཚེ་འདིའི་འདུ་བྱེད་མི་རྟག་གློག་ལྟར་གཡོ། །ལུས་སེམས་འདུ་བའང་མགྲོན་ཁང་མགྲོན་པོ་འདྲ། །དེས་དེ་ཕྱོགས་འདིར་ལྡོག་པ་སྲིད་པ་བས། །འདུས་པའི་ཐ་མ་འབྲལ་བ་འདུས་བྱས་ཆོས། །གདམས་ངག་སེམས་ལ་འཆང་ན་བུ་ཡིན་ཨང་། །བསླབ་པའི་ངག་ལ་ཉན་ན་ཡུན་དུ་དགེ་།རིང་པོར་མི་ཐོགས་བྱམས་པའི་ཞབས་དྲུང་དུ། །ཤེས་རབ་ཕ་རོལ་ཕྱིན་པའི་ཚིག་དོན་རྣམས། །ཡོངས་སུ་རྫོགས་པར་བྱ་ཕྱིར་དགའ་ལྡན་འགྲོ། །ཁྱོད་ཀྱང་སྐྱེ་བ་འདི་ཡི་འོག་རོལ་ཏུ། །དེ་དྲུང་སྙོགས་ནས་གསུང་གླེང་བྱེད་པར་སྨོན། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མ་ལུས་པ། །བདག་ཅག་རྣམས་ལ་བརྩེ་བར་དགོངས་སུ་གསོལ། །དུས་གསུམ་འཁོར་ཚེ་སྐྱེ་གནས་ཐམས་ཅད་དུ། །སྒོ་གསུམ་དགེ་བའི་ལས་ལ་བཀོལ་བ་རྣམས། །སྐུ་གསུམ་ཕྲིན་ལས་རྫོགས་པར་མ་གྱུར་བར། །གང་གི་ལུས་སུ་སྐྱེ་བ་འཛིན་ན་ཡང་། །ཕ་རོལ་ཕྱིན་བཅུར་སྒོ་གསུམ་འཁོལ་བ་དང་། །བླ་མ་
༡༥༣མཉེས་ཤིང་ཕྲིན་ལས་སྤེལ་བར་ཤོག །ཅེས་པ་འདི་འགྲོ་བའི་མགོན་པོ་བོད་དུ་འབྱོན་དུས་ལམ་དུ་འཇུག་པ་ན་རྣམ་དག་གཙུག་གི་ནོར་བུ་བདག་ལ་སྤྱི་ཆོས་སུ་གདམས་པ་ལགས་སོ། །འདིའི་བརྒྱུད་པ་ནི། ཇོ་བོ་ནས་མཁན་པོ་རྨ་སྟོན་གྱི་བར་སྔར་བཞིན། དེས་ཇོ་ལྡན་ཀླུང་ཤོད་པ་ལ། དེས་དགེ་བཤེས་ཤེས་རབ་བཟང་པོ། །དེས་བུདྡྷ་རཏྣ་ལ། དེས་ཀཱིརྟྟི་ཤཱི་ལ་ལ། དེས་ཆོས་རྗེ་རྒྱལ་བ་བཟང་པོ་ལ། དེས་ཆོས་རྗེ་བསོད་ནམས་རིན་ཆེན་ལ། དེས་ཆོས་རྗེ་གཞོན་ནུ་རྒྱལ་མཆོག་ལའོ། །༈ དཔལ་ལྡན་བིརྺ་པའི་བློ་སྦྱོང་། ན་མོ་རཏྣ་གུ་རུ། དཔལ་ལྡན་བིར་།།།་པའི་ཞལ་ནས། །ཐོག་མེད་བརྩེ་བས་བསྐྱངས་པ་ཡི། །དྲིན་ཆེན་རྣམས་ལ་སྙིང་རྗེ་བསམ། །གནོད་བྱེད་འདི་ནི་བདག་གི་མ། །སྔོན་ཚེ་ཡང་ཡང་ཕན་བཏགས་ཀྱང་། །སྨྱོན་པ་ལྟ་བུར་རང་དབང་མེད། །མི་དགེ་ལས་ཀྱིས་མནར་མེད་འགྱུར། །དེ་ལྟར་དྲན་པས་སྲིད་གསུམ་ལ། །སྙིང་རྗེ་མཐར་ཕྱིན་འགྱུར་བ་ཡིན། །གསུང་། །དེ་ལ་མཉམ་མེད་སྙིང་རྗེའི་རྣལ་འབྱོར་ནི། །སྙིང་རྗེ་དེ་ཐེག་པ་ཆེན་པོའ་ཆོས་ཀྱི་རྩ་བ་ཡིན། འདི་མེད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དང་དམ་ཚིག་གི་བསྐྱེད་རྫོགས་ལ་སོགས་ལམ་ཅི་ཙམ་ཡོད་ཀྱང་ཐེག་པ་དམན་པར་ལྟུང་སྟེ། །བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དགོས་པས་བྱམས་པ་ནི་ཕན་འདོགས་པ་ཡིན་ལ། སྙིང་རྗེ་ནི་གནོད་བྱེད་ནས་ཐོག་དྲང་ནས་བསྒོམ་སྟེ། གནས་དབེན་པར་ལུས་ཀྱི་སྤྱོད་ལམ་ཆ་མཉམ་སྐྱབས་འགྲོ་སེམས་བསྐྱེད་བྱ། རང་ཡི་དམ་དུ་བསམ། སྤྱི་བོར་བླ་མ་བསྒོམ། རང་གཞན་ལ་གནོད་པ་ཚབ་ཆེར་བྱེད་པའི་དགྲ་བོ་ལྟ་བུ་གཅིག་མདུན་དུ་དམིགས་ལ་སྙིང་རྗེའི་རྒྱུན་དང་འཐད་པ་གཉིས་སྤེལ་མར་བསྒོམ། དང་པོ་ལུས་བསྒྲིམ། སེམས་རྩེ་གཅིག་ཏུ་
༡༥༤གནོད་བྱེད་ལ་དམིགས་ལ་ངག་ཏུ་བདག་ལ་གནོད་པར་བྱེད་པ་འདི་སྙིང་རེ་རྗེ་བརྒྱའམ་ལྔ་བཅུའམ་ཉེར་གཅིག་བགྲང་བ་ནི་རྒྱུན་དུ་བསྒོམ་པའོ། །གཉིས་པ་འཐད་པ་ནི། གནོད་བྱེད་འདི་སྐྱེ་བ་སྔ་མ་ཕན་ཆད་ཀྱི་མ་ཡིན་པས་མ་འདི་སྙིང་རེ་རྗེ་སྙམ་དུ་བསམ་ཡང་ཡང་བགྲང་། ཅིའི་ཕྱིར་སྙིང་རྗེ་ནམ་ཡང་ལན་གཅིག་གཉིས་བྱས་པ་མ་ཡིན་ཏེ། ལན་གྲངས་མང་པོར་བྱས་པས་སྙིང་རེ་རྗེ་སྙམ་དུ་བསམ་ཡང་ཡང་བགྲང་། ཅིའི་ཕྱིར་སྙིང་རྗེ་ན་མ་བྱས་རེས་ཀྱིས་ཕན་དཔག་ཏུ་མེད་པ་བཏགས་པས་སྙིང་རྗེ་སྙམ་དུ་བསམ་ཡང་ཡང་བགྲང་ཅིས་སྙིང་རྗེ་ན་སྤྱིར་མ་ནི་ཕན་འདོགས་པ་ཡིན་ན་ད་ལྟ་གནོད་པ་བྱེད་པ་ཇི་ལྟར་ཡིན་ན་གནོད་བྱེད་འདི་མ་ཡིན་ཡང་ཤེས་པ་ལ་རང་དབང་མ་ཐོབ་པས་སྨྱོན་པ་དང་འདྲ། སྤྱིར་སེམས་ཅན་ལ་ཁྱད་པར་དུ་རང་གི་བུ་ལ་གནོད་པ་བྱེད་པ་སྙིང་རེ་རྗེ་སྙམ་དུ་བསམ་ཡང་ཡང་བགྲང་། ཅིས་སྙིང་རྗེ་ན་དེ་ལྟར་གནོད་པ་བྱས་པའི་རྒྱུས་མནར་མེད་པ་ལ་སོགས་པར་སྐྱེས་ནས་སྡུག་བསྔལ་དྲག་པོས་གཟིར་བར་འགྱུར་བས་གནོད་བྱེད་ཀྱི་མ་འདི་སྙིང་རེ་རྗེ་སྙམ་དུ་བསམ་ཡང་ཡང་བགྲང་། དེ་ལྟར་དམིགས་པ་དང་། བགྲང་བ་དང་། སྙིང་རྗེ་བའི་རྒྱུ་བསམ་པ་ལྔ་སྤེལ་མར་བསམ་པས་མིག་ནས་མཆི་མ་འབྱུང་བ་དང་། ལུས་ཀྱི་བ་སྤུ་ལྡང་བའམ། ལུས་སེམས་ཀྱི་ཟུང་མི་ཐུབ་པ་སོགས་རྟགས་ཀྱིས་མཚོན་པའི་སྙིང་རྗེ་ཅི་ལྟ་བ་བཞིན་སྐྱེས་ནས་གནོད་བྱེད་འདིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་དུ་སེམས་ལ་གནོད་བྱེད་དང་སེམས་ཅན་ཐམས་ཅད་ཀྱིས་ཡི་དམ་གྱི་གོ་འཕང་ཐོབ་པར་བསམས་ལ། སྤྲོས་མེད་ཀྱི་ཡེ་ཤེས་ལ་ཡུན་རིང་དུ་བཞག །རྣམ་རྟོག་སྦུན་ལངས་ན་བསྔོ་བ་བྱའོ། །དེ་ལྟར་གཅིག་ལ་ཇི་ལྟ་བ་བཞིན་སྐྱེས་ནས་གནོད་བྱེད་བར་མ་དང་ཆུང་ངུ་རྣམས་ལ་ཡང་བསམ། །དེ་ནས་ཉེ་འབྲེལ་ཡུལ་མི་སྡེ་འཛམ་བུ་གླིང་། གླིང་བཞི་
༡༥༥སྟོང་གསུམ་ནམ་མཁས་ཁྱབ་པ་བསྒོམས་པས་སྙིང་རྗེ་ཚད་མེད་པར་འགྱུར་རོ། །དེ་ལྟར་བསྒོམས་པས་རང་གི་ཞེ་སྡང་ཁོང་ཁྲོ་ལ་སོགས་ཞི། །མཛེ་ནད་གདོན་ལ་སོགས་པ་དགྲ་བགེགས་ཞི་ལ་འགྲོ་བ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་སེམས་སུ་འགྱུར་རོ། །སྤྲོས་མེད་ཀྱི་ཡེ་ཤེས་ཁྱད་པར་ཅན་སྐྱེའོ། །གཉིས་པ་རྩ་བ་རྒྱུའི་རྣལ་འབྱོར་ནི། །ཕྱི་ནང་སྤྲོས་པ་མི་སྲུན་པས། །བློ་གྲོས་འཁྲུགས་པར་གྱུར་པའི་ཚེ། །བདག་དང་གཞན་དུ་བརྗེ་བ་ཡི། །བྱང་ཆུབ་སེམས་འདི་དྲན་པར་བྱ། །དེས་ནི་བདུད་དང་ཉོན་མོངས་ཚོགས། །འཇོམས་ཤིང་སྤྲོས་མེད་ཡེ་ཤེས་འགྱུར། །ཅེས་གསུངས་པས་རྣམ་མཁྱེན་ཐོབ་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས་དེ་ལ་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ལས། དོན་དམ་ནི་སྤྲོས་མེད་ཀྱི་ཡེ་ཤེས་ཡིན་ནོ། །དང་པོ་ལ་མང་དུ་ཡོད་ཀྱང་འདིར་བདག་གཞན་བརྗེ་བའི་ཉམས་ལེན་བླ་མས་གསུངས་པ་ནི་ལུས་ལ་ནད་དྲག་པོ་དང་སེམས་ལ་མྱ་ངན་གཉིས་ཀ་ལ་སྡུག་བསྔལ་དང་། དགྲ་གདོན་ཕྱིའི་འབྱུང་བ་འཁྲུགས་པ་ཉོན་མོངས་པ་དྲག་པོ་ལ་སོགས་པ་སྐྱེས་པའི་དུས་སུ་དེ་ཉིད་ལམ་དུ་བྱ་བའི་ཕྱིར་ཞེ་སྡང་དྲག་པོ་སྐྱེས་ན་བདག་གི་ཞེ་སྡང་འདིས་སེམས་ཅན་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་རྒྱུ་འབྲས་དང་བཅས་པ་ངའི་འདི་ལ་སྨིན་པར་གྱུར་ཅིག །ཡང་སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་པ་འབྲས་བུ་སྡུག་བསྔལ་ཐམས་ཅད་རྩ་བ་བདག་འཛིན་གྱིས་བསྐྱེད་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བྱེ་བྲག་ཏུ་དམྱལ་བའི་བཙོ་བསྲེག་སོགས། ཡི་དྭགས་བཀྲེས་སྐོམ། དུད་འགྲོའི་གསོད་བཀོལ། ལྷ་མ་ཡིན་ལ་འཐབ་རྩོད། ལྷ་ལ་ལྟུང་བའི་སྡུག་བསྔལ་སོགས། མི་ལ་སྐྱེ་རྒ་ན་འཆི་ལ་སོགས། ནད་པ་རྣམས་ཀྱི་ནད། དབུལ་པོ་རྣམས་ཀྱི་དབུལ་ཕོངས་པ། དབང་པོ་མ་ཚང་བ་རྣམས་ཀྱི་སྡུག་བསྔལ་
༡༥༦བ་ཐམས་ཅད་བདག་གི་འདི་ལ་སྨིན་པར་གྱུར་ཅིག །དལ་འབྱོར་ནས་ས་དང་ལམ་གྱི་གེགས་ཐམས་ཅད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ངའི་ཞེ་སྡང་འདི་ལ་སྨིན་པར་གྱུར་ཅིག་ཅེས་ལུས་ངག་ཡིད་གསུམ་སྒྲིམས་ལ་རྩེ་གཅིག་ཏུ་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་རང་ལ་བསྡུས་ཤིང་ལེན། དེ་ལྟར་ཆུ་ཚོད་གཅིག་གམ་གཉིས་སམ་གསུམ་ལ་སོགས་པའི་བར་དུ་རྩེ་གཅིག་ཏུ་བསྒོམ། ཇི་སྲིད་ཉོན་མོངས་པའམ་རྣམ་རྟོག་དེ་མ་ཞི་བར་དུ་བསམ། ནད་ཀྱི་ཟུག་རྔུ་མ་ཞི་བར་དུ་ལམ་དུ་བྱའོ། །སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །ཅེས་ངག་ཏུ་བརྗོད་དོ། །དེ་ནས་རང་གི་ཚོགས་གཉིས་ཀྱི་རྒྱུ་དང་འབྲས་བུའི་དགེ་བ་ཇི་སྙེད་ཐམས་ཅད་སྙིང་ག་ནས་ཉི་མ་ཤར་བའི་འོད་ཟེར་ལྟར་འཕྲོས་ཏེ་སེམས་ཅན་ལ་ཕོག་པས་སེམས་ཅན་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཡི་དམ་ལྷའི་ངོ་བོ་ལ་བཀོད་པར་བསམ་མོ། །དེ་ནས་སྤྲོས་མེད་ཀྱི་ཡེ་ཤེས་ཀྱི་ངང་ལ་བཞག་པས་ཡེ་ཤེས་ཁྱད་པར་ཅན་འཆར་རོ། །རྣམ་རྟོག་སྤུན་ལངས་ན་དགེ་བ་བསྔོའོ། །ལས་དང་པོ་པས་དེ་ལྟར་ཉམས་སུ་བླང་ངོ་། །གོམས་ནས་རྣམ་རྟོག་ཕྲ་རགས་འཇིགས་པ་དང་སྡུག་བསྔལ་ལ་སོགས་གང་བྱུང་ཡང་སྔ་མ་ལྟར་གཅིག་ཏུ་དྲིལ་ལ་རྩེ་གཅིག་ཏུ་བྱ། ངག་ཏུ། བདག་གི་དགེ་བས་དེ་ཀུན་བདེ་ཐོབ་ཤོག །ཅེས་བརྗོད་དོ། །བདག་གི་ལུས་ལོངས་སྤྱོད་དག་པ་རྣམས་སེམས་ཅན་ལ་སྨིན་ནས་ཟག་མེད་ཀྱི་བདེ་བ་ཐོབ་པར་བསམ་དམིགས་པའི་དལ་མྱུར་ཡིན་དོན་ལ་ཁྱད་མེད་གསུང་ངོ་། །རྗེས་སྔར་དང་འདྲའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་གནས་སྐབས་རྣམ་རྟོག་ཉོན་མོངས་ཞི། ནད་གདོན་ལས་གྲོལ། སྐྱེ་འགྲོ་ཐམས་ཅད་ལ་ཕན་ཐོགས་དབང་དུ་འགྱུར། མཐར་ཐུག་ལོངས་སྐུ་སྤྲུལ་སྐུའི་ས་ཐོབ་ནས་མ་འོངས་པ་ན་གཞན་དོན་ཕུན་སུམ་ཚོགས་པར་འགྲུབ་བོ། །དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་ཆོས་སྐུའི་ས་བོན་
༡༥༧ཐེབ་སྟེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། དེ་ལྟ་བུའི་རྟེན་འབྲེལ་འཛོམ་ན་རང་གི་ལུས་ངག་ཡིད་གསུམ་ལ་རྟགས་ཅི་རིགས་སུ་འབྱུང་ངོ་། །ཁྱད་པར་དུ་ཤེས་པ་གཟུང་འཛིན་གྱི་མཚན་མས་སྟོང་པ་ཞི་གནས་དང་ལྷག་མཐོང་རྒྱུད་ལ་འཆར་རོ། །དེ་ཀ་ལ་རང་རིག་པའི་ཡེ་ཤེས་སྐད་ཅིག་མ་ཞེས་བྱ་བ་སྐད་ཅིག་ཡེ་ཤེས་ལྔའི་ངོ་བོར་གནས་ཏེ་སེམས་སྟོང་པ་མི་རྟོག་པ་ཆོས་སྐུ་རང་རིག་པ་ལོངས་སྐུ་གསལ་བ་དེ་སྤྲུལ་སྐུ་དེ་གསུམ་ངོ་བོ་དབྱེར་མེད་པ་དེ་ངོ་བོ་ཉིད་ཀྱི་སྐུའོ། །ཤེས་པ་དེ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་རང་སྟོང་པར་རྟོགས་པས་མེ་ལོང་ལྟ་བུ། རང་རིག་པ་སོ་སོར་རྟོག་པ། རང་གསལ་བ་བྱ་བར་གྲུབ་པའི་ཡེ་ཤེས། དེ་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། དཔལ་ལྡན་བིར་།།།པའི་དགོངས་པ་རྗེ་བཙུན་དར་པཎ་ཨཱའི་གསུང་། གློ་བོ་ལོ་ཙཱ་བའི་ཁྲིད་ཡིག་མཉམ་མེད་སྙིང་རྗེའི་མན་ངག་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། བི།།།པ། རྗེ་བཙུན་ཌོམྦྷི་པ། རྗེ་བཙུན་མ་ཏི་མ། གྲུབ་ཐོབ་ཎི་ཀ་ལ་པ། རྗེ་བཙུན་ར་བེནྡྲ་བ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། བླ་མ་དམ་པ་གཞོན་ནུ་རྒྱལ་མཚན། རྡོ་རྗེ་འཛིན་པ་མ་ཏི་ཤྲཱི། བླ་མ་ཡེ་ཤེས་ཞབས་བཟང་པོའ་དཔལ། དེས་བུདྡྷ་རཏྣ་ལ། དེས་ཀཱིརྟྟི་ཤཱི་ལ་ལ། དེས་ཛ་ཡ་བྷ་དྲ་ལ། དེས་པུཎྱེ་ར་ཏུ་ལ། དེས་གཞོན་ནུ་རྒྱལ་མཆོག་ལ། དེས་བདག་ལའོ། །དེ་ལས་བྱུང་བའི་དགེ་བ་རྣམ་དག་དེས། །འཁོར་བར་གནས་པའི་སེམས་ཅན་ཐམས་ཅད་ལ། །སྟོང་ཉིད་སྙིང་རྗེ་ལྷག་བསམ་རྣམ་དག་གིས། །ཟག་མེད་བདེ་ལ་མྱུར་དུ་བཀོད་པར་ཤོག །མངྒ་ལ་བྷ་བནྟུ། ཤུ་བྷཾ།། ༈ །།བློ་སྦྱོང་ཚིག་རྐང་བརྒྱད་མ་ལོ་རྒྱུས་དང་བཅས་པ་བཞུགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དགེ་བཤེས་འཆད་ཀ་བའི་ཞལ་ནས། བདག་བཀའ་གདམས་པ་རྣམས་ལ་དད་པ་
༡༥༨འདི་དང་པོ་སློབ་དཔོན་ལྕགས་ཞིང་པ་ལས་ཚིག་རྐང་བརྒྱད་པ་འདི་ཐོས་ནས། དེ་ནས་ཀླུངས་ཤོད་དགེ་གོང་བར་དུ་འདིའི་རྩད་གདར་བཅད་ནས་ཚིག་རྣམས་ལ་བསྔོ་བགྲང་བག་རེ་བྱས་པ་ལས་རྒྱུད་ལ་སྐྱེས་པ་ནི་མི་བདོག །སྐྱེས་ན་འདི་མིན་གཅིག་འོང་བ་ལ་གསུངས། དང་པོ་ནི། འགྲོ་འོང་བྱེད་ཙ་ན་དགྲ་བྱུང་གིས་དོགས་པ་ལ་འདི་དྲན་པས་ཕན་པར་བྱུང་། བློ་རྒོད་དུ་ཐལ་བས་མི་ལ་གནས་ཁང་གཉའ་བ་ཤ་སྟག་དགོས་པར་བསད་ཙ་ན་གནས་གཤའ་མ་མ་རྙེད་པ་དང་གཞན་གྱིས་བརྙས་པ་བྱེད་པ་བྱུང་བ་ལ་སོགས་པ་མ་བཏུབ་པ་ཐམས་ཅད་ལ་འདིས་ཕན་པར་བྱུང་གསུངས། །དེ་ཉིད་གང་ཡིན་ཚིག་རྐང་བརྒྱད་པོ་འདི་དག་ཡིན། །བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བས་ལྷག་པ་ཡིན། །དོན་མཆོག་བསྒྲུབ་པའི་བསམ་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་བསླབ། །དེ་ལ་སྤྱིར་སེམས་ཅན་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསླབ་པ་ནི་སེམས་ཅན་དང་རིན་པོ་ཆེ་གཉིས་འདྲ་ཆོས་གཉིས་ཡོད། །རིན་པོ་ཆེ་འདམ་གྱི་གསེབ་ཏུ་བཅུག་ན་ཁོ་རང་གིས་འདམ་ཡང་འབྱིན་མི་ནུས་ལ་ཚེས་བཅོ་ལྔ་ལ་དྲི་བཟང་པོས་ཁྲུས་བྱས། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་པ་ཕུལ་ན་འཛམ་བུ་གླིང་པའི་དགོས་འདོད་ཐམས་ཅད་འབྱུང་བ་ལྟར་སེམས་ཅན་འཁོར་བ་ན་ཉེས་པ་སྣ་ཚོགས་དང་ལྡན་པ་ཡང་རང་གིས་རང་འཁོར་བ་ནས་འདོན་མི་ནུས་ཤིང་སྡུག་བསྔལ་དང་ཀུན་འབྱུང་སེལ་མི་ནུས་ཀྱང་། དེ་ལ་ཕན་བཏགས་ན་གནས་སྐབས་དང་མཐར་ཐུག་གི་དགེ་བ་ཐམས་ཅད་འབྱུང་སྟེ་གནས་སྐབས་ཀྱི་བདེ་བ་ཡང་སེམས་ཅན་མེད་ན་གང་ནས་ཚོལ་ཏེ་རང་འགགས་ལ། མཐར་ཐུག་གི་བདེ་བ་བྱང་ཆུབ་གསུམ་ཡང་སེམས་ཅན་ལ་བརྟེན་ནས་འབྱུང་སྟེ། དེ་ཉིད་སེམས་ཅན་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་ཐོབ་པར་འགྱུར་རོ། །ཞེས་སོ། །གཉིས་པ་ཁྱད་པར་
༡༥༩དུ། གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ལ་ཀུན་ནས་དམན་ལྟ་ཞིང་། །གཞན་ལ་བསམ་པ་ཐག་པ་ཡི། །མཆོག་ཏུ་འཛིན་པ་དག་ཏུ་བསླབ། །ཅེས་པ་ལྟར་གནས་གང་དུ་སྡོད་རུང་གྲོགས་སུ་དང་འགྲོགས་རུང་ཕྱོགས་ཐམས་ཅད་དུ་རང་ལ་དམན་པར་བཏགས་ལ་སྙིང་ཐག་པ་ནས་གཞན་ལ་གུས་པར་བྱ་བ་བསླབ་པ་ནི་གྲོགས་རང་ལ་མཐོ་བ་བླ་མ་དང་རང་དང་མཉམ་པ་ཚངས་པར་སྤྱོད་པ་དང་། དམའ་མོ་སྤྲང་ལ་སོགས་པའོ། །ཕྱོགས་ཐམས་ཅད་ནི་རིགས་དང་བསམ་པའི་མཐུ་དང་སྐྱོན་གྱི་ངོས་ནས་རང་ལ་དམན་པར་བཏགས་ནས་བདག་རིགས་ལ་ང་རྒྱལ་བྱར་མི་རུང་། དུས་ཐམས་ཅད་རིགས་ངན་ཤན་པའི་རིགས་ཡིན་པ་ལ་ང་རྒྱལ་ཅིས་བྱེད། གསེར་མདོག་སྡུག་ཅིང་འགྲོ་བས་ལྟ་བུའི་འོས་སུ་ཡང་མི་འདུག །བསོད་ནམས་མཐུ་ལས་དབང་ཐང་དེ་ཐམས་ཅད་ཀྱང་མི་འདུག་ཅིང་། ཤེས་རབ་ལ་ང་རྒྱལ་བྱེད་ན་རིག་པའི་གནས་ལྔ་ལས་ཕྱོགས་གཅིག་ཀྱང་མི་ཤེས་ལ་བག་རེ་ཉན་པ་ཀུན་ལ་ཡང་ཚིག་དོན་ལྷག་ཆད་བྱུང་ཡང་ངོ་མ་ཤེས་པར་འདུག །སྤྱོད་པ་འཕྲལ་གྱི་བྱ་བ་ལ་བདག་དགེ་སྦྱོར་དུ་ཁས་འཆི་ཡང་བྱ་བ་ངན་པ་མ་བྱས་པ་ཙམ་ཡང་མི་འདུག་ལ་ད་ལྟ་ཡང་བསམ་པ་དུག་གསུམ་དུ་སྐྱེ་ཞིང་ལུས་ངག་གི་བྱ་བ་ཕལ་ཆེ་བ་མ་དག་པར་གྲུབ་པས་ཕྱི་མ་མྱང་འདས་ལས་མངོན་མཐོ་རང་ཡང་ཐོབ་པ་དཀའ་སྟེ། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་པས་རང་གི་སྐྱོན་མཐའ་དག་བསམས་ལ། བདག་གི་འོག་ནས་འགྲོ་བ་ཆུ་འདི་ལས་མེད་སྙམ་དུ་ང་རྒྱལ་བཅག་ལ་གཞན་ལ་གུས་པར་བྱ་བ་ལ་བསླབ་ཅེས་པ་ནི་གཞན་གྱི་ཡོན་ཏན་དངོས་སུ་མཐོང་བ། རིགས་དང་གཟུགས་དང་ལོངས་སྤྱོད་དང་ཆོས་ཀྱི་ཡོན་ཏན་ཕ་རོལ་ཕྱིན་པ་དྲུག་ལ་སོགས་པ་གང་མཐོང་བ་ལ་སྐྱོན་གྱི་རང་བཞིན་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ངོ་མཚར་ཆེ་སྙམ་དུ་བསམ་མོ། །ཡང་ཡོན་ཏན་དངོས་སུ་མི་འདུག་པ་ལ་འདི་ཀུན་ལ་ནང་ན་ཡོན་ཏན་ཅི་ཡོད་མི་ཤེས་སྙམ་དུ་བསམ་སྟེ་ཨ་ཙ་ར་
༡༦༠གཟུགས་ངན་གྱི་གཏམ་རྒྱུད་གསུངས་སོ། །སྙིང་ཐག་པ་རུས་པའི་གཏིང་ནས་ཞེས་པ་ནི་བསམ་པ་དེ་ཡང་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཐམས་ཅད་ལ་གྱོང་ཁེངས་མེད་པར་གཉེན་ལྕུག་གཏོང་དགོས་བསམ་པ་དེ་ཡོད་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་རིགས་ཀྱི་བུ་ལེགས་སོ་ཞེས་གསུངས་པ་ཡིན། དེའི་འཐད་པ་ནི་རྒྱ་མཚོ་དེ་གཞོལ་བས་ཆུ་ཐམས་ཅད་དེར་འབབ་པ་བཞིན་ང་རྒྱལ་མེད་པའི་རྒྱུད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན་པས། སྡུད་པར། འགྲོ་བ་ཀུན་ལ་བྲན་གྱུར་བཞིན་དུ་གནས་པར་བྱ། གསུངས་ཏེ། སྡེ་སྣོད་གསུམ་གྱི་དོན་ཡང་ང་རྒྱལ་དེ་གཅོག་པའི་ཐབས་ཡིན། ང་རྒྱལ་དེ་ཡོད་ན་ཚེ་འདིར་ཡང་སུ་དང་མི་མཐུན་པ་གཅིག་འོངས་ལ་ཕྱི་མའི་ཉེས་པ་ཡོང་། རྨོངས་པ་གང་ཞིག་ང་རྒྱལ་དབང་གིས་ནི། །ངན་སོང་པ་དང་མི་ཁོམ་གནས་སུ་སྐྱེ། །དབུལ་དང་དམན་པའི་རིགས་སུ་སྐྱེ་བ་དང་། །དམུས་ལོང་མཐུ་ཆུང་མདོག་ངན་འཛིན་པར་བྱེད། །ཅེས་ཉོན་མོངས་པའི་བག་ཆགས་ཇེ་འཐུག་པ་སོང་སྟེ། །ཡུལ་དམན་པ་ཐམས་ཅད་ལ་ཉོན་མོངས་པ་དྲག་པོ་སྐྱེ་ལ། དེ་ལས་ལྕི་ཞིང་མཐར་ཐུག་གི་བྱང་ཆུབ་ཀྱང་མི་ཐོབ་སྟེ། བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན། །བྱང་ཆུབ་ལ་ནི་དེ་ཉིད་རིང་། །ཞེས་སོ། །དེས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྨད་པ་དང་རྒུད་པ་དང་སྡུག་བསྔལ་ཐམས་ཅད་བདག་བཟང་པོར་འཛིན་པ་ལས་བྱུང་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་སེམས་ཅན་ལས་བྱུང་བས་སེམས་ཅན་ཐམས་ཅད་ཡོན་ཏན་ཅན་དུ་བལྟས་ལ་ང་རྒྱལ་བཅག་པར་བྱའོ། །གསུམ་པ་ནི་ད་ལྟར་བྱེད་དུ་ཉོན་མོངས་པས་མི་སྟེར་བས་དེ་ཡང་སྤང་བ་ནི། །སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །བརྟག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་བསླབ། །ཅེས་པ་སྤྱོད་
༡༦༡ལམ་ཐམས་ཅད་དུ་རང་གི་རྒྱུད་ལ་བརྟགས་ལ་ཉོན་མོངས་པ་སྐྱེས་མ་ཐག་བཙན་ཐབས་སུ་བཟློག་པ་ལ་བསླབ་པ་ནི་སྤྱོད་ལམ་བཞི་པོ་གང་བྱེད་ཀྱང་རང་གི་རྒྱུད་ལ་འདོད་པའི་རྣམ་རྟོག་ལ་སོགས་སྐྱེ་མི་སྐྱེ་དྲན་ཤེས་བཞིན་གྱིས་བདག་ལ་སྐྱེས་མ་ཐག་སྤང་གི་ཨན་ཅིག་ནས་ཡང་སྤང་སྙམས་ན་བརྟས་ནས་འགྲོ་བས་འབུར་འཇོམས་བྱ་སྟེ་བཟའ་ཚོ་གཉིས་ལ་རྐུན་མ་བྱུང་བ་བཞིན་བྱས་ན་ཕྱིས་ལོང་ཅན་དུ་སོང་ན་ཡེ་མི་སྤང་བ་ཡིན། ཉོན་མོངས་པ་རྒྱུད་ལ་འཕེལ་ན་ཞེ་སྡང་ལ་སོགས་པ་ཐམས་ཅད་ཇེ་འཕེལ་དུ་འགྲོ་སྟེ། མདོ་ལས། །དེ་བཞིན་ཉིད་ལ་དག་པ་དང་། །ཕྱིར་བཞིན་དེ་བཞིན་གཉིད་ཆེར་འགྱུར། །དེ་བཞིན་འདོད་ཆགས་ཆེ་བ་དང་། །ཆགས་ལ་སྲེད་པའང་དེ་བཞིན་འགྱུར། །ཞེས་གསུངས། ཉོན་མོངས་པའི་བག་ཆགས་ཆེར་སོང་སྟེ་ཡུལ་དམན་པ་ཐམས་ཅད་ལ་ཉོན་མོངས་དྲག་པོ་སྐྱེ་ལ། དེ་ལས་ལྕི་ཞིང་སྡུག་བསྔལ་ཆེན་པོ་ཡང་ཉམས་སུ་མྱོང་དགོས། །ཉོན་མོངས་པ་སྤངས་ན་བག་ཆགས་ཇེ་སྲབ་ལ་འགྲོ་སྟེ། སྔར་གྱི་བག་ཆགས་ཀྱང་ཞིར་འགྲོ་ལ། ཡུལ་བཟང་པོ་ལ་བག་ཆགས་ཕྲ་མོ་ལས་མི་སྐྱེ། དེའི་ལས་འབྲས་ཕྲ་བས་མྱོང་བ་ངེས་པར་འགྲོ་བ་ཡིན་ལ། ཉོན་མོངས་པ་ལ་དགྲར་བལྟ་བ་ལ་གཉེན་པོ་སྟོབས་བསྐྱེད། ཞི་བ་ལྷས། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །དེ་བཞིན་མགོ་བོ་བཅད་ཀྱང་རུང་། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། །ཞེས་གསུངས་ལ། འཇིག་རྟེན་པའི་དགྲ་བོས་ལོ་ཀ་ལས་གནོད་པ་མི་བྱེད་ལ་ཉོན་མོངས་པས་ཚེ་རབས་ཐམས་ཅད་དུ་གནོད་པ་བྱེད་དེ། །བདག་གི་ཉོན་མོངས་དགྲ་བོ་གང་། །དུས་རིང་ཐོག་མཐའ་མེད་པ་ལྟར། །དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཡུན་རིང་ཐུབ་པ་མ་ཡིན་ནོ། །ཞེས་སོ། །ཡང་འཇིག་རྟེན་གྱི་དགྲ་ལ་ཕྱོགས་
༡༦༢སུ་ཕུལ་ན་མི་གནོད་པར་ཕན་འདོགས་ལ་ཉོན་མོངས་ལ་དེ་ལྟར་ཕུལ་ན་ཐུ་རུ་འགྲོ་སྟེ། མཐུན་པར་རིམ་གྲོས་བརྟེན་བྱས་ན། །ཐམས་ཅད་བདེ་དང་ཕན་བྱེད་དེ། །ཉོན་མོངས་དགྲ་ནི་བསྟེན་བྱས་ནས། །ཕྱིར་ཞིང་སྡུག་བསྔལ་གནོད་པར་བྱེད། །ཅེས་སོ། །ཡང་འཇིག་རྟེན་པའི་དགྲས་ལུས་སྲོག་ལོངས་སྤྱོད་ལ་གནོད་པ་ཙམ་ལས་མི་བྱེད་ལ་ཉོན་མོངས་པས་འཁོར་བར་སྡུག་བསྔལ་དཔག་ཏུ་མེད་པར་སྐྱེད་པར་བྱེད་དེ། །གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང་། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ལྡན་དགྲ་འདིས་ནི། །གང་དང་འཕྲད་ན་རི་རབ་ཀྱང་། །ཐལ་བ་ཙམ་ཡང་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །ཞེས་སོ། །དེ་ལྟར་ཉོན་མོངས་པ་དེ་ལ་དགྲར་བལྟས་ལ་དོར། འཇིག་རྟེན་གྱི་དགྲ་ཡུལ་འཐོན་ཡང་ཕྱིས་གནོད་པ་བྱེད་དུ་འོངས་ཏེ། ཉོན་མོངས་པ་འདི་སྤངས་ན་ཕྱིས་སྐྱེ་མི་ནུས་ལ་ས་བོན་ཚིག་པ་དང་འདྲ་བ་ཡིན་ནོ། །སྤང་ལུགས་སྤྱོད་པ་དང་བསྒོམ་པ་དང་ལྟ་བས་སྤངས་ཏེ། དེ་ཡང་ལས་དང་པོ་བ་གཉེན་པོ་སྟོབས་ཆུང་བས་ཉོན་མོངས་པ་སྐྱེ་ན་བཟློག་དཀའ་བས་སྤྱོད་ལམ་གྱིས་སྤང་། སྒོམ་པ་ནི་ཉོན་མོངས་པ་རེ་ལ་གཉེན་པོ་རེ་གསུངས། སྐྱེས་བུ་གསུམ་གང་སྒོམ་པ་དེས་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྲོ་བས་དེ་བསྒོམ་པས་ཆོག །བློ་ཡང་ཆོད་སོང་ན་ཉོན་མོངས་པ་ལ་ཡུལ་མེད་པས་དེ་ངོ་ཤེས་པས་ཆོག་གི་སྤང་རྒྱུ་མེད་དེ། ཉོན་མོངས་ཤེས་རབ་མིག་གིས་སྤངས། །ཞེས་གསུངས་སོ། །བཞི་པ་ནི། ཤིན་ཏུ་རང་བཞིན་ངན་པ་དང་སྡིག་པ་དང་སྡུག་བསྔལ་དྲག་པོས་ནོན་པ་རྣམས་ལ་ཤིན་ཏུ་རྙེད་པར་དཀའ་ཞེས་གཅེས་པར་བསླབ་ཅེས་པ་ནི། རང་བཞིན་ངན་པའི་སེམས་ཅན་དང་། །སྡིག་ལྟུང་དྲག་པོས་ནོན་
༡༦༣པ་ལ། །རིན་ཆེན་གཏེར་དང་ཕྲད་པ་ལྟར། །རྙེད་པར་དཀའ་བ་གཅེས་འཛིན་བསླབ། །དེ་ལ་རང་བཞིན་ངན་པ་ནི་སྔོན་བསོད་ནམས་མ་བསགས་པས་ཉོན་མོངས་པ་རང་དབང་མེད་པར་སྐྱེས་པ་སྟེ་རྒྱལ་པོ་ཨ་སངྒ་ལྟ་བུའམ། ཡང་ན་འཕྲང་ཁའི་མི་གཅིག་ལ་ཤ་ཚོད་བྱིན་པས་ཁ་ཚིག་ནས་ཚོད་མ་སྣོད་དང་བཅས་པ་བསྐྱུར་ནས་ང་ཁ་ཚིག་དུགི་ཡོད་ཟེར་བ་ལྟ་བུའི་མི་དང་། སྡིག་པ་ནི་མཚམས་མེད་པ་ལྔ་དང་སྡོམ་པ་ཉམས་པ་དང་དཀོར་ཟོས་ལ་སོགས་པའོ། །སྡུག་བསྔལ་དྲག་པོས་ནོན་པ་ནི་མཛེ་ནད་དྲག་པོས་བཏབ་པ་ལ་སོགས་པའོ། །དེ་དག་ལ་མིག་གིས་ཀྱང་བལྟར་མི་རུང་བས། ཡེ་ཡོང་དུ་མ་འཇུག་ཟེར་ནས་དགྲར་འཛིན་ཏེ་དེ་ལྟར་མིན་ཏེ་སྡུག་བསྔལ་ལ་གནས་པ་དེ་སྙིང་རེ་རྗེ་རྒྱལ་པོའ་གཤེད་མས་ཁྲིད་པའི་མི་དང་འདྲ་བས་དེ་དག་ལ་ཚུལ་ཁྲིམས་འཆལ་བ་མཐོང་ན་ཡང་འདི་འགྲོ་བ་ཅིར་འགྱུར་ཞེས་མཆི་མ་རབ་ཏུ་དབྱུང་བར་བགྱིའོ་ཞེས་གསུངས་པས་དེ་དག་ལ་དང་པོ་ཚིག་གིས་ལན་བཏབ་བོ། །དེས་ཀྱང་མ་ཉན་ན་ཟས་ནོར་གྱིས་ཕན་བཏགས་ནས་བཟློག །དེས་ཀྱང་མ་ཕན་ན་བསམ་པས་བཟུང་ནས་སྦྱོར་བ་བླ་གབ་ཀྱང་བསྲུང་སྟེ་ཁོ་བོ་ལ་མི་ཕན་པར་བདག་ལ་གནོད་པ་ཡིན་སྡུག་བསྔལ་དྲག་པོས་ནོན་པ་ཀུན་ལ་ཁ་ཅིག་སྣ་བཀབ་ནས་འགྲོ་སྟེ་དེ་ལྟར་བྱེད་ཀྱང་བདག་ལ་མི་འོང་བའི་གདིང་ཡང་མེད་པར་སྦྱོར་བ་དེ་ལ་ཁ་ཟས་དང་སྨན་ལ་སོགས་པས་ཕན་བཏགས་བསམ་པ་ལ། འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །ཅེས་བློ་སྦྱོང་། རྙེད་པར་དཀའ་ཞིང་གཅེས་པ་ལ་བསླབ་པ་ནི། དཔེར་ན་རིན་པོ་ཆེ་དང་འཕྲད་པར་དཀའ་བས་དེ་མི་འདོར་བར་ལེན་ཅིང་དེ་དག་ཀྱང་གཅེས་པར་བྱེད་པ་ལྟར་གང་ཟག་དེ་དག་རྙེད་པར་དཀའ་བ་ནི་དེ་དག་ལ་བརྟེན་ནས་སྙིང་རྗེ་སྐྱེ་ཞིང་དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཡིན་ཏེ། དེས་ན་རང་གིས་མ་འབད་པར་
༡༦༤ཐེག་ཆེན་གྱི་ལམ་བསྐྱེད་པའི་དམིགས་ཡུལ་དེ་ལྟ་བུ་རྙེད་པར་དཀའ་བ་ཡིན་ཏེ། ཅིའི་ཕྱིར་ན་འཕགས་པ་དང་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ལ་སྙིང་རྗེ་མི་སྐྱེ་བས་བྱང་ཆུབ་ཀྱི་སེམས་འཕེལ་མི་ནུས་པའི་ཕྱིར་སངས་རྒྱས་མི་ནུས་པ་ཡིན་ནོ། །དེ་ཉིད། །བྱང་ཆུབ་སེམས་ནི་མ་གཏོགས་པའི། །སངས་རྒྱས་རྣམས་ནི་ཐབས་མ་གསུངས། །ཞེས་གསུངས་པའི་ཕྱིར། ལྔ་པ་ནི། རང་ལ་སྐུར་པ་ལ་སོགས་པའི་ཉེས་སྐྱོན་གང་བྱུང་ཡང་དག་ཚངས་མི་བྱ་གྱོང་ཁ་རང་གིས་བླང་བ་ལ་བསླབ་ཅེས་པ་ནི། །བདག་ལ་གཞན་གྱི་ཕྲག་དོག་གིས། །གཤེ་སྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རང་གིས་ལེན་པ་དང་། །རྒྱལ་ཁ་གཞན་ལ་འབུལ་བར་བསླབ་སྟེ། །རང་གིས་ལེན་ནམ་མ་ལེན་གཞན་གྱི་ཕྲག་དོག་ལ་སོགས་པས་སྐུར་པ་དང་མི་སྙན་པར་བརྗོད་པ་ཅི་བྱུང་ཡང་མི་བཟོད་པར་མི་བྱ་བར་རྒྱུད་འཇམ་བྱས་ལ་དག་ཚངས་ངས་མ་ལན་འདིས་ལན་ཞེས་མི་བྱ་བར་གྱོང་ཁ་རང་གིས་བླང་བ་ནི་གླང་རི་ཐང་པ་ལྟ་བུར་བྱའོ། །དེ་ཉིད་མ་ལེགས་པ་སུ་ལ་བྱུང་ཡང་དེའི་གྲོས་ཁོང་ན་ཁོ་བོ་ཡོང་མཆིས་གསུང་བར་གདའ། དེའི་རྒྱུ་མཚན་ནི་ད་ལྟ་སྦྱིན་པ་དང་ཚུལ་ཁྲིམས་ལ་ཚུལ་སྣ་ཚོགས་ཀྱིས་འབད་པར་བྱེད་པ་ནི་སྡིག་པ་མང་པོ་དག་ཅིང་ཚོགས་རྫོགས་པར་བྱེད་པའི་ཕྱིར་བྱེད། དེ་བས་སྐུར་པ་འདེབས་པ་དེ་བཀའ་དྲིན་དུ་ཤེས་ན་སྔ་མ་གཉིས་ཀྱི་དོད་མ་ཡིན་ཡང་དག་ཚངས་བྱེད་ན་རང་གི་སྡིག་པ་དག་དགོས་གསུངས། གྱོང་ཁ་རང་གིས་བླང་བ་ནི་ལས་ནི་སྟེང་དུ་འབྱུང་བ་ཡིན་པས་སོ། །གླང་རི་ཐང་པའི་ཞལ་ནས། འཕན་ཡུལ་གྱི་དགེ་འདུན་ལ་མར་ཚོད་སུན་རེ་དྲངས་པ་བས་རང་ལ་ཉེས་མེད་ཀྱི་སྐུར་པ་འདེབས་པ་ལ་བཀའ་དྲིན་ཆེ་བར་ཤེས་ན་སྡིག་པ་འདག་པ་དང་ཚོགས་རྫོགས་པའི་རླབས་དེ་ཀ་ཆེ་བ་ཡིན་གསུངས་སོ། །དེ་ཉིད་སྤྱོད་འཇུག་ལས། དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །
༡༦༥དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས། །གསུངས་ལ་དེའི་འཐད་པ་ནི་ཚུལ་ཁྲིམས་པས་བཟོད་པ་བསོད་ནམས་ཆེ་སྟེ། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པའོ། །དྲུག་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། རང་གིས་སྔར་ཕན་བཏགས་པའམ་རེ་ཆེ་བར་བསམ་པའི་ཡུལ་དེས་མགོ་བསྐོར་དང་སྡང་བསྡོས་བྱས་ན་བཀའ་དྲིན་ཆེ་བའི་བསམ་པས་དགེ་བའི་བཤེས་གཉེན་དུ་བསྒོམ་ཞེས་པ་ནི། གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །ཤིན་ཏུ་མི་རིགས་གནོད་བྱས་ནའང་། །བཤེས་གཉེན་དམ་པར་བལྟ་བར་བསླབ་སྟེ། རེ་བ་ནི། སྟོན་པ་ན་རེ། ངས་ཁམས་སུ་སྟོན་པ་ཤེས་རབ་འབར་ཅན་ཕྱིན་ན་ཁོང་གྲོགས་པོ་སྙིང་དང་འདྲ་བ་ཡིན་པས་ཁོ་རང་གིས་ང་ལ་འདྲེན་གཤའ་མ་བྱེད་སྙམ་ནས་ཕྱིན་པ་དང་ཁོང་གིས་སྡོང་བསྡོས་བྱས་ནས་ཕུད་དེ་ཅི་ཡོད་འཕྲོག་ཏུ་བཅུག །ཁོ་རང་གིས་ཀྱང་ཁྲི་མུན་ནང་དུ་བཅུག་སོང་དེར་སྔར་བྱམས་པ་དང་སྙིང་རྗེ་ལ་བློ་སྦྱངས་མ་སྦྱང་དང་། སྡུག་བསྔལ་དེ་དག་བདག་སྨིན་ཅིང་། །བདག་བདེ་མ་ལུས་དེར་སྨིན་ཤོག །ལ་སོགས་བརྫུན་དུ་སོང་མ་སོང་དེར་གསལ་བས་དེ་ལ་ཤག་མི་གདའ་རང་ལ་ལྡོག་ནས་རྩིས་ནའང་ལས་དང་མི་ལྡན་ན་སྟེང་དུ་མི་ཡོང་སྟེ། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པས། །བདག་ལ་གནོད་པ་འདི་འབྱུང་རིགས། །ཞེས་རང་གིས་ལེན་པ་ཡིན་སྙམ་དུ་བསམས་ལ་རྒྱུད་འཇམ་པོ་བྱས་པས་རང་བདེ། ཡུས་མ་ཕོ་བས་གཞན་ཡང་བདེ་བ་ཡིན། རང་གི་ལས་ཡིན། སྡིག་པ་སྤངས་པའི་འཕགས་པ་རྣམས་ལ་སུག་གནོད་པ་མི་བྱེད་པར་
༡༦༦འགྲུབ་པ་ཡིན་ནོ། །གཞན་ལ་བཟློག་ན་རང་གི་ལས་ངན་གྱིས་ཁོ་ལ་གོས་ན་བདག་ལ་གནོད་པ་བྱས་པས་བདག་ལ་བརྟེན་ནས་འདི་ངན་སོང་དུ་འགྲོ་བ་ནི་བདག་གིས་ལན་པ་ཡིན་ཏེ། །བདག་གི་ལས་ཀྱིས་བསྐུལ་བྱས་ནས། །བདག་ལ་གནོད་བྱེད་འདི་འབྱུང་སྟེ། །དེ་ཡིས་སེམས་ཅན་དམྱལ་དང་ན། །བདག་གིས་དེ་དག་མ་བརླག་གམ། །གསུངས་པས་འདི་ཡི་སྡུག་བསྔལ་བསྐྱབ་པར་རིགས་ཏེ། གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་བདག་ལ་གནོད་བྱེད་པའམ། །དེ་བཞིན་འཕྱར་ཁ་གཏོང་ཡང་རུང་། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །ཅེས་པའམ། ཕན་བཏགས་ལན་དུ་གནོད་བྱས་ནའང་། །ལན་ལ་སྙིང་རྗེ་ཆེན་པོ་བསྒོམ། །འཛམ་བུ་གླིང་གི་སྐྱེས་མཆོག་ནི། །ཉེས་པའི་ལན་ནི་ལེགས་པས་ལྡོན། །ཅེས་སོ། །བཀའ་དྲིན་ཆེ་བའི་བསམ་པས་དགེ་བའི་བཤེས་གཉེན་དུ་བསྒོམ་པ་ནི། དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བས་ན་བདག་ལ་ཁྲིམས་ཕོག་བསྒོམ་ལུང་བྱིན། ཐར་པའི་ལམ་བསྟན་པས་བཀའ་དྲིན་ཆེ་བ་ནི་རང་གིས་མ་བསྒོམས་མ་བསྲུངས་ན་ལམ་དུ་མི་འགྲོ་ལ་གང་ཟག་འདིས་བདག་ལ་བྱིན་ནས་བདག་གི་སྡིག་པ་འདག་ཅིང་ཚོགས་རྫོགས་པར་བྱས་ནས་ཕན་བཏགས་ནས་སྒོམ་གྱི་ལུང་འབོགས་མཁན་དང་ཁྱད་པར་མེད་པས་དགེ་བའི་བཤེས་གཉེན་དུ་བལྟ་བར་བྱ་སྟེ། དེ་ཉིད་ཀྱང་བདེ་བའི་གླུ་ལས། དགྲའམ་འོན་ཀྱང་མཛའ་ཡང་རུང་། །ཉོན་མོངས་སྐྱེ་བའི་ཡུལ་རྣམས་ལ། །དགེ་བཤེས་ཡིན་པར་སུས་མཐོང་བ། །དེ་དག་གང་ན་གནས་ཀྱང་བདེ། །གསུངས་པས་དེ་ལྟ་བུའི་བསམ་པ་སྐྱེས་ན་བློ་འབྱོངས་པ་ཡིན་པས་གཞན་གང་ཡང་མེད་ཀྱང་ཆོག་གང་བྱས་བྱང་ཆུབ་ཀྱི་ལམ་དུ་འགྲོ་སྟེ། དཔེར་ན་གསེར་གླིང་དུ་མི་གཙང་བ་མི་རྙེད་པ་བཞིན་དུའོ། །དཔེར་ན་ཆོས་བྱ་བ་རང་
༡༦༧བློ་འཆོས་ཀྱི་ཕྱིའི་ཡུལ་འཆོས་པ་མ་ཡིན་པས་མི་དེ་ལ་ལྷ་འདྲེ་མི་གསུམ་དགྲར་ལངས་ཀྱང་དེའི་རྒྱུད་མི་དགེ་བ་དང་སྡུག་བསྔལ་བར་མི་བཏུབ་པས་སུས་ཀྱང་མི་ཐུབ་པས་དཔའ་བོ་བྱ་བ་ཡིན་ནོ། །བདུན་པ་ནི། མདོར་ན་དངོས་སམ་བརྒྱུད་པས་བདེ་བ་ཕན་པར་འདུག་པ་ཐམས་ཅད་མ་རྒན་རྣམས་ལ་དབུལ་ཞིང་དེ་དག་གི་གནོད་པ་དང་སྡུག་བསྔལ་ཐམས་ཅད་གུས་པས་རང་གི་སྙིང་གི་ཁོངས་སུ་བླང་བ་ལ་བསླབ་ཅེས་པ་ནི། མདོར་ན་དངོས་སམ་བརྒྱུད་པ་ཡི། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གུས་པས་རང་གིས་ལེན་པར་བསླབ། །མདོར་བསྟན་ནི་སྔར་བསྟན་པ་ཐམས་ཅད་བསྡུ་བའོ། །གུས་པ་ནི་མའི་དྲིན་བསམ་པའི་སྒོ་ནས་རང་གི་ཁོང་དུ་བླང་བ་ནི་ཁ་ཙམ་མིན་པར་སྙིང་ཐག་པ་ནས་གཏོང་ལེན་བསྒོམས་ཏེ། དངོས་སུ་བདག་གི་བདེ་བ་ཟས་དང་སྨན་ལ་སོགས་པ་བཏང་སྟེ། སེམས་ཅན་གྱི་སྡུག་བསྔལ་ཀུན་འབྱུང་བླངས་ན་ཕྱི་མ་མངོན་མཐོ་དང་ངེས་ལེགས་ཐོབ་པའི་རྒྱུ་ཡིན། དངོས་སུ་བླང་དུ་མ་བཏུབ་པ་བརྒྱུད་ནས་ལེན་པ་ནི་བསམ་པས་གཏོང་ལེན་བསྒོམ་པ་དང་སྨོན་ལམ་གྱིས་ཚེ་འདིའི་བདེ་བ་བསྔོ་བ་ནི། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་པ་སྙིང་ཐག་པ་ནས་བརྗོད་དོ། །བརྒྱད་པ་ནི། དེ་དག་ཐམས་ཅད་ལ་ཉེས་པ་འབྱུང་བ་སྲིད་པས་ཚེ་འདིའི་རྟོག་པ་དང་ཅུང་ཟད་ཀྱང་མ་འདྲེས་པར་བྱས་ཤིང་ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པའི་བློས་དངོས་པོ་གང་ལ་ཡང་མ་ཆགས་པར་སློབ་པ་ནི། །དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་པར། །ཆོས་རྣམས་སྒྱུ་མར་ཤེས་པ་ཡིས། །ཞེན་པའི་འཆིང་ལས་
༡༦༨གྲོལ་བར་བསླབ། །ཅེས་པ་ཐབས་ཀྱི་གཉེན་པོ་ནི། བདག་བཟང་པོར་ཤེས་སུ་རེ་བ་ལ་སོགས་པ་ཚེ་འདིའི་རྟོག་པ་དང་འདྲེས་པ་ནི་ཆོས་བརྒྱད་དང་རང་དོན་དུ་སོང་ན་ཆོས་བདུད་དུ་ཤོར་བ་ཡིན་པས་དེ་སྒྱུ་མ་ལྟ་བུར་ཤེས་ནས་གདོད་སྤང་བས་ད་ལྟར་གྱི་སྣང་བ་ལ་བདེན་པ་མ་གྲུབ་སྟེ། འདི་ལྟར་སྟོང་པའི་ཆོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །གང་གིས་རིམ་གྲོ་བྱས་པའམ། །ཡོངས་སུ་བརྙས་པ་ཅི་ཞིག་ཡོད། །བདེ་བའམ་སྡུག་བསྔལ་གང་ལས་ཡིན། །མི་དགར་ཅི་ཡོད་དགར་ཅི་ཡོད། །ཅེས་དང་། ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་བཟུང་བར་གྱིས། །ཞེས་སོ། །ཐམས་ཅད་ལ་གསོལ་བ་སྨོན་ལམ་དུ་ཡང་འདེབས་པ་ནི་བླ་མ་དཀོན་མཆོག་ལ་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། བླ་མ་དུས་གསུམ་གྱི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་ཐུགས་རྗེ་ཡོད་ནའམ་ཁྲོ་བོ་ཕ་བཅུ་མ་བཅུ་ཐམས་ཅད་ལ་མཐུ་སྟོབས་ཡོད་པ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་ལ་མཐུའམ་ནུས་པ་ཡོད་ན་ཚིག་རྐང་བརྒྱད་པ་འདིའི་དོན་བདག་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་ཀུན་འབྱུང་ཐམས་ཅད་སྨིན་ཅིང་བདག་གི་བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བདེན་པ་བཞི་དང་སྦྱར་ཞིང་སྦྱོང་བའོ། །དེ་དག་ལ་སོགས་པ་དགེ་བ་ཅི་བྱས་ཀྱི་རྗེས་སུ་ཚིག་རྐང་བརྒྱད་མའི་སྨོན་ལམ་གདབ་བོ། །དེའི་སྨོན་ལམ་བཏབ་པས་བྱང་ཆུབ་སེམས་ཀྱི་བག་ཆགས་འཇོག་གོ་།དེ་ལྟ་བུའི་དགེ་བའི་རྩ་བ་ལོ་ཟླ་བ་ཐམས་ཅད་དུ་དུས་ཐམས་ཅད་དུ་འདའ་བར་བྱའོ། །ཕྱི་མའང་དེ་ལྟ་བུའི་དགེ་བའི་བཤེས་གཉེན་དང་མཇལ་བ་དང་གྲོགས་ཀྱང་དེ་ལྟ་བུ་དང་མཇལ་བར་བྱའོ་སྙམ་དུ་བསམ་ཞིང་སྨོན་
༡༦༩ལམ་དུ་ཡང་ཡང་གདབ་པར་བྱའོ། །རེ་ཞིག་རྫོགས་སོ། །བྱང་སེམས་གླང་ཐང་པའི་ཚིག་རྐང་བརྒྱད་པའི་འགྲེལ་པ་ནི། འཆད་ཀ་བ་ཡེ་ཤེས་རྡོ་རྗེས་མཛད་པའི་རྩ་འགྲེལ་འདི་ནི་བློ་སྦྱོང་གི་མན་ངག་ཟབ་མོར་མཆིས་སོ། །འདི་ལ་འབད་འཚལ་རྒྱུད་ལ་སྐྱེ་བར་གྱུར་ཅིག །ཨཱ་ཙ་ར་གཟུགས་ངན་གྱི་གཏམ་རྒྱུད་ནི་རྒྱ་གར་དུ་སྤྲང་པོའ་གསེབ་ན་སྒོ་རྒྱབ་ཏུ་སྡོད་པའི་ཨཱ་ཙ་ར་གཅིག་འདུག་པ་ལ་ཕྲུས་མའི་ཐོར་མ་སོང་བས་སོར་སོར་ཟེར་བ་གཅིག་གདའོ། །དེའི་དུས་སུ་མུ་སྟེགས་ཀྱི་རྩོད་པ་བྱུང་བས་གཞན་གྱིས་མ་བཟློག །དེར་ཁྲུས་མ་ཕོད་པ་ན་རེ། སྒོ་རྒྱབ་ཀྱི་ཨཱ་ཙ་ར་མ་གི་ལ་ཁྲུས་མའི་ཐོར་མ་སོང་ཙ་ན་སོར་སོར་ཟེར་བ་གཅིག་འདུག་སྟེ་བྱས་པས་དེ་བོས་པས་རྩོད་པ་བཟློག་སྟེ་ནང་ན་ཡོན་ཏན་སུ་ལ་ཡོད་མི་ཤེས་གསུངས་སོ། །བཟའ་མི་གཉིས་ལ་རྐུན་མ་བྱུང་བ་མ་ཚོར་ནས་ད་ཚོད་སྐས་ལ་མི་ཡོང་སྙམ་ནས་བཏང་བས་ཕྱིས་ནུབ་ནས་དེ་བས་ཀྱང་ཐུ་རུ་སོང་བ་ལྟར་རོ། །རྒྱལ་པོ་ཨ་སངྒྷ་བྱ་བས་ཨཱ་ཙ་ར་གཤིས་ངན་གཅིག་ཇོ་བོའ་དྲུང་དུ་རྒྱུན་དུ་བསྟེན་པས་འདི་འདྲའི་མི་མི་བསྙེན་པར་ཞུ་ཞུས་པས་འདི་ལ་བརྟེན་ནས་བཟོད་པའི་ཡོན་ཏན་རྫོགས་པ་ཡིན་གསུང་ངོ་། །གླང་ཐང་པ་ལ་ཕམ་པ་དང་པོའ་སྒྲོས་གཅིག་བྱུང་། དེ་མི་བརྟེན་ན་ཡང་ར་སྒྲེངས་སུ་ཇ་དང་འབུལ་བ་ལ་སོགས་པའི་བརྒྱ་ཡུས་མཛད་ནས་ཐུགས་དམ་ལ་བཞུགས་སོ། །ཚིག་རྐང་བརྒྱད་མའི་གཟེར་འདེབས་ཡིན། འཛེད་ཆེན་པས། །སྐྱབས་གནས་ཡུལ་ལ་གུས་པ་ལམ་གྱི་རྟེན། །ཁས་བླངས་ཚུལ་ཁྲིམས་དག་པ་ལམ་གྱི་གཞི། །ཚེ་འདིར་ལོང་མེད་བསམ་པ་ལམ་གྱི་ཕུལ། །མ་ཚོར་ཕམ་ཁ་ལེན་པ་དགེ་སྦྱོང་ཚུལ། །ཅེས་སོ། །དབུ་མ་རྟོག་གེ་འབར་བ་ལས། །རྒྱལ་སྲས་ཁྱིམ་པ་འདོད་སྤྱོད་ཀྱང་། །རབ་ཏུ་བྱུང་བས་ཕྱག་བྱའོ། །ཞེས་གསུངས་སོ། །མདོ་སྡེ་སྟན་གྱི་རྒྱན་ལས། །མ་འོངས་ཐ་མའི་དུས་ཀྱི་ཚེ། །ང་ཉིད་ཡི་
༡༧༠གེའི་གཟུགས་སུ་འབྱུང་། །ཞེས་སོ། །ནགས་ཁྲོད་གཅིག་ཏུ་རི་དྭགས་དང་གཅན་གཟན་ཉེ་བར་གནས་ན་རི་དྭགས་ཀྱི་སྲོག་གཅོད་པ་བཞིན་དགེ་སློང་དང་བུད་མེད་ཉེ་བར་གནས་ན་ཐར་པའི་སྲོག་རྩ་གཅོད་པར་ངེས་སོ། །ཇོ་བོའ་ཞལ་ནས། ཟླ་བ་ཕྱེད་ཀྱིས་བདེན་པ་མཐོང་བའི་དགེ་སློང་གཅིག་གིས་ཚུལ་ཁྲིམས་འཆལ་བ་དང་འགྲོགས་ན་སྐྱེ་བ་དེ་ལ་བདེན་པ་མི་མཐོང་ངོ་གསུང་ངོ་། །དེས་ན་སྡོམ་ཉམས་དང་བུད་མེད་ལ་རྒྱང་རིང་དུ་བྱའོ། །འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་བར་ཤོག །ཐེག་ཆེན་གྱི་ཆོས་ཟབ་མོ་འདི་ལ་བརྟེན་ནས་ལྷག་པའི་བསམ་པ་རྣམ་པར་དག་པས་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་གྱུར་ཅིག །མགོན་པོ་གསེར་གླིང་པ། བླ་མ་རིན་པོ་ཆེ་ཡབ་སྲས་བརྒྱུད་པ་དང་བཅས་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་མགོན་པོ་གསེར་གླིང་པའི་ཞལ་སྔ་ནས་ཇོ་བོ་ལ་བུ་ཁྱོད་སྙིགས་མའི་དུས་སུ་གཞན་གྱི་དོན་བྱེད་པ་ལ་བཀའ་སྡེ་སྣོད་ལུང་རིགས་པ་བླ་མའི་མན་ངག་ཐམས་ཅད་ཧྲིལ་ཏེ་དྲིལ་ནས་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན་ནད་དང་གནོད་པ་དང་གདོན་བགེགས་དང་མུ་སྟེགས་སོགས་རྐྱེན་ངན་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པའི་ཆོས་འདི་རྣམས་དགོས་ཏེ། འདི་སྐད་ཅིག་ཏུ། རྟོག་པ་ཐམས་ཅད་འབུར་འཇོམས་ཏེ། །གཉེན་པོ་ཐམས་ཅད་བཅོམ་བརྡེག་ཡིན། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཅེས་པའི་དོན་ནི་རྣམ་པར་རྟོག་པ་གང་བྱུང་བ་ནས་འབུར་འཇོམས་སུ་བྱ་དགོས་ཏེ། ཁོ་གང་ན་སྣང་། དབང་པོ་གང་གི་ཡུལ་ན་སྣང་། དབྱིབས་དང་ཁ་དོག་ཇི་ལྟ་བུ་ཞིག་སྣང་བ་བཙལ་ལོ། །འདི་དུག་སྦྲུལ་ལམ་ཁྱི་སྨྱོན་དང་འདྲ་སྟེ་ཉེར་མི་རུང་། བྱུང་འདྲོག་རང་ལ་གཉེན་པོས་ལེ་ལོ་མ་
༡༧༡ཤོར་བར་བཅོམ་སྟེ། མདོ་ལས། འདོད་པ་ཁྱོད་ཀྱི་རྩ་བ་ཤེས། །ཤིན་ཏུ་རྣམ་རྟོག་དག་ལས་བྱུང་། །ཞེས་དང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་དོ། །ཅེས་དང་། དབུ་མ་འཇུག་པ་ལས། སོ་སོའ་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་བ་ནི་གྲོལ་བར་འགྱུར། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་པ། །རྣམ་པར་བཅད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོའ་བཀའ་བསྟན་བཅོས་ཐམས་ཅད་ནས་བྱང་ཆུབ་སྒྲུབ་པའི་གེགས་ཆེན་པོར་བཤད་པའི་ཕྱིར་རོ། །དེས་ན་ལེ་ལོ་མ་ཤོར་བ་གལ་ཆེའོ། །འདིར་བློ་མང་ན་མཐར་མི་ཕྱིན་པས་ཆོས་ཟབ་མོ་ལའང་མ་འཇོམས་པར་འཇུག་ན་ཐམས་ཅད་རྟོག་པ་འཛིན་བརྡལ་གཅིག་ཆོད་དུ་གྲོལ་དགོས་ཏེ། མདོ་ལས་ཀྱང་ཡིད་ལ་བྱེད་པ་ཐམས་ཅད་བདུད་ལས་སུ་བཤད། དེས་ན་ཅི་སྲིད་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཚོགས་མཐོང་སྒོམ་ལ་སོགས་པ་དང་ལས་ཐམས་ཅད་རྟོག་པ་འབུར་ཏེ་བྱུང་རེས་ཀྱིས་གཉེན་པོས་འཇོམས་པ་ལ་འགྲིལ་བར་ཆིག་ཆོད་དུ་བྱའོ། །མདོར་ན་རྟོག་པ་འབུར་ཏེ་བྱུང་རེས་ཀྱིས་གཉེན་པོས་ཀྱང་དེའི་རྩར་སླེབས་དགོས་ཏེ། གཉེན་པོས་རྣམ་རྟོག་འཇོམས་པ་ལ་འདུན་མ་ཐམས་ཅད་འགྲིལ་དགོས། ལམ་ཐམས་ཅད་ཀྱང་དེ་ཁོ་ནས་བཅད་དགོས་སོ། །དེའི་བླང་བྱ་གཉེན་པོ་རྣམ་བྱང་གི་ཆོས་བཞི་ཡིན་ནོ། །ཡང་འདི་སྐད་གསུངས་ཏེ། རྐྱེན་ངན་དགེ་བའི་བཤེས་གཉེན་ཏེ། །འདྲེ་གདོན་རྒྱལ་བའི་སྤྲུལ་པ་ཡིན། །ན་ཚ་སྡིག་སྒྲིབ་ཀྱི་ཕྱགས་མ་སྟེ། །སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལོང་ཡིན། །ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །
༡༧༢ཞེས་པའི་དོན་ནི་དེས་ན་ན་ཚ་སྡུག་བསྔལ་ལ་སོགས་པ་མི་འདོད་པའི་འགལ་རྐྱེན་གང་བྱུང་ཡང་དེས་བསྐུལ་མ་བྱས་ལ་དེའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་ཡང་བློས་ལིང་སྟེ་བླངས་ལོངས་ངེས་སྙམ་དུ་དགའ་བའི་འདུ་ཤེས་བྱ། །དེ་བཞིན་དུ་བདེ་སྐྱིད་ལ་སོགས་མཐུན་རྐྱེན་གང་འཛོམ་ཡང་སེམས་ཅན་ལ་བྱིན་པས་སེམས་ཅན་གྱི་ཚོགས་རྫོགས་པ་ལ་དགའ་བའི་བློ་སྦྱོང་། དེ་བཞིན་དུ་གཟུགས་སྒྲ་དྲི་རོ་ལ་སོགས་པ་སྣང་བའི་རྐྱེན་གང་བྱུང་ཡང་བཙལ་བས་མི་རྙེད་མ་རྙེད་པའི་དོན་ལ་གློང་ལ་བཞག་པས་ཆོས་ཉིད་ལ་སྐུལ་བའི་རྐྱེན་དགེ་བའི་བཤེས་གཉེན་ཡིན་བྱང་ཆུབ་སྒྲུབ་པའི་གྲོགས་ཡིན་པས་དགའ་བ་བསྒོམ་མོ། །རྒྱལ་འགོང་བསེན་མོ་ས་བདག་ལ་སོགས་པའི་གནོད་པ་བྱུང་ཙ་ན་དེས་བསྐུལ་མ་བྱས་ནས་སེམས་ཅན་ཐམས་ཅད་ལ་གནོད་པ་དང་སྡུག་བསྔལ་ཅི་ཡོད་པ་བློས་ལིངསལངས་ཏེ་བླངས་ལོངས་ངེས་སྙམ་དུ་དགའ་བའི་འདུ་ཤེས་བྱ། གནོད་བྱེད་རྣམས་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་ཀྱི་ཤ་ཁྲག་གང་འདོད་སྦྱིན་པས་བྱང་ཆུབ་ཀྱི་གྲོགས་སུ་འགྱུར་གྲོགས་བྱེད་པ་ཡིན་པས་གདོན་ཐམས་ཅད་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་དེ་དག་ལ་དགའ་བ་དང་གུས་པ་བསམ་གྱིས་མི་ཁྱབ་པ་བསྒོམ་མོ། །ལྷག་པར་ན་ཚ་བྱུང་བའི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་ན་ཚ་དང་སྡུག་བསྔལ་སྙིང་གི་དཀྱིལ་དུ་བླངས་ནས་སེམས་ཅན་ཐམས་ཅད་སྤངས་པ་ཕུན་སུམ་ཚོགས་པ་ཐོབ་པ་ཡིན་གོ་བཅད་སྙམ་དུ་དགའ་བ་བསྒོམ། ནད་མེད་པའི་དུས་སུ་དེས་བསྐུལ་ནས་རང་གི་བདེ་བ་རྒྱུ་དང་བཅས་པ་འགྲོ་བ་ལ་བྱིན་པས་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པ་ཕུན་སུམ་ཚོགས་པ་ཐོབ་པ་ཡིན་གོ་བཅད་སྙམ་དུ་དགའ་བ་སྒོམ་པས་སྡིག་སྒྲིབ་ཀྱི་ཕྱོགས་མ་ཡིན་ཏེ། སྡིག་སྒྲིབ་སྐད་ཅིག་ཙམ་ཡང་བསྡད་པའི་བཟོད་བླགགླགས་མེད་དོ། །སྡུག་བསྔལ་བརྒྱ་ཐམ་པ་བྱུང་ན་ཚོལ་ཐབས་
༡༧༣བརྒྱ་ཐམ་པ་ཡོད། དེ་ཡོད་མ་མྱོང་བར་མ་རྙེད་ཐབས་བརྒྱ་ཐམ་པ་ཡོད་པས་དེ་ལ་སྤངས་པ་བརྒྱ་ཐམ་པ་རྟོགས་པ་བརྒྱ་ཐམ་པ་ལམ་ཁྱེར་ཏེ་ཆོས་ཉིད་ཀྱི་ཡོ་ལངས་ཆེན་པོ་ཡིན་ཏེ་དེ་ལ་དགའ་བའི་འདུ་ཤེས་བསྒོམ་པར་བྱའོ། །དེ་རྣམས་ནི་སྤང་བྱ་ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་ཡིན་ནོ། །ཡང་འདི་སྐད་དུ་སྐྱིད་ཀྱི་ཁ་གནོན་ཆེན་པོ་སྟེ། །སྡུག་གི་མཇུག་སྡུད་ཆེན་པོ་ཡིན། །ལྟས་ངན་གཡང་དུ་འགུགས་པ་ཡིན། །མི་མཁོ་ཤོས་ལ་འདོད་ཐོག་ཡིན། །གཉེན་པོ་ལོག་ནོན་གྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་པའི་དོན་ནི། དེས་ན་དགེ་སྦྱོར་གྱི་གེགས་སུ་འགྲོ་བའི་བཟའ་བཏུང་ལོངས་སྤྱོད་སྙན་གྲགས་ལ་སོགས་སྐྱིད་འདོད་ཀྱི་ཁ་ནོན་ལ་འདོད་པ་ཆུང་ལ་ཆོག་ཤེས་པའི་སྒོ་ནས་སྡུག་གི་མཇུག་སྡུད་དེ། རྐང་པ་ན་ན་བསྐོར་བ་བྱ། སྐེད་པ་ན་ན་ཕྱག་བྱ། འདོད་པ་ཆེ་ན་གཞན་ལ་སྦྱིན། གཡེང་བ་ལ་དགའ་ན་མཚམས་བཅད། ལོང་གཏམ་ལ་དགའ་ན་སྨྲ་བ་བཅད་དོ། །གཏམ་ངན་ནམ། བྱུར་ཤན་ནམ། བྱད་ཁའམ། ཕུར་ཁ་ལ་སོགས་མི་འདོད་པའི་ལྟས་ཆེན་པོ་བྱུང་ན་བདག་འཛིན་གྱི་འགོང་པོ་འདུལ་བའི་ཐབས་ཡིན་པས་བཀྲ་ཤིས་དང་གཡང་དུ་འགུགས་ཤིང་ད་དུང་ཐོངས་ཤིག་ཅེས་ཤེས་པའི་དཔའ་བསྐྱེད་ལ་དེ་འདྲའི་རིགས་མི་མཁོ་ཤོས་ཐམས་ཅད་བདག་ལ་བྱུང་བས་ད་འདི་ཐུལ་ན་ད་ཕྱིན་ཆད་འཁོར་བར་མི་སྐྱེ་སྙམ་དུ་དེ་ལ་འདོད་ཐོག་ཏུ་བྱས་ཏེ་བཟོད་པ་གསུམ་ལ་མཐུ་ཐོབ་པར་བྱའོ། །དེ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་ལོག་ནོན་གྱི་ཆོས་བཞི་ཡིན་ནོ། །ཡང་འདི་སྐད་དུ། བདག་ནི་ལས་ངན་གྱི་རྩ་བ་སྟེ། །རྒྱང་སྟེ་བསྐྱུར་བའི་ཆོས་ཤིག་ཡིན། །གཞན་ནི་བྱང་ཆུབ་འབྱུང་ཁུངས་ཏེ། །བཅངས་
༡༧༤ཏེ་ལེན་པའི་ཆོས་ཤིག་ཡིན། །སྤང་གཉེན་མཇུག་སྡུད་ཀྱི་ཆོས་གཉིས་ཏེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་པའི་དོན་ནི། མདོར་ན་བདག་མི་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་ལས་ངན་ཐམས་ཅད་ཀྱི་རྩ་བ་ཡིན་པས་འདི་ལ་གཅེས་སྤྲས་མ་བྱེད་པར་ལིངསལངས་ཏེ་བསྐྱུར་ལ་དགྲ་དགའ་ན་དགྲས་ཁྱེར། འདྲེ་དགའ་ན་འདྲེས་ཁྱེར། མི་རིངས་ན་ཚོས་ལ་བོ། རིངས་ན་ཁུར་དུ་ཁུར་ལ་རྒྱུག་ཅེས་རང་ཐེད་ལ་བཏང་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་སྟེ། རང་དོན་ཡལ་བར་དོར་ནས་བརྩོན་པས་གཞན་དོན་ལྷུར་མཛད་པ་འདི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྱུང་ཁུངས་ཡིན་པས་སེམས་ཅན་བརྩེ་བས་སྐྱོང་སྟེ་སྡུག་བསྔལ་རང་ལ་བླང་བ་ནི་སྤང་གཉེན་མཇུག་སྡུད་ཀྱི་ཆོས་རྣམ་པ་གཉིས་ཡིན་ཏེ་སེམས་ཅན་ཆེན་པོ་རྣམས་ཀྱི་ལག་ལེན་ཁྱད་པར་ཅན་ཡིན་ནོ། །ཡང་འདི་སྐད་དུ། རྒྱངས་ཀྱིས་སྒྱུར་ལ་ལྷོད་ཀྱིས་ཀློད། །ཤིགས་ཀྱིས་ཤིག་ལ་འབོལ་ལེ་བཞག །སྟོང་ཉིད་ཀྱི་རྒྱས་འདེབས་བཞི་ཡིན་ཏེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །དེ་ལྟར་ཉམས་སུ་བླང་གྱུར་ན། །སྐྱེས་བུ་མི་འཆིང་གྲོལ་བར་འགྱུར། །ཞེས་པའི་དོན་ནི་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ཕར་རྒྱངས་ཏེ་བསྐུར་ལ་སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་ཤེས་པ་གསལ་ལ་རྟོག་པ་མེད་པར་ལྷོད་དེ་ཀློད་ལ་གང་གིས་ཀྱང་མ་བཅིངས་པར་བཞག་པར་བྱའོ། །དེ་ཡང་ཤེས་པ་སྔ་མའི་རྗེས་སུ་མི་འབྲང་། མ་འོངས་པའི་སྔུན་མི་བསུ། ད་ལྟ་བར་མ་བཅིང་བར་ཤིག་གེ་བཤིག །བཅས་བཅོས་དང་སྒྲོ་སྐུར་མེད། རང་སོར་འབོལ་ལེ་ཀློད་ལ་བཞག་སྟེ་དེ་ནི་སྟོང་ཉིད་ཀྱི་རྒྱས་འདེབས་པ་བཞིན་ནོ། །ཉམས་
༡༧༥ལེན་དེ་ལྟར་བྱས་ན་ལས་ཀྱིས་འཁོར་བར་མི་བཅིང་གྲོལ་བས་ཐར་པ་ཐོབ་པར་འགྱུར་རོ། །ཉམས་ལེན་འདི་ལས་གཞན་པ་གཅིག་ཡིན་ན་དུས་སྙིགས་མའི་སེམས་ཅན་དམུ་རྒོད་ཐུལ་བར་མི་འགྱུར་ལ་འདི་དང་ལྡན་ན་བར་ཆད་ཀྱིས་མི་ཚུགས་པས་འགྲོ་དོན་ངང་གིས་འགྲུབ་ཅེས་གསུང་ངོ་། །མཉམ་མེད་བླ་མ་གསེར་གླིང་པའི་གསུང་ཇི་ལྟ་བ་བཞིན་དུ་བཀོད་པའོ། ཨ་མོ་གྷ་པཱ་ཤའི་རྒྱུད་ལས་ཤེས་རབ་ནི་བྱང་ཆུབ་ཏུ་བརྗོད་ལ་སེམས་དཔའ་ནི་ཐབས་ཏེ་དེ་གཉིས་དག་གིས་སེམས་ཅན་གྱི་དོན་ཉིད་འགྲུབ་པར་འགྱུར་ཞེས་པ་དང་། གསང་འདུས་གྲོལ་བའི་ཐིག་ལེ་ལས། །དེ་ནས་སྙིང་རྗེ་འབའ་ཞིག་གིས། །གཞིར་གྱུར་ཡོན་ཏན་ཐམས་ཅད་འབྱུང་། །ཞེས་པ་དང་། རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་བ་བཟོད་པར་མི་ནུས་སོ། །ཞེས་གསུངས་སོ། །འཕགས་པ་སྤྱན་རས་གཟིགས་ཀྱིས་ཆོས་ཡང་དག་པར་སྡུད་པའི་མདོ་ལས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བྱ་ཞིང་གཅིག་ལ་བསླབ་པར་བྱ་གཅིག་པོ་གང་ཞེ་ན། སྙིང་རྗེ་ཆེན་པོའོ། །གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པར་འགྱུར་རོ། །འབད་པ་མེད་པ་དང་རྩོལ་བ་མེད་པར་འགྲུབ་པར་འགྱུར་རོ། །མདོར་ན་སྙིང་རྗེ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་རྩ་བའོ། །ཞེས་གསུངས་སོ། །འགྲོ་མགོན་ཨ་ཏི་ཤ་ལ་བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པས་མཐའ་འཁོབ་འདུལ་བའི་དོན་ལ་གདམས་པ་འདི་གསུངས་པར་གདའ་འོ། །ཐེག་པ་ཆེན་པོའི་བློ་སྦྱོང་བཞུགས། །བྱམས་པ་ཐོགས་མེད་ལ་སོགས་དང་། །གསེར་གླིང་པ་དང་ཇོ་བོ་རྗེ། །སྟོན་པ་པུ་ཏོ་ཤ་ར་བ། །མལ་གྲོ་བྲག་དམར་བ་ལ་འདུད། །སྤྱིར་
༡༧༦བློ་སྦྱོང་བའི་སྒོ་ནས་ས་དང་ལམ་ལ་ཐོག་མ་ནས་རྡོ་རྗེ་ཐེག་པ་བསྒོམ་པ་མན་ཆད་བློ་སྦྱོང་དུ་མ་འདུས་པ་མེད། སྤྱི་མིང་བྱེ་བྲག་ལ་བཏགས་ཏེ་འདི་ལ་ཇོ་བོ་རྗེའི་བློ་སྦྱོང་ཞེས་འདོགས་སོ། །ཇོ་བོ་ལ་བློ་སྦྱོང་གདམས་པའི་སྲོལ་གསུམ་མངའ་སྟེ། དྷརྨ་བླ་མ་རཀྵ་ཏ་དང་། བླ་མ་བྱམས་པའི་རྣལ་འབྱོར་པ། གསེར་གླིང་པའི་ལུགས་སོ། །དེ་ལ་འདི་བླ་མ་གསེར་གླིང་པའི་ལུགས་ཏེ། འདིའི་བདག་ཏུ་འཛིན་པ་མ་སྤངས་པར་མངོན་ཞེན་མ་ཞི་བར་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བཞེད་པས་གྲུབ་མཐའ་ཕྱི་རོལ་པ་དང་མཐུན་བྱས་ཀྱང་འགལ་བ་མེད་པ་ཡིན་གསུངས། གདམས་པ་འདི་ལ་དང་པོ་སྔོན་འགྲོ་དག་ལ་བསླབ་པར་བྱ་གསུངས་ཏེ། དེ་ལ་རྩིས་ལ་གདབ་ན་བཞི་སྟེ། དལ་འབྱོར་རྙེད་པར་དཀའ་བ། མི་རྟག་པ། ལས་རྒྱུ་འབྲས། སྲིད་པའི་ཉེས་དམིགས་བསྒོམ་པའོ། །དང་པོ་ནི། མི་ཁོམ་པའི་གནས་བརྒྱད་ལས་ལོག་པ་རང་གཞན་གྱི་འབྱོར་པ་ལྔ་ལྔ་དང་ལྡན་པས་འདི་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་རྙེད་པར་དཀའ་བ་ལུང་རིགས་ཀྱི་སྒོ་ནས་བསམས་ལ། རྙེད་པར་དཀའ་བ་གོ་ནས་དོན་ཡོད་པར་བྱ་བ་ནི་ཚེ་འདིའི་བྱ་བ་གང་བྱས་ཀྱང་དེ་དོན་ཡོད་པར་བྱས་པར་མི་འགྱུར་བས་ཆོས་བྱ། ཆོས་ཀྱི་མཆོག་བདག་དང་གཞན་དུ་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་སྙམ་དུ་བསམ། དེ་ག་ལེ་བྱ་སྙམ་ན་ཐོབ་པའི་དལ་བ་ཡུན་རིང་དུ་མི་གནས་པས་མི་རྟག་པ་འཆི་བ་རྗེས་སུ་དྲན་པ་བསྒོམ་སྟེ། སྔར་སྐྱེས་པ་ལ་མ་ཤི་བ་མེད་པས་ཀྱང་འཆི། ཚེ་འཛད་པས་ཀྱང་འཆི། ཚེའི་མཐའ་སྐད་ཅིག་མ་ལས་མ་འདས་པས་འཆི། ངེས་པར་ཆོས་བྱ། འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་དང་རང་གི་འཕེན་པ་ཅི་ཡོད་ཆ་མེད་པ་དང་། ཕྱི་ནང་གི་རྐྱེན་མང་བས་ནམ་འཆི་ཆ་མེད་པས་དེ་རིང་ནས་ཆོས་བྱ། དེ་ཡང་འཆི་བ་ལ་ཤཱཀྱ་ཐུབ་པ་བྱོན་རུང་། ཁྲོ་
༡༧༧བོ་བཞིས་བསྲུང་རུང་། ཉེ་དུ་མང་པོས་བསྐོར་རུང་། རྫས་དང་ཡོ་བྱད་མང་པོ་ཡོད་ཀྱང་ཅིས་ཀྱང་མི་ཕན་པས་སུ་ཡིཡིས་ཡང་ངོ་བསྲུང་མི་བྱ་བར་ཆོས་བྱ། ཆོས་ཀྱི་མཆོག་ཀྱང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ། ཤི་ནས་མེད་དེ་ཆ་མེད་སྙམ་ན་མེད་དེ་མི་ཆ་སྐྱེ་དགོས། དེ་ཡང་ལས་ཀྱིས་སྐྱེ་ལ། ལས་དགེ་བ་ལས་མཐོ་རིས་དང་ཐར་པ་ལ་སོགས་པ་སྐྱེ། མི་དགེ་བས་ངན་སོང་གསུམ་ལ་སོགས་པའི་དུཿཁ་འབྱུང་བས་སྡིག་པ་སྔར་བྱས་པ་རྣམས་ཟད་པར་བྱ། ཕྱིན་ཆད་མི་བྱ་བར་བསྡམ། དགེ་བ་སྔར་གྱི་རྣམས་ལ་གསོས་གདག་ཕྱིན་ཆད་ནུས་པ་ཡོད་ཚད་དུ་བྱ། དེ་དག་གི་མཆོག་ཀྱང་བདག་དང་གཞན་དུ་བརྗེ་བའི་བྱང་ཆུབ་ཀྱི་སེམས་ཡིན་པས་དེ་བསྒོམ། །དགེ་བས་མཐོ་རིས་སུ་སྐྱེས་ཀྱང་བདེ་བ་མེད་དེ་འཁོར་བ་མཐའ་དག་དུཿཁ་ཡིན་པས་འཁོར་བ་མཐོ་དམན་གྱི་མདོ་དུ་མ་གྱུར་ཀྱང་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བ་ལ་ཉེས་དམིགས་བདུན་ལ་སོགས་པ་བསམས་ལ་སྲིད་པ་མཐའ་དག་ལས་ཡིད་འབྱུང་བར་བྱས་ལ་དེ་ལ་འདའ་བར་བྱ་ཐར་པ་ཐོབ་པར་བྱ། དེ་ཐོག་མར་མི་བྱེད་ན་འཁོར་བ་ལས་མི་འདའ་ཐར་པ་ཐོབ་པའི་གེགས་བདག་ཏུ་འཛིན་པ་ཡིན་པས་དེ་སྤང་། དེ་སྤོང་བའི་མཆོག་ཀྱང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་པས་དེ་བསྒོམ། དངོས་གཞི་གཏོང་ལེན་སྤེལ་མར་བསྒོམ། སེམས་ཅན་གྱི་དུཿཁ་ཀུན་འབྱུང་བདག་ལ་བླང་། བདག་གི་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་ལ་སེམས་ཅན་ལ་བཏང་། ལེན་པའི་གོ་རིམ་མ་ནས་བརྩམ་གསུངས་པས་རྩ་བའི་མ། ཕ། ཉེ་དུ། ཡུལ་མི། ཡུལ་ཁམས། བོད་ཡུལ། འཛམ་བུ་གླིང་གི་གླིང་བཞི་སྟོང་སྤྱི་ཕུད་སྟོང་གཉིས་བར་མའི་སྟོང་གསུམ་ཡུངས་འབྲུ་བྲེ་རུ་བླུགས་པ་ཙམ་དུ་གང་དུ་ཡང་དེས་མ་ཁྱབ་པའི་ཕྱོགས་བཅུ་ནམ་མཁའི་
༡༧༨ཁམས་ཁྱབ་ཚད་ཀྱི་སེམས་ཅན་མདུན་དུ་བསམས་ལ་རྩ་བའི་མ་འདིས་དལ་འབྱོར་བྱིན་ནས་དེ་ཡང་རྐ་བློ་ན་གནས་དུས། བཙས་དུས། གསོས་དུས་སྐྱེས་ནས་ཟས་གོས་ནོར་གང་ཕོངས་དགུ་བྱིན། བདེ་བ་ནི་ལོ་ཀ་བའི་དབང་དུ་བྱས་ན་འཁོར་ལོས་སྒྱུར་བའམ་འདས་པའི་དབང་དུ་བྱས་ན་སངས་རྒྱས་ཀྱི་བདེ་བ་དང་ལྡན་ཡང་ངའི་བུ་ལ་འདི་མི་འོས་སྙམ་པ་མེད་པར་བྱས། བྱམས་པའི་མིག་གིས་བལྟས། བརྩེ་བའི་སེམས་ཀྱིས་བསམ། གཅེས་པའི་མིང་གིས་བཏགས་དུཿཁ་ལས་བསྐྱབས། བདེ་བ་ལ་ནུས་པ་ཡོད་ཚད་དུ་སྦྱར་བའི་དྲིན་ཆེ་བས། ད་ངས་ཀྱང་དྲིན་ལན་དུ་འདི་རྣམས་དུཿཁ་ལས་བསྐྱབ། བདེ་བ་ལ་དགོད། དེ་ཡང་དུཿཁས་འཕྲལ་ལམ་ཕུགས་སུ་གནོད། ཀུན་འབྱུང་གིས་བདེ་མི་སྟེར་བར་འདུག་པས་དེ་གཉིས་ལས་དབྲལ་སྙམ་དུ་བསམས་ལ་སེམས་ཅན་དུཿཁ་ཀུན་འབྱུང་གཉིས་པོ་མ་ལུས་པར་སྤྱི་གྲིས་བཞར་བ་ལྟར་སངས་བླངས་ལ་རང་གི་སྙིང་གི་དཀྱིལ་དུ་གཞུག །བདག་གི་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་ལ་སེམས་ཅན་ཐམས་ཅད་ལ་བཏང་བས་དེ་ལས་དགོས་འདོད་ཐམས་ཅད་འབྱུང་བས་སེམས་ཅན་ཐམས་ཅད་ལ་གནས་སྐབས་སུ་ཆོས་ཀྱི་ཆ་རྐྱེན་མ་ཚང་བ་མེད་པ་འབྱུང་ཞིང་མཐར་ཐུག་སངས་རྒྱས་ཀྱི་ས་ལ་ཡེར་གཏོང་བར་བསྒོམ་པ་དེ་གཏོང་ལེན་ཐུན་གཅིག་བསྒོམ་པའོ། །དེ་ལས་ངེས་པ་སྐྱེས་ཤིང་བརྟན་པར་གྱུར་ན་དེ་གཉིས་དབུགས་ལ་བསྐྱོན་པར་བྱ་སྟེ། དབུགས་ཕྱིར་རྒྱུ་བ་ན་གཏོང་ལ་ནང་དུ་རྒྱུ་བ་ན་ལེན་པར་སྦྱངས་ཏེ་རླུང་ལ་བརྟེན་པའི་ཏིང་ངེ་འཛིན་མི་འབྱུང་མི་སྲིད་པས་བློ་སྦྱངས་པ་དང་འཇམ་རླུང་འཛིན་པ་དུས་གཅིག་འགྲུབ་པར་འོང་། དེ་ལྟར་བསྒོམས་པས་གཏོང་བ་ནི་བྱམས་པ། ལེན་པ་ནི་སྙིང་རྗེ། གནས་སྐབས་དང་མཐར་ཐུག་གི་དུཿཁ་དང་བྲལ་ཞིང་བདེ་བ་ལ་
༡༧༩དགོད་པར་འདོད་པས་དགའ་བ། ཉེ་རིང་མེད་པས་བཏང་སྙོམས། སངས་རྒྱས་ཀྱི་ས་ལ་ཡེར་རེ་འཇོག་པ་བྱང་ཆུབ་ཀྱི་སེམས་ཡིན་པས་གསེར་གླིང་པའི་ཀུན་རྫོབ་ཀྱི་སེམས་ལ་བློ་སྦྱོང་བའི་གདམས་པའོ། །དེ་རྣམས་སྒོམ་པ་ན་སྐྱེ་མ་སྒོམ་ན་མི་སྐྱེ་བ་རྣམ་པ་ཡིན། སྒོམ་མ་སྒོམ་མེད་པར་སྐྱེ་ན་ཆེན་པོ་ཡིན། དམིགས་པ་ནི་ཡུལ། རྣམ་པ་ནི་བསམ་པ། བསོད་ནམས་དེའི་རྣམ་པར་སྨིན་པ། དེ་གསུམ་གོ་བཟློག་པ་ནས་ཚད་མེད་པར་འཇོག་གོ་།དེ་ལྟར་བློ་སྦྱོངས་པའི་དངོས་གཞི་མཉམ་བཞག་དེ་ནོར་མ་ནོར་དང་སྐྱེས་མ་སྐྱེས་གཏན་ལ་འབེབས་པ་ནི་རྗེས་ཀྱིས་ཤེས་པར་བྱེད་པས་རྗེས་བསྟན་པ་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། རྗེས་ཀྱི་མན་ངག་མདོར་བསྡུས་པའོ། །རང་གི་རྒྱུད་ལ་ཡུལ་གསུམ་ལ་བརྟེན་ནས་དུག་གསུམ་སྐྱེས་པ་དང་། དེའི་རྒྱུ་མཚན་བརྟག་དཔྱད་བྱས་ནས་སེམས་ཅན་གྱི་འདོད་ཆགས་ལ་སོགས་པ་སངས་ཀྱིས་བདག་ལ་བླང་། བདག་གི་ལུས་རིན་པོ་ཆེར་བསྒྱུར་ལ་སེམས་ཅན་ལ་བཏང་བས་དེས་སེམས་ཅན་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་བྱས་མཐར་ཐུག་སངས་རྒྱས་སུ་ཡེར་བཏང་། དུག་གསུམ་ཇི་ལྟ་བར་ང་རྒྱལ་དང་ཕྲག་དོག་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ལ་སྦྱར་རོ། །འཕྲལ་ལ་གང་འདུག་སྒོམ་ལ་སྦྱར། སེམས་ཅན་ལ་འཕྲལ་གྱི་དུཿཁ་དང་ཀུན་འབྱུང་གི་རྣམ་པ་ཞིག་སུ་འདུག་པ་ལས་བླང་། བདག་གི་ལུས་རིན་པོ་ཆེར་བསྒྱུར་ལ་དེ་དག་ལ་བཏང་བས་འཕྲལ་དུ་ཆོས་ཀྱི་ཆ་རྐྱེན་ཕུགས་སུ་རྫོགས་པའི་སངས་རྒྱས་སུ་ཡེར་བཏང་། བདག་བདེ་བའི་རྣམ་པ་ལ་གང་སྣང་བ་དེ་སེམས་ཅན་ལ་བཏང་འཕྲལ་ཕུག་གི་དོན་འགྲུབ་པར་བསམ། སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱོང་། །སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལྟར་ཚིག་ཙམ་
༡༨༠དུ་ཡང་སེམས་ཅན་གྱི་སྡིག་སྡུག་ཐམས་ཅད་བདག་ལ་སྨིན་པར་བསམ། བདག་གི་བདེ་ལེགས་ཐམས་ཅད་སེམས་ཅན་ལ་སྨིན་པར་གྱུར་ཅིག་པར་བྱ། ཐོག་མཐའ་གཉིས་ལ་སྦྱོར་བ་གཉིས་བྱ། དང་པོར་གང་བརྩམ་པའམ་སྔོན་དུ་དོན་ཡོད་པར་བྱ་བའི་ཕྱིར་གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་སྙམ་དུ་གོ་ཆ་བསྒོ། ཉལ་དུས་སམ་རྗེས་ནངས་པར་བལྟས་ལ་དེ་གྲུབ་ན་དགའ་བ་དང་རྗེས་སུ་ཡི་རང་བས་དགའ་བ་བསྒོམ། མ་གྲུབ་ན་གནོང་བསྐུར་བཤགས་གདབ་བྱ། ལེ་ལན་ཐམས་ཅད་གཅིག་ལ་བདའ། ཐོག་མ་མེད་པ་ནས་ད་ལྟའི་བར་གྱི་མི་བདེ་བའམ་དུཿཁ་ཐམས་ཅད་བདག་འཛིན་ལས་བྱུང་བས་ན་འདི་ལ་གནོད་ན་ཅིས་གནོད་ཀྱང་གནོད་པར་བྱ་སྙམ་དུ་བསྒོམ། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཐམས་ཅད་ཡུལ་སེམས་ཅན་ལ་བརྟེན་ནས་འབྱུང་སྟེ་འཕྲལ་གྱི་ཟས་གོས་ལ་སོགས་པའམ་ཕུག་གི་རྫོགས་པའི་བྱང་ཆུབ་ཀྱི་ལམ་བསམ་པ་བྱང་ཆུབ་ཀྱི་སེམས་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་སེམས་ཅན་ལ་བརྟེན་ནས་རྫོགས་སུ་རུང་གི་སེམས་ཅན་མེད་ན་མི་རྫོགས་པས་བཀའ་དྲིན་དུ་བསྒོམས་ལ་གཏོང་ལེན་བསྒོམ། བཀོལ་བ་གསུམ་ལ་རྟག་ཏུ་སྦྱང་། ཕ་མ་མཁན་སློབ་དགེ་བའི་བཤེས་གཉེན་ལ་སོགས་པ་དྲིན་ལེན་དུ་འོས་པ་དང་སྡིག་པ་རླབས་ཆེན་རྒྱུད་ལ་ཡོད་པ་རྣམས་དང་སྙིང་རྗེ་བས་ཕན་བཏགས་བཏགས་པ་ཚུར་གནོད་པ་བྱེད་དུ་འོང་བ་རྣམས་ལ་བརྟེན་ནས་རང་གི་ཆོས་འཆོར་སླ་བས་གསུམ་པོ་དེ་ལ་ཁྱད་པར་དུ་བཀོལ་གྱིན་གཏོང་ལེན་བསྒོམ། དབང་པོ་གཉིས་ཀྱི་གཙོ་བོ་བཟུང་། རང་གི་ཆོས་ལ་སྐྱེས་བུ་དམ་པ་མི་རྣམས་ཀྱིས་མི་ཁྲེལ་བ་གང་ཟག་གི་དབང་པོ་དང་། རང་ཁྲེལ་མི་ཁྲེལ་ལམ་འགྱོད་མི་འགྱོད་དང་བསྟུན་ནས་བལྟས་པ་རང་རིག་པའི་དཔང་
༡༨༡པོའོ། །གཉིས་པོ་ཚད་ནས་ཐམས་ཅད་བླང་། རང་ལ་དུཿཁ་ཀུན་འབྱུང་གཉིས་མི་མཁོ་བར་རྟོགས་ན་དྲིན་ཅན་གྱི་སེམས་ཅན་ཐམས་ཅད་ལ་ཡང་མི་མཁོ་བར་རྟོགས་པར་བྱས་ལ་སེམས་ཅན་གྱི་གཉིས་པོ་བདག་ལ་བླང་། བདག་གི་ལུས་རིན་པོ་ཆེར་བསྒྱུར་ལ་སེམས་ཅན་ལ་བཏང་འཕྲལ་ལ་ཆོས་ཀྱི་ཆ་རྐྱེན་མ་ཚང་བ་མེད་པ་མཐར་སངས་རྒྱས་སུ་བཏང་། དཀའ་བ་རྣམ་པ་གསུམ་ལ་བསླབ། རང་གི་ཉོན་མོངས་པས་གཏའ་བྱས་ནས་གཏོང་ལེན་བསྒོམས་ལ། དང་པོ་རྒྱུད་ལ་ཉོན་མོངས་པ་སྐྱེས་པ་ན་ངོས་ཟིན་པའམ་དྲན་པས་ཟིན་པར་དཀའ། བར་དུ་ཉོན་མོངས་པ་གཉེན་པོས་དབྲལ་བར་དཀའ། ཐ་མ་ཉོན་མོངས་པ་ཚར་ཆོད་དཀའ་བས་གསུམ་སྟེ། རྟག་ཏུ་དང་པོ་དྲན་པ། བར་དུ་བྲལ་བ། ཐ་མ་ཚར་ཅི་ཆོད་བྱ་བ་ལ་བསླབ། རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་། ཆོས་བྱེད་པའི་སེམས་ཅན་ལ་བླ་མ་དམ་པ་དང་མཇལ་བ། རང་གི་རྒྱུད་བཀོལ་དུ་རུང་བ། ཟས་གོས་གནས་ཁང་ཉེ་གཡོག་ལ་སོགས་པ་མཐུན་རྐྱེན་འཛོམ་པ་གསུམ་རྒྱུའི་གཙོ་བོ་ཡིན་པ་ལ་དེ་རྣམས་མ་འཛོམས་པ་ཐམས་ཅད་བདག་ལ་བླང་། བདག་གི་ལུས་རིན་པོ་ཆེར་བསྒྱུར་ཏེ་དགོས་འདོད་མཐའ་དག་འབྱུང་བར་སེམས་ཅན་ལ་བཏང་བས་སེམས་ཅན་ཐམས་ཅད་གནས་སྐབས་སུ་རྐྱེན་གསུམ་པོ་མ་ཚང་བ་མེད་པར་བྱས། མཐར་སངས་རྒྱས་སུ་ཡེར་བཏང་། གཉིས་པོ་གང་བྱུང་བཟོད་པར་བྱ། འཛོམ་ཞིང་ཕུན་སུམ་ཚོགས་པར་བྱུང་ཡང་གཏོང་ལེན་ལ་གཡེལ་བར་མི་བྱ། མ་འཛོམ་ཞིང་རྒུད་ཀྱང་དེས་ཞུམ་ནས་གཏོང་ལེན་སྒོམ་པ་བར་མི་བཅད་པར་བྱ། ཆོས་རྣམས་དགོངས་པ་གཅིག་ཏུ་འདུས། དལ་འབྱོར་རྙེད་དཀའ། འཆི་བ་རྗེས་དྲན། ལས་རྒྱུ་འབྲས། སྲིད་པའི་ཉེས་དམིགས། བྱམས་སྙིང་རྗེ་བྱང་ཆུབ་
༡༨༢ཀྱི་སེམས་ཕ་རོལ་ཏུ་ཕྱིན་པ་དྲུག་བདག་མེད་གཉིས་བསྒོམ་པ་ཐམས་ཅད་ཀྱི་དགོས་པ་བདག་འཛིན་འདི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་སྤང་བ་དང་། གཞན་གཅེས་འཛིན་གྱི་བྱང་ཆུབ་ཀྱི་སེམས་འདི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་སྒྲུབ་ཆོས་ཐམས་ཅད་ཀྱི་རྩ་བའམ་དགོངས་པ་དེ་ལས་མི་མངའ། ཤག་ངན་མ་དགོད། །བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེད་པས་ངག་ཏུ་རྩུབ་མོ་མི་གདོན། ཡུས་མི་སྒོམ། བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་བྱེད་པ་དེ་ལས་སམ་བྱ་རྒྱུ་བྱས་པ་ཡིན་པས་ལན་དུ། གཞན་ལ་ཡུས་ཆེ་རྒྱུ་མེད་པས་ཡུས་མི་སྒོམ། ཀོ་ལོང་མ་སྡོམ། བྱང་ཆུབ་སེམས་དཔའ་ལ་གཞན་གྱིས་ཉེས་པ་བྱས་པ་ནི་བྱང་ཆུབ་ལག་མཐིལ་དུ་གཏོད་དུ་བྱུང་བ་ཡིན་པས་དགའ་བ་བསྒོམ་གྱི་ཀོ་ལོང་མི་སྡོམ་འོར་ཆེ་སྤང་། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱས་པ་དེ་རང་གི་ལས་སམ་བྱ་བ་བྱས་པ་ཡིན་པས་ལན་ལ་མ་རེ་ཐ་མ་འོར་ཆེའོ་བྱས་པ་ཙམ་ལ་ཡང་མི་བལྟ། འཕྲང་སྒུག་མི་བྱ་སེམས་ཅན་འདིས་བདག་ལ་ཉེས་པ་འདི་དང་འདི་བྱས་སྙམ་པའི་ངན་ལན་གྱི་འཕྲང་མ་སྒུག །གཞུང་བཟང་མི་བསྟེན། འཁོན་འཛིན་གྱི་བསམ་པ་ཐོག་མ་མེད་པ་ནས་འབྲལ་མ་མྱོང་བ་དེ་དང་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྒོམ་པ་དེ་འགལ་བས་དེ་ཡང་སྤང་། མགྱོགས་ཀྱི་རྩེ་མི་གཏོད། རང་བྱང་ཆུབ་པའི་བསྒྲུབ་བྱ་སྔོན་ལ་སྒྲུབ་པ་དང་བྱང་ཆུབ་སེམས་འགལ་བ་དེ་སྤངས། མཛོ་ཁལ་གླང་ལ་མི་འབྱོ། ཉེས་པ་ཐམས་ཅད་བདག་ཏུ་འཛིན་པ་ལས་བྱུང་བ་ཡིན་ཏེ་ཉེས་གྱོད་གཞན་ལ་མི་བཀལ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མི་བཙལ་སྐྱིད་པའམ་བདེ་བ་འདོད་ན་དེའི་རྒྱུའམ་ཡན་ལག་ཏུ་ཚོང་དང་བཟོ་དང་སོ་ནམ་ལ་སོགས་པ་བྱེད་པ་དེའང་བདག་འཛིན་ཁོ་ནའི་ཕྱིར་བྱེད་དེ་དེས་བདེ་སྐྱིད་མི་རྙེད། རྐྱེན་ལ་ལྟོས་པ་མེད་པར་
༡༨༣སྦྱང་། གཏོང་ལེན་བྱང་ཆུབ་ཀྱི་སེམས་སྒོམ་པ་ནི་རྐྱེན་ལེགས་ཤེས་སམ་ཉེས་ཤེས་ལ་ལྟོས་ནས་སྒོམ་པའི་ངེས་པ་མེད་དེ་ལེགས་པར་མཐོང་རུང་ཉེས་པར་མཐོང་རུང་གང་སྣང་སྣང་རྒྱུ་མཚན་དུ་བྱས་ནས་བསྒོམ། །རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། ཆོས་གང་བསྒོམས་ཀྱང་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཆ་རྐྱེན་དུ་ཁྱེར་ལ་བྱ། ལོག་ན་གཉེན་པོར་དེ་ཉིད་བསམ། སྒོམ་སྐྱོན་ལ་སོགས་པ་བྱུང་ན་གཉེན་པོ་ལ་སོགས་པ་གཞན་ནས་མི་ཚོལ་བར་གཏོང་ལེན་ཁོ་ན་བསྒོམ། འབྲལ་མེད་གསུམ་དང་ལྡན་པར་བྱ། ལུས་ཀྱིས་འགྲུབ་ཚད་ཕྱག་དང་བསྐོར་བ་ལ་སོགས་པ། ངག་གིས་སྨྲ་ཚད་མདོ་དང་སྙིང་པོ་ལ་སོགས་པ། ཡིད་ཀྱིས་སེམས་ཚད་ལྷ་སྒོམ་པ་ལ་སོགས་པ་གང་བྱེད་ཀྱང་དམིགས་པ་གཏོང་ལེན་ལས་མི་འདའ་བར་བྱ། ལྷ་སྒོམ་ལྟ་བུ་ལ་ས་བོན་ལ་སོགས་པའི་སྤྲོ་བསྡུ་ཐམས་ཅད་གཏོང་ལེན་བསྒོམ་ན་རྣལ་འབྱོར་གྱི་མཆོག་གོ །གཉིས་པོ་སྲོག་དང་བསྡོ་བ་ལས། གཏོང་ལེན་གྱི་སེམས་བསྒོམ་པ་སྲོག་དང་བསྡོས་ལའང་བྱ་སྟེ་དོ་གལ་ཆེ་བའི་ཚད་དོ། །བླ་མ་དམ་པའི་གདམས་ངག་སྤྱི་དང་མཐུན། གཏོང་ལེན་བྱང་ཆུབ་ཀྱི་སེམས་ཀྱི་གདམས་པ་སྟོན་པའི་བླ་མ་ཤིན་ཏུ་གཉན་པས་དམ་ཚིག་བསྲུང་བ་ཤིན་ཏུ་དཀའ་སྟེ། སྔགས་སམ་ཕར་ཕྱིན་གྱི་གཞུང་བླ་མ་ལྔ་བཅུ་པ་ལ་སོགས་པ་གཞན་དང་མཐུན་ནོ། །སྤྱི་དོན་གསུམ་ལ་བསླབ་པར་བྱ། གཏོང་ལེན་བསྒོམ་པ་དེའང་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་མི་འགལ་བ། ཁྱད་པར་དུ་དགེ་བའི་བཤེས་གཉེན་གྱི་བཀའ་སྲོལ་དང་མི་འགལ་བ། བྱེ་བྲག་ཏུ་ཡང་རང་གི་ཁས་བླངས་ཀྱི་བསླབ་སྡོམ་ཐམས་ཅད་མི་འགལ་བར་བློ་སྦྱོང་ཉམས་པ་མེད་པ་རྣམ་པ་གསུམ་བསྟེན། བྱིན་རླབས་ལ་རེ་དགོས་པས་བླ་མ་ལ་དད་
༡༨༤གུས་ཉམས་པ་མེད་པ། །གོམས་པ་ལས་དབང་དུ་གྱུར་བའི་གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་འདུན་པ་ཉམས་པ་མེད་པ། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་དག་པ་ལས་བྱུང་བ་ཡིན་པས་རང་གིས་ཁས་བླངས་པའི་བསླབ་སྡོམ་རྣམས་ཉམས་པ་མེད་པར་བློ་སྦྱང་། ཡན་ལག་ཉམས་པ་བརྗོད་མི་བྱ། རང་གིས་དག་པར་བསྲུངས་ཀྱང་མི་སྟོངས་ཀྱང་ཆ་བས་རང་གིས་དག་པར་སྲུང་བའི་ཡན་ལག་ཡིན་པས་གཞན་ཇི་ལྟར་ཡང་ཉེས་སྐྱོན་བརྗོད་པར་མི་བྱ། གཞན་ཕྱོགས་གང་ཡང་མི་བསམ་མོ། །ལེགས་ཉེས་ཡིན་མིན་བདེ་སྡུག་ཐོག་ཏུ་བྱུང་བ་ལ་བརྟེན་ནས་དེ་ཀ་རྒྱུ་མཚན་དུ་བྱས་ཤིང་བློ་སྦྱོང་དགོས་པས་སྤང་བྱ་འདི་གཉེན་པོ་འདི་ཕྱོགས་སུ་ཆད་པ་མེད་པར་ཐམས་ཅད་ལ་བརྟེན་ལ་གཏོང་ལེན་བྱ། རེས་འཇོག་མི་བྱ། ཉམས་སད་ལྟ་བུས་བློ་མི་འབྱོངས་པས་དུས་རྟག་ཏུ་གཏོང་ལན་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་སྙིང་ཕུར་བཏབ་པ་འདྲར་བློ་སྦྱང་། ཡུད་ཙམ་པ་མི་བྱ། རྫོགས་པའི་སངས་རྒྱས་ནི་གྲངས་མེད་གསུམ་གྱིས་བསྒྲུབ་དགོས་པས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་ཡུད་ཙམ་མམ་ཚིག་གཅིག་གམ་བསྐལ་པ་གཅིག་ཙམ་གྱིས་མཐར་མི་ཕྱིན་པས་ཡུན་བསྲིངས་ལ་བསྒོམ། དོལ་ཆོད་དུ་སྦྱང་། བདག་གི་ལུས་ལ་སོགས་པ་གཏོང་བ་དང་གཞན་གྱི་དུཿཁ་ཐམས་ཅད་བདག་ལ་ལེན་པ་དེ་ངས་ནུས་སམ་མི་ནུས་སྙམ་དུ་ཉམས་སད་པ་ཙམ་གྱིས་མི་ཡོང་བས་རྩ་ཕྲན་ཆད་པ་ལྟར་རམ། ཁལ་དོ་བཅད་པ་ལྟར་རམ། ལ་བཅད་དུ་སྦྱང་། རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། ཡང་གཏོང་ལེན་རྒྱུད་ལ་སྐྱེས་སྙམ་པའི་བརྟན་པ་ཡོད་སྙམ་བྱེད་ན་ཉོན་མོངས་པ་སྐྱེ་བའི་ཡུལ་དང་འཕྲད་པའམ། སེམས་ཅན་དུཿཁ་ཅན་དང་འཕྲད་པའམ། བདག་ལ་བདེ་བའམ། དུཿཁ་སྐྱེས་པ་ནས་གཏོང་ནུས་སམ་མི་ནུས། ལེན་ནུས་སམ་མི་ནུས་ཉོན་མོངས་པའི་གཉེན་
༡༨༥པོར་སོང་མ་སོང་སྟེང་ནས་ཞུན་ཐར་གསལ་བར་དབྱུང་། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། ལེགས་ཉེས་ཅི་བྱུང་རུང་བདེ་སྡུག་ཅི་ལ་ཐུག་ཀྱང་གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཆ་རྐྱེན་ནམ་གཏའ་མ་གྲོགས་སུ་མི་འགྱུར་བ་མེད་པས་ཅི་བྱུང་ཡང་དགའ་བ་ཁོ་ནར་བྱའི་སྡུག་བསྔལ་དུ་གྱུར་པའི་རྒྱུ་མ་གྲུབ་བོ། །འབྲས་བུ་རེ་བ་ཐམས་ཅད་སྤང་། གཏོང་ལེན་བྱང་ཆུབ་ཀྱི་སེམས་སྦྱངས་པ་ལ་གནས་སྐབས་ཀྱི་ཕན་ཡོན་ནམ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པར་འདོད་པའམ། དགའ་བ་བྱུང་ན་རང་གི་དོན་དུ་བདེ་བའམ་འབྲས་བུ་འགྲུབ་ལ་རེ་བ་ཐམས་ཅད་སྤང་། གནས་སྐབས་དང་མཐར་ཐུག་ཐམས་ཅད་དུ་གཞན་བདེ་དང་གཞན་ཆེད་ཁོ་ནར་བློ་སྦྱོང་། གོ་ལོག་མི་བྱ། འདུན་པ་གོ་ལོག་མི་བྱ་སྟེ། རང་དོན་གྱི་འདུན་པ་སྤང་བ་གཞན་དོན་འབའ་ཞིག་ཏུ་བློ་སྦྱོང་། སྙིང་རྗེ་གོ་ལོག་བརྙས་ཐབས་སམ་ཁྱད་གསོད་ཀྱི་སྙིང་རྗེ་སྤངས་ལ་བརྩེ་སེམས་ཀྱིས་མི་བཟོད་པ་བསྒོམ། བཟོད་པ་གོ་ལོག་རང་འདོད་ཀྱི་ཕྱིར་དུཿཁ་བཟོད་པ་སྤངས་ལ་གཞན་ཆེད་དུ་བྱང་ཆུབ་བསྒྲུབ་པའི་དུཿཁ་བཟོད་པར་བྱ། བརྩོན་འགྲུས་གོ་ལོག་འདོད་ཡོན་གྱི་ཕྱིར་སྨད་པའི་བརྩོན་པའམ་རང་དོན་གྱི་བརྩོན་པ་སྤངས་ལ་གཞན་དོན་སངས་རྒྱས་བསྒྲུབ་པའི་བརྩོན་འགྲུས་བརྩམ། རོ་མྱོང་བ་གོ་ལོག་རང་འདོད་གྲུབ་པས་དགའ་བ་སྤངས་ལ་གཞན་དོན་གྲུབ་པ་ལ་དགའ་བ་བསྒོམ། རྗེས་སུ་ཡི་རང་བ་གོ་ལོག་སེམས་ཅན་ཉེས་པ་བྱུང་བ་ལ་ཡི་རང་བ་སྤངས་ལ་བདེ་ལེགས་སུ་གྱུར་པ་ལ་ཡིད་རང་བ་བསྒོམ། གནད་ལ་མི་དབབ། སྟོབས་ལ་སོགས་པ་ཡོད་པའི་གང་ཟག་ཡིན་ན་མིའམ་མི་མ་ཡིན་པ་ལ་གཟིར་བའམ་གནད་ལ་དབབ་པ་མི་བྱ། ལྷ་བདུད་དུ་མི་དབབ། གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡོན་ཏན་གྱི་རང་བཞིན་ཡིན་པ་ལ། དེ་ལ་ང་རྒྱལ་བྱས་ན་སྐྱོན་གྱི་
༡༨༦གཞི་མར་ཆབས་དེ་མི་བྱ། རྒྱུའི་གཙོ་བོ་ངོས་བཟུང་། རྫོགས་པའི་སངས་རྒྱས་ཐོབ་པའི་སེམས་ཅན་རྒྱུའི་གཙོ་བོ་གཏོང་ལེན་ནམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་གྱི་ལུས་ངག་གི་མངོན་མངོན་པོས་མི་ཕན་དེས་ན་ལུས་ངག་ཏུ་མི་གདོན་ཡེངས་ཐུབ་པར་བྱའོ། །དུས་རྟག་ཏུ་བསམ་པ་གཏོང་ལེན་བྱང་ཆུབ་ཀྱི་སེམས་པ་ལ་མ་ཡེངས་པར་བློ་སྦྱོང་། གདོད་ལོག་མི་བྱ། ལུས་གཞན་ལ་གཏོང་བ་དེ་ཁ་ཙམ་ཚིག་ཙམ་མིན་པས་ཞེ་ཐག་པས་བཏང་། གཞན་གྱི་སྡིག་སྡུག་བདག་ལ་ལེན་པ་དེ་ཁ་ཙམ་ཚིག་ཙམ་མིན་པས་ཞེ་ཐག་པས་དངོས་སུ་བླངས་ལ་དེས་བདག་འགས་པའམ་འཕིར་བའམ་བརླག་པ་ཙམ་དུ་གྱུར་བར་བསྒོམ། དེ་རྣམས་བསྡུས་ནས་བསྒོམ་པ་ནི། སྟོབས་ལྔ་དག་ལ་སྦྱོར་བར་བྱ། གཏོང་ལེན་བསྒོམ་པའི་འདུན་པ་རྒྱུན་མི་འཆད་དུ་ཡིད་ལ་བྱེད་པ་ནི་འཕེན་པའི་སྟོབས་སོ། །གཏོང་ལེན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་ཕྱིར་མཆོད་པ་བསྙེན་བཀུར་གཏོར་མ་ལ་སོགས་པ་བྱེད་པ་ནི་དགེ་བའི་རྩ་བ་དཀར་པོའ་ས་བོན་བསགས་པའི་སྟོབས་སོ། །གཏོང་ལེན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་ཕྱིར་བླ་མ་དཀོན་མཆོག་ལ་སོགས་པ་ལ་གསོལ་བ་འདེབས། རང་གི་སྨོན་ལམ་རྒྱུན་དུ་འདེབས་པ་ནི་སྨོན་ལམ་གྱི་སྟོབས་སོ། །དུས་རྟག་ཏུ་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་བློ་གོམས་པས་ཉམས་སུ་མྱོང་ཞིང་རང་དབང་དུ་གྱུར་པ་ནི་གོམས་པའི་སྟོབས་སོ། །གཏོང་ལེན་དེ་ལྟ་བུ་བསྒོམ་པར་མི་ནུས་སྙམ་དུ་བདག་གཅེས་འཛིན་གྱི་བློ་བྱུང་ན་དེ་ཚར་གཅོད་པ་ནི་སུན་འབྱིན་པའི་སྟོབས་སོ། །འཆི་ཁར་བསྒོམ་པ་དང་འཆི་བར་འདུག་པས་བར་དོ་ཐམས་ཅད་དུ་གཏོང་ལེན་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་ཅི་སྐྱེ་སྙམ་དུ་བསྒོམ་པ་ནི་འཕེན་པའི་སྟོབས་སོ། །ཀ་ཆ་སྤོང་དག་འོས་པ་ལ་གཏོང་། མཆོད་པ། གཏོར་མ། བསྙེན་
༡༨༧བཀུར་འོས་པ་བྱེད་པ་ལ་སོགས་པ་དཀར་པོ་དགེ་བསགས་ས་བོན་གྱི་སྟོབས་སོ། །བླ་མ་དཀོན་མཆོག་མཆོད་པ་དང་། ཆོས་སྐྱོང་ལ་བར་དོ་མན་ཆད་དུ་གཏོང་ལེན་བྱང་ཆུབ་ཀྱི་སེམས་སྐྱེ་བར་མཛད་དུ་གསོལ་ཞེས་གསོལ་བ་འདེབས། རང་ཡང་དེ་ལྟར་སྨོན་ལམ་འདེབས་པ་སྨོན་ལམ་གྱི་སྟོབས་སོ། །འཆི་ཀའི་གདམས་པའི་གསོས་འདེབས་བྱའོ། །འདུན་པ་བསྒྱུར་ལ་རང་སོར་ཞོག །གཏོང་ལེན་སྒོམ་པ་ལ་འདུན་པ་བསྒྱུར་བར་བྱེད་པ་དེ་ལྟ་བུས་ལམ་མི་ཆོད་ཟེར་བ་ལ་སོགས་པ་བྱུང་ན་རང་གི་ཤེས་པ་མི་འགྱུར་བར་བྱ་སྟེ། སངས་རྒྱས་ཀྱི་རྒྱུའི་རྩ་བའི་ངོ་བོ་ཡིན་པའི་ཕྱིར། །སྙིགས་མ་ལྔ་པོ་རབ་རྒྱས་པ། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །སྙིགས་མ་ལྔའི་དུས་ཕྱིན་ཅི་ལོག་རྒྱས་པ་ཉོན་མོངས་པ་ཤས་ཆེ་བས་ཉོན་མོངས་པ་ཅི་སྐྱེས་ཐམས་ཅད་བྱང་ཆུབ་ལམ་དུ་སྒྱུར་བྱེད་པ། གཏོང་ལེན་གྱི་གྲོགས་སམ་གཏའ་མའམ་ཆ་རྐྱེན་དུ་སྒྱུར་བར་བྱེད་པའོ། །མན་ངག་བདུད་རྩིའི་ཉིང་ཁུ་འདི། །སྡེ་སྣོད་ཐམས་ཅད་ཀྱི་བཅུད་ཏིག་པའི་ཉིང་ཁུའོ། །དམ་པ་དག་ལས་བརྒྱུད་པ་ཡིན། །བྱམས་པ་ནས། གསེར་གླིང་པ། ཨ་ཏི། །དགེ་བཤེས་སྟོན་པ། པུ་ཏོ་བ། ཤ་ར་བ། མལ་གྲོ་བ། བྲག་དམར་བའོ། །དེ་རྣམས་ལ་ལྟ་བ། སྤྱོད་པ། དམ་ཚིག །ཚུལ་ཁྲིམས་ལ་སོགས་པ་གང་ལ་ཡང་སྐྱོན་ནམ་ལྷད་དམ་ཟོལ་མེད་པས་དམ་པའོ། །དེ་དག་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ། བདག་གཞན་བརྗེས་ནས་གཏོང་ལེན་གྱི་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་སྣང་གྲགས་ཡིན་མིན་ཕོག་ཐུག་ཐམས་ཅད་ཀྱི་སེམས་སྦྱོང་བའི་ཆ་རྐྱེན་དུ་ཁྱེར་ནས་བློ་སྦྱོང་བར་བྱེད་པའི་གདམས་ངག་གོ །བློ་སྦྱོང་གདམས་ངག་རྫོགས་སོ། །དགེའོ། །སརྦ་དཱ་མངྒ་ལམ།
[[Image:DNZVolumeNot found_Not found_Not found.jpg|400x100px|alt=Upload a file|link=|Upload a file]]
DOWNLOAD ABOVE:
Click the picture above to view the original manuscript.
Not found
Not found
Damngak Dzö Volume Not found (Not found) / Pages Not found / Folios Not found to Not found
First Text in VolumeThe query description has an empty condition.Last Text in VolumeThe query description has an empty condition.

[[Category: Gdams ngag mdzod Volume Not found|Volume Not found]]

Tibetan Text

<onlyinclude>
༩༥སྡིག་སྦྱོང་མན་ངག་བཞུགས་སོ།།

༄༅། །དཔལ་ཀྱཻ་རྡོ་རྗེའི་མངོན་པར་རྟོགས་པ་འབྲིང་དུ་བྱ་བ་ཡན་ལག་དྲུག་པའི་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ༎

༡༢༣དཔལ་ཀྱཻ་རྡོ་རྗེའི་མངོན་པར་རྟོགས་པ་འབྲིང་དུ་བྱ་བ་ཡན་ལག་དྲུག་པའི་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། །
༡༢༤ན་མཿཤྲཱི་ཙཀྲ་ནཱ་ཐ་རཏྣ་ཝརྡྷཱ་ཡ། ཀུན་ཁྱབ་ཐབས་ལ་མཁས་པའི་སྙིང་རྗེ་དང་། །རྣམ་ཀུན་མཆོག་ལྡན་འོད་གསལ་ཤེས་རབ་ཆེ། །དབྱེར་མེད་དགེས་པ་རྡོ་རྗེ་ལ་བཏུད་དེ། །རྒྱལ་བ་རིགས་དྲུག་སྒྲུབ་ཐབས་བཤད་ཀྱིས་ཉོན། །འདིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་ལྡན་པའི་སྒྲུབ་པ་པོས། ཡིད་དང་མཐུན་པའི་གནས་སུ་ནུབ་མོ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཉལ། ཐོ་རངས་ལྷ་སྐུ་བདེ་བ་ཆེན་པོའ་ང་རྒྱལ་གྱིས་ལངས། ལམ་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ། མཆོད་གཏོར་གྱི་རྣལ་འབྱོར་སྔོན་དུ་འགྲོ་བས་སྣ་ཚོགས་རྡོ་རྗེའི་གདན་ལ། བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་ཁ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ། སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་དམིགས་ཏེ། བདག་དང་འགྲོ་བ་ནམ་མཁའི་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་རྗེ་བཙུན་རྩ་བ་དང་
༡༢༥བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ། སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་
༡༢༦རང་འདྲའི་རིགས་བདག་གི་དབུ་རྒྱན་ཅན། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བ། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་ལས་འོད་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཧཱུྃ་ལས་བདུད་རྩི་བབས། ཧེ་རུ་ཀའི་སྐུ་གང་། དེ་ནས་དབྱིབས་བརྒྱུད། ཡུམ་གྱི་སྐུ་གང་། ཡབ་ཡུམ་གྱི་སྐུ་ཐམས་ཅད་ལས་བདུད་རྩི་བབས། བདག་གི་སྤྱི་གཙུག་ནས་ཞུགས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུའམ་རྣག་ཁྲག་གི་རྣམ་པས་གཤང་གཅི་གཉིས་དང་རྐང་མཐིལ་གཉིས་ནས་འཐོན་ནས་ཤུལ་ཐམས་ཅད་བདུད་རྩིས་གང་བར་གྱུར། ༀ་ཤྲཱི་བཛྲ་རྡོ་རྗེ་ཁྲག་འཐུང་དམ་ཚིག་རྗེས་སུ་སྐྱོང་།ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧ་ཁྲག་འཐུང་ཉིད་ཀྱིས་ཉེ་བར་གནས་པར་མཛོད།ཧེ་རུ་ཀ་ཏྭེ་ནོ་པ་ཙིཥྛ། ཌྀ་ཌྷོ་བདག་ལ་བརྟན་པར་མཛད་དུ་གསོལ།མེ་བྷ་ཝ། སུ་ཏོ་ཥྱོ་བདག་ལ་ཤིན་ཏུ་དགེས་པར་མཛོད།མེ་བྷ་ཝ། ཨ་ནུ་རཀྟོ་བདག་ལ་རྗེས་སུ་ཆགས་པར་མཛོད།མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་བདག་ལ་ཤིན་ཏུ་རྒྱས་པར་མཛོད།ཝ། སརྦ་སིདྡྷི་བདག་ལ་དངོས་གྲུབ་ཐམས་ཅད་སྩོལ།མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ལས་ཀུན་ལའང་བདག་གི་ནི།ཙ་མེ། ཙིཏྟཾ་ཤྲི་སེམས་ལ་དགེ་ལེགས་སུ་ནི་མཛོད།ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་བཅོམ་ལྡན་རྡོ་རྗེ་ཁྲག་འཐུང་དུ།ག་ཝཱན་བཛྲ་ཧེ་རུ་ཀ་མཱ་མེ་བདག་གྲོལ་ཁྲག་འཐུང་ཉིད་དུ་མཛོད།མུཉྩ་ཧེ་རུ་ཀོ་བྷ་ཝ། མ་ཧཱ་དམ་ཚིག་སེམས་དཔའ་ཆེན་པོ་ཨཱཿས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་ཅི་ནུས་ཀྱི་མཐར། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་
༡༢༧པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་སྟེ། སྤྱི་བོ་ནས་རང་ལ་ཐིམ་པས་རང་གི་ལུས་འཇའ་ཚོན་ལྟ་བུར་གྱུར། རང་སྐད་ཅིག་གིས་དཔལ་ཀྱཻ་རྡོ་རྗེར་གསལ་བའི་ཐུགས་ཀར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་གཟུང་འཛིན་གཉིས་དང་བྲལ་བའི་ངོ་བོ་ཧཱུྃ་སྔོན་པོ། །དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཀྱེ་རྡོ་རྗེའུ་ལྷ་དགུའི་དཀྱིལ་འཁོར་ལ་བླ་མ་མི་བསྐྱོད་པའི་རྣམ་པས་གཙོ་བོའ་དབུ་ལ་བརྒྱན་པ་ༀ་བཛྲ་ས་མཱ་ཛཿ ཞེས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། ཐལ་མོ་སྦྱར་ཏེ། ན་མོ་གུ་རུ་བྷྱཿ ན་མ་ཤྲཱི་ཧེ་བཛྲ་མཎྜལ་ལེ་བྷྱཿ སྙིང་གའི་ཧཱུྃ་ལས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ཏེ། དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་ཀུན་བདུད་ལས་རྒྱལ་བའི་སྣོད། རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང་། །པུཀྐ་སཱི་ནི་རྡོ་རྗེའི་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང་། །འདི་རྣམས་ཀྱིས་ནི་གཙོ་བོར་མཆོད། །འདོད་ཆགས་ཆེན་པོའ་རྗེས་ཆགས་པས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་
༡༢༨བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའ་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །
༡༢༩དབུགས་མ་བྱུང་བ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་བརྗོད། ཆོས་ཐམས་ཅད་རང་གི་སེམས་ཀྱི་སྣང་བ། དེ་ཡང་རང་རིག་པ་སྒྱུ་མ་ལྟ་བུ། དེ་ཡང་རང་བཞིན་གྱིས་མི་དམིགས་པའི་སྟོང་པ་ཉིད་དུ་ཤེས་པར་བྱས་ལ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ནག་ལ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་ར་བ། སྟོད་རྡོ་རྗེའི་གུར། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་གང་བར་གྱུར། ༀ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ། སྣ་ཚོགས་རྡོ་རྗེའི་ལྟེ་བར་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་སྟེང་དུ། བྷྲཱུཾ་སེར་པོ་ལས་འཁོར་ལོ་སེར་པོ། །རྩིབས་བཅུ་པ། རྩེ་མོ་རྣོ་བ། ཁོག་པ་སྟོང་པ། ཡང་ཤིང་རྒྱ་ཆེ་བ་གོ་སྐབས་མེད་པར་གྱུར། ༀ་བཛྲ་ཙཀྲ་རཀྵ་ཧཱུྃ་བྷྲཱུཾ་ཧཱུྃ། ལན་གསུམ། འཁོར་ལོའ་ནང་གི་དབུས་དང་ཕྱོགས་བཅུར་པདྨ་དང་ཉི་མའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་ཉི་མའི་སྟེང་དུ་བྷྲཱུཾ་སེར་པོ། །ཕྱོགས་བཅུར་ཉི་མའི་སྟེང་དུ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། དེ་ཡང་ལྷོའི་དཀར་པོ། །ནུབ་ཀྱི་དམར་པོ། གཞན་ཐམས་ཅད་སྔོན་པོ། དེ་ཐམས་ཅད་སོ་སོའ་གནས་སུ་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ཉིད་གཙུག་ཏོར་
༡༣༠འཁོར་ལོས་སྒྱུར་བ་སེར་པོ་འཁོར་ལོ་འཛིན་པ། ཤར་དུ་གཤིན་རྗེའི་གཤེད་སྔོན་པོ་ཐོ་བ་འཛིན་པ། །ལྷོར་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན་འཛིན་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་པདྨ་འཛིན་པ། བྱང་དུ་བགེགས་མཐར་བྱེད་སྔོན་པོ་རལ་གྲི་འཛིན་པ། བྱང་ཤར་དུ་མི་གཡོ་བ་སྔོན་པོ་རལ་གྲི་འཛིན་པ། ཤར་ལྷོར་འདོད་པའི་རྒྱལ་པོ་སྔོན་པོ་ལྕགས་ཀྱུ་འཛིན་པ། ལྷོ་ནུབ་ཏུ་དབྱུག་སྔོན་ཅན་སྔོན་པོ་དབྱུག་པ་འཛིན་པ། །ནུབ་བྱང་དུ་སྟོབས་པོ་ཆེ་སྔོན་པོ་རྩེ་གསུམ་འཛིན་པ། སྟེང་དུ་ཧཱུྃ་མཛད་སྔོན་པོ་རྡོ་རྗེ་དང་དྲིལ་བུ་རང་གི་ཕྱག་རྒྱས་ཐུགས་ཀར་བསྣོལ་ནས་འཛིན་པ། འོག་ཏུ་གནོད་མཛེས་སྔོན་པོ་གཏུན་ཤིང་འཛིན་པ། ཧཱུྃ་མཛད་མ་ཡིན་པ་གཞན་ཐམས་ཅད་ཕྱག་གཡས་པས་རང་རང་གི་ཕྱག་མཚན་འབྱར་བའི་ཚུལ་གྱིས་འཛིན་ཅིང་། གཡོན་པས་ཐུགས་ཀར་སྡིག་མཛུབ་མཛད་པ། དབུས་དང་ཕྱོགས་བཞིའི་ཁྲོ་བོ་རྣམས་བརྗིད་པའི་ཁྲོ་བོ་སྟེ། སྤྱན་གསུམ་དམར་ལ་ཟླུམ་ཞིང་བགྲད་པ། སྐུ་སྦོམ་ཞིང་ཐུང་བ། གསུས་ཁྱིམ་ཆེ་བ། སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་གྱིས་བརྒྱན་པ། སྨ་ར་དང་སྨིན་མ་དང་། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཁྲོ་བོ་གཞན་རྣམས་ནི་མཛེས་པའི་ཁྲོ་བོ་སྟེ། ཅུང་ཟད་སྒེག་ཅིང་ཡིད་ཙམ་ཁྲོས་པ། སྐུ་སྐེམས་ཤིང་གྲིམ་པ། དབུ་སྐྲ་ནག་པོ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །དེ་ཐམས་ཅད་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཁ་ལ་འདོད་ཆགས་རྡོ་རྗེ་མ། ལུས་ལ་
༡༣༡ཕྲག་དོག་རྡོ་རྗེ་མ། ཡིད་ལ་བདག་མེད་རྣལ་འབྱོར་མ། །སྤྱི་བོར་སྐུ་རྡོ་རྗེ་མ། མགྲིན་པར་གསུང་རྡོ་རྗེ་མ། ཐུགས་ཀར་ཐུགས་རྡོ་རྗེ་མ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཁྲོ་བོ་བཅུ་གཅིག་སྲུང་བའི་འཁོར་ལོ་དང་བཅས་པ་ལ་ཡེ་ཤེས་ཀྱི་ཁྲོ་བོའ་ཚོགས་དཔག་ཏུ་མེད་པས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ སྤྲོ་ན་སྔར་བཞིན་མཆོད། ཛཿཧཱུྃ་བཾ་ཧོཿ ཞེས་པའམ། རྒྱས་པར་ན་འོག་ནས་འབྱུང་བའི་སྔགས་རྒྱས་བསྟིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ སྤྲོ་ན་གོང་ལྟར་མཆོད། ༀ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུས་གཤིན་རྗེའི་གཤེད་ལ་རྣམ་པར་སྣང་མཛད། པདྨ་མཐར་བྱེད་ལ་འོད་དཔག་མེད། གཞན་ཐམས་ཅད་ལ་མི་བསྐྱོད་པས་དབུར་བརྒྱན། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པས་གཏམ་པར་བསམ། ཧཱུྃ་དེ་ཉིད་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་པ་གཅིག་ཏུ་གྱུར་ཏེ། དེ་ཡི་ལྟེ་བ་སྟོང་པར་ཡོད་པའི་ནང་དུ་རང་གི་སེམས་ཧཱུྃ་ཅིག་ཏུ་བསམ། དེའི་སྟེང་ལ་སོགས་པར་གང་བསྲུང་བར་འདོད་པ་དེའི་མིང་གི་ཡི་གེ་དང་པོ་བསམས་ཏེ། དེའང་བླ་མ་བསྲུང་བར་འདོད་ན་སྟེང་དུ། རང་ཉིད་ནང་དུ། སྤུན་ཟླ་གཡོན་དུ། ཕ་མ་མདུན་དུ། བུ་དང་ཆུང་མ་གཡས་སུ། འཁོར་གཡོག་རྒྱབ་ཏུ། ནོར་རྫས་རྣམས་འོག་ཏུ་བསམ། གང་མི་བསྲུང་བའི་ས་སྟོང་པར་བཞག་གོ །དེ་ནས་འཁོར་ལོའ་ཕྱོགས་མཚམས་བརྒྱད་ཀྱི་རྩིབས་མེད་པའི་བར་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། གནོད་བྱེད་ལུས་རིང་མ། སྐྲ་འཛིངས་པ། ཁ་ནས་ཁྲག་སྐྱུག་པ། སྤྱིའུ་ཚུགས་སུ་འདུག་པར་བསམ། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། །གནོད་བྱེད་ཀྱི་ཤེས་པ་བཀུག་སྟེ་དེ་ལ་ཐིམ་པར་བསམ་ལ། རང་གཙུག་ཏོར་འཁོར་ལོས་སྒྱུར་བས་ཧཱུྃ་ཞེས་བརྗོད་པས་ཕྱོགས་མཚམས་ཀྱི་ཁྲོ་བོ་རྣམས་ཞལ་ཕྱིར་གཟིགས། དབུས་དང་སྟེང་འོག་གི་ཁྲོ་བོ་རྣམས་ཞབས་
༡༣༢གཡས་བརྐྱང་། འཁོར་ལོ་གཡོན་དུ་མྱུར་ཏུ་འཁོར་བས། གནོད་བྱེད་ཀྱི་ལུས་རླུང་གིས་བསྐྱོད། མེས་བསྲེག་ཅིང་འཁོར་ལོའ་རྩེ་མོས་གཏུབས་པས། ཁོའ་ཚེ་ཐོགས་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱང་ནས། རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་བསམ་ཤིང་སྔགས་བཟླའོ། །ན་མཿཕྱག་འཚལ་ལོ་ཀུན་ནས་སངས་རྒྱས་ལ།ས་མནྟ་བུདྡྷཱ་ནཱཾ། ན་མཿཕྱག་འཚལ་ལོ་ཀུན་ནས་ཆོས་ལས་མནྟ་དྷརྨཱ་ཎཱཾ། ན་མཿཕྱག་འཚལ་ལོ་ཀུན་ནས་དགེ་འདུན་ལ།ས་མནྟ་སཾ་གྷཱ་ནཱཾ། ༀ་གདུགས་དཀར་པོ།སི་ཏཱ་ཏ་པ་ཏྲེ། ༀ་དྲི་མ་དང་བྲལ་བ།བི་མ་ལ། ༀ་བདེ་པར་བྱེད་པ།ཤངྐར། ༀ་ཕྱིར་ཟློག་པ།པྲ་ཏྱཾ་གིར། བཛྲ་རྡོ་རྗེ་གཙུག་ཏོར་འཁོར་ལོས་སྒྱུར་བ།བཛྲ་ཨུཥྞི་ཥ་ཙཀྲ་ཝ་རྟི། སརྦ་ཐམས་ཅད་འཁྲུལ་འཁོར།ཡནྟྲ། མནྟ། སྔགས། མུ་རྩ་བའི་ལས།ལ་ཀརྨ། བནྡྷཱ་བཅིང་པ་དང་།ནཾ། ཏཱ་ཌ་ནཱཾ། བརྡེག་པ་དང་། ཀཱི་ཕུར་བུས་བཏབ་ཀྱང་རུང་།ལ་ནཱཾ་ཝཱ། མ་བདག་ལ་བྱེད་པ་དང་།མ་ཀྲི་ཏེ། ཡེ་ན་གང་ཅི་ཡང་རུང་བ།ཀེ་ན་ཙི་ཏ། ཀྲྀ་བྱེད་པ་དེ།ཏནྟ་ཏ། སརྦཱནྟུ། ཐམས་ཅད། ཙྪིནྡ་ཙྪིནྡ། ཆོད་ཆོད། བྷིནྡ་བྷིནྡ། ཕུག་ཕུག ། ཙི་རི་ཙི་རི། ཕྱེ་མར་གྱིས་ཕྱེ་མར་གྱིས། གི་རི་གནོན་གནོན།གི་རི། མ་ར་སོད་སོད།མ་ར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་ཅི་ནུས་དང་། སྤྲོ་ན། ༀ་བྷ་འཇིགས་པ་ཉམས་པར་བྱེད།ཡ་ནཱ་ས་ནི། ཏྲཱ་ས་སྐྲག་པར་བྱེད།ནི། སརྦ་བདུད་ཐམས་ཅད་ཕྱིར་ཟློག་པར་བྱེད།མཱ་ར་པྲ་ཏྱཾ་གི་ར། བི་རྣམ་པར་ཉམས་པར་བྱེད།ནཱ་ས་ནི། ཡེ་གང་ཅི་ཡང་རུང་བ།གེ་ཙེ་ཏ། དུཥྚཱན་གདུག་པའི་སེམས་ཅན།ས་ཏྭ། མ་མ་བདག་ལ་ངན་པར་བྱེད་པ།པི་རཱུ་པ་ཀཾ་ཀུརྦན། ཏི་ཏཱ་དེ་དག་དང་།ནི། སརྦ་བདུད་ཐམས་ཅད་ཕྱིར་བཟློག་པར་ཕྱིས་ཤིག་མཱ་ར་ཎི་པྲ་ཏྱཾ་ཀཱ་རི་ཎི་ས་ཏ་ཏུ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའང་ཅི་རིགས་བཟླས་ལ། རྡོ་རྗེ་ཐལ་མོ་སྦྱར་ཏེ། སུ་གང་དག་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། བདག་ཅག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་
༡༣༣རྣམས་དང་། བསམ་པ་དང་སྦྱོར་བ་ངན་པར་བྱེད་པའི་དགྲ་བགེགས་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །གལ་ཏེ་ཞི་བར་མ་གྱུར་ན་དེའི་ཚེ་དེ་དག་ཐམས་ཅད་ཀྱི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད་བཅིང་བར་བགྱིའོ། །མཐུ་བརླག་པར་གྱུར་ཅིག །རྫུ་འཕྲུལ་བརླག་པར་གྱུར་ཅིག །སྟོབས་བརླག་པར་གྱུར་ཅིག །དེས་བཟླས་པའི་སྔགས་ཀྱིས་དེ་ཉིད་བརླག་པར་གྱུར་ཅིག །དེས་བསྒྲུབ་པའི་ལྷ་འདྲེས་དེ་ཉིད་ཀྱི་ཤ་ཟ་བར་གྱུར་ཅིག །ཅེས་བརྗོད་ཅིང་ལག་མཐིལ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་དང་སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པར་བསམ་ཏེ། གནོད་བྱེད་རྣམས་དེའི་བར་དུ་བརྩིར་བར་བསམས་ལ་ཐལ་མོ་བརྡབ། རང་གི་ཐུགས་ཀ་ནས་རང་འདྲ་བའི་ཁྲོ་བོ་མཚོན་ཆ་ཐོགས་པ་དུ་མ་སྤྲོས་ཏེ་གནོད་བྱེད་ཀྱི་ལུས་དང་དབང་པོ་ཐམས་ཅད་རྡུལ་ཕྲ་རབ་ཏུ་བྱས། མེས་བསྲེག་རླུང་གིས་ཏོར་བར་བསམ། སྤྲོ་ན། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བ་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཞེས་བརྗོད། ༀ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བཞུ་བ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། ཕྱི་དཀར་ལ་ནང་དམར་བ། གདེངས་ཁ་ཆེ་བ་གྱེན་དུ་བསྟན་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བདུངས་བ་ལྟ་བུ། ཆང་ཟུང་དང་མཆོག་མ་ཡཾ་དང་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་བཞིར་རྡོ་རྗེ་ཕྱེད་པ་དང་ལྟེ་བ་ལཾ་གྱིས་མཚན་པ། དེའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་བྷྲཱུཾ་གྱིས་མཚན་པ། དེའི་སྟེང་གི་བར་སྣང་དུ་ༀ་ཨཱཿཧཱུྃ་ཧོཿདམར་པོ་གཉིས་
༡༣༤ཀྱིས་མཐའ་རྟེན་པའི་བར་དོའ་རྣམ་པར་ཤེས་པ་དེ་རྣམས་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཐིམ་སྟེ། ཐམས་ཅད་རོ་གཅིག་ཏུ་འདྲེས་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། ནང་ནས་རིམ་པ་བཞིན་ནག་པོ། །ལྗང་གུ། དམར་པོ། །སེར་པོ། །དཀར་པོའ་རྩིག་པ་རིམ་པ་ལྔ་དང་ལྡན་པ། སློབ་དཔོན་རིན་པོ་ཆེའི་དགོངས་པའོ། །རྗེ་བཙུན་རིན་པོ་ཆེ་ལྟར་ན། ནང་ནས་རིམ་བཞིན། ནག་པོ། །དཀར་པོ། །སེར་པོ། །དམར་པོ། །ལྗང་གུར་བསྒོམ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་རིན་པོ་ཆེའི་མདའ་ཡབ་དང་པུ་ཤུས་བརྒྱན་པ། རྩིག་པའི་ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲེས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་སྟེང་དུ་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་བརྒྱན་པ། སྒོ་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་རི་དྭགས་དང་བཅས་པ། གཞན་ཡང་གོས་དང་འཕན་དང་། མེ་ཏོག་གི་ཕྲེང་བ་དང་། ཟླ་བ་རླུང་གིས་བསྐྱོད་པ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་རྒྱན་དུ་མས་བརྒྱན་པའི་གཞལ་ཡས་ཁང་དུ་གྱུར། དེའི་ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་ནི། ཤར་དུ་གཏུམ་དྲག་གི་དུར་ཁྲོད། ལྷོར་འཇིགས་བྱེད་ཐོད་པ་ཅན། ནུབ་ཏུ་འབར་བའི་ཕྲེང་བས་བརྒྱན་པ། བྱང་དུ་ཚང་ཚིང་འཁྲིགས་པ། བྱང་ཤར་དུ་དྲག་ཏུ་དགོད་པ། ཤར་ལྷོར་དབང་ཕྱུག་ནགས་ཚལ། ལྷོ་ནུབ་ཏུ་འཇིགས་བྱེད་མུན་པ། ནུབ་བྱང་དུ་ཀི་ལི་ཀི་ལིའི་སྒྲ་སྒྲོག་པ། དེ་དག་ལ་གནས་
༡༣༥པའི་ཤིང་ཆེན་པོ་བརྒྱད་ནི། ཤར་དུ་ཤི་རི་ཤ །ལྷོར་ཙུ་ཏ། ནུབ་ཏུ་ཀཾ་ཀ་ལ། བྱང་དུ་ཨ་ཤྭཏྠ། བྱང་ཤར་དུ་ཤིང་ཆེན་པོ། །ཤར་ལྷོར་ཀ་རཉྫ། ལྷོ་ནུབ་ཏུ་འཁྲིལ་ཤིང་ཅན། ནུབ་བྱང་དུ་ཨ་རྫུན་རྣམས་སོ། །ཤིང་དེ་དག་གི་རྩ་བ་ན་གནས་པའི་ཕྱོགས་སྐྱོང་བ་བརྒྱད་ནི། ཤར་དུ་བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པ། ཕྱག་གཡོན་ན་རྡོ་རྗེས་མཚན་པའི་ཐོད་པ་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ། གཡོན་ཐོད་པ་དང་བེ་ཅོན་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ། གཡོན་ཐོད་པ་དང་ཞགས་པ་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ། གཡོན་ཐོད་པ་དང་དབྱུག་པ་འཛིན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་པ། གཡོན་ཐོད་པ་དང་མདུང་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ན་དབྱུ་གུ་དང་ཐོད་པ། གཡོན་གཉིས་ན་སྤྱི་བླུགས་དང་ཕྲེང་བ་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ་རོ་ལངས་ལ་ཞོན་པ་གཡོན་ཐོད་པ་དང་རལ་གྲི་འཛིན་པ། ནུབ་བྱང་དུ་རླུང་ལྷ་སྔོན་པོ་རི་དྭགས་ལ་ཞོན་པ་གཡོན་ཐོད་པ་དང་བ་དན་འཛིན་པ། ཐམས་ཅད་ཀྱང་ཕྱག་གཡས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་བའོ། །དེ་དག་གི་ནམ་མཁའ་ལ་གནས་པའི་སྤྲིན་ཆེན་པོ་བརྒྱད་ནི། ཤར་དུ་སྒྲོགས་བྱེད་སེར་པོ། །ལྷོར་ལྡོག་བྱེད་སྔོན་པོ། །ནུབ་ཏུ་འཇིགས་བྱེད་དཀར་པོ། །བྱང་དུ་འཁོར་བྱེད་སེར་པོ། །བྱང་ཤར་དུ་འཐུག་པོ་དཀར་པོ། །ཤར་ལྷོར་འགེངས་བྱེད་དམར་པོ། །ལྷོ་ནུབ་ཏུ་ཆར་འབེབས་སྔོན་པོ། །ནུབ་བྱང་དུ་གཏུམ་པོ་སྔོན་པོའོ། །དེ་དག་ལ་གནས་པའི་ཀླུ་ཆེན་པོ་བརྒྱད་ནི། ཤར་དུ་ནོར་རྒྱས་སེར་པོ། །ལྷོར་པདྨ་དཀར་པོ། །ནུབ་ཏུ་ཀརྐ་ཊ་ནག་པོ། །བྱང་དུ་འཇོག་པོ་དམར་པོ། །བྱང་ཤར་དུ་པདྨ་
༡༣༦ཆེན་པོ་དཀར་པོ། །ཤར་ལྷོར་ཧུ་ལུནྟ་སྔོན་པོ། །ལྷོ་ནུབ་ཏུ་རིགས་ལྡན་ལྗང་གུ། ནུབ་བྱང་དུ་དུང་སྐྱོང་སེར་པོ་ཐམས་ཅད་ཀྱང་སྦྲུལ་མགོའ་གདེངས་ཀ་བདུན་བདུན་དང་ལྡན་ཞིང་སྨད་སྦྲུལ་མཇུག་འཁྱིལ་བ། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བའོ། །ཤིང་གི་ཡལ་ག་ལ་གནས་པའི་ཞིང་སྐྱོང་བ་བརྒྱད་ནི། ཤར་དུ་ལྷའི་དགེ་འདུན་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ལྷོར་གཤིན་རྗེ་སྔོན་པོ་མ་ཧེའི་གདོང་པ་ཅན། ནུབ་ཏུ་སྤྲིན་གྱི་རྒྱལ་པོ་དམར་པོ་ཆུ་སྲིན་གྱི་གདོང་པ་ཅན། བྱང་དུ་གནོད་སྦྱིན་གྱི་སྡེ་དཔོན་སེར་པོ་རྟའི་གདོང་པ་ཅན། བྱང་ཤར་དུ་ཡི་དྭགས་འདུས་པ་དུད་ཀ་གླང་གི་གདོང་པ་ཅན། ཤར་ལྷོར་དྲང་སྲོང་འདུས་པ་དམར་པོ་ར་སྐྱེས་ཀྱི་གདོང་པ་ཅན། ལྷོ་ནུབ་ཏུ་སྲིན་པོའ་ཚོགས་ཅན་ནག་པོ་རོ་ལངས་ཀྱི་གདོངས་པ་ཅན། ནུབ་བྱང་དུ་རླུང་གི་རྒྱལ་པོ་ལྗང་གུ་རི་དྭགས་ཀྱི་གདོང་པ་ཅན། ཐམས་ཅད་ཀྱང་ཤིང་ལོའ་གསེབ་ནས་སྙིང་ག་ཡན་ཆད་འཐོན་པ། གྲི་གུག་དང་ཐོད་པ་འཛིན་པའོ། །གཞན་ཡང་རོ་མགོ་བོ་བཅད་པ་དང་། དཔྱངས་པ་དང་། བསྙལ་བ་དང་། གསལ་ཤིང་གིས་ཕུག་པ་དང་། མགོ་བོ་དང་། ཀེང་རུས་དང་། ལྕེ་སྤྱང་དང་། ཁྭ་དང་། འུག་པ་དང་། བྱ་རྒོད་དང་། རོ་ལངས་རྣམས་ཕཻཾ་ཞེས་བྱ་བའི་སྒྲ་སྒྲོགས་པ། མ་ལུས་པ་རྣམས་ཀྱང་སྔོན་གྱི་གྲུབ་པ་ཐོབ་པ་རྣམས་ཀྱི་མངོན་པར་རྟོགས་པ་སྟེ། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། སྨྱོ་བྱེད་དང་། རྗེད་བྱེད་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་རྣམས་དང་། ཆུ་དང་། མེ་དང་། མཆོད་རྟེན་དང་། སྒྲུབ་པ་པོ་རྣམས་དང་བཅས་པའི་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་གི་ནང་གི་ལྷ་སྣམ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོན་པོའ་དབུས་སྣ་ཚོགས་པདྨ་འདབ་མ་
༡༣༧བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཉོན་མོངས་པ་ལ་སོགས་པ་བདུད་བཞིའི་ངོ་བོ། །ཚངས་པ་སེར་པོ། །དབང་པོ་དཀར་པོ། །ཉེ་དབང་སྔོན་པོ། །དྲག་པོ་ནག་པོ་རྣམས་སྟེང་ནས་སྟེང་དུ་བརྩིགས་པ། འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཤར་དུ་ཚངས་པ་སེར་པོ། །ལྷོར་དབང་པོ་དཀར་པོ། །ནུབ་ཏུ་ཉེ་དབང་སྔོན་པོ། །བྱང་དུ་དྲག་པོ་ནག་པོ། །བྱང་ཤར་དུ་གཤིན་རྗེ་སྔོན་པོ། །ཤར་ལྷོར་ནོར་བདག་སེར་པོ། །ལྷོ་ནུབ་ཏུ་སྲིན་པོ་ནག་པོ། །ནུབ་བྱང་དུ་ཐག་བཟང་རིས་དུད་ཀ་རྣམས་འགྱེལ་ཞིང་གདོང་གྱེན་དུ་ཕྱོགས་པའི་གདན་དང་བཅས་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ནྶི་ལ་ཡ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། དབུས་ཀྱི་གདན་གྱི་སྟེང་དུ་སངས་རྒྱས་ཀྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་སྐར་མའི་རྣམ་པ་ལྟ་བུའི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿཕྲག་གཉིས་བརྗོད། ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད་མར་མེའི་ཕྲེང་བ་ལྟ་བུའི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས་བརྗོད། ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་བར་དུ་ཧཱུྃ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེའི་གཡོན་དུ་ༀ་ལས་གྲི་གུག་སྔོ་ནག་ཡུ་བ་ལ་ༀ་གིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས། ཉི་ཟླ་ཕྱག་མཚན་ས་བོན་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་བྱ་བ་གྲུབ་པའི་ཡེ་ཤེས། དེ་ལས་སྐུ་ཡོངས་
༡༣༨རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ། །བདག་ཉིད་བཅོམ་ལྡན་འདས་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ་ཞལ་བརྒྱད། ཕྱག་བཅུ་དྲུག་པ། ཞལ་བཞི་པ། རྩ་བའི་ཞལ་དཀར་པོ། །གཡས་སྔོ། །གཡོན་དམར། སྟེང་ཞལ་དུད་ཀ །ཞལ་ལྷག་མ་གཉིས་གཉིས་གནག་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་བཞི་བཞི་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། །གཡོན་གྱི་དང་པོ་ན་སའི་ལྷ་སེར་པོ། །དེ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ་སྔོན་པོ། །གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་སེར་པོ། །ལྔ་པ་ན་རྔ་མོང་ཐལ་ཀ །དྲུག་པ་ན་མི་དམར་པོ། །བདུན་པ་ན་ཤ་ར་བྷ་སྔོན་པོ། །བརྒྱད་པ་ན་བྱི་བླ་གྭ་པ། །གཡོན་གྱི་གཉིས་པ་ན་ཆུའི་ལྷ་དཀར་པོ། །གསུམ་པ་ན་མེའི་ལྷ་དམར་པོ། །བཞི་པ་ན་རླུང་གི་ལྷ་ལྗང་གུ། ལྔ་པ་ན་ཟླ་བའི་ལྷ་དཀར་པོ། །དྲུག་པ་ན་ཉི་མའི་ལྷ་དམར་པོ། །བདུན་པ་ན་གཤིན་རྗེ་སྔོན་པོ། །བརྒྱད་པ་ན་ནོར་འཛིན་སེར་པོ། །དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཡས་གཉིས་བརྐྱང་པའི་བརླ་ལ་གཡོན་གཉིས་བསྐུམ་པའི་སོར་མོ་རྣམས་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། སྒེག་ཅིང་དཔའ་བ་མི་སྡུག་པ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་སེར་པོ་གྱེན་དུ་བརྫེས་པ།
༡༣༩གཡས་གྲི་གུག །གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་ཤིང་གཡས་བསྐུམ་པས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཡུམ་གྱི་མཁའ་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ། ཨཱཿས་མཚན་པ། ༀ་པདྨ་པདྨ་བདེ་འཛིན་པ་ནི།སུ་ཁ་དྷ་ར། མ་ཧཱ་འདོད་ཆགས་ཆེན་པོའ་བདེ་བ་སྟེར།མ་ཧཱ་རཱ་གསུ་ཁནྡ་ད། ཙ་དགའ་བཞིའི་སྐལ་པ་སྣ་ཚོགས་པ།ཏུ་རཱ་ནནྡ་བྷ་ག་བི་ཤྭ། ཧཱུྃ་ཧཱུྃ་ཧཱུྃ། ཀཱཾ་བྱ་བ་མཛོད་ཅིག་བདག་ལའོ།ཀུ་རུ་ཥྭ་མེ། ཡབ་ཀྱི་གསང་བའི་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ༀ་བཛྲ་རྡོ་རྗེ་ཞེ་སྡང་ཆེན་པོ་ནི།མ་ཧཱ་དཱེ་ཥ། ཙ་ཏུ་རཱ་དགའ་བ་བཞི་ནི་སྟེར་བར་བྱེད།ནནྡ་ཡ་ཀཿ ཁ་ག་མུ་ཁ་ཨེ། མཁའ་འགྲོའི་གདོང་པ་རོ་གཅིག་མགོན། ཀཱ་ར་སོ་ནཱ་ཐ། ཧཱུྃ་ཧཱུྃ་ཧཱུྃ། ཀཱཾ་བྱ་བ་མཛོད་ཅིག་བདག་ལའོ་ཀུ་རུ་ཥྭ་མེ། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའ་སྒྲ་ཧ་ཧ་སི་སི་ཀུན་དུརྷ་བཛྲ་དྷྲྀ་ཀ་ཅེས་གསང་པའི་གནས་སུ་གྲགས་པའི་སྒྲས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པས་ཐིག་ལེ་བརྒྱད་དུ་གྱུར། དེ་རྣམས་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཞེས་པའི་ས་བོན་བརྒྱད་དུ་གྱུར། དེ་རྣམས་འོད་དུ་ཞུ་བ་ལྷ་མོ་བརྒྱད་དུ་གྱུར་ནས། ཡུམ་གྱི་མཁའ་ནང་ནས་ཕྱིར་འཐོན་ཏེ། གདན་སོ་སོའ་སྟེང་དུ་རིམ་པ་བཞིན་འཁོད་པ་ནི། ཤར་དུ་གཽ་རཱི་ནག་པོ་གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་འཛིན་པ། ལྷོར་ཙཽ་རཱི་དམར་མོ་གཡས་ཅང་ཏེའུ། གཡོན་ཕག་པ་འཛིན་པ། ནུབ་ཏུ་པེ་ཏཱ་ལཱི་སེར་
༡༤༠མོ་གཡས་རུས་སྦལ། གཡོན་ཐོད་པ་འཛིན་པ། བྱང་དུ་གྷ་སྨ་རཱི་ལྗང་གུ་གཡས་སྦྲུལ། གཡོན་ཐོད་པ་འཛིན་པ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ་གཡས་སེང་གེ །གཡོན་དགྲ་སྟ་འཛིན་པ། ཤར་ལྷོར་རི་ཁྲོད་མ་དཀར་མོ་གཡས་དགེ་སློང་། གཡོན་གསིལ་བྱེད་འཛིན་པ། ལྷོ་ནུབ་ཏུ་གདོལ་པ་མོ་སྔོ་དམར་གཡས་འཁོར་ལོ། །གཡོན་ཐོང་གཤོལ་འཛིན་པ། །ནུབ་བྱང་དུ་གཡུང་མོ་ཁ་དོག་སྣ་ཚོགས་པ་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་སེར་པོ་གྱེན་དུ་བརྫེས་པ། གཅེར་བུ་རུས་པའི་རྒྱན་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཅིང་། སྐམ་པོ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡོན་བརྐྱངས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། སླར་ཡང་ཡབ་ཡུམ་སྙོམས་པར་ཞུགས་པས་བར་སྣང་ནས་ༀ་ཨཱཿཧཱུྃ་ཧོཿ དམར་པོ་གཉིས་ཀྱིས་མཐའ་བརྟེན་པའི་བར་དོའ་རྣམ་པར་ཤེས་པ་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ལས་ཡུམ་གྱི་མཁར་ཡི་གེས་སླེབས་པའི་རྐྱེན་གྱིས་ཡབ་ཡུམ་གཉིས་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ་ནས། བདུད་བཞིའི་སྟེང་དུ་བདེ་བ་ཆེན་པོའ་ངོ་བོ་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ཐིག་ལེར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རང་གི་ཤེས་པ་མཚམས་ཀྱི་ལྷ་མོ་བཞིར་འཕོས་ཏེ་གླུས་བསྐུལ་བར་བསམས་ཤིང་། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུཀྐ་སི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྤྱོར་བཞེད་མཛོད། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱཻ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་
༡༤༡གཙོ་འཇིག་རྟེན་མགྲོན་གཉེར་བ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱི། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ཉིད་དྲན་ཉམས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་བསྐུལ་བས། ཐིག་ལེ་དེ་ཉིད་ཧཱུྃ་དང་ཨཾ་སྔོན་པོ་འོད་འབར་ཞིང་འཇིགས་པར་གྱུར། དེ་ཞུ་བ་ལས་བདག་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། རྩ་བའི་ཞལ་སྔོན་པོ། །གཡས་དཀར། གཡོན་དམར། སྟེང་ཞལ་དུད་ཀ་།ཞལ་ལྷག་མ་གཉིས་གཉིས་གནག་པ་ནས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཞེས་པའི་བར་སྔར་བཞིན། ལྷ་ཐམས་ཅད་ཀྱི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་རང་རང་གི་ས་བོན་ཧཱུྃ་ཨཾ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་དེ་རྣམས་ལས་འོད་འཕྲོས་སྣོད་ཀྱི་འཇིག་རྟེན་ལ་ཕོག་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་ལ་ཕོག་ལྷ་དགུའི་ངོ་བོར་གྱུར། ཐམས་ཅད་ཀྱི་མིག་ཏུ་མཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། །རྣ་བར་དྭཾ་ལས་ཞེ་སྡང་རྡོ་རྗེ་མ་སྔོན་མོ། །སྣར་པཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། །ཁར་རཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། །དཔྲལ་བར་ༀ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་གུ། སྙིང་གར་ནཾ་ལས་བདག་མེད་རྣལ་འབྱོར་མ་ནག་མོ། །སྤྱི་བོར་ༀ་ལས་སྐུ་རྡོ་རྗེ་མ་དཀར་མོ། །མགྲིན་པར་ཨཱཿལས་གསུང་རྡོ་རྗེ་མ་དམར་མོ། །ཐུགས་ཀར་ཧཱུྃ་ལས་ཐུགས་རྡོ་རྗེ་མ་ནག་མོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་ཁ་ཾ་ག་འཛིན་པ། གཅེར་བུ་རུས་པའི་རྒྱན་ལྔ་དང་མི་མགོ་སྐམ་པོའ་ཕྲེང་བས་བརྒྱན་པ། རོའ་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་ཀྱེ་རྡོ་རྗེ་
༡༤༢ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཞེས་དང་། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། ཐལ་མོ་སྦྱར་ཏེ། དཀར་མོ་རི་དགས་སོགས་ནས། འཁྱུད་པ་ཉིད། ཅེས་པས་མཆོད། སྤྲོ་ན། འོག་ནས་འབྱུང་བའི་ཁྱོད་ནི་རྣལ་འབྱོར་མ་སོགས་ཀྱིས་བསྟོད། ཁུ་ཚུར་གཡོན་གྱི་མཐེའུ་ཆུང་དང་གཡས་པའི་མཛུབ་མོ་སྦྲེལ་ཏེ། ༀ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ཞེས་དང་། གཽ་རཱི་ནག་མོ་ལྕགས་ཀྱུ་ཐོགས་པས་སྲུང་འཁོར་གྱི་ནང་དུ་སྤྱན་དྲངས། ཁུ་ཚུར་གཉིས་རྒྱབ་སྤྲད་དེ་ཞགས་མིག་ལྟར་བྱས་ལ། ༀ་བཛྲ་ཙཽ་རཱི་པྲ་ཝེ་ཤ་ཡ་ཧཱུྃ། ཞེས་དང་། ཙཽ་རཱི་དམར་མོ་ཞགས་པ་ཐོགས་པས་མགྲིན་པ་ལ་རེག་པས་ཡེ་ཤེས་པ་རྣམས་སྨིན་མཚམས་ནས་ཐིམ། མཐེའུ་ཆུང་དང་མཛུབ་མོ་ཕན་ཚུན་སྦྲེལ་ཏེ། ༀ་བཛྲ་བེ་ཏཱ་ལཱི་བཾ། ཞེས་དང་། བེ་ཏཱ་ལཱི་སེར་མོ་ལྕགས་སྒྲོག་ཐོགས་པས་ཞབས་ལ་རེག་པས་དམ་ཚིག་པ་ལ་ཡེ་ཤེས་པ་འདྲེས། ཁུ་ཚུར་བཅངས་པའི་མཁྲིག་མ་གཉིས་བསྣོལ་ཏེ། ༀ་བཛྲ་གྷ་སྨ་རཱི་ཝ་ཤཾ་ཀུ་རུ་ཧོཿ ཞེས་དང་། གྷ་སྨ་རཱི་ལྗང་གུ་དྲིལ་བུ་ཐོགས་པས་ཕྱི་ནང་ཀུན་ཏུ་དྲིལ་བུའི་སྒྲ་བྱུང་བས་དམ་ཚིག་པ་རྣམས་ཡེ་ཤེས་པའི་ངོ་བོར་གྱུར་པར་བསམ། སླར་ཡང་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མོ་དྲུག །ཁྲོ་བོ་བཅུ་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ། གོང་ལྟར་མཆོད། སྤྲོ་ན། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེ་བདག་ལ་གསོལ། །འདོད་ཆགས་རྡོ་རྗེ་བདག་ལ་སྐྱོབས། །ཡིད་དང་ཕྲག་དོག་ཆེན་པོ་ཀུན། །རྡོ་རྗེ་ཀུན་གྱི་དམ་ཚིག་མཆོག །ལས་རྣམས་ཐམས་ཅད་སྒྲུབ་བྱེད་པ། །རྡོ་རྗེ་ཅན་ཀུན་བདག་དགེས་མཛོད། །ཅེས་བསྟོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་དེ་རྣམས་ཧེ་རུ་
༡༤༣ཀའི་གཟུགས་སུ་གྱུར་ནས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པ་དང་བཅས་ཏེ་དབང་བསྐུར་བས། དབང་གི་ཆུ་རྒྱུན་དེས་སྨིན་མཚམས་ཡན་ཆད་གང་། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །སྤྱི་བོའ་འཁོར་ལོ་མི་བསྐྱོད་པ། རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པ་རྣམ་པར་སྣང་མཛད་བརྗོད། །སྐ་རག་ས་ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོར་འཛིན་མགོན། །དབང་གི་ཆུ་རྒྱུན་དེས་མགྲིན་པ་ཡན་ཆད་གང་། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལྟེ་བ་སྤྲུལ་པའི་འཁོར་ལོ་ཨེ་ལས་ཀྱི་ཕྱག་རྒྱ། སྙིང་ག་ཆོས་ཀྱི་འཁོར་ལོ་ཧཱུྃ་ཆོས་ཀྱི་ཕྱག་རྒྱ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ༀ་ཕྱག་རྒྱ་ཆེན་པོ། །སྤྱི་བོ་བདེ་བ་ཆེན་པོའ་འཁོར་ལོ་ཧཾ་དམ་ཚིག་གི་ཕྱག་རྒྱ། དབང་གི་ཆུ་རྒྱུན་དེས་སྙིང་ག་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག །མིག་ཏུ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཁ་ལ་འདོད་ཆགས་རྡོ་རྗེ་མ། ལུས་ལ་ཕྲག་དོག་རྡོ་རྗེ་མ། ཡིད་ལ་བདག་མེད་རྣལ་འབྱོར་མ། སྤྱི་བོར་སྐུ་རྡོ་རྗེ་མ། མགྲིན་པར་གསུང་རྡོ་རྗེ་མ། ཐུགས་ཀར་ཐུགས་རྡོ་རྗེ་མ། དབང་གི་ཆུ་རྒྱུན་དེས་རྐང་མཐིལ་ཡན་ཆད་གང་། དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །
༡༤༤ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ་གཉིས་གཽ་རཱི་དང་པུཀྐ་སི་ལ་མི་བསྐྱོད་པ། ཙཽ་རཱི་དང་ཤ་ཝ་རི་ལ་རྣམ་པར་སྣང་མཛད། བེ་ཏཱ་ལཱི་དང་ཙཎྜ་ལཱི་ལ་རིན་ཆེན་འབྱུང་ལྡན། གྷ་སྨ་རཱི་དང་ཌཾ་བི་ནཱི་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བདུད་རྩི་དངོས་སུ་འབྱོར་རམ་བསམས་ཀྱང་རུང་སྟེ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱསྭ་བྷཱ་ཝ་ཤུདྡྷོ་྅་ཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བདུངས་པ་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། དེའི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཤར་དུ་གོ་ལས་བ་ལང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ན་ལས་མིའི་ཤ །ཤ་དེ་རྣམས་རེ་རེའི་སྟེང་དུ་ཡང་། ཤར་དུ་བྷྲཱུཾ་ལས་དྲི་ཆེན། ལྷོར་ཨཱཾ་ལས་རཀྟ། ནུབ་ཏུ་ཛྲཱིཾ་ལས་བྱང་སེམས། བྱང་དུ་ཁཾ་ལས་ཤ་ཆེན་གྱི་དྭངས་མ། དབུས་སུ་ཧཱུྃ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཤར་དུ་བྷྲཱུཾ་མེ་ལོང་ལྟ་བུའི་ཡེ་ཤེས། ལྷོར་ཨཱཾ་མཉམ་པ་ཉིད་ཀྱི་ཡེ་ཤེས། ནུབ་ཏུ་ཛྲཱིཾ་སོ་སོར་རྟོག་པའི་ཡེ་ཤེས། བྱང་དུ་ཁཾ་བྱ་བ་གྲུབ་པའི་ཡེ་ཤེས། དབུས་སུ་ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཟླ་བའི་མཐར་གཡོན་སྐོར་གྱིས་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ༀ་ཨཱཿ གཡས་སྐོར་གྱིས་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། དེ་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་ༀ་དཀར་པོ་མགོ་བོ་ཐུར་དུ་བལྟས་པ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་
༡༤༥འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གི་བ་དན་ལ་ཕོག་པས་རླུང་གཡོས་མེ་སྦར་བས་ཤ་ལྔ་བདུད་རྩི་ལྔ་རྣམས་སྐོལ་ཞིང་འོད་དུ་ཞུ་བའི་རླངས་པ་གྱེན་ལ་སོང་བས། ༀ་དང་རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་ཕོག་པས་བདུད་རྩིའི་རྒྱུན་འཛག །ཡང་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡང་དག་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམས་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་བྱོན་ཏེ། རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཐིམ་པས་རྡོ་རྗེ་ལྗིད་དང་ལྡན་པར་གྱུར། རྡོ་རྗེ་ཉི་མ་ༀ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བ་འོད་དུ་ཞུ་ནས་སྔར་གྱི་བདུད་རྩི་རྣམས་དང་གཉིས་སུ་མེད་པར་གྱུར་ཏེ་ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་པ་གཡོན་པའི་སྲིན་ལག་གིས་བླངས་ཏེ་མྱང་ལ། ལྷ་རྣམས་ཀྱིས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་བདེ་བས་ཚིམ་པར་བསམས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་བྷཱ་ཝ་ཨཱཏྨ་་ཀོ྅་ཧཾ། རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ཤིང་། དཀར་མོ་རི་དགས་སོགས་ནས་འཁྱུད་པ་ཉིད། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ལྷ་མོ་དེ་རྣམས་ཀྱིས་བསྟོད་པར་བསམས་ལ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་མཆོག་བརྙེས་པ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པ་རྡོ་རྗེ་བསྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགེས། །ༀ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དེ་ཡན་ཆད་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་བསྒོམས་ལ། རྟེན་དང་བརྟེན་པ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ལ་སེམས་གཟུང་། དེ་ལ་
༡༤༦བརྟན་པ་མ་རྫོགས་པའི་རིམ་པ་བླ་མ་ལས་ཇི་ལྟར་ཐོབ་པ་ལྟར་ཉམས་སུ་བླང་ངོ་། །དག་པ་དྲན་པ་ནི། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་སྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །དེ་ཉིད་གསུམ་ནི་སྤྱན་གསུམ་པོ། །ཤ་ནི་པུཀྐ་སཱི་རུ་བརྗོད། །དེ་བཞིན་ཁྲག་ནི་རི་ཁྲོད་མ། །གདོལ་པ་མོ་ནི་ཁུ་བར་བརྗོད། །གཡུང་མོ་རྐང་དང་ཚིལ་བུ་དག །པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་བཞི་པོ་ཉིད། །ཅེས་བརྗོད། རྒྱས་པ་ལ་སྤྲོ་ན། གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁོང་སྐམ་མཛེ་དང་བིརྫི་ཀ །མཆིན་པ་མཚེར་པའི་ནད་རྣམས་ལ། །གླང་པོ་ལ་སོགས་རིམ་ཤེས་བྱ། །ས་ནི་དང་པོ་ནོར་འཛིན་མཐར། །དབང་ཕྱུག་བརྒྱད་ནི་སྩོལ་བར་མཛད། །སྤྱི་བོའ་འཁོར་ལོ་མི་བསྐྱོད་པ། །ཞེས་སོགས་གོང་ལྟར་དང་། བཅོམ་ལྡན་འདས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། གཽ་རཱི་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཙཽ་རཱི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། བེ་ཏཱ་ལཱི་ནི་སོ་སོར་རྟོག་པའི་ཡེ་ཤེས། གྷསྨ་རཱི་ནི་བྱ་བ་གྲུབ་པའི་ཡེ་ཤེས། པུཀྐ་སཱི་ནི་བྱམས་པ་ཚད་མེད་པ། ཤ་བ་རཱི་ནི་སྙིང་རྗེ་ཚད་མེད་པ། གདོལ་པ་མོ་ནི་དགའ་བ་ཚད་མེད་པ། གཡུང་མོ་ནི་བཏང་སྙོམས་ཚད་མེད་པ། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ། དུར་ཁྲོད་བརྒྱད་ནི་སྣ་བུག་གཅིག་ཏུ་བསྡམས་པའི་ལུས་ཀྱི་བུ་ག་རྣམ་པར་དག་པའོ། །གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ནི་དཀར་མོར་བཤེད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའ་ཚུལ་གྱིས་ནི། །བདག་མེད་
༡༤༧རྣལ་འབྱོར་མ་གནས་སོ། །ས་ནི་པུཀྐ་སཱི་ཞེས་བརྗོད། །ཆུ་ཁམས་རྔོན་པ་མ་ཞེས་བརྗོད། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །འདོད་ཆགས་ཆུ་ཡི་རྣལ་འབྱོར་མ། །ཕྲག་དོག་རྡོ་རྗེ་མཁའ་འགྲོ་མ། །སེར་སྣ་གསང་བའི་དཀར་མོ་ཉིད། །གཏི་མུག་དེ་བཞིན་རྡོ་རྗེར་བཤད། །མིག་ལ་གཏི་མུག་རྡོ་རྗེ་མ། །ཞེས་སོགས་ནས། ཡིད་ལ་བདག་མེད་རྣལ་འབྱོར་མ། །གཟུགས་ལ་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མར་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རབ་གྲགས། །རེག་ལས་ས་སྤྱོད་མ་ཞེས་བརྗོད། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །ཞེས་བརྗོད་ཅིང་དོན་ཡིད་ལ་དྲན་པར་བྱའོ། །དག་པ་དྲན་པ་འདི་འོག་སྤྱོད་ལམ་གྱི་རྣལ་འབྱོར་གྱི་ཐོག་མར་བྱས་ཀྱང་ཉེས་པ་མེད་དོ། །བཟླས་པའི་རྣལ་འབྱོར་ནི། དུས་རྒྱུན་དུ་དཀྱིལ་འཁོར་བསྡུས་ནས་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་བྱས་ཀྱང་གཏུབ། བསྙེན་པ་ལ་སོགས་པའི་ཚེ་སྐབས་འདི་ཁོ་ནར་བྱ་སྟེ། དེ་ཡང་ཡུམ་གྱི་ཐུགས་ཀའི་ཨཾ་ལས་སྔགས་ཀྱི་ཕྲེང་བ་བྱུང་ཞལ་ནས་འཐོན་ཡབ་ཀྱི་ཞལ་དུ་ཞུགས་སྐུའི་དབྱིབ་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་སྟེ་ཡུམ་གྱི་པདྨར་ཞུགས། སྐུའི་དབྱིབས་བརྒྱུད་དེ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་ཏེ་རྒྱུན་མི་འཆད་པར་འཁོར་བ་ལས། ལས་དང་མཐུན་པའི་འོད་ཟེར་འཕྲོས་པས་ལྷ་རྣམས་དབང་དུ་འདུས་པར་བསམས་ལ། བྱིན་གྱིས་བརླབས་པའི་ཕྲེང་བ་བཟུང་སྟེ། ༀ་ཨཱཥྚཱ་དབང་སྔགས་བརྒྱད་པའི་ཞལ་ཅན་ལ།ན་ནཱ་ཡ། པིངྐ་དམར་སེར་དབུ་སྐྲ་གྱེན་བརྫེས་ལ།ལོ་རྡྷཱ་ཀེ་ཤ་ཝ་ནེ། ཙ་ཏུ་ཏི་ནེ་ཏྲཱ་ཡ། ཉི་ཤུ་རྩ་བཞིའི་སྤྱན་ལྡན་ལ། ཥོ་ཌ་ཤ་བྷུ་ཛཱ་ཡ། བཅུ་དྲུག་པ་ཡི་ཕྱག་ཅན་ལ། ཀྲིཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཆར་སྤྲིན་ལྟར་གནས་སྐུ་ཅན་ལ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷཱ་རི་ཎེ། ཐོད་ཕྲེང་དུ་མའི་འཛིན་པ་ལ། ཨདྷྨཱ་ཏ་ཀྲཱུར་ཙིཏྟཱ་
༡༤༨ཡ། ཁོང་ནས་འཁྲུགས་པའི་ཐུགས་ཅན་ལ། ཨརྡྷེནྡུ་དཾ་ཥྚཱི་ཎེ། ཟླ་ཕྱེད་ལྟ་བུའི་མཆེ་གཙིགས་ལ། མཱ་ར་ཡ་མཱ་ར་ཡ། གསོད་ཅིག་གསོད་ཅིག །ཀཱ་ར་ཡ་ཀཱ་ར་ཡ། གྱིས་ཤིག་གྱིས་ཤིག །གརྫྫ་ཡ་གརྫྫ་ཡ། སྒྲོགས་ཤིག་སྒྲོགས་ཤིག །ཏརྫྫ་ཡ། ཏརྫྫ་ཡ། རྟོགས་ཤིག །རྟོགས་ཤིག །ཤོ་ཥ་ཡ་ཤོ་ཥ་ཡ། སྒོམས་ཤིག་སྒོམས་ཤིག །སཔྟ་སཱ་ག་རཱ་ན། མཚོ་བདུན་རྣམས། བནྡྷ་བནྡྷ། ཆིངས་ཤིག་ཆིངས་ཤིག ། ནཱ་གཱཥྚ་ཀཱ་ན། ཀླུ་བརྒྱད་རྣམས། གྲཧྞ་གྲཾཧྞ། ཟུང་ཤིག་ཟུང་ཤིག །ཤ་ཏྲཱུན། དགྲ་བོ་རྣམས། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ། ཧཿཕཊཿསྭཱ་ཧཱ། བོས་ཤིག་ལེགས་པ་སྦྱིན། ༀ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་འཇམ་པའི་རྡོ་རྗེ། ༀ་བཛྲ་ཀ་རི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡབ་ཀྱི་རྩ་སྔགས་སྙིང་པོ་ཉེ་སྙིང་ངོ་། །ༀ་ཨཱཿ ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨཾ་ཨཱཿཨཾ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿནྂ་བཛྲ་ནཻ་རཱཏྨཱ། རྡོ་རྗེ་གྲི་གུག །ཀྱེ་རྡོ་རྗེ། ཡ་ཧཱུྃ་ཕཊ་སྭཱ་ཧཱ། རྣལ་འབྱོར་མ་རྣམས་དང་ཡུམ་གྱིའོ། །ༀ་ཨཱཿགཾ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿགཾ་བཛྲ་གཽ་རཱི་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿཙཾ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿཙཾ་བཛྲ་ཙཽ་རཱི་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿབཾ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿབྂ། རྡོ་རྗེ་བདག་མེད་མ་ཡི་ཆེད། བཛྲ་བེ་ཏཱ་ལཱི་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿགྷཾ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿགྷཾ་བཛྲ་གྷསྨ་རཱི་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿསཾ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿསཾ་བཛྲ་པུཀྐ་སཱི་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿཤཾ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿཤཾ་བཛྲ་ཤ་ཝ་རི་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿལཾ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿལཾ་བཛྲ་ཙཎྜ་ལི་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿཌཾ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿཌཾ་བཛྲ་ཌོཾ་བི་ནི་ཧཱུྃ་ཕཊ་སྭཱ་ཧཱ། འཁོར་གྱི་སྟེ་ཡབ་ཡུམ་ལ་ཇི་ཙམ་ཟློས་པའི་བཅུ་ཆ་བཟླས་ལ། ཐལ་མོ་སྦྱར་ཏེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་ཏུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྙིང་པོ་ཀྱཻ་རྡོ་རྗེའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། གོང་དུ་དཀྱིལ་འཁོར་བ་བསྡུས་ན།
༡༤༩རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་ལ། དུར་ཁྲོད་བརྒྱད་གཞལ་ཡས་ཁང་ལ། གཞལ་ཡས་ཁང་ལྷ་མོ་བརྒྱད་ལ། ལྷ་མོ་བརྒྱད་ཞལ་བརྒྱད་ལ་ཐིམ་པར་བསམས་པ། ཐོ་རང་ཀྱི་ཐུན་མ་ཡིན་པའི་ཐུན་གཞན་གསུམ་གྱི་རྗེས་སམ། གཏོར་མ་དང་འབྲེལ་ན་དེའི་རྗེས་སུ།ཀལྤ་ཀྲེལླའི་རིང་གནས་རྡོ་རྗེ་དང་།ཨི་རཱེཨ་བོ་ལཱ། མུམྨུ་མམྨུ་ནི་རག་ནས་པདྨའོ།ཎི་རེ་ཀཀྐོ་ལཱ། གྷ་ཀྱེ་རྟ་ཚོགས་སུ་ཅང་ཏེའུ་དཀྲོལ།ཎེ་ཀྲྀ་བིཊ་ཧོ་ཨི། ཀ་སྙིང་རྗེསཀུ་ཙ་མི་བྱའོ།རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། ཏ་དོ་རུ་ཤ་རི་བཟའ་བར་བྱ།ཧིཾ་བ་ལ་ཁཱ་ཛྫ་ཨི། གཱ།།།་འབད་པས་ཆང་ནི་བཏུང་བར་བྱ།མ་ཨ་ཎཱ་བིཛྫ་ཨི། ཧ་ཀྱེ་ཧོ་སྐལ་ལྡན་གཞུག་པར་བྱ།ལེ་ཀཱ་ལིཉྫར་པ་ཎི་ཨ་ཨི། དུནྟུ་སྐལ་མེད་རྣམས་ནི་སྤང་བར་བྱ།ར་བཱཛྫི་ཨ་ཨ། ཙ་བཞི་མཉམ་ཀླ་ཙི་ཏུ་ཨུས་མ་ཀཙྪུ་རཱི་སི་ཧླཱ། ཀཱ་ག་བུར་རྣམས་ནི་བྱུག་པར་བྱ།པྤུ་ར་ལཱ་ཨི་ཨ་ཨི། མཱ་ཚོད་མ་དང་ནི་ཤ་ཆེན་པོ།ལ་ཨིནྡྷ་ཎ་སཱ་ལིཉྫ། ཧ་ཧིཾ་དེར་ནི་མང་དུ་བཟའ་བར་བྱ།བྷ་རུ་ཁ་ཨི་ཨ་ཨི། ཕྲེ་ཁ་འོང་བ་དང་ནི་འགྲོ་བ་བྱ།ཎ་ཁ་ཊ་ཀར་ནྟ། ཤུངྔྷ་དག་དང་མ་དག་དམིགས་མི་བྱ།ཨ་མུ་ཎི་ཨ་ཨི། ནི་རུས་པའི་རྒྱན་ནི་ལུས་ལ་གདགས།རཾ་སུ་ཨཾ་གེ་ཙ་ཌཱ་ཝི། ཏ་ཧིཾ་ཛ་དེར་ནི་སྐྱེས་པའི་རོ་བཞུག་བྱ།ས་རཱ་ཝ་ས་ཎི་ཨ་ཨི། མ་ལ་འདུ་བར་འཁྲིག་ལ་འཇུག་པར་བྱ།ཨ་ཛེ་ཀུན་དུ་རུ་བཱ་ཏ་ཨི། ཌི་ཎྜི་མ་ཏ་ཧིནྣ་བཱ་ཛྫ་ཨ་དེར་ནི་རེག་མིན་སྤང་མི་བྱ།ཨི། ཞེས་རྡོ་རྗེའི་གླུ་བླང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །དེ་ཡེས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་
༡༥༠མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །ཞེས་བཀྲ་ཤིས་བརྗོད། རིགས་སུ་སྐྱེ་དང་དམ་ཚིགས་ཅན། །སྨྱོ་མེད་ཀྱཻ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའ་ཆོས་ནི་ཀློག་པ་དང་། །བཙུན་མོའ་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གིས་ལམ་གྱིས་གྲོལ་འགྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སྨོན་ལམ་བཏབ། སྤྱོད་ལམ་ལ་འཇུག་པའི་ཚེ་རང་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་ཡུལ་དང་ཡུལ་ཅན་ཐམས་ཅད་ལྷའི་འཁོར་ལོར་ཤེས་པར་བྱས་སྡང་ཞེན་མེད་པར་ལོངས་སྤྱད། ཁ་ཟས་ཟ་བའི་ཚེ་ཁ་ཟས་ལ་ལག་པ་གཡོན་པའི་མཐེབ་སྲིན་གྱིས་རེག་སྟེ། ༀ་ཨཱཿཧཱུྃ་ཞེས་པས་བཟའ་བཏུང་བདུད་རྩིར་བསམས་ལ། སྙིང་གའི་ཧཱུྃ་ལྷ་ཐམས་ཅད་ཀྱི་ངོ་བོ་མཆོད་པར་མོས་ཤིང་ཆགས་ཞེན་མེད་པར་བཟའ། ལྷག་མ། ༀ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་སེ་གོལ་གྱི་སྒྲ་དང་བཅས་ཏེ་ལྷག་མ་ལ་དབང་བའི་འབྱུང་པོ་ལ་སྦྱིན། ཁྱིམ་པ་ཡིན་ན་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་རྗེས་ཆགས་ཀྱི་རྣལ་འབྱོར་བྱ། ཉལ་བའི་ཚེ་ཡུམ་ཡབ་ལ། ཡབ་ཀྱི་ཞལ་ཕྱག་ལྷག་མ་རྣམས་རྩ་བའི་ཞལ་ཕྱག་ལ། དེའང་ཐུགས་ཀའི་ཧཱུྃ་ལ། ཧཱུྃ་གི་ཞབས་ཀྱུ་ཁོག་པ་ལ། ཁོག་པ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། མཐར་ནཱ་ད་ཡང་མི་དམིགས་པར་བསམས་ལ་འོད་གསལ་ལྷན་ཅིག་སྐྱེས་པ་འཛིན་པ་དང་བྲལ་བའི་ངང་དུ་ཉལ། ཐོ་རང་གཉིད་སད་པ་ན་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་ལྷའི་ང་རྒྱལ་གྱིས་ལངས་ལ། སྲོད་ཐུན་གྱི་རྗེས་གྱི་རྡོ་རྗེའི་གླུ་དང་བཀྲ་ཤིས་སྨོན་ལམ་རྣམས་བྱ། ཁྲུས་བྱེད་ན་དབང་གི་སྐབས་ཇི་ལྟ་བ་བཞིན་ནམ། རྣལ་འབྱོར་རྒྱས་བསྡུས་གང་རིགས་ཀྱིས་ངག་ཏུ་ཡི་གེ་བརྒྱ་པ་བཟླ་ཞིང་བཀྲུས་པ། མཆོད་གཏོར་གྱི་རྣལ་འབྱོར་ལོགས་ནས་འབྱུང་བ་ལྟར་བྱས་ཏེ་ཐོ་རངས་ཀྱི་ཐུན་ལ་འཇུག་ལ་སོགས་གོང་བཞིན་དུ་བྱའོ། །དེ་ལྟར་རྣལ་འབྱོར་རྣམ་ལ་ས་བཅུ་བར་མ་ཆད་
༡༥༡པར་ཉམས་སུ་བླང་ན་གནས་སྐབས་སུ་གྲུབ་མཐའ་རྣམས་རིམ་པས་སྙོགས་ཤིང་། མཐར་ཐུག་རྡོ་རྗེ་འཛིན་པའི་ས་མངོན་དུ་འགྱུར་བ་ནི་ངེས་པའོ། །ཁམས་དྲུག་ཡུལ་དྲུག་འགྲོ་དྲུག་དབང་པོ་དྲུག །ཁ་དོག་དྲུག་དང་ཕུང་པོ་དབྱིངས་བཅས་དྲུག །སྦྱངས་ནས་རྒྱལ་བ་རིགས་དྲག་ཐོབ་བྱེད་པའི། །སྒྲུབ་ཐབས་འདི་ནི་ཡན་ལག་དྲུག་པ་ཡིན། །དེ་ཡི་ངག་འདོན་མངོན་རྟོགས་མཛེས་རྒྱན་འདི། །བློ་ལྡན་སློབ་མ་མང་པོས་བསྐུལ་བའི་ངོར་། །རྗེ་བཙུན་གོང་མའི་གསུང་རབ་ལ་གཏུགས་ཏེ། །འདྲེན་མཆོག་བླ་མའི་དགོངས་པ་ཇི་བཞིན་བཀོད། །སྔགས་རྣམས་ཕལ་ཆེར་རྒྱ་དཔེ་དུ་མ་ལ། །གཏུགས་ཏེ་ཤིན་ཏུ་དག་པར་བགྱིས་པས་ན། །རིང་ཐུང་གཅོད་མཚམས་འདི་བཞིན་ཤེས་གྱིས་ལ། །དཔྱོད་ལྡན་རྣམས་ཀྱིས་དག་པར་ཉམས་སུ་ལོང་། །བདག་གིས་འབད་དེ་ལེགས་པར་དཔྱད་ན་ཡང་། །ཟབ་དོན་འབྱེད་ལ་བྱིས་བློ་མཐུ་ཆུང་བས། །ནོངས་པ་མཆིས་ན་བླ་མ་ལྷར་བཅས་ཀྱིས། །བཟོད་པ་མཛད་དེ་སྡིག་ཀུན་སྦྱང་དུ་གསོལ། །འདིར་འབད་དགེ་དང་དགེ་བཞན་ཅི་མཆིས་དེས། །འདྲེན་མཆོག་བླ་མའི་ཐུགས་དགོངས་རྫོགས་པ་དང་། །མཁའ་མཉམ་སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །བདག་གིས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །དཔལ་ཀྱཻ་རྡོ་རྗེའི་མངོན་པར་རྟོགས་པ་འབྲིང་དུ་བྱ་བ་ཡན་ལག་དྲུག་པའི་མཛེས་རྒྱན་ཞེས་བྱ་བ་འདི་ནི། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་རཏྣ་ཝརྡྷའི་ཞལ་སྔ་ནས་དང་། ཚད་མེད་ཐུགས་རྗེའི་མངའ་བདག་མུས་ཆེན་སངས་རྒྱས་རིན་ཆེན་དང་། །མཁྱེན་རབ་ཀྱི་དབང་ཕྱུག་ལོ་ཙཱ་བ་འཇམ་པའི་དབྱངས་ཆེན་པོ་ལ་སོགས་པ་ཡོངས་འཛིན་དམ་པ་སྤྲུལ་པའི་སྐུ་དུ་མའི་ཞབས་ཀྱི་རྡུལ་ཕྲན་རྙོག་པ་མེད་པ་གཙུག་གིས་བླངས་པ་ལ་བརྟེན་ནས། འཛམ་གླིང་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་གསུང་རབ་རིན་པོ་ཆེ་རྣམས་ཀྱི་ཚིག་དོན་ལ་ཤེས་
༡༥༢ནས་དད་པ་ཐོབ་པ་མང་དུ་ཐོས་པའི་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ལས་དང་པོ་པ་རྣམས་འཇུག་པ་བདེ་བའི་ཆེད་དུ། མུས་ཆེན་སེམས་དཔའ་ཆེན་པོས་མཛད་པའི་སྒྲུབ་ཐབས་ཀྱི་ཡི་གེ་ལ་གཞི་བྱས། རྗེ་བཙུན་གོང་མ་ཡབ་སྲས་ཀྱི་གསུང་རབ་རྣམས་ལ་ཞུས་དག་གི་ཚུལ་དུ་གཏུགས་ཤིང་། བླ་མ་མཁས་པ་རྣམས་ཀྱི་གསུང་སྒྲོས་ཀྱིས་ཀྱང་བརྒྱན་ཏེ། ལྕགས་མོ་ཕག་གི་ལོ་སྟོན་ཟླ་འབྲིང་པོའ་ཡར་ཚེས་བཅུའི་ཉིན། རྗེ་བླ་མ་ཡབ་སྲས་གསུམ་གྱི་དུས་དྲན་གྱི་མཆོད་པར་དམིགས་ཏེ། དཔལ་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དུ་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །འདིའི་རྒྱབ་བརྟེན་དུ་དཔལ་ས་སྐྱ་པ་ཡབ་སྲས་ཀྱི་གསུང་རབ་རྣམས་རྟོག་དཔྱོད་ཞིབ་མོས་བལྟ་བ་གལ་ཆེའོ། །སརྦ་མངྒ་ལམ།། །། །།

༄༅། །ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་རླུང་སེམས་གཉིས་མེད་བཞུགས་སོ། །

༡༦༧ ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་རླུང་སེམས་གཉིས་མེད་བཞུགས་སོ།། །།
༡༦༨ དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །གཏུམ་མོ་རླུང་སེམས་གཉིས་མེད་ལ་གཞུག་ཐབས་རྣམ་པ་གསུམ་སྟེ། རླུང་ལུས་ལ་གཞུག་པ་དང་། སེམས་ལ་གཞུག་པ་དང་། འོད་གསལ་ལ་གཞུག་པའོ། །ལུས་ལ་གཞུག་པ་ནི། སེམས་བསྐྱེད་ལ་སྐད་ཅིག་གིས་ལྷར་བསམ། རྩ་གསུམ་འདུས་མདོར་ཆོས་འབྱུང་དམར་པོ་གཅིག་བསམ། དེའི་ནང་དུ་གཏུམ་མོ་ཡེ་ཤེས་ཀྱི་མེ་སོར་བཞི་པ་ཙམ་ཁ་དོག་དམར་ལ་གསལ་བ། རེག་བྱ་ཚ་ཞིང་གདུང་བ། རྩེ་མོ་ཕྲ་ལ་རྣོ་བ་གཅིག་བསམ། དེ་ནས་འཇམ་རླུང་གཅིག་གཟུང་ལ་དྲོད་མ་སྐྱེས་བར་དུ་བསྒོམ། སེམས་ལ་གཞུག་པ་ནི། གཏུམ་མོའ་མེ་ཡར་ལ་འབར་བས་རྩ་གནས་ཐམས་ཅད་དྲོས་འཁོར་ལོ་གསུམ་གྱི་རྩ་འདུད་ཐམས་ཅད་གྲོལ་བས། སྤྱི་བོའ་ཧཾ་ཞུ། བྱང་སེམས་ཐིག་ལེ་བབ། མེ་དང་ཐིག་ལེས་རྩ་གནས་ཐམས་ཅད་དུ་ཁྱབ་པར་བསམ་ནས་བདེ་བ་མ་སྐྱེས་བར་དུ་བསྒོམ། བདེ་དྲོད་སྐྱེས་ནས་འོད་གསལ་དུ་གཞུག་པ་ནི་སེམས་སྟོང་པའི་ངང་ལ་མ་གཡོས་པར་བཞག །བདེ་སྟོང་གི་ངང་དུ་རླུང་འབྲལ་མེད་
༡༦༩ དུ་བསྒོམ། བླ་མ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །གཉིས་པ་འཕོ་བ་རླུང་སེམས་གཉིས་མེད་ནི། བླ་མ་དང་ནི་ཡི་དམ་ལ་བརྟེན་ནས་ཐིག་ལེ་སྔོ་དམར་གྱིས་འཕོ་བའི་མན་ངག་ལ། རང་ཡི་དམ་དུ་བསམ། ལུས་ཁོང་སྟོང་དུ་བསམ། ལྟེ་བར་ཆོས་འབྱུང་གི་ནང་དུ་ཐིག་ལེ་དམར་པོ་འོད་ཁ་དོག་ལྔ་འཕྲོག་གཅིག་བསམ། སྙིང་གར་ཡི་དམ་བསམ། སྤྱི་བོར་བླ་མར་བསམ། ཐིག་ལེ་དམར་པོ་དེ་ལས་ཐིག་ལེ་སྔོན་པོ་གཅིག་ཆད་ནས་སྙིང་གའི་ཡི་དམ་གྱི་ལྷ་ལ་གཡས་སུ་བསྐོར་བ་བྱས། སྤྱི་བོར་བླ་མའི་ཞབས་ལ་རེག །སྟེང་རླུང་མནན་པས་ཐུར་ལ་སོང་ནས་ཡི་དམ་ལ་བསྐོར་བ་བྱས། ལྟེ་བའི་ཐིག་ལེ་ལ་ཐིམ་པར་བསམ། དེ་ནི་སྦྱང་བའོ། །སྤྱི་བོར་ཚ་ཙག་ཙག་པའམ། རླངས་པ་ཚུབ་ཚུབ་པའམ། རིག་པ་ནམ་མཁའ་ལ་ཡེད་ཡེད་པའི་རྟགས་དེ་རྣམ་གང་རུང་མ་བྱུང་གི་བར་དུ་བྱའོ། །དེ་ནས་འཆི་ལྟས་རྫོགས་པ་དང་ལས་ལ་སྦྱར་བ་ནི། ལུས་སྐྱིལ་ཀྲུང་བཅས་ལ་འོག་རླུང་འཐེན་པས་ཐིག་ལེ་ཡར་བྱུང་། སྙིང་གའི་ཡི་དམ་ལ་ཐིམ། ཡི་དམ་ཡར་
༡༧༠ ལ་ཇེ་མཐོ་ལ་སོང་། སྤྱི་བོར་བླ་མ་ལ་ཐིམ། བླ་མ་འོད་དུ་ཞུ། འོད་ཀྱང་སྟོང་པར་བསམ། ཡི་དམ་ལ་ཐིམ་པས་ལོངས་སྐུར་འཕོ་བ། བླ་མ་ལ་ཐིམ་པས་སྤྲུལ་སྐུར་འཕོ་བ། སྟོང་པར་བསམ་པས་ཆོས་སྐུར་འཕོ་བའོ། །།།། ཌཱ་ཀི་ནཱི་ན་མོ། གསུམ་པ་སྒྱུ་ལུས་རླུང་སེམས་གཉིས་མེད་ནི། སྒྱུ་མ་གསུམ་བརྒྱུད་ཅེས་བྱ་བར་འདོད་པ་ཡིན། སྒྱུ་མ་དང་པོ་སྒྱུ་ལུས་ལ་ངོ་སྤྲད་པ་ནི། སེམས་སྐྱེ་མེད་རང་བཞིན་གྱི་བླ་མ་ལ་མོས་གུས་བྱ། མདུན་དུ་མེ་ལོང་གཡའ་དག་པ་བཞག །དེའི་ནང་དུ་རང་གི་གཟུགས་བརྙན་འཆར་བར་བྱས་ལ། དེ་ལ་བལྟས་པས་མེད་བཞིན་དུ་སྣང་བ་སྒྱུ་མའི་ལུས་སུ་འདུག་སྙམ་དུ་བསམ། དེ་ལ་མདའ་དང་མདུང་ལ་སོགས་པ་མང་པོས་བརྡེག་པར་བསམ་མོ། །དེ་ལ་ཡང་རྒྱན་མང་པོ་འདོགས་པར་བསམ་མོ། །དེ་གཉིས་ལ་དགའ་མི་དགའ་བལྟ། སྒྱུ་མའི་ལུས་ཡིན་པས་དགའ་མི་དགའ་མི་འོང་། ད་ནས་གཟུགས་བརྙན་དེ་རང་ལ་བཅུག་ལ་རང་གི་ལུས་ལ་སྔར་བཞིན་དགའ་མི་དགའ་མི་འདུག་ན། ཁྲོམ་གསེབ་ན་ཕྱིན་ལ་རྒྱན་ལ་སོགས་པ་འཕྲོགས་ནས་བརྡེག་ཏུ་བཅུག་ལ་དགའ་མི་དགའ་ཨེ་འདུག་བལྟ། མི་འདུག་ན་སྒྱུ་མ་ལྟར་གཏན་ལ་ཕེབས་སོ། །དེ་ནས་ངག་སྒྱུ་མར་གཏན་ལ་དབབ་པ་ནི། གཟུགས་བརྙན་དེ་ལ་བསྟོད་སྨད་སྣ་ཚོགས་བྱས་པས་དགའ་མི་དགའ་མི་འོང་། དེ་ནས་རང་ལ་གཞུག་ལ་བལྟ། ཆགས་སྡང་མི་འདུག་ན་གཞན་གཅིག་གིས་བསྟོད་སྨད་བརྗོད་དུ་བཅུག་ལ་བལྟ། དགའ་མི་དགའ་མི་འདུག་ན་ངག་སྒྱུ་མ་ལྟར་གཏན་ལ་ཕེབས་སོ། །དེ་ནས་དུག་ལྔའི་རྟོག་པ་མ་སྐྱེས་ན་ཡིད་སྒྱུ་མར་གཏན་ལ་ཕེབས་པ་ཡིན། གང་དྲན་ཐམས་ཅད་སྒྱུ་མར་ཤེས་ན། དེ་ནས་སྣང་བ་ལྷ་སྐུ་སྒྱུ་མ་ལྟ་བུ་དང་མ་བྲལ་བར་བྱ། སྒྲ་སྐད་ཐམས་ཅད་སྒྲ་གྲགས་སྟོང་བྲག་ཆ་ལྟ་བུ་དང་མ་བྲལ་བར་བྱའོ། །ཡིད་དྲན་རྟོག་ཆོས་ཉིད་དང་མ་བྲལ་བར་བྱའོ། །དེ་སྒྱུ་མ་དང་སྐྱེ་ཤི་བར་དོ་དང་པོ་བསྒོམ་པའོ། །སྒྱུ་མ་གཉིས་པ་རྨི་ལམ་བར་དོ་
༡༧༡ ནི། སེམས་བསྐྱེད་བྱ། རང་ཡི་དམ་དུ་བསྒོམ། ཐུགས་ཀར་བབྃ་བསྒོམ། ད་ནས་སྣང་བ་འདི་རྨི་ལམ་ཡིན་སྙམ་དུ་བསམ། རྨི་ལམ་རྨི་ལམ་དུ་ཤེས་པར་བྱ་སྙམ་པའི་ལ་འདུན་པ་དྲག་པོ་བྱ། དེ་ནས་ཐུགས་ཀར་བྃ་ལ་སེམས་གཏད་ལ་གཉིད་ལོག་གོ་།འདིས་མ་ཟིན་ན་སད་པ་འདི་ཐམས་ཅད་སྒྱུ་མ་ཡིན་སྙམ་དུ་བསམ། དེ་ནས་ཉིན་མོ་ཡང་རྨི་ལམ་ཡིན་སྙམ་དུ་ཡང་ཡང་བསམ། དེས་རྨི་ལམ་རྨི་ལམ་དུ་ཤེས་ནས་འོང་། རྨི་ལམ་ཟིན་པ་དང་། རྒྱ་གར་ཡུལ་བལྟ་བ་དང་། རྡོ་རྗེ་གདན་བལྟ་བ་དང་། ཏེ་ལོ་ལ་སོགས་པའི་གྲུབ་ཐོབ་རྣམས་ལ་ཆོས་ཞུ་བ་དང་། དགའ་ལྡན་དུ་བྱམས་པ་ལ་ཆོས་ཞུ་བ་དང་། སུམ་ཅུ་རྩ་གསུམ་གྱི་གནས་བལྟ་བ་ལ་སོགས་པ་བྱའོ། །དེ་ཐམས་ཅད་རང་སེམས་ཡིན་སེམས་ཉིད་སྟོང་པ་ཅིར་ཡང་མ་གྲུབ་པས། སལ་ལེ་ཧྲིག་གེ་ངོས་བཟུང་ཐམས་ཅད་དང་བྲལ་བར་ཤེས་པར་བྱའོ། །གཉིད་འོད་གསལ་དུ་འཕོ་བའོ། །རྨི་ལམ་གྱི་བར་དོ་འཁྲུལ་པ་ལམ་དུ་སློང་བའི་གདམས་ངག་གོ །སྒྱུ་མ་གསུམ་པ་སྲིད་པར་བར་དོ་ལ། ས་ཆུ་ལ་ཐིམ་པ་ལ་སོགས་པའི་དུས་སུ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་བ་འོད་གསལ་ཆོས་སྐུ་ངོས་ཟིན་པར་བྱས་ལ། སེམས་ཅན་གྱི་དོན་བྱ་སྙམ་དུ་བསམ་ལ། དེ་ནས་རང་ཡི་དམ་སྣང་སྟོང་སྒྱུ་མ་ཙམ་དུ་བསྒོམ། མདུན་དུ་བླ་མ་བསམ། མོས་གུས་དྲག་པོ་བྱ། དེ་ནས་དབུགས་འགྲོ་ཁར་སེམས་མ་བཅོས་པ་ཆོས་ཉིད་ཀྱི་ངང་དུ་བཞག་ལ། དེའི་ངང་ལ་དབུགས་འགྲོ་བར་བྱའོ། །དེ་ལ་བར་དོའ་སྣང་བ་མེད་དོ། །བརྒྱ་ལ་འོད་གསལ་མ་ཟིན་ན་བར་དོའ་སྣང་བ་འབྱུང་བས། བར་དོའ་སྣང་བ་ཡི་དམ་དུ་བསྒོམ་པ་དང་། བླ་མར་བསྒོམ་པ་དང་། སྣང་བ་སྒྱུ་མར་གཏན་ལ་དབབ་པ་དང་། སེམས་མ་བཅོས་པ་ཆོས་སྐུའི་ངང་ལ་བཞག་གོ། །དེས་བར་དོ་གྲོལ། དེ་ནས་ཐུགས་རྗེའི་དབང་གིས་སྐྱེ་བ་ལེན་ན། མའི་མངལ་དེ་ཆོས་འབྱུང་དུ་བསམ། དེའི་ནང་དུ་རིག་པའི་ངོ་བོ་དེ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ས་བོན་ཧཱུྃ་དཀར་པོ་འོད་འཕྲོས་
༡༧༢ པ་གཅིག་བསམ་ལ། སྐྱེ་བ་ཕྱི་མ་ལ་སྤྲུལ་སྐུར་སངས་རྒྱས་སོ། །རྫོགས་སོ། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །སྐྱེ་མེད་རླུང་སེམས་གཉིས་མེད་ནི། །གཞུང་ལས་གཟུང་བའི་ཡུལ་དང་འཛིན་པའི་སེམས། །ཡང་དག་དོན་ལ་གྲུབ་པ་མེད། །ཅེས་པས་སྔོན་ལྟར་བསྒོམ། དེའི་ངང་ལས་ཐུན་བསྡུ་བའམ། ཡང་ན་འདི་ལྟར་བཟུང་བའི་ཡུལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཡིད་ཀྱིས་ཡུལ་རྣམས་ལྷ་དང་ལྷ་མོ་མཆོད་པའི་རྫས་སུ་ཤེས་ལ། དེ་ཡང་རང་གི་རྟོག་པས་བྱས་པ་མ་ཡིན་པ། དོན་དམ་པར་མིག་དང་གཟུགས་དང་། མིག་གི་རྣམ་པར་ཤེས་པ་བདེན་པ་མ་གྲུབ་སྟེ་རང་གི་སེམས་ཡིན་སེམས་བདེན་པར་མི་བཟུང་སྟེ། རང་སེམས་སྣང་སྟོང་དབྱེར་མེད་བླང་དོར་མེད་པར་ཐག་བཅད་ལ་རྩེ་གཅིག་ཏུ་བཞག་གོ། །དེ་བཞིན་དུ་རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་རོ་དང་ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་རེག་དང་ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་ཡིད་ཀྱི་ཡུལ། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་གཟུང་བ་བདེན་པར་མ་གྲུབ་པ་སྟེ་རང་གི་སེམས་ཡིན། འཛིན་པ་བདེན་པར་མ་གྲུབ་སྟེ། སྐད་ཅིག་ཙམ་ཡང་མི་གནས་པར་སྐྱེ་ཞིང་འགག་པར་སྣང་བས་རང་གི་སེམས་ཡིན། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་བདེན་མེད་སྣང་སྟོང་དབྱེར་མེད་དུ་ཐག་བཅད་ལ་རྩེ་གཅིག་ཏུ་བཞག་གོ་།དེ་ལྟར་བསྒོམས་པས་འཁོར་བའི་སྣང་བ་ལྷ་དང་ལྷ་མོ། །འདོད་ཡོན་མཆོད་པ་སོགས་མ་འགགས་པའི་རོལ་པར་ཤར་བས་ཞི་བའི་མཐའ་ལོག་གོ་།དེ་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཉིད་ལས་མ་འདས་པས་སྲིད་པ་རང་བཞིན་གྱིས་གྲོལ་བས་འཁོར་འདས་མཉམ་ཉིད་ཀྱི་རང་བཞིན་དུ་བྱས་ནས། རང་གི་སེམས་ཉིད་ཆོས་ཀྱི་སྐུར་རྟོགས་པ་དང་དཔལ་རྡོ་རྗེ་རྣལ་འབྱོར་མའི་ངོ་བོ་
༡༧༣ ཡིན། དེ་ནི་དང་པོ་སེམས་ཀྱི་གཞི། བར་དུ་རྣམ་རྟོགས་གིས་མ་སྦགས་པ། མཐར་རང་གྲོལ་ཏེ་སྐྱེ་མེད་རླུང་སེམས་གཉིས་མེད་ཅེས་བྱའོ། །དཔལ་ནཱ་རོ་པའི་གདམས་ངག །བསྐྱེད་རིམ་ལྷན་ཅིག་སྐྱེས་མ། །རྫོགས་རིམ་རླུང་སེམས་གཉིས་མེད་དང་བཅས་པ། མར་པ། མི་ལ། བླ་མ། ལྷ་རྗེ། དུས་གསུམ་མཁྱེན་པ། འགྲོ་མགོན་རས་ཆེན། སྦོམ་བྲག་པ། རིན་པོ་ཆེ་ཀརྨ་པ། བླ་མ་གཉན་རས། རིན་པོ་ཆེ་རང་བྱུང་བ། རྟོགས་ལྡན་མགོན་པོ་རྒྱལ་མཚན། རོལ་པའི་རྡོ་རྗེའོ།། །།སརྦ་མངྒ་ལཾ།། །།

༄༅། །བདེ་མཆོག་སྙན་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་བཞུགས་སོ༎ ༎

༡༢༡བདེ་མཆོག་སྙན་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་བཞུགས་སོ།། །།
༡༢༢ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི། །ཚིག་དབང་དང་འབྲེལ་པ་ཡེ་ཤེས་གསལ་འདེབས་པར་བྱེད་པ། །ཕྱག་རྒྱ་ཆེན་པོ་ལ་གསུམ་སྟེ། སྒོམ་པ་སྤྲུལ་སྐུའི་གནས་ངོས་བཟུང་བ་དང་། སྒོམ་བྱེད་ལོངས་སྤྱོད་རྫོགས་སྐུའི་བྱ་བ་བསྟན་པ་དང་། བསྒོམ་བྱ་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་ཏེ། བླ་མ་བརྒྱུད་པ་གྲུབ་པ་ཐོབ་པའི་བཞུགས་གནས་སུ་བསྒོམས་ན་བྱིན་བརླབས་ཆེ་ཞིང་སྒྲུབ་ཐག་ཉེ་བ་དང་། རི་ཁྲོད་གངས་ཁྲོད་ནགས་ཁྲོད་ལ་སོགས་མཁའ་འགྲོ་འདུ་བའི་གནས་སུ་བསྒོམས་ན་ཉམས་རྟོགས་འཕེལ། བར་ཆད་མི་འབྱུང་ཉིན་མོ་སྐྱེ་བོའ་འདུ་འཛི་དང་གླགས་ཅོར་མེད་པ། མཚན་མོ་དགྲ་རྐུན་མེད་པ། །ཆུ་ཤིང་མཐུན་རྐྱེན་འཛོམ་པའི་གནས་བསྒོམས་ན་དགེ་སྦྱོར་ཤུགས་ཀྱིས་འཕེལ་བའོ། །གཞན་ཡང་ཡོན་ཏན་གསུམ་ཏེ། རིམ་པ་ལྟར་རྡོ་རྗེ་ལུས་ཀྱི་གནས་ལུགས་མཐོང་བར་འགྱུར་བ་དང་། འཁོར་ལོ་བཞིའི་མདུད་པ་གྲོལ་
༡༢༣བར་འགྱུར་བ་དང་། དྷཱུ་ཏི་ནར་སོན་པས་མགྲིན་པ་ནས་སྤྱི་བོའ་བར་གྱི་མདུད་པ་ཅི་རིགས་པ་གྲོལ་བར་འབྱུང་བ་ཡིན་ནོ། །ནང་གི་གནས་ནི་རང་གི་ལུས་ལ་ཡུལ་ཉི་ཤུ་རྩ་བཞི། རྩ་དཔའ་མོ། །ཐིག་ལེ་དཔའ་བོ། །རླུང་སྙོམས་འཇུག་ཏུ་གནས། ལུས་ལྷ་སྐུ། ངག་སྔགས་ཨཱ་ལི་ཀཱ་ལི། སེམས་ཡེ་ཤེས་གདོད་ནས་ཡིན་པར་ངོས་བཟུང་ངོ་། །གཉིས་པ་སྒོམ་བྱེད་ལོངས་སྤྱོད་རྫོགས་སྐུའི་བྱ་བ་བསྟན་པ་ནི། ལུས་ཀྱི་བྱ་བ་སྐུའི་སྒོ་དགུ་རང་བཞིན་གྱིས་འགགས་པས། འབད་པ་དང་རྩོལ་བ་མེད་པར་གནས་པ་དང་། ངག་གི་བྱ་བ་གསུང་གི་སྒོ་བཞི་རང་གནས་སུ་ཐིམ་པས་སྒྲ་ཐམས་ཅད་ཐབས་ཤེས་རབ་ཀྱི་རང་བཞིན་དུ་གནས་པ་དང་། སེམས་ཀྱི་བྱ་བ་ཐུགས་ཀྱི་སྒོ་གཉིས་དབྱེ་བས་ལོངས་སྤྱོད་རྫོགས་སྐུའི་རྣམ་པར་རང་གྲོལ་བས་འབད་རྩོལ་གྱི་འཇུག་པ་ཐམས་ཅད་དང་བྲལ་ནས་ལྷུན་གྲུབ་ཏུ་གནས་པས་ཕྱག་རྒྱ་ཆེན་པོ་ལ་འཇུག་པའོ། །
༡༢༤གསུམ་པ་བསྒོམ་བྱ་ཆོས་སྐུ་ཕྱག་རྒྱ་ཆེན་པོའ་དོན་གཏན་ལ་དབབ་པ་ལ་བཞི་ཏེ། མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་དང་། མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པ་དང་། སྔ་ཕྱི་གཅིག་ཏུ་བསྲེ་བའི་མན་ངག་གིས་དངོས་པོ་ཐམས་ཅད་རོ་སྙོམས་དང་། འབྲས་བུ་ནམ་མཁའ་ལྟ་བུའི་འཆར་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཕྱག་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། རྒྱ་འཁོར་བའི་རྒྱ་མདུད་དགྲོལ་བ་དང་། ཆེན་པོ་ཟུང་འཇུག་གི་སྒྲོན་མེ་བསྟམས་པའོ། །དང་པོ་ལ་གསུམ་སྟེ། ལུས་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། ངག་གྲགས་སྟོང་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། སེམས་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བའོ། །དང་པོ་ནི་རང་གི་ལུས་འདི་ཉིད་གདོད་ནས་སྣང་སྟོང་ཡིན་ཅིང་། ད་ལྟ་ཡང་སྣང་སྟོང་དུ་གནས། ཐ་མ་ཡང་སྣང་སྟོང་དུ་ཤེས་པས་གྲོལ་ནས་སངས་རྒྱའོ། །དེས་ན་ལུས་སུ་སྣང་དུས་ན་ལུས་ཀྱི་ངོ་བོས་སྟོང་། ངོ་བོས་སྟོང་དུས་ན་ལུས་སུ་སྣང་ཏེ། ལུས་སྣང་སྟོང་ཤེས་ཙ་ན་རང་ལུས་ཡེ་ཤེས་ཀྱི་ལུས་སུ་གྱུར་ནས་དངོས་པོ་གང་ལ་ཡང་ཐོགས་པ་མེད་པར་ལུས་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་སོ། །ངག་གྲགས་སྟོང་གཉིས་མེད་ཀྱི་ཡེ་ཤེས་ནི། ངག་འདི་གདོད་ནས་ཀྱང་གྲགས་སྟོང་ཡིན་ཅིང་། ད་ལྟ་ཡང་གྲགས་སྟོང་དུ་གནས། ཐ་མ་ཡང་གྲགས་སྟོང་དུ་ཤེས་པས་གྲོལ་བར་འགྱུར། དེའང་ངག་ཏུ་གྲགས་དུས་ན་ངོ་བོ་སྟོང་། སྟོང་བཞིན་དུ་ངག་ཏུ་གྲགས། ངག་གྲགས་སྟོང་གཉིས་མེད་དུ་ཤེས་ཙ་ན། བརྗོད་བྱེད་སྒྲ་ཐམས་ཅད་ཨཱ་ལི་ཀཱ་ལིའི་རྣམ་པ། སྒྲ་བརྙན་ལྟར་ཤེས་པས་ངག་གྲགས་སྟོང་གཉིས་མེད་ཀྱི་ཡེ་ཤེས་སོ། །སེམས་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ནི། སེམས་ནི་གདོད་ནས་ཀྱང་གསལ་སྟོང་ཡིན་ཅིང་། བར་དུ་ཡང་གསལ་སྟོང་དུ་གནས། ཐ་མར་ཡང་གསལ་སྟོང་དུ་གྲོལ་འགྲོ། །དེའང་སེམས་གསལ་དུས་ན་སྟོང་ཞིང་། སྟོང་དུས་ན་གསལ། གསལ་སྟོང་གཉིས་མེད་དུ་ཤེས་ཙ་ན་སེམས་ཉིད་འགྲོ་འོང་གནས་གསུམ་དང་བྲལ་བའི་རང་བཞིན་རྟོགས་པས་སེམས་གསལ་སྟོང་
༡༢༥གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུངས་བའོ། །གཉིས་པ་རྒྱ་འཁོར་བའི་རྒྱ་མདུད་དགྲོལ་བ་ལ་གསུམ་སྟེ། སྦྱིན་པའི་གཞི་ཤེས་པས་ལོངས་སྤྱོད་ཀྱི་རྒྱ་མདུད་གྲོལ་བ་དང་། ཚུལ་ཁྲིམས་ཀྱི་གཞི་ཤེས་པས་མཐོ་རིས་ཀྱི་རྒྱ་མདུད་དགྲོལ་བ་དང་། ཆོས་ཉིད་ཀྱི་གཞི་ཤེས་པས་སེམས་ཉིད་ཀྱི་རྒྱ་མདུད་དགྲོལ་བའོ། །དང་པོ་ནི། སྦྱིན་པ་གཏོང་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་ཡང་། ལོངས་སྤྱོད་ལ་ཞེན་ཅིང་ཆགས་ན། འཁོར་བར་འཆིང་བས་ན་རྒྱ་མདུད་དོ། །དེ་ལ་སྦྱིན་པ་གཏོང་དུས་ནས་འཁོར་གསུམ་དག་པའི་ངང་ནས། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པས། རང་གི་མིག་དང་མགོ་གཏོང་བ་ལ་སོགས་པ་ནས། གང་ལ་གང་འདོད་དུ་གཏོང་བར་བྱེད་པ་ཏེ། སྦྱིན་པའི་གཞི་ཤེས་པས་ལོངས་སྤྱོད་ཀྱི་རྒྱ་མདུད་དགྲོལ་བའོ། །གཉིས་པ་ནི། ཚུལ་ཁྲིམས་བསྲུངས་པས་མཐོ་རིས་ཀྱི་ལུས་ཐོབ་ནའང་། ལུས་དེ་ལ་ཞེན་ན་འཁོར་བར་འཆིང་བས། ཚུལ་ཁྲིམས་ཞེན་མེད་བསྲུང་ཞིང་། དྭངས་མ་བརྟན་པ་ལུས་ཐམས་ཅད་ལ་ཁྱབ་པས། ཕུང་པོ་དང་འཆི་བདག་གི་བདུད་རང་སར་གྲོལ་པས། ཚུལ་ཁྲིམས་མཆོག་ཏུ་གྱུར་པས། ཚུལ་ཁྲིམས་ཀྱི་གཞི་ཤེས་པས་ལུས་ཀྱི་རྒྱ་མདུད་དགྲོལ་བའོ། །གསུམ་པ་ནི། སེམས་ཀྱི་ཏིང་ངེ་འཛིན་བསྒོམས་པས། བདེ་གསལ་མི་རྟོག་པའི་ཉམས་སྐྱེས་ཀྱང་། དེ་ལ་ཞེན་ན་འཁོར་བ་ཡིན་པས་སེམས་ཉིད་སྐྱེ་མེད་དུ་རྟོགས་ཅིང་། ཉམས་མྱོང་ལ་ཞེན་པ་བྲལ་ཙ་ན། ཆོས་ཉིད་ཡང་དག་པའི་ཤེས་པ་བདེ་ཆེན་ཀློང་ནས་ཤར་བས་ཆོས་ཀྱི་མཁན་པོ་ཆེན་པོར་འགྱུར་བས། ཆོས་ཉིད་ཀྱི་གཞི་ཤེས་པས་སེམས་ཉིད་ཀྱི་རྒྱ་མདུད་གྲོལ་བ་ཡིན་ནོ། །གསུམ་པ་ཆེན་པོ་ཟུང་འཇུག་གི་སྒྲོན་མེ་བལྟམས་པ་ལ། གསུམ་སྟེ། རྩ་གསལ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པ་དང་། རླུང་སྣང་སྟོང་ཟུང་འཇུག་གི་དང་། ཐིག་ལེ་བདེ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པའོ། །དང་པོ་ནི། རྣམ་སྨིན་དང་ཡེ་ཤེས་ཀྱི་རྩ་གཉིས་ལས། རྣམ་སྨིན་གྱི་རྩ་ནི་དབང་པོའ་སྤྱོད་ལམ་ན་
༡༢༦རྩ་རྒྱུས་ཤེ་རེ་བ་འདི་ཡིན། དེ་ཐ་མལ་དུ་ཤོར་ན་ཉོན་མོངས་པ་ཞེ་སྡང་བསྐྱེད། དེ་ལམ་དུ་བསློངས་ན། དེའི་ནང་ན་ཡེ་ཤེས་ཀྱི་རྩ་ཁ་དོག་དབྱིབས་རེག་བྱ་དང་བྲལ་བ། ངོ་བོ་གསལ་ལ་རང་བཞིན་སྟོང་པ་ཞིག་ཡོད་དེ། དེ་དང་རྣམ་སྨིན་གྱི་རྩ་གཅིག་ཏུ་འདྲེས་པས་རྩའི་མདུད་པ་དྲལ་བ་སྟེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་གཅིག་གི་ངོ་བོར་སྨིན་པས། རྩ་ཐམས་ཅད་འདྲེས་པ་ཞེས་བྱ། གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་དབང་སྒྱུར་བས་ན། རྩ་གསལ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པའོ། །གཉིས་པ་ནི། ལས་ཀྱི་རླུང་དང་། ཡེ་ཤེས་རླུང་གཉིས་ལས། ལས་ཀྱི་རླུང་ནི་དབང་པོའ་སྒོ་ནས་ཤད་ཤད་རྒྱུ་བ་འདི་ཡིན། དེ་ཐ་མལ་དུ་ཤོར་ན་ཉོན་མོངས་གཏི་མུག་བསྐྱེད། ལམ་དུ་བསློངས་ན། དེའི་ནང་ན་ཡེ་ཤེས་ཀྱི་རླུང་ཁ་དོག་དབྱིབས་རེག་བྱ་དང་བྲལ་བ། ངོ་བོ་གང་དུའང་མི་རྟོག་པ་ཅིག་ཡོད། དེ་དང་ལས་ཀྱི་རླུང་གཅིག་ཏུ་འདྲེས་པས། འགྲོ་འོང་ལ་སོགས་པའི་རླུང་ཐམས་ཅད་ངང་དུ་ཐིམ་པ་སྟེ་རླུང་དགུ་བརྒྱ་པ་ཕྲག་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་གྱུར་ནས། རླུང་ཐམས་ཅད་འདྲེས་པ་ཞེས་ཀྱང་བྱ། སྣང་སྟོང་གི་ཡེ་ཤེས་ལ་མངའ་སྒྱུར་བས། རླུང་སྣང་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པའོ། །གསུམ་པ་ནི། ཟག་བཅས་ཀྱི་ཐིག་ལེ་དང་ཟག་མེད་ཀྱི་ཐིག་ལེ་གཉིས་ཡོད། ཟག་བཅས་ཀྱི་ཐིག་ལེ་ནི་དབང་པོའ་སྤྱོད་ཡུལ་དུ་རྒྱུ་བའི་དཀར་དམར་འདི་ཡིན་ལ། དེ་ཐ་མལ་དུ་ཤོར་ན་ཉོན་མོངས་པ་འདོད་ཆགས་སྐྱེ། ལམ་དུ་སློངས་ན། དེའི་ནང་ན་ཡེ་ཤེས་ཐིག་ལེ་ཁ་དོག་དབྱིབས་རེག་བྱ་དང་བྲལ་བ། ངོ་བོ་བདེ་བ་རང་བཞིན་གསལ་བ་གཅིག་ཡོད་པ་དང་། ཟག་བཅས་ཀྱི་ཐིག་ལེ་འདྲེས་ནས་བདེ་སྟོང་ཟུང་འཇུག་ཏུ་འགྱུར། འཕོ་འགྱུར་དང་བཅས་པའི་ཐིག་ལེ་ཐམས་ཅད་གཅིག་ཏུ་གྱུར་ཏེ། ཡར་གྱི་རྣམ་པས་མྱ་ངན་ལས་འདས་པའི་རྒྱལ་ས་གཟུང་ནས་གནས་པས། བྱང་ཆུབ་ཀྱི་སེམས་ཐམས་ཅད་འདྲེས་པ་ཞེས་ཀྱང་བྱ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་མངའ་སྒྱུར་པས། བྱང་
༡༢༧སེམས་བདེ་སྟོང་ཟུང་འཇུག་གི་སྒོ་ནས་སྒྲོན་མེ་བལྟམས་པའོ། །དེ་ལྟར་ན་རྣམ་སྨིན་གྱི་རྩ་རླུང་ཐིག་ལེ་གསུམ་པོ་ལམ་དུ་བསློངས་པས་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་གསུམ་དུ་འགྱུར་ཏེ། རྩ་གསལ་བ་རྒྱུན་གྱིས་རྟག་པ། རླུང་མི་རྟོག་པ་རྒྱུན་གྱིས་རྟག་པ། ཐིག་ལེ་བདེ་བ་རྒྱུན་གྱིས་རྟག་པ་བདེ་གསལ་མི་རྟོག་པ་རོ་གཅིག་ཏུ་འགྱུར་རོ། །གཉིས་པ་མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པ་ལ་གསུམ་སྟེ། གཞི་རང་བྱུང་སྐྱེ་མེད་དུ་ཤེས་པའི་སྒོ་ནས་དང་། ལམ་འོད་གསལ་སྐྱེ་མེད་དུ་ཤེས་པའི་སྒོ་ནས་དང་། འབྲས་བུ་ཟུང་འཇུག་སྐྱེ་མེད་དུ་ཤེས་པའི་སྒོ་ནས་མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པའོ། །དང་པོ་ལ་བཞི་སྟེ། སེམས་དང་པོའ་སངས་རྒྱས་ལྟར་གར་ནས་ཀྱང་མ་འོངས་པར་བཞག་པ་དང་། སེམས་འཁོར་བ་ལྟར་གང་དུ་ཡང་མི་འགྲོ་བར་བཞག་པ་དང་། སེམས་མོ་གཤམ་གྱི་བུ་ལྟར་གང་དུའང་གནས་པ་མེད་པར་བཞག་པ་དང་། སེམས་ནམ་མཁའི་མེ་ཏོག་ལྟར་གང་དུའང་གྲུབ་པ་མེད་པར་བཞག་པའོ། །དང་པོ་ནི། ཀུན་གཞི་ལ་རྒྱུ་ལྷུན་གྲུབ་ཏུ་གནས་པ་དེ་ལ། དང་པོའ་སངས་རྒྱས་དེ་དུས་འདི་ནས་བྱུང་མེད་དེ་རང་བྱུང་ཡིན། དེ་བཞིན་དུ་སེམས་འདི་ནས་བྱུང་མེད་དེ། སྐྱེ་མེད་རང་བྱུང་དུ་ཤེས་པར་བྱས་ཏེ་བཞག །གཉིས་པ་ནི། འཁོར་བ་ལ་མཐའ་འདི་ནས་ཟད་མེད་པས་འདིར་སོང་མེད། དེ་བཞིན་དུ། སེམས་སྐྱེ་མེད་ལ་འགྲོ་བ་མེད་པས་འགག་མེད་དུ་ཤེས་པར་བྱས་ཏེ་བཞག །གསུམ་པ་ནི། མོ་གཤམ་གྱི་བུ་དེ་ལ་གཞི་མ་གྲུབ་པ་ལ་འདི་ན་གནས་མེད། དེ་བཞིན་སེམས་ལ་ཡུལ་དུས་དངོས་པོ་ལ་སོགས་ཐམས་ཅད་དབེན་པས་གནས་པ་མེད་པར་ཤེས་པར་བྱས་ཏེ་བཞག །བཞི་པ་ནི། ནམ་མཁའི་མེ་ཏོག་ཞེས་མིང་དུ་བཏགས་ཀྱང་དོན་ལ་གྲུབ་པ་མེད། དེ་བཞིན་དུ་སེམས་ལ་བསྒོམ་བྱ་བསྒོམ་བྱེད་དམིགས་ཡུལ་ཅིར་ཡང་མ་གྲུབ་པར་ཤེས་པར་བྱས་ཏེ་བཞག་པའོ། །གཉིས་པ་ལམ་འོད་གསལ་སྐྱེ་མེད་དུ་ཤེས་པའི་སྒོ་ནས་མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པ་ནི་ལྔ་སྟེ། དབང་དོན་རང་བྱུང་གི་ཡེ་ཤེས་ངོས་བཟུང་བ་དང་། རྟེན་ཆོས་ཉིད་
༡༢༨རང་གྲོལ་དུ་བསྟན་པ་དང་། གཞི་སྤྲོས་བྲལ་བརྗོད་དུ་མེད་པ་དང་། ལམ་བློ་འདས་ཡིད་ལ་མི་བྱེད་པ་དང་། དུས་སྐད་ཅིག་བརྗོད་དུ་མེད་པར་ངོས་བཟུང་བའོ། །དང་པོ་ནི། དབང་ཐོབ་པའི་དགོས་པ་གང་ཡིན་ན། རང་རྒྱུད་ལ་ཡོད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ངོ་འཕྲོད་པ་ཡིན་ལ། དེ་ངོ་འཕྲོད་ན་དབང་མ་བསྐུར་ཡང་ཐོབ་པ་ཡིན་ལ། དེ་ངོ་མ་འཕྲོད་ན་བསྐུར་ཡང་མ་ཐོབ་པ་ཡིན། འོ་ན་དབང་དོན་རང་བྱུང་གི་ཡེ་ཤེས་དེ་ངོ་འཕྲོད་ན་ཇི་ལྟ་བུ་ཡིན་ཞེ་ན། གཉིས་པ། རྟེན་ཆོས་ཉིད་རང་གྲོལ་དུ་ངོས་བཟུང་ཞེས་པས། དབང་དོན་རང་བྱུང་གི་ཡེ་ཤེས་རང་རྒྱུད་ལ་གནས་པ་དེ་ཆོས་ཉིད་དུས་གསུམ་དུ་འགྱུར་བ་མེད་པས་གཟུང་འཛིན་གྱི་རྣམ་རྟོག་ཐམས་ཅད་རང་ས་རུ་ཁྲོལ་གྱིས་ཞིག་པ་ཅིག་གི་སྟེང་དུ་ངོ་སྤྲོད་པ་ཡིན། རྟེན་ཆོས་ཉིད་རང་གྲོལ་དེའི་གཞི་རང་ཅི་ལྟ་བུ་ཞིག་ཡིན་སྙམ་ན། གསུམ་པ། གཞི་སྤྲོས་བྲལ་བརྗོད་དུ་མེད་པ་བྱ་བ། ཆོས་ཉིད་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པ། དེ་ལ་ཡོད་པ་མ་གྲུབ་པས་མེད་པ་མེད་པ་མ་གྲུབ་པས་ཡོད་པ། གཉིས་མེད་མ་གྲུབ་པས་སྤྲོས་བྲལ་ལོ། །སྤྲོས་བྲལ་དེ་རང་ཇི་ལྟ་བུ་སྙམ་ན་བློས་བསམ་དུ་མེད། ངག་གིས་བརྗོད་དུ་མེད་པའོ། །འོ་ན་གཞི་སྤྲོས་བྲལ་བརྗོད་དུ་མེད་པ་དེ། རྫོགས་པའི་སངས་རྒྱས་ཀྱི་ལམ་དུ་ཇི་ལྟར་འགྲོ་ན། བཞི་པ་ལམ་བློ་འདས་ཡིད་ལ་མི་བྱེད་པས་འགྲོ་ཏེ། ལམ་དེ་ལ་བློ་ཡི་ཡུལ་དུ་གཏད་རྒྱུའམ་ཡིད་ལ་བྱ་རྒྱུ་རྡུལ་ཕྲ་མོ་ཙམ་ཡང་མེད་དེ། ཅི་ཡི་ཕྱིར་ན་ལམ་གྱི་རང་བཞིན་འདི་ལྟ་བུ་བྱ་བ་བློ་ལས་འདས་པའི་ཕྱིར། བློ་འདས་ཀྱི་ལམ་དུ་ཅི་ཡང་བྱ་རྒྱུ་མེད་པའོ། །འོ་ན་ལམ་བློ་འདས་ཡིད་ལ་མི་བྱེད་པ་དེ་ཇི་ལྟར་ཉམས་སུ་ལེན་ན། ལྔ་པ་དུས་སྐད་ཅིག་བརྗོད་མེད་དུ་ངོས་བཟུང་ནས་ལེན་ཏེ། སྐད་ཅིག་སྔ་མ་འདས་པའི་རྗེས་མི་བཅད། ཕྱི་མ་མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་སོ་མ་ཤེས་པ་སྔ་ཕྱི་གཉིས་ཀྱི་བར་ན། རྣམ་རྟོག་གང་གིས་ཀྱང་མ་བསླད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཟང་མ་གཅིག་ཡོད་དེ། དེ་ངོས་བཟུང་ཞིང་བསྒོམ། བསྒོམ་ལུགས་ཇི་ལྟར་བསྒོམ་ན། དམིགས་བྱའི་ཡུལ་གྱི་སྟེང་དུ་
༡༢༩དམིགས་བྱེད་ཀྱི་ཤེས་པ་ཞིག་བཞག་ནས་བསྒོམ་དུ་མེད་དེ། ལམ་གང་ཡང་ཡིད་ལ་མི་བྱེད་པར་བཞག་ཟེར་བ་དེ་ཡང་ཚིག་ཙམ་མོ། །དེ་ལ་དམིགས་པ་ཡེངས་མེད། བློ་འཛིན་མེད་ཤེས་པ་བྱ་བྲལ་དུ་བཞག་གོ། །དེ་ལྟར་མཉམ་པར་བཞག་པས་ཤེས་བྱའི་དྲི་མ་ཕྲ་བའི་ཕྲ་བ་གནས་ངན་ལེན་དང་བཅས་པ་མཉམ་གཞག་གི་རྟོགས་པ་དེས་སྤངས་ནས། སྐྱ་རེངས་ཤར་བའི་ཚེ་འོད་གསལ་ཆེན་པོ་མངོན་དུ་བྱས་ནས། མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །གསུམ་པ། འབྲས་བུ་ཟུང་འཇུག་སྐྱེ་མེད་དུ་ཤེས་པའི་སྒོ་ནས་མ་བཅོས་པའི་ཡེ་ཤེས་ལ་བློ་བཞག་པ་ལ་གཉིས་ཏེ། སེམས་ཉིད་དང་ཕྱག་རྒྱ་ཆེན་པོ་དབྱེར་མེད་དུ་བཞག་པ་དང་། སངས་རྒྱས་དང་སྐུ་གསུམ་དབྱེར་མེད་དུ་བཞག་པའོ། །དང་པོ་ནི་དབང་བཞི་པའི་དོན་ལ་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་ཀྱང་བྱ། དེ་གང་ཡིན་ན་རིག་པ་གོས་མེད་གཅེར་བུ་གསལ་སྟོང་བློ་བྲལ་དུ་རྗེན་ནེ་བ་འདི་ཡིན། འདི་ལ་བརྟགས་ན། རང་བཞིན་སྣང་བ་དང་སྟོང་པ་ཟུང་འཇུག་ངོ་བོ་གསལ་བ་དང་སྟོང་པ་ཟུང་འཇུག །མཚན་ཉིད་བདེ་བ་དང་སྟོང་པ་ཟུང་འཇུག་གོ། །དེ་གསུམ་དབྱེར་མེད་དུ་རྒྱུད་ལ་སྐྱེས། ཉམས་སུ་མྱོང་བ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། རིག་པ་དེ་ལ་རྒྱུན་ཆད་མེད། འཕོ་འགྱུར་མེད། སྐྱེ་ཤི་མེད་པའོ། །དེ་ལས་ལོགས་ན་ཕྱག་རྒྱ་ཆེན་པོ་ཞིག་ཡོད་མི་སྲིད་པས། ཕྱག་རྒྱ་ཆེན་པོ་དང་རང་སེམས་དབྱེར་མེད་པའོ། །སངས་རྒྱས་དང་སྐུ་གསུམ་དབྱེར་མེད་དུ་བཞག་པ་ལ་གཉིས་ལས། རང་དང་སྐུ་གསུམ་ཡར་ལ་དབྱེར་མེད་དུ་བཞག་པ་དང་། སངས་རྒྱས་དང་སྐུ་གསུམ་མར་ལ་དབྱེར་མེད་བཞག་པའོ། །དང་པོ་ནི། སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ་དེས་དབང་གི་མཛད་པ་མཐར་ཕྱུང་ནས། རྩ་རླུང་བྱང་ཆུབ་ཀྱི་སེམས་གནས་སུ་གྱུར་ནས། དག་པ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བར་གྱུར་ཏེ། རང་བྱུང་གི་ཡི་གེ་ཤྲཱི་ཧེ་རུ་ཀའོ་ཞེས་པའི་དོན་མངོན་དུ་བྱས་ནས། སྐྱེ་བ་མེད་པའི་ཆོས་སྐུའི་ངང་དུ་གནས་པར་གྱུར་ཏོ། །གཉིས་པ་
༡༣༠མང་དབྱེར་མེད་ནི། དེ་ལྟ་བུའི་དོན་སྐྱེ་བ་མེད་པའི་ཆོས་སྐུའི་བདག་ཉིད་ཞི་བ་ཆེན་པོ་དེ་ལས་མ་གཡོས་པར་ནང་དུ་སྙིང་རྗེ་གོམས་པའི་མཐུ་ལས་མཚན་དཔེས་སྤྲས་པའི་ལོངས་སྐུ་ཡན་ལག་བདུན་ལྡན་གྱིས་དག་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཆོས་སྟོན་པ་དང་། སྨོན་ལམ་དག་པའི་འཕེན་པས་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་ལ་སོགས་པས། མ་དག་པ་འགྲོ་དྲུག་སེམས་ཅན་ལ་རང་རང་གི་བསམ་པ་དང་བསྟུན་ནས་ཐེག་པ་སྣ་ཚོགས་སྟོན་པར་བྱེད་པའོ། །གཞན་དང་སེམས་ཀྱི་རང་བཞིན་སྟོང་པ་ཆོས་ཀྱི་སྐུ། །ངོ་བོ་གསལ་བ་སྤྲུལ་སྐུ་མཚན་ཉིད་བདེ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དབྱེར་མེད་ངོ་བོ་ཉིད་ཀྱི་སྐུའོ། །རིག་པ་དེ་སྣ་ཚོགས་སུ་གསལ་བ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས། རང་བཞིན་སྟོང་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་གསལ་སྟོང་དབྱེར་མེད་དེ་དབྱིངས་དང་ཡེ་ཤེས་དབྱེར་མེད་དོ། །གསུམ་པ་སྔ་ཕྱི་གཅིག་ཏུ་བསྲེ་བའི་མན་ངག་གིས་ངོ་བོས་ཐམས་ཅད་ལ་རོ་སྙོམས་པ་ལ་གཉིས། གང་ཤར་གཉིས་མེད་དུ་བསྲེས་ལ་རོ་སྙོམས་པ་དང་། ཤུགས་འབྱུང་ཞེན་པ་རང་གྲོལ་གྱི་སྤྱོད་པ་ལ་རོ་སྙོམས་པའོ། །དང་པོ་ལ་དྲུག་སྟེ། ལམ་དང་རང་བཞིན་གཉིས་མེད་དུ་བསྲེས་ལ་རོ་སྙོམས་པ་དང་། ཉམས་མྱོང་དང་རྟོགས་པ་གཉིས་མེད་བསྲེས་ལ་རོ་སྙོམས་པ་དང་། སངས་རྒྱས་དང་སེམས་ཅན་གཉིས་མེད་དུ་བསྲེས་ལ་རོ་སྙོམས་པ་དང་། འཁོར་བ་དང་མྱང་འདས་གཉིས་མེད་དུ་བསྲེས་ལ་རོ་སྙོམས་པ་དང་། སྡིག་པ་དང་དགེ་བ་གཉིས་མེད་དུ་བསྲེས་ལ་རོ་སྙོམས་པ་དང་། འཇིག་རྟེན་ཆོས་བརྒྱད་གཉིས་མེད་དུ་བསྲེས་ལ་རོ་སྙོམས་པའོ། །དང་པོ་ནི། མ་རྟོགས་པའི་དུས་ན་ལམ་འབད་རྩོལ་དང་བཅས་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པ་གཉིས་ཐ་དད་ཀྱང་། རྟོགས་ན་ལམ་དབང་གསུམ་པ་མན་ཆོད་ལ་འབད་པ་དང་རྩོལ་བ་སྣ་ཚོགས་ཀྱི་སྒོ་ནས་སྒོམ་པ་དང་། རང་བཞིན་བཞི་པའི་དོན་ལྷུན་གྲུབ་ཏུ་གནས་པ་གཉིས་རོ་གཅིག་ཏུ་གྱུར་པས་ན་གཉིས་མེད་དུ་རོ་སྙོམས་པའོ། །གཉིས་པ་ནི། མ་རྟོགས་ཙ་ན་ཉམས་ཟག་བཅས་དང་།
་༡༣༡རྟོག་པ་ཟག་མེད་གཉིས་ཐ་དད་ཀྱང་། རྟོགས་ན་ཉམས་བདེ་གསལ་མི་རྟོག་པ་དང་། རྟོག་པ་རང་བཞིན་ཅིར་ཡང་མ་གྲུབ་པ་གཉིས་རོ་གཅིག་ཏུ་གྱུར་པས་ན་གཉིས་མེད་དུ་རོ་སྙོམས་པའོ། །གསུམ་པ་ནི། མ་རྟོགས་པ་ལ་སེམས་ཅན་མ་རིག་པ་དང་། སངས་རྒྱས་རིག་པ་ཡེ་ཤེས་གཉིས་ཐ་དད་ཀྱང་། རྟོགས་ན་མ་རིག་པ་འཆིང་བ་དང་བཅས་པའི་སེམས་ཅན་དེ་རང་ངོ་ཤེས་ནས། རིག་པ་ཡེ་ཤེས་ཀྱི་རྒྱ་མཚོའ་ངང་དུ་རོ་གཅིག་ཏུ་འགྱུར་བས་གཉིས་མེད་དུ་རོ་སྙོམས་པའོ། །བཞི་པ་ནི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དང་། ཐར་པ་མྱ་ངན་ལས་འདས་པ་གཉིས་མ་རྟོགས་པའི་དུས་ན་ཐ་དད་ཀྱང་། རྟོགས་ན་འཁོར་བའི་རང་བཞིན་ཤེས་པས་མྱ་ངན་ལས་འདས་པའི་བདག་ཉིད་དབྱེར་མེད་རོ་གཅིག་པར་གྱུར་པས་ན་གཉིས་མེད་དུ་རོ་མཉམ་པའོ། །ལྔ་པ་ནི། སྡིག་པ་སྤང་བར་བྱ་བ་དང་། དགེ་བ་བསྒྲུབ་པར་བྱ་བ་གཉིས་ཐ་དད་ཀྱང་། རྟོགས་ན་སྡིག་པ་དྲན་མེད་ཡིད་ལ་བྱར་མེད་པ་དང་། དགེ་བ་དམིགས་མེད་བློ་ལས་འདས་པ་གཉིས་དབྱེར་མེད་རོ་གཅིག་པར་འགྱུར་བས་ན་གཉིས་མེད་རོ་མཉམ་པའོ། །དྲུག་པ་ནི། མ་རྟོགས་པའི་དུས་ན་བདེ་བ་དང་། སྡུག་བསྔལ་ཐ་དད་སྣང་ཡང་། རྟོགས་ན་བདེ་སྡུག་གཉིས་ཀ་ལ་རང་བཞིན་དུ་གྲུབ་པ་མི་འདུག་པས། གཉིས་མེད་དུ་རོ་སྙོམས་པའོ། །དེ་ནི་སྟོད་སྨད། རྙེད་མ་རྙེད། གྲགས་མ་གྲགས་ཐམས་ཅད་གཉིས་མེད་དུ་རོ་སྙོམས་སོ། །གཉིས་པ་ཤུགས་འབྱུང་ཞེན་པ་དང་རང་གྲོལ་གྱི་སྤྱོད་ལམ་ལ་རོ་སྙོམས་པ་ནི་བཅུ་སྟེ། ཚེ་འདི་ལ་ཞེན་པའི་བློ་བྱུང་ན་སྒྱུ་མ་མཁན་གྱི་སྤྱོད་པ་བྱ། སྣང་བའི་ཡུལ་ལ་བདེན་འཛིན་གྱི་བློ་བྱུང་ན་སྨྱོན་པ་ལྟ་བུའི་སྤྱོད་པ་བྱ། ནོར་རྫས་ལ་མངོན་ཞེན་གྱི་བློ་བྱུང་ན་བུ་ཆུང་ལྟ་བུའི་སྤྱོད་པ་བྱ། གཙང་སྨེའི་རྣམ་རྟོག་གི་བློ་བྱུང་ན་ཁྱི་ཕག་ལྟ་བུའི་སྤྱོད་པ་བྱ། གཉེན་བཤེས་ལ་གདུང་བའི་བློ་བྱུང་ན་རི་དྭགས་སྨས་མ་ལྟ་བུའི་སྤྱོད་པ་བྱ། ནད་དང་གདོན་གྱི་བར་ཆད་བྱུང་ན་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའི་སྤྱོད་པ་བྱ། བསོད་
༡༣༢ཆུར་བདུད་ཀྱི་བསླུ་བྲིད་བྱུང་ན་བྱ་སྒྲོ་རླུང་ཁྱེར་གྱི་སྤྱོད་པ་བྱ། བཙུན་མོ་པདྨའི་འཕྲེང་བ་ཅན་གྱི་བར་ཆད་བྱུང་ན་བསེ་རུ་ལྟ་བུའི་སྤྱོད་པ་བྱ། སྡུག་བསྔལ་དང་སྐྱོ་བའི་བློ་བྱུང་ན་ལྷའི་རོལ་མོ་མཁན་གྱི་སྤྱོད་པ་བྱ། དུས་དང་རྣམ་པ་ཐམས་ཅད་དུ་ནམ་མཁའ་གོས་སུ་གོན་པའི་སྤྱོད་པ་བྱའོ། །བཞི་པ། འབྲས་བུ་ནམ་མཁའ་ལྟ་བུའི་འཆར་ཚུལ་ལ་གསུམ་སྟེ། གང་ཟག་གང་ལ་འཆར་བ་དང་། དུས་ནམ་འཆར་བ་དང་། ཚུལ་ཇི་ལྟར་འཆར་བའོ། །དང་པོ་ནི། གང་ཟག་བདག་ཉིད་རྣལ་འབྱོར་པ་ལ་འཆར་ཏེ། མོས་གུས་ཅན་ལ་བྱིན་རླབས་ཀྱི་སྟོབས་ཀྱི་འཆར། བརྩོན་འགྲུས་ཅན་ལ་སྒོམ་པའི་སྟོབས་ཀྱིས་འཆར་བའོ། །དུས་ན་བསྐལ་པ་གྲངས་མེད་པ་ལ་སོགས་པ་ལ་མི་ལྟོས་ཏེ། དམིགས་པ་ཡེངས་མེད། བློ་འཛིན་མེད། ཤེས་པ་བྱ་བྲལ་གྱི་ངང་དུ་སྐད་ཅིག་བརྗོད་དུ་མེད་པའི་དུས་སུ་འཆར་རོ། །འཆར་ཚུལ་ནི། ངོ་བོ་ཆོས་སྐུའི་སྙིང་པོ་ཅན་དུ་འཆར་ཏེ། རང་སྣང་ལ་དྲི་མ་བྲལ་བའི་ཆོས་སྐུ་རང་བཞིན་གྱིས་འོད་གསལ་བ། སྤྲོས་པ་ཐམས་ཅད་ཞི་བ། མ་རིག་པའི་སྒྲིབ་གཡོགས་དང་དགེ་སྡིག་བག་ཆགས་ཀྱི་གཡའ་དང་བྲལ་བ་འཆར། གཞན་སྣང་ལ་གཟུགས་སྐུ་དྲི་མ་དང་བྲལ་བ་འཆར་ཏེ། གཟུགས་སྐུ་གཉིས་ཀྱིས་དག་པ་དང་མ་དག་པའི་གདུལ་བྱ་རྣམས་ལ་མཆོག་དང་དམན་པའི་ཚུལ་གྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་དཔག་ཏུ་མེད་པ་མཛད་པ་འཆར་རོ། །བྱེད་པ་ཆོས་ཀྱིས་རྣམ་རྟོག་གི་དྲི་མ་སྦྱོང་བྱེད་དུ་འཆར་ཏེ། སངས་རྒྱས་ཀྱིས་གསུངས་པའི་ཆོས་རྣམས་དང་མཐུན་པར་བསྟན་ཏེ། སེམས་ཅན་རྣམས་ཀྱི་རྣམ་རྟོག་གི་དྲི་མ་སྦྱོང་བར་འཆར་རོ། །ཕྱག་རྒྱ་ཆེན་པོའ་ཡེ་ཤེས་གསལ་འདེབས་པར་བྱེད་པའི་གདམས་པ་བླ་མ་མཁའ་འགྲོའི་གསུངས་བཞིན་དུ། གཉའ་ནམ་གྲོད་ཕུག་དགོན་པ་རུ། །རྡོ་རྗེ་རྒྱལ་མཚན་བརྩེ་བས་བྲིས། །ཕྱོགས་དུས་དགེ་ལེགས་ལྡན་གྱུར་ཅིག །རྗེ་མི་ལ་
༡༣༣རས་པས་རས་ཆུང་པ་རྡོ་རྗེ་གྲགས་ལ་གཏད་པ་རྫོགས་སོ། །དགེའོ།། །།

དཔལ་ལྡན་ཤངས་པའི་གསེར་ཆོས་ལས། རྩ་བ་ནི་གུ་ཆོས་དྲུག་གི་ཁྲིད་བསྡུས་སྟན་ཐོག་གཅིག་མའི་ཉམས་ལེན་ཡེ་ཤེས་ཌཱ་ཀིའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ

༢༠༧ དཔལ་ལྡན་ཤངས་པའི་གསེར་ཆོས་ལས། རྩ་བ་ནི་གུ་ཆོས་དྲུག་གི་ཁྲིད་བསྡུས་སྟན་ཐོག་གཅིག་མའི་ཉམས་ལེན་ཡེ་ཤེས་ཌཱ་ཀིའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། །།
༢༠༨ བརྟན་གཡོའ་ཁྱབ་བདག་བདེ་བ་ཆེ། །གཅིག་པུའི་རང་བཞིན་དུ་མའི་གཟུགས། །ཟབ་མོའ་རིམ་པ་ལས་སྐྱེས་པ། །བླ་མེད་དེ་ལ་ཕྱག་འཚལ་ལོ། །རྒྱུད་རྣམས་ཀུན་ལས་དངོས་བསྟན་ཅིང་། །གྲུབ་མཆོག་བྱེ་བ་གཤེགས་པའི་ཤུལ། །ཉམས་སུ་བླངས་པས་ཡེ་ཤེས་སྟེར། །ཆོས་དྲུག་སྟན་ཐོག་གཅིག་མ་འཆད། །དེ་ཡང་མཐར་ཐུག་སྟོན་པ་རྣམ་ལྔ་སོགས་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་གི་རྫོགས་རིམ་སྙིང་པོར་དྲིལ་བ་ཡེ་ཤེས་ཀྱི་མཁའ་འགྲོའི་ཞལ་ལུང་ལས་རྩོད་མེད་དུ་བྱུང་ཞིང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སོགས་སྐྱེ་མཐའི་བྱང་སེམས་འབའ་ཞིག་པའི་ཐུགས་བཅུད་སྨརདམར་ཆོས་དྲོད་ཚད་ཡིད་ཆེས་འཕྲལ་དུ་སྐྱེད་པ་འདི་ཉིད་རྒྱས་པར་ཡིག་རྙིང་རྣམས་དང་། ཁྱད་པར་རྗེ་བཙུན་སྒྲོལ་བའི་མགོན་པོའ་གསུང་རབ་ལས་ཤེས་པར་བྱ་ཞིང་། སྟན་ཐོག་གཅིག་མའང་དེ་ཉིད་དང་དམ་པའི་སྐྱེས་བུ་གཞན་གྱི་ཡིག་ཆ་མང་དུ་མཆིས་མོད། འདིར་དེ་དག་གི་ཟབ་བཅུད་དྲིལ་ཞིང་བརྒྱུད་པ་རྙིང་པ་ལ་བཀའ་
༢༠༩ བབ་ཀྱི་གདམས་ངག་གསར་པས་ཟུར་བརྒྱན་ཏེ་བཤད་པར་བྱའོ། །སྤྱིར་སྒོ་འབྱེད་དང་བྱིན་རླབས་ཀྱི་བཀའ་རྣམས་ཐོབ་ཅིང་རྩ་བའི་ཆོས་བཞིའི་མྱོང་བ་ཅི་རིགས་སྐྱེས་པའམ། མ་སྐྱེས་ཀྱང་ཁྲིད་ཆེན་རྫོགས་པ་ཞིག་གིས་རྒྱུན་ཁྱེར་ཉམས་ལེན་ཏུདུ་བྱ་བ་ནི་འདི་ཡིན་ནོ། །དེ་ལ་སྤྱི་དང་ཁྱད་པར་གཉིས། སྤྱི་ལ་སྔོན་འགྲོ་དང་དངོས་གཞི་གཉིས། སྔོན་འགྲོ་ལའང་ཐུན་མོང་དང་ཐུན་མིན་གཉིས་སོ། །ཐུན་མོང་སྤྱི་ལ་གྲགས་པའི་ཆོས་བཞིས་རྒྱུད་སྦྱངས་པ་སྔོན་དུ་སོང་བའི་དབང་དུ་བྱས་ནས་འདིར་གསལ་འདེབས་ཁྱུག་ཙམ་བྱ་སྟེ། གནས་དབེན་པར་སྟན་བདེ་བར་ལུས་གནད་དཀྱུས་མཐུན་བཅའ། དལ་བརྒྱད་འབྱོར་བཅུས་བརྒྱན་པའི་མི་ལུས་ཡིད་བཞིན་ནོར་བུ་ལས་ཀྱང་ཆེས་རྙེད་པར་དཀའ་བ་འདི་ཡང་འཆི་རྐྱེན་དུ་མས་མི་རྟག་པས་དེ་རིང་ཙམ་ཡང་མི་འཆི་བའི་གདིངགདེང་ནི་མེད། ཤི་ནས་དཀར་ནག་ལས་ཀྱི་འབྲས་བུ་ཁོ་ན་དབང་ཆེ་ཞིང་། མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ཀྱང་འཁོར་བའི་
༢༡༠ སྡུག་བསྔལ་དར་དྲགས་ལ་ཡུན་རིང་བས་གཙེས། སྡུག་བསྔལ་འདི་ལས་སྐྱོབ་ཐུབ་པའི་སྐྱབས་ཀྱི་རྒྱལ་པོ་ནི་བླ་མ་རིན་པོ་ཆེ་ཡིན་པས་ཁྱེད་ལས་རེ་ས་མེད་དོ་སྙམ་པའི་བློ་ཐག་རྦད་ཀྱིས་བཅད། ཆོས་འདིའི་རང་ལུགས་ཀྱི་ཐུན་མོང་གི་སྔོན་འགྲོ་དངོས་ནི་སྐྱབས་འགྲོ་སེམས་བསྐྱེད་གཉིས་ཏེ། དང་པོ་ནི། ས་ཕྱོགས་དག་པའི་ཞིང་ཁམས་སུ་མོས། མདུན་གྱི་ནམ་མཁར་སེང་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བཞི་བརྩེགས་པའི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་སྐུ་དངོས་དེ་ཀ་ལ་བཀྲག་མདངས་གཟི་བརྗིད་འོད་དུ་འབར་བ། རང་ལ་དགྱེས་པའི་འཛུམ་ཞལ་གྱིས་གཟིགས་པ། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རྩ་གསུམ་མ་ལུས་པ་འདུས་པའི་བདག་ཉིད་དུ་ངེས་ཤེས་བསྐྱེད་ལ། བླ་མ་རང་མཁྱེན་སྙམ་པའི་བློ་གཏད་ལིངལྷིང་གིས་བསྐྱུརབསྒྱུར། ནམ་མཁའི་མཐའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཀུན་ཀྱང་རང་དང་ལྷན་ཅིག་སྐྱབས་སུ་འགྲོ་བར་མོས་ཏེ། ངག་ཏུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ཞེས་ཅི་ནུས་བརྗོད། སྐྱབས་ཡུལ་སྐབས་འདིར་བསྡུ་བར་མི་མཛད། གཉིས་པ་ནི། སེམས་ཅན་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་པས་ཤིན་ཏུ་གཅེས་ཤིང་ཕོངས་ཀྱང་འཁོར་བ་ན་སྡུག་བསྔལ་མཐའ་མེད་པ་ལ་སྤྱོད་པར་འདུག །འདི་རྣམས་ལ་དྲིན་ལན་ཏུདུ་ཕན་གདགས་དགོས། དེ་ཡང་ཕན་ཕྱོགས་རེས་མི་ཕྱིན་པས་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་ལ་འགོད་པའི་ཕྱིར་དུ་སྙན་བརྒྱུད་ཀྱི་ཐབས་ལམ་བསྒོམ་པར་བགྱིའོ་སྙམ་པའི་བློ་དུང་དུང་བས། ངག་ཏུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་་
༢༡༡ རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་ནི་གུའི་ཆོས་དྲུག་ཉམས་སུ་བླང་བར་བགྱིའོ། །ཞེས་ཡང་ཡང་བརྗོད། དཀོན་མཆོག་སྐྱབས་འོག་ཆུདཚུད་པ་དང་། །སྐྱེས་བུ་ཆེན་པོའ་བློ་སྐྱེས་ན། །ཐར་པའི་ལམ་ལས་མི་ཟློག་ཅིང་། །སྤྱོད་ལམ་ཀུན་ཀྱང་བྱང་ཆུབ་རྒྱུ། ༈ །སྔོན་འགྲོ་གཉིས་པ་ཐུན་མོང་མ་ཡིན་པ་དག་བྱེད་ཨའི་སྟོང་ར་ནི། སྔར་བསྒོམས་པའི་རྩ་བའི་བླ་མ་ཉིད་སླར་ཡང་གསལ་གདབ་སྟེ་མོས་གུས་ཀྱི་གདུང་ཤུགས་དྲག་པོས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་ཐམས་ཅད་འདག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་ཅི་ནུས་སུ་བཏབ་པས་བླ་མ་འོད་དུ་ཞུ། སྤྱི་བོ་ནས་ཞུགས་ཏེ་ཐིམ་པས་ཀླད་པ་གཏི་མུག་གི་རང་བཞིན་ཅན་དེ་སྦྱངས་ནས་ཡལ། མགྲིན་པ་ཡན་ཆད་མགོ་བོ་ཆུའི་ལྦུ་བ་ལྟ་བུ་ཁ་དོག་དཀར་ལ་རེག་བྱ་སྲབ་པའི་ནང་དུ་ཆོས་འབྱུང་དཀར་པོ་གྲུ་གསུམ་པ་དྭངས་གསལ་ཤེལ་གྱི་སྣོད་ལྟ་བུ། རྩ་བ་ཕྲ་བ་མགྲིན་པར་སླེབ་ཅིང་གདེངས་ཀ་གཡལགཡེལ་བ་གྱེན་ཏུ་བསྟན་པའི་ཟུར་གཅིག་སྨིན་དབྲག་དང་། ཟུར་གཉིས་རྣ་ལྟག་གཡས་གཡོན་ལ་རེག་ཙམ་པ། དེའི་དབུས་སུ་དྲང་ཐད་དུ་བླ་མ་དང་རང་སེམས་སྐྱེ་མེད་མཚོན་པའི་ཨ་དཀར་པོ་གསལ་དྭངས་འོད་ཀྱི་རང་བཞིན་ཅན། ཕྱེད་ཆ་ཆོས་འབྱུང་ནང་དུ་ཆུདཚུད་ཅིང་ཕྱེད་ཙམ་སྟེང་དུ་འཐོན་པ། རྟེན་མེད་དུ་ལྡིང་བ་ལ་ཐོག་མར་བསྒྲིམས་ཏེ་སེམས་གཏད། དེ་རྗེས་ཤེས་པ་གྲིམས་ལྷོད་
༢༡༢ རན་པོས་ཅི་ནུས་སེམས་འཛིན། མི་ནུས་ན་ཨ་ཐུང་གི་བཟླས་པ་ཤུབས་བུརཤུབ་པུར་ལན་ཉེར་གཅིག་ཙམ་བཟླས་པས། ཨ་ཡིག་ལས་བདུད་རྩི་དཀར་པོའ་རྒྱུན་ཤུགས་དང་ལྡན་པར་བབ། ཆོས་འབྱུང་མེར་གྱིས་གང་སྟེ་ཞམ་ཞམ་ལུད་པས་ལུས་ཕྱི་ནང་ཐམས་ཅད་དུ་ཁྱབ་ཅིང་བཀྲུས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དཀོར་དང་སྐུ་གླུད་ཟོས་པ་དམ་ཚིག་ཉམས་ཆགས་སོགས་དུད་ཁུ་སོལ་ཁུའི་རྣམ་པར་བ་སྤུའི་བུ་ག་དང་དབང་པོའ་སྒོ་རྣམས་ནས་ཕྱིར་ནག་ནུ་རུ་རུ་བདས། ལུས་ཀྱི་གདོས་བཅས་ལྗན་ལྗིན་རྣམས་ཀྱང་ཞུ་བ་ལྟར་སོང་ཞིང་བདུད་རྩིས་ཕྱི་ནས་ཀྱང་བཀྲུས་ཏེ་ནག་བུན་ནུ་ནུ་ས་འོག་ཐག་རིང་པོར་སོང་ནས་ཡལ། རང་ལུས་ཤེལ་གོང་གཡའ་དག་པ་ལ་ཐོགས་མེད་འཇའ་དཀར་པོ་ལྟ་བུ་བདུད་རྩིས་གང་བར་བསམས་ལ་ཤེས་པ་ལྷོད་ལ་བཞག །འདི་ཉིད་ཆེད་དུ་བསྒོམ་སྐབས་དམིགས་བཟླས་དེ་རྣམས་བསྐྱར་བ་ཡིན་ལ་བླ་མའི་རྣལ་འབྱོར་ཐོག་མའི་གཅིག་དེས་ཆོག །དམིགས་པ་འདི་ལ་ཡན་ལག་གཉིས་ཏེ་ནད་ཞི་བྱེད་ནི། ཚ་བ་ལ་བདུད་རྩི་དཀར་བསིལ་གྱིས་ནད་དམར་པོའ་རྣམ་པ། གྲང་བ་ལ་བདུད་རྩི་དམར་ཞིང་ཚ་བས་ནད་དཀར་འདུར་གྱི་རྣམ་པ། རླུང་དམ་འདུས་པ་ལ་བདུད་རྩི་སེར་ལ་སྣུམ་པས་ནད་སྔོ་འདུར་གྱི་རྣམ་པ་སོགས། གང་ན་བའི་ཐད་དེ་ཀར་བུག་པ་བྱུང་ནས་བདས་པས་རྩད་ནས་དག་པར་བསམ། གདོན་ཞི་བྱེད་ནི། ཨ་ལས་བབ་པའི་བདུད་རྩི་གདོན་སོ་སོའ་གཉེན་པོ་ཁྲོ་བོ་སེར་དྲག་ལྟ་བུར་གྱུར་པ་དང་། མེ་དཔུང་དང་ཁྲོ་ཆུ་ཁོལ་མའི་རྒྱུན་སྔགས་ཀྱི་སྒྲ་དང་བཅས་པས་ལྷག་མེད་དུ་ཚར་བཅད་བར་བསྒོམ་ལ་མཉམ་པར་བཞག་གོ །སྦྱང་བྱ་གདོད་ནས་མ་གྲུབ་པར། །སྦྱོང་བྱེད་སྐྱེ་མེད་ཡིག་འབྲུ་ཉིད། །སྤྲོས་པ་ཀུན་ཞི་
༢༡༣ དབུ་མའི་དོན། །སྦྱོང་ཚུལ་ཀུན་གྱི་ཟླ་མེད་པའོ། ༈ །དངོས་གཞི་ཆོས་དྲུག་གི་དང་པ་ཐབས་ལམ་བདེ་དྲོད་རང་འབར་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ། །སྔོན་འགྲོ་ལུས་གནད་མེའི་སྟོང་རའམ་གཏུམ་མོ་མེ་རྒོད་མ་ནི། རང་བདེ་མཆོག་ལྷན་སྐྱེས་སུ་གསལ་བའམ་ཐ་མལ་དུའང་རུང་བའི་སྤྱི་བོར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་པདྨ་དཀར་པོ་དང་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་སྟོན་ཟླ་ལྟར་དཀར་ཞིང་ཞལ་འཛུམ་བག་ཅན། རང་ལ་བྱིན་གྱིས་རློབ་རློབ་འདྲ་བ་བསྒོམ། ལོག་རྟོག་ཤས་ཆེ་བ་དང་མོས་བློས་ཡར་གཞལ་དགོས་ཚེ་རྡོ་རྗེ་འཆང་དུ་བསྒོམས་ཀྱང་རུང་ནི་རུང་། ཆོས་དྲུག་འདིའི་ཁྱད་ཆོས་སུ་བླ་མ་སྐུ་དངོས་སྒོམ་པར་མཛད། གོང་ལྟར་སྐྱབས་གནས་ཀུན་འདུས་སུ་མོས་པ་སོགས་སྒོ་དུ་མ་ནས་མོས་གུས་ཀྱི་གདུང་ཤུགས་དྲག་པོས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ལུས་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། ཅེས་གསོལ་བ་དྲག་ཏུ་བཏབ་པས་བླ་མ་བདུད་རྩིའི་ངོ་བོར་ཞུ་བ་སྤྱི་བོ་ནས་ཐིམ། རྣམ་སྨིན་གྱི་ལུས་སྦྱངས་ཏེ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གྱུར་པ་ནི། དམར་སྨུག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། །ཅུང་ཟད་འཐུརམཐུར་སྡིགས་ཐོད་ཁྲག་ཐུགས་ཀར་གཡོན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱངས། །སྤྱན་གསུམ་སྐྲ་གྲོལ་ཕྱག་རྒྱ་ལྔ་ཡིས་བརྒྱན། །གཡས་བརྐྱང་སྟབས་ཀྱིས་པད་ཉི་མི་རོ་དཀར། །མགོ་གཡས་བསྟན་སྟེང་མེ་ཕུང་དབུས་ན་བཞུགས། །སྐུ་ལུས་
༢༡༤ ཀྱི་ནང་དར་དམར་གྱི་གུར་ཕུབ་པ་ལྟ་བུ་བ་སྤུའི་མཐར་ཐུག་པ་ཚུན་སྟོང་སངསིང་ངེ་བར་བསམ། ལུས་གནད་མེ་ཐབ་དྲུག་ཆིངས་བྱ་སྟེ་ཙོག་པུ་རྐང་ངར་གཡས་ནང་གཡོན་པ་ཕྱི་ལ་ཡོད་པའི་རེའུ་མིག་ལྟར་བསྣོལ། ལག་གཉིས་ཀྱང་བསྣོལ་ཏེ་བར་ལྷུ་གཉིས་འཇུས་པའི་གྲུ་མོ་པུས་མོའ་སྟེང་དུ་ཡོང་པར་བྱ། སྒལ་ཚིགས་བསྲངས། ལྟ་སྟངས་ཐད་ཀར་བཞག །ལྟེ་བའི་ཐད་ཀྱི་མདུན་རྒྱབ་གཉིས་དང་མཁལ་ཁུང་གཡས་གཡོན་དང་བཞིར་མེའི་གོང་བུ་དམར་ལ་ཟླུམ་པ། ཤིན་ཏུ་ཚ་བ། མེ་ལྕེ་འབར་ཚད་པ་ལྕགས་སྲེགསསྲེག་གོང་བུ་ལྟ་བུ་བཞི་སྒྲོམས་སུསྒྲོམ་དུ་གསལ་གདབ། དམིགས་རྡིལརྡུལ་དེ་མི་འདོར་བཞིན་ཏུདུ་རླུང་རོ་དལ་ལ་རིང་བ་ལན་གསུམ་འབུད། སྟེང་རླུང་དལ་བུས་རྔུབས་ཏེ་ལྟེ་འོག་ཏུ་མནན། འོག་རླུང་ཡར་མི་འཐེན་པར་རང་སར་བཅིངས། ལྟེ་བར་གཡས་བསྐོར་གཅིག་དང་གཡོན་བསྐོར་གཅིག་བྱས་པས་མེ་གོང་རྣམས་འཐབས་ཏེ་ལུས་ཀྱི་ནང་ཐམས་ཅད་མེ་སྟགསསྟག་དམར་སྐྱས་དམར་ཆེམ་ཆེམ་ཚ་འུར་འུར་ཁྱབ་པར་བསམ་ལ་མི་བདེ་བ་མེད་མེད་དུ་འཇམ་རླུང་བཟུང་། མི་ཐུབ་པ་ན་དང་པོར་ཤུགས་ཆུང་། བར་དུ་ཆེ། མཐར་སང་གིས་བུས། དེ་ལྟར་བཞི་བརྒྱད་སོགས་རླུང་ཐེངཐེངས་གང་ལྕོགས་བཟུང་། ཅུང་ཟད་བྱང་ནས་གཡས་བསྐོར་གཡོན་བསྐོར་རེ་རེ་རིམ་པར་བསྣན་པས་མཐར་བསྐོར་བ་བཅུ་གཉིས་རེ་ཙམ་ཐུབ་པ་ན་མེའི་ནུས་པ་རྙེད་པར་འགྱུར་ཞིང་། ཡན་ལག་ལྔ་སྦྱོང་སྔོན་ཏུདུ་འགྲོ་བའི་གཙུབས་ཤིང་གཙུབས་སྟན་མའི་འཁྲུལའཕྲུལ་འཁོར་ཡང་ཅི་ནུས་བྱས་པས་དྲོད་སྐྱེ་བ་ལ་མྱུར་རོ། །དངོས་གཞི་གཏུམ་མོ་ཟས་སུ་ཟ་བ་ནི། ལུས་གནད་རྐང་པ་སེམས་དཔའི་སྐྱིལ་ཀྲུང་ལྷོད་དེ་རྒྱ་ཆེ་བར་བཅའ། ལག་པ་བསྲངས་ཏེ་ལག་མཐིལ་གཉིས་པུས་མོར་བཀབ། སོ་མཆུ་རང་བབ་ལྟ་ལྟངས་གོང་མཚུངས། སྒལ་ཚིགས་བསྲང་།
༢༡༥ རྐང་པའི་མཐེ་བོང་ནང་དུ་དགུག །རང་ཉིད་རྗེ་བཙུན་མར་གསལ་བའི་སྟོང་རའི་དབུས་སུ་རྩ་ཨ་བ་དྷཱུ་ཏི་མདའ་སྨྱུག་འབྲིང་པོ་ཙམ་དྲང་བ། སྲབ་པ། དྭངས་པ། དམར་བ་སྟེ་མཚན་ཉིད་བཞི་ལྡན། ཡར་སྣེ་ཚངས་བུག་དང་མར་སྣེ་ལྟེ་འོག་སོར་བཞིར་ཟུག་པ། གཉིས་ཀའང་བཅད་ཁར་ཡོད་ཅིང་ནང་སྟོང་སངསིང་ངེ་བ་སྨྱུག་མ་ཁྲིགས་བཅད་བྱས་པ་ལྟ་བུའི་གཡས་སུ་རོ་མ་དམར་པོ། །གཡོན་ཏུདུ་རྐྱང་མ་དཀར་པོ་གཉིས་ཀ་གྲོ་སོག་ཙམ་པ་བཅས་སུམ་གཤིབ་ལས། མར་སྣེ་དབུ་མ་ལས་སོར་བཞི་རིང་བར་སོང་བའི་སྣེ་ཡར་ལོག་སྟེ་དབུ་མའི་ནང་དུ་ཆུད་ཙམ་པ། ཡར་སྣེ་གཉིས་པོ་དབུ་མའི་ཡར་སྣེའི་རྒྱབ་ཕྱོགས་ནས་སོར་གཅིག་ཙམ་ཐད་དུ་འཁྱོགས། དེ་མཚམས་གཉིས་གཤིབས་བྱས་པས་དབུ་མའི་ཡར་སྣེའི་སྟེང་ནས་བཀབ་ཅིང་མདུན་ཏུ་གུགདུ་བཀུག་ནས་སྣ་བུག་གཉིས་སུ་ཐུག་པ། དབུ་མའི་ཡར་སྣའི་ནང་དུ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་བདེ་ཞིང་བསིལ་བ། མས་སྣ་རྩ་གསུམ་འདུས་མདོར་རཾ་ཡིག་དམར་པོ་མགོ་གྱེན་བསྟན་ཤིན་ཏུ་ཚ་བ། དེ་ལས་སོར་བཞི་ཙམ་གྱི་འོག་ཐད་བཤང་སྒོར་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོ་སྐྱ་བཅད་ཁ་མདུན་བསྟན་རབ་ཏུ་གཡོ་བ་རྣམས་གསལ་བཏབ། འབུད་པ་དགུ་ཕྲུགས་ནི། དང་པོ་དལ་ལ་རིང་བ་གསུམ། དེ་ནས་དྲག་ལ་ཐུང་བ་གསུམ། དེ་ནས་རོ་སྟོད་གཅུད་ཅིང་འབུད་པ་གསུམ་ནི། ལག་པ་གཡས་པའི་མཐེ་བོང་སྲིན་ལག་གིས་མནན་ཅིང་མཐེའུ་ཆུང་ཡང་བཀུག །མཛུབ་མོ་གུང་མོའ་རྒྱབ་ཏུ་སྦྱར་བས་སྣ་གཡོན་པ་བཙིར། གཡོན་མཐེ་བོང་ནང་དུ་བཅུག་པའི་ཁུ་ཚུར་མཆན་འོག་གཡས་པར་བཅུག་པ་གཡས་ཀྱི་བར་ལྷུས་མནན་ཏེ་གཡས་ཀྱི་ནུ་མ་གྲུ་མོ་གཅུད་ལ་བོར་ཞིང་སྣ་གཡས་ནས་རླུང་རོ་ལན་གཅིག་སང་གིས་འབུད། དེ་གོ་ཟློག་
༢༡༦ པས་གཡོན་ནས་གཅིག །སླར་ཡང་གཡས་ནས་གཅིག་འབུད་ལ་ཅུང་ཞིག་ངལ་གསོ་ཞིང་སྟོང་ར་གསལ་གདབ། ཡང་དལ་བུས་རླུང་རོ་གཅིག་བསལ་ནས་སྟེང་རླུང་འཇམ་པོར་རྔུབས་པ་ལྟེ་འོག་ཏུ་མནན། འོག་རླུང་ཡང་ཅུང་ཟད་འཐེན་ལ་ཁ་སྦྱོར་དུ་བཟུང་། དམིགས་པ་རླུང་རྣམས་སྣ་སྒོ་ནས་རོ་རྐྱང་བརྒྱུད་ནས་རྩ་གསུམ་འདུས་མདོར་སླེབ། རླུང་དཀྱིལ་ལས་ཀྱང་རླུང་ཁ་དོག་སྔོན་པོ་མདུད་ཚུགས་སུ་ལངས་ཏེ་དབུ་མར་ཆུད། རླུང་གསུམ་པོས་རཾ་བུས་པས་མེ་ཕྲ་ཞིང་རྣོ་བ་གསལ་ལ་འཚེར་བ་ཇེ་རིང་འབར། རླུང་ཐེངཐེངས་འགའ་རེ་སོང་ནས་སྤྱི་བོའ་ཧཾ་ལ་ཕོག་པས་བྱང་སེམས་དཀར་པོའ་རྒྱུན་བབ། ཇེ་རིང་བྱུང་ནས་ལྟེ་བའི་རཾ་ལ་ཐིམ་པར་བསྒོམ། དེའང་མདུན་ཕྱོགས་སུ་མེ་དང་རྒྱབ་ཕྱོགས་སུ་ཐིག་ལེའི་འབར་འཛག་བྱ་སྟེ་ཤས་ཆེ་བ་ལ་དགོངས་པ་ཡིན་གསུངས། མེ་འོད་གང་དུ་བྱུང་བའི་ལུས་ཀྱི་ནང་ཚ་འུར་བ་དང་། བྱང་སེམས་ཀྱི་འོད་སྐྱ་ཡམ་གང་དུ་བྱུང་བ་དེར་བདེ་ཕྲིལ་གྱིས་བྱུང་བ་གཉིས་ལ་འདུན་པ་རེས་མོས་གཏད། དེའང་རླུང་ཇི་ཙམ་ཐུབ་ཐུབ་ཏུ་བཟུང་ཞིང་ཅུང་ཟད་མི་བདེ་ན་སྔོན་མ་ཕྱིར་མ་བཏང་བར་སླར་ཡང་རྔུབ་ཆུང་གང་ནུས་བཅས་ལྟེ་བའི་གཡས་གཡོན་དབུས་གསུམ་དུ་འཐེན་གནོན་བྱས་ཏེ་གཞིལ། མི་ཐུབ་ན་གོང་ལྟར་འཕང་། དེ་མ་ཐག་ཏུ་ཡང་རྔུབས་ཏེ་བསྒོམ། ངལ་གསོ་ན་རླུང་ཐེང་བཞི། བརྒྱད། བཅུ་དྲུག་ལ་སོགས་པའི་མཚམས་སུ་བྱ་ཡི་གང་འདོད་དུ་བཞག་མི་རུང་། ཉིན་མཚན་གྱི་མཐའ་དང་གུང་གཉིས་ལ་སྤང་ཞིང་ཐོག་མར་གཡོན་ནམ་མཉམ་རྒྱུའི་སྐབས་སུ་བཟུང་བའི་འགོ་བརྩམ་པ་དང་། དུད་རླུང་སོགས་སྤང་བླང་བྱ་བ་རྣམས་ཀྱང་གཞན་ལས་ཤེས་པར་བྱའོ། །རྗེས་སྲིད་པའི་དབང་ཞུ་བ་ནི། བླ་མ་གདན་བཅས་གོང་ལྟར་གསལ་གདབ། ཕྱི་མཆོད་ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་དགུ། ནང་དམ་ཚིག་དང་ཡེ་ཤེས་ཀྱི་བདུད་རྩི། གསང་བ་བདེ་
༢༡༧ སྐྱེད་ཀྱི་རིག་མ། འཁོར་གསུམ་སྒྱུ་མ་རྨི་ལམ་ལྟར་ཤེས་པ་དེ་ཁོ་ན་ཉིད་དེ་མཆོད་པ་བཞི་རྫོགས་སུ་ཕུལ་བར་བསམ་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་ལ། ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ་པས། །བླ་མའི་སྐུ་ལས་ཡེ་ཤེས་བདུད་རྩི་དཀར་ལ་བདེ་བའི་ངད་ཅན་བབ། སྤྱི་བོ་ནས་ཞུགས། སྨིན་མཚམས་ཡན་ཆད་གང་། ལུས་ཀྱི་དྲི་མ་དག །བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང་། ངག་གི་དྲི་མ་དག །གསང་དབང་ཐོབ། སྙིང་ག་ཡན་ཆད་གང་། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་། སྒོ་གསུམ་གྱི་དྲི་མ་མཐའ་དག་དག །དབང་བཞི་པ་ཐོབ། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། བླ་མའི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་མོས་ལ་མཉམ་པར་བཞག །འདི་ཉིད་དགོས་པ་དང་བྱིན་རླབས་ཤིན་ཏུ་ཆེ་བས་སྐབས་འདིར་ཚར་རེ་ཆག་ཐབས་མེད་ཅིང་ཁོལ་འདོན་ཕུར་ཚུགས་སུ་བསྒོམ་ན་བོགས་འདོན་ཐམས་ཅད་ཀྱི་མཆོག་གོ །སྟོད་སྨད་ཀྱི་གེགས་རང་གྲོལ་སོགས་ནི་གཞུང་ལས་ཤེས་པར་བྱའོ། །བདེ་སྟོང་ཕྱག་རྒྱ་ཆེན་པོའ་དངོས། །སྐྱེ་འདི་ཉིད་ལ་མྱུར་སྟེར་བ། །ཙཎྜི་རྒྱལ་བ་ཀུན་གྱི་ཐུགས། །བསགས་སྦྱངས་ཀུན་གྱི་མཐར་ཐུག་གོ ༈ །གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་ནི། རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་། །རྡོ་རྗེ་དྲིལ་བསྣོལ་ཕྱག་རྒྱ་དྲུག་གིས་བརྒྱན། །ཐོར་ཚུགས་ཟླ་ཕྱེད་སྣ་ཚོགས་རྡོ་རྗེས་མཚན། །མགོ་ཕྲེང་དོ་ཤལ་སྟག་ལྤགས་ཤམ་
༢༡༨ ཐབས་ཅན། །གཡོན་བསྐུམ་གཡས་བརྐྱང་འཇིགས་བྱེད་དུས་མཚན་མནན། །ཕག་མོ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། མེ་དཔུང་དབུས་སུ་པད་ཉིའི་གདན་ལ་གསལ། །སྤྱི་བོར་གདན་བཞི་བརྩེགས་ལ་བླ་མ་དག་བྱེད་སྟོང་ར་ལྟར་གསལ། རྡོ་རྗེ་འཆང་དུ་བསྒོམ་ན་སྔོན་པོ་བྱ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དགེ་འདུན་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པས་བླ་མ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད་ཡིན་ལ་ཡིན་བཞིན་པར་གྱུར། མཚན་ཐོས་ཀྱང་འཁོར་བ་ངན་སོང་ལས་སྒྲོལ་ན་གསོལ་བ་བཏབ་ན་ལྟ་ཅི་སྨོས་སྙམ་པ་སོགས་མོས་གུས་དྲག་པོ་དང་། རིགས་དྲུག་སེམས་ཅན་སོགས་སྣོད་བཅུད་ཐམས་ཅད་ལས་གསོལ་འདེབས་ཀྱི་སྒྲ་འུར་དིར་དིར་བྱེད་པར་བསམས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་ཏུདུ་བདག་གིས་བདག་འཛིན་བློས་ཐོངཐོངས་བར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྒྱུ་ལུས་འབྱོངས་པར་མཛད་དུ་གསོལ། རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་ནས་བླ་མ་རང་ལ་བསྟིམ། དེ་ནས་དམིགས་པ་ཙམ་ལ་ཐབའཐབ་པར་བསྔགས་པའི་གནད་བརྒྱད་ནི། རང་ལུས་ལྷ་སྐུ་སྟོང་སངསིང་ངེ་བའི་སྨད་ཆའི་ནང་དུ་ཆོས་འབྱུང་དཀར་པོ་འོད་ཀྱི་རང་བཞིན་གྲུ་གསུམ་པའི་ཟུར་གཅིག་ལྟེ་བ་དང་། ཟུར་གཉིས་མཁལ་ཁུང་གཉིས་ལ་བསྟན་པ། རྩ་བ་ཕྲ་བ་གསང་ཕྲག་དང་ཁ་གདེངས་གཡེལ་བ་གྱེན། དེ་ལ་སེམས་ཡུད་ཙམ་གཏད། གནད་དང་པོའོ། །དེའི་ནང་དུ་རིགས་དྲུག་གི་སེམས་ཅན་
༢༡༩ དཔག་ཏུ་མེད་པ་སོ་སོའ་ལུས་དང་བྱེད་ལས་བཅས་བྱུང་ནས་ཆོས་འབྱུང་ཁྲིག་གིསཁྲིགས་ཀྱིས་གང་བར་བསྒོམ། རང་ཉིད་འགྲོ་དྲུག་སོ་སོར་སྐྱེ་བའི་ལས་དང་བག་ཆགས་ཀྱི་རང་གཟུགས་སུ་ཤར་བའོ་སྙམ་པ་དང་། ལྟེ་འོག་ཏུ་འགྲོ་དྲུག་གི་སྣང་བ་འཆར་བྱེད་རྩ་ཡིག་ཡོད་པ་ཉིད་གཟུགས་སུ་ཤར་བའོ་སྙམ་པའང་དྲན་ཙམ་བྱ། གཉིས་པའོ། །མཁའ་ཁྱབ་ཀྱི་སེམས་ཅན་དམིགས་ཡུལ་དུ་བྱས། སེམས་ཀྱི་རྩིརྩེ་ཁ་ལྟེ་བའི་རིགས་དྲུག་ལ་གཏད་དེ་འདི་རྣམས་སྣང་ནི་སྣང་། བདེན་ནི་མི་བདེན། བདེན་མེད་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ་ཡིན་སྙམ་དྲག་ཏུ་བསྒོམ། གསུམ་པའོ། །འདི་རྣམས་བདེན་མེད་ལ་བདེན་པར་བཟུང་ནས་འཁོར་བར་འཁྱམས་པ་སྙིང་རེ་རྗེ་སྙམ་པའི་སྙིང་རྗེ་ལྷང་ལྷང་བྱ། བཞི་པའོ། །འདི་རྣམས་འཁོར་བའི་སྡུག་བསྔལ་ལས་བླ་མས་ངེས་པར་བསྐྱབ་ཏུ་གསོལ། ཕ་བླ་མ་རང་མཁྱེན་སྙམ་དུ་བློ་འགེལ། ལྔ་པའོ། །དེ་རྣམས་གཅིག་ཡལ་གཉིས་ཡལ་རིམ་གྱིས་ཆོས་འབྱུང་སྟོང་སངསིང་ངེ་སོང་པ་ལ་སེམས་གཏད། དྲུག་པའོ། །དེ་ནས་གཏད་སོ་ཅིའང་མེད་པའི་འཛིན་མེད་ངང་དུ་ཤིག་གེར་བཞག །བདུན་པའོ། །དེ་ལ་མ་གནས་ན་རང་གཞན་སྣོད་བཅུད་ཐམས་ཅད་མེད་བཞིན་ཏུདུ་སྣང་བ་སྒྱུ་མ་ལྟ་བུར་ཐག་བཅད། ཐུན་མཚམས་སུའང་མི་རྟག །མོས་གུས། སྒྱུ་མའི་འདུན་པ་གསུམ་པོ་གང་རུང་དང་མ་བྲལ་བས་ཏིང་ངེ་འཛིན་སྤེལ་བར་བྱ། ནད་གདོན་སོགས་རྐྱེན་བཟང་ངན་ཐམས་ཅད་ལམ་དུ་ཁྱེར་ཚུལ་གཞུང་ལས་ཤེས་པར་བྱའོ། །མདོ་རྒྱུད་ཀུན་གྱིས་བསྟན་བྱའི་བཅུད། །བསྒོམ་ན་འཁོར་བའི་འཁྲུལའཕྲུལ་འཁོར་འཇིག །ཡོན་ཏན་དྲུག་པོ་ཤུགས་ལ་འཆར། །སྣང་སྟོང་རབ་འབྱམས་ཨེ་མ་ཧོ། ༈ །གསུམ་པ་རྨི་ལམ་ཉིང་འཁྲུལ་རང་དག་ལ་
༢༢༠ གཉིས་ཏེ། དང་པོ་བཟུང་བ་ནི། རང་ལུས་ཡི་དམ་དུ་གསལ་ཞིང་སྤྱི་བོར་བླ་མ་བསྒོམ་པ་སོགས་སྒྱུ་ལུས་སྐབས་ལྟར་དང་། གསོལ་འདེབས་ཀྱང་ཚིག་རྐང་གསུམ་པོ་དེ་ཀ་ལྟར་ལས། སྒྱུ་ལུས་སོགས་ཀྱི་ཚབ་ཏུ། རྨི་ལམ་ཟིན་པར་མཛད་དུ་གསོལ། ཞེས་མཐའ་བསྒྱུར་ནས་གསོལ་བ་དྲག་ཏུ་བཏབ་པས། བླ་མ་འོད་དུ་ཞུ་རང་ལ་ཐིམ། རང་ལུས་ལྷ་སྐུ་གསལ་སྟོང་དུ་ཤར་བའི་སྟོང་རའི་དབུས་སུ་རྩ་དབུ་མ་དཀར་པོ་ཤེལ་གྱི་ཀ་བ་ལྟ་བུ། ཡས་སྣ་སྤྱི་བོ་དང་མས་སྣ་གསང་གནས་སུ་ཟུག་པ། དེའི་ནང་གི་ཡར་སྣེར་ཧཾ་དཀར་པོ་མགོ་བོ་ཐུར་དུ་ལྟ་བ། མར་སྣེར་ཧཱུྃ་ཡིག་དམར་པོ་མགོ་བོ་གྱེན་ཏུདུ་ལྟ་བ་བསྒོམ། དབུ་མ་ཡར་མར་ཕྲ་ཞིང་རྐེད་པ་ལྡིར་བ་ཉ་དབྱིབས་ལྟ་བུར་བསྒོམ་པའང་གསུངས་མོད། བློ་རིག་དང་བསྟུན་པའི་ཚེ་ན་ལག་ངར་ཙམ་དང་ཆུང་ན་སྦ་སྨྱུག་ཙམ་བསྒོམ་པ་རང་ལེགས། དབུ་མ་སྦོམ་ན་ཐིག་ལེ་འཁོར་བདེ་བ་ཡིན་ཀྱང་ཕྲ་སྦོམ་ཅན་དེ་ཅུང་མི་ལེགས། གང་ཤར་ཐམས་ཅད་ལ་སྤྱིར་བདེན་མེད་དང་། སྒོས་རྨི་ལམ་དུ་ཤེས་པའི་རྩིས་བཟུང་ནས་བསྒོམ་པ་ཁོ་ན་གལ་ཆེ། དེ་ནས་སྤྱི་བོའ་ཧཾ་ལས་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་ཧྲིལ་གྱིས་ཆད། སྙིང་གར་སླེབ། གཏི་མུག་དག །སྙིང་ག་ཡན་ཆད་བདེ་ཡང་ཕྱོད་ཀྱི་སོང་། མར་སྣེའི་ཧཱུྃ་ལས་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་ཆད། སྙིང་གར་སླེབ། འདོད་ཆགས་དག །ཁོག་སྨད་བདེ་ཡང་ཕྱོད་ཀྱིཀྱིས་སོང་། དཀར་དམར་གཉིས་སྙིང་གར་འཛོམ། ཞེ་སྡང་རང་དག་ལ་སོང་། སྙིང་གའི་ཐད་བདེ་ཡང་ཕྱོད་ཀྱིཀྱིས་སོང་བར་བསམ། བདེན་མེད་དང་རྨི་ལམ་གྱི་འདུན་པ་དྲག་པོའ་ངང་སྙིང་གའི་ཐད་ཀྱི་དབུ་མའི་ཐིག་ལེ་གཉིས་པོ་འབྲོས་འདོད་ཀྱི་ཚུལ་དུ་གཡས་བསྐོར་གཡོན་བསྐོར་རང་གི་བློ་
༢༢༡ ལ་གང་བདེར་འཁོར་བ་ལ་སེམས་གཏད། བུམ་དབང་གི་གནད་དོ། །ཇི་ཞིག་ན་གཅིག་རྗེས་གཅིག་ཟིན་གྱིས་རེག་ཙམ་རེག་ཙམ་པར་མོས། གསང་དབང་ངོ་། །དེ་ནས་རེག་པས་ལུས་སེམས་བདེ་ཕྲིལ་ཕྲིལ་སོང་བར་མོས། ཤེར་དབང་ངོ་། མཐར་གཅིག་ལ་གཅིག་ཐིམ་གཏད་མེད་དུ་ཡལ་བའི་ངང་དམིགས་མེད་དུ་བཞག །དབང་བཞི་པའི་གནད་དང་འབྲེལ་བའོ། །བར་བར་དུ་བདེན་མེད་དང་རྨི་ལམ་ཡིན་སྙམ་པའི་འདུན་པ་ཁ་ཤས་རེ་དྲག་ཏུ་བྱ། ཐུན་མཚམས་སུ་མི་རྟག་པ། མོས་གུས། རྨི་ལམ་གྱི་འདུན་པ་དང་མི་འབྲལ་བར་བྱ། ཟིན་པ་ལ་བརྟན་པ་ཐོབ་ནས། གཉིས་པ་རྨི་ལམ་སྦྱོང་བ་ནི། སྐབས་འདིར་འདུན་པས་སྦྱོང་བ་སྟེ། བླ་མའི་རྣལ་འབྱོར་སོགས་སྔར་བཞིན་ལ་གསོལ་འདེབས་སྐབས། རྨི་ལམ་འབྱོངས་བར་མཛད་དུ་གསོལ། ཞེས་བསྒྱུར། འདུན་པ་ཁོ་ནས་རྩལ་ངེས་མེད་དུ་སྦྱངས་སྟེ་རྨི་ལམ་གྱི་ཡིད་ལུས་ལ་ཅི་སྦྱང་སྦྱང་ཡིན་སྙམ་པའི་འདུན་པ་རྒྱུན་ཆགས་དང་། ཀ་བ་རྩིག་པ་སོགས་ལ་ཟང་ཐལ། བུ་ག་ཕྲ་མོ་ལ་འཛུལ་ཞིང་མེ་ཆུ་གཅན་གཟན་གཡང་ས་སོགས་ཡ་ངའི་རིགས་ལ་ཐོག་བརྫིས། མཁའ་ལ་འཕུར་ཞིང་ས་ལ་འཛུལ་བ། ཁྱད་པར་ངོ་ཚ་སྐྱུག་བྲོ་སོགས་རྣམ་རྟོག་ཆོད་དཀའ་བའི་རིགས་ལ་རེས་ཐོག་བརྫིས། རེས་བདེན་མེད། རེས་ཟློག་བསྒོམ་གྱིས་ཉིན་མོ་འདུན་པས་སྦྱང་ཞིང་མཚན་སྣང་ལ་དངོས་སུ་སྦྱང་ངོ་། །སྤེལ་བ་སོགས་གཞུང་ལས་ཤེས། མ་ཟིན་ན་སྤོག་ཆོག །ཟིན་པ་བརྟན་བྱེད། འབྱམས་གཅོད་ལ་སོགས་པ་གལ་པ་ཆེའི་གདམས་ངག་རྣམས་ཀྱང་མན་ངག་ལས་ཤེས་པར་བྱའོ། །རྨི་ལམ་ལྟ་བུའི་ཆོས་རྣམས་ལ། །རྟག་ཏུ་རྨི་ལམ་ལྟར་ཤེས་ན། །རིགས་དྲུག་སྲིད་པའི་མངལ་ཁ་སྟོང་། །གསལ་སྟོང་ལྷ་སྐུ་རང་ཤར་
༢༢༢ རོ། །བཞི་པ་འོད་གསལ་གཏི་མུག་རང་སངས་ལ། སྔོན་འགྲོའི་ཚུལ་དུ་མི་རྟག་པ་དུང་པབ་བསྒོམ་ཞིང་སྐྱོ་ཤས་བསྐྱེད། དངོས་གཞི་འོད་གསལ་བཟུང་བ་ནི། རང་བདེ་མཆོག་ཏུ་གསལ་བའི་སྤྱི་བོར་གདན་བཞི་རྫོགས་ཀྱི་སྟེང་དུ། རྩ་བའི་བླ་མ་རལ་པའི་ཐོར་ཚུགས་རུས་རྒྱན་སྟག་ལྤགས་སོགས་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། རྡོ་རྗེ་འཆང་དུ་བསྒོམ་ན་ཡང་ཧེ་རུ་ཀ་ཞི་མ་ཁྲོ་སྤྱན་གསུམ་པ་བསྒོམ། གསོལ་འདེབས་སྔ་མའི་མཐའ། འོད་གསལ་ཟིན་པར་མཛད་དུ་གསོལ། ཞེས་བསྒྱུར་ལ་མོས་གུས་ཆེན་པོས་གསོལ་བ་དྲག་ཏུ་འདེབས། ལུས་ཀྱི་དབུས་སུ་རྩ་དབུ་མ་དཀར་པོ། །དེའི་སྙིང་གའི་ཐད་དུ་པདྨ་དཀར་པོ་འདབ་བཞི་དང་ཟླ་བའི་སྟེང་དུ་རྩ་བའི་བླ་མ་དཀར་ལ་འོད་ཟེར་འཕྲོ་བ་ཚོན་གང་བ། ཐུགས་ཀར་ཐིག་ལེ་དཀར་པོ་སྲན་མ་ཙམ་འོད་འཕྲོ་བ་ལ་སེམས་གཏད་དེ་མཉམ་པར་བཞག །དེ་ལས་འོད་འཕྲོས། བླ་མའི་སྐུ་ཁྲ་ས་ལེ་ཁྱབ། ཐུགས་རྒྱུད་བདེ་བས་གང་། སྐུ་ལས་འོད་ཟེར་བྱུང་། རང་ལུས་ཁྱབ། རང་ལུས་བ་སྤུའི་བུ་ག་ནས་འོད་ཟེར་འཕྲོས། སྣང་བ་ཐམས་ཅད་ཁྲ་གསལ་གྱིས་ཁྱབ་པར་བསྒོམ། ཐུགས་ཀའི་ཐིག་ལེ་ལ་སེམས་གཏད་པ་དང་འོད་ཟེར་སྤྲོ་བ་དེ་ཀ་ཡང་ཡང་བསྐྱར། བར་བར་ཤེས་པ་རང་བབ་ཏུ་བཞག་པས་སྐབས་རེར་བདེ་གསལ་མི་རྟོག་པ་ཤུགས་འབྱུང་དུ་བྱུང་ན་རེ་དོགས་མེད་པར་བསྐྱང་། གཉིད་དུ་འགྲོ་ཁར་ཐུགས་ཀའི་ཐིག་ལེའམ་ཧཱུྃ་དངུལ་ཆུའི་མདོག་ལྟ་བུ་ལ་སེམས་གཏད། ཐུན་མཚམས་སུ་མི་རྟག་པ་དང་བླ་མའི་མོས་གུས། ཁྱད་པར་སྐུ་གསུམ་ལམ་ཁྱེར་གྱི་འཇོག་སྟངས་ཞེས་པ། མིག་གླང་པོ་ཆེའི་ལྟ་སྟངས་ཧ་རེ་བཞག །ཤེས་པ་ཀློད། གང་ཤར་རང་ངོ་སྐྱོང་། སྣང་བ་སྣ་ཚོགས་ཀྱི་གསལ་ཆ་སྤྲུལ་སྐུ། རང་ངོ་ཤེས་པའི་
༢༢༣ སྟོང་ཆ་ཆོས་སྐུ། དེ་གཉིས་དབྱེར་མེད་པའི་རང་རིག་རང་གསལ་ལོངས་སྐུར་ཤེས་པས་ལམ་དུ་ཁྱེར། ཆོས་བརྒྱད་ཀྱི་ཨ་འཐས་བཤིགས། རྣམ་རྟོག་རང་གར་མ་ཤོར་བར་རང་གྲོལ་རང་དག་ཅིག་ཐམས་ཅད་དུ་གལ་ཆེ། བསྲེ་བ་དང་རྗེས་གེགས་སེལ་བོགས་འདོན་སོགས་གཞུང་ལས་ཤེས། ཀུན་རྟོག་འཕོ་བ་དབྱིངས་སུ་སྦྱང་། །མ་རིག་འཁོར་བའི་རྫུན་ཕུག་གཏིབས། །སྣང་བཅས་སྣང་མེད་འོད་གསལ་ཉིད། །ལག་གཏོད་གདམས་པའི་སྙིང་ཁྲག་གོ ༈ །ལྔ་པ་འཕོ་བ་མ་སྒོམས་སངས་རྒྱས་ནི། སྐབས་འདིར་ལྷན་ཐབས་ཀྱི་མན་ངག་ཡེ་ཤེས་སྐར་ཁུང་མ་ལ་བྱེད་དེ། རང་ལུས་ལྷར་གསལ་སྤྱི་བོར་བླ་མ་བསྒོམ་པ་སོགས་སྒྱུ་ལུས་སྐབས་ལྟར་ལ། གསོལ་འདེབས་མཐར། བར་དོར་སངས་རྒྱས་བར་མཛད་དུ་གསོལ། །ཞེས་བསྒྱུར། བླ་མ་རང་ལ་ཐིམ། ལུས་ཀྱི་སྟོང་རའི་ནང་དུ་རྩ་དབུ་མ་ལག་དར་རམ་སྦ་ལྕག་ཙམ་དཀར་པོ། །མར་སྣེ་གསང་གནས་སུ་ཁ་ཟུམ་ཞིང་། ཡར་སྣེ་སྤྱི་བོའ་ཚངས་བུག་ཏུ་ཧད་པོར་ཡོད་པ། དབུ་མའི་ལྟེ་བའི་ཐད་དུ་ཆོས་འབྱུང་དཀར་པོ་རྩ་བ་ཐུར་དང་གདེངས་ཀ་གྱེན་བསྟན། ཟུར་གཅིག་མདུན་དང་གཉིས་གཡས་གཡོན་ཏུདུ་བསྟན་པའི་དབུས་གང་ལའང་མ་རེག་པའི་ཨ་དཀར་པོ་ཕྲ་ལ་གསལ་བ་འཕར་ལ་ཁད་པ་ཞིག་བསམ། རླུང་རོ་ལན་གསུམ་བསལ། བུམ་ཅན་ཤུགས་དྲག་ལ་ཡུན་ཐུང་བ་ཞིག་བཟུང་། ཨ་ལ་སེམས་གཏད། འོག་རླུང་འཐེན། ལྟོ་བ་སྒལ་ཚིགས་ལ་ཅུང་བཅེར་བས་ཨ་དེ་ཅུང་འཕར་ནས་སྔར་ཤུལ་དུ་བབ། དེ་ལས་དྲག་པར་བཅེར་བས་སྔར་ལས་མཐོ་ཙམ་འཕར་སྔར་ཤུལ་བསྡད། སླར་དྲག་ཏུ་བཅེར་བ་དང་མཉམ་ཆོས་འབྱུང་གི་ཁ་ཐག་ཅེས་བརྡབ་པས་རླུང་གི་ཤུགས་
༢༢༤ ཀྱིས་ཨ་དེ་མདའ་འཕངས་པ་བཞིན་ཏུདུ་དབུ་མའི་ལམ་བརྒྱུད་ཚངས་བུག་ནས་ཐོན། ནམ་མཁའ་མཐོན་པོར་སླེབ་ནས་ཡལ་བར་བསམ་ལ་དབྱིངས་རིག་ནམ་མཁའ་གསུམ་འདྲེས་པ་ལ་ཧད་དེ་བཞག །དེ་ལྟར་ལན་བདུན་ཙམ་བསྐྱར། འབེབས་པ་ནི་ནམ་མཁར་ཨ་དཀར་པོ་ཞིག་ལམ་གྱིས་གྲུབ་པ་ཚངས་བུག་ནས་ཞུགས། དབུ་མར་དལ་བུས་བབ། ལྟེ་བའི་ཆོས་འབྱུང་དུ་བརྟན་ཅིང་བརྗིད་དང་ལྡན་པར་འདུག་པས་ལུས་བདེ་ཕྲིལ་གྱིས་བྱུང་བར་བསམ། དེ་ཐུན་ཆུང་གཅིག་ཡིན། ཐོག་མར་སྦྱོང་སྐབས་རྟགས་མ་ཐོན་བར་དེ་ཉིད་ཡང་ཡང་བསྒོམ། རྒྱུན་ཏུདུ་དམིགས་པ་ཚར་རེ་ལས་མི་དགོས། ཐུན་མཚམས་སུ་དབུ་མའི་ཡར་སྣེ་ཟུམ་པར་བསྒོམ་མོ། །ལས་ལ་བཟང་ངན་མ་མཆིས་པར། །མཁའ་སྤྱོད་དག་པའི་ཞིང་དུ་སྐྱེལ། །ཞག་བདུན་ཙམ་གྱིས་གཏན་དོན་འགྲུབ། །དམན་ཀྱང་འདི་ཙམ་འབད་ན་མཚར། ༈ །དྲུག་པ་བར་དོ་རྒྱལ་བ་ལོངས་སྐུ་ནི། སྔོན་འགྲོ་སྔ་མ་ལྟར་ལ། བར་དོ་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་འདེབས་ཀྱི་མཐའ་བསྒྱུར། བླ་མ་རང་ལ་ཐིམ། རང་དང་སྣང་བ་ཐམས་ཅད་སྲིད་པ་བར་དོ་དངོས་ཡིན་སྙམ་པའི་འདུན་པ་དྲག་པོ་སྦྱང་། འཁོར་བའི་སྡུག་བསྔལ། ཆགས་སྡང་གི་ཉེས་དམིགས་ལ་སྐྱོ་ཤས་བསྐྱེད། བར་དོའ་སྐབས་འདིར་རྣམ་རྟོག་སྐད་ཅིག་མས་གཏན་གྱི་བདེ་སྡུག་ཚབས་པོ་ཆེ་བྱེད་པས་མ་འཁྲུལ་བར་ཅི་ནས་བྱ་སྙམ་པའི་ངང་། མདུན་ཏུདུ་ཆོས་འབྱུང་སྔོན་པོ་རྩ་བ་ཕྲ་ཞིང་གདེངས་ཀ་གྱེན་ཏུ་བསྟན་པ་ཞིག་བསྒོམ། འདི་མ་རྟོགས་པ་ལ་མའི་མངལ། རྟོགས་པ་རྣམས་ལ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡིན་སྙམ་དུ་བསམ། རང་ཉིད་དེའི་དབུས་སུ་ཕྱིན་པས་ཧཱུྃ་ཡིག་སྔོན་པོ་ཆེ་ཞིང་འོད་འབར་བར་གྱུར། དེ་ལས་
༢༢༥ འོད་འཕྲོས་ཆོས་འབྱུང་ལ་ཕོག་པས། འགྲོ་བ་རིགས་དྲུག་གི་མངལ་དུ་སྔར་སྐྱེས་པ་དང་། ད་ལྟར་སྐྱེ་བའི་ལན་ཆགས་དང་བག་ཆགས་ཐམས་ཅད་སྦྱངས། མ་འོངས་པའི་སྐྱེ་སྒོ་བཀག །སྐྱེ་གནས་གཞན་གསུམ་གྱི་བག་ཆགས་ཀྱང་ཞོར་ལ་དག་པར་བསམ། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འཁོར་ལོ་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་སྤྱི་བོར་བླ་མ་གདན་བཞི་རྫོགས་ཀྱི་སྟེང་དུ་བསྒོམ་སྟེ། བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་རྩེ་གཅིག་བཏབ། གཟུགས་སྣང་ཐམས་ཅད་བདེ་མཆོག་ཡབ་ཡུམ། སྒྲ་རུ་གྲགས་ཚད་ཡི་གེ་བདུན་པ། ཡིད་ཀྱི་དྲན་རྟོག་ཐམས་ཅད་རྨི་ལམ་སྒྱུ་མའི་ངང་ཚུལ་བདེན་པར་མ་གྲུབ་པར་ཐག་བཅད། ཆོས་འབྱུང་གི་གཡས་ཟུར་དུ་ཞེ་སྡང་སྐྱེ་བའི་ཡུལ་དང་ཕོ་ཐམས་ཅད་འཁོར་ལོ་སྡོམ་པ། གཡོན་ཟུར་དུ་འདོད་ཆགས་སྐྱེ་བའི་ཡུལ་དང་མོ་ཐམས་ཅད་རྡོ་རྗེ་ཕག་མོར་གྱུར་ནས་འཁོད་པར་མོས་ལ། མཆོད་པ་བཞི་རྫོགས་སུ་ཕུལ། བུད་མེད་ཀྱིས་བསྒོམ་ན་ཆགས་སྡང་སྐྱེ་བའི་ཡུལ་གོ་བརྗེ། མོས་གུས་དང་། ལྷ་སྐུ་དང་། ཐམས་ཅད་བར་དོར་ཐག་བཅད་ཅིང་དེའང་བདེན་མེད་དུ་ཤེས་པ་ནི་རྒྱུན་ཆགས་སུ་གལ་ཆེའོ། །ཆུ་ཀ་ཆད་པའི་ཡུར་ཆུ་བཞིན། །བར་དོའ་རྣམ་རྟོག་ཁ་བསྒྱུར་ན། །ཡང་སྲིད་སྲིད་པར་མི་འཇུག་པས། །ད་ལྟ་ཉིད་ནས་གོམས་འདྲིས་གཅེས། །དེ་དག་ཀྱང་རྩ་བའི་ཆོས་བཞི་ལ་ཐོག་མར་ཉམས་མྱོང་གི་སྣེ་རེ་མ་རྙེད་པར་བསྒོམ། དེ་ནས་ཡོངས་རྫོགས་སུ་བསྒོམ་ན་སྡསྔ་དྲོ་གཏུམ་མོ། །ཉིན་གུང་སྒྱུ་ལུས། དགོངས་མོ་རྨི་ལམ། མཚན་མོ་འོད་གསལ། ཡན་ལག་གི་ཆོས་འཕོ་བ་དང་བར་དོ་སྐབས་སུ་གང་བབ་ཏུ་བསྒོམ། ཆོས་དྲུག་ཀར་ཉམས་སུ་ལེན་མི་ནུས་ན་རང་གིས་
༢༢༦ གང་འདོད་དེ་ཁོལ་འདོན་བྱེད་ནས་བསྒོམ། སྐྱབས་སེམས་སྟོང་ར་ཐམས་ཅད་ཀྱི་སྔོན་ཏུདུ་འགྲོ་དགོས། གཏུམ་མོ་ཁོ་ན་བསྒོམ་འདོད་ན་ལུས་གནད་མེའི་སྟོང་ར་རླུང་ཐེངཐེངས་གསུམ་བཞི་ཙམ་དང་། གཏུམ་མོ་ཟས་སུ་ཟ་བ་ཅི་ནུས་སུ་བསྒོམ། རྗེས་སྲིད་པའི་དབང་ཞུ་བ་ཚར་གཅིག་བྱེད། དེ་ཁོ་ནས་ཐུན་བཞིའམ་དྲུག་སོགས་བཅད། གཞན་ལའང་དེས་འགྲེའོ། །དེ་དག་གིས་ནི་ཁྲིད་ཡིག་མ་བུ་རྣམས་སུ་དངོས་སུ་བསྟན་པའི་ཆོས་དྲུག་སྙིང་པོར་བསྡུས་པ་བཤད་ཟིན་ཏོ། ༈ །རྩ་བའི་གཉིས་པ་ཁྱད་པར་གྱི་མན་ངག་ལས་འབྱུང་བ་ནི། རྩ་བའི་ཆོས་བཞི་སྟན་ཐོག་གཅིག་རང་དུ་བསྒོམ་ན། སྐྱབས་སེམས་སྟོང་ར་ཡན་སྔར་ལྟར་ལ། སྤྱི་བབ་ནས་བླ་མའི་རྣལ་འབྱོར་ཞིག་བྱ་སྟེ། བསྒོམ་ཚུལ་སྟོང་ར་བཞིན་ལ། གསོལ་འདེབས་ནི་གདུང་ཤུགས་དྲག་པོས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་བའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་ཏུདུ་བདག་གིས་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཞེས་པས་གསོལ་བ་དྲག་ཏུ་བཏབ། འདི་སྐབས་བླ་མ་དཀོན་མཆོག་ཀུན་འདུས་སུ་ཤེས་པ་དང་། སེམས་ཅན་ཐམས་ཅད་བསམ་འོག་ཏུ་བཅུག་པ་ཙམ་ལས་སྐྱབས་ཡུལ་ཚུར་བསྟིམས་བཔ་དང་། འགྲོ་དྲུག་གིས་གསོལ་བ་འདེབས་པའི་དམིགས་པ་མི་དགོས། མཐར་བླ་མ་རང་ལ་བསྟིམ་སྟེ་མཉམ་པར་བཞག ༈ །གཏུམ་མོ་སྟན་ཐོག་གཅིག་མ་ནི། ལུས་གནད་རྣམ་སྣང་ཆོས་བདུན་སྤྱི་ལྟར་ལས། ལྟ་སྟངས་ཐད་ཀར་བལྟ།
༢༢༧ ལག་མཐིལ་གཉིས་ཀྱིས་པུས་མོ་མནན། རང་ཉིད་རྡོ་རྗེ་ཕག་མོ་བཞུགས་ཚུལ་སོགས་རང་ལུས་དང་མཐུན་པ། རྒྱན་དང་གདན་སོགས་སྤྱི་མཐུན་བསྒོམ། ལུས་ཀྱི་ནང་སྟོང་སངསིང་ངེ་བའི་དབུས་སུ་རོ་རྐྱང་སྤངས་པའི་རྩ་དབུ་མ་མཚན་ཉིད་བཞི་ལྡན་རིང་ཐུང་སོགས་གོང་ལྟར་ལ། ལྟེ་འོག་སོར་བཞིའི་ནང་དུ་རཾ་དམར་ནག་ནས་འབྲུ་ཙམ། ལྟེ་བའི་ཐད་ཀྱི་ནང་དུ་ཉི་གདན་སྲན་ཆུང་ཙམ་ལ་གནས་བའི་ཨ་ཤད་དམར་སེར་སོར་གང་ཙམ་ཕྲ་མོ་ཞིག་བསྒོམ་དེ་རྩ་བའི་བླ་མའི་ངོ་བོར་ཡིན་སྙམ་མོས་གུས་དུང་བ་བྱ། དབུ་མའི་ཡས་སྣར་ཧཾ་དཀར་མགོ་འཐུརཐུར་བསྟན། སྟེང་གི་ནམ་མཁའ་བླ་མ་དཀར་ལ་འཛུམ་ཞིང་གཟི་བརྗིད་འབར་བར་བསམ། རླུང་རོ་དགུ་ཕུགས་སུ་འབུད་ལ་སྦྱོར་བ་བཞི་ལྡན་གྱི་རླུང་དྲག་ཏུ་བཟུང་བས། རླུང་ཉིད་དབུ་མའི་གཡོན་ནས་མདུང་ཚུགས་སུ་སོང་། མས་སྣ་ནས་ཞུགས་ཏེ་རཾ་བུས་པས་མེ་ལྕེ་དམར་ནག་སོར་བཞི་འབར། བླ་མའི་ངོ་བོ་ཨ་ཤད་བསྐུལ། དེ་ལས་མེ་དམར་སེར་འུར་གྱིས་འབར། སྤྱི་བོའ་ཧཾ་བསྲོས། མེ་ལྕེས་ཚངས་བུག་ནས་ཐོན་ཏེ་རྒྱ་ཆེར་འབར་བའི་རྩེ་མོ་ལས་མཆོད་པ་བཞི་རྫོགས་སུ་སྤྲུལ་ནས་བླ་མ་མཆོད། མེ་ལྕེའི་འོད་ལས་བདེ་དྲོད་ཀྱི་མཆོད་པ་དང་བཅས་པས་མཉེས་པར་བྱས། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དེའང་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ་ནས་མེ་ལྕེ་དང་ལྷན་ཅིག་ཚངས་བུག་ནས་བྱོན་ཏེ་སྤྱི་བོའ་ཧཾ་ལ་འདྲེས་བས་ཐིག་ལེའི་རྒྱུན་ནར་གྱིས་བབ། མགྲིན་པར་སླེབ། དགའ་བ་དང་བུམ་དབང་། སྙིང་གར་སླེབ། མཆོག་དགའ་དང་གསང་དབང་། ལྟེ་བའི་ཨ་ཤད་ལ་ཐིམ། ཁྱད་དགའ་ཤེར་དབང་། དེ་ལས་ཀྱང་བདུད་རྩི་བབ་པ་རཾ་ལ་ཐིམ། ལྷན་སྐྱེས་དང་དབང་བཞི་པའོ་ཞེས་དོན་དྲན། སླར་འབར་འཛག་སྐྲ་ཤད་
༢༢༨ འཛིངས་པ་གཏུམ་མོ་དཀྱུས་ལྟར་བསྒོམ་པ་ལས། རཾ་དང་ཨ་ཤད་ཀྱི་མེ་གཅིག་ཏུ་འདྲེས་པ་འབར་བ་དང་། ཐིག་ལེ་འཛག་པ་ཨ་ཤད་བརྒྱུད་རཾ་ལ་ཐིམ་པར་བསྒོམ་པའོ། །འདི་ནི་གཏུམ་མོ་ཟས་སུ་ཟ་བ། བྱིན་རླབས་བླ་མའི་གཏུམ་མོ། །སྲིད་པའི་དབང་ཞུ་བ་གསུམ་ག་དམིགས་པ་གཅིག་ལ་དྲིལ་བས་བྱིན་རླབས་དང་གནད་ཤིན་ཏུ་ཆེ་གསུངས། སྐབས་འདིར་རླུང་དྲག་ཏུ་བུས་པའི་ཕྱི་འཛིན་ཁོང་འདྲེན་དྲག་པོའ་ངང་འབར་བ་ལ་སེམས་གཏད་པ་དང་། དྲག་ཏུ་རྔུབས་ཏེ་ཐུར་སེལ་གྱི་སྒོ་གཉིས་ལ་གཟིར་ཞིང་ཞུ་བ་ལ་སེམས་གཏད། ཐམས་ཅད་དུ་སེམས་ནམ་མཁའ་ལ་ཡས་སུ་བཅུག །ལྟོ་བ་ཕྱིར་བཀྱེད་ནས་ལུས་གཅུ་ཞིང་རྩལ་སྤྲུགས་དྲག་པོ་བྱེད་པ་དང་། ཧལ་ཞེས་བརྗོད་པ་ན་རླུང་སྦྱོར་གཅིག་ལ་ཐབས་ལམ་ཡོངས་སུ་རྫོགས་པ་ཤིན་ཏུ་གསང་བའི་མན་ངག་ཉེ་བརྒྱུད་དོ། །ཐོག་མ་ནས་སྟན་གཅིག་མ་འདི་བསྒོམ་པ་མིན། གཞུང་གི་ཐབས་ལམ་ལ་དྲོད་ཚད་རྙེད་ནས་རྒྱུན་ཁྱེར་དང་བོགབོགས་འདོན་ཏུདུ་འདི་ཉིད་བསྒོམ་པར་བྱའོ། ༈ །སྒྱུ་ལུས་ལ། རྩ་བའི་བླ་མ་སྤྱི་བོ་སྙིང་ག་སོགས་སུ་བསྒོམ་ཡང་རུང་། གང་ན་བཞུགས་པའི་ཕྱོགས་སམ་མཁའ་ཁྱབ་ཏུ་བཞུགས་པ་ལ་གསོལ་བ་བཏབ་ཀྱང་ཆོག་སྟེ། ཕ་བླ་མ། ཕ་བླ་མ། བླ་མ་རང་མཁྱེན། དྲིན་ཅན་རྩ་བའི་བླ་མ་ཁྱེད་ལ་གསོལ་བ་འདེབས་སོ། །ཞེས་མོས་གདུང་དྲག་པོ་སྙིང་ལ་ཟུག་པ་བསྒོམས་ནས་དེའི་ངང་དུ་ཀློད་ལ་བཞག །རང་ལྷ་སྐུར་ལམ་ཙམ་གསལ་བཏབ། རང་གཞན་སྣང་བ་ཐམས་ཅད་ལ་བསམ་སྟེ། འདི་ཐམས་ཅད་མེད་བཞིན་ཏུདུ་འཁྲུལ་བའི་སྣང་བ་ཡིན། བཟང་ངན་ཆགས་སྡང་ཆོས་བརྒྱད་སོགས་ལ་ཨ་འཐས་ཀྱི་དགག་སྒྲུབ་བྱེད་པ་རེ་འཁྲུལ། གཏད་པ་
༢༢༩ ཅི་ཡོད། སྒྱུ་མ་རྨི་ལམ་རང་ཡིན་སྙམ་དྲག་ཏུ་སྦྱངས་པས་རྩིས་གདབ་མེད་པར་སོང་བ་དེ་ཀར་བཟོ་མེད་དུ་བསྐྱང་། དེ་མ་ཐག་རང་ལུས་ལྷར་གསལ་བའམ་ཐ་མལ་ཡིན་ཀྱང་རུང་སྟེ་ལྟེ་འོག་ཆོས་འབྱུང་མན་ཆད་དཀྱུས་ལྟར་བསྒོམས་པས་དབང་པོ་རབ་འབྲིང་ཐ་མའི་ཉམས་ལེན་གྱི་གནད་གཅིག་ཏུ་འདུས་པའོ། །རྨི་ལམ་ལ། བཟུང་བ་དཀྱུས་ལྟར་རང་ཟིན་ཐིག་ལེ་དབང་བཞིའི་གནད་ཚར་གསུམ་ཙམ་འཇུར་ནས་བསྒོམ་པའི་རྗེས་སུ། རང་གཞན་སྣོད་བཅུད་དགྲ་གཉེན་ལོངས་སྤྱོད་སོགས་ལ་བདེན་མེད་ཀྱི་འདུན་པ་དྲག་ཏུ་སྦྱང་། དེ་ཀའི་ངང་གང་ཤར་བཟོ་མེད་དུ་འཇོག །དེ་ཉིད་ཡང་ཡང་གོམས་པར་བྱ། སྦྱང་བའང་གོང་ལྟར་ལ་སྒྱུ་མ་ལྟ་བུའི་འདུན་པ་དང་རང་བབ་ཀྱི་འགྲོས་སྐྱོང་བ་གནད་ལྟགབརྟག་པར་ཆེ། ཡུལ་སྣང་གཏན་ལ་དབབ་འདོད་ན། སྙིང་གར་ཧཱུྃ་དཀར་པོ་དྭངས་གསལ་འོད་འཕྲོ་བ་བསྒོམ། རྨི་ལམ་སྒྱུ་མའི་འདུན་པ་དང་ཡུལ་སྣང་བལྟ་འདོད་དྲག་ཏུ་བྱ། ཧཱུྃ་ལས་འོད་ཐག་པ་ལྟ་བུ་རྒྱངས་ཀྱི་འཕྲོས། གང་བལྟ་བར་འདོད་པའི་ཡུལ་ལམ་དངོས་པོ་དེ་འོད་ཀྱི་ཞགས་པས་དྲངས་ནས་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་གི་འོད་ཀྱིས་སྣང་བ་ཐམས་ཅད་ཁྲ་ཆེམ་གྱིས་གསལ་བ་ལ་སེམས་གཏད། སྐབས་འདིར་བུམ་ཅན་བསྒོམ་པ་གལ་ཆེ། སྒྱུ་ལུས་རྨི་ལམ་གྱི་དགེ་སྦྱོར་སྐྱེ་བ་ལ་བསགས་རྒྱབ་ཡོད་པ་ཞིག་དགོས་ཏེ། མ་ཟིན་འབྱམས་དང་གོལ་ས་གསུམ། །བསོད་ནམས་ཚོགས་ཀྱིས་བཅད་པར་བྱ། །ཞེས་འབྱུང་ངོ་། ༈ །འོད་གསལ་ལ། གོང་བཤད་དེ་དམིགས་པའི་མཐིལ་ཡིན་མོད། དེས་ཅིས་ཀྱང་མ་ཟིན་ན་རྣོ་ཁྱད་ནི། ལུས་ནང་དབུ་མའི་མར་སྣེར་ཨ་དཀར་པོ་བསམ། སྟེང་རླུང་ནན་ནན། འོག་རླུང་འཐེན་འཐེན་བྱས་པས་
༢༣༠ ཨ་དེ་གསང་བའི་རྩ་བར་ལྷན་ལྷན་སོང་། གསང་བའི་རྩ་ལམ་ནས་དཀྱུས་ཀྱོག་ཀྱོག་པའི་ངང་ནོར་བུའི་ནང་དུ་ཁ་དོག་སྔོན་པོ་འོད་འཚེར་བ་ཞིག་ཏུ་གྱུར། མགོ་ནང་བསྟན་ཏུ་ལོག །ཤུགས་དྲག་པོས་ཕྱི་ལ་འགྲོ་ཚད་པ་ལ་བུ་ག་དོགས་པོར་མ་ཤོང་བས་ལྷན་ལྷན་འདུག་པ་ལ་སེམས་ཡུད་ཅིག་དྲག་ཏུ་གཏད། ཡང་དེ་ཀའི་སྣང་བ་མ་འགག་ཙམ་ལ་ཏད་དེ་བཞག །དེ་ཉིད་ཡང་ཡང་བསྒོམ། འདི་བུད་མེད་ཀྱིས་བསྒོམ་ན་དབུ་མའི་མར་སྣེ་ལྟེ་འོག་སོར་བརྒྱད་ཙམ་དུ་སླེབ་པའི་མར་སྣེ་དེ་ལ་བསྒོམ། གཞན་འདྲ། འཛིན་པ་ལ་ལྷག་པར་ཟབ་པོ། ༈ །འཕོ་བ་ནི། ལུས་ནང་དབུ་མ་དཀར་པོའ་མར་སྣེར་ཨ་དཀར་པོ། །སྤྱི་བོའ་ཚངས་བུག་ཧད་པོར་ཡོད་པར་བསྒོམ། རླུང་ཕྱིར་འབུད་པ་དང་ལྷན་ཅིག་ལྟེ་འོག་སོར་བཞིའི་ཨ་དེ་དབུ་མའི་ལམ་དང་ཚངས་བུག་བརྒྱུད། ནམ་མཁའི་དབུས་སུ་མདའ་འཕངས་པ་བཞིན་ཏུདུ་སོང་ནས་དབྱིངས་སུ་ཡལ། ཅུང་ཟད་མཉམ་པར་བཞག །ཡང་ཨ་དེ་ནམ་མཁར་བྱུང་བ་ཚངས་བུག་ནས་བབས་ཏེ་དབུ་མའི་མར་སྣེར་ཕྱིན་པར་བསམ། འདི་ལ་འགྲོ་འོང་སྤེལ་མ་བསྒོམ་པ་ལས་སྒོ་དགག་པ་སོགས་མི་དགོས་གསུངས། འདི་ལའང་འཆུག་མེད་མཁའ་སྤྱོད་དམ། ཡེ་ཤེས་སྐར་ཁུངས་མ་སྔོན་ཏུདུ་འགྲོ་དགོས་པ་ཤེས་པར་བྱའོ། ༈ །བར་དོའ་སྐབས་གོང་གསལ་གཞུང་ཁྲིད་ལྟར་ལས། ཆགས་སྡང་གི་ཡུལ་ཆོས་འབྱུང་ནང་དུ་ལྷར་གསལ་བའི་སྐོར་དེ་མི་བྱ་བར། འགྲོ་བ་རིགས་དྲུག་གི་གནས་དང་། གཟུགས་སྒྲ་དྲི་རོ་རེག་བྱ་བཟང་ངན་ཐམས་ཅད་ལ་སྒྱུ་མ་དང་བར་དོའ་འདུན་པ་སྦྱང་། མངལ་སྒོང་གི་གཉིས་སྦྱོར་སོགས་གསལ་གདབ། བར་དོའ་འདུན་པས་ཡི་དམ་ཡབ་ཡུམ་དུ་བསྒྱུར།
༢༣༡ དེའང་སྒྱུ་མར་ཤེས་པས་ཞེན་མེད་ཀྱི་ངང་སྐྱོང་བར་བྱའོ། །དེ་ལྟར་ཆོས་དྲུག་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཞལ་རྒྱུན་མ་ཆད་པ་དང་། བྱིན་རླབས་བཀའ་བབ་ཀྱི་གདམས་པ་འགའ་ཞིག་ཡེ་ཤེས་ཀྱི་མཁའ་འགྲོས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ལ་དངོས་སུ་སྩལསྩོལ་བའི་ཉེ་བརྒྱུད་ཆེས་ཟབ་པ་བཅས་སྨོས་ཟིན་ཏོ། །འདི་ཉིད་ལ་རྟགས་ཐོན་རང་བྱེད་ན་ཁྲིད་ཆེན་རྒྱས་པ་དམིགས་རྐང་རེ་བདུན་མའམ། འབྲིང་པོ་དམིགས་རྐང་བཅུ་བདུན་མ་ཙམ་ལ་རྩ་བར་བཟུང་། དམིགས་པ་བཀའ་རྒྱ་མའི་རིགས་རྣམས་སྐབས་དང་བསྟུན་ཏེ་ལེན། ཉམས་མྱོང་གི་སྣེ་ཟིན་ནས་འདིར་བསྟན་ཙམ་གྱིས་ཆོག་ཤེས་པར་བྱས་ན་ཤིན་ཏུ་ལེགས་ཤིང་། འདིར་བསྟན་མ་བུ་གཉིས་ལའང་གནད་ཐམས་ཅད་ཚང་བར་ཡོད་པས་ཉམས་ལེན་ནུས་ན་འདི་ཙམ་གྱིས་ཀྱང་དགོས་དོན་འགྲུབ་པར་ཡོད། ཡང་སྒྱུ་ལུས་རྨི་ལམ་ཁོ་ན་ལྟ་བུ་ཁོལ་འདོན་སྒྲོ་ན་དེ་དག་སྟན་ཐོག་གཅིག་མ་ཟུར་དུ་འབྱུང་བ་ལས་ཤེས་པར་བྱའོ། །ཐམས་ཅད་ལ་སྦྱིར་གཅེས་པའི་གནད་དུ། རྩ་བའི་བླ་མ་དཀོན་མཆོག་རྩ་གསུམ་ཀུན་འདུས། ཡན་ལག་གི་བླ་མ་གཞན་ཐམས་ཅད་དེའི་རྣམ་འཕྲུལ་དུ་ཤེས་པས་སངས་རྒྱས་ལས་ཀྱང་ལྷག་པའི་མོས་གུས་ལྟེམ་རྐྱང་མེད་པ་ནི་སྤྱིར་གསང་སྔགས་ལམ་གྱི་སྲོག་རྩ་མེད་ཐབས་མེད་ཅིང་། ཁྱད་པར་དཔལ་ལྡན་རྨོག་ལྕོག་པའི་ཞལ་ནས། འོད་གསལ་གཏན་ལ་འབེབས་པ་སྒྱུ་མ། སྒྱུ་མ་གཏན་ལ་འབེབས་པ་རྨི་ལམ། རྨི་ལམ་གཏན་ལ་འབེབས་པ་དད་འདུན། དད་འདུན་སྟོན་བྱེད་བླ་མ། དེས་ན་རྩ་བའི་བླ་མ་ལ་ཐམས་ཅད་རག་ལས་པར་གསུངས་པས་ཐབས་ལམ་སྐྱོང་བ་ལ་ཤིན་ཏུ་གལ་ཆེ་བ་དེས་གོ་ནུས་ཤིང་། རང་སེམས་སྟོང་པ་ཆོས་སྐུ། སྣང་བ་སྤྲུལ་སྐུ། དབྱེར་མེད་རང་རིག་རང་གསལ་ལོངས་
༢༣༢ སྐུར་ཤེས་པས་ཉིན་མཚན་ཀུན་ཏུ་མ་ཡེངས་དྲན་པའི་རྩིས་བཟུང་ནས་ལམ་དུ་ཁྱེར། དེའི་ངང་དུ་རླུང་བུམ་ཅན་ནམ། འཇམ་རླུང་ངམ་བར་རླུང་ཅི་ནུས་འབད་པས་གསལ་སྟོང་བདེ་སྟོང་དུ་ཤར་བ་ཀུན་སྒྱུ་མ་ལྟ་བུར་ཤེས་ཤིང་། དེའང་འཛིན་མེད་ཕྱག་རྒྱ་ཆེན་པོའ་ངང་དུ་བཞག་སྟེ་མཉམ་བཞག་གི་ཉམས་ལེན་རྗེས་ཐོབ་སྤྱོད་ལམ་ཐམས་ཅད་དང་བསྲེས་བས་མྱུར་དུ་བརྟན་པ་ཐོབ་པར་འགྱུར་ལ། རྟག་ཏུ་ཀུན་བྱང་སེམས་མི་ཉམས་པ་དང་། རྣམ་རྟོག་ཐ་མལ་དུ་མི་འཆོར་བའང་རྣལ་འབྱོར་པའི་དམ་ཚིག་གོ །དེ་ལྟར་བསྒོམས་པས་ལུས་ངག་ཡིད་ཀྱི་ཉམས་འཇམ་རྩུབ་མཐོ་དམན་བདེ་སྡུག་ཇི་ལྟར་བྱུང་ཡང་དགའ་སྡུག་སྤང་བླང་རེ་དོགས་མེད་པར་སྒྱུ་མ་རྨི་ལམ་དུ་ཤེས་ནས་བྱུང་རྒྱལ་དུ་བསྐྱང་བ་ནི་གེགས་སེལ་གྱི་མཆོག་ཡིན་ཞིང་། དགེ་སྦྱོར་ལེགས་པར་སྐྱེས་པ་སོགས་བཟང་ངན་ཅི་བྱུང་བླ་མའི་ཐུགས་རྗེ་ཁོ་ནར་ཤེས་པས་གསོལ་འདེབས་མོས་གུས་ཁོ་ན་ལ་ལམ་གྱི་གཞི་འཆའ་བ་དང་། མ་རྟོགས་པའི་སེམས་ཅན་རིས་མེད་པ་ལ་བྱམས་སྙིང་རྗེ་འབའ་ཞིག་བསྐྱེད་པའི་པནཕན་སེམས་ཀྱིས་དུས་འདའ་བ་ནི་བོགས་འདོན་དང་འགྲོ་དོན་གྱི་རྩ་བའོ། །དེ་ལྟར་བསྒོམས་པས་ཇི་ཞིག་ན་ཆེད་གཏད་ཀྱི་རྩོལ་བ་མ་བྱས་པར་སེམས་བདེ་གསལ་མི་རྟོག་པའི་འོད་གསལ་མཐའ་དབུས་མེད་པར་རང་ཤར་བ་དང་། བསྐྱེད་འདོད་ཀྱི་བློ་མངོན་འགྱུར་བ་མེད་བཞིན་ཏུདུ་ལྷ་སྐུའི་སྣང་བ་གསལ་དྭངས་ཝ་ལེར་ཤར་བ་ནི་སྒྱུ་ལུས་ཀྱི་ལྷ་སྐུ་རང་ཤར་ཞེས་བྱ་སྟེ་ཟབ་གསལ་དབྱེར་མེད་འཕགས་པའི་མངོན་རྟོགས་དང་ཆོས་མཚུངས་པའོ། །གཞན་ཡང་མཁས་གྲུབ་ཁྱུང་ཡོའ་ཞལ་ནས། སྒྱུ་ལུས་རྨི་ལམ་ལ་སོགས་པའི་ཆོས་འདི་རྣམས་ཉམས་སུ་ལེན་ཙ་ན། རྨི་ལམ་མི་འཚམ་པ་དང་། ཌཱ་ཀིས་གཟུགས་སྣ་ཚོགས་སུ་བསྒྱུར་ནས་ལྟས་དང་ཆོ་
༢༣༣ འཕྲུལ་སྣ་ཚོགས་སྟོན་ཏུ་འོང་བས་དེ་ལ་འཇིགས་མི་དགོས། ལར་དུས་དང་རྣམ་པ་ཐམས་ཅད་དུ་ང་རང་གིས་བྱིན་གྱིས་བརླབ་པ་ཡིན་གསུངས། དབོན་སྟོན་སྐྱེར་སྒང་པ་ལ་ཡི་དམ་ལྷས་གདམས་ངག་གི་གནས་བསྡུས་སུ་སྩལ་བ། སྒྱུ་ལུས་བདེན་མེད་གནད་ཡིན་ཨ་འཐས་བཤིགས། །རྨི་ལམ་འདུན་པའི་གནད་ཡིན་ལམ་དུ་ཁྱེར། །འོད་གསལ་མོས་གུས་གནད་ཡིན་གསོལ་བས་ཐོབ། །གཞན་དོན་སྙིང་རྗེའི་གནད་ཡིན་ཕྱོགས་འཛིན་སྤོངས། །ཞེས་པའི་གནད་བཞི་ལ་གདམས་ངག་གི་རྐང་ཐམས་ཅད་ཚང་ཞིང་། འགྲོ་འདུག །འཕོ་བསྐྱས། བློ་སྣ། ལོག་ལྟ་མང་པོ་སྟེ་དགེ་སྦྱོར་གྱི་སད་བཞི་ལ་མ་བསྐུར་བ་ཉམས་སུ་བླང་ན་ད་ལྟ་དུས་སྙིག་ཅིང་བསྟན་པའི་གཟུགས་བརྙན་ཏུདུ་གྱུར་པའི་སྟོབས་ཀྱིས་གཞུང་ནས་བཤད་ཚོད་ཀྱི་མངོན་རྟགས་ཆོས་ཕལ་ཆེར་ལ་འབྱུང་དཀའ་ཡང་། འདིར་ནི་ཡེ་ཤེས་མཁའ་འགྲོ་རྣམ་པ་གཉིས་ཀྱིས་སློབ་མ་ཡང་སློབ་བརྒྱུད་པ་དང་བཅས་པ་རྣམས་ལ་ཐུགས་རྗེས་བཟུང་ཞིང་། དག་པ་བདེ་སྟོང་གི་མཁའ་སྤྱོད་དུ་འཁྲིད་པ་ཁྱུང་པོ་ཉིད་ལ་ལུང་བསྟན་ཞིང་། ཁྱུང་པོ་ཉིད་ཀྱིས་ཀྱང་། ང་ལས་ལྷག་པ་ནམ་ཡང་མེད་དེ་ང་དང་མཉམ་པའང་མེད་ལ། བདག་གི་བརྒྱུད་འཛིན་ཐམས་ཅད་ཀྱང་ཀུན་ལས་ཁྱད་པར་འཕགས་པས་ན། བསགས་པ་ཡང་རབ་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་བདེན་པར་གསུངས་པ་ལྟར། བརྒྱུད་པའི་བླ་མ་རིན་ཆེན་རྣམ་ལྔ་སོགས་ཕལ་མོ་ཆེ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་མཐོང་ཐོས་དྲན་རེག་ཐམས་ཅད་ངན་སོང་ལས་སྐྱོབ་ནུས་པར་ལུང་བསྟན་ཐོབ་ཅིང་ཆོས་བརྒྱུད་མ་ཆད་བར་དུ་ཉམས་རྟོགས་སྐྱེ་བར་བྱིན་གྱིས་རློབ་པ་གྲུབ་ཐོབ་སོ་སོས་ཞལ་གྱིས་བཞེས་ལ། བདག་གི་བླ་མ་གྲུབ་པའི་དབང་པོ་ཀརྨ་གཞན་
༢༣༤ ཕན་འོད་ཟེར་ཡན་ཆད་ཆོས་དྲུག་གི་ཉམས་མྱོང་གཞུང་ནས་བཤད་ཆོད་སྐྱེས་ཤིང་། ཡི་དམ་ལྷའི་ཞལ་མཐོང་། བདེན་གཉིས་དབྱེར་མེད་ཀྱི་རྟོགས་པ་མངོན་ཏུདུ་གྱུར་པ་ཚིག་རྐྱང་གི་བཤད་སྒྲོས་གཙང་གཙང་ཙམ་མ་ཡིན་པ་བློ་གཏད་ཐུབ་པའི་གདམས་ངག་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ཡིན། སྤྱིར་ཡང་ཉམས་སུ་ལེན་པ་ལྟ་ཅི་སྨོས། དད་པས་མཐོང་བའམ་ལན་ཅིག་ཐོས་པ་ཙམ་གྱིས་ཀྱང་མཆོག་ཐུན་མོང་གི་དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད་པ། ཉེས་པའི་སྐྱོན་དང་བྲལ་ཞིང་ལེགས་པའི་ཡོན་ཏན་རྫོགས་པ། ལོ་ཟླ་ཙམ་གྱིས་འཚང་རྒྱ་ངེས་བའི་གསེར་ཆོས་གཅིག་བརྒྱུད་མ་ཞེས་བརྒྱུད་པ་ནས་བརྒྱུད་པར་བསྔགས་པ་ཡིན་ཏེ། གྲུབ་ཆེན་ཁྱུང་པོའ་ཞལ་ནས། ངའི་གདམས་ངག་འདི་གཞན་ལས་ཁྱད་པར་འཕགས། མགོ་བྱིན་ན་མགོས་ཕན་ཐོགས། བར་བྱིན་ན་བར་གྱིས་ཕན་ཐོགས། གཤམ་བྱིན་ན་གཤམ་གྱིས་ཕན་ཐོགས་པ་ཡིན་པས་ཐེ་ཚོམ་ཡིད་གཉིས་མ་བྱེད་པར་བརྩོན་འགྲུས་ཆེན་པོས་ཉམས་སུ་ལོངས་ཤིག །བླ་མ་སངས་རྒྱས་དངོས་ལས་ཞུས་པ། ཌཱ་ཀི་དངོས་སུ་འདུབ། ཡོན་ཏན་དངོས་སུ་སྐྱེ་བ། བརྒྱུད་པའི་བཀའ་བབས་དང་ལྡན་པ། ཌཱ་ཀིའི་བྱིན་རླབས་དང་ལྡན་པ། གདམས་ངག་གི་ནུས་པ་དང་ལྡན་པ་འདི་ཉམས་སུ་ལོངས་ཤིག །དབང་པོ་རབ་རྣམ་སྨིན། འབྲིང་བག་ཆགས། ཐ་མ་ཡང་བར་དོར་འཚང་མི་རྒྱ་མི་སྲིད་པ་ཡིན་ནོ། །བདག་གིས་བཀའ་བབས་དང་གདམས་ངག་གི་གནད་འདི་ལྟ་བུ་རྒྱ་བོད་གང་ནའང་མེད་པར་ཐག་ཆོད་པ་ཡིན་ནོ། །ཞེས་སོགས་ཡང་ཡང་བསྔགས་ཤིང་གྲུབ་མཐའ་རིས་མེད་པས་བསྔགས་པའི་མེ་ཏོག་འཐོར་བས་གྲགས་པའི་བ་དན་སྲིད་རྩེར་བསྙེགས་བཞིན་པ་ལགས་མོད། བརྒྱུད་པ་མར་ལ་བབ་པ་ན་གསེར་ཆོས་འདི་རྣམས་ཡང་ན་བཀའ་ཆད། ཡང་ན་
༢༣༥ ཚོང་འདུས་ཀྱི་འོ་མ་བཞིན་ཏུདུ་འགྲོ་བར་ལུང་གིས་བསྟན་པ་མངོན་ཏུདུ་གྱུར་ཏེ་ལྟར་སྣང་དང་བསླད་ཅན་མང་པོས་གཟུགས་བརྙན་ཏུདུ་གྱུར་པ་ན། གྲོལ་མཆོག་ཞབས་ལ་ཉེ་བརྒྱུད་ཀྱི་བཀའ་བབས་ཤིང་ཀུན་མཁྱེན་སྒྲོལ་བའི་མགོན་པོས་མན་ངག་བར་མ་ཆད་པའི་གནད་དང་འཁྲུལ་མེད་ཡེ་ཤེས་ཀྱི་གཟིགས་པས་རིན་ཆེན་རྣམ་བདུན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་གསལ་བར་མཛད་པའི་སྙིང་པོ་ནི་འདི་ཁོ་ནའོ། །ཤིན་ཏུ་སྙིགས་མར་གྱུར་ན་ཡང་། །གསེར་ཆོས་འདི་འཛིན་གྲུབ་བརྙེས་ཀྱིས། །རྗེས་སུ་བཟུང་བ་སྐལ་པ་བཟང་། །ཡོན་ཏན་བསམ་གྱིན་དང་རེ་སྤྲོ། །འདི་བྲིས་ནོངས་པ་གང་མཆིས་པ། །བླ་མ་སངས་རྒྱས་སྤྱན་སྡརསྔར་བ་ཤགས། །ཉམས་སུ་མི་ལེན་ཁ་ཁྱེར་བས། །སྤྱད་ན་ཌཱ་ཀིའི་ཆད་པ་འབྱུང་། །འདི་མཐོང་ཐོས་དང་དྲན་པ་ཡང་། །བདེ་ཆེན་ཞིང་དུ་བརྫུས་སྐྱེས་ཏེ། །གྲུབ་ཆེན་ཁྱུང་པོ་ཡབ་སྲས་ཀྱིས། །རྗེས་བཟུང་མཁའ་སྤྱོད་ཆེ་འགྲུབ་ཤོག །ཅེས་པ་འདིའང་རྡོ་རྗེ་སློབ་དཔོན་ཆེན་པོའ་གོ་འཕང་གདོད་ནས་གྲུབ་པ་འཇིགས་བྲལ་མཁྱེན་བརྩེའི་འོད་ཟེར་ཅན་གྱིས་སྔ་ཕྱིར་བཀའ་སྩལབསྩལ་གནང་བ་ལྟར། ཁྱུང་རིགས་སུ་སྐྱེས་ཤིང་ཤངས་ཆོས་ལ་མོས་པས་སྤྱོད་པ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་བདེ་ཆེན་འོད་གསལ་གླིང་དུ་ཌཱ་ཀི་འདུ་བའི་དུས་ཚེས་གྲུབ་སྦྱོར་དང་ལྡན་པའི་སྔ་ཆར་གྲུབ་པར་བགྱིས་པ་དཔལ་ལྡན་ཤངས་པའི་བཀའ་བརྒྱུད་ས་སྟེང་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

༄། །བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་བཞེས་སྙིང་པོར་དྲིལ་བ་བཞུགས་སོ༎

༡༦༡

བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་བཞེས་སྙིང་པོར་དྲིལ་བ་བཞུགས་སོ། །

༡༦༢

ཨོཾ་སྭསྟི་སིདྡྷཾ། །འདིར་བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་པའི་སྐབས་སུ་ངག་འདོན་སོགས་ཇི་ལྟར་བྱ་བའི་ཕྱག་བཞེས་མདོ་ཙམ་བཀོད་པ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བའི་ཚུལ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་བོ་ལ་དྲུག །གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ། མཆོད་པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམ་པ། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་གྱིས་འཁོད་ནས་སྐྱབས་འགྲོ་སེམས་སྐྱེད་རྒྱུད་དང་འདྲེས་ངེས་སུ་བྱ་བ། ཚོགས་ཞིང་གསལ་གདབ་པ། བསགས་སྦྱོང་གི་གནད་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱོང་བ། དམིགས་པ་གསལ་བར་བྱས་ཤིང་མཎྜལ་ཕུལ་ཏེ་དོན་ཆེན་པོ་གསུམ་གྱིས་གསོལ་བ་གདབ་པའོ། །དེ་ལ་སྦྱོར་ཆོས་དང་པོ་གཉིས་ཁྲིད་ཡིག་དང་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བསྟར་བའི་རྗེས། སྦྱོར་ཆོས་གསུམ་པ་ནི། བསམ་གཏན་དང་རྗེས་སུ་མཐུན་པའི་གདན་ལ་ལུས་གནད་སྐྱིལ་ཀྲུང་དྲང་བོར་བསྲང༌། །ངག་གནད་རླུང་ཕྱི་ནང་དུ་རང་བཞིན་གྱིས་རྒྱུ་བ་ཉེར་གཅིག་གི་བར་དུ་མ་འཁྲུལ་བར་བགྲང་ལ་ཡིད་གཏད་དེ་རླུང་ཆོམ་ལ་ཕབ། ཁྱད་པར་སེམས་ཀྱི་གནད་མི་དགེ་བ་དང་ལུང་མ་བསྟན་དུ་མ་སོང་བར་ངེས་འབྱུང་དང༌། བྱང་

༡༦༣

ཆུབ་ཀྱི་སེམས་སྒོ་དུ་མ་ནས་ཡིད་ལ་བྱས་ཏེ་དགེ་སེམས་ཁྱད་པར་ཅན་གྱི་ངང༌། སྐྱབས་ཡུལ་གསལ་བཏབ་ལ་སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བདུན་དང་ཉེར་གཅིག་སོགས་དད་མོས་ཤུགས་དྲག་པོས་གསོལ་བ་གདབ། སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཉམས་སུ་བླང་བར་བགྱིའོ། །ཞེས་པའི་དོན་ཡིད་ལ་དྲན་བཞིན་པའི་ངང་ནས་ཚིག་ངག་ཏུ་ལན་གསུམ་མམ་བདུན་གང་ཡང་རུང་བ་བརྗོད་དོ། །བསྡུ་ན། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

༡༦༤

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྐྱབས་སེམས་སྦྲག་མར་བགྱིས་ཀྱང་རུང་ངོ། །བཞི་པ་ནི། ཐོག་མར་གནས་ཁང་དང་མཆོད་པའི་ཡོ་བྱད་ལ་དམིགས་ཏེ་སྨན་བླ་དང་གནས་བརྟན་གྱི་ཆོ་ག་སོགས་ལས་འབྱུང་བ་ལྟར་བྱིན་རླབས་བཞི་སྐོར་རྒྱས་པར་བྱ་བའམ། དེ་ཙམ་མི་ནུས་ན། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བཅོམ་ལྡན་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བར་གྱུར་པའི་གཞིར། གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ལེགས་པས་མཛེས་ཤིང་ལྷུན་སྟུག་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་པདྨ་དང་ཟླ་བའི་གདན། མཐའ་བསྐོར་ཀུན་ཏུ་སེང་ཁྲི་པད་ཟླའི་གདན་གྲངས་མེད་པ་དང༌། ཕྱི་ནང་ཀུན་ཏུའང་ཆ་རིགས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང༌། ན་བཟའ་དང༌། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང༌། བཟང་བོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱུན་བཀླུབས་པ་དང་ལྡན་པ་འབྱུང་བར་གྱུར་ཅིག །ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཅེས་དང༌། ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ་ས་མྱ་ཀྶཾ་བུདྡྷཱ་ཡ་

༡༦༥

ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲོ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་དང༌། སླར་ཡང༌། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག་ཅེས་བདེན་པའི་སྟོབས་བརྗོད། དེ་ནས་འདུན་པ་རྩེ་གཅིག་པས་སྤོས་བཏུལ་ཞིང་སྙན་པའི་དབྱངས་དང་བཅས་པས། །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐུགས་རྗེ་ཚད་མེད་འགྲོ་ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་ཕྲིན་ལས་རྒྱས་མཛད་པ། །དུས་གསུམ་བླ་མ་འཁོར་བཅས་འདིར་གཤེགས་ཤིང༌། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་གསོལ་བ་བཏབ་པས། ཆོས་འདི་སྟོན་པའི་དྲིན་ཅན་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་

༡༦༦

ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ། དེའི་མཐར་ཐེག་པ་གསུམ་གྱི་སློབ་པ་དང་མི་སློབ་པའི་དགེ་འདུན་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུས་བསྐོར་ཏེ་མ་ག་དྷཱ་བཟང་མོའི་གཏམ་རྒྱུད་ལས་ཇི་ལྟར་འབྱུང་བ་བཞིན་བྱོན་ནས་སྟན་བཤམ་པ་རྣམས་ལ་བཞུགས་པར་མོས། ཁྲུས་ཁང་བསྐྱེད་པ་ནི། །ཁྲུས་ཀྱི་ཁང་བ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཁྲུས་གསོལ་པ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཅེས་དང༌། སྤྲོ་ན། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ཞེས་སོགས་པར་ཕྱིན་དྲུག་གི་ཚིག་བཅད་ཀྱང་བརྗོད། སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །བྱུགས་པ་འབུལ་བ་ནི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ན་བཟའ་འབུལ་བ་ནི། །སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག། ཅེས་བརྗོད། འདི་རྣམས་ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་ཚིག་ཟིན་དངོས་བསྟན་ལྟར་བྲིས་པ་ཡིན་ལ། ན་བཟའ་དང་རྒྱན་

༡༦༧

འབུལ་བ། །དེ་ནས་དེ་ལ་ཁ་དོག་ལེགས་སྒྱུར་བའི། ཞེས་སོགས་སྤྱོད་འཇུག་ལྟར་བགྱིས་པས་ཀྱང་རུང་བས་མཚོན་རྒྱས་བསྡུས་སྐབས་དང་སྦྱར་བར་བྱའོ། །དེ་ནས། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ཞེས་བརྗོད་པས་ཚོགས་ཀྱི་ཞིང་དུ་དགྱེས་བཞིན་པས་བརྟན་པར་བཞུགས་པར་བསམ་མོ། །ལྔ་པ་ནི། དེ་ནས་བསགས་སྦྱོང་གི་གནད་བསྡུས་པའི་ཡན་ལག་བདུན་པའི་ཐོག་མར་ཕྱག་འཚལ་བ་ནི། སྐྱབས་ཡུལ་གྱི་དམིགས་པ་རྣམས་མ་དོར་བའི་ངང་ནས་ལངས་ལ་དངོས་སུ་ཕྱག་འཚལ་བ་དང་བཅས་ཏེ། །འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་ཕྱག་འཚལ་ལོ། །ཞེས་སོགས་འོག་ནས་འབྱུང་བའི་གསོལ་འདེབས་ཉིད་ཕྱག་འཚལ་དུ་བསྒྱུར་བ་དང༌། ཇི་སྙེད་སུ་དག་སོགས་ནས། །བདག་གིས་བསྟོད་ཅེས་པའི་བར་བྱ། མཆོད་པའི་སྐབས་འདིར་ཐོག་མར་མཎྜལ་འབུལ་བར་གསུང་ནའང༌། ལམ་རིམ་ཆེན་པོར་ས་བཅད་ལོགས་སུ་མཛད་པ་ལྟར་འོག་ཏུ་གསལ། ཉེར་སྤྱོད་འབུལ་བ་ནི་ཐལ་མོ་སྦྱར་ཏེ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། དེ་བཞིན་དུ། ཞབས་བསིལ། མེ་ཏོག། བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། སིལ་སྙན་ཞེས་སྦྱར་བ་དང༌། འདོད་ཡོན་ལྔ་དང༌། རྒྱལ་སྲིད་སྣ་བདུན་སོགས་ཀྱང་འབུལ་བར་གསུངས་པས། སྤྲོ་ན་ཚིགས་བཅད་རྒྱས་པ་གཞན་ཇི་ལྟར་འོས་པ་དང༌། བསྡུ་ན། ཕྱོགས་

༡༦༨

དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང༌། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་རྒྱལ་བའི་སྲས་རྣམས་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། ཞེས་ཕུལ། གཞན་ཡང་སྤྱོད་འཇུག་ལས་འབྱུང་བའི་མཆོད་ཕྲེང་སོགས་ཇི་ལྟར་འོས་པ་སྦྱར། བསྡུ་ན། མེ་ཏོག་དམ་པ་ནས། ཕྱག་འཚལ་མཆོད་པར་བགྱི། ཞེས་པའི་བར་གྱིས་འཐུས། དེ་ནས་ཡན་ལག་ལྷག་མ་རྣམས་ནི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ཞེས་སོགས་ནས། བྱང་ཆུབ་ཕྱིར་བསྔོའོ་ཞེས་པའི་བར་བཟང་སྤྱོད་ནས་འབྱུང་བ་ལྟར་བྱའོ། །དྲུག་པ་ནི། མཎྜལ་གྱི་གཞི་དང༌། ཚོམ་བུ་དགོད་པའི་འབྲུ། དྲི་བཟང་གི་ཆུ་སོགས་སྟ་གོན་བྱས་ལ། ཐོག་མར་མཎྜལ་ལེགས་པར་ཕྱི་ཞིང་དྲི་བཟང་གི་ཆུས་བརླན། དེ་ནས་ལུས་ཀྱི་ལས་སུ་ཚོམ་བུ་དགོད་པ། ངག་གི་ལས་སུ་ཚིག་བརྗོད་པ། ཡིད་ཀྱི་ལས་སུ་དམིགས་རྣམ་ཡིད་ལ་བྱ་བ་སྟེ་སྒོ་གསུམ་འཇུག་པ་གཅིག་པས་མཎྜལ་ཚོམ་བུ་སོ་བདུན་མའམ། ཉེར་གསུམ་མོ། །བདུན་མ་སོགས་ཅི་རིགས་པ་མ་ཚང་བ་མེད་པ་འདི་ཉིད་ཅེས་པའི་བར་སྤྱི་ལྟར་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པ་ཙམ་མམ། སྤྲོ་ན། བཞེས་ནས་བདག་གི་རྒྱུད་ཀྱི་ཐེག་པ་ཆེན་པོའི་ལམ་སྒྲུབ་པ་དང་འགལ་བའི་

༡༦༩

ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སོགས་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་གདབ། དེ་ནས་སླར་ཡང་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་ལ་ལམ་འདིའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པར་བྱ་སྟེ། །ཐོག་མར་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ལ་གསོལ་བ་འདེབས་པ་ནི། །འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། །རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་གསོལ་བ་འདེབས། །འཛམ་གླིང་མཁས་པའི་གཙུག་རྒྱན་དབྱིག་གི་གཉེན། །དབུ་མའི་ལམ་བརྙེས་འཕགས་པ་རྣམ་གྲོལ་སྡེ། །དད་པའི་སར་གནས་བཙུན་པ་རྣམ་གྲོལ་སྡེ། །འཇིག་རྟེན་མིག་འབྱེད་གསུམ་ལ་གསོལ་བ་འདེབས། །རྨད་བྱུང་ངོ་མཚར་གནས་གྱུར་མཆོག་གི་སྡེ། །ཟབ་མོའི་ལམ་གྱིས་རྒྱུད་སྦྱངས་དུལ་བའི་སྡེ། །རླབས་ཆེན་སྤྱོད་པའི་གཏེར་གྱུར་རྣམ་སྣང་མཛད། །འགྲོ་བའི་རྩ་ལག་གསུམ་ལ༴། །ལམ་མཆོག་ཤེར་ཕྱིན་རྒྱས་མཛད་སེང་བཟང་ཞབས། །རྒྱལ་བའི་མན་ངག་ཀུན་འཛིན་ཀུ་སཱ་ལི། །འགྲོ་ཀུན་བརྩེ་བས་རྗེས་འཛིན་དགེ་བ་ཅན། །འགྲོ་བའི་དེད་དཔོན་གསུམ་ལ༴། །བྱང་ཆུབ་ཐུགས་ལ་མངའ་བརྙེས་གསེར་གླིང་པ། །ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །བསྟན་པའི་སྲོག་ཤིང་གསུམ་ལ༴༌།རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བ། །ཟབ་མོའི་ཏིང་འཛིན་བརྟན་པའི་སྣེ་ཟུར་བ། །འདུལ་བའི་སྡེ་སྣོད་ཀུན་འཛིན་ཐག་མ་བ། །མཐའ་འཁོབ་སྒྲོན་

༡༧༠

མེ་གསུམ་ལ། །བརྩོན་པས་སྒྲུབ་པ་ལྷུར་ལེན་ནམ་སེང་ཞབས། །དམ་པས་བྱིན་བརླབས་ནམ་མཁའ་རྒྱལ་པོ་དང༌། །འཇིག་རྟེན་ཆོས་བརྒྱད་སྤངས་པའི་སེང་གེ་བཟང༌། །རྒྱལ་སྲས་བཟང་པོའི་ཞབས་ལ༴༌། །བྱང་ཆུབ་ཐུགས་རྗེས་འགྲོ་ཀུན་བུ་བཞིན་གཟིགས། །ལྷག་པའི་ལྷ་ཡིས་རྗེས་བཟུང་བྱིན་གྱིས་བརླབས། །སྙིགས་དུས་འགྲོ་བ་འདྲེན་པའི་བཤེས་གཉེན་མཆོག །ནམ་མཁའ་རྒྱལ་མཚན་ཞབས་ལ༴། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ༴། ༈ །མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེའི་ཞབས། །ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ་པ་དང༌། །སྐུ་གསུམ་གོ་འཕང་མངོན་གྱུར་ནོར་བུ་བཟང༌། །དཔལ་ལྡན་བླ་མ་གསུམ་ལ།༴ །དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་སྡེ། །སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ། །མཁས་གྲུབ་ལྷ་བཙུན་བསོད་ནམས་དཔལ་བཟང་སྟེ། །བཤེས་གཉེན་དམ་པ་གསུམ་ལ༴། །ཕྱག་ན་པདྨ་བསོད་ནམས་རྒྱ་མཚོའི་ཞབས། །ཟབ་དོན་གདམས་པའི་བཀའ་བབས་ཆོས་དཔལ་བཟང༌། །རིགས་ཀུན་བདག་པོ་དཔལ་འབྱོར་ལྷུན་གྲུབ་ཞབས། །མཁས་གྲུབ་ཆེན་པོ་གསུམ་ལ༴། །བཀའ་དྲིན་མཉམ་མེད་ཤྲཱི་བྷཱུ་ཏིའི་མཚན། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །འཇམ་དཔལ་དབྱངས་དངོས་ངག་དབང་དཔལ་བཟང་པོ། །རྣམ་འདྲེན་དམ་པ་གསུམ་ལ༴། །བཤེས་གཉེན་དམ་པ་བྱམས་པ་ཆོས་ལྡན་དང༌། །རྩ་བའི་བླ་མ་དགེ་ལེགས་རྒྱ་མཚོའི་སྡེ། །བསྟན་པའི་སྲོག་ཤིང་ངག་དབང་བྱམས་པའི་དཔལ། །སྙིགས་དུས་འགྲོ་འདྲེན་གསུམ་ལ༴། །མཁས་བཙུན་གྲུབ་བརྙེས་བྱམས་པ་སྨོན་ལམ་དང༌། །ཡེ་ཤེས་མཆོག་གཟིགས་བསྟན་པ་རབ་རྒྱས་ཞབས། །སྨྲ་བའི་དབང་ཕྱུག་ངག་

༡༧༡

དབང་ཆོས་འཕེལ་ཏེ། །ལུང་རྟོགས་མཛོད་འཛིན་གསུམ་ལ༴། །བྱམས་པའི་དཔལ་མངའ་དམིགས་མེད་ཐུགས་རྗེའི་གཏེར། །མཁྱེན་པས་ཆོས་ཀུན་དེ་ཉིད་རབ་ཏུ་གཟིགས། །ཕུན་ཚོགས་སྐུ་བཞིའི་བདག་ཉིད་བླ་མ་ལྷས། །རྗེས་བཟུང་བཤེས་གཉེན་དམ་པར་གསོལ་བ་འདེབས། །རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག །སྐལ་བཟང་ཐར་བར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། ཞེས་དང༌། ཟབ་མོ་ལྷ་བའི་བརྒྱུད་པའི་གསོལ་འདེབས་ནི། །སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག །རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། །ཟབ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །སྨྲ་བའི་གཙུག་རྒྱན་གསུམ་ལ་གསོལ་བ་འདེབས། །འཕགས་པའི་དགོངས་པ་གསལ་མཛད་ཟླ་བ་གྲགས། །དེ་སྲས་ཐུ་བོ་རིག་པའི་ཁུ་བྱུག་དང༌། རྒྱལ་སྲས་རིག་པའི་ཁུ་བྱུག་གཉིས་པའི་ཞབས། །རིག་པའི་དབང་ཕྱུག་གསུམ་ལ༴། །རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་པ་ཡི། །ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །འཛམ་གླིང་རྒྱན་གྱུར་གཉིས་ལ༴། །རྒྱལ་བའི་གདུང་འཚོབ་བཤེས་གཉེན་པོ་ཏོ་བ། །རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བ། །བྱང་ཆུབ་ཐུགས་ཀྱི་བཀའ་བབས་འཆད་ཁ་བ། །འགྲོ་བའི་རེ་སྐོང་གསུམ་ལ༴། །ལུང་རྟོགས་མངའ་བདག་བྱང་སེམས་སྤྱིལ་བུ་བ། །དྲི་མེད་ལུང་གི་དབང་ཕྱུག་མཁས་པའི་གཙོ། །ཁམས་གསུམ་འགྲོ་བའི་མགོན་པོ་རིན་པོ་ཆེ། །གནས་བརྟན་ཆེན་པོ་གསུམ་ལ༴། །རྣམ་དག་ཚུལ་ཁྲིམས་ངད་ལྗང་ཟངས་ཆེན་པ། །འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་པ། །ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་གྲབ་པ། །འགྲོ་བའི་

༡༧༢

འདྲེན་པ་གསུམ་ལ། །ཟབ་ཅིང་རྒྱ་ཆེའི་ཆོས་ལ་མངའ་བརྙེས་པས། །སྐལ་ལྡན་འགྲོ་བ་ཀུན་གྱི་སྐྱབས་སུ་གྱུར། །ཕྲིན་ལས་བཟང་པོས་བསྟན་པ་རྒྱས་མཛད་པ། །རྗེ་བཙུན་བླ་མའི་ཞབས་ལ༴། །བློ་གྲོས་ཁང་བཟང་བསླབ་གསུམ་ནོར་གྱིས་ཕྱུག །བཟང་པོའི་ཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །གྲགས་པའི་འོད་ཟེར་འཛམ་གླིང་ཕྱོགས་བཅུར་འཕྲོ། །བློ་བཟང་གྲགས་པའི་ཞབས་ལ༴། །མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེའི་ཞབས། ཞེས་སོགས་མན་གོང་ལྟར་རོ། །དེ་ཡོད་འདིའི་རིག་པའི་ཁུ་བྱུག་གཉིས་པ་ཡན་ཆད་ནི་ཟབ་མོ་ལྟ་བའི་སྒོས་བརྒྱུད་དངོས་ཡིན་ལ། དེ་མན་ཆད་བརྒྱུད་སྲོལ་གཉིས་ཀ་ཆུ་བོ་གཅིག་འདྲེས་སུ་གྱུར་པས་བརྒྱུད་པ་ཐ་དད་མེད་མོད། འོན་ཀྱང་རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོར། རྗེ་བཙུན་དམ་པ་ནམ་མཁའི་མཚན་ཅན་ལས་དགོན་པ་བ་ནས་སྣེའུ་ཟུར་པ་ལ་བརྒྱུད་པ་དང༌། སྤྱན་སྔ་བ་ནས་བརྒྱུད་པའི་ལམ་གྱི་རིམ་པ་ཐོས་ཤིང༌། རྗེ་བཙུན་དམ་པ་བཟང་པོའི་མཐའ་ཅན་ལས། པོ་ཏོ་བ་ནས་ཤ་ར་བ་ལ་བརྒྱུད་པ་དང༌། པོ་ཏོ་བ་ནས་དོལ་པ་ལ་བརྒྱུད་པའི་ལམ་གྱི་རིམ་པ་ཐོབ་ཅེས་གསུངས་པ་ལྟར། བྲ་གོར་མཁན་ཆེན་ཆོས་སྐྱབས་བཟང་བོ་ལས་གསན་པའི་བརྒྱུད་པའི་ཁྱད་པར་རོ། །ཡང་ན་སྟོན་པ་རིན་པོ་ཆེའི་རྗེས་སུ། །གྲུབ་པའི་དབང་ཕྱུག་ཆེན་པོ་ཚུལ་ཁྲིམས་འབར། །བཤེས་གཉེན་ཚུལ་བཞིན་བསྟེན་མཛད་གཞོན་ནུ་འོད། །ཐེག་མཆོག་ལམ་གྱིས་རྒྱུད་སྦྱོང་སྒྱེར་སྒོམ་ཞབས། །རྒྱལ་བའི་སྲས་པོ་གསུམ་ལ། །རྨད་བྱུང་ཡོན་ཏན་མཛོད་འཛིན་སངས་རྒྱས་དབོན། །དམ་པས་བྱིན་བརླབས་ནམ་མཁའ་རྒྱལ་བོ་དང༌། ནམ་མཁའ་རྒྱལ་མཚན་ཞབས་ལ༴། །བློ་གྲོས་ཁང་བཟང་སོགས་གོང་བཞིན་ནོ། །དེ་ལྟར་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་ནས་སྨོས་ཏེ་དད་མོས་དྲག་པོས་གསོལ་བ་གདབ་པའི་མཐར་ལམ་གྱི་རིམ་པའི་མངོན་རྟོགས་རྒྱུད་ལ་སྐྱེ་བའི་

༡༧༣

སླད་དུ་གསོལ་བ་འདེབས་པ་ནི། །ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པོ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང༌། །ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན། །དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། །ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས། །ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང༌། །དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས། །སྤྱོད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། །ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི། །ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ། །དོན་གཉེར་ཆེན་པོ་སྐྱེ་བར༴། །རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། །དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས། །བསྟན་པའི་རྩ་བ་སོ་སོ་ཐར་པ་ལ། །སྒྲུབ་པ་སྙིང་བོར་བྱེད་པར༴། །རང་ཉིད་སྲིད་མཚོར་ལྟུང་བ་ཇི་བཞིན་དུ། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་ཁྱེར་བའི། །བྱང་ཆུབ་སེམས་མཆོག་འབྱོངས་པར༴། །སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པ། །ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །བརྩོན་པ་དྲག་པོས་སློབ་པར༴། །ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང༌། །ཡང་དག་དོན་ལ་ཚུལ་བཞིན་དཔྱད་པ་ཡི། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ། །མྱུར་དུ་རྒྱུད་ལ་སྐྱེ་བར༴། །ཐུན་མོངས་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །སྐལ་

༡༧༤

བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་བསྡོས་ཏེ་བསྲུང་པར༴། །དེ་ནས་རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཀྱི། །གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས། །ཐུན་བཞིའི་རྣལ་འབྱོར་སྤྱོད་ལས་མི་གཡེལ་བར། །དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས། །དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང༌། །ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང༌། །ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའི་ཚིག་དོན་ཡིད་ལ་དྲན་བཞིན་དུ་ཕུར་ཚུགས་སུ་གསོལ་བ་གདབ་བོ། །དེ་ནས་སྤྱིར་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་གདབ་ཚུལ་སྔར་ལྟར་ལ། བྱེ་བྲག་བཤེས་གཉེན་བསྟེན་ཚུལ་ཁོ་ན་བསྒོམ་པའི་སྐབས་ཀྱི་དབང་དུ་བྱས་ན་མཎྜལ་གྱི་གསོལ་འདེབས་དང༌། སྐབས་འདིར་ཡང༌། བདག་གི་རྒྱུད་ལ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་རྟོགས་པ་དང་འགལ་བའི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། བཤེས་གཉེན་བསྟེན་ཚུལ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ངག་ཏུ་བརྗོད་པའམ་ཡིད་ཀྱིས་བསམ་སྟེ་དམིགས་ཕུལ་བའི་གསོལ་འདེབས་བློ་སྣ་འགྱུར་ངེས་པ་བྱ། མཐར་ཚོགས་ཞིང་རྣམས་ཀྱི་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་གྱི་རྒྱུན་དང་བཅས་པ་བྱུང༌། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་

༡༧༥

ཞུགས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང༌། ཁྱད་པར་དངོས་གཞིའི་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་གེགས་བྱེད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། །ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་དུའང་དངོས་གཞིའི་ལམ་གྱི་རྟོགས་པ་རྩོལ་བ་མེད་པར་ངང་ངམ་ཤུགས་ཀྱི་སྐྱེ་བའི་རྟེན་འབྲེལ་བསྒྲིགས་ཤིང་བྱིན་གྱིས་བརླབས་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང༌། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་ཚུལ་ལོ། །གཉིས་པ་ལ་གཉིས། དེ་ལ་རྟེན་ལ་སྙིང་བོ་བླང་བར་བསྐུལ་བ་དང༌། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལོ། །དེའི་ཕྱི་མ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་སྟེ། དེ་ལྟ་བུའི་ཚུལ་རྣམས་ཁྲིད་ཡིག་ལས་ཇི་ལྟར་འབྱུང་བ་བཞིན་དཔྱད་སྒོམ་དང༌། འཇོག་སྒོམ་ཇི་ལྟར་རིགས་པས་ཉམས་སུ་བླངས་སྐབས་སུ་བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་བཏབ་ཅིང་བདུད་རྩི་འབེབས་སྦྱོང་གི་དམིགས་པའང་བྱ། དེ་ཡང་བཤེས་གཉེན་བསྟེན་པ་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པའི་བར་རྣམས་དཔྱད་སྒོམ་གཙོ་ཆེ་བ་དང་ཞི་གནས་སོགས་འཇོག་སྒོམ་གཙོ་ཆེ་ཡང༌། དཔེར་ན་བཤེས་གཉེན་བསྟེན་པའི་ཆོས་སྐོར་ལྟ་བུའི་ཚེ་བླ་མའི་ཡོན་ཏན་བསམ་པ་སོགས་དཔྱད་སྒོམ་དང༌། དེའི་མཐར་རྟོག་པ་གཞན་རྣམས་བག་ལ་ཞ་སྟེ་དད་པ་རྩེ་གཅིག་ཏུ་གནས་པ་ནི་འཇོག་སྒོམ་དང༌། ཞི་གནས་སྒོམ་ཚུལ་གྱི་གནད་ལ་ཡང་ཡང་སེམས་པ་ནི་དཔྱད་སྒོམ་དང༌། རྩེ་གཅིག་ཏུ་གནས་པ་ནི་འཇོག་སྒོམ་ཡིན་པས་གནད་དེ་དག་གོ་བར་བྱས་ཏེ་སོ་སོའི་མྱོང་བ་མ་སྐྱེས་ཀྱི་བར་དུ་ཉམས་སུ་ལེན་པ་དང༌། རྒྱུན་དུའང་

༡༧༦

ལམ་རིམ་བསྡུས་དོན་གྱི་ཚིགས་སུ་བཅད་པ་ལྟ་བུ་ངག་ཏུ་བརྗོད་ཅིང་དོན་ཡིད་ལ་བསམ་སྟེ་བཤར་སྒོམ་གྱི་ཚུལ་དུ་བསྐྱང་བས་ཀྱང་དལ་བའི་རྟེན་ལ་སྙིང་བོ་ལེན་པའི་ཐབས་མཁས་ལ་སྒོ་དུ་མ་ནས་བརྩོན་པར་བྱའོ། །གསུམ་པ་ནི། ཐུན་དེ་ལས་ལངས་པར་བརྩམ་པ་ན། སྤྲོ་ཞིང་ནུས་ན་སླར་ཡང་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཞིང་གསོལ་བ་ཤུགས་དྲག་ཏུ་གདབ། གང་ལྟར་ཡང་ཚོགས་ཞིང་རྣམས་རྟེན་ཡོད་ན་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམ། ཡང་ན་རང་བཞིན་གྱི་གནས་སུ་གཤེགས་པའམ་མི་དམིགས་པར་བསམ་པས་ཀྱང་རུང༌། ཐུན་གཅིག་ཏུ་ཉམས་ལེན་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན། དུས་གསུམ་དུ་བསགས་དང་བསགས་པར་གྱུར་བའི་དགེ་ཚོགས་ཐམས་ཅད་རང་གཞན་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་ཁོ་ནར་བསྔོ་ཞིང༌། དེ་ལྟར་བསྔོས་པ་ལ་བརྟེན་ནས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱིས་མཚོན་ཏེ། དངོས་གཞིའི་ཉམས་ལེན་གྱིས་སྣ་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་བཅོས་མ་མ་ཡིན་པར་སྐྱེས་པའི་མཐུས། རང་གཞན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཤོག་ཅིག་སྙམ་དུ། བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱས་པའམ། དེ་ཙམ་མི་ནུས་ན། །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་བོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་བསྔོ་བ་དང༌།

༡༧༧

དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་སྐུ་ཐོབ་པར་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་དང༌། །དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི། །མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས། །བློ་མིག་མ་རིག་གིས་ལྡོངས་འགྲོ་བ་ཀུན། །རྣམ་འདྲེན་རྒྱལ་བའི་དབང་པོར་བདག་གྱུར་ཅིག །དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང༌། །འཇམ་པའི་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་སྟེ། །བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག །རྙེད་ནས་སྒྲུབ་པས་རྒྱལ་རྣམས་མཉེས་བྱེད་ཤོག །རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད། །ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས། །འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས། །རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག །བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །

༡༧༨

སྲས་བཅས་རྒྱལ་བའི་རྨད་བྱུང་ཕྲིན་ལས་ལམ། །ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང༌། །ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང༌། །རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག །ལམ་བཟང་སྒྲུབ་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀྱང༌། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས། །ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ། མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང༌། །བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་འདུན་པ་རྩེ་གཅིག་པས་བརྗོད་ཅིང་སྤྱོད་ལམ་ལ་འཇུག་གོ། གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བ་ནི། ཐུན་གྱི་དངོས་གཞིའི་སྐབས་སུ་གང་ཉམས་སུ་བླངས་པའི་ཉམས་མྱོང་གི་རྩི་དང་མ་བྲལ་བར་དྲན་པ་དང༌། ཤེས་བཞིན་དང༌། བག་ཡོད་པས་ཀུན་ནས་བསླངས་ཏེ་སྤྱོད་ལམ་ཐམས་ཅད་མི་དགེ་བ་དང༌། ལུང་མ་བསྟན་གྱི་དབང་དུ་མ་སོང་པར། དགེ་བའི་རྩ་བ་འབའ་ཞིག་གིས་དུས་འདའ་བར་བྱ་སྟེ། བཤེས་གཉེན་བསྟེན་ཚུལ་གྱི་སྐབས་ལ་མཚོན་ན། དེ་ཉིད་སྟོན་པའི་མདོ་དང་བསྟན་བཅོས་རྣམས་དང༌། ཁྱད་པར་ལམ་རིམ་ཆེ་ཆུང་གི་བཤེས་གཉེན་བསྟེན་ཚུལ་གྱི་སྐབས་རྣམས་ཡང་དང་ཡང་དུ་བལྟ་ཞིང་ཚིག་ཏུའང་བརྗོད་ལ་ངེས་ཤེས་བསྐྱེད། །ད་རེས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་འདི་ལྟ་བུ་རྙེད་པའི་སྐབས་སུ། ཐེ་ཚོམ་དང༌། མཉམ་འགྲོགས་དང༌། ལེ་ལོ་སོགས་ཀྱི་དབང་དུ་མ་སོང་བར་བསམ་སྦྱོར་གཉིས་ཀའི་སྒོ་ནས་ཚུལ་བཞིན་དུ་བསྟེན་པར་བགྱིའོ་སྙམ་པ་ཡིད་ལ་བསམ། ངག་ཏུ་བརྗོད། ལག་ལེན་ལ་ཐེབས་པར་བྱ་བས་མཚོན་ཏེ་ཤེས་པར་བྱའོ། །དེ་ལྟར་སྐྱེས་བུ་གསུམ་གྱི་ལམ་རིམ་ཇི་ལྟར་ཉམས་སུ་ལེན་

༡༧༩

པའི་ཕྱག་བཞེས་ཀྱིས་བཅད་ལམ་རིམ་ཆེན་མོ་གཙོ་བོར་བཏོན། ངག་འདོན་ཕལ་ཆེར་འཇམ་དཔལ་ཞལ་ལུང་གི་དཀྱུས་བཞིན་དང༌། བླ་མ་དམ་པའི་ཞལ་ལུང་སྙིང་བོར་དྲིལ་བ་འདི་ཡང༌། འཛམ་གླིང་ན་ཡོངས་སུ་གྲགས་པའི་ཤིང་རྟ་ཆེན་པོ་རྣམས་དང་མཁྱེན་རྟོགས་དབྱེར་མི་ཕྱེད་པ་རྗེ་བཙུན་བླ་མ་ངག་གི་དབང་ཕྱུག་བྱམས་པ་ཕུན་ཚོགས་དཔལ་བཟང་པོའི་བཀའ་དྲིན་ལས། ལམ་འདིའི་འཁྲིད་རིམ་མདོ་ཙམ་ཐོས་པའི་སྐལ་པ་བཟང་པོ་ཅན་མཉྫུ་གྷོ་ཥས་བྲིས་པ་དགེ་ལེགས་ཀྱི་སྣང་བས་འཇིག་རྟེན་གསུམ་ན་ཕན་བདེའི་པདྨོ་དུས་རྟག་ཏུ་རྒྱས་པར་གྱུར་ཅིག །མངྒ་ལཾ། བྷ་བ་ཏུ།། །།

རྨ་ཕྱག་རྒྱ་ཆེན་པོའ་སྨིན་བྱེད་དབང་གི་ཆོ་ག་

རྨ་ལུགས་ཕྱག་ཆེན་

༄༅། །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ༎ ༎

༤༣ ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ།། །།
༤༤ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་གངས་ཅན་ལྷ་གཅིག་སྲོང་བཙན་དང་། །རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་སྙིང་པོའ་དོན་རྟོགས་ཤོག །ཟབ་གཏེར་སྒོ་འབྱེད་གྲུབ་ཐོབ་དངོས་གྲུབ་དང་། །གཏེར་ཆེན་མྱང་རལ་ཉི་མ་འོད་ཟེར་ཞབས། །མི་བསྐྱོད་རྡོ་རྗེ་ལྕེ་བཙུན་ཤཱཀ་བཟང་ལ། །གསོལ་བ །ལྷ་རྗེ་དགེ་འབུམ་ལྕམ་མོ་ཡེ་ཤེས་མཆོག །གྲུབ་ཐོབ་ཆུ་སྒོམ་མཐའ་བཞི་བྱ་བྲལ་བ། །འཇམ་དབྱངས་ཚུལ་ཆེན་བཀྲ་ཤིས་རྒྱལ་མཚན་ལ། །གསོལ་བ །དྲིན་ཅན་སྐུ་འབུམ་པ་དང་ནོར་བཟང་མཚན། །བཟང་པོ་རྒྱལ་མཚན་དཔལ་ལྡན་སངས་རྒྱས་དང་། །ངག་དབང་གྲགས་པ་ཤེས་རབ་དཔལ་འབྱོར་ལ། །གསོལ་བ །ཀུན་དགའ་གྲོལ་མཆོག་སྣ་ཚོགས་རང་གྲོལ་ཞབས། །བསྟན་འཛིན་གྲགས་པ་མདོ་སྔགས་བསྟན་འཛིན་བཟང་། །དམ་ཆོས་བཟང་པོ་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ་ཁ་སྐོང་ནི། གཏེར་བདག་གླིང་པ་།།།་ཤྲཱི་དང་།
༤༥ རིན་ཆེན་རྣམ་རྒྱལ་འགྱུར་མེད་དོན་ལྡན་ཞབས། །ཕྲིན་ལས་རྣམ་རྒྱལ་ཆོས་ཀྱི་སྒྲོན་མ་ལ། །གསོལ་བ ། ཞེས་སོ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །དངོས་གྲུབ་མཆོག་སྩོལ་འཕགས་མཆོག་སྤྱན་རས་གཟིགས། །ཆོས་བདག་ཡེ་ཤེས་མཁའ་འགྲོའི་ཚོགས་བཅས་ལ། །གསོལ་བ །སྔོན་འགྲོས་རྒྱུད་འབྱོངས་དབང་བཞིས་ལེགས་སྨིན་ནས། །སྣང་གྲགས་འགྱུ་བ་ལྷ་སྔགས་འོད་གསལ་གྱིས། །རྒྱས་བཏབ་ཟབ་ལམ་གནད་ཀྱིས་སྒོ་གསུམ་དྲི། །ཡོངས་བྱངས་སྐུ་གསུམ་སྙིང་པོའ་དོན་རྟོགས་ཤོག །ཅེས་ཐུགས་རྗེ་ཆེན་པོ་རྒྱལ་པོའ་ལུགས་འགྲོ་འདུལ་གྱི་དབང་དང་སྐུ་གསུམ་སྙིང་པོའ་དོན་ཁྲིད་དང་བཅས་པའི་བརྒྱུད་འདེབས་འདི་ནི་སྒྲུབ་ཆེན་ཆོས་མཛོད་ཀྱིས་གསུང་ངོར་།།།་ཤྲཱིས་སོ། སླར་ཡང་བརྒྱུད་པའི་ཞལ་སྐོར་ཤ་ལོ་ཀ་གཅིག་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ།།

བསམ་ཀྱིས་མི་ཁྱབ་པའི་རིམ་པའི་མན་ངག་ཅེས་བྱ་བ།

༨༢རྒྱ་གར་སྐད་དུ། ཨ་ཙནྟྱ་ཀྲ་མོ་པ་དེ་ཤ་ནཱ་མཿ བོད་སྐད་དུ། བསམ་གྱིས་མི་ཁྱབ་པའི་རིམ་པའི་མན་ངག་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཤེས་རབ་[89]སྙིང་པོའི་རྩེར་བྱུང་བ། །བསམ་ཡས་[90]གཉིས་མེད་མཁའ་བདག་ལ། །ཕྱག་འཚལ་[91]བཟང་པོའི་ཞལ་སྔ་ཡི། །ཡང་དག་[92]རིམ་འོད་བྲི་བར་བྱ། [93]ཐབས་[94]དང་ཤེས་རབ་གསང་ཆེན་པོ། །སྙིང་རྗེ་བསམ་ཡས་མཚན་ཉིད་ནི། །ངག་གི་ལམ་འདས་སྤྱོད་ཡུལ་གྱི། །ཡེ་ཤེས་ངང་གིས་སྐྱེ་བར་འགྱུར། །དེ་ནི་དངོས་པོའི་གཟུགས་ཀྱིས་ནི། །དམིགས་ཤེས་དམིགས་པ་བསྒོམ་པ་མིན། །བདེ་བའི་རྣམ་པའི་རང་བཞིན་གྱིས། །རང་བྱུང་གཉིས་སུ་མེད་པའི་མཆོག །བྱང་སེམས་རྡོ་རྗེ་ཅན་བཅས་པས། །དངོས་པོ་མེད་པས་གཟིགས་མི་འགྱུར། །རྟག་དང་མི་རྟག་དབྱེ་བ་ཡིས། །དོན་དམ་གཉིས་སུ་གཟིགས་མི་འགྱུར། །དངོས་པོ་རྣམས་ཀྱི་རང་བཞིན་འདི། །དམིགས་པ་མེད་ཅིང་སྟོང་པ་མེད།
༨༣།གཉིས་པོ་དག་གི་སྤྱོད་པ་ཡིས། །གཉིས་མེད་ཡེ་ཤེས་འབར་བར་འགྱུར། །ཐམས་ཅད་གཉིས་མེད་རྣམ་པ་སྟེ། །གཉིས་པོ་དེ་དག་ཡོད་མ་ཡིན། །མཉམ་པར་རོ་གཅིག་རྣམ་པ་སྟེ། །བསམ་གྱིས་མི་ཁྱབ་ཡེ་ཤེས་མཆོག །རྟོག་པ་རྟོག་པའི་རྣལ་འབྱོར་གྱིས། །གཉིས་མེད་མཆོག་ནི་བསྒོམ་པ་མིན། །བདེ་བའི་རྡོ་རྗེ་མི་རྟོག་པ། །བསམ་མི་ཁྱབ་ཀྱིས་ཐོབ་པར་འགྱུར། །བསྐྱེད་པ་རྣམ་པར་རྟོག་པའི་རྒྱུ། །རྫོགས་པ་གཉིས་ཀྱང་དེ་བཞིན་ནོ། །གཉིས་ཀྱི་རྣམ་པར་བྲལ་བ་སྟེ། །བག་ཆགས་བག་ཆགས་ལྡན་པ་སྤངས། །བཟང་པོའི་ཞལ་སྔ་རིམ་འོངས་པ། །ཡེ་ཤེས་བག་ཆགས་རྣམ་བྲལ་བ། །རང་བྱུང་རློམ་སེམས་མེད་པ་ནི། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་དང་དངོས་མེད་རང་བཞིན་གྱི། །བག་ཆགས་ཉིད་ནི་འཆིང་བ་ཉིད། །མི་རྟོག་པ་ཡི་རང་བཞིན་གྱིས། །བསམ་མི་ཁྱབ་ཀྱིས་གཅོད་པར་འགྱུར། །རྟོག་པའི་དྲི་མའི་དྲྭ་བ་ཡིས། །རིན་ཆེན་སེམས་ནི་དྲི་ཅན་བྱས། །དྲི་མ་བྲལ་བས་སངས་རྒྱས་ཉིད། །གཉིས་སུ་མེད་པའི་ཡེ་ཤེས་བརྗོད། །ཐམས་ཅད་རྟོག་མེད་བདག་ཉིད་དུ། །རྣལ་འབྱོར་པ་ཡིས་རྟག་ཏུ་བལྟ། །ཏིང་འཛིན་བསྒོམ་པ་འདི་ཉིད་ནི། །བཟང་པོའི་ཞལ་སྔ་ནས་ཀྱིས་བསྟན། །གང་གི་རང་བཞིན་མ་སྐྱེས་པ། །འགགས་
༨༤པ་ཉིད་ནི་ཡོད་མི་འགྱུར། །དེ་ཡི་ཡེ་ཤེས་གཉིས་མེད་ཅིང་། །རྣམ་རྟོག་ཐམས་ཅད་ཡང་དག་སྤངས། །སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱིས། །རྟོག་པ་ཕྱི་རོལ་ཉིད་དུ་བཤད། །བདེ་ཆེན་རྡོ་རྗེ་ཅན་དཔལ་གྱིས། །མི་རྟོག་དོན་ནི་སྐྱེས་པ་པོ། །ཕྱི་རོལ་ནང་གི་རྣམ་རྟོག་གིས། །འཇིག་རྟེན་ཐམས་ཅད་ཡང་དག་གནས། །གཉིས་མེད་གཉིས་ལས་རྣམ་གྲོལ་བ། །ཡེ་ཤེས་ངང་གིས་སྐྱེ་བར་འགྱུར། །དངོས་པོ་མེད་པ་བསྒོམ་པ་མིན། །དངོས་པོར་ཡང་ནི་བསྒོམ་པ་མིན། །སེམས་དཔའི་བདེ་བ་མཐའ་མེད་པ། །བསམ་གྱིས་མི་ཁྱབ་གཉིས་མེད་གནས། །སེམས་ཅན་ཀུན་ལ་གང་བསམ་པ། །ཤེས་རབ་སྙིང་པོ་རྣམ་པར་གནས། །སྙིང་རྗེ་པདྨའི་མདའ་ལས་ནི། །མཚོན་ཆའི་འབེན་ནམ་བདེ་ཆེན་པོ། །བརྟན་དང་གཡོ་བའི་དངོས་པོ་རྣམས། །གཉིས་སུ་མེད་པས་རྣམ་པར་གནས། །དེ་རྣམས་རང་བཞིན་རྣམ་པར་དག །ཞི་བ་ནམ་མཁའ་དྲི་མ་མེད། །གཉིས་སུ་མེད་པ་མིང་ཙམ་སྟེ། །དེ་ཡང་མིང་ནི་ཡོང་མི་འགྱུར། །ཚོར་དང་མ་ཚོར་མཚོན་བྱ་བྲལ། །གཉིས་མེད་བདེ་བ་ཆེན་པོ་ཉིད། །རྟག་པ་ཀུན་ལས་རྣམ་པར་གྲོལ། །གཉིས་གཉིས་མེད་ཅིང་མཆོག་ཞི་བ། །མཁའ་མཉམ་རྣམ་རྟོག་ལས་གྲོལ་བ། །དེ་ནི་གཉིས་སུ་མེད་པར་བརྗོད། །བསམ་ཡས་གནས་ཀྱི་རྣལ་འབྱོར་གྱིས། །དངོས་པོ་ཐམས་ཅད་རྣམ་པར་བསྒོམས། །ཆོས་ཀྱི་ཞལ་སྔའི་རིམ་འོངས་པ། །བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས། །གཉིས་མེད་རྣམ་པའི་དབྱེ་བ་ཡིས། །བདེ་ཆེན་མགོན་པོ་དཔལ་གྱིས་ནི། །གཅིག་ཏུ་གྱུར་པའི་རང་བཞིན་གྱིས། །འགྲོ་བ་རྣམས་ཀྱིས་རྣམ་པར་སྤྲུལ། །སྟོང་པ་དམིགས་པར་སྨྲ་བ་ཡིས། །རྫུན་དུ་སྨྲས་པས་བསླུས་པ་རྣམས། །རྟོག་པ་རྨོངས་པའི་འཆིང་བ་ཡིས།
༨༥།བདེ་བ་དམ་པ་ཉིད་མི་རྟོགས། །ཐབས་དང་ཤེས་རབ་རྣམ་དག་པ། །ངན་རྟགས་རྟོགས་པས་ཕྱི་རོལ་ཉིད། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ཆེ། །བདེ་བ་ཆེན་པོ་གཅིག་པུ་ཉིད། །གང་ཞིག་བསམ་ཡས་རང་བཞིན་ཕྱིར། །སངས་རྒྱས་བློ་ཡི་སྤྱོད་ཡུལ་མིན། །དེ་ཡི་རང་བཞིན་ཐམས་ཅད་ཉིད། །རང་བྱུང་བསམ་པ་རྣམས་ལས་འདས། །ས་སྟེང་སྲོག་ཆགས་ཐམས་ཅད་རྣམས། །རྟོག་པའི་དྲ་བས་ཉམས་པར་འགྱུར། །གཉིས་མེད་ཡེ་ཤེས་གཅིག་པུ་དེ། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །ཇི་སྙེད་རྒྱུན་དང་རྒྱུན་བཅས་པ། །ཆ་གཉིས་ཡོད་པ་མི་འགྱུར་ཞིང་། །དབུ་མར་ཡང་ནི་མི་དམིགས་པ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །ཀུན་རྫོབ་ཐམས་ཅད་ཐ་དད་པ། །གཉིས་དང་གཉིས་མེད་རྣམ་རྟོག་ཉིད། །ཐབས་དང་ཤེས་རབ་རྣལ་འབྱོར་ཆེ། །རོ་གཅིག་གཉིས་སུ་མེད་པར་བརྗོད། །འདོད་ཆགས་འདོད་ཆགས་བྲལ་བ་པ། །དབུ་མར་དམིག་པ་མི་འགྱུར་རོ། །བདེ་བ་ཡང་དག་རིག་པ་མེད། །དེ་ནི་གཉིས་སུ་མེད་པར་བརྗོད། །མཚན་གཞི་མཚན་ཉིད་རྣམ་པར་གྲོལ། །རིག་པ་པོ་དང་རིག་བྱ་སྤངས། །བདག་མེད་སོ་སོ་སྤངས་པ་ཡིས། །རིན་ཆེན་སེམས་ནི་རབ་རྟོགས་བྱ། །དངོས་པོའི་རང་བཞིན་མེད་པའི་ཕྱིར། །གཉིས་མེད་ཉིད་ཀྱང་མཐོང་མི་འགྱུར། །མིག་གི་རྣམ་ཤེས་རྟོགས་པ་ཡིས། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །སྤྲོས་པ་ཐམས་ཅད་རྣམ་བྲལ་ཞིང་། །ནམ་མཁའ་ལྟ་བུ་དྲི་མ་མེད། །རྟོག་པའི་དྲྭ་བ་རྣམ་བཅད་ཅིང་། །བསམ་གྱིས་མི་ཁྱབ་གཉིས་མེད་མཆོག །གཉིས་མེད་བཅུད་ཀྱིས་ཕིགས་པ་ཡིས། །རྡོ་ཤིང་ལྗི་བའི་འགྱུར་བ་རྣམས། །ལྷ་ཡི་རྣམ་པར་འགྱུར་བར་ནི། །བཟང་པོའི་ཞལ་སྔ་ནས་ཀྱིས་བསྟན། །ཐབས་དང་ཤེས་རབ་སྙིང་རྗེ་ཆེ། །གཅིག་ཏུ་
༨༦རོ་གཅིག་རྣམ་པར་ཉིད། །དེར་ནི་ཡེ་ཤེས་རྫོགས་པར་འགྱུར། །གཉིས་མེད་བདེ་བ་ཆེན་པོ་ཉིད། །གཟུགས་དང་སྒྲ་དང་རོ་ལས་འདས། །དྲི་དང་རེག་བྱ་ལ་སོགས་སྤངས། །ཆོས་དབྱིངས་འགྱུར་བ་རྣམ་པར་དག །གཉིས་སུ་མེད་པའི་ཡེ་ཤེས་མཆོག །རྟོག་པ་ཀུན་ལས་རྣམ་པར་གྲོལ། །གཟུང་དང་འཛིན་པ་རྣམ་པར་སྤངས། །རང་བཞིན་རྣམ་དག་མ་གོས་པ། །གཉིས་མེད་དོན་ནི་དམ་པ་ལ། །མ་སྐྱེས་པ་དང་མ་འགགས་པ། །མི་འགྱུར་བ་དང་མི་གནས་པ། །མངོན་པར་ཡེ་ཤེས་གཉིས་མེད་མཆོག །འདི་ནི་ཕྱག་རྒྱ་ཆེན་པོ་ཉིད། །ཡོན་ཏན་རྣམས་དང་སྐྱོན་རྣམས་ཉིད། །རྣམ་པ་སེམས་སུ་བརྗོད་པ་བྱ། །དེས་ན་རྩེ་གཅིག་ཡེ་ཤེས་མཆོག །རློམ་སེམས་མེད་པའི་རང་བཞིན་ལས། །ཡེ་ཤེས་ངང་གི་སྐྱེ་འགྱུར་ཏེ། །ཅུང་ཟད་ཀྱང་ནི་བསྒོམ་པ་མེད། །གང་ཕྱིར་བསམ་ཡས་ཆོས་འདི་ནི། །སངས་རྒྱས་རྣམས་ཀྱི་གཉིས་མེད་གནས། །ཤིན་ཏུ་དྲི་མེད་ཆེས་དག་ཅིང་། །སྒོམ་པ་པོ་དང་བསྒོམ་བྱ་ཡང་། །དཔལ་ལྡན་བདེ་བའི་འབྱུང་གནས་ཀུན། །རྣམ་རྟོག་མེད་པས་ངེས་མཐོང་འགྱུར། །ལྷ་ཡི་གཟུགས་ནི་དུ་མ་དང་། །རྡོ་རྗེ་སེམས་དཔའ་ལ་སོགས་སྐུ། །སངས་རྒྱས་གཟུགས་བརྙན་ཐམས་ཅད་དང་། །རྣལ་འབྱོར་མ་ཡི་དཀྱིལ་འཁོར་ཚོགས། །ཁྲོ་བོ་རྒྱལ་པོ་ཐམས་ཅད་དང་། །དེ་བཞིན་རིག་མ་ལྷ་མོ་ཉིད། །དཀྱིལ་འཁོར་འཁོར་ལོ་བཟང་པོ་དང་། །སྣང་བའི་རྣམ་པ་དྲི་མེད་དང་། །དེ་བཞིན་མདོ་སྡེའི་སྡེ་སྣོད་དང་། །གཞན་ཡང་ཕ་རོལ་ཕྱིན་རིམ་དང་། །སྔགས་དང་ཕྱག་རྒྱ་རིག་པ་དང་། །དེ་བཞིན་སྙིང་ཉིད་བསྒྲུབ་པ་དང་། །སྔགས་ཀྱི་སྨྲ་བ་མ་ལུས་པ། །དཀྱིལ་འཁོར་དང་ནི་སྦྱིན་སྲེག་ལས། །བཟླས་དང་མཆོད་པའི་ཆོ་ག་རྣམས། ཕྱི་ནང་གི། །གཉིས་མེད་ལས་ནི་ངང་གི་
༨༧སྐྱེ། །གཞུ་ནི་ཞི་བ་ཉི་མ་ས། །དེ་བཞིན་མཆོད་འོས་ཁྱབ་འཇུག་པ། །རིག་བྱེད་ཚད་མར་སྨྲ་བ་དང་། །གཞན་ཡང་རང་གིས་སྐྱེ་བར་འགྱུར། །ཀུན་བདེན་གནས་ཀྱི་སྦྱོར་བ་འདི། །བསམ་གྱིས་མི་ཁྱབ་མི་རྟོག་པ། །ཀུན་ཏུ་བཟང་པོ་ཞེས་བྱ་ལྷ། །གཉིས་མེད་ཡིད་བཞིན་ནོར་བུ་བཞིན། །རྐང་འོག་རལ་གྲི་དྲིལ་བུ་དང་། །ཤིང་ལྷམ་བུམ་པ་གནོད་སྦྱིན་མོ། །བཅུད་དང་མིག་སྨན་བཟང་པོ་ཡང་། །རང་གིས་གྲུབ་སྟེ་གཞན་ཡོད་མིན། །སྔགས་པས་དངོས་པོ་བསྒོམ་མི་བྱ། །དངོས་མེད་ཉིད་ཀྱང་བསྒོམ་པ་མིན། །རྟོག་པ་མེད་པའི་ཐར་པ་མིན། །ཐམས་ཅད་རང་གིས་སྐྱེ་བར་འགྱུར། །སངས་རྒྱས་ཉིད་ཀྱང་འགྲུབ་འགྱུར་ན། །ཞི་བ་ཁྱབ་འཇུག་སོགས་ཅི་སྨོས། །དེ་ཡི་མཚན་ཉིད་ཡོད་མ་ཡིན། །གཟུགས་དང་མཚན་ཉིད་ཁ་དོག་མེད། །སྒྱུ་མའི་རྣམ་འཛིན་བཟང་པོ་ཉིད། །དྭངས་པའི་རང་བཞིན་དྲི་མ་མེད། །རང་བཞིན་འོད་གསལ་རྣམ་པ་སྟེ། །རྟག་ཏུ་བདེ་བའི་འབྱུང་གནས་དགའ། །སྐུ་དང་གསུང་དང་ཐུགས་དང་བྲལ། །མེ་ལོང་འབར་བའི་ཕུང་པོ་ཉིད། །མཆོག་དགའ་བདེ་བའི་རྣམ་པ་སྟེ། །རྟག་ཏུ་བདེ་ཆེན་འབྱུང་བ་པོ། །བསྟན་པའི་ཚིག་གི་སྦྱོར་བ་ཡིས། །མིང་དང་ཁ་དོག་རབ་ཏུ་བརྗོད། །གཞན་ཏུ་ངག་གི་ལམ་འདས་ཕྱིར། །སླ་བ་ཉིད་དུ་མི་ནུས་སོ། །བྱ་བར་འདོད་པའི་ཚུལ་གྱིས་ནི། །འདོད་པའི་དོན་གྱི་སླ་བས་ཀྱང་། །གསང་བའི་མཆོད་པའི་དུས་སུ་ནི། །ཤེས་རབ་གཉིས་མེད་འགྱུར་བས་སོ། །གཅིག་པུའི་རྣམ་པར་རང་བཞིན་ལས། །བག་ཆགས་ཟད་པར་འགྱུར་བས་ན། །སངས་རྒྱས་ཉིད་ནི་ངས་ཐོབ་པར། །བཟང་པོའི་ཞལ་སྔ་ནས་ཀྱིས་བསྟན། །ཁ་དོག་ཐ་དད་བྱེ་བྲག་གིས། །གཞུང་ནི་ཐ་དད་སྦྱོར་བ་ལས། །བག་ཆགས་
༨༨དྲི་མས་དབང་བསྐུར་བས། །གཉིས་མེད་ཉིད་ནི་ཡོད་མ་ཡིན། །ཐོག་མ་དབུས་དེང་ཐ་མ་བྲལ། །བསྐྱེད་པ་དང་ནི་རྫོགས་པ་སྤངས། གྲོལ་བ་སེམས་རང་སེམས་དཔའ་ནི། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །སངས་རྒྱས་གཉིས་མེད་ཅེས་བྱ་བར། །བཟང་པོའི་ཞལ་སྔ་ནས་གྱིས་གསུངས། །དེ་ཕྱིར་སངས་རྒྱས་རྟོགས་པ་ལས། །སྒྲུབ་པོ་དམ་པ་སངས་རྒྱས་འགྱུར། །བསྟན་པའི་ཚིག་གི་སྦྱོར་བས་ནི། །སངས་རྒྱས་གཉིས་སུ་མེད་པར་བཏགས། །དོན་དམ་ཐ་དད་མེད་ཚུལ་གྱིས། །སངས་རྒྱས་མེད་ཅིང་གཉིས་མེད་མེད། །ཡེ་ཤེས་མཆོག་ཏུ་གྱུར་པས་ན། །རྟག་པའི་དྲི་མ་རིང་བར་འགྱུར། །དངོས་པོ་ལ་སོགས་རྟོག་པ་ཀུན། །གནམ་གྱིས་བརྐོས་ན་རྒོག་ཏུ་འགྱུར། །བཟང་པོའི་ཞལ་སྔའི་བཀའ་དྲིན་གྱིས། །ཉམས་པ་གོམས་པའི་སྦྱོར་བ་ལས། །གཉིས་མེད་ཞེས་བྱ་བཟུང་བ་ནི། །བདག་ལ་རྣལ་འབྱོར་པས་བཟོད་མཛོད། །མཁས་པས་རབ་ཏུ་འབད་པས་ཀྱང་། །བག་ཆགས་རྣམས་ནི་ཟད་པར་བྱ། །གཞན་ཏུ་བསྐལ་པ་གྲངས་མེད་པར། །སངས་རྒྱས་ཉིད་ནི་ཡོད་མ་ཡིན། །ཡེ་ཤེས་གཉིས་མེད་མགོན་ནས་ནི། །བག་ཆགས་རྣམས་ནི་ཟད་པར་བྱེད། །བག་ཆགས་ཟད་པར་འགྱུར་བ་ན། །གཉིས་སུ་མེད་པ་སངས་རྒྱས་བརྗོད། །བག་ཆགས་བྲལ་བའི་གནས་སྐབས་ན། །སྐྱེས་བུ་ཐ་མ་འབྲིང་པོ་དང་། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་སངས་རྒྱས་བརྗོད་པར་བྱ། །རང་བཞིན་མེད་པའི་རང་བཞིན་གྱིས། །ཤེས་རབ་ཆར་ཡང་ཡང་དག་གནས། །ཐབས་ནི་དངོས་པོ་བསྐྱེད་བོར། །བཟང་པོའི་ཞལ་སྔ་ནས་ཀྱིས་བསྟན། །དེ་དག་འདུས་པའི་བདག་ཉིད་ཅན། །རོ་གཅིག་པ་ཡི་སྦྱོར་བ་ལས། །བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས། །འདི་ནི་གཉིས་སུ་མེད་པ་མཆོག །གདམས་
༨༩དང་བསྒོམ་པ་བསམ་ལ་མེད། །མཆོག་ཏུ་དགའ་བའི་གཟུགས་ཅན་མ། །སངས་རྒྱས་ཉིད་ནི་ཐོབ་པའི་ཕྱིར། །བཟང་པོས་བཟང་པོ་གསུང་པ་ཉིད། །དཔེ་ནི་ཆོས་རྣམས་ཐམས་ཅད་ལ། །བཞག་པ་ཉིད་དུ་དེ་མི་ནུས། །མིག་སོགས་ཡིད་ཀྱི་རྣམ་ཤེས་ཀྱིས། །དཔེ་ཡི་དངོས་པོ་རྣམ་པར་སྤངས། །གཅིག་ཉིད་ཐོགས་པ་མེད་པ་སྟེ། །མཐའ་མེད་རྣམ་པས་ཡང་དག་གནས། །བླ་མའི་ཞལ་སྔའི་བཀའ་དྲིན་ལས། །མཆོག་གཅིག་གིས་ནི་ཤེས་པར་འགྱུར། །རྣལ་འབྱོར་སྐྱེས་བུར་བཤད་པ་སྟེ། །རྗེས་སུ་རྣལ་འབྱོར་ཀུན་རྫོབ་ཉིད། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ཆེ། །རྣལ་འབྱོར་པ་ཉིད་སངས་རྒྱས་འགྱུར། །ཉི་ཟླ་གཟའ་ཡིས་ཟིན་པ་ན། །ཤེས་རབ་རྡོ་རྗེ་སྦྱོར་བ་ལས། །ཞུ་བ་གཉིས་མེད་ཡེ་ཤེས་ལས། །སྐྱེ་བ་འདིར་ནི་སངས་རྒྱས་ཉིད། །དོན་དམ་དགའ་བའི་རང་བཞིན་ཏེ། །གཟུང་དང་འཛིན་པ་རྣམ་པར་སྤངས། །གྲུབ་པའི་གཟུགས་སུ་ཐེ་ཚོམ་མེད། །སྙིང་རྗེ་གཉིས་སུ་མེད་པ་མཆོག །གཟུགས་མཆོག་ཐ་མ་འབྲིང་པོ་གང་། །གང་ཡང་མིག་གིས་མཐོང་གྱུར་པ། །དོན་དམ་དོན་གྱི་རང་བཞིན་གྱིས། །གཉིས་མེད་དམ་པ་བལྟ་བར་བྱ། །སྒྲ་དང་སྒྲ་ངན་རྣ་ཆ་ལས། །གང་ཡང་རྣ་བས་ཐོས་གྱུར་པ། །སྒྲ་ལས་འདས་པའི་ཡེ་ཤེས་མཆོག །རྣ་བ་གཉིས་སུ་མེད་པ་མཆོག །རོ་མཆོག་རོ་ནི་ངན་པ་དང་། །གང་ཡང་ལྕེ་ཡིས་མྱང་འགྱུར་བ། །རོ་དྲུག་དངོས་པོ་དུ་མ་ཡིས། །གཉིས་མེད་མཆོག་ནི་རྟོག་པར་བྱ། །རི་དྭགས་ཆང་ལ་སོགས་པའི་དྲིས། །སྣ་ཡིས་དྲི་ནི་སྣོམ་ཤེས་པ། །གཅིག་ཏུ་གྱུར་པའི་རང་བཞིན་གྱིས། །གཉིས་མེད་མཆོག་ནི་ཤེས་པར་བྱ། །གྲིམ་པའི་རྣམ་པའི་རང་བཞིན་གྱིས། །སྐྱེ་གནས་ཆ་ལས་སྐྱེས་པ་ཡིས། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །རྫོགས་པ་གཉིས་སུ་མེད་པ་མཆོག །མཁའ་མེད་ཐམས་
༩༠ཅད་ཁྱབ་པ་པོ། །ཡེ་ཤེས་སྣང་བའི་འོད་ཟེར་ལས། །རང་དབང་མཆོག་ཏུ་དགའ་བ་ཉིད། །གཉིས་མེད་སངས་རྒྱས་དམ་པ་བདེ། །འདུ་བྱེད་ཚོར་བ་འདུ་ཤེས་དང་། །གཟུགས་དང་རྣམ་པར་ཤེས་པ་ཉིད། །ཡེ་ཤེས་ལྔ་ཡི་ཡན་ལག་སྐུ། །མངའ་བདག་གཉིས་སུ་གཉིས་སུ་མེད། །རྟག་པ་མི་བསྐྱོད་རིན་ཆེན་དང་། །ཚེ་དང་དེ་བཞིན་དོན་ཡོད་ཉིད། །ལྔ་བདག་འགྱུར་བའི་རིལ་པོ་ནི། །དྲུག་པ་བདེ་བ་ཆེན་པོ་ཉིད། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ཡང་ནི་ནམ་མཁའ་ཉིད། །འབྱུང་ལྔ་ལྷན་ཅིག་སྐྱེས་པ་ནི། །བྱང་ཆུབ་གཉིས་སུ་མེད་པར་འགྱུར། །མེ་ལོང་མཉམ་ཉིད་བྱ་ནན་ཏན། །སོ་སོར་རྟོགས་པའི་ཆོས་དབྱིངས་ཀྱིས། །རྣམ་པར་རྟོག་པ་རྟོགས་པའི་ཚུལ། །ཡིད་མེས་གཅིག་པུ་གཉིས་སུ་མེད། །གཞུང་ལ་སོགས་པ་བསྐལ་པ་ཡིས། །སེམས་ཅན་བསམ་པའི་དབང་གིས་ནི། །ཞི་སོགས་ཁྱབ་མཇུག་ཚངས་པ་དང་། །ཀུན་མཁྱེན་གཅིག་པུ་གཉིས་སུ་མེད། །དམིགས་སོགས་མ་ཚང་མེད་པ་དང་། །ཡིད་ལས་འདས་པའི་སྤྱོད་ཡུལ་ལོ། །དོན་དམ་གཉིས་སུ་མེད་པའི་མིང་། །ངག་གི་སྤྲོས་པ་ཀུན་རྫོབ་ཉིད། །དོན་དམ་གནས་སྐབས་བྱེད་བྲག་ལས། །སངས་རྒྱས་མེད་ཅིང་གཉིས་མེད་དེ། །རྟོག་པ་ནམ་མཁའ་སྦྱོར་བས་ནི། །ངག་གི་སྤྲོས་པའང་སྨྲ་བར་བྱ། །བསྟན་བཅོས་རིམ་པའི་ཚིག་གིས་ནི། །རྣམ་པའི་ཆ་ལས་བཤད་པར་བྱ། །གཞན་ཏུ་སངས་རྒྱས་གཉིས་མེད་པར། །སྨྲ་བ་ཉིད་དུ་མི་ནུས་སུ། །སྟོང་པ་བཅུ་དྲུག་བཤད་པ་དང་། །ཤེས་རབ་བཅུར་ནི་རྟག་པ་དང་། །སངས་རྒྱས་ལྔར་ཡང་བཤད་པ་དང་། །ཀུན་རྫོབ་བརྒྱད་ནི་གཉིས་སུ་མེད། །མེ་ལོང་སྣང་བའི་གཟུགས་བརྙན་ལ། །ཇི་ལྟར་ཐམས་ཅད་མཐོང་གྱུར་པ། །དེ་བཞིན་གཉིས་མེད་ཡེ་
༩༡ཤེས་འདིར། །སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ། །ཁམས་གསུམ་དག་ནི་ཐམས་ཅད་དུ། །སྐྱེ་དང་གནས་པའི་རྒྱུ་རྣམས་ཀྱིས། །དེ་ཀུན་གཉིས་མེད་ཡེ་ཤེས་ལས། །སྐྱེ་བོ་ཐམས་ཅད་འབྱུང་བར་འགྱུར། །རྒྱ་མཚོ་རི་དང་ཤིང་དང་ནི། །རྩ་ལྕུགས་འཁྲིལ་ཤིང་ལ་སོགས་པ། །གཉིས་མེད་ཡེ་ཤེས་དེ་འབྱུང་བ། །འདི་ལ་ཐེ་ཚོམ་ཡོད་མ་ཡིན། །མ་དད་པ་དང་གཅིག་པ་རུ། །འདི་གཉིས་ཡོད་པ་མ་ཡིན་ནོ། །གཉིས་མེད་ཡེ་ཤེས་མངོན་པ་ལས། །གཞན་ཡང་ཐམས་ཅད་སྐྱེ་པར་འགྱུར། །འདི་ནི་ཐབས་ཀྱི་སྦྱོར་བས་ནི། །ཤེས་རབ་གཉིས་མེད་རང་བཞིན་ལས། །སྐྱེ་བ་འདིར་ནི་རྣལ་འབྱོར་པས། །སངས་རྒྱས་ཉིད་ནི་འཕྲལ་ཏུ་རྙེད། །ཡེ་ཤེས་དག་གི་རང་བཞིན་མཆོག །བླ་མ་བརྒྱུད་པའི་རིམ་པའི་གཞུང་། །ཞལ་ནས་སྙན་ཏུ་ཞལ་ནས་སྙན། །བཟང་པོའི་ཞལ་སྔ་ནས་ཀྱིས་གསུངས། །འདིས་ནི་རྫོགས་པའི་རྣལ་འབྱོར་གྱིས། །བཟང་པོའི་ཞལ་སྔ་བཀའ་དྲིན་ལས། །སྒོམ་པ་བསམ་ཡས་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ནི་ངེས་པར་ནོས། །རྟ་མཆོག་བཱི་ཎའི་ཞལ་སྔ་དང་། །ཨིནྡྲ་བྷཱུ་ཏི་ལེགས་སྨིན་བཅས། །སྒེག་པའི་རྡོ་རྗེ་གྷུན་དེ་རི། །སློབ་དཔོན་པདྨ་སྙིང་རྗེ་ཆེ། །ཆོས་ཀྱི་ཞལ་སྔའི་རིམ་པ་ལ། །བཟང་པོའི་ཞལ་སྔ་འཕྲད་པ་ནི། །ཐམས་ཅད་ཀྱི་ནི་དགོངས་པ་གཅིག །གཉིས་སུ་མེད་པའི་ཡེ་ཤེས་མཆོག །སྔགས་ཀྱི་སྨྲ་བ་མ་ལུས་དང་། །དེ་བཞིན་ཕ་རོལ་ཕྱིན་པའི་ལུང་། །མདོ་སྡེའི་སྡེ་སྣོད་ལ་སོགས་ལས། །འདིར་གཅིག་གཉིས་མེད་བདེ་ཆེན་པོ། །མཆོད་འོས་ཉི་མ་ཞི་བ་སོགས། །སོ་མ་གྲུབ་པའི་མཐའ་ཉིད་དང་། །ཁྱབ་འཇུག་དང་ནི་ཤེད་བུའི་ཆོས། །གཉིས་སུ་མེད་པས་བསྟན་པའོ། །གཉིས་མེད་ཕྱི་རོལ་ཡོད་
༩༢མ་ཡིན། །ལྷ་དང་ལྷ་མིན་ཐ་མ་མི། །ཐམས་ཅད་གཉིས་མེད་ཡེ་ཤེས་ཏེ། །སོ་སོར་གསལ་བ་མཐོང་བར་འགྱུར། །གཉིས་མེད་དང་ནི་སྙིང་རྗེ་འདྲས། །ཐབ་དང་ཤེས་རབ་མཉམ་པར་ལྡན། །སྟོང་པའི་བྱེ་བྲག་ཐ་དད་པ། །སངས་རྒྱས་ཡན་ལག་ཀུན་གྱི་བླ། །འདི་ནི་བཟང་པོའི་ཞལ་སྔའི་གཞུང་། །ཡེ་ཤེས་རྒྱ་མཚོ་དམ་པ་ཉིད། །འོ་མ་བཞིན་བསྲུབས་རྣམ་པར་ནི། །གཞན་ཡང་ཐམས་ཅད་རང་སྐྱེ་འགྱུར། །ཚངས་པ་ཁྱབ་འཇུག་དབང་ཕྱུག་དང་། །གང་ཡང་སངས་རྒྱས་སོགས་གྲགས་དང་། །ཉི་ཟླ་སྐར་མར་བཅས་པ་ཡང་། །ཡེ་ཤེས་རྒྱ་མཚོ་ལས་འབྱུང་ཞིང་། །ལེགས་སྨིན་དང་ནི་དབྱངས་ཅན་ཉིད། །བདུད་རྩི་རྣམས་ཀྱི་རོ་མཆོག་ཉིད། །ལྷར་བཅས་ལྷ་མིན་མི་རྣམས་ནི། །བདུད་རྩི་ལས་ནི་ཐམས་ཅད་ལངས། །རྡོ་རྗེ་འཛིན་པའི་སའི་དགེ་བ། །བཅུ་གསུམ་དུ་ཡང་རྣམ་བཤད་པ། །གྲུ་གསུམ་རྣམ་པར་འབྱུང་བ་ནི། །འདི་ནི་ཆོས་ཀྱི་འབྱུང་གནས་བརྗོད། །ཉི་ཟླ་ཆུ་ཡིས་གང་བ་ཡིས། །ཤེས་རབ་གཟུགས་ནི་ཆེར་འབར་བའི། །བདེ་ལས་བདེ་བ་ཆེན་པོ་ཀུན། །སངས་རྒྱས་ཉིད་ནི་ཐོབ་པའི་ཕྱིར། །པད་ཆེན་འདབ་མ་བྱེ་བ་ཉིད། །དེ་ལ་ནང་དུ་རྣམ་པར་གནས། །མཆོག་དང་མཆོག་མིན་ཟེར་བ་ནི། །ཨཱ་ལི་ཀཱ་ལི་ཡང་དག་ལྡན། །ཟླ་བ་ཉི་མ་གོས་ཀྱིས་བཀང་། །ཤེས་རབ་དགུ་དང་མཉམ་པར་ལྡན། །འཇག་ཅིང་འབར་བའི་རྣམ་པ་ཉིད། །ཟླ་བའི་ཐིག་ལེ་འབྱུང་གནས་མཆོག །དགའ་བ་བསྐྱེད་དོ་བཟང་མོ་ཉིད། །མ་ལུས་དོན་གྱི་འབྲས་འབྱིན་མ། །དང་པོའི་བདུད་རྩི་ཤིན་ཏུ་གང་། །ནོར་བུ་རིན་ཆེན་མཉམ་པར་ལྡན། །ཡོན་ཏན་མཐའ་ཡས་ས་ཡི་གནས། །བདེ་དཔལ་རྡོ་རྗེ་ཅན་གྱི་གནས། །ཐམས་ཅད་བདེ་བ་བྱད་པ་ཅན། །ཕུང་དང་བསྐྱེད་པ་བྱེད་པ་ཅན། །ལྷ་ཡི་གཟུགས་ནི་དུ་མ་དང་། །གཉིས་མེད་རྒྱ་
༩༣མཚོ་ལས་བྱུང་བ། །ཆོས་དང་ལོངས་སྤྱོད་རྫོགས་གཟུགས་དང་། །སྤྲུལ་པ་ཡི་ནི་སྐུ་ཉིད་དང་། །སེམས་ཅན་དུ་མ་ཀུན་གྱི་དོན། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི། །མཐའ་ལས་མཐར་ཐུག་ཐམས་ཅད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་བོ། །ཡེ་ཤེས་བཅུ་ཡི་སྟོབས་དང་ལྡན། །ཤེས་རབ་གཙོ་མོ་དམ་པ་ཉིད། །པདྨའི་མཁའ་འགྲོ་བྱོལ་སོང་ལམ། །ངེས་པ་བཟང་པོའི་རིམ་འོང་པའོ། །སྙིང་པདྨ་ལྟེ་བའི་པདྨ་དང་། །དེ་བཞིན་ལྐོག་མའི་པདྨ་ཉིད། །དྲིལ་ཅན་སྐྱེ་གནས་པདྨ་ཡང་། །བྱོལ་སོང་སྒོ་རུ་རྣམ་པར་གནས། །གཤང་གཅི་ཁུ་བ་འཕོ་བ་ནི། །སྒོ་དགུ་དག་ཏུ་སྲད་པ་ན། །ལྷ་དང་བསྒོམ་དང་ཉན་པ་དང་། །རོ་མཆོག་རྣམས་ནི་རག་པར་འགྱུར། །པདྨའི་སྐུ་མཉམ་རྣམ་པ་ཉིད། །འོག་དང་སྟེང་དུ་རྣམ་པར་གནས། །འདི་ནི་ཤེས་རབ་ཞེས་བཤད་པ། །སངས་རྒྱས་ཀུན་གྱི་ཡུམ་ཉིད་དོ། །དེ་ལ་དབུས་སུ་གནས་པའི་ལྷ། །དམ་པའི་དབང་ཕྱུག་གཉིས་མེད་པ། །པདྨ་གསུམ་དུ་རོལ་པར་འགྱུར། །ཐམས་ཅད་མཁྱེན་པ་བདེ་ཆེན་པོ། །མེ་དང་ཆུ་དང་དབང་ཆེན་དང་། །རླུང་གིས་རྣམ་པར་བརྒྱན་པ་ཉིད། །དལ་བར་རྒྱུ་བའི་རིག་མ་ཡིས། །བྱེ་བྲག་གསུམ་དུ་ཁྱེར་བར་འགྱུར། །དྲིལ་ཅན་ཟླ་བའི་ལམ་གྱིས་ནི། །སྣ་ཡི་རྡོག་མའི་སྦྱོར་བ་ལས། །ཙ་ན་རྡོ་རྗེའི་སྤུ་གུ་རུ། །སངས་རྒྱས་ཕྲེང་བ་གཉིས་སུ་མེད། །སྤྱོད་པས་ཡོངས་སུ་ཉོན་མོངས་ན། །དྲིལ་ཅན་རྩེ་མོར་ངལ་སོས་ནས། །རྡོ་རྗེ་ལྕེ་ཡི་རབ་སྦྱོར་བས། །བདུད་རྩི་བཏུང་བར་བྱ་བ་ཉིད། །དེ་ནས་ལུས་ནི་རྣམ་དག་པ། །རང་བཞིན་དྲི་མ་མེད་པར་འགྱུར། །ཤེས་རབ་བཟང་ཞིང་བློ་དང་ལྡན། །རྒ་དང་འཆི་བ་མཉམ་དར་བྱས། །བཟང་པོའི་ཞལ་སྔས་རྣལ་འབྱོར་འདི། །བདག་ལ་དཀའ་བ་མེད་པར་གསུངས། །ཏིང་འཛིན་བདུད་
༩༤རྩི་ཞེས་བྱ་བ། །བདེན་ཞིང་བདེན་དོན་གཞན་དུ་མིན། །སྣ་ཡིས་རྔུབ་པའི་བྱེ་བྲག་གིས། །ཧྃ་གིས་རྣམ་པ་མ་བཅོས་པ། །དྲིལ་ཅན་སྤུ་གུའི་ལམ་གྱིས་ནི། །ལམ་ནས་ཁྱེར་ཞིང་ངེས་པའི་གནས། །དེ་ལ་སྒོ་རུ་ངལ་སོས་ཤིང་། །དག་པའི་རྣམ་པ་འོད་གསལ་བ། །ཐོག་མེད་གཉིས་མེད་ཅེས་བྱ་བ། །བདེ་དཔལ་རྣམ་པར་ཡང་དག་གནས། །དེ་ནས་རླུང་གིས་ཕུལ་བ་དང་། །དབང་ཆེན་ཡང་ནི་འདོར་བར་འགྱུར། །མཆོག་གི་དབང་ཕྱུག་མ་བཅོས་པ། །ས་ནི་བཅུ་གསུམ་ཐོབ་པ་དང་། །བདེ་བའི་དབང་ཕྱུག་ལྟ་བུར་བཞག །ཐོག་མ་མེད་པར་འགྲུབ་པའི་གཟུངས། །ཆོས་ཀྱི་འཁོར་ལོ་སྐོར་བ་པོ། །བཟང་པོའི་ཞལ་སྔའི་རིམ་པ་ནི། །ཉུང་ངུའི་རིམ་པ་སྙིང་པོའི་དོན། །གང་ཡང་ཐོས་པ་ཀུན་བཟུང་ནས། །དེ་ཐོས་བསམ་པ་སྒོམ་པ་ཉིད། །བཟང་པོའི་ཞལ་སྔའི་བཀའ་དྲིན་གྱིས། །ཉན་པ་གོམས་པའི་སྦྱོར་བ་ལས། །དགེ་ཅན་ཏོག་རྩེ་ཞེས་བྱ་བ། །དེས་ནི་འདི་ནི་ཡང་དག་འདུ། །བདག་ནི་བཟང་པོའི་ཞལ་སྔ་དང་། །སློབ་དཔོན་གཞན་དང་རྣལ་འབྱོར་པ། །སེམས་ཅན་རྣམས་ནི་མ་ལུས་པའི། །བྲན་དུ་སྐྱེ་དང་སྐྱེ་གྱུར་ཅིག །འདིས་ནི་བསམ་པའི་སྒོ་ནས་ནི། །གལ་ཏེ་བདག་ནི་སངས་རྒྱས་འགྱུར། །མ་གྱུར་ནའང་དམྱལ་བར་འགྲོ། །དམྱལ་བ་ཉིད་ནི་བདེ་བ་ཅན། །བླ་མའི་རིམ་པ་དྲི་མེད་མཐའ་ཡས་རྣལ་འབྱོར་ནི། །བློ་ཆེན་མ་ལུས་སྔགས་ཀྱི་རང་བཞིན་གཞུང་གྱུར་པ། །བསམ་གྱིས་མི་ཁྱབ་གཉིས་མེད་ཆ་ནི་རྫོགས་རིམ་ཉིད། །རྣལ་འབྱོར་གཞུང་ལུགས་སྙིང་པོའི་བདག་བློ་རྨོངས་པས་ན། །བློ་ཆུང་བདག་ཉིད་དྲན་པའི་དོན་དུ་བྲིས་པ་ཡིན། །བསམ་གྱིས་མི་ཁྱབ་པའི་རིམ་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་གྲུབ་པ་དཔལ་ཏོག་རྩེ་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་རཏྣ་བཛྲ་དང་། དགེ་སློང་ཡེ་
༩༥ཤེས་ཀྱིས་བསྒྱུར་བའོ། །མངྒ་ལམ།

སློབ་དཔོན་ཏོག་རྩེ་པའི་ལམ་བསམ་གྱིས་མི་ཁྱབ་པ་ལྔའི་ལོ་རྒྱུས་བཞུགས་སོ༎

༩༥ ༈ །སློབ་དཔོན་ཏོག་རྩེ་པའི་ལམ་བསམ་གྱིས་མི་ཁྱབ་པ་ལྔའི་ལོ་རྒྱུས་བཞུགས་སོ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གིས་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མར་བསྟན་ནས། སློབ་དཔོན་རྟ་མཆོག་ལ་དབང་བསྐུར་ཞིང་བསམ་མི་ཁྱབ་ལྔ་ཡིས་གདམས་ཏེ། སློབ་དཔོན་ཨུ་རྒྱན་གྱི་གནས་སུ་སྐུ་འཁྲུངས། །དུར་ཁྲོད་ཀྱི་གནས་སུ་གནས་པའི་ཚེ། ཨུ་རྒྱན་གྱི་རྒྱལ་པོ་རིན་པོ་ཆེ་ཨིནྡྲ་བྷཱུ་ཏི་ཅེས་པའི་འཁོར་རྣམས་ཀྱིས། ཡང་ནས་ཡང་དུ་འཚེ་བ་བྱས་པ་ལས། །ཡུལ་ཐམས་ཅད་རྟས་གང་བར་བྱས་ཏེ། །འབྲས་ཀྱི་ཞིང་ཐམས་ཅད་མེད་པར་བྱས་པས་མཐར་སྤྲུལ་པ་བསྡུས་ཏེ། དེ་ཉིད་ཀྱིས་རྒྱལ་པོ་བཏུལ་ནས་རྡོ་རྗེ་ཐེག་པ་ལ་བཀོད་དོ། །དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི། །སློབ་དཔོན་ཆེན་པོ་བཱི་ཎི་པ་ཞེས་བྱ་བ་ཡིན་ཏེ། །ཐ་མལ་པའི་རིགས་མེ་ཏོག་འཚོང་པ་གྲུབ་པ་བརྙེས་པས་སྤྱོད་ལམ་ཏམྦུ་རའི་ཞབས་ཞེས་པ་ཡིན་ནོ། །དེ་དུས་རྒྱལ་པོ་ངོ་མཚར་སྐྱེས་ནས་བཏུལ་ཏེ། དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཡིན་ཏེ། མཆོག་དབང་རིན་པོ་ཆེ་ཐོབ་པའི་དེ་ཉིད་དུ་དབང་གདམས་ངག་ཅིག་ཅར་རྫོགས་པ་མཚན་གཅིག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པས། རྒྱལ་ཁམས་གཅིག་གི་གྲོང་པ་རྣམས་མཁའ་སྤྱོད་དུ་འགྲོ་ནུས་པའོ། །དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི། ལེགས་སྨིན་བྱ་བ་དཔལ་མོ་ཆུང་ངུ་ཡིན་ཏེ། དེས་ཡང་དག་པའི་དོན་ཡིད་ལ་བྱས་པ་ལས། ལུས་དེ་ཉིད་ཀྱིས་དྲོད་རྟགས་རྣམས་མངོན་ཏུ་བྱས་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་ཏུ་
༩༦འགྱུར་བ་ཡིན་པས། འགྲོ་བ་གཞན་གྱི་དོན་ཏུ་འགྱུར་ན་འཁོར་ལོ་སྤྲོ་ཞིང་བསྡུ་བ་ལ་སོགས་པ་མང་དུ་བྱེད་ནུས་པའོ། །དེས་དབང་བསྐུར་ཞིང་གདམས་ངག་གནང་བ་སློབ་དཔོན་སྒེག་པའི་རྡོ་རྗེ་ཡིན་ཏེ། དྲོད་ཀྱི་ཡེ་ཤེས་ལ་དབང་ཐོབ་པས་རྒྱན་དྲུག་དང་ལྡན་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་མཛད་པ་ཤར་ཕྱོགས་སུ་སྐུ་འཁྲུངས་པ་དེ་ཉིད་ཀྱིས་མཆོག་གི་དངོས་གྲུབ་ཐོབ་བོ། །དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི། སློབ་དཔོན་གུནྡྷི་རི་བྱ་བ་ཡིན་ཏེ། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་གྱི་དགོན་པ་ཅིག་ལ་གནས་པའི་ཚེ། ཟས་ཀྱི་བྱ་བ་ཐམས་ཅད་བྱེའུ་གུནྡྷི་རི་ཞེས་བྱ་བའི་ཚོད་མ་དཔག་ཏུ་མེད་པ་བྱས་ཏེ་ཚིམས་པ་དང་། ཁ་ནས་སྤུར་གཏོང་བ་དང་། དེ་འདྲ་བའི་བསད་གསོལ་སོགས་པ་ཚར་བཅད་པ་དང་། རྗེས་སུ་བཟུང་གིས་འགྲོ་བ་མང་པོ་འདུལ་བའོ། །དེའི་སློབ་མ་ནི་སློབ་དཔོན་ཆེན་པོ་པདྨ་བཛྲ་ཆུང་བ་ཡིན་པར་བཞེད་དོ། །ཕྱག་དང་ཞབས་ལ་པདྨའི་རི་མོ་གསལ་བར་ཡོད་པ་ཡུངས་འབྲུ་གཅིག་གི་ནང་དུ་སྟོང་གསུམ་ཚུད་པ་ལ་ཆེ་ཆུང་མེད་པ། ཆུ་བོ་གྱེན་ལ་བཟློག་ཅིང་རྩིགས་པ་དང་རི་ལ་ཐོགས་པ་མེད་པ། ཁྱད་པར་དུ་སྙིང་རྗེ་ཆེན་པོས་དུད་འགྲོ་གདུག་པ་ཅན་ལ་སོགས་པ་འཆིངས་ནུས་པ། ཕྱག་རྒྱ་པདྨ་ཅན་ལ་བརྟེན་ནས་ལུས་དེ་ཉིད་ཀྱིས་མཆོག་གྲུབ་པོ། །དེས་དབང་བསྐུར་གདམས་ངག་གནང་བ་ནི། །སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་སྡེ་ཡིན་ཏེ། ཡང་དག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་ཉིད་ཀྱིས་སྤང་བྱ་འཇིག་རྟེན་ཆོས་བརྒྱད་སྤོང་ནུས་པ་དང་། བྱ་བ་གང་གིས་ཀྱང་གདུལ་བྱའི་བསམ་པ་ཚིམ་ནུས་པ་དང་། ལུས་དེ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གེ་དངོས་གྲུབ་ཐོབ་པོ། །དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི། དཔལ་ལྡན་བཟང་པོའི་ཞབས་ཡིན་ཏེ། །ཨིནྡྲ་བྷུ་ཏི་ཆུང་བ་དང་། ནུས་པ་
༩༧འགྲན་པའི་ཚེ་ཞལ་བྱེ་བ་ལ་སོགས་པར་སྤྲུལ་ནས་རྒྱལ་པོ་ཕམ་པར་བྱས་པ་དང་། རྒྱལ་པོའི་གཟུགས་དང་ལོངས་སྤྱོད་ཀྱི་ང་རྒྱལ་རྣམས་མེད་པར་ནུས་པའོ། །དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི། །དཔལ་ལྡན་ཏོག་རྩེ་ཞབས་ཡིན་ཏེ། རིགས་ངན་སོ་ནམ་པའི་རིགས་ཡིན་པ་ལ། རྒྱལ་པོའི་སྐྱེད་མོའི་ཚལ་དང་ལྡུམ་ར་ལ་སོགས་པའི་བྱ་བ་བྱེད་པ་ལ་ཡིད་གཞུང་པ་དང་། དབང་དང་གདམས་ངག་གི་དུས་ཉིད་ནའང་རྟོགས་པ་མཆོག་ཏུ་གྱུར་པ་སྟེ། སྡེ་སྣོད་གསུམ་གྱིས་བསྡུས་པའི་སྒྲ་དོན་ཐམས་ཅད་ལ་ཐོགས་པ་མེད་ཅིང་མ་རྨོངས་པར་གྱུར་པ་དང་། ཕྱིའི་རིག་བྱེད་བཞི་ལ་སོགས་པ་དང་། ནང་རྒྱུད་སྡེ་བཞི་ལ་སོགས་པ་ལ་སྒྲོ་འདོགས་གཅོད་པའི་ཤེས་རབ་ཅན། །རང་གི་བླ་མའི་གསུངས་གཅིག་གིས་འཁོར་འདས་དབྱེར་མེད་དུ་རྟོགས་པར་ནུས་པ་དང་། ལྷག་མཐོང་གི་ཏིང་ངེ་འཛིན་དུ་མ་ལ་བརྟེན་ནས་བདག་གི་རྟོགས་པ་ཡི་གེར་བཀོད་པ་ཡིན་ནོ། །དེ་ལྟར་དམ་པ་དགུ་དགོངས་རྒྱུད་གཅིག་པའི་དབང་དུ་བྱས་ནས། གཏམ་རྒྱུད་ཅི་རིགས་པར་བརྗོད་པ་ཙམ་མོ། །།།། སློབ་དཔོན་ཏོག་རྩེ་ཞབས་ཀྱི་རྗེས་ལ་ཤིང་ལོ་པ་ནི། གདན་དུ་ཤིང་གི་འདབ་མ་བཏིང་ཞིང་ཤིང་ལོའ་ན་བཟའ་གསོལ་བས་སོ། །དེའི་རྗེས་ཀརྞ་པ་ནི། ཀརྞ་པ་ཞེས་བྱ་བ་སྙན་ཤལ་རིང་བས་སོ། །དེའི་རྗེས་ལ་དཔའ་བོ་རྡོ་རྗེ་ནི་རྟེན་རབ་ཏུ་བྱུང་བའོ། ཌཱ་ཀི་མས་ཕྱག་ནས་གཏོར་མ་ལེན་པ་དང་། གྲོམ་པ་རྒྱང་དུ་བྱོན་ནས། དགུན་གྲང་ཙམ་ན་ལྷོ་བ་ལ་དུ་པར་གཤེགས་སྐད། དེའི་རྗེས་ལ་བོད་ཀྱི་སློབ་དཔོན་ནི། སྤང་མཁར་མུ་གུ་ལུད་པ། འབྲོག་མི་ལོ་ཙཱ་བ་་ཡེ་ཤེས་ མཁར་ཆུང་བ༔ ཀུན་རིག་དགོན་པ་བ་[95]དེས་བླ་མ་ས་སྐྱ་པ་[96]ལ་གདམས་པའོ། །ལོ་རྒྱུས་
༩༨བསྟན་ཟིན་ཏོ།

༄༅། དཀྱིལ་འཁོར་སྤྲོས་བཅས་མིང་གི་རིམ་པ་གསལ་བར་བྱེད་པ་བཞུགས་སོ༎

༣༥དཀྱིལ་འཁོར་སྤྲོས་བཅས་མིང་གི་རིམ་པ་གསལ་བར་བྱེད་པ་བཞུགས་སོ། །
༣༦བླ་མ་རྣམས་ལ་ཕྱག་འཚལ་ཏེ། །དཀྱིལ་འཁོར་སྤྲོས་བཅས་ནང་ཞུགས་པའི། །མིང་གི་རིམ་པ་གསལ་བྱེད་པ། །འདི་ཉིད་དུ་ནི་རབ་བཤད་བྱ། །དེའང་ཐོག་མའི་འོད་གསལ་རྡོ་རྗེ་སྙིང་པོ་ཡེ་ཤེས་ལྔའི་རང་བཞིན་ལས་རང་ཉིད་གང་གཙོ་བ་དང་། ཉེ་བའི་དཀྱིལ་འཁོར་གང་ཡིན་བརྟག་པའི་ཕྱིར། མེ་ཏོག་དོར་བ་ལས། དབུས་སུ་བབས་ན། ཆོས་དབྱིངས་ཡེ་ཤེས་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ལས་དྲས་ཏེ། གནས་ལུགས་མཚོན་པའི་མིང་གདགས་པ་ནི། སྣ་ཚོགས་རང་གྲོལ། ཆོས་དབྱིངས་དྲི་མེད། ལྷུན་གྲུབ་རྒྱལ་པོ། འགྱུར་མེད་ཡེ་ཤེས། མཁའ་ཀློང་ཡངས་པ། མི་དམིགས་ཆོས་ཉིད། ཡེ་གྲོལ་གཉུག་མ། ལྷུན་མཉམ་བྱ་བྲལ། ཀུན་བྱེད་རྒྱལ་པོ། ཀློང་ཆེན་རབ་འབྱམས། མཁའ་མཉམ་ཆོས་སྐུ། གཞི་བྲལ་ཆོས་ཉིད། བསམ་རྫོགས་རྒྱལ་པོ། བརྗོད་མེད་མཚོན་འདས། བྱང་ཆུབ་སྙིང་པོ། གཉུག་མ་ཕྱམ་གདལ། ཡེ་སྟོང་རྩ་བྲལ། ཀུན་གྲོལ་ཡེ་ཤེས། མ་ལུས་ཆོས་ཉིད། རོ་ལང་ཡེ་ཤེས། གང་ཤར་རང་གྲོལ། ཡེ་གྲོལ་འཛིན་མེད། མ་བཙལ་རང་རྫོགས། བྱར་མེད་རང་བྱུང་། སངས་རྒྱས་རང་ཆས། མི་འགྱུར་ལྷུན་གྲུབ། ཁྱབ་གདལ་ཆེན་པོ། སྣང་སྲིད་ཆོས་སྐུ། རྩལ་ཆེན་རྫོགས་པ་ལ་སོགས་ཏེ་དབྱིངས་འཕོ་འགྱུར་མེད་པ་ལ་དྲས་ནས། སྐྱེས་པ་དང་བུད་མེད་གང་འོས་སུ་གདགས་སོ། །ཤར་དུ་བབས་ན་མེ་ལོང་ཡེ་ཤེས་རྡོ་རྗེའི་རིགས་མི་བསྐྱོད་པ་ལས་དྲས་ཏེ། འོད་གསལ་མཚོན་པའི་མིང་ལ་རྡོ་རྗེ་སྙིང་པོ། །རྡོ་རྗེ་སེམས་དཔའ། རྡོ་རྗེ་ལེགས་པ། འོད་ལྔ་ལྷུན་གྲུབ། ཡེ་ཤེས་དྲི་མེད། ངང་དྭངས་འོད་གསལ། ལྷུན་མཉམ་མི་གཡོ། ཕྱམ་གཅིག་བྱང་ཆུབ། གསལ་སྟོང་འཛིན་མེད། རང་གསལ་ཆོས་སྐུ། མ་ལུས་ལྷུན་གྲུབ། གདོད་ནས་བྱང་ཆུབ། དམིགས་བསམ་སྤྲོས་བྲལ།
༣༧འགག་མེད་རང་གསལ། རང་བྱུང་ཡེ་ཤེས། འོད་གསལ་སྙིང་པོ། གཉིས་མེད་ཡེ་ཤེས། ཕྱོགས་མེད་རང་ཡན། དམིགས་མེད་ཀུན་གྲོལ། ཡངས་པ་ཆེན་པོ། འགྲོ་བ་ཆོས་ཉིད། བསམ་རྫོགས་གདོད་མ། བྱར་མེད་ནམ་མཁའ། མ་སྐྱེས་ཆོས་ཉིད། མི་གནས་རང་བྱུང་། མེ་ལོང་ཡེ་ཤེས། རོལ་པ་འགགས་མེད། རྒྱ་ཡན་རང་གྲོལ། མཐའ་བྲལ་དབུ་མ། རྫོགས་པ་རང་བྱུང་། རིག་པ་དྲི་མེད། རང་ཤར་འགག་མེད། མཐའ་གྲོལ་ཀློང་ཆེན་ལ་སོགས་ཏེ། གསང་དྭངས་འོད་གསལ་ལས་དྲས་ཏེ་གོང་འོས་སུ་གདགས་སོ། །ལྷོར་བབས་ན་མཉམ་ཉིད་ཡེ་ཤེས་རིན་ཆེན་རིགས་རིན་འབྱུང་ལས་དྲས་ཏེ། གཉིས་མེད་མཚོན་པའི་མིང་ལ། འདོད་ཡོན་རང་ཤར། རྒྱ་ཆེན་དཔལ་འབྱོར། ཡོན་ཏན་རང་བྱུང་། བསམ་རྫོགས་རྒྱལ་པོ། ཚོགས་ཅན་ལྷུན་རྫོགས། འདོད་དགུ་རང་ཤར། ཡིད་བཞིན་སྙིང་པོ། དཔེ་མེད་རང་གྲོལ། དོན་གྲུབ་སྙིང་པོ། ཞིང་ཁམས་རྣམ་དག །ལྷུན་གྲུབ་ཡེ་ཤེས། མ་བྱས་རང་རྫོགས། གཞི་བདེ་ཆོས་ཉིད། ཡེ་ཤེས་རྒྱས་པ། ཆོས་ཉིད་ངག་དབང་། ཀློང་རྫོགས་རྒྱལ་པོ། རང་བྱུང་ཀློང་རྒྱས། རོལ་པ་རང་ཤར། གང་ཤར་ཆོས་ཉིད། ཅིར་སྣང་མཉམ་གྲོལ། བླང་དོར་གཉིས་མེད། གཏད་མེད་ཡོངས་གྲོལ། སྐུ་གསུམ་རང་རྫོགས། ཡེ་ཤེས་ལྔ་ལྡན། གཟུངས་སྤྲིན་སྙིང་པོ། །ཡེ་ཤེས་ཉི་མ། ལྷུན་གྲུབ་གཟའ་སྐར་ལ་སོགས་པ་སྟེ་གཉིས་སུ་མེད་པའི་མིང་ལས་བརྩམ་སྟེ་གདགས་སོ། །ནུབ་ཏུ་བབས་ན་པདྨའི་རིགས་འོད་དཔག་མེད་ཀུན་རྟོག་ཡེ་ཤེས་ཀྱི་མིང་ལ། བདེ་ཆེན་རྒྱལ་པོ། ཁམས་གསུམ་ཡོངས་གྲོལ། མ་བསམ་ཆོས་ཉིད། ཅིར་སྣང་ཡེ་ཤེས། ལྷུན་མཉམ་བདེ་ཆེན། པདྨ་ཀློང་ཆེན། ཀློང་གསལ་དྲི་མེད། བདེ་ཆེན་རང་བྱུང་། ཐམས་ཅད་བབས་བདེ། གཞི་མེད་རང་གསལ། འགྲོ་བ་བྱང་ཆུབ། ཐམས་
༣༨ཅད་ཆོས་ཉིད། འཁོར་འདས་ཡེ་གྲོལ། མ་སྤངས་ཡོངས་རྫོགས། རང་གསལ་བདེ་ཆེན། འོད་གསལ་ཀློང་རྒྱས། བྱང་ཆུབ་རང་བྱུང་། མཁའ་མཉམ་བདེ་ཆེན། གཞི་རྩ་བྱང་ཆུབ། རང་བྱུང་ཆོས་ཉིད། ཡོད་མེད་མཐའ་བྲལ། ཡངས་དོག་གཉིས་མེད། ཆོས་སྐུ་རང་ལུགས། མི་དམིགས་ཕྱམ་གདལ་ལ་སོགས་པ་སྟེ་ཡེ་ཤེས་རང་གསལ་གྱི་མིང་རྣམས་གདགས་སོ། །བྱང་དུ་བབས་ན་བྱ་གྲུབ་ཡེ་ཤེས་ལས་ཀྱི་རིགས་དོན་ཡོད་གྲུབ་པ་ལས་བརྩམ་སྟེ། སྒོ་ལྔ་བྱ་བྲལ། ལྷུན་རྫོགས་ཆོས་སྐུ། རང་ཤར་རིས་མེད། འཛིན་མེད་རྒྱལ་པོ། མ་ལུས་ཡོངས་གྲོལ། ཀུན་མཉམ་ཡངས་པ། ལྷུན་མཉམ་ཡོངས་གྲོལ། ཕྱམ་ཅིག་སངས་རྒྱས། ཡེ་ནས་བྱར་མེད། བྱ་བཙལ་ཀུན་གྲོལ། ཁྱབ་གདལ་ཆོས་ཉིད། ཕྲིན་ལས་ལྷུན་གྲུབ། ཡོངས་རྫོགས་བྱང་ཆུབ། རང་གཞན་དོན་གྲུབ། མ་སྤངས་ཡོངས་རྫོགས། རྩོལ་སྒྲུབ་བྱར་མེད། ཆོས་སྐུ་རང་རྫོགས། ལྷུན་གྲུབ་འཛིན་མེད། ཡོངས་གྲོལ་ཆེན་པོ་ལ་སོགས་ཏེ་ཕྱོགས་ཡན་རེ་དོགས་དང་བྲལ་བའི་མིང་རྣམས་གདགས་སོ། །མཚམས་སུ་བབས་ན་ཕྱོགས་གཉིས་བསྲེས་པའམ། ཕྱོགས་དེ་གང་ཡིན་གདགས་སོ། །མིང་གི་གནད་ཡིག་གསང་བ་སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་རང་བྱུང་པདྨའི་གནས་སུ་བཀོད་པའོ། །དགེའོ། །

༈ ཐུགས་རྗེ་ཆེན་པོའི་དམར་ཁྲིད་རྒྱལ་པོ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་འཕགས་པ་དགྱེས་པའི་ལམ་སྲོལ་ཅེས་བྱ་བ་བཞུགས་སོ། །

༤༥ ༈ །།ཐུགས་རྗེ་ཆེན་པོའ་དམར་ཁྲིད་རྒྱལ་པོ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་འཕགས་པ་དགྱེས་པའི་ལམ་སྲོལ་ཅེས་བྱ་བ་བཞུགས་སོ། །ༀ་སྭ་སྟི་སིདྡྷི། སྲས་བཅས་རྒྱལ་བའི་ཐུགས་རྗེའི་དངོས། སྤྱན་རས་གཟིགས་དབང་ལ་བཏུད་ནས། གང་དེའི་རྣལ་འབྱོར་
༤༦ ཟབ་མོའ་ཕུལ། འཕགས་པ་དགྱེས་པའི་ལམ་སྲོལ་འབྲི། འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཐུན་མོང་དང་། ཁྱད་པར་རོ། །དང་པོ་ནི། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། བདག་གིས་ད་རེས་རྙེད་དཀའ་ལ་ཕན་འདོགས་ཆེ་བའི་དལ་འབྱོར་གྱི་རྟེན་བཟང་པོ་འདི་ལྟ་བུ་ཐོབ་པའི་སྐབས་སུ་སྙིང་པོ་ལེན་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་ཞིག་ལ་འབད་དགོས། དེ་ཡང་ད་ལྟ་རང་མ་འབད་ན། དོ་ནུབ་ཙམ་དུའང་མི་འཆི་བའི་གདིང་མེད། ཤི་བའི་འོག་ཏུ་ལས་ཀྱི་གཞན་དབང་འབའ་ཞིག་གི་རྗེས་སུ་འབྲང་སྟེ། འཁོར་བའི་གནས་རིགས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས། སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་རང་གཞན་སེམས་ཅན་ཐམས་ཅད་ཅི་ནས་ཀྱང་ཐར་བ་ཞིག་བྱ། དེའི་ཆེད་དུ་ལམ་ཟབ་མོ་ལ་འཇུག་པར་བགྱིའོ་སྙམ་པའི་བློས། གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལའང་གཉིས། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པའོ། །དང་པོ་ནི། མདུན་གྱི་ནམ་མཁའ་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་ནང་དུ་ཁྲི་སྟན་གྱི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རྩ་བའི་བླ་མ་འཕགས་མཆོག་ཐུགས་རྗེ་ཆེན་པོའ་རྣམ་པ་ལ་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ། བླ་མ་བདེ་གཤེགས་འདུས་པའི་སྐུ༔་།དཀོན་མཆོག་གསུམ་གྱི་རང་བཞིན་ལ། བདག་དང་འགྲོ་དྲུག་སེམས་ཅན་རྣམས༔་།བྱང་ཆུབ་བར་དུ་སྐྱབས་སུ་མཆི༔་།ཞེས་ཅི་ནུས་བརྗོད། གཉིས་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེའི་བློས་སྨོན་འཇུག་གི་སེམས་བསྐྱེད་པའི་དོན་ཡིད་ལ་དྲན་བཞིན་དུ། །སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔་།བླ་མ་སངས་རྒྱས་བསྒྲུབས་ནས་ནི༔་།གང་ལ་གང་འདུལ་འཕྲིན་ལས་ཀྱིས༔་།འགྲོ་བ་བསྒྲལ་བར་དམ་བཅའོ༔་།ཞེས་པས་སེམས་བསྐྱེད་དེ་ནས་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་དག་པའི་ཞིང་དུ་སོང་། མཐར་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསམ་མོ། །གཉིས་པ་
༤༧ དངོས་གཞི་ལ་གསུམ། སྐུ་བསྐྱེད་རིམ། གསུང་བཟླས་པ། ཐུགས་འོད་གསལ་གྱི་རྣལ་འབྱོར་རོ། །དེ་རེ་རེ་ལའང་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང་། དངོས་གཞི་སོ་སོའ་རྣལ་འབྱོར། མཐའ་འཕོ་བའི་རྣལ་འབྱོར་བཅས་ཀྱི་སྒོ་ནས་སྟོན་པ་ལས། སྔོན་འགྲོ་ཐུན་མོང་མ་ཡིན་པ་ནི་སྒོ་གསུམ་གྱི་མི་དགེ་བ་བཅུ་སྤངས་ཤིང་། དེའི་གཉེན་པོར་དགེ་བ་བཅུ་ཅི་ནུས་བསྒྲུབས་པ་སྟེ། ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་གངས་ཅན་པ་རྣམས་དགེ་བ་བཅུའི་ཁྲིམས་ལ་བཀོད་པ་དང་རྗེས་སུ་མཐུན་པ་ཡིན་ལ། འཕོ་བའི་རྣལ་འབྱོར་ནི་འོག་ཏུ་བསྡོམས་ཏེ་བརྗོད་པ་ལས་ཤེས་པར་འགྱུར་བའི་ཕྱིར། འདིར་དངོས་གཞིའི་རྣལ་འབྱོར་རྣམས་སྟན་ཐོག་གཅིག་ཏུ་སྦྲེལ་ཏེ་བསྒོམ་པའི་ཚུལ་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་ཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾཿ སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་དབུས་སུ་ལྟེ་བར་ཨཿལས་ཟླ་བ་དང་། མ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་སེམས་ཧྲཱིཿདཀར་པོ་ལས་པདྨ་དཀར་པོ་ཧྲཱིཿས་མཚན་པ། །དེ་ཡོངས་སུ་གྱུར་བ་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་འཚེར་བ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། །ཞལ་འཛུམ་པའི་མདངས་དང་ལྡན་པ། རྩ་བའི་ཕྱག་གཉིས་ཐལ་མོ་སྦྱར་ཞིང་། །ལྷག་མ་གཉིས་བགྲང་ཕྲེང་དང་། །པདྨ་དཀར་པོའ་སྡོང་བུ་འཛིན་པ། །ཞབས་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་ཤིང་། །སྣང་ལ་རང་བཞིན་མེད་པའི་སྐུར་གྱུར་བར་བསམ། འདི་ནི་ཆོས་ཀྱི་རྒྱལ་པོའ་རྡོ་རྗེའི་གསུང་ཡི་གེ་དྲུག་པའི་སྒྲུབ་ཐབས་ཇི་ལྟ་བ་བཞིན་བཀོད་པ་ཡིན་ལ། ཁྲིད་ཡིག་ཕྱི་མའི་དགོངས་པ་ལྟར། སྐད་ཅིག་དྲན་རྫོགས་སུ་བསྐྱེད་པར་གསུངས་པ་ལྟར་བསྒོམ་ཡང་རུང་ངོ་། །དེ་ནས་སྤྲོ་ན། རང་གི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བཞི་པའི་ལྟེ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། སྙིང་གར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཧཱུྃ་སྔོན་
༤༨ པོ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ལ་ཡི་གེ་དྲུག་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲ་བའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿས་སྤྱན་དྲང་། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་མཆོག་གི་གཏེར་གྱུར་པ། །སྤྱན་རས་གཟིགས་ཤེས་མཚན་གསོལ་བའི། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ༀ་མ་ཎི་པདྨེ་ཧཱུྃཿ ཞེས་པས་མཆོད་པའི་སྤྲིན་ཕུང་ནམ་མཁའ་གང་བར་སྤྲོས་ལ། བཛྲ་ཨཱརྒྷཾ་ནས། ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་བཛྲ་ཨཱརྒྷཾ་སོགས་ཀྱིས་མཆོད། བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔའི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་པ་ལས་འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ། མི་སྤྲོ་ན་ཁྲིད་ཡིག་རྩ་བའི་དགོངས་པ་ལྟར། བདག་ཉིད་དམ་ཚིག་པར་གསལ་བ་ཉིད། དམ་ཡེ་གདོད་ནས་དབྱེར་མེད་དུ་ཤེས་པས་སེམས་བཟུང་ཡང་རུང་ངོ་། །གང་ལྟར་ཡང་ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་བར་འཇལ་འཚོན་ལྟ་བུ་ཡིད་ལ་རྩེ་གཅིག་ཏུ་གཏད་དེ་གསལ་སྣང་མ་སྐྱེས་པར་བསྒོམ་པ་ནི་སྐུ་བསྐྱེད་རིམ་གྱི་རྣལ་འབྱོར་རོ། །དེ་ནས་སྐྱོན་བཟླས་པ་བྱ་བ་ནི། ༀ་མ་ཎི་པདྨེ་ཧཱུྃཿ ཞེས་བརྗོད་པས། རང་གི་སྙིང་ག་ནས་ཡེ་ཤེས་པ་ལོགས་སུ་བྱེ་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། བདག་གི་སྔགས་ཕྲེང་ལས་སྔགས་ཕྲེང་འོད་ཟེར་དང་
༤༩ བཅས་པ་འཕྲོས། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཕོག་པས། སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། ཚུར་འདུས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། དེ་ལྟ་བུའི་སྤྲོ་བསྡུ་དང་བཅས། ངག་གྲགས་སྟོང་དབྱེར་མེད་གདོད་མ་ནས་རྣམ་པར་དག་པའི་ལྷའི་གསུང་ཡིན་པར་ངེས་པའི་བློས། བརྟན་གཡོའ་སྒྲ་སྐད་ཐམས་ཅད་ཡི་གེ་དྲུག་པའི་རང་སྒྲར་མོས་པ་རྩེ་གཅིག་པས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ། བསྐྱེད་རིམ་བསྡུས་པའི་སྐབས་དམིགས་པ་འོག་མ་ཁོ་ནས་བཟླས་པས་རུང་སྟེ་གསུང་བཟླས་པའི་རྣལ་འབྱོར་རོ། །དེ་ནས། མདུན་གྱི་ཡེ་ཤེས་པ་རང་ལ་ཐིམ་པར་བསམས་ལ། ལུས་བསམ་བསྟན་གྱི་སྤྱོད་ལམ་དང་ལྡན་པར་བྱ། མིག་བར་སྣང་དུ་ཧང་རེ་བལྟ། ངག་རླུང་རྒྱུ་བ་རང་སོར་བཞགས་ནས་སེམས་ཀྱི་ལྷ་སྔགས་ཀྱིས་མཚོན་པའི་སྣང་ཆ་ཐམས་ཅད་སྣང་ཙམ་ནས་རང་བཞིན་གྱིས་མ་གྲུབ་པ་རང་གི་སེམས་ཀྱི་རྣམ་རོལ་ཙམ་དུ་ཐག་བཅད་དེ། དེའི་རང་ངོ་ལ་ཆེར་རེ་བལྟས་པས། སྐྱེ་འགགས་གནས་གསུམ་དང་བྲལ་བའི་རིག་སྟོང་འཛིན་མེད་ཀྱི་ཡེ་ཤེས་ངང་གིས་འཆར་བའི་དབྱིངས་སུ་བློ་ལྷོད་ཀྱིས་གློད་ནས་མཉམ་པར་བཞག །གལ་ཏེ་རྣམ་པར་རྟོག་པའི་ཚོགས་སྐྱེས་ན། དེའི་དབང་དུ་མི་བཏང་བར་ཡེངས་མེད་འཛིན་མེད་ཀྱི་རང་ཞལ་བསྐྱང་བ་ནི་ཐུགས་འོད་གསལ་གྱི་རྣལ་འབྱོར་རོ། །ཐུན་བསྡུ་བའི་ཚེ། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ས་བོན་ཧྲཱིཿཡིག་གི་བར་དུ་ཐིམ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམས་ལ་ཅི་གནས་སུ་བཞག །དེ་ལས་ལྡང་བ་ནི། སླར་ཡང་རང་སྐད་གཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོའ་སྐུར་གྱུར་བར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །འཕོ་བའི་རྣལ་འབྱོར་ནི།
༥༠ དངོས་གཞིའི་ཉམས་ལེན་གྱི་བཟླས་པའི་མཇུག་ཏུ་བྱེད་ན། སྔགས་ཕྲེང་སོགས་མི་དམིགས་པར་བཞག་སྟེ་བསྒོམ་པས་ཆོག །སྐབས་གཞན་དུ་བྱེད་ན། སྐྱབས་སེམས་སྔོན་དུ་འགྲོ་བས་སྐད་ཅིག་གིས་ལྷར་གསལ་བཏབ། གང་ལྟར་ཡང་རང་གི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་དྭངས་གསལ་སྦུབས་སྟོང་གི་རྣམ་པ། ཡར་སྣ་ཚངས་བུག་ཏུ་རྒྱ་མཐོང་ཁ་བྱེ་བ་ལྟ་བུར་ཐལ་ལེར་ཟུག་ཅིང་། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་ཟླུམ་པ། སྙིང་གར་རང་གི་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོ་ཚོན་གང་བ་འོད་ཀྱི་གོང་བུ་ཅན། སྤྱི་བོའ་བླ་མ་འོད་དཔག་མེད་འཁོར་དང་བཅས་པ་གསལ་བཏབ། མོས་གུས་དུང་པ་བྱས་པས་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་། ཡེ་ཤེས་སེམས་དཔའ་ལ་རེག་པས་དབུ་མའི་ལམ་ནས་སྐར་མདའ་འཕངས་པ་ལྟར་དྲངས། ཐུགས་ཀར་སིབ་ཀྱིས་ཐིམ་པར་བསམས་ལ་དབྱིངས་རིག་བསྲེས་ཏེ་མཉམ་པར་བཞག །ཡང་མར་བབས་ནས་སྔར་བཞིན་དུ་འཁོད་པར་མོས། དེ་ལྟ་བུའི་དམིགས་པ་ལེན་ཇི་ལྟར་རིགས་པའི་མཐར། འོད་དཔག་མེད་འཇའ་འོད་ཀྱི་ལམ་ནས་བདེ་བ་ཅན་དུ་གཤེགས་པར་མོས་ལ། རང་ཉིད་སླ་སྐུའི་སྣང་ཆའང་མི་དམིགས་པར་སྦྱངས་ཏེ་གནས་ལུགས་ཀྱི་ངང་དུ་བློ་བཞག །ཐུན་མཚམས་ཀྱི་ལྟར་ལྡང་བ་སོགས་བྱའོ། །འདི་ནི་སྐུ་ཁྲིད་དང་འབྲེལ་བར་ཡུངས་འབྲུའི་ཚུལ་དུ་འཕོ་བཞེས་པའི་དམིགས་རིམ་ཡིན་ལ། གསུང་ཡིག་འབྲུའི་ཚུལ་དུ་འཕོ་བ་ནི། གཞན་གོང་དང་འདྲ་བ་ལས། ཡེ་ཤེས་སེམས་དཔའི་མལ་དུ་ལྟེ་བར་ས་བོན་ཧྲཱིཿབསྒོམ་པ་དང་། ཐུགས་འོད་གསལ་དུ་འཕོ་བ་ནི། འཁོར་གསུམ་གྱི་མཚན་མ་མི་དམིགས་པའི་འོད་གསོལ་བསམ་གྱིས་མི་ཁྱབ་པའི་ངང་དུ་བློ་འཇོག་པ་སྟེ། གསུམ་ཀ་འབྲེལ་བར་།།།་ཡེ་ཤེས་སེམས་དཔའི་ཐུགས་ཀར་ས་བོན་ཧྲཱིཿཡིག་གིས་མཚན་པར་བསྒོམས་ནས་འཕོ་བ་དང་། འོད་གསལ་གྱི་འཕོ་བ་རྒྱས་འདེབས་ཀྱི་ཚུལ་དུ་ཉམས་སུ་བླངས་པས་དོན་འགྲུབ་པ་ཡིན་ནོ། །གསུམ་པ་ལ་གཉིས། ཉིན་མོ་དང་མཚན་མོའ་རྣལ་འབྱོར་རོ། །དང་པོ་ནི། འདི་ལྟར་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་འཕགས་པའི་སྐུ་གསུང་ཐུགས་སུ་གསལ་བཏབ་པ་
༥༡ ཡར་སྣང་བ་ལམ་དུ་ཁྱེར་བ་དང་། དེ་རྣམས་ཀྱང་ཡེ་ནས་འཕགས་པའི་གསང་བ་གསུམ་གྱི་རང་བཞིན་དུ་རྣམ་པར་དག་གོ་སྙམ་དུ་ངེས་ཤེས་བསྐྱེད་པ་ནི་མ་དག་པའི་སྣང་བ་སྦྱངས་པའོ། །གཉིས་པ་ནི། གཉིད་དུ་འགྲོ་ཁར། རང་ཐུགས་རྗེ་ཆེན་པོ་གསལ་བཞིན་པའི་ཐུགས་ཀར་བླ་མ་ཐུགས་རྗེ་ཆེན་པོའ་རྣམ་པར་བསྒོམ་པའི་གསལ་སྣང་ལ་སེམས་བཟུང་བས་རྨི་ལམ་ཟིན་པར་འགྱུར་ཞིང་། ལྷར་སྣང་འོད་གསལ་དུ་བསྡུས་པའི་དང་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གཉིད་ལོག་པས་འོད་གསལ་ཟིན་བར་འགྱུར་རོ། །གཞན་ཡང་གནས་ཁང་གཞལ་ཡས་ཁང་། ཟས་ཡེ་ཤེས་ཀྱི་བདུད་རྩི། གོས་ལྷ་རྫས་ཀྱི་ན་བཟར་བསམས་ལ་མཆོད་པའི་བསམ་པ་ཞེན་པ་མེད་པར་ལོངས་སྤྱད། རྣམ་པ་ཀུན་ཏུ་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུའི་ལམ་ཁྱེར་དང་མ་བྲལ་བར་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །འཇམ་པའི་དབྱངས་སོགས་དཔའ་རྣམས་ཀྱིས། །མཁྱེན་བརྩེའི་འཇུག་པ་གཅིག་བསྡུས་པའི། གངས་ཅན་ལྷ་གཅིག་སྲོང་བཙན་རྗེའི། །ཐུགས་བཅུད་ཟབ་དོན་སྙིང་པོའོ། །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའ་དོན་ཁྲིད་ཀྱི་རྩ་བའི་གཞུང་དང་། ཁྲིད་ཡིག་ཕྱི་མ་དག་གི་དགོངས་པ་ཕྱོགས་གཅིག་ཏུ་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །སརྦ་དཱ་མངྒ་ལམ།།

དེ་ཁོ་ན་ཉིད་བཅུ་པ་ཞེས་བྱ་བ།

༦༢ ༈ །རྒྱ་གར་སྐད་དུ། ཏཏྟཱ་ད་ཤ་ཀ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་བཅུ་པ་ཞེས་བྱ་བ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཡོད་མེད་སྦྱོར་བ་སྤངས། །དེ་བཞིན་ཉིད་ལ་ཕྱག་འཚལ་འདུད། ༈ །གང་ལ་རྙོགས་པ་མེད་རང་བཞིན། །བྱང་ཆུབ་རྟོགས་པའི་རང་བཞིན་ཅན། །དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །དངོས་པོ་འདི་ནི་བྱང་ཆུབ་འགྱུར། །ཆགས་པ་སྤངས་པའི་རང་བཞིན་ཉིད། །ཆགས་པ་ལས་ནི་འཁྲུལ་བར་འགྱུར། །འཁྲུལ་པ་གནས་ནི་མེད་པར་འདོད། །དེ་ཉིད་ཅི་ན་དངོས་རང་བཞིན། །དངོས་པོ་དངོས་མེད་གང་ཡིན་པའོ། །དངོས་པོ་མེད་པའང་དངོས་པོར་འགྱུར། །རྒྱུད་དང་འབྲས་བུའི་རང་བཞིན་གྱིས། །དེ་ལྟར་ཆོས་རྣམས་རོ་གཅིག་སྟེ། །ཐོག་པ་མེད་ཅིང་གནས་མེད་པར། །ཇི་ལྟར་འབྱུང་བའི་ཏིང་འཛིན་གྱིས། །འདི་དག་ཐམས་ཅད་འོད་གསལ་ཏེ། ༈ །ཇི་ལྟར་འབྱུང་བའི་ཏིང་འཛིན་ཡང་། །རབ་ཏུ་འཇིག་པའི་སེམས་ཀྱིས་འགྱུར། །གང་ཕྱིར་དེ་ཡི་གནས་རིག་པས། །དེ་ཉིད་རྒྱུན་མི་འཆད་ལས་སྐྱེ། །ཤེས་དང་ཤེས་བྱ་རྣམ་བྲལ་བ། །འགྲོ་བ་ཉིད་ནི་གཉིས་མེད་འདོད། །གཉིས་དང་བྲལ་བར་རློམས་པ་ཡང་། །གང་ཕྱིར་དེ་ནི་འོད་གསལ་འདོད། ༈ །དེ་ལྟའི་དེ་ཉིད་ངེས་རྟོགས་ན། །ཇི་ལྟ་དེ་ལྟར་གང་དེ་ན། །རྣལ་འབྱོར་མིག་ནི་རྒྱས་འགྱུར་བས། །ཀུན་ཏུ་སེང་གེ་དེ་བཞིན་རྒྱུ། །འཇིག་རྟེན་ཆོས་ལས་རྣམ་ལོག་འདིས། །སྨྱོན་པའི་བརྟུལ་ཞུགས་ལ་བརྟེན་ནས། །དམིགས་པ་མེད་པས་ཐམས་ཅད་བྱེད། །རང་བྱིན་རླབས་པས་རྣམ་བརྒྱན་པའོ། ༈ །རྙོགས་མེད་དེ་ཉིད་གང་བསྟན་ཅིང་། །གཉིས་སུ་མེད་པས་གང་སྨྲས་པ། །མཉམ་དང་མི་མཉམ་སྤངས་པའོ། །བློ་གཏེར་རྣམས་ཀྱིས་ཤེས་བྱར་རིགས། །དེ་ཁོ་ན་ཉིད་
༦༣བརྟུབ། །སློབ་དཔོན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ། །གཞུང་འདི། བླ་མ་ཕྱག་ན་དང་། མཚུར་གྱིས་བསྒྱུར་ཞིང་། ཕྱིས་ལོ་ཙཱ་ཚུལ་ཁྲིམས་རྒྱལ་བས་བཅོས་པར་སྣང་ཞིང་འདི་ནི་སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེའི་འགྲེལ་པ་དང་མཐུན་པར་བྲིས་པའོ། རྗེ་མར་པ་ལོ་ཙཱའི་ལྟ་བས་སྤྲོས་པ་གཅོད་པའི་བླ་མ་མངའ་བདག་མཻ་ཏྲི་པའི་གསུང་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པའི་ཆོས་ཉེར་བཞི་སོགས་མང་དུ་བཞུགས་པ་རྣམས་ཀྱི་ནང་ནས། ལྟ་བ་སྟོན་པའི་གཞུང་གཙོ་བོར་གྱུར་པ་སྟེ། རྒྱ་བོད་ཀྱི་འགྲེལ་པའང་ཅི་རིགས་པ་སྣང་ངོ་།

༄༅། ཁྲིད་བརྒྱའི་ས་འགྲེལ་ཡ་མཚན་འཕྲུལ་གྱི་ལྡེ་མིག་བཞུགས།

༣༥༥ ཁྲིད་བརྒྱའི་ས་འགྲེལ་ཡ་མཚན་འཕྲུལ་གྱི་ལྡེ་མིག་བཞུགས།
༣༥༦ ༀ་ཤིས་པར་གྱུར་ཅིག །འཁྲིད་ཚུལ་མི་འདྲའི་ཆུ་བོ་བརྒྱ་རྩ་བརྒྱད། །རང་རང་བརྒྱུད་པའི་གངས་རི་ལས་འོངས་ནས། །བདག་བློའི་མ་དྲོས་མཚོ་ཆེན་ཡོངས་གང་བའི། །གནས་ལུགས་ཇི་བཞིན་ཕྱེ་ན་འདི་ལྟར་ལགས། གང་འདིར་བཀྲ་ཤིས་གྲངས་ཀྱི་ངེས་གནས་མཚོན་པའི་ཁྲིད་བརྒྱའི་རྐང་གྲངས་ཀྱིས་འགྲེལ་ཅུང་ཟད་བརྗོད་པ་ནི། རྒྱལ་བའི་བཀའ་མདོ་དང་རྒྱུད་སྡེའི་འཆད་ཚུལ་གཉིས་ལས་འོངས་པའི་བསྟན་པའི་གཞུང་ལམ་ཆེན་པོ་འདི་གཉིས་ལས་བརྩམས་ཏེ་བཤད་ན། དང་པོ་མདོ་སྡེ་རིན་པོ་ཆེའི་དངོས་བསྟན་ཇི་ལྟ་བ་བཞིན་དུ་འཁྲིད་ཚུལ་དང་། མདོ་སྔགས་ཟུང་འབྲེལ་གཉིས་ཀྱི་སྒོ་ནས་འཁྲིད་ཚུལ་དང་། ཆེས་མཆོག་སྔགས་ཀྱི་ཉེ་ལམ་ནས་འཁྲིད་ཚུལ་ལོ། །དང་པོ་ལ་བཀའ་བབས་བརྒྱུད་པའི་ཆེ་བ་དང་ལྡན་པའི་ཉམས་བཞེས་དང་། ཚིག་དོན་མ་བུ་འཁྲུལ་མེད་དུ་སྦྱོར་བའི་ཉམས་བཞེས་གཉིས་ལས། །དང་པོ་ལ་འཇམ་དབྱངས་དངོས་ཀྱིས་གསུངས་པའི་ཞེན་པ་བཞི་བྲལ། བྱང་ཆུབ་སེམས་གཉིས་རྗེན་པར་སྟོན་པའི་ཐེག་ཆེན་བློ་སྦྱོང་། ཕག་སྒྲོལ་གཉིས་ཀྱིས་སྩལ་བའི་སུམ་པའི་བློ་སྦྱོང་། བྱམས་པས་བཀའ་གནང་བའི་
༣༥༧ ཕྱམས་ཆོས་ལྔའི་ཁྲིད། དཔལ་ལྡན་ཟླ་བ་གྲགས་པའི་ཞལ་ལུང་རང་སྟོང་ཐལ་འགྱུར་བའི་ལྟ་ཁྲིད། མཻ་ཏྲི་པའི་དགོངས་དོན་གཞན་སྟོང་ལྟ་ཁྲིད་དོ། །གཉིས་པ་ཚིག་དོན་མ་བུ་འཁྲུལ་མེད་དུ་སྟོན་པའི་ཕྱག་བཞེས་ལ། སྐྱེས་བུ་གསུམ། བསྟན་རིམ། སྲིད་ཞི་མཉམ་ཉིད། དབུ་མ་ཆེན་པོ། །བཀའ་གདམས་ལྐོག་ཁྲིད། དཔེ་ཆོས་ཟུང་སྦྱོར། ཤེར་ཕྱིན་བཀའ་བབས་དྲུག །དམ་པའི་ཐུགས་བཅུད་ཞི་བྱེད། སྒོམ་རིམ་ཐོག་མཐའ་བར་གསུམ་མོ། །གཉིས་པ་མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་འཁྲིད་ཚུལ་ལ། རྟེན་འབྲེལ་སྙིང་པོ། །སྐྱིད་སྡུག་ལམ་ཁྱེར། བདུད་གཅོད། སྙིང་པོ་དོན་གསུམ། སེམས་ཉིད་ངལ་གསོ། ཐུབ་པ་ལ་ཞི་གནས་སེམས་འཛིན། སྤྱན་རས་གཟིགས་ལ་སྙིང་རྗེ་མཁའ་ཁྱབ། མི་གཡོ་བ་ལ་མེ་དམིགས། སྒྲོལ་མའི་མངོན་ཤེས་ལུང་སྟོན། སྙིང་གི་ཐིག་ལེའོ། །གསུམ་པ་ཆེས་མཆོག་སྔགས་ཀྱི་ཉེ་ལམ་གྱི་ཁྲིད་ཚུལ་ལ་གཉིས་ཏེ། རྒྱ་བོད་མཁས་གྲུབ་སྤྱི་བཞེད་ཀྱི་ལམ་སྲོལ་སྤྱིར་བསྟན་པ་དང་། ས་དཀར་བརྒྱུད་པ་ཕན་ཚུན་གྱི་རང་བཞེད་སོ་སོར་འཆད་པ་གཉིས་སོ། །དང་པོ་ལ་གསུམ་སྟེ།
༣༥༨ ལོ་པཎ་མཁས་པའི་ཕྱག་ལེན་ལས་བསྟར་བ་དང་། གྲུབ་ཐོབ་ཉམས་སྐྱུགས་ཀྱི་ཞལ་གདམས་ལས་བརྒྱུད་པ། མཁས་གྲུབ་ཡོངས་ཀྱི་ཟབ་གནད་ཀུན་འདོམས་སུ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཕ་རྒྱུད་ལ་འཕགས་པ་ཀླུ་སྒྲུབ་ཀྱི་གསང་བ་འདུས་པའི་རིམ་ལྔ། ཡེ་ཤེས་ཞབས་ཀྱི་གྲོལ་པའི་ཐིག་ལེ། གཤེད་དམར་སྤྲོས་མེད། རྣལ་འབྱོར་བཞི་རིམ་རྭ་རྩེ་སེམས་འཛིན། མ་རྒྱུད་ལ་ཁ་ཆེ་པཎ་ཆེན་གྱི་བདེ་མཆོག་དཀར་པོ། །བལ་པོ་མ་ཧཱ་བོདྷིའི་བོང་བུའི་ཕྲ་ཐིག་དཔྱལ་པའི་ཕག་མོ་སྒོམ་དྲུག །ཆག་ལོའ་ཀུརྨ་པཱ་དི། དམར་གྱི་འཁོར་ཆེན་གྱི་ཁྲིད། དུས་འཁོར་སྙན་བརྒྱུད། སྦྱོར་དྲུག །སློབ་དཔོན་པད་མའི་གསང་སྔགས་ལམ་རིམ་གྱི་སྒྲོན་མེ། རྒྱལ་པོ་བཀའ་འབུམ། ནོར་བུ་མཐོང་གྲོལ་ལོ། །གཉིས་པ་གྲུབ་ཐོབ་ཉམས་སྐྱུག་ལ་མི་ཏྲའི་ཚེ་ཁྲིད། སྨར་ཁྲིད་དཔལ་མོ་ལུགས། ཟླ་རྒྱལ་ལུགས། ཚེམ་བུ་ལུགས། སྐྱེར་སྒང་ལུགས། བདེ་ཀྱེ་དགའ་རབ་རྡོ་རྗེའི་གཞུང་ལས་སྤྲོས་པའི་སྨར་ཁྲིད་རེ་རེ། དོ་ཁྲིད་གྲུབ་ཐོབ་ཆོས་དྲུག་གོ །གསུམ་པ་མཁས་གྲུབ་ཡོངས་ཀྱི་ཟབ་གནད་ཀུན་བསྡོམས་ནི། སྦས་དོན་ཀུན་གསལ་ཏེ་ཁྲིད་ཚུལ་ཉིས་བརྒྱ་སུམ་ཅུའི་རབ་ཏུ་དབྱེ་བའོ། གཉིས་པས་དཀར་ཕན་ཚུན་གྱི་རང་བཞེད་སོ་སོར་འཆང་པ་ལ་གཉིས་ལས། །དང་པོ་དཔལ་ལྡན་ས་སྐྱ་པའི་སྐོར་ལ། ལམ་འབྲས་ལམ་སྐོར་ཞར་བྱུང་ཆ་ལག་སྟེ། དགེས་རྡོར་དང་འབྲེལ་པ་དང་། བདེ་མཆོག་གི་ཟབ་གནད་ཁོལ་དུ་ཕྱུང་བ། བཀའ་སྲུང་གི་མཐའ་བརྟེན་དང་གསུམ་ལས། ལམ་འབྲས་ཀྱི་སྤྱི་གཞུང་ཡི་གེ་དྲུག་ཅུའི་གདམས་པ། ལམ་སྐོར་ཕྱི་མ་ལ་བརྒྱད། སྒོ་དྲུག་ཆོས་འབྲེལ། དག་པ་གསུམ། རང་བྱིན་རླབས་ཀྱི་དམིགས་པ་ཉེར་དགུ། ལམ་སྦས་བཤད། བརྡ་དོན་གསལ་བ་སོགས་དང་། ཀུ་རུ་ཀུལླེའི་གསང་ཁྲིད། བདེ་
༣༥༩ མཆོག་ཡབ་ཡུམ་ལ་བརྟེན་པའི་རྩ་དབུ་མའི་སྒོ་གཉིས། དྲིལ་བུ་རིམ་ལྔ། ནག་པོ་རིམ་བཞི། གུར་གྱི་མགོན་པོའ་ནང་ཁྲིད་རྣམས་སོ། །གཉིས་པ་བཀའ་བརྒྱུད་རིན་པོ་ཆེའི་སྐོར་ལ་གསུམ་སྟེ། གཅེན་ནཱ་རོ་པཎ་ཆེན། ལྕམ་མཁའ་འགྲོ་ནི་གུ། གྲུབ་བརྙེས་གཞན་དག་ལས་འོངས་པའོ། །དང་པོ་ནི་རྗེ་མར་པའི་གསུང་ཇི་ལྟ་བ་རྔོག་པ་ལས་བྱུང་བའི་བསྲེ་འཕོའ་སྐོར། གདན་བཞི། མ་ཧཱ་མཱ་ཡ། དོལ་གྱི་མཚུར་སྟོན་ནས་སྙན་གྱི་ཤོག་དྲིལ་བཞི། མི་ལ་ནས་བདེ་མཆོག་སྙན་བརྒྱུད། སྲས་དར་མ་མདོ་སྡེ་ལས་ཆོས་དྲུག་སྲས་མཁར་མ། རས་ཆུང་པ་ནས་ལུས་མེད་ལྷག་ལྔ། ཚེ་དཔག་མེད། གཏུམ་པོའ་ཁྲིད། རྗེ་དྭགས་པོའ་དགོངས་དོན་སྐྱོང་བའི་དུས་གསུམ་མཁྱེན་པ་དབུ་སེ་ནས་ཀརྨ་ཀཾ་ཚང་དམར་ནག་ཆུ་བོ་གཉིས་འདུས་ལས་སྐུ་གསུམ་ངོ་སྤྲོད། རླུང་སེམས་དབྱེར་མེད། སྒྲོལ་དཀར་ཁྲིད། ཕག་མོ་གྲུ་པའི་སྐོར་ཐེལ་ལུགས་དང་། འབྲི་ཁུང་པའི་མོས་གུས་སྲོག་འཁོར་ལྔ་ལྡན། སྟག་ལུང་པའི་སྐོར། སྟོད་འབྲུག་གི་རི་ཆོས་གསུམ། ཨོ་རྒྱན་བསྙེན་སྒྲུབ། བར་འབྲུག་གི་བླ་སྒྲུབ། རྟེན་འབྲེལ་རོ་སྙོམས། སྨད་འབྲུག་གི་ཐུབ་པ་ལྔ་ལྡན། བླ་མ་ཞང་གི་ཟབ་རྒྱ། དྭགས་པོའ་ཆོས་སྐོར་ཐམས་ཅད་ལ་ཆོས་དྲུག་ཕྱག་ཆེན་རེ་ཡོད་པའི་འདི་སྐབས་ནཱ་རོའ་ཆོས་དྲུག་གསེར་ཞུན་མ་དང་། ལྷན་ཅིག་སྐྱེས་སྦྱོར་རྒྱལ་སྲས་ཆོས་རྫོང་པའི་གསུང་བཞིན་བྲིས་པ་གཉིས་ལ་ངོས་འཛིན། གཉིས་པ་ལྕམ་ནི་གུའི་སྐོར་ལ་ཆོས་དྲུག །ཕྱག་ཆེན་ལམ་ཁྱེར་འཆི་མེད་དེ་གསེར་ཆོས་བཞི་ཆ་ལག་དང་བཅས་པའོ། །གསུམ་པ་གྲུབ་བརྙེས་གཞན་དག་ལས་འོངས་པའི་སྐོར་ལ་སུ་ཁ་ཆོས་དྲུག །ལྟེ་བ་སྤྲུལ་འཁོར། ་ལོ་ནས་བརྒྱུད་པའི་གཏུམ་མོ་ཞག་བདུན་མ། སྐུ་རགས་མ། སྐྱེར་སྒོམ་
༣༦༠ བརྒྱུད་པར་བཞུགས་པའི་ཡི་གེ་བཞི་པ། དུང་མཚོ་རས་པས་གཏེར་ནས་ཕྱུང་བའི་སེམས་ཁྲིད་ཡིད་བཞིན་ནོར་བུ་སྟེ། མདོར་ན་ཐུན་མོང་པ་ཉི་ཤུ་རྩ་ལྔ། སྤྱི་འགྲོའི་ཁྲིད་ཉི་ཤུ་རྩ་ལྔ། ས་ལུགས་ལ་ཉི་ཤུ་རྩ་ལྔ། བཀའ་བརྒྱུད་ཀྱི་ཁྲིད་སུམ་ཅུ་རྩ་གསུམ་དང་། ཀུན་འདོམས་བརྒྱ་རྩ་བརྒྱད་དུ་ཚང་བ་འདིའོ། །དེ་ལྟར་དམ་པའི་ཞབས་རྡུལ་པད་མོའ་ངོགས། །དད་མོས་གཙུག་གི་ནོར་བུས་ཉེར་བླངས་ནས། །ཆོས་ཚུལ་མ་འདྲེས་བཀའ་ཡི་ཆ་ཤས་ནི། །གྲོག་མཁར་སྦྲང་རྩིའི་དཔེ་བཞིན་རིང་ནས་བླངས། །སྔོན་བསགས་ཆོས་ལ་གོམས་པའི་དབང་བྱས་ནས། །ཚེ་འདིར་རྙེད་པའི་མཆོག་ལ་རྗེས་སེམས་པས། །ལོངས་སྤྱོད་འབད་པ་ཆེ་ཐང་བརྩོན་འགྲུས་ཀྱིས། །ལན་མང་ཟབ་ཁྲིད་མ་ལུས་ཡང་ཡང་བཙལ། །གང་ལ་མཁས་དང་གྲུབ་པའི་དཔལ་མངའ་བའི། །དཔེ་བྲལ་ཡོངས་ལའང་ཡིད་དགར་མ་བགྱིས་ཏེ། །ཆོས་ཚུལ་སུ་ལས་འོང་བའི་སྤྱན་མངའ་བདག །ཁུངས་དག་བརྒྱུད་པ་ཚོལ་ཚེ་ལྷག་པར་དུབ། །དུབ་པའི་ལུས་སེམས་ངལ་བ་ཁྱད་བསད་ཅིང་། །གཞན་དུ་སྙན་གྲགས་གཏམ་ཡང་བློས་དོར་ནས། །ཁེངས་བྲལ་ཆེ་སྐྱུངས་ང་རྒྱལ་མགོ་སྨད་དེ། །བདག་གིས་ཆོས་ཕྱིར་དཀའ་བའི་ཁུར་བླངས་ལགས། འདི་ལྟར་ཟབ་ཁྲིད་སྣ་རེ་བསྒྲིགས་ཕྱིར་ཡང་། །ཡང་དང་ཡང་དུ་རྒྱལ་ཁམས་ཀུན་བསྐོར་ཞིང་། །ལམ་འགྲུལ་འཕྲད་ལའང་ཆོས་དེ་གང་ཡོད་ཅེས། །ཞུམ་པ་མེད་པའི་སྦོབས་པས་ལེགས་པར་དྲིས། །ལོ་བདུན་ལོན་ནས་ཁྲིད་གྲྭར་ཞུགས་ནས་ཀྱང་། སོ་བདུན་སྟེང་དུ་ཁྲིད་བརྒྱས་རྒྱུད་ཕྱུག་པ། །རང་གི་བསྐལ་པ་མཆོག་ཏུ་ཡི་རང་སེམས། །དྲེགས་པ་མེད་པའི་ངང་ནས་བློ་བདེར་གྱུར། །འདིར་འབད་དགེ་བས་སྐྱེ་བ་འདི་དང་གཞན། གཞན་དོན་བགྱིད་ལ་སྐྱོ་བ་རབ་གཏང་ཞིང་། །ཞིང་མཆོག་དང་ལྡན་ཐར་
༣༦༡ ལམ་ཁྲིད་པ་ཡི། །ཡིད་བཞིན་ནོར་འདྲའི་སྨིན་ལམ་ངེས་འགྲུབ་ཤོག །ཅེས་ཁྲིད་བརྒྱའི་ས་འགྲེལ་ཡ་མཚན་འཕྲུལ་ཀྱི་ལྡེ་མིག་འདི་ཡང་། ཆོས་ལུང་བྱང་རྩེའི་རི་ཁྲོད་དུ་གྲོལ་མཆོག་གི་བློ་གྲོས་ཀྱི་རྒྱ་མཚོ་ལས་ཕྱུང་བའི་ཡི་གེ་པ་ནི་ཀུན་དགའ་ལེགས་རྒྱལ་ཞེས་བྱ་བས་བགྱིས་པའོ། །མངྒ་ལམ།། །

།ཐེག་པ་ཆེན་པོའི་ལུགས་ཀྱི་མཁོན་སྦྱོང་ལགས་སོ།

།ཐེག་པ་ཆེན་པོའི་ལུགས་ཀྱི་མཁོན་སྦྱོང་ལགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །མིའམ་མི་མ་ཡིན་པའི་སེམས་ཅན་གྱི་བྱེ་བྲག་གང་ཡང་རུང་བ་དང་། །ཤ་འཁོན་དུ་གྱུར་ནས་དེ་ལ་བྱང་ཆུབ་ཀྱི་སེམས་སྦྱོང་སྙིང་མི་འདོད་ན་བྱང་ཆུབ་ཀྱི་སེམས་སུ་མི་འགྱུར་བས་

༩༧

མཁོན་སྦྱོང་བའི་མན་ངག་ནི་རང་སྟན་བདེ་བ་ལ་སྤྱོདལམ་གང་བདེར་འདུག་སྟེ་བྱམས་སྙིང་རྗེ་དྲག་པོས་བསྐུལ་ལ་རང་གི་སྙིང་ཁོང་སྟོད་དུ་ཤ་མཁོན་ཅན་དེ་ཡོད་པར་བསམས་ལ། དེའི་པང་ན་རང་གི་ཡི་དམ་གྱི་ལུས་རང་ཁོ་ན་འདྲ་བ་གཅིག་དང་ཁ་དང་སྙིང་དང་དཔྲལ་བ་ལག་པ་འཁྱུད་པར་བསམས་ལ། རང་གི་སྤྱི་བོར་་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་དྲིལ་བུ་དཀུར་བསྟེན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་ཞབས་ཀྱི་མཐེ་བོང་བདག་གི་ཚངས་བུག་ན་རེག་པར་བསམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་གཅིག་བསམས་ལ། ཡི་གེ་བརྒྱ་པ་བཟླས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་སེམས་དཔའ་དེའི་ཐུགས་བྱང་ཆུབ་ཀྱི་སེམས་སྙིང་རྗེའི་ངོ་བོ་དེ་རྣམ་པ་འོ་མ་ལྟ་བུ་རྡོ་རྗེ་དང་ཧཱུྃ་ལས་བབ་ནས་ཞབས་ཀྱི་མཐེ་བོང་ནས་འཛག་པ་བདག་གི་ཚངས་བུག་ནས་ཞུགས་ནས་སྙིང་གའི་གཟུགས་ལ་ཐིམ་པས་ཚེ་ཐོག་མ་མེད་པ་ནས་ཀྱི་ཤ་མཁོན་དང་གདོན་དང་གནོད་སེམས་དང་འགྲན་སེམས་ཕྲག་དོག་ཐམས་ཅད་དག་ནས་ཕ་མ་སྤུན་ཟླ་ལྟ་བུར་སྐྱེས་པར་བསམ། །

༩༨

འཇོག་ཙ་ན་རྡོ་རྗེ་སེམས་དཔའ་སྤྱི་བོ་ནས་མར་ཐིམ་པས་རང་གཞན་ཐམས་ཅད་ནམ་མཁའ་ལྟ་བུ་མཉམ་པ་ཉིད་དུ་བསྒོམ་མོ། །ཐེག་པ་ཆེན་པོའ་བློ་སྦྱོང་གི་མན་ངག་དམ་པའོ།

༄༅། །བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་རྗེས་གནང་བཞུགས་སོ། །

XXX བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་རྗེས་གནང་བཞུགས་སོ། །
XXX གང་སྐུ་ལྷུན་པོ་ལྟར་བརྗིད་འོད་མཐའ་ཡས། །གང་གསུང་ལྷ་རྔ་ཚངས་དབྱངས་ལྟར་སྙན་ཅིང༌། །གང་ཐུགས་ཤེས་བྱ་ཀུན་མཁྱེན་སྟོབས་མངའ་བ། །གང་དེའི་རྒྱལ་བ་འོད་དཔག་མེད་ཞབས་འདུད། །དེ་ཉིད་རྗེས་སུ་གནང་བའི་རིམ་པ་འདི། །དཔལ་ལྡན་བླ་མ་མཆོག་གིས་གང་གསུངས་པ། །མ་ནོར་གསལ་བར་ཡེ་གེར་བཀོད་པ་ལ། །བླ་མ་མཁའ་འགྲོས་བྱིན་གྱིས་བརླབ་ཏུ་གསོལ། །འདིར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་རྗེས་གནང་འདི་ལ་དོན་གསུམ་སྟེ། སྔོན་འགྲོ་དང་དངོས་གཞི་རྗེས་སོ། །དང་པོ་སྔོན་འགྲོ་ལ་གསུམ་སྟེ། བཀོད་པ་བཤམས་པ་དང༌། མངོན་རྟོགས་བསྒོམ་པ་དང༌། བདག་འཇུག་བླང་བའོ། །དང་པོ་བཀོད་པ་བཤམས་པ་ནི། མཎྜལ་པདྨ་འདབ་མ་བརྒྱད་པ། ལྟེ་བ་དམར་པོ། ཕྱོགས་བཞི་ཕྱོགས་མདོག །མཚམས་བཞི་མཛེས་ཚོན། དབུས་སུ་ལྷའི་མཚན་མའམ། ལྷ་ཚོམ་བཀོད། མཐའ་མཆོད་པ་དང་གཏོར་མས་བསྐོར། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེང་དུ་རྣམ་རྒྱལ་བུམ་པ་གཞུང་བཞིན་བཅས་ལ་བཞག །ཁ་རྒྱན་མགུལ་ཆིངས་དང་བཅས་པའི་ལས་བུམ་ཀྱང་བཤམ། གཞན་ཡང་ཉེ་བར་མཁོ་བའི་ཆས་རྣམས་ཀྱང་ཚོགས་པར་བཤམ་མོ། །གཉིས་པ་བདག་བསྐྱེད་དང་མདུན་བསྐྱེད་བསྒྲུབ་པ་ནི། དབེན་པའི་གནས་སུ་བདེ་བའི་གདན་ལ་གནས་པར་བྱས་ལ་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ། ཚད་མེད་བཞི་བསྒོམ་པ་རྣམས་སྤྱི་དང་མཐུན། བྱེ་བྲག་ཏུ། སྭ་བྷཱ་ཝའི་སྔགས་ཀྱི་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རང་ཉིད་འདུག་པའི་ས་ཕྱོགས་འདི་ཉིད། བདེ་བ་ཅན་གྱི་ཞིང་ཁམས་ཡོངས་སུ་དག་པ། པདྨ་རཱ་ག་ལས་གྲུབ་པ། མཛེས་ཤིང་ཡིད་དུ་འོང་བ་དེ་ཉིད་ཀྱི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི། རྨ་བྱས་བཏེགས་པའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པ། དེ་ཉིད་དབུས་སུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿདམར་པོ་ལས་འོད་འཕྲོས། དོན་གཉིས་བྱས།
XXX ཚུར་འདུས་འོད་དུ་ཞུ་བ་ལས་བྱུང་བའི་བདག་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར་དམར་བ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཚེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་འཛིན་པ། ཞལ་འཛུམ་པ། སྤྱན་དཀྱུས་དང་སྨིན་དཀྱུས་ཤངས་དཀྱུས་རིང་ཞིང༌། དཔྲལ་བར་ཡངས་པ། མཛོད་སྤུ་དཀར་པོས་བརྒྱན་པ། དབུ་སྐྲ་རལ་པའི་ཐོར་ཅོག་ཅན། རལ་པའི་ཟར་བུ་འཕྱང་བ། རིན་པོ་ཆེ་ལྔས་རྩེ་བྲན་དང༌། སྙན་ཆ་མགུལ་རྒྱན་དོ་ཤལ་དཔུང་རྒྱན་དང་ཕྱག་གདུབ་སྐུ་རགས་དང་ཞབས་གདུབ་ལ་སོགས་པ་རིན་པོ་ཆེའི་རྒྱན་དུ་མས་ཀུན་ནས་མཛེས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ཀུན་ནས་མཛེས་པར་ཡོངས་སུ་བརྒྱན་པ། ནམ་མཁའི་མཐའ་ཁྱབ་པར་འོད་ཟེར་གྱིས་སྣང་བར་བྱེད་པའི་བདག་ཉིད་དུ་གྱུར་པར་བསམ་ལ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུྃ་སྔོན་པོ་ལས་འོད་འཕྲོས། བདེ་བ་ཅན་ནས་རང་ལྟ་བུའི་བཅོམ་ལྡན་འདས་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་ཀྱིས་བསྐོར་བ་སྤྱན་དྲངས་ལ་རང་དང་དབྱེར་མེད་དུ་བསྟིམ། སླར་འོད་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས། དབང་བསྐུར་སྒྲིབ་པ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་འོད་དཔག་མེད་ལ་སོགས་རིགས་ལྔས་དབུ་བརྒྱན་པར་བསམ། དེ་ནས་རང་གི་སྙིང་གར་པད་ཟླའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿཡིག་དམར་པོ་ལ་གཟུངས་རིང་གིས་བསྐོར་བ་ལས་འོད་འཕྲོས། ཕྱི་སྣོད་ལ་ཕོག་པས་གཞལ་ཡས་ཁང་
XXX ནང་བཅུད་ལ་ཕོག་པས་འོད་དཔག་མེད་དུ་གྱུར། འོད་ཟེར་ཚུར་འདུས་རང་ལ་ཐིམ། ཐུགས་ཁར་འཁོར་བར་བསམ་ལ་བསྙེན་པ་བསྐྱལ་ལོ། །ཚུལ་འདི་ཉིད་ཀྱིས་མདུན་བསྐྱེད་དང་བུམ་བསྐྱེད་གཉིས་ཀ་བསྒྲུབ་བོ། །ལས་བུམ་གྱི་ནང་དུ་པད་ཉིད་སྟེང་དུ་ཧྲཱིཿལས་རྟ་མགྲིན་དམར་པོ་ཞབས་གཉིས་བརྐྱངས་བསྐུམ་གྱི་ཚུལ་དུ་བཞུགས་པ། གཡས་དབྱུག་ཏོ། གཡོན་སྡིགས་མཛུབ། ཞལ་གདངས་ཤིང་དཀར་བའི་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་དམར་ཞིང་གཡོ་བ། སྨིན་མ་དང་ཨག་ཚོམ་དམར་སེར་དུ་ཡོད་པ། དབུ་སྐྲ་ཁམས་སེར་སྤྱི་བོར་འཁྱིལ་བ། སྤྱི་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་ཞིང་རྔོག་མ་ལེ་བརྒན་བསྐལ་པའི་མེ་ལྟར་འབར་བ། སྦྲུལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་ཅན་དུ་བསམ་ལ། དེ་ལ་ཡེ་ཤེས་པ་བསྟིམ། རིགས་ལྔས་དབང་བསྐུར། སྣང་བ་མཐའ་ཡས་ཀྱིས་རྒྱས་གདབ། དེ་ནས་རང་གི་ཐུགས་ཀའི་ཧྲཱིཿཡིག་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་དང་རྣལ་རྒྱལ་བུམ་པའི་ལྷའི་ཞལ་དུ་ཞུགས། ཐུགས་ཀར་འཁོར་ཞིང་ཐུགས་རྒྱུད་བསྐུལ་ནས་སྔགས་གསུང་ཞིང་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ་བསྙེན་པ་བརྒྱ་སྐོར་ལ་སོགས་བསྐྱལ་ལོ། །སླར་ཡང་རང་གི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས། ལས་བུམ་གྱི་ལྷའི་ཐུགས་བརྒྱུད་བསྐུལ་བ་སོགས་གོང་བཞིན་ལ། རྟ་མགྲིན་ཐུགས་ཀའི་ཧྲཱིཿཡིག་ལས། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཧ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། །ཅེས་པས་བསྐོར་བར་བསམ་ལ་བསྙེན་པ་བསྐྱལ་ལོ། །སླར་དེ་དག་ལ་
XXX མཆོད་ཅིང་བསྟོད། གཏོར་མ་ཕུལ་ལ་གསོལ་བ་གདབ། དེ་ནས་ལས་བུམ་གྱི་ལྷ་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར་པར་བསམ་ལ། བུམ་ཆུས་ཁྲུས་བྱས་ལ། འོག་ནས་འབྱུང་བའི་རིམ་པ་བཞི་ཏིང་ངེ་འཛིན་གྱིས་བདག་འཇུག་བླང་བར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། རྗེས་གནང་གི་སྔོན་འགྲོ་དང༌། དངོས་གཞི་རྗེས་སུ་གནང་བའོ། །དང་པོ་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས་ནས་གྲལ་ལ་འཁོད་དེ། བགེགས་གཏོར་བཏང་ཞིང་བགེགས་བསྐྲད། སྲུང་འཁོར་བསྒོམ། དེ་ནས་བླ་མ་ལ་མཎྜལ་ཕུལ་ལ། བླ་མ་ལ་སྐྱབས་འགྲོའི་སྡོམ་པ་སྦྱིན་པ་ནི། ཐལ་མོ་སྦྱོར་ལ་ངའི་རྗེས་ཟློས་མཛོད་ཅིག །ཅེས་བརྗོད་ལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་འགྲོའི་སྡོམ་པ་བྱིན། དེ་ནས་སེམས་སྐྱེད་ཀྱི་སྡོམ་པ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པར་འགྱུར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བ་དང༌། དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་གྱིས་སྡོམ་པ་བཟུང་ངོ༌། །དེ་ནས་ཡན་ལག་བདུན་པ་བྱ་བ་ནི། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་ཚེ་དཔག་མེད་ཕྱག་འཚལ། །ཕྱི་ནང་གསང་བའི་
XXX མཆོད་པ་འབུལ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བྱའོ། །དེ་དག་གིས་སྔོན་འགྲོ་རྣམས་སོང་ནས། །གཉིས་པ་དངོས་གཞི་ལ་ལྔ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་དང་ལྔ་ལས། དང་པོ་སྐུའི་རྗེས་གནང་ཞུ་བའི་ཡོན་ཏུ་གླིང་བཞི་རི་རབ་དང་བཅས་པ་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། ཀྱེ། སྟོན་པ་ཐུགས་རྗེའི་མངའ་བདག་ཚེ་དཔག་མེད། །བདག་ཅག་འཁོར་བས་འཇིགས་ཤིང་ཐུགས་རྗེས་བཟུང་དུ་གསོལ། །མུན་པར་གྱུར་པའི་འགྲོ་བའི་གྲོང་ཁྱེར་ན། །འཇིགས་ཤིང་ཡ་ང་ཁྱོད་ལ་གསོལ་བ་འདེབས། །བདེ་བ་ཆེན་པོ་མྱ་ངན་འདས་པའི་གྲོང༌། །ཞབས་ཀྱི་རྡུལ་ལ་རེག་ཅིང་རྗེས་གནང་སྩལ་དུ་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས་གནང་བ་བྱིན་པ་ནི། བདག་གི་ཐུགས་རྗེའི་ཉི་མ་ཡི། །འོད་ཀྱིས་མ་རིག་མུན་པ་སེལ། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །ཅེས་བརྗོད་དོ། །དེ་ནས་སློབ་མ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང་ནས། ཚེ་དཔག་མེད་མངོན་རྟོགས་ནས་འབྱུང་བ་ལྟར་བསྐྱེད་ལ། བླ་མ་དང་དཀྱིལ་འཁོར་ཐ་མི་དད་པའི་ཐུགས་ཁའི་ཧྲཱིཿཡིག་ལས་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་ཐམས་ཅད་ལ་ཕོག་པས། ཐམས་ཅད་ཚེ་དཔག་མེད་ཀྱི་རྣམ་པ། སྐུ་ཆུང་ལ་ཡན་ལག་རགས་པ། ཕྱག་མཚན་གསལ་བ་དཔག་ཏུ་མེད་པ་འབྱུང༌། བླ་
XXX མའི་སྐུ་ལས་ཀྱང་ཚེ་དཔག་མེད་ཀྱི་སྐུ་དཔག་ཏུ་མེད་པ་ཆད་དེ། སློབ་མའི་ལུས་ལ་མཚོ་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་བསྒོམ་ལ། མེ་ཏོག་གཏོར་བའམ། ཡང་ན་སྐུའི་སྤྱི་བོར་བཞག་ལ། སྤོས་དང་རོལ་མོའི་སྒྲ་དང་བཅས་པས། སློབ་དཔོན་གྱིས། བཅོམ་ལྡན་ཚེ་དཔག་མེད་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཨོཾ་ཧྲཱིཿཨ་མི་དེ་ཝ་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དོ། །དེ་ལྟར་སྐུའི་རྗེས་གནང་གི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ལུས་ཀྱི་གནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བ་དང༌། མཐར་ཐུག་ཏུ་མཚན་དཔེས་བརྒྱན་པའི་ཚེ་དཔག་མེད་ཀྱི་སྐུ་ཐོབ་པའི་དགོས་པ་ཡོད་དོ། །ཞེས་བརྗོད་དོ། །གཉིས་པ་གསུང་གི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས། གསོལ་བ་གོང་ལྟར་བཏབ་ལ། དེ་ནས་དཔོན་སློབ་གཉིས་ཀ་ཚེ་དཔག་མེད་དུ་བསྐྱེད་པའི་སྙིང་ཁར་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲཱིཿ དམར་པོ་ཚེགས་དྲག་དང་བཅས་པ་ལ་གཟུངས་རིང་གིས་བསྐོར་བར་བསམ། དེ་ནས་བླ་མའི་ཞལ་ནས་སྔགས་ཕྲེང་མུ་ཏིག་དམར་པོའི་ཕྲེང་བ་ལྟ་བུ་དམར་ཤར་གྱིས་ཐོན་ནས། སློབ་མའི་ཞལ་དུ་ཞུགས། སྙིང་ཁའི་ཧྲཱིཿའཁོར་བར་དམིགས་ལ། གཟུངས་རིང་ཉེར་གཅིག་གི་ཕྲེང་བ་བཟུང་ལ། རྗེས་ཟློས་བྱེད་དུ་གཞུག་གོ །དེ་ནས་ཕྲེང་བ་སློབ་མའི་མགྲིན་པར་རེག་སྟེ། སློབ་དཔོན་གྱིས་བཅོམ་ལྡན་ཚེ་དཔག་མེད་པའི་རིག་སྔགས་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད། སློབ་མས་ཀྱང་དེ་བཞིན་དུ་འདོན་པར་བསྒྱུར་ལ་བརྗོད། འདི་ལ་
XXX གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ལས། གནས་སྐབས་སུ་སྔགས་ཀྱི་ནུས་པ་ཆེ་ཞིང༌། འཆད་རྩོད་རྩོམ་གསུམ་ལ་མཁས་པ་དང༌། མཐར་ཐུག་ཏུ་ངག་བདེན་པའི་ཚིག་འགྲུབ་ཅིང༌། སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པར་འགྱུར་རོ། །ཞེས་བརྗོད་དོ། །གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་བ། གསོལ་བ་གོང་བཞིན་བཏབ་ལ། དེ་ནས་སློབ་མའི་ལུས་གནད་རྣམ་སྣང་ཆོས་བདུན་ལྡན་དུ་བྱས་ལ། མདུན་གྱི་ནམ་མཁར་ཧྲཱིཿདམར་པོ་འོད་འབར་བ་ཞིག་བསྒོམ་ལ། དེ་ནས་རང་གི་ལུས་འཇའ་ལུས་སུ་ཡལ་ནས་མདུན་གྱི་ནམ་མཁར་ཧྲཱིཿཡིག་ལ་ཐིམ་པ་ལ་རིག་པ་གཏད། མཐར་ཧྲཱིཿདེ་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསྒོམ་ལ། སེམས་ཉིད་སྐྱེ་མེད་བློ་འདས་གསལ་སྟོང་འཛིན་མེད་ཀྱི་ངང་ལ་ཅི་ཡང་མི་བསམ་པར་མཉམ་པར་བཞག་གོ །དེ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །འདི་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ལས། གནས་སྐབས་སུ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཐུགས་འོད་གསལ་ཆོས་ཀྱི་སྐུའི་གནས་ལུགས་མངོན་དུ་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གོང་ལྟར་བཏབ། དེ་ནས་སློབ་མ་འོད་དཔག་མེད་གསལ་བར་བསྐྱེད་ལ། སློབ་དཔོན་གྱི་རྣམ་རྒྱལ་བུམ་པ་སློབ་མའི་སྤྱི་བོར་བཞག་ལ། བུམ་པའི་ནང་གི་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལས་བདུད་རྩིའི་རྒྱུན་བབས་པས། སློབ་མའི་སྤྱི་བོར་བཞུགས། ལུས་ཀྱི་ནང་གི་སྡིག་སྒྲིབ་ཐམས་ཅད་
XXX དག་ནས། ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་དམར་ཆིལ་གྱིས་གང་བར་བསམ་ལ་བུམ་པས་དབང་བསྐུར་ཞིང༌། ངག་ཏུ། ཨོཾ་ཧྲཱིཿཨ་མི་དེ་ཝ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ནས། བུམ་ཆུ་འཐུང་དུ་ཡང་གཞུག་གོ །སློབ་མ་མཉམ་བཞག་བྱས་པའི་ལག་ཏུ་བུམ་པ་བཞག་ལ། བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་ཕྱག་གི་བདུད་རྩིས་གང་བའི་བུམ་པ་འདི་ཁྱེད་རང་ལ་བྱིན་པས། འཆི་མེད་ཚེ་འདི་དངོས་གྲུབ་ཐོབ་ནས། འོད་དཔག་མེད་ཀྱི་གོ་འཕང་མངོན་དུ་བྱེད་པར་བསྒོམས་ཤིག །ཅེས་བརྗོད་ལ་བུམ་ཆུ་འཐུང་དུ་གཞུག་གོ །དེ་ནི་ཡོན་ཏན་གྱི་རྗེས་གནང་ངོ༌། །འདིའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ལམ་གྱི་ཡོན་ཏན་མཐའ་དག་འགྲུབ་པ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་དག་ཐོབ་པར་འགྱུར་རོ། །ཞེས་བརྗོད་དོ། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གོང་ལྟར་བཏབ། དེ་ནས་སློབ་མ་འོད་དཔག་མེད་གསལ་བར་བསྐྱེད་ལ། སློབ་དཔོན་གྱིས་རིན་པོ་ཆེའི་སྲོག་ཞུ་སློབ་མའི་སྤྱི་བོར་འཆིང༌། རིན་པོ་ཆེའི་རྒྱན་གྱིས་ལུས་ལ་བརྒྱན། དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་བཀབ་ལ། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་ལ་སོགས། ལོངས་སྐུའི་ཡོན་ཏན་མཐའ་དག་མཐའ་ཡས་པས་བརྒྱན་པར་བསམ་མོ། །འདི་དག་གི་ཕན་ཡོན་ནི་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ཕྲིན་ལས་རྣམ་པ་བཞི་འགྲུབ་ཅིང༌། སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཕྲིན་ལས་འབད་མེད་
XXX ལྷུན་གྲུབ་ཏུ་འབྱུང་བའི་དགོས་པ་ཡོད་དོ། །ཞེས་བརྗོད་དོ། །དེ་ནས་བླ་མ་ལ་གཏང་རག་གི་མཎྜལ་ཕུལ་ལ། དེང་ནས་བཟུང་སྟེ་ཁྱོད་བྲན་དུ། །ཁྱེད་ལ་བདག་ཉིད་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཅེས་ལན་གསུམ་བརྗོད་ལ། བླ་མ་ལ་ཕྱག་གསུམ་བཙལ་ལ། བཀའ་དྲིན་ཆེའོ། །ཞེས་བརྗོད། གསུམ་པ་རྗེས་ནི། གཏང་རག་གི་མཆོད་པ་དང་བསྟོད་པ་བྱ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཡང་བརྗོད། ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ནས་དཔོན་སློབ་རྣམས་དགའ་སྟོན་ལ་ལོངས་སྤྱོད་དོ། །ཚུལ་འདི་བླ་མས་ཇི་ལྟར་གསུངས་པ་བཞིན། །མ་ནོར་མ་འཆུག་དོན་རྣམས་ཡོངས་རྫོགས་པར། །རྣལ་འབྱོར་འོད་དཔག་རྡོ་རྗེ་ཞེས་བྱ་བས། །གཞན་ལ་ཕན་པའི་བསམ་པས་ཡི་གེར་བཀོད། །དགེ་བས་འགྲོ་རྣམས་འོད་དཔག་མེད་ཐོབ་ཤོག། །།དགེ་ལེགས་འཕེལ།། །།

རྫོགས་པ་ཆེན་པོ་སེམས་སྡེ་སྤྱིའི་སྙིང་པོའི་བསྟན་བཅོས་བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་

༡༨༡ ༈ །རྫོགས་པ་ཆེན་པོ་སེམས་སྡེ་སྤྱིའི་སྙིང་པོའི་བསྟན་བཅོས་བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བྷཱ་བ་ནོ་པ་ལ་སུ་ཝརྞྞ་དྲུ་ཏ། བོད་སྐད་དུ། བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན། བཅོམ་ལྡན་འདས་དབྱིངས་གསུམ་རྣམ་པར་དག་པའི་ངང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་བསྒོམ་པ་འདི་ལ་སྤྱི་དོན་བཅུ་གཉིས་ལས། དང་པོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་རྩོམ་པ་ལ་འཇུག་པ་ནི། བདག་མེད་གཉིས་ཉིད་བདེ་གཤེགས་མི་རྟོག་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པ། །ཀུན་གྱི་རང་བཞིན་ཞིབ་འདི་ལ་བསལ་ཞིང་བླ་མེད་ལམ་མཆོག་སྟེ། །མི་ལྡོག་པ་ལ་སོགས་ཏེ་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པས། །གནས་གསུམ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱིས་རབ་ཏུ་དད་པས་མོས། །སྤྱི་དོན་གཉིས་པ་ཅིའི་ཕྱིར་རྟོགས་པར་བྱ་བའི་ཕན་ཡོན་དང་ཆེ་བ་ལས། དང་པོ་ཕན་ཡོན་ལ་གསུམ། རྒྱུར་གནས་པའི་ཕན་ཡོན། སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་མཚུངས་པར་རབ་བསྔགས་པ། །ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུའི་སྙིང་པོ་ཉིད། །བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པའི་རྒྱལ་བ་ཀུན་གྱི་ལམ་གཅིག་པུ།
༡༨༢ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །མངོན་གྱུར་འབྲས་བུའི་ཕན་ཡོན། རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་སྒོམ་དང་ཡོན་ཏན་ཁྱད་པར་ནི། །བློ་ལྡན་ནམ་ཞིག་སེམས་ཀྱི་དམ་པ་དེ་ནི་མངོན་དུ་གྱུར་པ་ན། །དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པས་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས། །ཤེས་བྱེད་དམ་པར་གྱུར་པས་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ། །རྡོ་རྗེ་རྩེ་མོ་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད་དོ། །རྣམ་པར་གྲོལ་བའི་འབྲས་བུ་ཐམས་ཅད་ཀྱི་མཆོག་ཏུ་བསྟན་པའོ། །ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོས་སུ་བསྙད་པ་དེ་དག་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ཉིད་རྫོགས་ལས་དེ་ཡི་ཡོན་ཏན་དེ་ལས་དེ་དག་བྱུང་། །གཉིས་པ་ཆེ་བ་བསྟན་པ་ནི། འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། །དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ། །སྤྱི་དོན་གསུམ་པ་ཅི་ཞིག་རྟོགས་པར་བྱ་བ་ནི། དེས་ན་ཀུན་ཏུ་རྡོ་རྗེ་སེམས་དཔའ་ཅི་འདྲར་བསྒོམ་པར་བྱ་བ་འགྱུར། །ཕྲ་ཞིང་ཤེས་དཀའི་དྲང་སྲོང་ཆེན་པོའི་ལམ་འདི་མི་རྟོག་རྟོག་ལས་འདས། །བརྟག་པར་དཀའ་ཞིང་བསྟན་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ། །ཚིག་གིས་མི་ཕེབས་གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། །སྤྱི་དོན་བཞི་པ་ཐབས་གང་གིས་རྟོགས་པར་བྱེད་པ་ནི། སྟོན་པ་ངེས་པའི་ལུང་དང་བླ་མ་རྣམས་ཀྱི་མན་ངག་དོན་འདིར་བསྟན། །མངོན་སུམ་ལ་སོགས་རྒྱུ་ཡི་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་དཔྱོད་པ། །དེ་ཉིད་རྟོག་པའི་རྒྱུན་འབྲངས་སྤྱོད་ཡུལ་ཚད་མར་བཞག་ནས་བློས་འཇིག་བྱེད། །རྟོག་མཐའ་མེད་ཕྱིར་དཔྱོད་མཐའ་མེད་དེ་སྙིང་པོ་མེད་ན་ཚད་མ་གང་། །དེ་ཕྱིར་འཇིག་རྟེན་བརྟག་པའི་ཐ་སྙད་རྣལ་འབྱོར་ལམ་འདིར་མི་དགོས་སོ། །སྤྱི་དོན་ལྔ་པ་གང་བརྟགས་ཏེ་རྟོགས་པ་རག་པ་ལ་གཉིས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ལ་བརྟགས་པའོ། །དང་པོ་ལ་གཉིས། ཀུན་ནས་
༡༨༣ཉོན་མོངས་པའི་མཚན་ཉིད་ཡིན་པར་བརྟགས་པ་ནི། དངོས་པོ་མཐའ་ཡི་རྒྱུ་ནི་ལོ་རྒྱུས་དག་ལས་ལམ་འདིར་བརྟགས་པར་བྱ། །སྐྱེ་བོ་ཀུན་གྱི་སེམས་ལ་མངོན་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི། །འཛིན་པ་དྲུག་གིས་ཇི་ལྟར་མཐོང་ཞིང་བརྟགས་པ་དེ་ལྟར་མ་ཡིན་འཁྲུལ། །རང་གི་རྟོགས་པ་མྱོང་ཞིང་གཟུང་བདེ་བཞིན་བདེན་པར་གྱུར་ན་ནི། །དེ་དག་དངོས་པོ་མེད་རྟོག་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བའི་རིགས། །དེ་དག་དུས་དགྲས་འཇོམས་དང་སྡུག་བསྔལ་ཉེས་ལས་ངེས་འཁྲུལ་མངོན་པར་འགྱུར། །གཞན་དུ་སྐྱེ་མཆེད་སྒོ་ནས་རིག་པ་དེ་དག་ཚད་མར་གྱུར་ན་ནི། །དེ་དག་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལའང་དགོས་མི་འགྱུར། །ལམ་དེ་རྣམ་གྲོལ་ལམ་དུ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ། །སྡུག་བསྔལ་འགའ་ཡང་མི་འཇིལ་རྣམ་རིག་ཤེས་དེ་ཉོན་མོངས་འབྱུང་བའི་གནས། །དེ་ཕྱིར་སྐྱེ་བོས་མཐོང་བ་དེ་དག་འཁྲུལ་པར་མངོན་ཞེས་རྒྱལ་བས་གསུངས། །གཉིས་པ་འཁྲུལ་པར་སྣང་བ་བརྟགས་པ་ལ་དགུ། འཁྲུལ་པར་གང་སྣང་བ་དང་། དེས་ན་དེ་ལ་འདི་དག་འཁྲུལ་པའི་དབང་གིས་ཇི་ལྟར་སྣང་བར་འགྱུར། །ཀུན་ཏུ་རྟོག་ཅན་ཡང་དག་མ་ཡིན་ཀུན་ཏུ་རྟོག་པ་བཅོམ་མོད་ཉམས། །བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་རིག་རྐྱེན་གྱི་དབང་སོང་བས། །སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན། །འདུ་བྱེད་སྣ་ཚོགས་དག་གིས་བག་ཆགས་བསགས་ལ་གང་གོམས་མཐུ་བརྟས་ཚེ། །སེམས་ཉིད་ཡུལ་དང་ཡུལ་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་། །བག་ཆགས་བསགས་པའི་རྒྱུན་ལས་དམིགས་སྐྱེས་ཡིད་ལ་བརྟགས་པས་བདག་ནི་མེད། འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་ཕྲ་བ་མ་མཐོང་དེ་ལས་རྣམ་རིག་སྐྱེ། །ཅིའི་ཕྱིར་སྣང་བ་དང་། རྒྱུན་དང་བཅས་པའི་སེམས་ཀྱི་མཐུ་ནི་མ་རྟོགས་རྟོག་པའི་རྗེས་འབྲངས་ནས། །དེ་ལ་ཟག་བཅས་རང་བཞིན་རྟོག་པས་བདག་དང་ཆོས་རྣམས་
༡༨༤རྒྱས་པར་བྱེད། །བདེན་པར་འབྱུང་བ་ཤིན་ཏུ་ཕྲ་བར་རྒྱུ་བ་དེ་ནི་མ་མཐོང་པས། །བདག་ཏུ་ལྟ་སོགས་མུ་སྟེགས་ལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་པར་རྟོག །སེམས་འདི་ལས་རྣམས་མཐའ་ཡས་གནས་གྱུར་བག་ཆགས་མཐའ་མེད་ངེས་པ་མེད། །བག་ཆགས་བརྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ། །རྐྱེན་འགས་བག་ཆགས་འགའ་ཞིག་སྨིན་ནས་མི་ཡི་རྒྱུད་ཀྱི་ལུས་སྣང་ལ། །རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྱུར་བའི་མཐུ་མཐོང་ནས། །དབང་ཕྱུག་ལ་སོགས་བྱེད་པར་འདོད་པའི་ལམ་དེས་མེ་ཞི་གྲོལ་མི་འགྱུར། །རྣལ་འབྱོར་ལམ་བསླད་ཐེ་ཚོམ་རྒྱུ་ཡང་རྒྱུན་འདི་ཕྲ་བ་མ་རྟོག་སྐྱེ། །སྣང་བའི་ཉེས་པ་དང་། བདག་ཏུ་བརྟག་པས་ཡོངས་སུ་བསྒྲིབས་ཏེ་འཕགས་པའི་རིགས་དང་རྣམ་པར་བྲལ། །ཆོས་སུ་བརྟགས་པའི་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་སོང་སྲིད་པར་འགྱུར། །སྣང་བ་ཐམས་ཅད་ཀྱི་གཞི་རྣམ་ཤེས་ཀྱི་མཚན་ཉིད་ཡིན་པར་བསྟན་པ། རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལས་མཚན་མ་ཐ་དད་འཛིན་པས་ན། །ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གིས་རིགས་ལ་དུ་མ་མེད། །སྣ་ཚོགས་སྣང་བ་དེ་དག་ཀུན་གཞི་ལ་ཚུལ་ཇི་ལྟར་སྣང་བ་དང་། དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས། །དེ་ལ་བསམ་པ་ཞེན་ཕྱིར་ཕྱི་མ་དེ་ལ་དེ་འབྱུང་དེ་ལ་སྣང་། །སྣང་བའི་གཞི་སེམས་ཀྱི་ནང་དུ་ཐམས་ཅད་འདུས་པ་དང་། རང་སེམས་རྒྱུན་ལས་འཕགས་པ་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་མ་ཡིན། །རྒྱུད་དྲུག་རིགས་ལས་དེ་ཡང་སྣ་ཚོགས་དེ་དག་རང་གི་ཏིང་འཛིན་ཏོ། །སེམས་རྒྱུན་དེ་ནི་ཕྱོགས་ཀྱང་ཅུང་ཟད་མེད་པས་དེ་ལའང་རྟེན་མེད་དེ། །དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་ཐམས་ཅད་བདག་གི་ལུས། །བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བོའི་ལུས་སུ་རབ་སྣང་ཡང་། །སེམས་དང་བག་ཆགས་གཅིག་མིན་ཐ་དད་མ་ཡིན་བརྟག་
༡༨༥པར་རབ་ཏུ་དཀའ། །ཐམས་ཅད་སེམས་ཀྱི་མཚན་ཉིད་ཡིན་ན་རྒྱུ་རྐྱེན་གཞན་ཅིའི་ཕྱིར་སྣང་བ་དང་། འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ་ཏེ་སྐྱེ་རང་འགག་པར་འགྱུར་ཞེས་པ། །ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད། །དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུ་སོ་སོར་རྟོག་པའི་སེམས་ཉིད་ནི། །སྣང་བའི་དངོས་པོར་མ་གྲུབ་པར་སྟོན་པ་དང་། རྒྱུ་དང་རྐྱེན་དུ་སྣང་སྟེ་དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད། །སྐྱེ་འཇིག་མེད་ཕྱིར་བདག་གཞན་མེད་དེ་འཆི་འཕོ་མེད་ཕྱིར་རྟག་ཆད་མེད། །དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པའང་མེད་པ་ཉིད་དུ་མངོན། །སྣང་བའི་གཞི་སེམས་ཉིད་ཀྱང་མ་གྲུབ་པར་སྟོན་པའོ། །གནས་ཀྱི་སྐད་ཅིག་ནམ་ཡང་མི་འབྲལ་དེ་ཚེ་མཉམ་འགྱུར་དེ་མེད་མེད། །ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང་། །སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེད་པ་ཡིན། །ཕྱོགས་རྣམས་མེད་ཕྱིར་དམིགས་དང་གནས་མེད་རྣམ་ཤེས་རིག་པ་ཇི་ལྟར་སྐྱེས། །དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གཅིག་དང་དུ་མ་བྲལ། །རྣམ་པར་བྱང་བའི་དངོས་པོར་བརྟགས་པ་ལ་གཉིས། །རྣམ་པར་བྱང་བ་འཁྲུལ་པ་ཉིད་ལ་སྣང་བར་བསྟན་པ་དང་། བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་སྒྱུ་འདྲར་འཕྲུལ་ལ་སྣང་། །སྣང་བ་དེ་ཉིད་ཀྱང་མ་གྲུབ་པར་བསྟན་པའོ། །འདི་ལ་གཉིས། རྣམ་པར་མི་རྟོག་པའི་ཡེ་ཤེས་མ་གྲུབ་པར་བསྟན་པ་དང་། དེ་བཞིན་དག་པའི་ཡེ་ཤེས་དེ་དག་ཤིན་ཏུ་དགེ་བའི་རྒྱུ་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་ལ་ནི་དེ་དག་དམིགས་ཤིང་སྐྱེ་བར་བརྟགས་པ་ཡང་། །རྡོ་རྗེའི་གནས་མེད་དེ་ཡི་ཕྱིར་ན་མཉམ་གནས་རང་བཞིན་འདྲར་འགྱུར་དང་། །ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིག་མིན། །དག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མ་གྲུབ་པར་བསྟན་པའོ། །དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར། །སྤྱི་དོན་དྲུག་པ་སོ་སོར་བརྟགས་ན་ངེས་པའི་
༡༨༦དོན་བསྟན་པ་ལ་གསུམ། བསམ་པ་མཉམ་པ། སྤྱོད་པ་མཉམ་པ། དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ། བདེན་པ་གཉིས་སུ་མི་རྟོག་པས་མཉམ་པ་དང་། དེ་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད་མེད་པར་གཅིག་པས་བླང་དོར་མེད། །དོན་དེའི་ཚུལ་གྱིས་དོན་དམ་རྣམ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང་། །གཉིས་མེད་བསམ་འདས་སྟོང་ཉིད་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སོགས། །བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་དོན་དམ་མེད་ཅིང་ཀུན་སྒྲིབ་མེད། །དོན་དམ་ཚུལ་གྱིས་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་ཡིན། །སྡང་ཞེན་མེད་པས་བདེན་རྫུན་མཉམ་པ་དང་། ཐེ་ཚོམ་ཡོད་མེད་ཆོས་ནི་གང་ལའང་སྤངས་ཤིང་གནས་པར་མི་བྱེད་དོ། །སྒོམ་དང་ཆོས་དབྱིངས་མེད་ཕྱིར་སོམ་ཉི་མེད་ལ་དམ་པར་བལྟ་བའང་མེད། །མཐའ་བཞི་དང་བྲལ་ཞིང་མི་དམིགས་པར་མཉམ་པའོ། །དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་པས་རང་བཞིན་སྒྱུ་མ་མེད་འགྱུར་ཕྱིར། །ཡོད་ལ་ལྟོས་པའི་མེད་པ་མེད་དེ་དེ་བཞིན་དེ་མེད་པ་ཡང་མེད། །མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ། །གཉིས་པ་སྤྱོད་པ་མཉམ་པ་ནི། གང་ལའང་འཇིག་རྟེན་དབང་ཕྱུག་པདྨ་ཀུན་ཀྱང་མི་སྤོང་འདྲ་མཉམ་གནས། །ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ། །དྲུག་གིས་བསྟན་པའི་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོག་གོ །ཤེས་རབ་ཐབས་ཀྱི་སྤྱོད་པའང་མི་གནས་ཕྱིར་ན་བདུད་རྩི་འདྲ་བར་སྤྱོད། །རང་གི་ཤེས་པ་དམ་པར་བྱས་ཏེ་ཀུན་ལས་རྒྱལ་ཏེ་དེས་བསྙེམས་ནས། །འདོད་ཆགས་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་། །གསུམ་པ་དོན་བསྡུས་ནས་བྱང་ཆུབ་སེམས་ཀྱི་མཚན་ཉིད་བསྟན་པ་ནི། ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ། །གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལའང་གནས་པར་མི་བྱེད་དེ། །སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེ་བར་གཤེགས་པས་གསུངས། །སྤྱི་དོན་
༡༨༧བདུན་པ་དེ་ལྟར་གཏན་ལ་ཕབས་ནས་ངེས་པའི་དོན་བསྒོམ་པ་ལ་གཉིས། བསྒོམ་པའི་མི་མཐུན་ཕྱོགས་བསྟན་པ་དང་། གཟུགས་དང་མཚན་མ་སྟོན་པར་འཛིན་པ་རབ་ཏུ་སྤངས་ནས་སུ། རྣམ་ཐར་གསུམ་པོ་སྒོམ་པ་འང་བདུད་ཀྱི་ལས་ཏེ་གཟུགས་ཉིད་སྟོང་པའོ། །འཁོར་བའི་ལམ་གསུམ་སྤངས་ཤིང་མྱ་ངན་འདས་པ་ལམ་བསྒོམ་བྱེད་པའང་བདུད་ཉིད་དེ། །དེ་ཉིད་ཆོས་ཀུན་རང་བཞིན་མ་ཞི་རང་བཞིན་བཙལ་སྤངས་གར་མི་གནས། །འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་འདི་གཞན་ན་མེད། །བསྒོམ་པའི་དོན་མ་ནོར་བར་བསྟན་པའོ། །འདི་ལ་བཞི། བསྒོམ་པའི་དོན་མདོར་བསྟན་པ། ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། །ཅིའི་ཕྱིར་བསྒོམ་པའི་གཏན་ཚིག་ཀྱིས་བཤད་པ་དང་། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་པ་དེ་ཉིད་དེ་ཡིན་དེར་མི་གནས། །སྒོམ་པའི་ས་མི་རྙེད་ཕྱིར་བསྒོམ་པས་འབྲས་བུ་རྙེད་པར་མི་འགྱུར་ཏེ། །སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། །རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་སྒོམ་མོ། །འདུ་བྱེད་མ་སྐྱེས་ཆོས་ཀུན་འགྱུར་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། །དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན། །ནམ་མཁའ་མི་དམིགས་དམིགས་ཙམ་དགེ་དང་མི་དགེ་འབྱེད་མེད་སྐྱེ་བའང་མེད། །གཏན་ཚིགས་ཀྱིས་གྲུབ་པ་ལྟར་བསྒོམ་མོ་ཞེས་རྒྱས་པར་བསྟན་པ་དང་། །རྩོལ་བ་ཡིད་ལ་མི་བྱེད་གང་ལའང་སེམས་མེད་ཤེས་དང་མི་ཤེས་བྲལ། །དྲན་དང་འབྱེད་མེད་གང་ལའང་སྤང་ལེན་དགའ་དང་མཚུངས་མེད་མི་དམིགས་ཤིང་། །མཉམ་གནས་གཉིས་སུ་བརྟགས་མེད་བརྗོད་བྲལ་བྱ་དང་མི་བྱ་སོགས་བྲི་མེད། །ཚུལ་བཞིན་སྒོམ་པའི་རྟགས་བསྟན་པའོ། །ཆེད་དུ་རྩོལ་བར་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་མཉམ་ཤེས་དང་། །གང་ལའང་ཆགས་དང་ཡུལ་གྱི་མྱོས་སྐྲག་མེད་དེ་མི་འབྲལ་མི་
༡༨༨གནས་ཤིང་། །མི་འཕྲོག་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་ངེར་ཤེས་ཏེ། །སེམས་ཀྱི་དབྱིངས་སུ་སྒོམ་པས་ལམ་གྱི་ཕུག་ན་འདུག་པ་དེ་ཡིན་གྱིས། །གཞན་དུ་སྒོམ་པས་འོད་གསལ་དོན་ཉིད་གསལ་ཞིང་རིག་པར་མི་འགྱུར་རོ། །སྤྱི་དོན་བརྒྱད་པ་བརྒྱུད་པའི་ཐབས་ཀྱིས་ངེས་པའི་དོན་རྟོགས་པར་བྱ་བའི་ཐབས་བསྟན་པ་ནི། བརྡ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཡིན་ཞེས་སྟོན་པས་རབ་གསུངས་ཕྱིར། །དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་སྒོམ་པའི་གནས་ཡིན་ཏེ། །ཏིང་འཛིན་གསུམ་པོ་བརྟན་པར་བྱས་ཤིང་རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ནས། །ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་སྙིང་པོ་བརྗོད་ཅིང་བསྒོམ། །སྤྱི་དོན་དགུ་པ་བྱང་ཆུབ་སེམས་ཀྱིས་མ་ཟིན་ན་རྣམ་གྲོལ་མི་ཐོབ་ཅིང་དགེ་བ་ཆུད་ཟ་བར་བསྟན་པ་ནི། རྡོ་རྗེ་སེམས་དཔའ་བསྒོམ་པས་རྣམ་གྲོལ་ལམ་ཀུན་མ་ནོར་སྒོམ་པ་ཡིན། །ཀུན་ཏུ་བཟང་པོའི་སྤྱོད་པས་མ་ཟིན་དག་པའི་ཆོས་ནི་གང་ཡང་རུང་། །ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར། །དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། སྤྱི་དོན་བཅུ་པ་དོན་འདིར་མོས་པ་ཙམ་སྐྱེས་པས་ཀྱང་ཡོན་ཏན་མང་པོ་ཐོབ་པར་བསྟན་པ་ནི། དོན་འདིར་མོས་པ་དེ་ཡང་བྱང་ཆུབ་ཆེ་ཞེས་རྒྱལ་བས་རབ་ཏུ་བསྔགས། །གནས་འདིར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་བླ་མར་བཅས་པ་ཡི། །མཆོད་གནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་རྒྱལ་བས་གསུངས། །ཐབས་ཆེན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་བའི་སྤྱོད་པའང་འདི་ཉིད་དེ། །འདི་མིན་རྒྱལ་བ་རྣམ་པར་སྣང་མཛད་ཐེག་པ་གསུམ་སྟོན་མི་སྲིད་དོ། །སྐད་ཅིག་དང་བའི་ཤུགས་བསྐྱེད་དེ་ཡང་མྱུར་ཏུ་འཇམ་དཔལ་གཞོན་ནུར་གྱུར། །དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་བསྲུང་བ་ཡིན། །ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་སྦྱིན་གནས་དམ་པར་
༡༨༩རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་ལ་གལ་ཏེ་གཟུགས་ཡོད་ན། །ནམ་མཁའ་བར་སྣང་འདི་ཡང་སྣོད་དུ་ཆུང་ཞེས་རྒྱལ་བས་མཚུངས་པར་གསུངས། སྤྱི་དོན་བཅུ་གཅིག་པ་ལོག་པར་ཞུགས་པ་རྣམས་སྙིང་རྗེའི་གནས་སུ་བསྟན་པ་ནི། སྐྱེ་བོ་སྐྱེ་བ་སྣ་ཚོགས་དག་ལས་སྐྱེས་ཤིང་སྐྱེ་དང་སྐྱེ་འགྱུར་སྐྱེ་བའི་རྒྱུན་གྱི་དབང་སོང་བས། །རྟོག་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པའི་རྒྱུན་འབྲངས་འཁྲུལ་པའི་རྟོག་ལས་ཕྱིར་ལྡོག་མེད་གྱུར་པ། སྒྱུ་མའི་སྒྱུ་ཤེས་དག་གིས་སྒྱུ་མའི་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས། །རྨི་ལམ་གྱིས་བསླད་བཞིན་དུ་རྨི་ཡིས་བདེན་པའང་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ། །ལམ་འདི་སྤངས་ཤིང་མཐའ་དང་ལམ་གཞན་ལམ་དུ་བལྟས་ནས་མ་ནོར་ལམ་ཞེས་སྟོན་པ་དེ། །དེ་དག་རྡོལ་གསེར་བཞིན་ཐུགས་རྗེས་ཀྱེ་མའོ་ཕྲོགས་པ་ཡིན། །ཤིན་ཏུ་མ་སྦྱངས་དུས་ཀྱིས་མནར་བའི་སྐྱེ་བོ་ལྔ་བརྒྱ་ཐ་མ་ལ། །གསུང་རབ་དྲི་མེད་རྟོགས་དཀའ་དག་ལ་སྒྲ་བཞིན་སྤྱོད་དང་ཚུལ་བཞིན་མིན། །རང་གི་བློ་གྲོས་སྟོབས་བཞིན་འཇུག་ལ་སོགས་པ་ལྟ་བ་སྣ་ཚོགས་དག །མི་ཤེས་ཆུ་བོས་གཡེང་ཞིང་གསུང་གི་ཉིང་ཁུ་བདུད་རྩིའི་རྣལ་འབྱོར་བྲལ། སྤྱི་དོན་བཅུ་གཉིས་པ་བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དེ་ཕྱིར་རྒྱལ་བས་གསུངས་པའི་ལམ་མཆོག་ཐུགས་ཀྱི་གསང་བ་དམ་པ་འདི། །ཀུན་ཏུ་རྒྱལ་བ་རྣམས་ཀྱི་སྦྱོད་ཡུལ་ཉིད་ལས་ཐུན་མོང་མ་ཡིན་ཡང་། །གོམས་པའི་མཐུ་ཡིས་མི་འགལ་ཚུལ་དུ་ཚད་མ་དག་ལས་རབ་བསྒྲུབས་ཏེ། །འགྲོ་བའི་དོན་དུ་མི་གཉིས་ལམ་མཆོག་འདི་ནི་རབ་བགྱིས་ཐམས་ཅད་དུ། །མི་མཐུན་ཕྱོགས་ཀྱིས་མི་ཉམས་རྒྱལ་བ་ཀུན་གྱི་ཐུགས་འདིར་རབ་རྒྱས་ཤོག །བྱང་སེམས་སྒོམ་པ་རྡོ་ལ་གསེར་ཞུན་ཅེས་བྱ་བ་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་
༡༩༠རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲཱི་སིཾ་ཧ་དང་། བོད་ཀྱི་ལོ་ཙཱ་བ་བ་གོར་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ལ་འགྲེལ་བ་བྱང་ཆུབ་སེམས་སྡོམ་པ་དོན་བཅུ་གཉིས་ཀྱིས་བསྟན་པ་ཞེས་ལེགས་བཤད་ཁྱད་པར་ཅན་ཡོད་པས་ཞིབ་པར་དེ་ཉིད་དུ་རྟོགས་པར་བྱའོ། །མངྒ་ལམ། །དགེའོ།། །།

མེ་ཏོག་མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས་བཞུགས་སོ།

༡༧ ༈ མེ་ཏོག་མཁའ་སྤྱོད་དཀར་མོའ་སྒྲུབ་ཐབས་བཞུགས་སོ། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སཱ་དྷ་ནཾ། །བོད་སྐད་དུ། །རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། ངལ་བས། དོན་མེད་བདག་ལ་གནོད་པའི་འཇིག་རྟེན་གྱི་བྱ་བ་ཀུན་སྤངས་ནས། །མཁའ་དབྱིངས་དག་ནས་ཧྲཱིཿཡིག་འཕྲོ་འདུ་ལས། །གར་གྱི་ཉམས་ལྡན་རྡོ་རྗེ་གྲི་གུག་བསྣམས། །ཟླ་བའི་མདོག་འདྲ་འོད་ཟེར་སྣ་ཚོགས་འཕྲོ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོད་བྱས་ན། པའི་སྒོ་གསུམ་གྱི་སྤྱོད་པས། །སྒྲིབ་ཚོགས་དག་ནས་མཁའ་སེམས་བསྐྱེད་སྔོན་དུ་སོང་ནས། ལས་འོད་དབྱིངས་མཁའ་སྤྱོད་མ། དགུ་དང་། ཕྱག་གཡས་གཡོན་ཐོད་པ། དག་ཏུ་འགྲོ། །མཁའ་སྤྱོད་དཀར་མོའ་སྒྲུབ་ཐབས་པཎྜི་ཏ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནས་མར་མེ་མཛད་ཡེ་ཤེས་དཔལ། མཛད་པ་རྫོགས་སོ།

༄༅། །རྟེན་འབྲེལ་གྱི་སྒོམ་རིམ་དམ་པའི་ཆོས་ཀྱི་ཟ་མ་ཏོག་བཞུགས་སོ། །

༡༢༣ རྟེན་འབྲེལ་གྱི་སྒོམ་རིམ་དམ་པའི་ཆོས་ཀྱི་ཟ་མ་ཏོག་བཞུགས་སོ། །
༡༢༤ གང་གིས་ཆོས་ཀུན་གཟིགས་པའི་ལམ། །ཡངས་པར་འགྲོ་བ་མ་ལུས་པ། །འདྲེན་མཛད་བཀའ་བརྒྱུད་བླ་མ་ལ། །དང་བ་རྒྱ་མཚོས་ཕྱག་བགྱིའོ། །ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་གཞན་མ་ཡིན་ལ། དེ་གཏན་ལ་འབེབས་པའི་གདམས་ངག །རབས་བདུན་མའི་སྒོམ་པའི་རིམ་པ་ནི་རྣམ་པ་གཉིས་ཏེ། མཉམ་གཞག་ཡོན་ཏན་སྐྱེ་བའི་རྟེན་འབྲེལ་དང་། རྗེས་ཐོབ་རྩལ་རྫོགས་པའི་རྟེན་འབྲེལ་ལོ། །དང་པོ་ནི། བསམ་གཏན་གྱི་ཚེར་མ་རྣམ་པར་གཡེང་བས་དབེན་པའི་གནས་ཉམས་དགྱེས་ཤིང་ཡིད་དུ་མཆིས་པར་ཚེ་འདིའི་འདོད་པ་དང་། ཞེན་པ་དང་། སྲེད་པ་འཕེལ་བའི་རྟེན་བསྐྱུངས་ཏེ། སྒྲིབ་པ་ལྔ་དང་མི་དགེ་བ་བཅུའི་ཆོམ་རྐུན་དང་བྲལ་བས། བདེ་བའི་སྟན་ལ་རྐང་པ་རྡོ་རྗེ་སྐྱིལ་མོ་ཀྲུང་དང་། ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅིངས། སྒལ་ཚིགས་དྲང་པོར་བསྲངས། དཔུང་པ་ཕན་ཚུན་ཕྱིར་དེང་། མགྲིན་པ་ཨོག་སྐོས་མདུན་ནོན་ཙམ། ལྕེ་མཆུ་རང་སར་བཞག །མིག་སྣ་རྩེའི་ཐད་དུ་ལྟ་བ་བྱེད་ཆིངས་དང་ལྡན་པས་རླུང་རོ་ལན་གཅིག་བུས་ཏེ། དབུགས་འབྱུང་རྔུབ་ཀྱི་རྩོལ་བ་མེད་
༡༢༥ པར་རང་བབས་སུ་བཞག་ནས། ཐོག་མ་ཉིད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་ཟབ་མོ་ལ་འཇུག་པར་བྱའོ་སྙམ་པས། རིན་པོ་ཆེའི་ཁྲི། པད་ཟླའི་གདན་ལ་རང་ཉིད་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་གསེར་བཙོམ་ལྟ་བུ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་ཤིན་ཏུ་མཛེས་པ། ཕྱག་གཉིས་ས་གནོན་མཉམ་བཞག་མཚམས་སྤྲིན་གཞོན་ནུའི་འོད་ལྟར་དམར་བའི་ཆོས་གོས་གསུམ་འཆང་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གསལ་བའི་སྤྱི་བོའི་ནམ་མཁར། རྩ་བའི་བླ་མ་བསྒོམ་སྟེ། སྣང་བ་རྟེན་འབྲེལ་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་སྟེ། རང་གི་མདུན་གཉའ་ཤིང་གང་ཙམ་གྱི་ཐད་དུ། ཟླ་བའི་དཀྱིལ་འཁོར་ཤིན་ཏུ་དྭངས་ཤིང་འོད་ཟེར་གྱི་འཁོར་ལོ་ཅན་ལ་མིག་དང་སེམས་རྩེ་གཅིག་ཏུ་གཏད་དེ། སྔར་འདི་བྱས། འདི་ལས། འདི་འབྱུང་ངོ་ལ་སོགས་པ་འདས་པ་མིན་ནོ། །ད་འདི་བྱེད་འདི་ལས་འདི་འབྱུང་ངམ་མི་འབྱུང་སོགས་མ་འོངས་པ་མི་སེམ། ད་ལྟར་ཇི་ལྟར་སྣང་བའི་ཚོགས་
༡༢༦ འདི་བཟང་འདིང་ན། འདི་ཡིན་འདི་མིན་སྙམ་དུ་བསམ་པ་དང་། རིག་པས་དཔྱད་པར་མི་བྱ། ཆེད་དུ་འདི་ལྟ་བུའོ་ཞེས་ཀྱང་མི་བསྒོམ། སྟོང་པའོ་ཞེས་ཅང་མེད་ཅི་མེད་ཀྱི་ཆད་ལྟ་ཡུག་ཏུའང་མི་བལྟ། བློས་བྱས་ཀྱི་སྟོང་པ་ཉིད་དང་། ཡེ་ཤེས་ཡིན་ནོ་སྙམ་པའི་རྒྱས་འདེབས་དང་དོན་སྤྱི་ཡང་མི་བསྒོམ། འོ་ན་ཇི་ལྟར་ཞེས་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། མ་ཡེངས་ཙམ་གྱིས་སེམས་ལྷུག་པ་མ་བཅོས་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པར་བྱའོ། །དེ་ལྟར་ཡང་། འགྲོ་བའི་མགོན་པོ་གཙང་པས། སེམས་མ་བཅོས་ན་བདེ། ཆུ་མ་རྙོག་ན་དྭངས། ཞེས་དང་། གླིང་གིས། མ་བཅོས་སོ་མར་བཞག་ན་རྟོགས་པ་འཆར། ཆུ་བོའི་གཞུང་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤོངས་ལ། རྟག་ཏུ་མཉམ་པར་ཞོག་དང་རྣལ་འབྱོར་བ། ཞེས་དང་། བདེ་གཤེགས་ཁམས་པ་ཆེན་པོས། ཕྱག་ཆེན་ངོ་སྤྲོད་དུ། བསྒོམ་བྱ་སྒོམ་བྱེད་དུ་བྱས་ན་བློ་བཅོས་མའོ། །འོ་ན་ཇི་ལྟར་ཞེ་ན། རང་གསལ་རྣམ་རྟོག་ངག་ཆགས་གང་བྱུང་མ་བཅོས་པར་གཞག་ན་རང་མཐོང་བར་འགྱུར་རོ། །ཞེས་དང་། ས་ར་ཧས། བསམ་དང་བསམ་བྱ་ཐམས་ཅད་ཡོངས་སུ་དོར་ནས་སུ། ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། ཅེས་དང་། བྱམས་མགོན་གྱིས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་བར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྷ། །ཡང་དག་མཐོང་ན་ཡང་དག་གོལ། ཞེས་གསུངས། ཤེར་ཕྱིན་གྱི་མདོར་ཡང་། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་རྣམས། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། ཞེས་དང་། བརྟག་གཉིས་ལས། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་
༡༢༧ ཅད་བསྒོམ་པར་བྱ། ཞེས་གསུངས། འདི་ལ་ཁ་ཅིག་ན་རེ། དམ་པ་སངས་རྒྱས་ཀྱིས། སྟོང་ཉིད་མཁའ་ལ་རིག་པའི་མདུད་སྐོར་གྱིས། ལྟ་བ་ཐོགས་རྡུགས་མེད་དོ་དིང་རི་བ། ཞེས་གསུངས་པས་མ་དཔྱད་པའི་སྒོམ་པ་ནི། བླུན་སྒོམ་ཡིན་གྱི། ལྷག་མཐོང་གི་རྟོགས་པ་མི་འབྱུང་ངོ་ཟེར་མོད། ལུང་དེས་ནི་ཁོ་བོ་ཅག་ལ་གནོད་པ་མ་ཡིན་ཏེ། ལུང་འདིའི་དོན་འཆད་པ་ལ་ཞུགས་ན། ཅིར་སྣང་བའི་ཆ་ནས་སྣང་བ་དང་། དེ་ཉིད་གང་དུ་གྲུབ་པར་བཙལ་བས་མ་རྙེད་པ་སྟོང་པ་དང་། དེ་འཚོལ་མཁན་དེ་ལ་རིག་པ་ཟེར་བ་ཡིན་གྱི། ཐོས་བསམ་གྱིས་གཏན་ལ་ཕབ་པའི་རིག་པ་དང་དོན་མི་གཅིག །འདི་སྐབས་ཀྱི་རིག་པ་དེ་གནས་ཆ་མ་ཡེངས་པའི་སྟེང་ནས་བྱུང་ཚོར་ཐམས་ཅད་ཤེས་ཤིང་། ཤེས་པའི་མོད་ལ་རང་སར་གྲོལ་བར་བྱེད་པས་རིག་པའི་མདུང་སྐོར་གྱིས་ཟེར་བ་ཡིན་ལ། དེའི་ཚེ་ཤེས་བྱ་དང་ཤེས་མཁན་གྱི་རིག་པ་གཉིས་ཐ་དད་དུ་གྲུབ་པ་རྩ་བ་ནས་མ་ཡིན་པས་དབྱེར་མེད་དང་། ལྟ་བྱེད་ཀྱི་རིག་པའང་ངོ་བོ་ངོས་གཟུང་གང་དུའང་མ་གྲུབ་པས། རིག་སྟོང་ཟུང་འཇུག་གི་རྣམ་གཞག་བྱེད་པ་ཡིན་ནོ། །དེ་ལྟར་ཧ་ཅང་དྲན་ཤེས་ཀྱིས་གྲིམས་ཆེས་ན་རྟོག་པའི་འཕྲོ་རྐྱེན་བྱེད་ལ། གློད་ཐལ་ན་འཁྲུལ་པ་ལ་འབྱམས་མཆི་བས། ཡིད་ཀྱི་གླང་པོ་རྩེ་གཅིག་པའི་ཀ་བ་ལ་མ་ཡེངས་པའི་ཐག་པས་གདགས་པར་བྱའོ། །དེ་ལྟར་བསྒོམས་པས། འཁོར་འདས་གང་ལ་ཡང་མ་རེག་པ། རྟེན་མེད་ངོས་གཟུང་སྤྲོས་པ་ཐམས་ཅད་དང་བྲལ་བ། སུས་ཀྱང་ཚིག་གིས་སྟོན་པར་མི་ནུས་རང་གིས་མྱོང་བྱའམ་རིག་བྱར་གྱུར། མཐོང་རྒྱུ་གསར་དུ་མེད་ལ། མཐོང་བའི་མཆོག་བཅོས་མ་མིན་པ་ཞིག་ནང་ནས་འཆར་ཏེ། འདི་ནི་སྒོམ་ཐ་མལ་གྱི་ཤེས་པ་ངོ་འཕྲོད་པ་ཡིན་ཏེ། སློབ་དཔོན་ཏོག་རྩེ་པས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། ཅེས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། རྟོགས་མེད་ཚུལ་གྱིས་རྟོགས་པས་ན། སྟོང་ཉིད་མཐོང་
༡༢༨ ཞེས་ཐ་སྙད་གདགས། །མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་མོའི་མདོ་ལས་གསུངས། །དེ་ལ་མཐོང་དང་མཐོང་བྱེད་མེད། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་རྣམ་པར་སྤངས། །རྣམ་པར་རྟོག་མེད་དམིགས་པ་བྲལ། །གནས་པ་མེ་དང་གནས་མེད་པ། །འགྲོ་འོང་མེད་ཅིང་དཔེ་དང་བྲལ། །བརྗོད་དུ་མེད་པ་བལྟར་མེད་པ། །འགྱུར་བ་མེད་པ་འདུས་མ་བྱས། །རྣལ་འབྱོར་པ་ཡིས་དེ་རྟོགས་ན། །ཉོན་མོངས་ཤེས་བྱའི་སྒྲིབ་པ་སྤོང་། ཞེས་གསུངས། གཉིས་པ་རྗེས་ཐོབ་རྩལ་རྫོགས་པའི་རྟེན་འབྲེལ་ནི། དེ་ལྟར་བསྒོམས་པའི་ཚེ། སེམས་མི་གནས་པར་འཕྲོ་ན། དེ་ཉིད་ཀྱི་སྟེང་དུ་ངོས་བཙིར་གྱིས་གཟུང་ལ་བཟོ་བཅོས་མེད་པར་གློད་པས་རང་སར་གྲོལ་བར་འགྱུར་བ་ཆུ་ལ་ཆུ་བཞག་པ་བཞིན་ནོ། །དེ་བཞིན་དུ་ཉོན་མོངས་པ་ཆགས་སྡང་རྨོངས་པ་ཤུགས་ཤིན་ཏུ་དྲག་པ་ལ་ཡང་སྤང་བར་མི་བྱ། དབང་དུ་ཡང་མི་གཏོང་། །གཉེན་པོས་ཀྱང་མི་གཞོམ་པར། གང་སྐྱེས་དེ་ཉིད་ངོས་བཟུང་ནས་དེ་ཐོག་ཏུ་གློད་ན་དེ་ཉིད་སྟོང་པར་ཟང་ཐལ་ལེ་འཆར་ཏེ། འགྲོ་མགོན་རིན་པོ་ཆེ་ཕག་མོ་གྲུ་པས། རྣམ་རྟོག་བྱུང་ཡང་འཇིགས་པར་མི་བྱ་སྟེ། དྲན་པའི་དུས་ཉིད་ན་གཉུག་མའི་ངོ་བོར་གྲུབ་པའི་ཕྱིར་རོ། །ཞེས་དང་། ཡང་གཉུག་མའི་ངོ་བོ་ལ་རྣམ་རྟོག་བྱུང་ཡང་། ནམ་ལངས་པའི་མུན་པ་བཞིན་རང་བཞིན་གྱིས་དེངས་པར་འགྱུར་རོ། །རྗེ་བཙུན་མི་ལས། སེམས་ཉིད་བསྒོམ་དུ་བདེ་ལགས་ན། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། ཅེས་དང་། ས་ར་ཧས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། ཞེས་དང་། རྣམ་སྣང་མངོན་བྱང་ལས། མི་རྟོག་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། ཞེས་དང་། སམྦུ་ཊར། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་སྦྱང་། ཞེས་གསུངས་པས་སོ། །དེ་བཞིན་དུ་ལམ་ཁྱེར་དེ་ཉིད་ཀྱིས་ཚོགས་དྲུག་གི་སྣང་བ་ཐམས་
༡༢༩ ཅད་ལ། དང་པོར་སྣང་མཁན་གྱི་ཤེས་པ་ངོས་བཟུང་ནས། དེ་ཐོག་ཏུ་རྩལ་སྦྱང་། དེ་ལ་གོམས་ནས་སྣང་ཐོག་ཏུ་བཞག་པས། སྣང་བ་ཤར་བ་དང་གྲོལ་བ་དུས་མཉམ་དུ་བྱུང་བས་སྣང་སེམས་འདྲེས་པ་ཞེས་ངོ་མཚར་ཅན་ཅིག་འབྱུང་བ་ཡིན་ནོ། །དུས་དེའི་ཚེ་ལམ་གང་ཤར་ལ་སྤང་བླང་མེད་པ་གཤའ་མ་དེ་འབྱུང་བ་ཡིན་ཏེ། ས་ར་ཧས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་ལྟར་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་བོང་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་དང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། །ཀློག་པ་དེ་ཡིན་འཛིན་དང་བསྒོམ་པའང་དེ། །བསྟན་བཅོས་སྙིང་ལ་འཆད་པའང་དེ་ཡིན་ནོ། །ཞེས་གསུངས། དེ་ཙ་ན། འཁོར་བ་དང་མྱང་འདས། རྣམ་རྟོག་དང་ཆོས་སྐུ། ཉོན་མོངས་དང་ཡེ་ཤེས་ཐམས་ཅད་རྒྱལ་ཁམས་གཅིག་ཏུ་སོང་བ་ཡིན་ནོ། །གང་གི་ཚེ་ལྡང་བར་འདོད་ན་དལ་བུས་ལྡང་སྟེ། སྒྱུ་མ་ལྟ་བུའི་བློས། ལུས་ངག་ཡིད་ཀྱི་དགེ་བ་ཅི་ནུས་བྱའོ། །སྟོང་ཉིད་དེ་ཡང་སྙིང་རྗེས་མ་ཟིན་ན་སངས་རྒྱས་ཀྱི་ལམ་དུ་མི་འགྱུར་བས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། སྒྱུ་མ་ལྟ་བུའི་བློས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་སྙམ་དུ་བསྒོམ། བདེ་བ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་ལ། དེ་ཐོབ་པ་ལ་རྒྱུ་ཟག་པ་དང་ཟག་པ་མེད་པའི་དགེ་བའི་རྩ་བསྒྲུབ་པ་དང་ལྡན་ན་སྙམ་པའི་བྱམས་པ་ཡིད་དང་འདྲེ་ངེས་པར་བསྒོམ། དེ་བཞིན་དུ་སྡུག་བསྔལ་ཏེ་ཁམས་གསུམ་འཁོར་བའི་གནས་སྐབས་དང་བྲལ་ན་སྙམ་དུ་བསྒོམ། དེ་དང་བྲལ་བ་ལ་དེའི་རྒྱུ་ལས་དང་ཉོན་མོངས་པའི་ཀུན་འབྱུང་གཉིས་དང་བྲལ་ན་སྙམ་པའི་སྙིང་རྗེ་བསྒོམ། དེ་ནས། རང་གི་སྣ་གཡས་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྣ་གཡས་ནས་ཞུགས། དེ་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་བྱུང་། རང་གི་སྣ་བུག་གཡས་ནས་ཚུར་ཞུགས། སེམས་
༡༣༠ ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བསམ། དེ་ནས་རང་གི་བདེ་བ་སྣ་གཡོན་ནས་འོད་ཟེར་གྱི་རྣམ་པར་འཐོན། སེམས་ཅན་ཐམས་ཅད་ལ་བྱིན་པས་དེ་ཐམས་ཅད་བདེ་བ་དང་ལྡན་པར་བསམ། སེམས་ཅན་གྱི་སྡུག་བསྔལ་བདག་ལ་སྨིན་པ་དེ་ཐོག་ཏུ་གཞག་པས་ཟག་པ་མེད་པའི་བདེ་བ་ཆེན་པོར་གྱུར་པར་བསམ། དེ་ལ་འབྱོངས་ན་དངོས་སུའང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ལ་བསླབ་བོ། དེ་ལྟར་བསྒོམས་པའི་རྗེས་ཐོག་ཏུ་བདག་གིས་འདི་ལྟར་བསྒོམས་པ་དང་། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པ་དེའི་མཐུས་བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་དུ་བསམས་ཏེ་འཕགས་པ་བྱམས་པ་དང་ཀུན་ཏུ་བཟང་པོ་ལ་སོགས་པའི་སྨོན་ལམ་ལ་འཇུག་པར་བྱའོ། །དེ་ལྟར་རྟེན་འབྲེལ་གྱི་སྒོམ་པའི་རིམ་པའི་མན་ངག་དམ་པའི་ཆོས་ཀྱི་ཟམ་ཏོག་ཅེས་བྱ་བ་འདི་ནི། སྡེ་སྲིད་རིན་པོ་ཆེ་ཕག་མོ་གྲུ་པ་དཔལ་གོང་མ་ཆེན་པོའི་ཐུགས་དམ་དུ། བཀའ་བརྒྱུད་ཀྱི་བཙུན་པ་པདྨ་དཀར་པོས་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། ལཾ།། །།

སོ་ལུགས་བླ་མའི་བྱིན་རླབས།

༦༧ ༈ ༀ་སྭ་སྟི། བཀའ་བབས་བར་པའི་ནང་ཚན་སོ་ལུགས་བླ་མའི་བྱིན་རླབས་གཏོར་མའི་དབང་ནི། དཀྱིལ་འཁོར་པདྨ་འདབ་བཞིའི་དབུས་སུ་མཉྫིའི་ཁར་གཏོར་ཟླུམ་འཁོར་བཞིས་བསྐོར་བ་དང་། བདུད་རྩིའི་ཐོད་པ་བཤམས། མཐའ་མཆོད་པ་ཅི་འབྱོར་བས་བསྐོར། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོ་མི་ཕྱེད་པར་བཅིངས་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར་གྱི་སྡོང་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་པད་འདབ་བཞིའི་ལྟེ་བར་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ། ཧྲཱིཿལས་འོད་ཟེར་འཕྲོས་རི་བོ་པོ་ཏ་ལ་ནས་མགོན་པོ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤབྡས་མཆོད། ཧྲཱིཿ འཁོར་བའི་སྐྱོན་གྱིས་མ་གོས་པ། །འཇིག་རྟེན་གསུམ་གྱི་དཔག་བསམ་ཤིང་། །པདྨ་
༦༨ དཀར་པོ་གཡོན་ན་བསྣམས། །རིག་སྔགས་འཆད་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་ལ་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བརཤར་བར་བསམ་ལ། ༀ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླ། དེ་ནས་མདུན་གྱི་གཏོར་མ་མི་དམིགས་པ་ལས་རང་གི་སྤྱི་བོའ་ཐད་ཀའི་ནམ་མཁར་པདྨ་འདབ་བཞི་པ་ཡོངས་སུ་རྒྱས་པའི་དབུས་སུ་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་རང་གི་རྩ་བའི་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་དམ་པ་རྒྱ་གར་བ་སྐུ་མདོག་སྨུག་ལ་དམར་བའི་མདངས་ཆགས་པ། གཅེར་བུ་མཆོག་ཏུ་འབར་བའི་གཟི་བྱིན་ཅན། རས་ཀྱི་ཨཾ་རག་གསོལ་ཞིང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་། སྣང་སྲིད་ཟིལ་གྱིས་གནོན་པའི་ལྟ་སྟངས་མཛད་པ། དེའི་ཕྱི་རོལ་གྱི་པདྨའི་འདབ་མ་བཞི་ལ་གཡས་སུ་ཐུབ་དབང་། གཡོན་དུ་འཇམ་དཔལ་དབྱངས། མདུན་དུ་སྤྱན་རས་གཟིགས། རྒྱབ་ཏུ་རྡོ་རྗེ་ཕག་མོ་དམར་མོ་རྣམས་བཞུགས་པའི་མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབ་པ་ལྟར་གསལ་བའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམས་ལ། མཆོད་པ་རཾ་ཡཾ་ཁཾ་གིས་བསངས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ཨཱཿལས་མཆོད་རྫས་ཡེ་ཤེས་ཀྱི་བདུད་རྩིའི་རོལ་པ་བཧཱུྃ་གིས་མཁའ་ཁྱབ་ཏུ་འཕེལ་ཞིང་རྒྱས་པར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་པ་ཇི་སྙེད་ཡོད་པ་དང་། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་
༦༩ དངོས་པོ་ཀུན། །རྩ་བརྒྱུད་བླ་མ་དམ་པ་དང་། །རྒྱལ་བ་སྲས་དང་བཅས་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭ་ཧཱ། ནས་ཤབྡའི་བར་གྱིས་མཆོད། གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་རབ་བསལ་གསལནས། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ལ། རྩ་བའི་བླ་མའི་ཐུགས་ཀ་ནས་ཐུགས་རྗེ་ཆེན་པོའ་བདུད་རྩིའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ནས་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ་ལ། ༀ་ཨཱཿཧྲཱི་གུ་རུ་དྷརྨ་ཀཱ་ཡ་སིདྡྷི་ཧཱུྃ་ༀ་ཨཱཿཧྲཱི་གུ་རུ་སམྦྷོ་ཀཱ་ཡ་སིདྡྷི་ཧཱུྃ། ༀ་ཨཱཿཧྲཱིཿགུ་རུ་ནི་རྨ་ཀཱ་ཡ་སིདྡྷི་ཧཱུྃ། ཞེས་ཅི་ནུས་བཟླས་མཐར། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རིག་པ་དྲི་མེད་ཀྱི་དོན་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། དེ་ནས་སློབ་མ་རྣམས་ཁྲུས་དང་ཕྱག་བྱས། གྲལ་དུ་འཁོད་པ་ལས། སྔོན་གཏོར་བཏང་ཞིང་མཚམས་བཅད་ནས། སེམས་བསྐྱེད་དང་ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། དམ་ཆོས་སྡུག་བསྔལ་ཞི་བྱེད་ལ་བཀའ་བབས་གསུམ་ལས། འདིར་བཀའ་བབས་བར་པ་ཞེས་རྗེ་བཙུན་དམ་པ་རྒྱ་གར་བའི་ཐུགས་ཀྱི་སྲས་གཙོ་བོར་སྣང་བ་རྨ་སོ་ཀམ་གསུམ་ལས། འདིར་སོ་དགེ་འདུན་འབར་ལ་གསུངས་པ་སོ་ལུགས་སུ་གྲགས་པ་དེ་ལགས། དེའང་སྨིན་གྲོལ་གྱི་གདམས་པ་གཉིས་ལས། འདིར་སྨིན་བྱེད་དབང་གི་ཚུལ་དུ་བླ་མའི་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས།
༧༠ ད་ཁྱེད་རང་གི་བྱ་བ་ཐོག་མར་མཎྜལ་ཕུལ་མཛོད། དེ་ནས་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་དང་། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་གསུམ། དེ་ནས་མདུན་གྱི་ནམ་མཁར་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་དམ་པ་རྒྱ་གར་བ་ལ་བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་མཁའ་འགྲོ་དམ་ཅན་རྒྱ་མཚོའ་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་སད་པའི་སྤྱན་སྔར་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་གིས་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ་ལ་སྐྱབས་སུ་མཆིའོ། །ལན་གསུམ། གཞན་དོན་རླབས་པོ་ཆེ་སྒྲུབ་པའི་ལྷག་བསམ་བརྟན་པོས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ལན་གསུམ། ཚོགས་ཞིང་ཁྱད་པར་ཅན་རྣམས་ཀྱི་དྲུང་དུ་ཚོགས་བསགས་པ་འདིའི་རྗེས་ཟློས་མཛོད། དམིགས་བཅས་དམིགས་མེད་གཉིས་སུ་མེད་པ་ཡི། །རང་རིག་བླ་མའི་སྐུ་ལ་ཕྱག་འཚལ་ལོ། །མཆོད་བྱ་མཆོད་བྱེད་དབྱེར་མེད་ཟུང་འཇུག་དངོས། །རྣམ་དག་ཆོས་ཀྱི་སྐུ་ལ་མཆོད་པར་འབུལ། །ཉོན་མོངས་ཡེ་ཤེས་བླང་དོར་མེད་པ་ཡི། །རིག་པ་དྲི་མེད་ངང་དུ་སྡིག་ཀུན་བཤགས། །ཡེ་ནས་སངས་རྒྱས་བློ་ཡིས་མ་བཅོས་པ། །བཅིང་གྲོལ་མེད་པར་སྐྱོང་ལ་ཡི་རང་ངོ། །སེམས་ཉིད་གདོད་ནས་དག་པ་ཆོས་སྐུའི་ཀློང་། །རྩོལ་མེད་
༧༡ ཡང་དག་དྲན་པའི་ཆོས་འཁོར་བསྐོར། །བདེ་སྡུག་ལ་སོགས་རྐྱེན་དང་འཕྲད་པའི་ཚེ། །སྒོམ་པ་མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བ་འཁོར་གསུམ་དམིགས་མེད་དག་པ་ཡིས། །མཚན་འཛིན་མེད་པར་བྱང་ཆུབ་ཆེན་པོར་བསྔོ། །བྱ་བྱེད་མེད་པར་བྱ་བ་ཀུན་རྫོགས་པའི། །ཆོས་ཉིད་སྤྲོས་བྲལ་རྒྱུན་དུ་སྐྱོང་བར་ཤོག །ཅེས་གསུམ། བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱིས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། མཉམ་རྗེས་ཀུན་ཏུ་འོད་གསལ་འབའ་ཞིག་དང་། །གང་ཡང་མ་སྐྱེས་ཅི་ཡང་མ་འགག་པར། །མཁྱེན་གཉིས་ལྡན་པའི་འགྲོ་མགོན་རིན་པོ་ཆེ། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །རིག་པ་དྲི་མེད་རྟོགས་པར་བྱིན་གྱིས་རློབས། །ཞེས་བརྗོད། །དེ་དག་ནི་དབང་གི་སྔོན་འགྲོའོ། །དངོས་གཞི་ལ་མདུན་གྱི་གཏོར་མ་འདི་ཉིད་པདྨ་འདབ་བཞིའི་དབུས་སུ་གདན་བཞི་རྫོགས་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་དམ་པ་སངས་རྒྱས་གཟི་བརྗིད་མཆོག་ཏུ་འབར་བའི་གཡས་སུ་ཐུབ་དབང་། གཡོན་དུ་འཇམ་དབྱངས། མདུན་དུ་སྤྱན་རས་གཟིགས། རྒྱབ་ཏུ་ཕག་མོ་རྣམས་ལ་བརྒྱུད་པའི་བུམ་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས་ཀྱིས་བསྐོར་བ་བཞུགས་པར་མོས་ལ་འདིའི་རྗེས། ཀྱཻ་དམ་པ་རྗེ་བཙུན་རྣམས་བདག་ལ་དགོངས་སུ་གསོལ། རྩ་བརྒྱུད་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས། ཁྱེད་རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་རྣམ་པ་ཅན་དུ་གྱུར་པའི་བའིསྤྱི་བོར་གཏོར་མ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་རྣམ་པ་ཅན་དུ་
༧༢ བྱོན་པ་དེ་ཉིད་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། གཏོར་མ་ལྷར་གསལ་བའི་སྐུའི་ཆ་ཐམས་ཅད་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་བྱུང་། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཆར་ལྟར་བབས་ནས་རྒྱུད་ལ་ཞུགས་པའི་མོས་པ་མཛོད། སྤོས་འཐུལ་ཞིང་རོལ་མའི་སྒྲ་དང་བཅས་པས་གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ། རྩ་བརྒྱུད་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས། །ཐུགས་རྗེ་བརྩེ་བས་འདིར་དགོངས་ཤིག །སྐལ་ལྡན་རིགས་ཀྱི་བུ་འདི་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ། །རིག་པ་དྲི་མེད་རྟོགས་པར་མཛོད། །ༀ་ཨཱཿཧཱུྃཿཧྲཱིཿགུ་རུ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་བས་ལུས་ཀྱི་སྡིག་སྒྲིབ་དག་ནས། ལུས་ལྷ་སྐུ་འཇའ་ཚོན་ལྟ་བུར་གྱུར་པས་བསབུམ་པའི་དབང་རྫོགས། ཕྲིན་ལས་བཞི་ལ་དབང་ཐོབ་པར་གྱུར་པའོབའོ། །དེ་ནས་ཁྱེད་རང་སྤྱན་རས་གཟིགས་སུ་གསལ་བའི་ལུས་ཀྱི་དབུས་སུ་མཁའ་འགྲོ་མ་གསུམ་གྱི་རང་བཞིན་རྩ་གསུམ་གསལ་བའི་སྟེང་དུ་པད་ཟླ་ཉི་མའི་གདན་ལ་རྩ་བརྒྱུད་ཀྱི་བླ་མ་དང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྗེ་བཙུན་དམ་པའི་སྐུ་གཟི་མདངས་དང་ལྡན་པ། ལྟེ་འོག་རྩ་གསུམ་འདུས་མདོར་རྡོ་རྗེ་དམར་པོ་མཚོན་ཚོནགང་པ་ཧཱུྃ་གིས་མཚན་པ་བསྒོམ་ལ་རླུང་ཁ་སྦྱོར་དུ་བཅིངས་པས་རྡོ་རྗེ་དེ་འདར་ཁྲིལ་ལི་ལི་གནས་པའི་ལྟེ་བའི་ཧཱུྃ་ལས་ཧཱུྃ་ཡིག་དཔག་མེད་སྤྲོས་པ་དབུ་མའི་ལམ་བརྒྱུད་ཚངས་བུག་ནས་འཐོན་མཁའ་འགྲོ་དཔག་ཏུ་མེད་པར་གྱུར་སྙམ་དུ་བསམ་པར་བྱ་ཞིང་། དེའི་ཚེ་གཏོར་མ་ལྷར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པ་མདས་མདོསཔའི་མོས་པའང་མཛོད། བདུད་
༧༣ རྩི་བྱིན་ཏེ། ༀ་ཨཱཿཧྲཱིཿགུ་རུ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བདུད་རྩི་མྱང་བས་ངག་སྒྲིབ་དག་ནས་གསང་དབང་རྫོགས། རྩ་རླུང་སྒོམ་པ་ལ་དབང་ཐོབ་པར་གྱུར་པའོ། །དེ་ནས་ཚངས་བུག་ནས་འཐོན་པའི་མཁའ་འགྲོའི་ཚོགས་རྣམས་ཀྱིས་མེ་ཏོག་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་སྤྲིན་སྤྱི་བོའ་བླ་མ་ལ་ཕུལ་བས། བླ་མ་དགྱེས་པ་ཆེན་པོས་བཞད་ཅིང་སྐུའི་གནས་གསུམ་ལས་བདུད་རྩི་དཀར་དམར་མཐིང་མཐུགསུམ་འོད་ཟེར་གྱི་ཚུལ་དུ་བྱུང་བ་ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་ལུས་སེམས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ངོ་བོར་བདེ་ཁྲིལ་གྱིས་གང་ཞིང་ཁྱབ་པར་བསམ་དུ་བཅུག་ལ། སྤོས་རོལ་བྱ་ཞིང་ཉམས་སྤར། དེས་ཡིད་སྒྲིབ་དག་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་རྫོགས། བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་སྒོམ་པ་ལ་དབང་ཐོབ་པའོ། །དེ་ལྟར་ཉམས་འབར་ན་དེ་ཀ་ར་ཞིག་བསྐྱང་དུ་བཅུག །རྗེས་སུ་དེའི་ངང་ལ་ལྷོད་ཀྱིས་ཀློད་པས་མི་རྟོག་པའི་ཏིང་ངེ་འཛིན་ཤུགས་ཀྱིས་འཆར། དེ་ལ་ངོ་སྤྲོད་དེ། འོ་ཁྱོད་ཀྱི་ཤེས་པ་ལ་ད་ལྟ་ཅི་དྲན་པར་འདུག །སྔར་བྱིན་རླབས་བྱས་དུས་ཀྱང་ཇི་འདྲ་ཞིག་དྲན་བྱུང་། དེ་ངོས་བཟུང་ལ་ལྟོས་དང་བལྟས་པ་བདེ་དང་དེའི་ཆོ་ཆོསརྣམ་པར་རྟོག་པ་གང་ཡང་ཡིད་ལ་མི་འགྱུ་ཞིང་གསལ་རིག་རྗེན་པ་ཡེ་རེ་བ་ཞིག་སྣང་ན་དེ་ཀ་སེམས་ཉིད་རང་བཞིན་གྱིས་འོད་གསལ་ལམ་རང་རིག་དྲི་མེད་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེ་ཡིན་པས་དེ་ལྟར་ཡིད་ལ་མི་བྱེད་པའི་ཤེས་པ་དྭངས་སང་ངེ་བ་ལ་གནས་པ་དེ་ནི་ཁྱེད་ཅག་བླ་མའི་དྭངས་མ་ཐུགས་ཀྱི་དཀྱིལ་འཁོར་དུ་བཅུག་པ་ལགས་ཀྱིས། ཨེ་མའོ་ཡིད་ལ་མི་བྱེད་པའི་ཤེས་པ་དེ་ཀ་རིག་པ་དྲི་མ་མེད་པའི་འོད་གསལ་དུ་འདུག་སྙམ་དུ་ངེས་ཤེས་སྐྱེས་པ་དེ་ནི་ནང་གི་དཀྱིལ་འཁོར་དུ་ཚུད་ནས་ཆོས་ཉིད་དོན་གྱི་དབང་ཐོབ་པ་སྟེ། སྐུ་གདུང་འབར་བའི་རྒྱུད་ལས། གང་ལ་སྟོང་
༧༤ ཉིད་འདི་རུང་བས། །དེ་ལ་ཐམས་ཅད་རུང་བ་ཡིན། །སྟོང་ཉིད་རྟོགས་པར་གྱུར་ན་ནི། །དབང་རྣམས་བསྐུར་བར་གྱུར་པ་བཡིན། ཞེས་དང་། སྡོམ་འབྱུང་ལས། འོད་གསལ་བ་ཡི་གོ་འཕང་ཐོབ། །ཧེ་རུ་ཀ་དཔལ་ཡང་དག་གནས། །ཞེས་གསུངས། དེས་བག་ཆགས་ཀྱི་སྒྲིབ་པ་དག་ནས་ཚིག་དབང་རིན་པོ་ཆེ་རྫོགས། འོད་གསལ་ཕྱག་རྒྱ་ཆེན་པོའ་དོན་རྗེན་པར་རྟོགས་པ་ལ་དབང་ཐོབ་པའོ། །དེ་རྣམས་ཀྱིས་ནི་བླ་མའི་ཐུགས་ཀྱི་དཀྱིལ་འཁོར་དུ་དོན་གྱི་དབང་བཞི་ཐོབ་པས་སྒྲིབ་བཞི་དག་ཟུང་འཇུག་གི་ལམ་སྒོམ་པ་དང་། འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་ལ་སྦྱོར་བའི་ནུས་པ་ཁྱད་པར་ཅན་བཞག་པ་ཡིན་ནོ། །སླར་ཡང་བརྟན་པར་བྱ་བའི་ཕྱིར་གཏོར་མའི་ལྷ་ལ་མོས་གུས་བྱས་པས་ལྷ་ཚོགས་འོད་དུ་ཞུ་ཞུགསནས་སོ་སོ་རང་རང་ལ་ཐིམ། དེ་དག་གི་སྐུ་གསུང་ཐུགས་རང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པའི་རང་ལ་མཉམ་པར་བཞག་གོ །དེ་ཡང་ང་ལས་ཨཀྵ་ལྔ་བཅུ་བརྗོད་པས། སྣང་གྲགས་དྲན་པའི་ཆོས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་བརཤེས་པ་དང་རྟག་ཏུ་མི་འབྲལ་བར་གྱིས་ཤིག །ཅེས་བརྗོད། དེ་ནས་གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་བཟུང་། གཏོང་རག་གི་མཎྜལ་འབུལ་དུ་གཞུག །བསྔོ་བ་བྱ་ཞིང་། ཆོ་གའི་རྗེས་ཆོག་རྣམས་ཀྱང་སྔར་གྱི་འགྲོས་ཀྱིས་ཤེས་པར་བྱའོ། །དར་རྒྱས་འཕེལ།།

༄༅། སྦྱོར་དྲུག་གེགས་སེལ་བཞུགས།

༢༦༩ ༄༅། སྦྱོར་དྲུག་གེགས་སེལ་བཞུགས།
༢༧༠ ༄༅། །ན་མོ་གུ་ར་ཝེ། སྐབས་འདིར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་ཉེར་མཁོའ་ཡན་ལག་ཏུ་གེགས་སེལ་གྱི་མན་ངག་ཅུང་ཟད་ཙམ་ཞིག་བཤད་པར་བྱའོ། །དེ་ལ་གེགས་ཐམས་ཅད་བསྡུ་ན་གསུམ་སྟེ། ལུས་སེམས་གཉིས་ཀ་ལ་གནོད་པ་བདུད་ཀྱི་གེགས་དང་། གཙོ་བོར་སེམས་ལ་གནོད་པ་ཏིང་ངེ་འཛིན་གྱི་གེགས་དང་། གཙོ་བོར་ལུས་ལ་གནོད་པ་འབྱུང་བ་ལུས་འཁྲུགས་རྗེས་འབྲངས་དང་བཅས་པའི་གེགས་སོ། །དེ་རྣམས་ཐུན་མོང་དུ་སེལ་བ་ནི། བླ་མའི་མོས་གུས་དང་། གང་ཤར་སྒྱུ་མ་ལྟ་བུར་ཤེས་པའི་ལྟ་བ་དང་། སེམས་ཅན་མཐའ་དག་ལ་བཅོས་མིན་གྱི་སྙིང་རྗེ་ཆེན་པོ་དང་། སྡིག་པ་བཤགས་པ་དང་། ཚོགས་གསོག་པ་ལ་ནན་ཏན་དུ་བྱེད་པ་རྣམས་ཡིན་པ་ལ། གེགས་སེལ་བོག་འདོན་ཐམས་ཅད་ཀྱི་གཙོ་བོ་ནི་བླ་མའི་མོས་གུས་ཁོ་ན་སྟེ། བསགས་སྦྱང་གི་གཙོ་བོ་ཡང་མོས་གུས་ཀྱི་སྒོ་ནས་བླ་མའི་ཕྱིར་དུ་དཀའ་སྤྱད་བྱེད་པ་ཡིན་ཅིང་ཞིང། གེགས་ཐམས་ཅད་མོས་
༢༧༡ གུས་གཅིག་པུས་རང་གྲོལ་དུ་འགྲོ་བ་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པའི་ཚུལ་དུ་ཡོང་བས། མཁས་རློམས་གང་དག་བླ་མའི་མོས་གུས་བསྒོམ་པའི་ལམ་བླུན་པོ་དང་ཉི་མའི་ཆོས་ཡིན་པར་བརྩི་ཞིང་། རང་ལ་ཡོན་ཏན་ཕྲ་མོ་ཡོད་པའི་ཡུས་ཀྱིས་བླ་མ་བསྟེན་ཚུལ་ཆོས་ནས་བཤད་བཞིན་མི་བྱེད་ཅིང་མན་ངག་ལ་ཐོབ་གཤའ་བྱེད་པའི་ཚུལ་དུ་དབང་ཆེའི་སྤྱོད་པས་ལེན་པར་བྱེད་པ་རྣམས་ལ་ནི་ཉམས་མྱོང་ཡེ་མི་སྐྱེ་བའམ། ཅུང་ཟད་སྐྱེས་ཀྱང་བར་ཆད་ཀྱིས་འཁྱེར་བར་ཐེ་ཚོམ་མེད་དོ། །དེས་ན་མོས་གུས་ལ་སོགས་པའི་གནས་ལྔ་པོ་འདི་རྣམས་བོར་ནས། དམིགས་པ་རླུང་སྦྱོར་ལུས་སྦྱོང་སད་སུད་ཙམ་དང་། དབྱུག་ཆོས་དང་འཇིབ་རུ་ཁབ་བཙག་དང་མེ་གཏར་ལ་སོགས་པ་ནད་བཅོས་ཐན་ཐུན་རེས་གེགས་སེལ་ཞིང་བོགས་ཐོན་པར་རེ་བ་ནི་འཁྲུལ་པས་འཁྲུལ་པ་མགོ་བསྐོར་བ་ཡིན་ནོ། །སྔར་གྱི་གནད་ལྔ་པོ་དེ་ཚང་བའི་སྟེང་ནས། འབྱུང་བ་ལུས་འཁྲུགས་ཡིན་ན་བཅོས་ཕྲ་མོ་དེ་རྣམས་བྱས་ཀྱང་ལེགས་
༢༧༢ པར་འགྱུར་བའི་སྐབས་ཅུང་ཟད་ཡོད་མོད། ཉམས་དང་གེགས་ཀྱི་དབྱེ་བ་ངོ་མ་ཤེས་པ་དང་། གེགས་རང་ཡིན་ཀྱང་སྐབས་འགར་ཕན་ལས་གནོད་ཆེ་བའང་འབྱུང་སྲིད་པས་ཉམས་མྱོང་ཅན་གྱིས་ལེགས་པར་བརྟག་པ་གལ་ཆེའོ། །གེགས་གསུམ་པོ་དེ་རྣམས་སོ་སོར་བསྲུང་ཞིང་སེལ་བ་ནི། བདུད་གེགས་ལ་རྒྱུད་སྡེ་ནས་གསུངས་པའི་བསྲུང་བཟློག་སྟོང་པ་ཉིད་དང་སྙིང་རྗེས་ཟིན་པའི་ཁོག་ནས་ཉམས་སུ་བླངས་པས་སེལ། སྤྱིར་ན་ཚ་དང་མི་འདོད་པ་དང་རྨི་ལམ་ངན་པ་དང་ལྟས་རྩུབ་པ་སོགས་བདུད་ཀྱི་བར་ཆད་ཡིན་པའི་ངེས་པ་མེད། རྐྱེན་དེས་ཆོས་ལ་བར་ཆད་ཆེ་བར་སོང་ན་བདུད་ཀྱི་བར་ཆད་ཡིན། རྐྱེན་དེས་ཆོས་དང་དགེ་བ་ལ་བསྐུལ། ཐ་ན་རིམ་གྲོ་ཚུན་ཆད་ཀྱིས་ཀྱང་དགེ་ལས་འཕེལ། སྙིང་རྗེ་ངེས་འབྱུང་མོས་གུས་སོགས་སྔ་ཕྱིར་ཇེ་འཕེལ་དུ་འགྲོ་བ་བྱུང་ན་དཀོན་མཆོག་གི་ཐུགས་རྗེས་ཆོས་ལ་བསྐུལ་མ་ཡིན། རྨི་ལྟས་བཟང་། ལོངས་སྤྱོད་འཕེལ། མི་ཁ་བྱམས། གཏམ་སྙན། འཕྲལ་སྐྱིད་ཀྱང་དཀོན་མཆོག་གི་བྱིན་རླབས་ཡིན་པའི་ངེས་པ་མེད། དེ་ལ་བརྟེན་ནས་ཆོས་མི་འཕེལ་བར་སོང་ན་བདུད་ཀྱི་བར་ཆད་ཡིན། རང་གཞན་གྱི་དགེ་བ་གོང་འཕེལ་དུ་སོང་ན་དཀོན་མཆོག་གི་བྱིན་བརླབས་སམ་དཀར་ཕྱོགས་ཀྱི་ལྷའི་མཐུ་ཡིན་ནོ། །སེམས་ཀྱི་གེགས་སམ་ཏིང་ངེ་འཛིན་གྱི་གེགས་ནི། བྱིང་རྒོད་གཉིས་དང་། རྣམ་རྟོག་རྒྱུན་ཆགས་དང་། ཉོན་མོངས་དྲག་པོ་རྒྱུན་གཅོད་དཀའ་བ་རྣམས་ཡིན་པས། སེམས་བྱིངས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་དང་། འཕགས་པ་རྣམས་ཀྱི་ཡོན་ཏན་དང་། བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་དང་། ཆོས་ཀྱི་ཕན་ཡོན་རྣམས་
༢༧༣ བསམས་ནས་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་དེ། རིག་པ་ཤུགས་བཏོན་ནས་བསྒྲིམ་ཞིང་བསྒོམ་པས་སེལ། གཞན་ཡང་ཐུན་ཆུང་ངུར་བཅད། ས་མཐོ་བ་དང་། མཐོངས་དཀར་བ་དང་། བསིལ་སར་བསྒོམ་པ་དང་། ཆུ་ལྕག་དང་། ཟླ་བའི་དཀྱིལ་འཁོར་ལ་ལྟ་བ་ལ་སོགས་པས་ཀྱང་སེལ། ཁ་ཟས་དང་སྤྱོད་ལམ་གྱིས་ཀྱང་བསལ་ལོ། །འདོད་ཡོན་དྲན་པ་སོགས་རྒོད་པ་ལ་འཁོར་བའི་སྡུག་བསྔལ་དང་། ཚེ་འདི་མི་རྟག་པ་དང་། མཐོ་དམན་འབྱོར་རྒུད་དང་། འཁོར་བའི་ཆོས་གང་ལའང་སྙིང་པོ་མེད་ཚུལ་བསམས་ནས་སྐྱོ་ཤས་དྲག་པོ་བསྐྱེད། ཤེས་པ་ཁོང་གློད་པའམ་རིགས་གཅིག་ལ་དྲན་པའི་བྱ་ར་བ་བཞག་ནས་ཅུང་ཟད་བསྒྲིམ་པས་སེལ་བའང་ཡོད། གཞན་ཡང་བྱིང་བ་སེལ་བྱེད་ཀྱི་ལྡོག་ཕྱོགས་རྣམས་བསྟེན་ཅིང་། ཁ་ཟས་དང་སྤྱོད་ལམ་གྱིས་ཀྱང་བསལ་ལོ། །རྣམ་རྟོག་རྒྱུན་ཆགས་ནི་འཕྲོ་བ་ངོས་འཛིན་པ་དང་། རྣམ་རྟོག་གྲངས་ལ་འདེབས་པ་དང་། ཐུན་འཕྲོ་བཅད་ཀྱིན་བཅད་ཀྱིན་དྲན་པས་བཟུང་བས་སེལ། རྣམ་གཡེང་གི་ཉེས་དམིགས་དང་། སེམས་གནས་པའི་ཕན་ཡོན་བསམ། གྲིམ་ལྷོད་སྤེལ་མར་བྱས་ཏེ་བསྒོམས་ན་སེལ་བ་ཡིན་ནོ། །དེ་བཞིན་དུ་ཉོན་མོངས་སོ་སོ་ལ་སོ་སོའ་གཉེན་པོ་ཅི་རིགས་པ་བསྟེན་ནས་དབྱིངས་སུ་མཉམ་པར་འཇོག་པ་སྟེ། ཞེ་སྡང་ལ་སྙིང་རྗེ། འདོད་ཆགས་ལ་མི་གཙང་བ། སྲེད་ཞེན་སེར་སྣ་སོགས་ལ་ངེས་འབྱུང་སོགས་སོ་སོའ་གཉེན་པོར་མདོ་རྒྱུད་སོགས་ལས་གསུངས་པ་རྣམས་ཅི་རིགས་པར་བསྒོམ་པས། ཉོན་མོངས་ཡུལ་དང་བཅས་པ་སྒྱུ་མ་ལྟ་བུར་ཤེས་བཞིན་པས་དབྱིངས་ལ་
༢༧༤ མཉམ་པར་བཞག་ན་སེལ་བར་འགྱུར། འབྱུང་བ་ལུས་འཁྲུགས་རྗེས་འབྲངས་དང་བཅས་པ་སེལ་བ་ལ། དང་པོར་ནད་གདོན་བརྟག་པ་ནི། ལྟེ་བའི་རྩ་འདབ་རེ་བཞི་དང་། གསང་གནས་ཀྱི་ཕྱི་སྐོར་བཅུ་དྲུག་སྟེ་བརྒྱད་བཅུ་ལས་གྲངས་ནད་བསྐྱེད་ཅིང་དེ་རྣམས་ཀྱི་སྐྱོན་རྣམས་ལས་ལུས་ཀྱི་སྨད་ལྕི། བཤང་གཅིའི་ལམ་མི་བདེ། རྩ་ཆུ་སྡོམས་པའམ་དགག་དཀའ་བ་འབྱུང་། སེམས་འཕྲོ་ཞིང་གཉིས་མེད་པའམ་ཆུང་། ཁ་ཟས་བསིལ་བ་གནོད། གཞན་ཡང་རླུང་རྐྱང་པའི་ནད་ཕལ་ཆེར་ཡང་རྩ་དེ་རྣམས་ལ་བརྟེན་པ་ཡིན་ནོ། །མགྲིན་པའི་རྩ་སོ་གཉིས་དང་སྙིང་གའི་བརྒྱད་དེ་བཞི་བཅུ་ལས་མཁྲིས་པ་དང་ཚ་བའི་ནད་གཙོ་བོར་བསྐྱེད་དེ་རྔུལ་ཆེ། སྐྱུག་སྟོངས་འབྱུང་། ཟས་ཀྱི་རོ་མི་གསལ། གཉིད་ཆེ། མགོ་བོ་ལྕི། ཁ་ཟས་དྲོད་དང་བཅུད་གནོད། གཙུག་ཏོར་གྱི་རྩ་འདབ་བཞི་དང་དབྲལ་བའི་བཅུ་དྲུག་སྟེ་ཉི་ཤུ་ལས་ཚ་གྲང་གཉིས་ཀར་དང་བད་ཀན་བསྐྱེད་དེ། བཀྲག་མདངས་ཤོང་ཤོར། ཕོ་བ་མི་བདེ། ཆུ་སྐྱུར་སྐྱུག །ཟས་ཞུ་རྗེས་འཕོ་བ་ཚ། ལུས་ལྕི། རྙིང་པ་དང་བཅུད་ཅན་གནོད་པའོ། །གཞན་ཡང་མཆིན་པ་ལ་ནད་ཡོད་ན། མིག་མི་གསལ་ཞིང་ན་བ་དང་། མཁལ་མ་ལ་ཡོད་ན་རྣ་བ་འོན་ཅིང་རྣག་སོགས་འབྱུང་། གློ་བ་ལ་ཡོད་ན་སྣས་དྲི་མི་ཚོར་བསྣབས་མང་། སྙིང་ལ་ཡོད་ན་ལྕེ་མི་བདེ་ཞིང་འབྲུམ་པ་འབྱུང་། མཚེར་པ་ལ་ཡོད་ན་རེག་བྱ་མི་གསལ་ཞིང་ཁོལ་བུར་ན་བ་སོགས་དང་། རུས་པ་ལ་ཡོད་ན་སོ་སེན་བཀྲག་མེད་པ་དང་། ཤ་ལ་ཡོད་ན་དྲེག་པ་ཆགས་ཤིང་བ་སྤུ་ལོག །ཆུ་རྒྱུས་ལ་ཡོད་ན་རེངས་འཁུམ་འབྱུང་། ཁྲག་ལ་ཡོད་ན་ཆུ་དམར་པའམ་སེར་བ་དང་། ལྷ་བ་དང་སྦུབས་ལ་ཡོད་ན་སྐྲ་སྤུ་གྱེན་དུ་ལངས་པ་སོགས་འབྱུང་ངོ་། །འབྱུང་བ་ལུས་འཁྲུགས་ཀྱི་རྗེས་འབྲངས་ནི་
༢༧༥ སྟེང་འོག་གི་གདོན་གཉིས་ཏེ། སྟེང་གདོན་ལ་ལུས་སྤྲིད། དྲན་པ་རྨོངས། རྨི་ལམ་དུ་མུན་ནག་སོགས་འབྱུང་། འདིའི་གྲོགས་ནི་རྒྱལ་འགོང་སོགས་པོཕོ་གདོན་རྣམས་ཀྱིས་བྱེད་པ་མང་། འོག་གདོན་ནི་ལུས་སེམས་ལྕི། དུག་གསུམ་འཕེལ། ལུས་ཁོལ་བུ་ཁོལ་བུར་ན་ཚ་དང་འབྲུམ་པ་སོགས་འབྱུང་། རྨི་ལམ་དུ་སྡིག་སྤྲུལ་སོགས་དུད་འགྲོ་སྣ་ཚོགས། གྲོགས་ནི་མོ་གདོན་དང་བདུད་ཀྱིས་བྱེད་པ་མང་། གྲོགས་གང་ཡིན་པ་དེའི་དངོས་དང་རྨི་ལམ་གྱི་ལྟས་ཀྱང་འབྱུང་ངོ་། །དེ་རྣམས་བཅོས་ཐབས་ལ་འབྱུང་བ་ལུས་འཁྲུགས་སྤྱིར་སེལ་བ་ནི་གདམས་ངག་འདི་ཉིད་ཀྱི་མན་ངག་ལས་འབྱུང་བའི་ལུས་སྤྱོད་རྣམས་ཡིན་ལ། དེ་དག་ཉིན་རེར་མ་ཆགཆགས་པར་བྱས་ན་སྔར་ཡོད་རྣམས་ཐོན་འགྲོ་ཞིང་ཕྱིན་ཆད་མི་འབྱུང་བ་ཡིན་ནོ། །སོ་སོའ་བཅོས་ཐབས་ལ་སྲོག་རྩོལ་གྱི་སྐབས་དང་འབྲེལ་བར། པཎ་ཆེན་ཤཱཀྱ་ཤྲཱིའི་མན་ངག་རྡོ་རྗེའི་ཚིག་དྲུག་གི་འཕྲོས་ལ། བཀག་པས་འོག་སྒོ་བཙན་ཐབས་སུ་འགགས་ན་སྟེང་གི་སྦྱོར་བ་ལ་བརྟེན་ནས་དཀྲོལ་བ་ནི། ལུས་གནད་གཞན་རྣམས་ཅི་བདེར་བཅས། འོག་གི་འབྱེད་འཛུམ་གྱི་སྤྱོད་པས་ཐུར་སེར་འཐེན་གློད་མང་དུ་བྱ། རླུང་རོ་བསལ་ལ་སྟེང་རླུང་དྲག་ཏུ་རྔུབས་ཏེ་གསང་བ་ཤུགས་ཆེན་པོས་མནན། དེ་བས་ཡར་འཐེན་ཏེ་སྟོད་དུ་སླབསླེབས་པ་ཙམ་ན་ལག་པ་ཁུ་ཚུར་བརྐྱང་ཞིང་ནུ་ཁར་བརྡེག །ཁ་ནས་ཧཱ་རིང་ཧ་ཐུང་འདོན་ཅིང་ལུས་འཕར་རྡེབ་བྱ། དྲི་ཆུ་འགགས་པ་ཡིན་ན་དེ་རྗེས་རླུང་སྔར་བཞིན་བཟུང་ལ་སྣ་བུག་གཡས་ནས་མང་དུ་འབུད། དྲི་ཆེན་དགགས་པ་ཡིན་ན་གཡོན་ནས་མང་དུ་འབུད་དོ། །འདི་
༢༧༦ དང་ཕྱོགས་མཚུངས་པ་གཞན་ཡང་བུམ་ཅན་བསྒོམ་པས་ཐུར་སེལ་སྟོད་དུ་ཧགས་པ་དང་། སྲོག་རླུང་ཐུར་དུ་ལྷུང་བ་གཉིས་འབྱུང་བ་འདྲ་སྲིད། ཐུལ་སེལ་གློ་བུར་དུ་གྱེན་རྒྱུའི་གནས་སུ་སླེབ་ན་སྨད་ཀྱི་དྲོད་བསྡུས། སྟོད་ལ་དྲོད་རྒྱས། མགོ་ནས་རླངས་པ་འཕྱུར། ཁོག་ནང་དུ་ཤིང་བརྗོངས་པ་བཞིན་ནོ། །འགའ་ཞིག་ལ་མགོ་བོ་ཟུར་ཟེར་ཆེན་པོ་སྐྱེ་བའང་ཡོད། དབུགས་ནང་དུ་སྡུད་དཀའ། ཁོག་ནང་ནས་ཡར་རླུང་ཕུབ་བསྐོར་བ་བཞིན་འགྲོ་བའི་སྣང་བ་དང་། སྐར་ཁུང་གི་སྣང་བ་འབྱུང་བའང་ཡོད། དེ་ལ་བཅོས་ཐབས་ནི། ཕྱར་བ་ལྟ་བུའི་སྟེང་དུ་གན་རྐྱལ་དུ་བརྟགས་ནས་ཟུར་བཞི་ནས་བཏེགས་ཅིང་། རྒྱབ་ལ་ཅུང་ཟད་བརྡེབ་པ་ཡང་ཡང་བྱ། དེ་ནས་མགོ་མདུན་དུ་བཀུག་ལ་སྒལ་ཚིག་དང་པོ་ནས་གཞུག་ཆུང་གི་བར་དུ་ཁུ་ཚུར་གྱིས་རིམ་པས་བརྡུང་། ཤུགས་ཆེ་ཆུང་ནད་ཁམས་དང་སྦྱར། མར་རྙིང་པའི་བྱུག་པ་དང་རྐང་མཐིལ། དྲོད་དུགས་བྱ། དམིགས་པ་ལ་གནས་པ་འདུག་ན་བུ་ག་མང་པོའ་སྦྱོར་བ་དང་། ནོར་བུར་ཐིག་ལེ་ནག་པོ་ལ་སེམས་གཏོང་དུ་གཞུག་གོ །ངེས་སེལ། གྱེན་རྒྱུ་སྲོག་རླུང་དང་བཅས་པ་དེ་ཐུར་སེལ་གྱི་གནས་སུ་གློ་བུར་དུ་ལྷུབ་ན། རྩ་ཆུ་བསྡམས་པའམ་འོག་སྒོ་སྡུད་མི་ཤེས། རྒྱུ་ཞབས་དང་གཤང་གཅིའི་ལམ་གཟེར། སྟོད་ཀྱི་དྲོད་བསྡུས། སྨད་ལྷག་པར་ཚ། དེ་བཅོས་པ་ནི་གཅིག་གིས་རྐང་པ་ནས་བཟུང་ཞིང་། མགོ་ཞབས་སློག་པའི་ཚུལ་གྱིས་མགོ་ས་ལ་མ་རེག་ཙམ་རྒྱབ་ཏུ་ཁུར། གཅིག་གིས་གཞུག་རུག་ནས་ལྟག་པའི་ཚིགས་པ་ཟད་པའི་བར་བུདུ་ཁུ་ཚུར་གྱིས་རིམ་པས་བརྡུང་། དེ་ནས་རས་སམ་སྣམ་བུ་དྲོན་མོས་དཀྲིས་ཤིང་ཕྱི་ནས་
༢༧༧ བསྡམས། ཡང་ཁ་བུངབབུད་།།།སྤྱི་རྟིང་ལོག་ཚུལ་དུ་བཞགསབཞག་ནས་གོང་བཞིན་ཚིགས་པ་རྣམས་རིམ་པས་བརྡུངས། བུ་ག་མར་པོའ་སྦྱོར་བ་བསྒོམ་ཐུབ་ན་ལེགས་ཏེ་དེས་སེལ། བུམ་ཅན་བསྒོམ་པས་ཀོར་ལེན་ན་ཚ་བྱུང་ན་དལ་བུས་མཉེ་བ་དང་བུ་ག་གསུམ་པའི་སྦྱོར་བས་ཕན། ཀོར་ལེར་འབྲུམ་པ་དམར་ཙེམ་བྱུང་ན་དྲི་ཆུ་གྲང་མོས་བཀྲུས་པས་སེལ། གཞན་ཡང་མགོ་བོ་ན་བ་དང་། སྙིང་འཚངས་པ་དང་། རོ་སྟོང་ཚ་ཀྲམ་ཀྲམ་པ་བྱུང་ན། ཏེ་ཏེ་བརྡུང་པ་དང་། ཐུར་སོགས་ལ་རྒྱུག་པ་དང་། དཔྱངས་ཕྲུལ་བྱས་པས་ཀྱང་ཕན། སྙིང་ག་དང་རྩིབ་ཆུང་ནས་ཡར་ཚ་ཀྲེང་བྱུང་ན་སྐེད་པ་ཡན་ལ་ལས་མི་འཆོལ། འོག་རླུང་དྲག་ཏུ་འཐེན། བརླ་དང་བྱིན་པ་བསྒྲིམ། རྐང་སོར་རྣམས་བསྐུམས་ཏེ་རྐང་པ་བརྐྱང་བསྐུམ་མང་དུ་བྱས་པས་སེལ། བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱེད་པའི་དངོས་གཞི་ནི། ལམ་གྱི་དངོས་གཞི་རྣམས་བསྒོམ་ཞིང་འདྲེན་འགྲེམས་བྱས་པས་འཛག་གེགས་ཕལ་ཆེར་ཆོད་པ་ཡིན་ལ། འཛག་པའི་སྒོ་རྣམས་ནས་བསྲུང་བ་ནི། བཤང་གཅི་དང་བསྡོངས་ནས་འཆོར་བ་ལ་ཐིག་ལེ་རུལ་བ་རྣམས་ནད་དང་འདྲེས་པ་ཆུ་དང་བསྡོངས་ནས་འབྱུང་ཞིང་། འགའ་ཞིག་ལ་བོང་བུའི་ཆུ་འདྲ་བ་འོང་། དེ་ནི་སྙིགས་མ་ནང་དུ་གྱུར་ཟིན་པ་ཡིན་ལ། དྭངས་མ་འཆོར་བའི་རྟགས་སུ་རྩ་ཆུ་དོར་བས་ལུས་འདར་ཤིག་པ་དང་མགོ་འཁོར་བའམ་འགྱེལ་ཚད་པ་འབྱུང་། དེ་ལ་རླུང་ཁ་སྦྱོར་ལྟེ་བ་ནས་རྒྱུ་ཞབས་ཀྱི་བར་དུ་འཐེན་གནོན་བཞི་ལྔ་ཞིག་བྱ། རྒྱ་མཚོ་རི་རབ་ལ་གཅེར་པ་སོགས་ལུས་ཀྱི་འགྱུར་བ་
༢༧༨ བཞི་དང་ལྡན་པས་རླུང་ཁ་སྦྱོར་འཐེན་ནེའི་ངང་ནས་རྩ་ཆུ་རང་འགྲོས་སུ་དོར་བས་ཕན། རྡུལརྔུལ་དང་སྡོངས་ཏེ་འཛག་ན་བྲོདདྲོད་ཆེ་ཞིང་རྡུལརྔུལ་རྩབ་སྟེ་འབྱུང་། དེ་རྗེས་ལུས་ཟི་ལྡབ་ཀྱི་འབྱུང་ཞིང་སྟོབས་ཆུང་། དེ་ལ་ཙན་དན་དུམ་ཙམ་དྲི་ཆུར་བཏབ་སྟེ་དེས་ལུས་བཀྲུ། དེ་ནས་མར་གྱིས་བྱུག་པ་བྱས་ལ་སྲན་ཕྱེ་ལྷ་བུས་དྲིལ་ཕྱིས་བྱ། དམིགས་པ་བ་སྤུའི་བུ་ག་ཐམས་ཅད་ཐིག་ལེ་འོད་དཀར་པོ་ཅན་གྱིས་གང་བར་བསམ། སོ་ཁྲག་དང་སྡོངས་ནས་འཆོར་བ་ནི། ཁྲག་ནག་པོར་འདུག་ན་ནད་ཡིན་པས་ངོར། ཁྲག་མཚལ་ཁ་འབྱུང་ཞིང་མགོ་ཟི་ཡོར་བ་དང་། ཉམས་སྣང་བཀྲག་འཆོར་བའི་རྣམ་པ་བྱུང་ན་ཟུངས་ཁྲག་དང་ཐིག་ལེ་འདྲེས་པ་ཡིན་པས་མཆུ་བཙུམས་པའི་ངང་ནས་ལྕིབས་ཀྱིས་འཇིག་ཚུལ་དང་། བུམ་ཅན་དང་ལྟག་པ་བསྐྱེད་པ་ལྷན་ཅིག་བྱ། མཆིལ་མ་དང་ལྷན་ཅིག་འབྱུང་བ་ཡང་རྟགས་སྔ་མ་དང་འདྲ་ཞིང་། དེ་ལ་བུམ་ཅན་བཟུང་ལུས་སྒྱེད་མིག་བཙུམ་བྱེད་པ་དང་རེས་འགའ་སྤྱི་བོའ་བུམ་ཅན་བཟུང་ཞིང་མིག་ནམ་མཁར་བལྟས་པས་ཕན། སྣ་ཁྲག་དང་སྡོངས་ནས་འཛག་པ་ཡང་རྟགས་གོང་དང་འདྲ། འདི་སྒོ་ཡངས་པས་གེགས་ཆེ་ཞིང་ཅུང་ཟད་སེལ་བ་དཀའ། ཁྲག་གཅོད་ཀྱི་མན་ངག་གཞན་ཡང་བྱ། ཁྱད་པར་བུམ་ཅན་གྱི་ངང་ནས་མཐེབ་འཛུབ་ཀྱིས་སྣ་སྟེམས། སྣའི་རླུང་ནང་དུ་དྲངས་ཞིང་མགོ་སྤྲུག །དེ་ནས་ལངས་ཏེ་ལག་པ་གཡབ་གཡུག་བཞིན་བསྐོར་དགོས་ཏེ། གཡས་གཡོན་གང་ནས་འཛག་པའི་ཕྱོགས་དེ་ཉིད་གཡབ་བོ། །སྣབས་དང་འདྲེས་ན་སྣབས་སྔོ་བསངས་ཚྭ་མི་བྲོ་བ་འབྱུང་། རྟགས་གཞན་གོང་དང་འདྲ། དེ་ལ་བུམ་ཅན་གྱི་ངང་ནས་སྣ་བཀག་སྟེ་སྣའི་རླུང་
༢༧༩ རྔུབས་པ་དེ་ཀས་སེལ། རྣ་པགས་དང་ལྷན་ཅིག་འབྱུང་བ་ཡང་རྟགས་གཞན་འདྲ་བ་ལས། རྣ་བའི་གཏིང་ཟ་བར་འོང་། དེ་ལའང་རླུང་སྦྱོར་བཤད་མ་ཐག་པ་དེ་ཁས་ཕན་ཅིང་རྣ་པགས་དེ་ཟོས་ནའང་ཕན་པར་བཤད་དོ། །དེ་དག་ནི་གེགས་སེལ་སྤྱི་ཁོག་བཤད་པའི་སྡེ་ཚན་ཏེ་དང་པོའོ། །གཞན་ཡང་རླུང་སྟོབས་འཕེལ་ཏེ་ལུས་ལྗི། ཉམས་ཤེད་ཆུང་། ཆགས་པ་སྲབ་པར་འགྱུར་ཏེ། དེ་ལ་གཡས་ཀྱི་རླུང་འགྲོ་འོང་གི་བཟླས་པ་དང་། གཡས་ནས་འབུད་རྔུབ་ཀྱི་བུམ་ཅན་བྱས་པས་སེལ། དེ་བཞིན་དུ་ཆུ་རླུང་འཕེལ་ཏེ་གྲང་ཤུལ་དང་ཁོང་འདར་བྱེད། ངག་སྨྲ་བརྗོད་དཀའ་བར་གྱུར་ན་དྲི་ཆུའི་རྩའི་ལམ་ནས་རྡོར་བཟླས་སོགས་བྱ། མེ་རླུང་འཕེལ་ཏེ་ལུས་རྔུལ། དྲོད་སྐྱེ་མིག་མི་གསལ་བར་སོང་ན་སྣ་གཡོན་ནས་བྱ། རླུང་གི་རླུང་འཕེལ་ཏེ་ལུས་ཡང་ཤེས་པ་འཕྱོ། སྡོད་མི་ཚུགས། སྣ་འགག་པའམ་དྲི་མི་ཚོར་ན་བཤད་པའི་རྩ་ལམ་ལ་དམིགས་ནས་རྡོར་བཟླས་སོགས་བྱ། མཁའ་ཁམས་འཕེལ་ཏེ་གཡང་ས་སྐྱེ། རིག་པ་སྐྱོ། སྟོང་ཉམས་འབའ་ཞིག་འཆར། རྣ་བ་འོན་པ་ལ་སོགས་པར་གྱུར་ན་འོག་སྒོ་གཉིས་འབྱེད་འཛུམ་ཡང་ཡང་བྱ། ཁུ་བའི་ལམ་ལ་དམིགས་ནས་རྡོར་བཟླས་སོགས་བྱ། ཡེ་ཤེས་ཀྱི་ཁམས་འཕེལ་ནས་ཆགས་པ་དྲག་པོ་སྐྱེ། འཛག་གེགས་འབྱུང་། སྨྱོ་བ་ལྟར་གྱུར་ན་རླུང་མཉམ་རྒྱུར་བཏང་། དབུ་མ་ལ་དམིགས་ནས་རྡོར་བཟླས་བུམ་ཅན་སོགས་བྱའོ། །ཡང་མཉམ་གནས་ལ་སོགས་པའི་རླུང་སྐྱོན་ཀྱང་འཆོས་དགོས་ཏེ། མཉམ་གནས་རྒྱས་པས་མང་དུ་ཟོས་
༢༨༠ ཀྱང་བཀྲེས་ཤིང་སྟོབས་ཆུང་། ངལ་ཞིང་དུབ་ན་གཡས་ཀྱི་མེ་རླུང་ལ་དམིགས་ནས་བུམ་ཅན་དང་རྡོར་བཟླས་བྱས་པས་སེལ། མཉམ་གནས་སྟོབས་ཉམས་ན་ཟས་མི་འཇུ། དམུ་ཆུ་དང་སྐྲན་སོགས་སུ་འགྱུར་བས་གཡོན་གྱིས་རླུང་ལ་དམིགས། སྲོག་རླུང་འཕེལ་ན་དྲོད་ཉམས། རླུང་སེམས་རྒོད། སྨྱོ་འབོག་ཏུ་འགྱུར། དྲི་ཆུའི་ལམ་གྱི་རླུང་ལ་དམིགས། དེས་སྟོབས་ཉམས་ན་ལུས་སྟོབས་འཚོར། དྲན་པ་ཉམས་བརྒྱལ་བ་ལ་སོགས་པར་འགྱུར་ཏེ་བཤད་པའི་རྩའི་རླུང་ལ་དམིགས། གྱེན་རྒྱུ་འཕེལ་ན་དབུགས་ལྷག་པར་རྒོད། བཟའ་བཏུང་ལ་སྲེད། མང་དུ་སྨྲ། གཡོན་གྱི་ཆུ་རླུང་ལ་དམིགས། དེ་སྟོབས་ཉམས་ན་དབུགས་འགྲོ་འང་དཀའ། བཟའ་བཏུང་གི་རོ་མི་ཚོར། གཡལ་དང་སྐྱིགས་བུ་འབྱུང་། གཡོན་པའི་རླུང་གི་རླུང་ལ་དམིགས་པའམ། དྲི་ཆུའི་ལམ་ལ་དམིགས། ཐུར་སེལ་འཕེལ་ན་བཤང་གཅི་ཁུ་བ་རླུང་སྟེ་འོག་གི་རྒྱུན་ལམ་བཞི་འཛག་པ་དང་ལུས་འདར་པ་སོགས་སུ་འགྱུར། དེ་ལ་གཡོན་གྱིས་རླུང་དམ་བཤང་བའི་རླུང་ལ་དམིགས། དེ་སྟོབས་ཉམས་ན་རྩ་ཆུ་བསྡོམས། རེས་མི་ཐོན། ཕོ་བ་འུར་སྒྲ་འབྱུང་། གཡོན་གྱི་མེ་རླུང་ངམ་སྣ་གཡས་ཀྱི་རླུང་ལ་དམིགས། ཁྱབ་བྱེད་འཕེལ་ན་ཚིགས་རྣམས་སྐྲང་། འགྲོ་འདུག་དཀའ་པགས་པ་དང་བ་སྤུའི་ཁུར་བུ་རྣམས་ཚ་ཞིང་གཟེར། གཡོན་གྱི་རླུང་གི་མཐའ་འམ་དུད་ཅན་མ་ལ་དམིགས། དེ་སྟོབས་ཉམས་ན་ལུས་སྐྲང་། པགས་པ་འགོག །ཁ་སྤུ་བྱི། ཟ་ཕྲུག་ལ་སོགས་པར་འགྱུར། དེ་ལ་དབུ་མ་ལ་དམིགས་ཤིང་མཉམ་རྒྱུའི་སྟེང་ནས་རྡོར་བཟླས་དང་བུམ་ཅན་བྱས་པས་སེལ། རླུང་
༢༨༡ རེངས་བཅོས་པ་ནི། སྲོག་རླུང་སྙིང་ཁར་གཟེར་ན་སྟོད་འཚངས་དང་སྙིང་གཟེར་འོང་། རེངས་ན་སྙིང་རླུང་དུ་འགྲོ་བས་ལུས་ཆུར་བཅུག་སྟེ་གང་ན་ས་དེ་ཆུའི་རྦ་ལ་གཏད། དེ་རྗེས་བསྐུ་མཉེ་བྱ། ནོར་བུ་སེམས་བཟུང་བས་སེལ། གྱེན་རྒྱུ་ཟིན་ན་ཕོ་བའོ། །མཁལ་སྐེད་ན། གཟེར་ཞིང་སྐྱུག །རེངས་ན་པོ་གཟེར་དང་། དམུ་ཆུར་འགྲོ། དེ་ལ་ཆང་གི་ཁ་ཕྲུ་གདབ། ན་སར་དུགས་བྱ། སྐྱིགས་བུ་འདོན། ཤེས་པ་མགྲིན་པར་གཏོད། ཐུར་སེལ་ཟིན་ན་དབྱི་མིག་ན། རོ་སྨད་བཤལ། དྲི་ཆེན་ཧ་ཅང་བསྐ་བ་དང་སླ་བར་འགྱུར། རེངས་ན་སྨད་འཁྱལ་དུ་འགྲོ་བས་བཤང་གཅིའི་ལམ་གྱི་བར་དུ་དྲག་ཏུ་མཉེ་ཞིང་དུགས་བྱ། འོག་སྒོའི་རླུང་སྟེང་དུ་དྲག་ཏུ་དྲངས། ཤེས་པ་ཚངས་བུག་ཏུ་གཏོད། གྱེན་རྒྱུ་ཟིན་ན་མགྲིན་པ་སྐྲང་། རྩེའུ་ཆུང་དང་རྩེ་མགོ་ན། རེངས་ན་ལྐོག་འབྲས་སུ་འགྲོ་བས། རླུང་ཐུར་དུ་མནན་ཅིང་མགྲིན་པ་སྐོར། རླུང་སྣ་ནས་འབུད་པ་དང་དྲག་ཏུ་འདོན། ཁྱབ་བྱེད་ཟིན་ན་མགོ་བོ་སོགས་ལུས་ཁོལ་བུར་ན། རེངས་ན་སྒུར་པོར་འགྲོ་བས་འཆོངས་རྒྱུགརྒྱུགས་དང་བསྐུ་མཉེ་བྱ། མིག་ཏུ་རྒྱུ་བའི་རླུང་རེངས་ན་རབ་རིམ་དང་སྐམ་ཚག་ལ་སོགས་པར་འགྱུར། ཆུ་གྲང་དང་། གུར་གུམ་ལ་སོགས་པའི་བསིལ་སྨན་གདབ། མཐིལ་བཞི་དང་པོ་ལ་གོང་ལ་ཁྲུས་དང་བྱུག་པ་བྱ། རྣ་བ་ལ་མི་ན་བའི་ངོས་བཀབ་ནས། ན་བ་ངོས་ནས་རླུང་དྲག་ཏུ་དྲངས། ཁ་སྣ་ནས་འབུད། སྣ་ལ་ཡང་སྣ་བུག་བཀག་ནས་དེ་བཞིན་དུ་བྱ། ལྕེ་ལ་ཡང་ཁ་བཙུམ། ལྕེ་སྒྲིལ་བ་དང་གཅུ་བ་མང་དུ་བྱས་ནས། ལྕེ་བརྐྱང་ཞིང་ཁ་ནས་རླུང་མང་དུ་
༢༨༢ འདོན། བགས་པ་སོགས་ལུས་སྤྱི་དང་བྱེ་བྲག་ལ་རླུང་དྲག་ཏུ་རྔུབས། རྐང་པའི་སོར་མོ་བསྡུས་ལ་བྲོ་འཁྲབ། ལག་པའི་སོར་མོ་བསྐུམ་ལ་དྲག་ཏུ་སྤྲུགས་པས་སེལ། ལུས་ཀྱི་ཆ་ཤས་སོ་སོ་དང་རླུང་བཅུའི་གནས་གང་ལ་ཡང་རུང་སྟེ། སོ་སོའ་འཁྲུལ་འཁོར་བྱས་པས་མཆོག་ཏུ་ཕན་པར་འགྱུར་ཞིང་། གང་ན་སར་གཏད་ནས་བུམ་པ་ཅན་འབུགས་པ་བཞིན་བཟུང་བ་དང་། གང་ན་ས་དེ་ཉིད་སྟོང་པར་བསྒོམ་པ་དང་། གང་ན་སར་བུ་གདོད་ཅིང་། ཧ་ཞེས་ཀླུང་དྲག་ཏུ་བུས་པས་བུ་ག་ནས་རྒྱངས་རྒྱངས་ཐོན་པར་བསྒོམ་པས་ཀྱང་ཕལ་ཆེར་སེལ་བ་ཡིན་ནོ། །ཡང་སྲོག་རྩོལ་བསྒོམ་པས་ཐུར་རླུང་གྱེན་དུ་ལོག་ནས་སྟོད་འཚངས་སོགས་བྱུང་ན། ལུས་གནད་ཁུ་ཚུར་བརླ་བཞག་དང་། རྐང་སོར་བསྐུམས། སྨད་ཀྱི་ཉ་བཞི་བསྒྲིམ། ཐུར་རླུང་དྲག་ཏུ་བསྐུམ་པས་ཀྱང་སེལ། ཡང་ནང་གི་ཁམས་འཁྲུགས་པ་ལས། བད་ཀན་རྒྱས་ཏེ་སྤྱི་བོ་དང་དཔྲལ་བ་ལྕི་ཞིང་མི་ཐེག་པ་སྙམས་བྱེད། ལུས་ལྡི་ཤེད་ཆུང་ན་དཔྲལ་བའི་བུམ་ཅན་གྱི་འདུག་སྟངས་ལྟ་བུའི་ངང་ནས་རླུང་རྒྱུ་ཞབས་སུ་དྲག་ཏུ་མནན་པས་སེལ། འདིས་ནི་འཁྲུ་ནད་དང་། ཆུ་སྲིབ་ལའང་ཕན་མཁྲིས་པ་སྐྱེས་ཏེ་ཁ་སྐོམས་ཤིང་ཁ་བར་འགྱུར། སྐོམ་དང་ཆེ་ན་སྙིང་ག་དང་མགྲིན་པའི་བུམ་ཅན་བསྒོམ། འདིས་རྒྱབ་ཀྱི་ཟུག་རྔུ་ཡང་འཇོམ། འདུས་པའི་ནད་ལ་བརྟེན་པའི་ལུས་ཕྲུམ་གཟེར་འབྱུང་ན། ལུས་གནད་སོར་སྡུད་དང་འདྲ་བ་ལས་ཐོག་མར་སྟེང་རླུང་མནན། དེ་ནས་ཐུར་སེལ་མཐེན་པའི་ཁ་སྦྱོར་གྱིས་སེལ། རིམ་གྱི་ཚ་བའི་ཁྱད་པར་འགའ་ཞིག་ལ་མུན་ཁང་དུ་མཉམ་པའི་སྟབས་ཀྱིས་འདུག །སྐེད་པ་སོགས་ལུས་དྲང་པོར་
༢༨༣ བསྲངས། མཐེབ་མཛུབ་ཀྱིས་སྣའི་རྩ་བ་བསྡམས། ཁ་སྦྱོར་གོང་བཞིན་བཟུང་བས་ས་ལ་འགྱེལ་བར་མ་གྱུར་གྱི་བར་དུ་བསྒོམ་པས་སེལ། དམུ་ཆུ་དང་སྐྲན་དང་གཞང་འབྲུམ་དང་གློ་ནད་དང་སྐྱིགས་བུ་དང་དུག་དང་མགོ་ནད་དང་མིག་ནད་རྣམས་ཀྱང་བུམ་པ་ཅན་གྱི་སྦྱོར་བ་ཟླ་གཅིག་བསྒོམ་པས་སེལ་བར་བཤད་ཅིང་། མ་ཞུ་བ་ལ་གན་རྐྱལ་དུ་འདུག་ལྟེ་བའི་བུམ་ཅན་བཟུང་ལག་པ་གཡོན་པས་ལྟེ་བའི་པགས་པ་བསྡུས་ཏེ་མགོ་དང་རྐང་པ་གྱེན་དུ་འདེགས་པས་ལྡང་བ་ལྟ་བུའི་ཚུལ་ཡང་ཡང་བྱེད་པས་སེལ་ལོ། །གཞན་ཡང་རླུང་མཁྲིས་བད་ཀན་འདུས་པའི་ནད་ཀུན་ལ་སོ་སོའ་ནད་ཀུན་ལ་སོ་སོའ་ནད་བསྐྱེད་པའི་རྩ་འཁོར་རྣམས་སུ་བུམ་ཅན་བསྒོམ་ཞིང་ནད་གཞི་དང་བསྟུན་པའི་ཁ་ཟས་དང་སྤྱོད་ལམ་མ་འཁྲུགས་པར་བྱས་པས་སེལ་ཏེ། དེ་ཡང་འདུས་པའི་ནད་ནི་གསང་གནས་ཀྱི་བར་སྐོར་འདབ་མ་བཅུ་དང་ནང་སྐོར་འདབ་མ་དྲུག་ལ་བརྟེན་པ་ཡིན་པས། གསང་བའི་བུམ་ཅན་བསྒོམ་པས་སེལ་ཞིང་། གསང་བའི་བུམ་ཅན་སྤྱི་འགྲོ་དེས་མ་སེལ་ན་དམིགས་པ་རྩ་འཁོར་དེ་གཉིས་ལ་གཏད། གསང་བའི་བུམ་ཅན་གྱི་ངང་ནས་མཐའ་ནས་བསྐོར་ཞིང་དབུས་སུ་བསྡིགས་པ་མང་དུ་བྱས་ལ། མཐར་ཁ་སྣ་གཉིས་ནས་རླུང་རོ་དྲག་ཏུ་འདོན་པས་སེལ། དེ་བཞིན་དུ་གཞན་རྣམས་ལའང་རིགས་འགྲེ་སྟེ། རྩ་བཟང་བའི་རིགས་དང་། ནད་སྟོབས་ཆུང་བ་རྣམས་སོ་སོའ་བུམ་ཅན་དཀྱུས་མ་དེ་ཁས་སེལ་ཞིང་། རྩ་ངན་པ་དང་ནད་སྟོབས་ཆེན་གྱི་རིགས་ལ་དེས་མ་སེལ་ན་རྣོ་ཁྱད་རེ་གདགས་པས་སེལ་བ་ཡིན་ཏེ། བད་ཀན་སྐྱ་བོར་གྲགས་པ་ནི་སྲོག་རླུང་གི་སྐྱོན་ཡིན་པས་སྟེང་
༢༨༤ རླུང་དྲག་ཏུ་རྔུབས་ནས་ལྟེ་འོག་ཏུ་ཡང་ཡང་མནན། དཔྲལ་བའི་བུམ་ཅན་བསྒོམ་པས་སེལ་བར་འགྱུར། རླུང་དང་གྲང་བ་ནི་ཐུར་སེལ་གྱི་སྐྱོན་ཡིན་པས་ཐུར་སེལ་དྲག་ཏུ་བསྐུམས་ཏེ་བདེ་བ་སྐྱེས་སྐྱེས་སུ་བཟུང་བ་ལན་མང་དུ་བྱ། བཤང་སྒོ་རྟིང་པས་བཀག་སྟེ་གནས་པ་དང་། ལུས་ཀྱི་སྨད་དུ་དྲོད་བསྐྱེད་པའི་སྤྱོད་ལམ་བྱས་པས་སེལ། ཚ་བ་ཐམས་ཅད་གྱེན་རྒྱུ་དང་མཉམ་གནས་ཀྱི་སྐྱོན་ཡིན་པས་སྟོབས་ཆུང་ན་སྟེང་འོག་གི་རླུང་ཅུང་ཟད་རེ་བཟུང་ཞིང་ཕྱི་ལ་དྲག་ཏུ་འབུད་ཅིང་། འབུད་དུས་རླུང་ཞབས་བར་རླུང་ཅུང་ཟད་རེ་མ་བཟུང་ན་གྲང་བར་ཐལ་ཉེན་ཡོད། སྟོབས་ཆེ་ན་ཤིད་སྒྲ་དང་བཅས་ཏེ་ཁ་ནས་རླུང་གྲང་མོར་རྔུབས་ཏེ་བཟུང་། གཏོང་པའི་སྐབས་སུ་སོ་བསྒྲིགས་ཏེ་སེང་སྒྲ་དང་བཅས་ཏེ་ཡུན་བསྲིང་ལ་བུས་པས་སེལ། འདུས་པ་ནི་ཁྱབ་བྱེད་ཀྱི་སྐྱོན་ཡིན་པས། ནད་གསུམ་ཀའི་རླུང་སྦྱོར་རེ་མོས་སུ་བྱས་པས་སེལ་བར་འགྱུར་རོ། །དེ་བཞིན་དུ་རླུང་གི་ནད་ནི་ལྟེ་བའི་ཕྱི་སྐོར་དྲུག་ཅུ་རྩ་བཞི་དང་། གསང་གནས་ཀྱི་ཕྱི་སྐོར་བཅུ་དྲུག་གི་ནུས་པ་ཡིན་པས་སྐྱིལ་ཀྲུང་ལག་གཉིས་པུས་མོ་ལ་བཀབ་པའམ། ཙོག་བུ་ལག་གཉིས་པུས་འཁྱུད་ཀྱི་ཚུལ་བྱ། རླུང་རོ་བསལ། སྟེང་རླུང་རང་བབས་ལ་འོག་རླུང་བུས་ནས་སྟེང་དུ་དྲག་ཏུ་མཐེན། གསང་བ་ནས་ལྟེ་བའི་བར་དུ་རྒྱ་མཚོ་བསྐྱོད་པའི་ཚུལ་གྱིས་གཡས་གཡོན་རེས་མོས་སུ་བསྐོར། ཤུགས་ཟད་པ་ན་ཐུར་སེལ་དལ་བུས་གློང་ལ་བཞག །ཁ་དང་སྣ་ནས་རླུང་དྲག་ཏུ་འབུད་ཅིང་ལྟེ་བ་དང་གསང་བའི་བུམ་ཅན་ཅི་རིགས་པ་བསྒོམ་མོ། །འདིས་ནི་སྟོད་འཚངས་དང་གཟེར་བ་སོགས་
༢༨༥ རླུང་ནད་ཐམས་ཅད་སེལ། ལུས་གནད་དེ་ཉིད་དང་འདྲ་བ་ལས། རླུང་རོ་བུས། སྣ་ནས་དྲག་ཏུ་རྔུབས། ལྟེ་བར་ཐུབ་ཚུད་དུ་མནན། ཐུར་སེལ་རང་བབས་སུ་བཞག་པ་ལན་ཁ་ཡར་བྱས། དཔྲལ་བར་དང་གཙུག་ཏོར་གྱི་བུམ་ཅན་བཟུང་ཞིང་སྨིན་མཚམས་ཡན་ཆད་ཀྱི་མགོ་བོའ་པགས་པ་བསྐྱོད་ཅིང་བསྲུབས། མགོ་སྒྱེད་རྒུ་ཡང་ཡང་བྱ། མཐར་རྡོ་རྗེ་བསྡམས་པས་ཕོ་བར་བརྡེག་འདིས་བད་ཀན་གྱི་ནད་རྣམས་སེལ་བར་འགྱུར་ཞིང་། ཁྱད་པར་བད་རླུང་མགོ་འཁོར་སོགས་ལ་བསྔགས་སོ། །དེ་ཡང་གཙུག་ཏོར་གྱི་རྩ་འདབ་བཞི་དང་། དཔྲལ་བའི་བཅུ་དྲུག་བད་ཀན་སྐྱ་བོ་འཕེལ་ཟད་བྱེད་པའི་རྩ་ཡིན་པའི་གནད་ཀྱིས་སོ། །ལུས་གནད་དེ་དང་མཚུངས་པ་ལས། བདུད་རྩི་ལྕེ་སྦྱོར་གྱི་མན་ངག་བཞིན་དུ་རླུང་གྲང་མོ་རྔུབས་ལ་བཟུང་། མགྲིན་པ་སྐོར་ཞིང་རོ་སྟོད་གཅུ། དེ་རྗེས་འོག་རླུང་རང་བབས་སུ་གློད་ནས་སྟེང་རླུང་དྲག་ཏུ་བཏང་། དེ་ལྟར་ཡང་ཡང་བྱས་པས་ཚ་མཁྲིས་སེལ་བར་འགྱུར་ལ། གྲང་མཁྲིས་ལ་ནི་རླུང་སྣ་ནས་རྔུབས་པས་སེལ། དེ་ཡང་མགྲིན་པའི་རྩ་འདབ་སོ་གཉིས་དང་སྙིང་གའི་བརྒྱད་རྣམས་མཁྲིས་པ་འཕེལ་ཟད་བྱེད་པ་པོ་ཡིན་པའི་གནད་ཀྱིས་སོ། །གཞན་ཡང་མ་ནིང་གི་བུམ་ཅན་ཅུང་ཟད་བརྟན་པར་བྱས་ནས། སྟོད་སྨད་གཞན་ལ་ཐོ་མ་སོང་བར་བུམ་ཅན་ཉིད་ལྟེ་འོག་ཏུ་དྲག་ཏུ་བསྐོར་བས་སྐྲན་དང་དམུ་ཆུ་བད་ཀན་མཁྲིས་པ་སོགས་ཕལ་ཆེར་སེལ་བར་འགྱུར། ཡང་སྐྲན་མ་ཞུ་བ་ལ་རྒྱབ་རྟེན་ལ་ཅུང་ཟད་གན་ཀྱལ་དུ་འདུག་ལག་པ་གཡོན་པའི་རྡོ་རྗེ་བསྡོམས་པའི་ཁུ་ཚུར་ཁ་སྦྱོར་གྱིས་ཕོ་བ་བཟུང་ཞིང་
༢༨༦ སྐོར་པབ་བུམ་ཅན་དང་བཅས་པས་སེལ་བར་འགྱུར་རོ། །དེ་ལྟར་ན་འབྱུང་བ་ལྔའི་རླུང་གི་གེགས་སེལ་དང་། སྲོག་ལ་སོགས་པ་རླུང་ལྔའི་གེགས་སེལ་དང་། རླུང་རེངས་བཅུ་བཅོས་པ་དང་། འཁོར་ལོ་དྲུག་ལ་བརྟེན་པའི་གེགས་སེལ་ཏེ། དེ་དག་གི་སྲོག་རྩོལ་ཉིད་ཀྱི་སྒོ་ནས་གེགས་བསལ་བའི་སྡེ་ཚན་ཏེ་གཉིས་པའོ། །གཞན་ཡང་སྨན་གྱི་སྦྱོར་བས་བསལ་བ་ལ། སྤྱིར་ལན་ཚྭ་དང་སྐྱུར་བའི་སྨན་གྱིས་རླུང་དང་། མངར་བ་དང་བསྐ་བས་མཁྲིས་པ་དང་། ཁ་བ་དང་ཚ་བས་བད་ཀན་ཡང་ཞེས་པ་སྤྱིར་བཏང་ཡིན་ལ། རོ་ནུས་ཞུ་རྗེས་ཀྱི་རྣམ་པའི་དབྱེ་བ་མཐའ་ཡས་པ་ཡོད་པས་མཐའ་གཅིག་ཏུ་མ་ངེས་ལ། ཁྱད་པར་གྲོགས་དང་ཆོ་གའི་སྦྱོར་བ་སྣ་ཚོགས་ལས་ནུས་པ་ཐ་དད་པས་དུ་མར་འགྱུར་རོ། །སྐབས་འདིར་ཀུན་སྤངས་ཀྱི་སྨན་སྦྱོར་རྒྱུད་ལས་གསུངས་པ་ནི། རའི་འོ་མ་ཚ་བ་གསུམ་དང་བཅས་པས་བད་ཀན་དང་། མ་ཧེའི་འོ་མ་ཀ་ར་དང་བཅས་པས་མཁྲིས་པ་དང་། རྔ་མོའ་འོ་མ་རྒྱ་ཚྭ་དང་བཅས་པས་རླུང་འཇོམས་ཤིང་། བའི་འོ་མ་ཉེས་པ་གསུམ་ཅར་འཇོམ་བྱེད་དེ། ཚ་བ་གསུམ་དང་བཅས་པས་བད་ཀན། ཀ་ར་དང་བཅས་པས་མཁྲིས་པ། རྒྱ་མཚོའ་ཚྭ་དང་བཅས་པས་རླུང་སེལ། སྔར་གྱི་སྨན་དེ་རྣམས་དང་བཅས་པ་བའི་མར་དང་བཅས་ཏེ་སྨན་མར་དུ་སྦྱར་བ་སྤེལ་གྱིན་བཏང་བས་ལྡན་འདུས་སེལ་ལ། འོ་མ་གསར་པ་རྟག་པར་མ་འབྱོར་ན་དེ་དག་གིས་བསྡུས་པའི་ཚེགས་མ་ལ་ཡང་སྦྱར་བར་བཤད་དོ། །ཛ་ཏིའི་འདབ་མའམ་འབྲས་བུ་ལ་རང་ལས་བརྒྱད་འགྱུར་གྱིས་མང་བའི་ཆུ་ལ་བསྐོལ་ཏེ་བཞི་ཆ་ཙམ་ལུས་པ་
༢༨༧ དེའམ། མི་བསྐྱོད་པ་ཅུང་ཟད་དྲོ་བ་ཡུན་རིང་དུ་ཁར་བཟུང་བས་ཁ་ནད་དང་། ཟུག་མེད་པའི་སོ་སྲིན་སེལ། ཀཎྜ་ཀ་རིའི་འབྲས་བུའི་དུ་བ་སོ་ལ་བདུགས་པས་ཀྱང་ཟུག་དང་བཅས་པའི་སོ་སྲིན་ལ་ཕན། ཏིལ་མར་དང་ར་གཅིན་མཉམ་དུ་བསྐོལ་ནས་བཞི་ཆ་ཙམ་ལུས་པ་ལ་ཚ་བ་གསུམ་ཏིལ་མར་གྱི་བཞི་ཆ་བཏབ་རྣ་བར་བླུགས་པས་རྣ་བའི་ནད་འཇོམས་ཤིང་དེ་བཞིན་དུ་དྲི་ཆུ་དྲོན་མོ་བླུག་པས་ཀྱང་ངོ་། །བ་མར་བརྒྱད་འགྱུར་བའི་འོ་མ་ལྷན་ཅིག་བསྐོལ་མར་ཁུ་ཙམ་ལུས་པ་ན། ནཱ་ག་གེ་སར་དང་གུར་གུམ་བསྲེས་པ་མར་གྱི་གཞི་ཆའི་ཚད་ཙམ་སྦྱར་ནས་སྣར་བླུག་པས་སྣ་ནད་སེལ། བནྡྷ་ཀ་རྐོ་ཊི་དང་ཤོག་ཤིང་དང་། ཏིག་ཏིའི་ཕྱེ་མ་བོང་བུའི་ཆུ་ལ་སྦྱར་བ་བྱུགས་པས་འབྲས་དང་། ཤ་རོ་དང་། སྐྲངས་འབུར་ལ་ཕན། བནྡྷ་ཀ་རྐོ་ཊི་ནི་མཁན་པའི་འབྲུ་མེད་པ་ཡིན་ཟེར་བ་དང་། བ་ཤ་ཀ་ནག་པོ་ཡིན་པར་འདོད་པ་གཉིས་ཡོད་པ་ཕྱི་མ་འཐད་དོ། །སྔ་མ་ཡང་ཚབ་མ་རུང་བར་འདོད་ཅིང་མྱོང་བས་གྲུབ་པ་ཡིན་ན་མི་འགལ་ལོ། །ཉི་མའི་ཤིང་གི་འདབ་མས་བསླན་པས་ཀྱང་དེ་ལྟར་འགྱུར་བར་གསུངས་ལ། འདི་བོད་ཀྱི་ཉི་ཤིང་བ་ཡིན་ཟེར་བ་མི་འཐད་ཅིང་། ཚབ་མ་ལྕམ་པའི་འདབ་མ་བརྡུངས་བས་རུང་བར་བཞེད་དོ། །ལན་ཚྭའི་རིགས་རྙེད་ཀྱི་ཐུམ་བུ་མར་རྙིང་ཞུ་བར་བཅུག་ནས་དུགས་བྱས་པས་ཀྱང་འབྲས་སོགས་འཕེལ་བ་འཇོམས་ཤིང་། ཐོ་རངས་དྲི་ཆུ་གྲང་མོ་སྣས་རྔུབས་ནས་རླུང་འབུད་པའམ། ཆུ་གང་སྣ་ནས་རྔུབས་པས་མགོ་ནད་ཞི་བར་བྱེད་ཅིང་། དྲི་ཆུ་གྲང་མོ་མིག་ཏུ་བླུགས་པས་མིག་རིམ་
༢༨༨ ལ་ཕན། ཐོ་རངས་ཁ་བཀྲུས་པའི་སོ་ལ་སྲིན་ལག་གིས་བརྡར་ཏེ་མིག་ལ་བྱུགས་པ་དང་། ཟླ་འོད་ཀྱིས་ཕོག་པའི་ཆུ་གྲང་ཐོ་རངས་བླངས་ནས་མིག་ལ་ཕྱར་ཏེ་བླུགས་པས་ཀྱང་མིག་ཁྲག་ཏུ་སོང་བ་སོགས་ལ་ཕན་ནོ། །ཚྭ་བ་གསུམ་དྲི་ཆུ་ལ་སྦྱར་བའི་ཁུ་བ་སྣར་བླུགས་པས་འབྱུང་པོས་ཟིན་པ་དང་། དུག་སྦྲུལ་དང་། ཁྱི་སྨྱོན་སོགས་གཡོ་བའི་དུག་རྣམས་སེལ་བར་འགྱུར། སྲོག་རྩོལ་དང་བཅས་ཏེ་སྙིང་ཁར་པད་ཟླའི་གདན་ལ་སྣ་ཚོགས་ཡུམ་དཀར་མོ་མཆོག་སྦྱིན་དང་། པད་དཀར་འཛིན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་བསྒོམས་ནས། ༀ་ཕེཾ་བི་ཤྭ་མཱ་ཏ་བཛྲ་ཀཎྜ་ཀཾ། ནཱ་ག་ཡ་ནཱ་ཤ་ཡ། མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླས་ཏེ། གནས་དྲུག་ཏུ་སྔགས་ཆུས་བྱུགས་པས་འབྲུམ་ནག་སོགས་བསྲུང་ཞིང་། གཞན་ལ་བསྲུང་ན། མ་མ་ཞེས་པའི་གནས་སུ་སྒྲུབ་བྱའི་མིང་བཅུག་ནས་བཟླ། ནད་གདོན་གཞན་བསྲུང་ན། བཛྲ་ཀཎྜ་ཀཾ་གྱི་གནས་སུ་ནད་གདོན་དེ་དང་དེའི་མིང་བཅུག་པས་སེལ། འབྲུམ་ནད་བྱུང་བ་ན། སྐྱ་ནད་ཀྱི་དུས་སུ། སྲན་ཆུང་དང་། རུ་།།།ཀྵའི་འབྲུ་བཏགས་པས་ཆུ་བསྐོལ་བ་ལ་སྦྱར་ཏེ། སྔགས་བརྒྱ་རྩ་སོགས་བཏབ་ནས་འཐུང་ཞིང་། ཉིན་ཞག་གསུམ་ལ་སོགས་ཚ་བ་ཅུང་ཟད་ཞི་ཞིང་། འབྲུམ་བུ་ཕྱིར་ཐོན་པ་ན་འབྲུམ་བུའི་ནད་ཀྱིས་ཤི་བིའི་མི་ཐོད་དྲི་ཆུ་གྲང་མོ་ལ་བརྡར་ཏེ། ཁོར་དུ་བཏོང་བས་སེལ་བར་འགྱུར། འདིར་བུ་ལ་སོགས་པ་ཚད་པའི་ནད་ཀྱིས་ཟིན་པ་ལ། སྐྱུ་རུ་ར། འུ་སུ། ད་ལི་དཀར་ལོ་རྣམས་ཆ་མཉམ་པ་ཉི་མའི་འོད་ཀྱིས་རེག་པའི་ཆུ་བརྒྱད་འགྱུར་ལ་བསྐོརབསྐོལ་བ།
༢༨༩ བཞི་ཆ་ལུས་པའི་ཁུ་བ་དེའི་བཞི་ཆའི་ཀ་ར་དང་བསྲེས་ཏེ། ཐོ་རངརངས་ཞག་གསུམ་ལ་སོགས་པར་ཟོས་པས། ཚད་པ་ལས་གྲོལ་ཞིང་། རིམ་གྱིས་བཏང་བ་ལ་སྨན་དེ་རྣམས་ཀྱི་སྟེང་དུ་འཛིམའཛིན་པ་དང་དེ་གསུམ་འགྱུར་ཨ་རུ་ར་བསྲེས་པས་སེལ་བར་འགྱུར་ལ། འཛིམའཛིན་པའི་ཚད་ནི་ནད་ཀྱི་ཚོད་དང་སྦྱར་རོ། །འབྱོར་ལྡན་གྱི་སྨན་དངུལ་ཆུའི་སྦྱོར་བ་མང་དུ་གསུངས་ཀྱང་། བོད་ཡུལ་འདིར་དེང་སང་རྒྱུད་དོན་ལྟར་ལག་ལེན་ལ་ཁེལ་བ་དཀའ་བར་སྣང་ལ། སྨན་གྱི་ཁྱད་པར་རྣམས་ཀྱང་འབྱོར་བ་དཀའོ། །དེ་ལྟར་ན་བདུད་རྩི་ལྔའི་བཅུད་ལེན་དང་། གསེར་གྱི་གོང་བུའི་བཅུད་ལེན་སོགས་རྣམ་གཞག་རགས་པ་ནི་རྒྱུད་འགྲེལ་ཉིད་ན་གསལ་ལོ། །དེ་དག་གི་སྐབས་ནས་བཤད་པའི་བཅུད་ལེན་མདོར་བསྡུས་གཉིས་ནི་འདི་ཡིན་ཏེ། གཞོན་ནུ་མའི་རྡུལརྔུལ་ཟླ་བ་མར་ངོ་ལ་བསབབས་པ་དང་། བྷྲྀངྒ་རཱ་ཛའི་ཁུ་བ་རླུང་མཉམ་རྒྱུའི་དུས་སུ་སྣ་ནས་རྔུབས་ཏེ་བུམ་པ་ཅན་བཟུང་ན་རྒས་པ་སེལ་ཞིང་ལུས་ཀྱི་སྲིན་བུ་མེད་པར་འགྱུར་རོ། །དེ་ལ་བྷྲྀངྒ་རཱ་ཛ་ནི། བོད་ཡུལ་དུ་དོད་ཐུབ་ར་མོ་ཤ་ཡིན་ཞེས་སྐབས་འདི་དང་གཞན་དུ་བོད་རྣམས་ཕལ་ཆེར་གསུང་པ། མངོན་ཤེས་དང་ལྡན་པས་དོད་ཐུབ་ཀྱི་སྨན་ཡིན་པར་གཟིགས་ན་ནི་ངོ་མཚར་ཆེ་ལ། གཞན་དུ་ན་སྨན་གྱི་རྣམ་པ་དང་། རོ་ནུས་ཞུ་རྗེས་ཡེ་མི་འདྲ་བས་མི་འཐད་པར་མངོན། བྷྲྀངྒ་རཱ་ཛ་ནི་སཾ་སྐྲྀ་ཏའི་སྐད་ཡིན་ལ། འཕྲལ་སྐད་དུ་བྷངྒ་ར་ཟེར་ཞིང་། མོན་ཡུལ་ཕན་ཆད་ཀྱི་རྒྱ་བལ་ཀུན་ཏུ་སྐྱེ་ལ། དེ་ལ་དཀར་ནག་གཉིས་ལས་བཅུད་ལེན་ཕལ་ཆེར་ལ། ནག་པོ་སྦྱོར་གྱིན་སྣང་བས་འདིར་ཡང་ནག་པོ་ཡིན་ནོ། །
༢༩༠ རྒྱ་བལ་ཀུན་ཏུ་སྐྱེ་པས་བཙལ་ན་རྙེད་སླའོ། །ཡང་ཤ་ལྔ་པོ་རུལ་སུམ་མེད་ཅིང་ཆུ་སེར་བཏོན་ནས་སྐམ་པའི་ཕྱེ་མ་སྦྲང་རྩིའམ་སྦྲང་ཆང་དང་སྦྱར་ནས་ལོ་གཅིག་ཟོས་པས་ཀྱང་རྒས་པ་དང་། ནད་མཐའ་དག་སེལ་ལ། དེ་བཞིན་དུ་མེ་ཏོག་དང་བྱང་ཆུབ་ཀྱི་སེམས་བསྲེས་པས་ཀྱང་ངོ་། །ཞེས་བཤད་དོ། །འདི་དག་ནི་ཀུན་སྤངས་ཀྱི་རྫས་སྦྱོར་ལ་བརྟེན་ནས་གེགས་བསལ་བ་སྟེ་སྡེ་ཚན་གསུམ་པའོ། །ཡང་སྤྱི་ཁྱབ་ཏུ་ལོག་གནོན་གྱི་མན་ངག་ཀྱང་བསྟན་པར་བྱ་སྟེ། ཚ་བ་ཤས་ཆེ་ན་སྤྱི་བོའ་ཧ་ལས་བདུད་རྩི་ག་བུར་གྱི་ཆུ་ལྟ་བུ་བབས་པས། ལུས་གང་བ་དང་། གྲང་ཤས་ཆེ་ན་ལྟེ་བའི་ཧོ་ལས་མེ་འབར་བས་གང་བ་དང་། ལུས་ལྗིན་གསང་གནས་སུ་རླུང་གི་དཀྱིལ་འཁོར་ཡཾ་གྱིས་མཚན་པས་ལུས་ཡེར་ཡེར་དུ་འདེགས་པ་དང་། རླུང་འགགས་པའི་རིགས་ལ་བཤད་ལམ་ནས་མཐོན་འགྲོ་བར་བསམ་པ་དང་། རླུང་འཁྱིམས་པ་ལ་སྤྱི་གཙུག་ནས་མཐོནམ་ཐོན་པར་བསམ་པ་དང་། ཁོལ་བུར་གཟེར་བ་ལ་གང་ན་སར་སའི་དཀྱིལ་འཁོར་གྱིས་མནན་པར་བསྒོམས་པས་སེལ་ལོ། །ལོག་གནོན་དྲུག་པོ་དེ་ནི་འགྲོ་བའི་བླ་མ་གོང་མ་རྣམས་ཀྱི་མན་ངག་ཡིན་ནོ། །ཡང་ལོག་གནོན་ལྔ་སྟེ། སྟོད་འཚངས་དང་ཕོ་བ་སྤོས་པ་སོགས་ལུས་གང་ནས་ནན། འཁོར་ལོ་ལྟར་བསྐོར་བ་བྱ་སྟེ། བུམ་ཅན་བཟུང་། ལྟེ་བར་འཁོར་ལོ་རྩིབས་བརྒྱད་པ། གཡས་གཡོན་དུ་རེས་མོས་ཀྱི་འཁོར་བར་བསམས་ལ་ལྟེ་བ་བསྐོར་མཐར་ཇེ་ཆེ་ཇེ་ཆེ་ལ་ནམ་མཁའི་མཐར་ཀླས་པར་བསམ། ལུས་དམིགས་ཀྱི་ནན། གྲུ་གུ་ལྟར་འགྲིལ་བ་བསྒོམ་སྟེ། གང་ན་སར་བུ་ག་ཧུར་གྱིས་
༢༩༡ བྱུང་། རླུང་བཟུང་ནས་གཏོང་བའི་དུས་སུ། བུ་ག་ནས་ཕར་རླུང་རོ་ནག་པོ་རྟ་རྔ་ལྟ་བུར་ནར་གྱིས་ཐོན། ཕྱི་རོལ་དུ་གྲུ་གུ་ལྟར་འགྲིལ་ནས་ནང་དུ་མི་བཟློག་པར་བསམ། རིམ་གྱིས་དེ་ཇེ་སྦོམ་དུ་བཏང་། ལུས་ཕལ་ཆེར་ཁྱབ་པར་ན་བུ་ག་མང་པོའ་སྦྱོར་བ་བྱ་སྟེ། ལུས་ལྕགས་ཚགས་ལྟ་བུར་བསམ། རླུང་རོ་དྲག་ཏུ་གདོན། བུ་ག་ཐམས་ཅད་ནས་རླུང་འཚུབ་ཀྱི་རྣམ་པ་ཕྱུར་ཕྱུར་འགྲོ་བར་བསམ། ལུས་སྟོད་སྨད་ཕྱེད་མར་ན་བ་སོགས་བྱུང་ན། འཁོར་ལོ་མེད་པ་ཞེས་བྱ་བ་བསྒོམ་སྟེ། གང་ནས་དེ་སྦུབས་སྟོང་ཇེ་ཡངས་ཇེ་ཡངས་ལ་སོགས་སྟེ། ནམ་མཁའ་དང་འདྲེས་པར་བསམ། རླུང་གིས་ཤེས་པ་འཕྲོ་ཞིང་ཡེར་པ་དང་། མཆོངས་རྒྱུག་བྱེད་པ་སོགས་བྱུང་ན་རབ་ཏུ་དམའ་བའི་སྦྱོར་བ་ཞེས་བྱ་བ་ལ་བསླབ་སྟེ། ཉལ་ས་ཡངས་པ་དོང་ལྟ་བུར་བྱ། དམིགས་པ་རང་ལུས་ས་འོག་ཏུ་ཐིམ་པའམ། ཆུ་དྲོན་མོའ་ནང་དུ་བྱིང་ཤིང་ལུས་ཞུ་བའམ། མར་ནག་གི་མཚོ་ནང་དུ་ལུས་བཅུག་པར་བསྒོམ་པས་སེལ། ལོག་གནོན་ལྔ་པོ་འདི་ནི་བསམ་མི་ཁྱབ་ཀྱི་གདམས་ངག་སོགས་ན་ཡང་སྣང་ངོ་། །སྤྱིར་གེགས་སེལ་གྱི་གདམས་ངག་ནི་གཅིག་ཏུ་མ་ངེས་པ་མེད་དེ། ལམ་གྱི་ཆ་ལག་ཙམ་ཡིན་པའི་ཕྱིར་དང་། གེགས་མི་འབྱུང་བ་ཡང་མང་ཞིང་། ཕན་ཚུན་བསྲེ་སླད་དུ་འགྱུར་བའི་ཉེས་པ་འགའ་ཡང་མི་བསྐྱེད་པས་ན། གདམས་ངག་གཞན་ལས་འབྱུང་བ་རྣམས་ཀྱང་འདིར་བླངས་པས་ཆོག་ལ། དེ་ཡང་མན་ངག་ཁུངས་མ་ལག་ལེན་དང་འབྲེལ་བ་ཞིག་བླངས་དགོས་ཀྱི། ལག་ལེན་གྱི་རྒྱུན་མེད་ན་གནད་ལོངས་བ་དཀའ་ཞིང་།
༢༩༢ མན་ངག་བསྡུས་པ་ལས་འབྱུང་བ་རྣམས་ཀྱི་ལག་ལེན་ཡོད་ཀྱང་གེགས་མི་སེལ་བའམ། ཕྱོགས་གཅིག་གི་གེགས་སེལ་ཀྱང་གེགས་གཞན་སྐྱེ་བ་སོགས་འབྱུང་བས། ལག་ལེན་ཁུངས་ལྡན་བཙལ་བར་བྱས་ལ། སྤྱིར་རྩའི་གེགས་སེལ་འཁྲུལ་འཁོར། རླུང་གི་གེགས་སེལ་རླུང་སྦྱོར། ཐིག་ལེའི་གེགས་སེལ་དེ་གཉིས་འཛོམ་པའི་བཞུ་བཏུལ། སེམས་ཀྱི་གེགས་ལ་དམིགས་པའི་གནད་སྣ་ཚོགས་སུ་འཕོ་བ་རྣམས་ཀྱིས་སེལ་བ་ཡིན་ནོ། །སྐབས་དེ་དག་ཐམས་ཅད་དུ། ཡེ་ཤེས་ཕེབས་པའི་ཉམས་དང་། སྒོམ་ལོག་གི་གེགས་དང་། སྒོམ་སྐྱོན་མ་ཡིན་པའི་འབྱུང་བ་ལུས་འཁྲུགས་ཀྱི་ནང་རྣམས་མ་ནོར་བ་གལ་ཆེ། ཡེ་ཤེས་ཕེབས་པའི་ཉམས་ལ། ཧ་འདོན་དང་དབྱུག་བཅོས་དང་སྨན་དང་། མེ་གཏར་ལ་སོགས་པ་གང་ཡང་མི་བྱ་སྟེ། ཉམས་ངོ་སྤྲད་དེ་ཉམས་བྱུང་རྒྱལ་དུ་བསྐྱངས་པས་གེགས་མེད་ཅིང་། ཡོན་ཏན་གོང་དུ་འགྱུར། བཅོས་གཞན་དེ་རྣམས་བྱས་ན། སྒོམ་ལོག་ཏུ་འགྱུར་ཞིང་གེགས་ཆེན་བོད་གདོད་སྐྱེ་བ་མང་ཞིང་། ཉམས་བཟང་པོ་ཡལ་ཞིང་ཡོན་ཏན་སྐྱེ་འཕྲོ་འཆད་པ་ཡིན་ནོ། །སྒོམ་སྐྱོན་ཙམ་ཡིན་ན། དམིགས་པ་རླུང་སྦྱོར་འཁྲུལ་འཁོར་སོགས་ཀྱིས་སེལ་དགོས་ཤིང་། སྨན་གཏོར་བ་ཡང་རུང་ལ། མེ་གཏར་དབྱུག་བཅོས་སོགས་ནི་ཕལ་ཆེར་ལ་མི་ལེགས་སོ། །སྒོམ་སྐྱོན་མ་ཡིན་པར། ནད་གཞི་ཙམ་གྱིས་ཁམས་མ་སྙོམས་པ་ཡིན་ན། ནང་གི་རྣལ་འབྱོར་དང་སྨན་སྤྱད་མེ་གཏར་ལ་སོགས་པ་གང་གིས་བཅོས་ཀྱང་རུང་བར་ཤེས་པར་བྱའོ། །དེ་དག་ནི་ལོག་གནོན་གེགས་སེལ་གྱི་སྡེ་ཚན་ཏེ་བཞི་པའོ། །ཡང་རྣལ་འབྱོར་
༢༩༣ ཡན་ལག་དྲུག་པའི་གེགས་སེལ་གྱི་མན་ངག་སྨན་དཔྱད་དང་ཤས་ཆེར་འབྲེལ་བ་ལུགས་གཞན་ཡང་བརྗོད་པར་བྱ་སྟེ། འདི་ལ་གཉིས་ཏེ། རྟེན་ལུས་ལས་བྱུང་བའི་གེགས་དང་། བརྟེན་པ་སེམས་ལས་བྱུང་བའི་གེགས་སོ། །དང་པོ་ལ་རྩ་རླུང་ཐིག་ལེ་གསུམ་ལས། རྩ་ནི་རང་བཞིན་གྱིས་བཟང་བ་དང་། ངན་པ་གཉིས་ཡོད་ཀྱང་རླུང་སེམས་ཀྱི་གནས་ཚུལ་ཡིན་པས་ལུས་དལ་བ་དང་། སྐབས་སུ་ཁྲུས་དང་། བསྐུ་མཉེ་དང་། ལུས་ཀྱི་གནད་བཅུན་པ་དང་། ལུས་མི་འགྲིམ་པ་ཁོ་ནས་ཆོག་གོ །འོན་ཀྱང་སྒོམ་པའི་རྐྱེན་རྣམས། ཁུར་སོའམ། བརྡབས་པ་ལ་སོགས་པས་མི་བདེ་བ་དང་། རྩ་ཕྲན་ཆད་པ་ལྟ་བུ་ཐམས་ཅད་ལ་ལུས་དལ་བར་བྱ་སྟེ། མི་བསྐྱོད་པའམ། ཡང་ན་འོམ་བུ་དང་། བལ་ལུ་དང་། ཤུག་པ་དང་། མཚེ་དང་། མཁན་པ་བཙོས་པའི་ཆུས་བཀྲུས་ལ། སྐབས་སུ་བསྐུ་བྱུག་བྱ་སྟེ། དེས་བདེ་བར་འགྱུར་རོ། །རྩ་ཆད་པ་དང་རྨ་བྱུང་ན་དམིགས་པ་ནི་ཁམས་བྱང་ཆུབ་ཀྱི་སེམས་དཀར་དམར་འཐབ་པ་ལ་སེམས་གཏད་ལ་སྐབས་སུ་མི་བསྐྱོད་པས་བཀྲུའོ། །སྔོ་བྲེ་གམ་ཐང་དུ་བྱ་བའམ། སྤྲང་དང་སྦྱར་ལ་བཟའ། འདི་ནི་ཆད་པ་དང་། མགོ་ལུས་ཀྱི་རྩ་སྐྱོན་དང་མཚོན་གྱི་རྨ་ཐམས་ཅད་ལ་ཕན་པ་ཡིན་ནོ། །རྩ་འཆུས་པ་ལྟ་བུ་ལ་ནི། ཐོག་མ་ཇི་ལྟར་བསྡད་པའི་ལུས་གནད་བྱས་ལ། དེ་ནས་ཁང་ཀྱི་རླུང་འཇམ་པོར་བཟུང་ལ། ལུས་གཡས་དང་གཡོན་དུ་གཅུ་ཞིང་ལག་མཐིལ་གྱིས་བྱུག །རྩའི་ནད་ཀྱི་གེགས་ཐམས་ཅད་ལ་འདི་རྣམས་ཀྱིས་ཕན་ནོ། །གཉིས་པ་རླུང་
༢༩༤ གི་གེགས་ལ་གསུམ་དུ་འདུས་སྟེ། རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་དང་། ཁྱད་པར་གྱི་རླུང་རེངས་ལྔའོ། །མཁྲིས་པ་དང་། བད་ཀན་གཉིས་ཐིག་ལེའི་སྙིགས་མ་ཡིན་ཡང་། རླུང་གིས་མ་དཀྲུགས་ན་ནད་མི་བྱེད་པས། མི་མཉམ་མཁྲིས་པ་དང་བསྡོངས་ནས་ཚད་པའི་ནད་ཐམས་ཅད་བསྐྱེད་པས་དེ་ནི་རྒྱུ་ཡིན་ཏེ། རྐྱེན་དུས་དང་གདོན་དང་། ཟས་དང་སྤྱོད་ལམ་བཞིས་བྱེད་ལ། གནས་པའི་ས་མཆིན་མཁྲིས་ལ་བརྟེན་ནས་ནད་དུ་བྱེད་པ་ནི། ཁྲག་ཤ་ཚིལ་རུས་རྐང་ཁུ་བའི་གནས་སུ་སོང་ནས། དོན་སྣོད་ལ་གནད་དུ་འགྲོ་བ་ཡིན། ནད་རིགས་མང་ཡང་སྐབས་འདིར་ཁྲག་འཕེལ་བ་དང་། མཁྲིས་པ་འཕེལ་བ་གཉིས་ལས། རྟགས་ནི་ཁ་ཁ་ཞིང་། ལྕེ་གཞུང་སེར། ལུས་དྲོད་ཆེ་གཉིད་ཆེ། དྲོད་བཅུད་གནོད། ཉི་མས་དྲོན་ན། ཆུ་དམར་སེར་ལ་སྤྲིས་མ་འཐུག །རྙོག་མ་ཆེ། རྩ་དྲག་ཏུ་འཕར་ཞིང་གྲིམས། ཁྱད་པར་དུ་ཉིན་གུང་མཚན་གུང་ལ་མི་བདེ་བ་ཡིན། དེ་བསལ་བ་ནི། ཁ་ཟས་མི་ཟ། ལུས་རྩོག་བུའམ། སྐྱིལ་ཀྲུང་གང་བདེ་བྱ། རླུང་ཁ་ནས་སིད་སྒྲས་རྔུབས་ལ། ཕོ་བར་དགང་། སྣ་ནས་ཧཱུྃ་གིས་དྲག་ཏུ་དབྱུང་། རེ་མོས་ཀྱི་ཐུན་དུ་བཅད་ལ་བྱ། དམིགས་པ་ནི་ཕོ་བར་མེ་མཉམ་གནས་པའི་སར། ཟླ་བའི་དཀྱིལ་འཁོར་བསིལ་བ་དང་འོད་དང་བཅས་པ་ཡར་འགྲོ་མར་འགྲོ་ལ་སེམས་གཏད། དེས་ཀྱང་མི་ཕན་པའི་ནད་སྟོབས་ཆེ་ན། མི་བསྐྱོད་པ་གྲང་མོ་ལ། ཨ་རུ་ར། གླ་རྩི། ཙན་དན། ག་བུར་བཞི་གང་རྙེད་བཏབ་ལ་བཏུང་། རླུང་མྱུར་དུ་སྐྱེ་རུ་འོང་བས་
༢༩༥ བརྟགས་ཤིང་བྱེད་པ་གལ་ཆེའོ། །ཁྱད་པར་དུ་གཉན་དང་ཚད་གཟེར་དྲག་པོ་བྱུང་ན། གོང་གི་དམིགས་པ་བྱ། རླུང་མི་བཟུང་། དྲི་ཆུ། གླ་རྩི། ཐར་ནུ། བོང་ང་། མིང་ཅན། རུ་རྟ། ལི་ཤི་གང་འཛོམ་བཏགས་ལ་ཆ་མཉམ་པར་བྱས་ལ་བཏང་། གོང་གི་སྨན་དེ་རྣམས་མ་རྙེད་ཀྱང་། ཆུ་གྲང་དང་མི་བསྐྱོད་པ་ཁོ་ནས་ཕན་པར་བཤད་དོ། །ནད་ཀྱི་རྩེ་ཆག་ནས་བཏུང་དུ་མི་བཏུབ། གྲང་བར་འགྲོ་འོང་བས་སོ། །གཉིས་པ་བད་ཀན་ལ་སྐྱ་སེར་སྨུག་པོ་གསུམ་ཡོད་ཀྱང་། སྐྱ་བོ་ཕོ་སྟོད་ན་གནས། སེར་པོ་མཁྲིས་པ་དང་བསྡོངས་པ་ཡིན། སྨུག་པོ་ནི་ལུས་ཀྱི་ཁྲག་ཕོ་བར་བབས་པ་ཡིན། སྤྱིར་བརྟེན་པ་ནི་ཀླད་པ་ཡིན། རྟགས་ནི་ལུས་ལྕི། དང་ཁ་མི་བདེ། བསྣབས་དང་། ཆུ་སྐྱུར་དང་། སེར་པོ་དང་། ཁྲག་རུལ་སྐྱུག །ཆུ་དཀར་ལ་རྙོག །སྨུག་པོ་ལ་སྨུག་ལ་རྙོག །དྲི་ཆེན་སོལ་བ་འདྲ་བའམ། ཁྲག་དང་སེར་བོར་འོང་། ཟས་བཅུད་ཆེན་གནོད། རྩ་དལ་ཞིང་བྱིང་བ་ཡིན། ཁྱད་པར་དུ་དཔྱིད་དང་། སྲོད་དང་། སྔ་གྲོདྲོ་དང་། དེ་བཅོས་པ་ནི། རླུང་སྟེང་འོག་ཁ་སྦྱར་ལ་བཟུང་། ཁ་ཟས་རན་པར་བཟའ། སྐབས་སུ་སྣ་དང་ཁ་ནས་དབྱུང་། སྐེད་པ་དང་། རྐང་པ་དང་། ལག་པ་རྣམས་མི་བདེ་ན་སྐེད་སྐོར་དང་སྤྲུག་པ་བྱ། སྨན་བྱེད་ན། སྐྱི་བོའ་སྣམས་སུ་སྐྱུག་པ་ལ། སེ་འབྲུ། སུག་སྨེལ། ཤིང་ཚྭ། པི་པི་ལིང་བཏང་། འགྲིལ་པ་ལྟ་བུ་བྱུང་ན་ཅོང་ཞི་དང་། ཚྭ་བསྲེགས་པ་བསྣན་ལ་བཏང་། སེར་པོ་ལ་གོང་
༢༩༦ གི་སེ་འབྲུ་བཞི་པ་ལ། ཨ་རུ་ར་དང་བྲག་ཞུན་བསྣན་ལ་བཏང་། ཕོ་བ་ལག་མཐིལ་གྱིས་མཉེ། དེ་རྣམས་ཀྱིས་མ་ཕན་ན། ཕོ་སྟོང་དུ་བེར་ཀ་བརྡེག་གོ །སྨུག་པོ་ལ་ནི། ཅོང་ཞི། བྲག་ཞུན། འུ་སུ། སྒ་སྐྱ། ཨ་རུ་ར། གུར་གུམ། པྲི་ཡང་ཀུ་རྣམས་སྦྱར་ལ་ཟ། དེས་ཀྱང་འགྲིལ་ཞིང་མ་ཕན་ན། མི་བསྐྱོད་པ་ལ་ཨ་རུ་ར། དོང་ག །ཚྭ་ལ་བསྲེགས་པ་བཏབ་ཅིང་འཐུངས་པས་སྦྱོངས་ཡོང་། སྦྱོངས་རྗེས། སེ་འབྲུ་བཞི་པ་དང་གོང་མ་རྣམས་ཟ། བེར་ཀ་དང་འཁྲུལ་འཁོར་དྲག་པོ་རྣམས་མི་བྱའོ། །བྱས་ན་ཡང་ཁྲག་ཕོ་བར་བབས་ནས་ནར་འོང་། ཁྱད་པར་དུ་ཅོང་ཞི་ཁྲོལ་བུར་ཟོས་ནས་ལུས་སྦྱོངས་སྔགས་སོ། །གསུམ་པ་རླུང་གི་ནད་ལ། སྤྱིར་རྩ་བ་དང་ཡན་ལག་གི་རླུང་ཐམས་ཅད་ཀྱི་གེགས་སེལ་བ་དང་། བྱེ་བྲག་སོ་སོར་བསལ་བའོ། །དང་པོ་ལུས་ཐམས་ཅད་དྲི་བ་དང་། འཁྱོམས་པ་དང་འཕྱོ་ཞིང་གཉིད་མེད་པ་དང་། གཟིར་གཟུག་དང་། ཆུ་སྔོ་ཞིང་སྦུ་བ་ཆེ། རྩ་དལ་མྱུར་གང་ཡིན་ཡང་སྟོང་ཞིང་། དགོངས་ཁ་དང་ཐོ་རངས་ན་བ་ནི་རྟགས་ཡིན་ནོ། །གེགས་སེལ་ནི་ལུས་ལ་བསྐུ་བྱུག་བྱ། རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་བཞག་བྱ། མིག་ཐུར་ལ་གཏད། དམིགས་པ་ལྟེ་འོག་ཏུ་སའི་དཀྱིལ་འཁོར་རམ། གསེར་གྱི་རྡོ་རྗེ་ཤིན་ཏུ་ལྕི་བ་ཞིག་པ་སྒོམ་ལ་འོག་སྒོ་དྲག་ཏུ་བསྡོམ་ཟུག་གི་དམིགས་ལ་རྡོའམ། གྱོ་དུམ་ཚ་མོས་བདུག །ཟས་དྲོད་བཅུད་བསྟེན་ནོ། །རླུང་གི་ནད་ཕལ་ཆེ་བ་དེས་སེལ་བར་འགྱུར་རོ། །བྱེ་བྲག་ཏུ་སེལ་བ་ལ་རྩ་བའི་རླུང་ལྔ་སྲོག་འཛིན་ལ་ནི།
༢༩༧ འཁྲུགས་པ་དང་། རེངས་པ་དང་། སྟོད་སྟེ་གནས་འཁྱམས་པ་གསུམ་སྟེ། དང་པོ་ནི་འཁྲུགས་པའི་རྐྱེན་ནི་སྒོམ་པ་དང་། སློབ་གཉེར་དྲག་པོ་དང་། མྱ་ངན་དང་། སེམས་ལས་དྲག་པོས་བྱེད་ལ། ངོ་བོ་ནི་སྲོག་རྩའི་རླུང་འཁྲུགས་པ་ཡིན། རྟགས་ནི་མཆིན་སྲོག་དང་སྒལ་གཞུང་ན། སེམས་མི་བདེ། ཁ་ནས་ཤུགས་རིང་འདོན། སྙིང་འཕར་ཞིང་། ཕྱི་རོལ་གྱི་སྐད་དང་། རྡོག་སྒྲ་སྙིང་གི་ནང་དུ་གྲགས་པ་སྙམ་བྱེད། དེ་ལ་བཅོས་པ་ནི། ལུས་ཐམས་ཅད་སྦང་མའམ། མཁན་པའི་ཆུ་དང་མི་བསྐྱོད་པས་བཀྲུས་ལ་བསྐུ་བྱུག་བྱ། དམིགས་པ་ནི། ལུས་སྟོང་སང་ངེ་བལ། ནང་དུ་ཟླ་བའི་འོད་ཤར་བ་ལྟར་དཀར་སོང་ངེ་བར་བསམ། ལུས་སྐྱིལ་ཀྲུང་བཅས་ལ་པུས་མོ་གཉིས་ལ་ལག་པས་འཇུས་ཏེ་ལུས་བསྲང་། མགྲིན་པར་དགྱེ་བོར་རྒྱབ་ཏུ་འཐེན་ལ་ཁ་ནས་ཧ་ཞེས་དྲག་ལ་རིང་བར་བརྗོད་ལ་རླུང་དབྱུང་ཟི་ཐོམ་བྱུང་བ་དང་བཞག །དེས་གྱེན་དུ་འཚངས་བྱུང་ན། འབེབས་པའི་འཁྲུལ་འཁོར་འགའ་བྱ། རྗེས་ལ་བསྐུ་བྱུག་བྱ། དེ་ལྟར་ཐུན་དུ་བཅད་ལ་བྱ། དུས་གཅིག་ལ་མང་གྲགས་ན་མི་བཟང་། རིམ་གྱིས་ཇེ་མང་དུ་བྱའོ། །སྲོག་འཛིན་རེངས་པ་ནི། སྲོག་རྩའི་ནང་དུ་ཤིང་བཅུག་པ་འདྲ། རྟགས་གཞན་སྔར་དང་ཕྱོགས་མཐུན། དེ་བསལ་པ་ནི། ལུས་ཙོག་པུར་བྱས་ནས། རླུང་སྣ་ནས་ཧཱུྃ་གིས་དལ་བུས་དབྱུང་། ཡང་སྐྱིལ་ཀྲུངས་བྱས་ཏེ་ས་ལ་བརྡབ། དེ་གཉིས་རེས་མོས་བྱ། དམིགས་པ་ལྟེ་བར་ཐིག་ལེ་དཀར་དམར་འཐབ་པ་ལ་སེམས་གཏད། དེས་སེལ་ལོ། །སྲོག་
༢༩༨ རླུང་སྟེངས་ཏོ་གནས་འཁྱམས་ན། རྟགས་སྔ་མ་རྣམས་ཀྱི་ཐོག་ཏུ་ཤེས་པ་དང་། རླུང་ནང་དུ་བསྡུད་ཅིང་བརྒྱལ་བ་ལྟ་བུ་འབྱུང་། དེ་ལ་ལུས་སྦྱོངས་དང་། རླུང་རྩོལ་དྲག་པོ་མི་བྱ་བར་ཀློད་ལ། རིག་པ་རང་སོར་བཞག །སྟེང་དུ་རླུང་སེམས་འགྲོ་བ་སྙམ་བྱེད་ན། འོག་ཏུ་ཤེས་པ་གཏད། བྱིང་བ་སྙམ་བྱེད་ན། མགྲིན་པའམ་དཔྲལ་བར་གཏད། ནང་དུ་འཐུམ་པ་སྙམ་བྱེད་ན་ཁ་སྣ་གཉིས་ཀ་ནས་དབྱུང་ངོ་། །སྨན་བྱེད་ན། ཨ་ག་རུ་ནག་པོ། གོ་སྙོད། སྙིང་ཞོ་ཤ་།དྲོད་སྨན་ཧྲིལ་འཇོང་གཉིས་ཀ་།རུ་རྟ། སྤོས་དཀར། ཛཱ་ཏི་དེ་རྣམས་གང་འཚོགས་བཏང་། རླུང་སྟོབས་ཤིན་ཏུ་ཆེ་ན། ཤ་ཆེན་ནམ། ཤིང་ཁུན། སྒོག་སྐྱ་བཏང་། རླུང་སྐྱེ་བའི་སྤྱོད་ལམ་མི་བྱའོ། །གཉིས་པ་གྱེན་རྒྱུ་ལ་གསུམ་སྟེ། ཐུར་སེལ་ལ་བསྡོངས་ཏེ་སྟོད་དུ་འཚངས་པ་དང་། འཁྲུགས་པ་དང་། སྟོར་བའོ། །དང་པོ་ནི། སྒོམ་ཉེས་པ་དང་། ཉལ་ཉེས་པ་དང་། ལྷ་སྟངས་སྟེང་དུ་གྲགས་པས་བྱུང་བ་ཡིན། རྟགས་ནི་དང་པོ་ཕོ་བ་ནས་ཡར་ཕུས་བཏབ་པ་བཞིན་འོང་ཞིང་། མགྲིན་པ་མན་ཆད་རྐྱལ་པ་ཕུས་བཏབ་པའམ། །ཁང་ཆུང་དུད་པས་འཚུབ་པ་བཞིན་འོང་ཞིང་གཟེར། སྐད་མི་ཐོན། འོག་སྒོ་སྡུད་མི་ཤེས། དེ་བཅོས་པ་ནི། ལུས་ཙོག་བུའམཔུའམ། ཡང་ན་སྐྱིལ་ཀྲུང་བྱ། རང་གི་ལག་པ་གཉིས་ཀྱི་མཁའ་ལ་ལུས་བཏེག་ལ་བརྡབ། རང་གིས་མི་ནུས་ན། སྟན་གྱི་སྟེབས་སུ་བསྡད་ལ། མི་གཉིས་ཀྱིས་སོར་བཞི་ཙམ་བཏེག་ལ་བརྡབ། ལན་གསུམ་བཞི་ཙམ་ནས་ས་ལ་བཞག་ལ་ཚིགས་གཞུང་ཁུ་ཚུར་གྱིས་བརྡུང་། རླུང་
༢༩༩ གི་གནད་ནི། འོག་སྒོ་དྲག་ཏུ་བསྡམ། སྟེང་ཡེ་མི་བཟུང་། དམིགས་པ་ནི་ལུས་འདེགས་དུས་སུ། རླུང་ཐམས་ཅད་འོག་སྒོ་ནས་ཐོན་ནས་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ་པར་བསྒོམ་མོ། །འཁྲུགས་པ་ནི། རྟགས་གཞན་སྔར་དང་ཕྱོགས་མཐུན་པ་ལས། མི་ནོར་པའི་རྟགས་ནི། སྟོང་དུ་འཚངས་པ་དང་། ཕུར་བུས་བཏབ་པ་བཞིན་གཟེར་ཡང་འོག་སྒོ་ནི་སྡུད་ཤེས་པའོ། །འདི་བཅོས་པ་ནི། གང་གཟེར་སར་གྲུ་གུའམ། ཕོ་རྡུ་ཁུ་ཚུར་ཙམ་བཅིངས་ལ། གྲོགས་གཅིག་གིས་རོ་སྟོད་སང་གིས་བཏབ་ལ་སྤྲུག །དེ་ནས་དལ་བུས་ས་ལ་བཞག་སྟེ། ཁུ་ཚུར་གྱིས་བརྡུང་བ་དང་བསྐུ་བྱུག་བྱའོ། །དེས་མ་ཕན་ན་སྔར་ལྟར་ཡང་བྱའོ། །འདི་གཉིས་ནི། ནད་རླུང་རྩ་ལ་རེངས་པའི་སྟོད་རེངས་ཀྱང་ཡིན་ནོ། །ཡང་འཁྲུགས་པའི་རིགས་གཅིག་ལ་སྐེ་དང་ལྐོག་མ་སྐྲངས་ཤིང་འགྱུར་མི་ཤེས་པ་དང་། ཁ་འཐམ་པ་འོང་སྟེ། དེ་ལ་ནི་རླུང་ཁ་སྦྱོར་བྱས་ནས་མགྲིན་པར་དྲག་ཏུ་བཀང་ལ་ལག་པས་མཉེ། གཏོང་ཙ་ན་ཧ་ཞེས་སྣ་ནས་བཏང་། ཧ་ཡང་སྐབས་སུ་བརྗོད། གཡེར་མ་གོ་སྙོད་ཚྭ་དང་གསུམ་མར་ནག་གམ་མར་གང་རུང་ལ་སྦྱར་ནས་བསྐོལ་ལ་འཇམ་ཙམ་གྱིས་བྱུགས་ལ་འཕུར། སྐབས་སུ་མི་སྐྱོད་པས་བཀྲུའོ། །སྟོང་པ་ནི་རླུང་གི་ནུས་པ་ཟད་པ་ཡིན་ཏེ། སྟོད་རྣམས་མི་བདེ་རླུང་བུས་ཙམ་ཤེད་མེད་པ་ཅིག་འོང་། མགོ་ཟི་བ་ལ་སོགས་པའི་རླུང་རྟགས་འོང་། དེ་བཅོས་པ་ནི། བསྐུ་བྱུག་དང་དྲོད་དུགས་བྱ། རླུང་ནང་དུ་བཟུང་། དབྱུང་བ་བྱ་མི་ཉན།
༣༠༠ མདོར་ན་གྱེན་རྒྱུའི་ནུས་པ་སྐྱེ་དགོས་པ་ཡིན། གོང་གི་གཉིས་ནི་གྱེན་རྒྱུ་འཕེལ་བའི་སྐྱོན་ཡིན་པས་གཞི་ལ་དགོས་པ་ཡིན་ནོ། །གསུམ་པ་ཐུར་སེལ་ལ་སྐྱོན་གསུམ་སྟེ། གྱེན་རྒྱུ་དང་འགྲོགས་ཏེ་སྨད་དུ་འཚངས་པ་དང་། འཁྲུགས་པ་དང་སྟོངས་པའོ། །དང་པོ་ནི། ཐུར་དུ་རླུང་མི་ཐོན་ཏེ། འོག་རྒྱངས་ནས་རྡོ་ལྟར་འགྲོ་ཞིང་གཟེར། རྩ་བསྡུད་ཞག་གཅིག་ལུས་ན་སྲོག་གི་བར་ཆད་དུ་འགྲོ་སྟེ། དེ་བསལ་བ་ནི་ལུས་ཙོག་པུར་བྱས་ལ། ལག་པ་གཉིས་དཔུང་པ་ལ་བསྣོལ་མར་འཇུས་ཏེ། རླུང་སྣ་ནས་ཧཱུྃ་ཞེས་དལ་ལ་རིང་བར་བུས་ཏེ་ཕྱིར་བཀག་ལ། ལྟེ་བ། རྒལ་པ་ལ་སྦྱར་ལ་ཡར་ནུས་ཚད་འཐེན་ལ། ཡང་རླུང་རྔུབས་པ་དང་དུས་གཅིག་ཏུ་ལུས་ཀློདགློད། དམིགས་པ་ནི་རླུང་ཐམས་ཅད་སྨིན་མཚམས་སུ་འདུས་པར་བསམས་ཏེ། ལྟ་སྟངས་སྨིན་ཕྲག་ཏུ་གཏད། དེ་ལྟར་མང་དུས་བྱས་པའི་རྗེས་ལ། འཕུར་བ་དང་བསྐུ་བྱུག་བྱ། དེས་སེལ་ལོ། །འཁྲུགས་པ་ནི། གོང་དང་འདྲ་ལ་ཁད་པ་ལ། ཁྱད་པར་ནི་རེས་ན་རེས་བདེ། དྲི་ཆུ་སེར་ལ་སྡོམ། རེས་བཤལ། ཚ་འཁྱུག་བྱེད། དེ་བསལ་བ་ནི། ལྟེ་འོག་ཏུ་འབོ་རྡོ་ཁུ་ཚུར་ཙམ་དུ་བཅིངས་ལ། ཁ་བུབ་ཏུ་ཉལ་ཏེ་རྐང་པའི་རྟིང་པས་འཕོངས་སུ་རྡེག་ཅིང་བརྐྱང་བསྐུམ་རེས་མོས་ཀྱིས་བྱའོ། །ཡང་ན་གྲོགས་གཅིག་གིས་རྐང་པ་གྱེན་དུ་བསྟན་ནས་ཁུར་ཐའམ་སང་གིས་འདེགས་པ་གང་བདེ་བྱས་ལ་སྤྲུག་རྗེས་སུ་རྒལ་ཚིགས་ལ་སོགས་པ་རྣམས་རན་པར་ཁུ་ཚུར་གྱིས་བརྡུང་བ་བསྐུ་བྱུག་བྱའོ། །སྟོངས་པ་ནི། ཐུར་སེལ་གྱི་ནུས་པ་ཉམས་པ་ཡིན་པས། རྩ་རྒྱུད་རྣམས་ནས་ཁོག་སྨད་ལྕི་འོག་རླུང་མི་ཐུབ་པ་ཡིན།
༣༠༡ དེ་ནི་ཁ་ཟས་དྲོད་བཅུད་བསྟེན། འོག་སྒོ་འཐེན་འཕུལ་བྱ། བཅུ་དྲུག་མདོར་ཁུ་ཚུལཚུར་ཀྱིས་བརྡུང་སྟེ་དེས་སེལ་བར་འགྱུར་རོ། །དེ་ལྟར་སྟོད་སྨད་གཉིས་ཀ་ལ་རྗེས་ཕན་དཀའ་ན། གང་དམིགས་ཡོད་པར་བེར་ཀ་རྡེག་གོ །ཛཱ་ཏི། རྒྱཾ་ཚྭ། དྲོད་སྨན་ཧྲིལ་འཇོངས། ཤིང་ཁུན། སྒོག་སྐྱ་གང་འཛོམ་རུས་ཁུའམ། ཆང་གིས་ཕུལ་ལ་བཏང་བར་བྱའོ། །འདི་ནི་ཕོ་བའི་མཁྲིས་པ་འཇུ་བྱེད་སྟོངས་པའི་ནད་ཡིན་ནོ། །བཞི་པ་མེ་མཉམ་ལ་ནི་གེགས་གསུམ་སྟེ། གང་བ་དང་། སྟོང་པ་དང་། གཟེར་བའོ། །དང་པོ་ནི་ཕོ་བའི་རླུང་གིས་སྟོང་སྦོས་བྱས་ཏེ། མི་བདེ་ཞིང་། འགྲངས་པ་དང་། ལྟོགས་དུས་མི་བདེ་བ་ཡིན། དེ་ལ་རླུང་ཁ་ནས་ཕོ་བར་མིང་པ་བཞིན་བྱས་ཏེ་བཅུག་ལ་ལག་མཐིལ་གྱིས་མཉེ། དེ་ནས་སྦྲེག་པ་བཏོན་པས་ཆོག་གོ །སྨན་བྱེད་ན། སེ་འབྲུ། སུག་སྨེལ། ལི་ཤི། པི་པི་ལིང་། ཙི་ཏྲ་ག །རྒྱམ་ཚྭ་གང་འཛོམ་ཆུ་བསྐོལ་གྱིས་ཕུལ་ལ་བཏང་ངོ་། །འདི་ནི་ཕོ་བའི་བད་ཀན་མྱགས་བྱེད་དང་གཉིས་བསྡོངས་པ་ཡིན་པས་རླུང་ཁ་ནས་ཧ་ཞེས་བཏོན་ནས། རྗེས་སུ་བེར་ཀ་ཁྲུ་གང་ཙམ་གྱིས་རྩེ་མོ་ཕོ་ཁར་གཏད་དེ་བསྐོར་བ་དང་། ཡང་ན་ལག་པའི་ཁུ་ཚུར་ཕོ་ཁར་གཏད་ལ། མགོ་བོ་ཐུར་དུ་བསྟན་ནས་བྱ། སྐྱུག་བཔ་བྱུང་ན་བདེ་བར་འགྱུར་རོ། །སྟོང་པ་ལ་རིགས་གཉིས་ཡོད་དེ། གྲང་བས་སྟོངས་པ་དང་། ཚད་པས་སྟོངས་པའོ། །དེ་ལ་གྲང་བས་སྟོངས་པ་ནི། ཕོ་བར་འུར་སྒྲ་སྒྲོག་ཅིང་། སྒྲ་བཅས་སུ་སྦྱོང་། བེ་སྣབས་དང་ཟས་མདོག་འཁྲུ་བ་ཡིན། དེ་
༣༠༢ ལ་ནི་གོང་གི་སྨན་ནམ། ཡང་ན་ཚ་བ་གསུམ་པོ་གང་རྙེད་བཏང་ཞིང་། སྐེང་སྐོར་མང་དུ་བྱས་པས་སེལ་ལོ། །ཆ་བས་སྟོངས་པ་ནི། ཁྲག་གམ་སེར་པོའམ། ཆུ་འཁྲུ་ཡང་དྲོད་ཆེན་པོ་ཚ་ཤ་ར་ར་སྦྱོང་པ་ཡིན། དེ་ལ་ནི་ཁ་ནས་རླུང་སྒྲ་བཅས་སུ་ཕོ་བར་བཅུག་ལ། ཕོ་བར་འཕུར་བསུབ་བྱ། འོག་སྒོ་མཐེམ་འཕུལ་བྱ། དེས་ཀྱང་མ་ཕན་ན། ཆུ་གྲང་ངམ། མི་བསྐྱོད་པ་གྲང་མོ་བཏུང་ལ་ལུས་སྦྱོངས་བྱ། རྒྱམ་ཚྭ། ཁ་རུ་ཚྭ། སྙ་ལོ། བཙོང་། ཨ་རུ་ར། བྲག་ཞུན་གང་རྙེད་ཐད་དུ་བྱས་ལ་བཏུང་ངོ་། །འདི་ནི་འཕོ་བའི་མཁྲིས་པ་འཇུ་བྱེད་དང་བསྡོངས་པའི་ནད་ཡིན་ནོ། །ཚ་གྲང་གཉིས་ཀའི་རྗེས་སུ་འབྲས་ཐུག་གམ་ཐ་རམས་སམ། རམ་བུའི་ཐུག་པས་སྦྱོངས་བཅད་དོ། །ཡང་ན་ད་ཏྲིག་གི་ཐང་བཏང་ངོ་། །སྔ་མ་རྣམས་ཀྱིས་འཁྲུ་བ་ཆད་ན་དེ་ཚོ་བཏང་མི་དགོས་སོ། །གཟེར་བ་ནི། ཕོ་བའི་དཀྱིལ་དུ་གཟེར་བ་ཡིན་ཏེ། དེ་ལ་རླུང་གིས་ཕོ་བ་བཀང་ལ། ལག་པ་གཉིས་སྤྱི་བོར་བཏེག་ཅིང་ཕོ་བར་བརྡེག །ཡང་ན་མཉེ་ཞིང་ཁུ་ཚུར་གྱིས་བརྡུང་། འདི་ལ་ཡང་ནང་དུ་ཚ་ལམ་ལམ་བྱེད་ན་ཚད་པ་ཡིན། གྲང་ལྷང་ལྷང་བྱེད་ན་གྲང་བ་ཡིན་པས། རླུང་འཛིན་ལུགས་དང་སྨན་ནི་སྔ་མ་དང་འདྲའོ། །གསུམ་ཀ་ལ་ལྟོ་བ་གྱང་ངམ་ཤིང་ངམ། རྡོ་ལྟ་བུ་ལ་བཀལ་ལ་རྐང་ལག་རེ་མོས་ཀྱི་གཡབ་ཅིང་ཧ་ཞེས་རླུང་ཁ་ནས་བཏོན་པས་ཀྱང་ཕན། གཟེར་བ་འདི་སྲིན་ལ་ཡང་ལོང་བས་སྲིན་ནད་ལ་ནི། ཨ་རུ་ར། ཟིལ་ཚྭ། རྒྱམ་ཚྭ། པི་པི་ལིང་ཆུ་བསྐོལ་གྱིས་ཕུལ་ལ་བཏང་བས་ཕན། དེས་ཀྱང་མི་ཕན་པའི་ཐུབ་ལ། ཐང་ཁྲོམ་གྱི་འབྲས་བུ་བསྣན། ཅིས་
༣༠༣ ཀྱང་མ་ཕན་ནམ། སྨན་མ་རྙེད་ན། སྲིན་འགྲིལ་སར་བེར་ཀ་བརྡེག་ཅིང་། ཚྭ་ཆུ་བླུད་པས་ཕན་ནོ། །ད་ནི་ཞར་ལ་མ་ཞུ་པ་འཆོས་ན། མ་ཞུ་བ་གསང་པ་ལ་ནི། རླུང་ཁ་ནས་ཕོ་བར་བཅུག་ཅིང་ལུས་ཙོག་བུ་བསྡད་ལ། འོག་སྒོ་འཐེན་འཕུལ་བྱ་ཞིང་། འཁྲུལ་འཁོར་གྱིས་དཀྲུགས་པས་སྦྱོངས་པར་འགྱུར་རོ། །ཡང་ཁ་ནས་སྒྲོའམ། མཛུབ་མོ་བཅུག་སྟེ་རླུང་ཁ་ནས་གྱེན་དུ་དྲངས་ལ་སྐྱུག་གོ །སྨན་གྱིས་བཅོས་ན། མར་དང་ཞོ་དར་དང་འོ་མ་རྣམས་མ་ཞུ་བ་ལ། ཆུ་ཁུར་བསྐོར་ལ་བཏུང་། ཤ་མ་ཞུ་ན་སོགས་པའི་ཁྲུང་ཁྲུང་བསྐོལ་ལ་བཏུང་། ཆང་མ་ཞུ་ན་སོག་ཚིགས་བསྐོལ་ལ་བཏུང་། ཙམརྩམ་པ་མ་ཞུ་ན་བུལ་ཏོག་བསྐོལ་ལ་བཏུང་། ཆུ་དང་སྨན་མ་ཞུ་ན་རྒྱམ་ཚ་བསྐོལ་ལ་བཏུང་། མ་ཞུ་བ་རྙིང་པ་འགྲིལ་བ་དང་། སྐྲན་ལ་ཕོ་བར་རླུང་བཅུག་སྟེ་ལག་པའི་སོར་མོས་ཡུན་རིང་དུ་མཉེས་ལ། རྗེས་སུ་ཨ་རུ་ར་དང་རྒྱམ་ཚའི་ཐང་རེས་མོས་ཀྱིས་བཏང་། དེས་བདེ་བར་འགྱུར་རོ། །ལྔ་པ་ཁྱབ་བྱེད་ལ་གེགས་གསུམ་སྟེ། རེངས་པ་དང་འཁྲུགས་པ་དང་སྟོང་པའོ། །དང་པོ་ནི། དྲག་ཤུལ་དང་རླུང་གིས་རྐྱེན་གྱིས་རྐང་ལག་རྣམས་གློ་བུར་དུ་རེངས་ཤིང་འཁུམ་བར་འགྱུར་ཏེ། དེ་ལ་མར་རྙིང་པའམ་ཞུན་གྱིས་ལེགས་པར་བྱུག་ལ། རླུང་གིས་ལུས་ཐམས་ཅད་དལ་བུས་བཀང་ལ། ཕུར་ཞིང་ཁ་སྣ་གཉིས་ནས་ཧཱུྃ་དང་ཧེ་ཡིས་དབྱུང་། དྲོད་སྨན་ཅི་རིགས་བཏང་། དེས་འཚོའོ། །གཉིས་པ་འཁྲུགས་པ་ནི། ལུས་ཀྱི་ཡན་ལག་གི་རྩ་རྒྱུས་རྣམས་ན་ཞིང་། ཁབ་གྱིས་གཙགས་པ་འདྲ་བ་འབྱུང་སྟེ། དེ་ལ་བསྐུ་བྱུག་བྱ་ཞིང་། ཟས་བཅུད་
༣༠༤ ཅན་བསྟེན། མི་བསྐྱོད་པས་བཀྲུ། རླུང་ཁ་སྦྱོར་རན་པར་བཟུང་ངོ་། །འཁྲུལ་འཁོར་མི་ཆེན་ལུགས་བྱ། ཡང་འཁྲུགས་པ་རིགས་གཅིག་པགས་པ་ཐམས་ཅད་རྩེ་ཞིང་ཆུ་བུར་ཐུག་ཐུག་པ་འབྱུང་། དེ་ལ་མི་བསྐྱོད་པའམ། མཁན་པའི་ཆུས་བཀྲུ། ཆུ་གྲང་མོའམ་མི་བསྐྱོད་པ་ལ་སྤངས་པའི་རས་ཀྱིས་བཀྲིས་ལ། རླུང་ཁ་སྦྱོར་ནུས་ཚད་དུ་བསྡོམ་དེས་བདེ་བར་འགྱུར་རོ། །གསུམ་པ་སྟོངས་པ་ནི་ཡན་ལག་གི་ཤེད་ཤོར་ནས་སྒུལ་སྐྱོད་དཀའ་བ་དང་། ཚིགས་རྣམས་ལྷོད་ཅིང་མི་ཐེག་པ་ཡིན། དེ་ལ་རླུང་བཟུང་ནས་ཕུར་བསྲུབ་ལེགས་པར་བྱ་ཞིང་། །ཁོང་དུ་དབང་པོ་ལག་པ་ལ་སོགས་པའི་རྩ་བ་ལྔ། སྦྲང་རྩིའམ་མར་དཀར་དང་སྦྱར་ལ་ཟ། རླུང་བཟུང་ནས་རྩེད་མོ་དང་མཆོངས་རྒྱུག་བྱ། དེས་སྐྱོན་ལས་གྲོལ་ལོ། །ད་ནི་གཉིས་པ་ཡན་ལག་གི་རླུང་རྣམ་པ་ལྔ་ལས། མིག་དུ་རྒྱུ་བ་རེངས་ན། ཚ་གྲང་གཉིས་ལས། གྲང་བ་ལ་རླུང་དང་བད་ཀན་གཉིས་ཏེ། དང་པོ་ནི་རླུང་བསྒོམས་པས་མིག་འབུར་བ་དང་མི་གསལ་བར་གྱུར་ན། རས་ལ་མི་བསྐྱོད་པ་གྲང་མོ་བཏབ་ལ་མིག་དཀྲིས་ཏེ་ལྟག་ཁུང་དུ་མདུད་ལ་ཕྱི་གན་དུ་ཉལ་ལ། རྐང་ལག་དྲག་ཏུ་བརྐྱངས་ལ་གཅུད་ཅིང་བརྐྱང་བསྐུམ་བྱ། རྐང་པའི་རྟིང་པ་དང་ལྟག་ཁུང་རུདུ་བསྐུ་བྱུག་བྱ་ཞིང་། དམིགས་པ་ནི་ལྟག་ཁུང་དུ་ཐིག་ལེ་དཀར་པོའམ། སེར་པོ་ལ་དམིགས་པ་གཏད། མིག་ཏུ་རླུང་རེངས་ནས་ཧ་རེ་ལོང་བ་ལྟ་བུར་གྱུར་ན། སྲིན་ལག་གི་ལག་པའི་མཐིལ་དུ་དྲུད་ལ་མིག་ཏུ་བླནབརླན། ལག་པའི་མཐིལ་གྱིས་དལ་བུས་ཕུར་ཞིང་ཟས་དྲོད་བཅུད་བསྟན་ནོ། །ཟས་ཟ་དུས་མིག་ལ་རླངས་པས་བདུག །མིག་གི་
༣༠༥ འཁྲུལ་འཁོར་བྱ། བད་ཀན་གྱི་མིག་སྐྱ་རིབ་ཏུ་གྱུར་ན། སྔ་དྲོ་ཁ་མ་བཤལ་བའི་སོ་ལ་སེན་མོས་དྲུང་ལ་མིག་ལ་བླན། རྟག་ཏུ་དུ་སྦྲང་དང་སྦྱར་ལ་བཟའ། ཡང་ན་ཨ་བ། གུར་གུམ། མདུང་རྩེ། གོ་སྙོད། དོམ་མཁྲིས། ལྕགས་སྤྲུལ་ཨ་རུའི་སྐྱོ་མ་ལྕགས་སྡེར་ལ་བྱུག་པ་རྣམས་སྦྲང་དང་སྦྱར་ལ་ལྟོ་སྟོང་ལ་ཐུན་རེ་བཟའ། བད་ཀན་ལ་གནོད་པའི་ཟས་མི་ཟའོ། །ཚད་པའི་རྐྱེན་ལས་བྱུང་བའི་མིག་ནད་ནི། ཁྲག་དང་མཁྲིས་པ་གཉིས་ལས། ཁྲག་གི་ནད་ཀྱིས་མིག་ཚག་པ་དང་། ཤ་འཛེར་ཕྱུང་པ་དང་། མཁྲིས་པས་མིག་དྲོད་ཆེ་ཞིང་སེར་བ་ཡོང་། དེ་དག་ཐམས་ཅད་ལ་མི་བསྐྱོད་པྲ་གྲང་མོ་བྱས་ལ་མིག་ལ་བྱུག །དེས་ཀྱང་མ་ཕན་ན། ལྟག་ཁུང་གི་མིག་རྩ་ལ་དབྱུག་པ་རྒྱབ་ལ་ཁྲག་དབྱུང་། མིག་གནད་ས་ལ་ཡང་མི་བསྐྱོད་པ་གྲང་མོ་བཏབ་ཅིང་ཁྲག་སྐྱེས་ན་གོང་ལྟར་བྱའོ། །ལིང་ཐོག་དང་ཤ་འཛེར་བྱུང་ན། ལིང་ཐོག་གི་དཀྱིལ་ན་ཕར་རླུང་ཐོན་པར་བསམ་ལ་དམིགས་པ་གཏད། ༀ་ཐེབ་ལོང་། ནེབ་ལོང་། ཚ་ཏེ་ལོང་། སུ་ཙནྡྲ་འདི་ལོང་ཅིག་ཅེས་བཟླས་ལ་ལྟག་ཁུང་ནས་གདབ། ཕུག་རོན་གྱི་དོང་སྒྲོ་ལ་སྔགས་ལ། ལིང་ཐོག་བླངས། གོང་གི་སྨན་ཡང་བྱུག །ཤིན་ཏུ་བཅད་དཀའ་ན། མི་རུས་ཙ་ཅན། རྒྱ་ཚྭ། དུང་བསྲེགས་པའི་ཕྱེ་མ་བཏབ། རྗེས་སུ་གུར་གུམ་བྱུག་གོ །རྣ་བ་རུ་རྒྱུ་བ་རེངས་ན། ནད་རིགས་མང་ཡང་ཚད་པས་འགྲམ་པ་དང་རླུང་གཉིས་ལས་དང་པོ་ནི། རྣ་བ་ནས་ཁྲག་དང་ཆུ་སེར་དང་རྣག་འབབ་པ་དང་དྲོད་ཆེ་བའོ། །དེ་རྣམས་ལ་ཐོག་མར་སེང་གེ་རྣམ་གྲོལ་གྱི་ཕྱག་
༣༠༦ རྒྱ་ཅུང་ཟད་བྱ་སྤྲུགས་ལ། དེའི་འོག་ཏུ་རླུང་དབྱུང་བ་བྱས་ཏེ། རྣ་བ་རུ་རླུང་དང་རིག་པ་གཏད་པས་དེས་རྣག་ལ་སོགས་པ་ཐོན་ནོ། །རྣག་ཁྲག་སྐམསསྐམ་ནས་འོན་ན་རྣ་བའི་གཏིང་དུ་སྔོ་བ་དང་དམར་བ་འབྱུང་། དེ་ལ་རྒྱ་ཚྭ་དང་། ཁུག་ཆོས་ཀྱི་འབྲས་བུ། རུ་རྟ་གསུམ་མི་བསྐྱོད་པ་དང་སྦྱར་ལ་རྣ་བར་བླུག་ཅིང་དལ་བུས་ཕྱེ་མ། རྗེས་སུ་མ་འགྲམ་པར་བྱའོ། །རླུང་གིས་འོན་པ་ལ། གཏུམ་མོའ་མེ་ལ་དམིགས་པ་གཏད་ཅིང་རྣ་བའི་མདུན་དུ་སྣུམ་བྱུགས་ལ་མཉེའོ། །རྣ་བ་རུ་རླུང་དང་རོལ་མོའ་སྒྲ་བྱུང་ཞིང་འོན་ན། མགོ་རུས་རྙིང་པ་བསྐོལ་བའི་ཆང་དུ། ཤིང་ཁུན། དབང་པོ་ལག་པ། རུ་རྟ། ཁ་རུ་ཚྭ། སེ་འབྲུ། སུག་སྨེལ། པི་པི་ལིང་། མཁལ་མ་ཞོ་ཤ་རྣམས་ཕྱེ་མ་ཞིབ་ཏུ་བྱས་ལ་བཏབ་སྟེ་བསྐོལ་བའི་རླངས་པ་ལ་རྣ་བ་བདུག་ཅིང་རླང་པ་ཡལ་བ་དང་། ཁུ་བ་ཕོར་ཆུང་རེ་བཏུང་དེས་རླུང་འོན་ལ་ཕན་ནོ། །སྣར་རྒྱུ་བ་རེངས་ན་དབུགས་དབྱུང་རྔུབ་དཀའ་ཞིང་དུ་བ་འཚུབ་པ་ལྟར་འགྱུར། ཧེའི་སྒྲས་རླུང་མང་དུ་དབྱུང་རྔུབ་བྱ། ཆུ་སེར་རམ་ཐོར་བུ་ལྟ་བུས་འགགས་ན། རུ་རྟ་དང་། བཅའ་སྒ་མི་བསྐྱོད་པ་དང་སྦྱར་ལ་སྣར་རྔུབས་ཏེ་མཉེས་ལ། དྲག་ཏུ་བུས་རྗེས་སུ་མི་བསྐྱོད་པས་ཀྱང་བཀྲུ། སྣ་ཁྲག་ཤོར་ན། ལུས་སྐྱིལ་ཀྲུང་བྱས་ལ། ལག་པ་རྒྱབ་གཞུང་དུ་ཁུ་ཚུར་མི་དྲག་ཙམ་གྱིས་བརྡུང་ཞིང་། སྤྲུག་པ་དང་རྡུང་བ་རེ་མོས་བྱའོ། །ཤིན་ཏུ་ཆོད་དཀའ་བ་ལ། སྐྲ་བསྲེགས་པ་དང་། དེ་ཉིད་སྐམ་པའི་ཕྱེ་མ་སྣར་རྔུབ་ཅིང་། སྨིན་མཚམས་དང་ཚིགས་པ་དྲུག་བདུན་གྱི་གཡས་གཡོན་དུ་བེར་ཀ་བརྡེག །རྡོ་གྲང་མོ་བླན་ནོ། །
༣༠༧ རླུང་གི་རྐྱེན་གྱིས་སྣ་ཁྲག་འོང་བ་ཡང་ཡོད་པས། རྐང་མཐིལ་དུ་སྒོག་པ་བྱུག་གོ །ལྕེ་ལ་རྒྱུ་བ་རེངས་ན་སྨྲ་བ་དཀའ་བ་དང་། ལྕེ་དང་མཆུ་རྣམས་སུ་ཐོར་པ་འོང་བ་དང་། སོ་ན་བ་འོང་། དང་པོ་ལ་རླུང་མགྲིན་པར་བཟུང་ལ་ལག་མཐིལ་གྱིས་འཕུར་ཞིང་། ལྕེའི་རྩ་བར་ཡཾ་རཾ་ལས་མེ་འབར་ཏེ། ངག་གི་སྐྱོན་ཐམས་ཅད་བསྲེགས་པར་བསྒོམ། ཐོར་པ་དང་ཁྲག་གིས་མི་བདེ་བ་ལ། ཨ་རུ་ར། མཚུར་ནག །ཞུ་མཁན་གོང་འཛམ་མི་བསྐྱོད་པ་ལ་སྦྱར་ཏེ་ཁར་བཟུང་། ཡུན་རིང་དུ་སོང་བ་དང་ཕྱིར་ཕོ་ལ་འཇིབས་ནས་ཆུས་བཤལ་ལོ། །ཁྱད་པར་དུ་གགས་པ་ལྟ་བུ་ལ། རྒྱ་ཚྭ། ལི་ཤི། མེ་ཏོག་གསུམ་པའམ། དེ་མ་རྙེད་ན་ལྕེ་ཚ་བའམ། སྲུབསྲུབས་ཀ་དང་སྦྱར་ལ་གདབ་པོ། །རླུང་གི་སོ་ན་བ་ལ་ནི་མི་བསྐྱོད་པ་དྲོན་མོའམ། མར་ཁུ་དྲོན་མོ་ཁར་བཟུང་བའམ། ཡང་ན་ཕྱིང་པ་སྣུམ་ཚོས་དྲོན་མོས་མནན་ནོ། །རླུང་སྲིན་ལ་མཁན་པ་དང་ཁྱིའི་སྤུ་མར་དུ་བཙོས་ལ་མནན་ནོ། །མི་མ་ཡིན་པའི་རྐྱེན་གྱིས་ངག་མནན་པར་གྱུར་ན། རང་ཡི་དམ་རྡོ་རྗེ་རྩེ་ལྔ་པའམ། རལ་གྲིར་བསྒོམས་ལ་སྔགས་ཀྱི་འོད་མེ་ལྟ་བུས་གནོད་བྱེད་བསྲེགས་པར་བསམ་སྟེ། ༀ་ཨཱཿཧཱུྃ། བདག་གི་དག་ལ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་སོ། །རྫས་ནི། ཤུ་དག །ག་བུར། གླ་རྩི། མཁན་པ་ཨ་ཀྲོང་། ཕུར་མོ་མངར་གསུམ་དང་སྦྱར་ནས་རི་ལུ་བྱས་ཏེ། ཁར་མུར་ཆུས་བཤལ་ལོ། །པགས་པ་ལ་རྒྱུ་བ་རེངས་ན། ཟ་འཕྲུག་ལ་སོགས་པ་པགས་པའི་ནད་དུ་འགྱུར་ཏེ། དེ་བཅོས་པ་ནི། མི་བསྐྱོད་པ་དྲོན་མོས་ཁྲུས་བྱ་
༣༠༨ ཞིང་། དེས་མ་ཕན་ན་ཚྭ་དང་གཡེར་མ། ཆུར་རྩའི་རྩ་བ་དུད་པ་མ་ཤོར་བར་བསྲེགས་པའི་ཐལ་བ་རྣམས་ཞིབ་ཏུ་བརྡུངས་ལ། མར་ནག་གམ། མར་གྱི་ནང་དུ་བཏབ་ལ་བསྐུས་ཤིང་ཉི་མས་བསྲེག །ཤུ་བ་རུ་གྱུར་ན་བདུད་རྩིའི་ཕྱེ་མ་མར་ཁུར་བཏབ་ལ། བདུད་རྩི་ཆེན་པོའ་མར་ཁུའམ། ཡང་ན་དུར་བྱིད་དང་ཆུར་རྩ་ཐར་ནུ་གང་འཛོམ་བསྲེགས་པའི་ཐལ་པ་མར་དང་སྦྱར་ལ་བསྐུའོ། །པགས་པའི་བར་དུ་ཆུ་སེར་གྱིས་གང་ནས་སྐྲངས་ན། ཐོག་མར་རླུང་ཧཱུྃ་གིས་དབྱུང་བ་མང་དུ་བྱས་ལ། ཕྱིར་བུས་ཏེ་སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་བཅས་ལ་དྲག་ཏུ་སྤྲུག་གོ །སྨན་ནི་སོ་མ་རཱ་ཛ་བའམ་མཛོ་མོའ་དར་བ་གསར་པའམ། མི་བསྐྱོད་པས་ཕུལ་ཏེ་ཟའོ། །འདིས་ནི་ཤ་ལྤགས་ཀྱི་མཛེ་ནད་ཀྱང་སེལ་ལོ། །རྨ་རྙིང་དང་། འབྲས་དང་། ཕོལ་མིག་དང་། སེར་ཀ་འཚོར་མེད་པ་རྣམས་ལ་ནི། རླུང་བཟུང་ནས་དམིགས་པ་དེར་གཏད་ནས་དྲག་ཏུ་བཅུད་དེ་བྱང་སེམས་དཀར་དམར་ཆུའི་ནང་དུ་འཐབ་པ་ལ་སེམས་གཏད། དྲི་ཆེན། སྦྱང་བྲུན། ཁྱི་ལུད་དཀར་པོ། པ་ཡག་དང་། ལུག་ཐུག་གི་རྭ་གཞོབ། མི་དང་ཕག་པའི་ཚིལ་རྣམས་འབྲུ་མར་དང་སྦྱར་ལ་བསྐུའོ། །དེས་ངེས་པར་འཚོ་བར་འགྱུར་རོ། །འབྲས་དང་མེ་དཔལ་མཛེར་པ་ནག་པོའ་རིགས་ཤ་དང་རུས་པ་ལ་ཟིན་ཅིང་ཉུང་མ་འཁྱམས་པ་ལྟ་བུར་གྱུར་པ་རྣམས་ལ། ཐར་ནུ། རེ་ལྕག །སྤྱང་ཆོར་གསུམ་གྱི་རྩ་བ་དྲི་ཆེན་དྲི་ཆུ་ཚྭ་དུད་པ་རྣམས་སྦྱར་ལ་རྨ་ལ་བསྐུ་ཞིང་། སྡང་མའི་ལུ་མས་སུ་བཅུག་ལ། རྗེས་ཐམས་ཅད་ཆོད་ནས་ཤིན་ཏུ་ཚ་བར་གྱུར་པ་དང་། ཚོད་བཟུང་ནས་གོང་
༣༠༩ གི་སྨན་གྱིས་བསྐུས་ན་འཚོ་བར་འགྱུར་རོ། །འབྲུམ་ནག་ལ་སོགས་པ་འབྲུམ་པའི་ནད་ལ། བྱ་རྐང་གཟུགས་པའི་འཁྲུལ་འཁོར་བཅས་ལ། རླུང་ཁ་སྦྱོར་དུ་བཟུང་ལ། མནན་ཟིན་ནས་འགྱེལ་འགྱེལ་དུ་གཅུད་ཅིང་རྗེས་སུ་མི་བསྐྱོད་པ་ལ་སྲན་ཆུང་བཏབ་ལ། ཐོད་པའི་ནང་དུ་བཏགས་པ་བཏུང་ངོ་། །དེ་དག་ནི་ཡན་ལག་དྲུག་གི་གེགས་སེལ་འཕྲོས་དང་བཅས་པའོ། །སྒ་སྐྱ། དྲོད་སྨན་འཇོང་མོ། བུར་དཀར་དང་གསུམ་བསྐོལ་ལ། ཇ་སུན་ཙམ་རེ། ཉིན་གཅིག་ཐེངས་གཉིས་འཐུངས་ན། འབུ་རྣོན་ལ་ཕན་ནོ། །ཐིག་ལེའི་གེགས་སེལ་བསྟན་པ་ནི། རྒྱུ་རྐྱེན་ངོས་ཟིན་པར་བྱ་སྟེ། དང་པོ་ཉོན་མོངས་པའི་བག་ཆགས་ཀྱིས་འཛག་པ་ནི། གཉེན་པོ་ཐེག་པ་ཐུན་མོངསམོང་ཀྱིགི་ཐབས། མི་སྡུག་པ་བསྒོམ་པ་རིག་པ་ཀུན་རྟགས་སམ། ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་བསྒོམས་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་ནས། སྒྱུ་མ་ལྟ་བུའི་སྟོང་པ་ཉིད་བསྒོམ་པ་སྟེ། གསུམ་པོ་འདི་གང་ཟག་གིས་བློ་རིགས་དང་སྦྱར་ནས་བསྒོམ་པ་གལ་ཆེ། གཉིས་པ་ཐིག་ལེ་གདོན་གྱིས་འཛག་པ་ནི། རྨི་ལམ་ན། རྟ་དང་། ཁྱི་དང་། བུད་མེད་ལ་སོགས་པ་རྨི་ཞིང་། མི་འདོད་བཞིན་དུ་འཛག་པར་འགྱུར་རོ། །དེའི་གཉེན་པོ་ནི་སྤྱིར་ཡི་དམ་བསྒོམ་བཟླས་བྱ་བའམ། བྱེ་བྲག་ཏུ་གཏུམ་མོ་བསྒོམས་པ་ལྟ་བུ་ཡིན་ན། ཕག་མོ་མི་བསྒོམ་ན། བདག་ཉིད་ཡི་དམ་གང་ཡིན་པ་གནས་གྱུར་པ་ལས། པད་མ་ཉི་ཟླའི་སྟེང་དུ་བྱང་ཆུབ་སེམས་དཔའ་ཧ་ནུ་མནྡ། སྐུ་མདོག་དམར་སྨུག །ཞལ་གཅིག་ཕྱག་གཉིས་
༣༡༠ པ། གཡས་ན་རི་རབ། གཡོན་ན་ལྗོན་ཤིང་བསྣམས་པ། སྤྱན་བགྲངབགྲད་ཅིང་མཆེ་བ་གཙིགས་པ། ལྗགས་རྡོ་རྗེའི་རྣམ་པ་མེ་འབར་བ། རྒྱན་མེད་ཅིང་ལུས་ལ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། དེའི་གསང་བ་རྡོ་རྗེ་རྩེ་ལྔ་པ་མེ་རབ་ཏུ་འབར་བས་གནོད་བྱེད་བསྲེགས་པར་བསྒོམས་ལ། ༀ་སིདྷ་བན་ཏ་ར་མུ་ཁ། ༀ་བྷེ་ཏེ་བྷེ་ཏེ། མ་བྷེ་ཏེ་མ་བྷེ་ཏེ། མ་བྷི་ཤ་མ་ས་མ་ས་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་ཤིང་། དེའི་རྗེས་ལ། ༀ་ན་ཤུ་ཀྲ་དྷ་ར་ནི་བྷ་དྷ་མི་སི་ཧ་ཧི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་རེ་བཟླས་སོ། །རྫས་ཀྱི་བསྲུང་བ་བྱེད་ན། པདྨ་རཀྟ་གཙང་མ་དང་། སམ་སར་ཟེར་བའང་འདུག །བྱིན་བརླབས་ཅན་གྱི་དྲི་ཆུ་དང་། ཡུངས་ཀར་བསྲེགས་པའི་ཐལ་བ་དང་། གུ་གུལ་དང་དེ་རྣམས་ཞིབ་ཏུ་བཏགས་ཏེ་རིལ་བུ་ཡུངས་ཀར་ཙམ་བྱས་ལ་གོང་གི་ཤུ་ཀྲའི་སྔགས་བརྒྱའམ། སྟོང་ངམ་ཁྲིའམ། འབུམ་ཚུན་ཆོད་བཟླས་ཏེ། རིལ་བུ་མི་བསྐྱོད་པ་ལ་སྦྱར་དབང་པོའ་སྒོ་རྣམས་སུ་བྱུག་པའམ། ཡང་ན་རིལ་བུ་རེ་མིད་ནས་ཡི་གེ་ཧྲཱིཿམེ་འབར་བ་གཅིག་ཏུ་གྱུར་བར་བསྒོམས་ནའང་ཞག་མང་དུ་བསྲུང་ངོ་། །ཡང་གཞོན་ནུ་མས་བ་སྐལ་བའི་སྐུད་པ་དཀར་པོའམ་ནག་པོ་ལ་གོང་གི་སྔགས་བཟླས་ནས་སྐེད་པ་ལ་བཅིངས་ན་ཡང་སྲུང་བར་འགྱུར་རོ། །ནད་གཞི་གྲང་བ་དང་འགྲམ་སྐྱོན་གཉིས་ལས་འབྱུང་བ་ཡོད་དེ། གྲང་པ་ལ་ནི་སེ་འབྲུ། སུག་སྨེལ། པི་པི་ལིང་། རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚྭ། མཁལ་མ་ཞོ་ཤ །སྡིག་སྲིན། བྱེ་མ། སྔོ་བྲེ་ཁ་བ། དེ་རྣམས་གང་འཛོམས་སྦྲང་རྩིའམ་བུ་དཀར་ལ་སྦྱར་བའི་རིལ་བུའམ། ཡང་ན་རུས་
༣༡༡ ཁུས་ཕུལ་ལ་བཏང་། གཅན་གཟན་ལ་སོགས་པའི་པགས་པ་དྲོན་མོས་མཁལ་ཁུང་དང་། སྐེད་པ་ལ་བཅིངས་པའམ། ཡང་ན་གདན་དྲོ་བར་བྱ། ཁ་ཟས་བཅུད་ཅན་བཏང་། དེས་ཀྱང་མ་ཕན་ན། གྲུ་མོས་སླེབ་པའི་མཁལ་ཁུང་ཐད་ཀའི་ཚིགས་པ་བཅུ་བཞི་པའི་གཡས་གཡོན་དུ་མཚོན་རེ་གཞལ་བའི་སར་བྱུག་ཆོས་བྱ་བའམ། ཡང་ན་མེ་བཙའ་བྱ། དེས་ངེས་པར་སེལ་བར་འགྱུར་རོ། །བརྡབས་པ་ལ་སོགས་པའི་འགྲམ་པ་ལ་ཨ་རུ་ར། བྲག་ཞུན། བྲེ་ག་བ་དེ་རྣམས་སྦྲང་རྩི་ལ་སྦྱར་ལ་གྲང་ཤས་ཆེ་ན་པི་པི་ལིང་བསྲེས་ལ་ཟའོ། །དེས་ངེས་པར་ཕན་ནོ། །སྤྱོད་ལམ་གྱིས་འཛག་པ་ནི། ངལ་དུབ་ལ་སོགས་པའི་རྐྱེན་གང་ཡིན་པ་དེ། ཆ་མཉམ་པས་སེལ་བར་འགྱུར་རོ། །དེ་རྣམས་ནི་ཕལ་པ་རྣམས་དང་བཅས་པ་སྤྱི་ལ་འབྱུང་བའི་གེགས་སེལ་ལོ། །ཁྱད་པར་དུ་རྩ་རླུང་བསྒོམས་པས་ཁམས་བྱང་ཆུབ་ཀྱི་སེམས་རྒྱས་པར་འཛག་པ་རྣམས་ལ། དང་པོ་ལུས་འཁྲུགས་པའི་དུས་སུ་བསྲུང་བ་བྱས་པས་དོན་ཆུང་ཞིང་། ཕྱིས་གེགས་སེལ་གྱིས་མི་ཕན་པར་འགྱུར་བ་ཡིན་པས། རང་སོར་ཀློད་ལ་བཞག་གོ །ཕྱིས་ལུས་ཐམས་ཅད་དུ་བདེ་སྟོབས་རྒྱས་ཤིང་ཐུར་དུ་འཛག་ན་ལུས་ལ་བགྲམ་པར་བྱ་བ་གལ་ཆེ་བས། དང་པོར་རླུང་སྦྱངས་ཏེ། ཁ་སྣ་ནས་ཧ་དང་ཧཱུྃ་གིས་དབྱུང་བ་དང་། དུས་གཅིག་ཏུ་ལུས་ཙོག་པུར་བྱས་ཏེ། ལྟོ་བ་སྒལ་པ་ལ་སྦྱར་ཞིང་འོག་གི་ལམ་གསུམ་གྱེན་དུ་མཐེན། དམིགས་པ་ཧཱུྃ་སྔོན་པོ་ཅིག་རྩ་དབུ་མ་ནས་སྨིན་མཚམས་སུ་ཧྲིལ་གྱིས་
༣༡༢ བྱུང་བར་བསམ། ཡང་ནང་དུ་རྔུབས་ནས་ལྟོ་བ་བགང་ཞིང་འོག་ཏུ་ཕུལ་ནས་ཧཱུྃ་དེ་དབུ་མའི་མས་སྣར་ཐལ་ཏེ་བྱུང་བར་བསམ། དེ་ལྟར་རླུང་བྱང་ནས། དམིགས་པ་གཏད་པ་ཙམ་གྱིས་འདྲེན་ཐུབ་པས་འཁྲུལ་འཁོར་གང་གིས་ཀྱང་ཕན་ནོ། །མི་ཤེས་ན་འདི་ལྟར་བྱས་ཏེ། ལུས་ཙོག་བུའམ། སྐྱིལ་ཀྲུང་གང་བདེ་ལ། ལག་པའི་སྲིན་ལག་གི་རྩ་མཐེ་བོང་གིས་མནན་ལ། ཁུ་ཚུར་བཅངས་ཏེ་མདུན་དུ་བསྣོལ་བ་ལྟར་བྱས་ནས། དེ་ནས་སྔར་ལྟར་རླུང་བཟུང་ཞིང་། དང་པོ་སྟེང་རླུང་ནོན་པར་མནན་ལ། དེ་ནས་འོག་རླུང་ཡང་དྲག་ཏུ་འཐེན་པ་དང་དུས་གཅིག་ཏུ་ལྟོ་བ་སྒལ་པ་ལ་སྦྱར། ལྕེེ་ཡར་ཀན་ལ་སྦྱར། མཆུ་དང་མིག་གྱེན་ལ་བཟློག །མདུན་དང་གཡས་གཡོན་དུ་ལུས་ཕར་གཅུ་ཚུར་གཅུ་བྱ་ཞིང་། རེས་མོས་ཀྱིས་དྲངས་ཏེ། དམིགས་པ་ནི། ཧཱུྃ་གིས་ཐིག་ལེ་ཐམས་ཅད་དྲངས། སྨིན་ཕྲག་ཏུ་ཐིམ་པ་ལ་ཤེས་པ་གཏད་དེ་དྲག་འདྲེན་ཡིན་ནོ། །དལ་བུས་འདྲེན་ན་སྐྱིལ་ཀྲུང་བཅས་པའི་བུས་མོ་ལ་ལག་མཐིལ་གཏད་ནས་གཞན་རླུང་སྦྱོར་འདྲེན་ལུགས་སྔ་མ་བཞིན་དུ་དལ་བུས་ཀྱི། དེས་ནི་སྟེང་དུ་དྲངས་པར་ནུས་པས་དེ་ནས་དགྲམ་པ་ནི། ལུས་དྲག་ཏུ་སྤྲུག་པ་དང་འཕུར་བ་ཁོ་ནས་ཆོག་པ་ཤས་ཆེ་ལ། གལ་ཏེ་དེས་མ་ཆོག་ན་གན་རྐྱལ་དུ་ཉལ་ལ། རྐང་པ་དང་ལག་པ་རེ་མོས་སུ་སྤྲུག་པ་དང་འཕུར་བས་ཁྱབ་པར་འགྱུར་རོ། །དེ་ལྟར་བྱས་པས་སྟེང་ལྕེ་ཆུང་གི་དབུས་སུ་འཛག་ན། སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་བྱས་ཏེ། རླུང་ཕྱིར་བཟུང་ནས་གནད་དུ་འགྲོ་བར་བྱའོ། །འགའ་ཞིག་ལ་བྱང་གྲགས་པའི་སྟོབས་
༣༡༣ ཀྱིས། གོང་གིས་འཁྲུལ་འཁོར་གྱིས་མི་ཕན་པ་ཡོད་དེ། དེ་ལ་དབུ་མའི་མས་སྣར་དགག་དགོས་པས་བགྲང་བའི་མཐའ་བསྲུང་བ་ཞེས་བྱ་བ། འོག་གི་རྩ་སྒོ་རྐང་པ་གཡོན་པའི་རྟིང་པས་མནན་ལ། ཐིག་ལེ་རླུང་གིས་ཐུར་དུ་ཕུལ་ཞིང་། བར་གྱི་རླུང་ཐད་ཀར་བརྒྱངས་ནས་ཡུན་རིང་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅིང་དེ་ཉིད་བརྟན་པར་བྱ། འདི་རྣམས་ནི་བྱང་ཆུབ་སེམས་ཀྱི་གེགས་སེལ་ཡིན་ནོ། །བརྟེན་པ་སེམས་ལས་བྱུང་བའི་གེགས་སེལ་ནི། གོང་དུ་བཤད་པ་ཉིད་ལ་ཚང་ཞིང་། གཞན་ཡང་ཐུན་ཆེ་ཆུང་ཁ་ཟས་དབྲི་སྐྱེད། དམིགས་པ་སྒྲིམ་ལྷོད་རྣམས་སྤེལ་བ་དང་། སེམས་ཀྱི་གནད་སྣ་ཚོགས་སུ་འཕོ་བ་དང་། ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པ་དང་། བླ་མ་ལ་མོས་གུས་དང་། ཆོས་ལ་ཡིད་ཆེས་ཀྱི་དད་པ་དང་། འགྲོ་བ་ལ་སྙིང་རྗེ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས། སེམས་ཀྱི་གེགས་ལས་རང་སར་གྲོལ་བར་འགྱུར་རོ། །གེགས་སེལ་ཐོར་བུ་སྣ་ཚོགས་བསྡུས་པའི་སྡེ་ཚན་ཏེ་ལྔ་པའོ། །དེ་ལྟར་ན་གེགས་སེལ་གྱི་ཡི་གེ་འདི་ཡང་། བརྒྱུད་པའི་བླ་མ་གོང་མ་སོ་སོའ་མན་ངག་གི་ཡི་གེ་བཞིན་དུ་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་ལ། འགའ་ཞིག་ལ་ཉམས་མྱོང་གིས་ཀྱང་ཅུང་ཟད་བརྒྱན་པ་སྟེ། ནགས་རྒྱལ་གྱི་དབེན་གནས་ཇོ་ནང་དུ་ཏཱ་ར་ནཱ་ཐས་སྨྲས་པའོ། །ལ་སྟོད་དབང་རྒྱལ་དང་། སྲེན་ལུགས་ཀྱི་གེགས་སེལ་མང་དུ་ཡོད་པ་ནི་དེ་རྣམས་ཀྱི་གསུང་དུ་བལྟ་བར་བྱའོ།། །།

ཕྱག་ཆེན་གའུ་མའམ་རང་བབས་རྣམ་གསུམ་ཞེས་བྱ་བའི་ཁྲིད་ཡིག་བཞུགས་སོ

༢༣༧ །ཕྱག་ཆེན་གའུ་མའམ་རང་བབས་རྣམ་གསུམ་ཞེས་བྱ་བའི་ཁྲིད་ཡིག་བཞུགས་སོ། །
༢༣༨ ན་མོ་གུ་རུ་ཝེ། །ཕྱག་རྒྱ་ཆེན་པོ་གའུ་མའམ་རང་བབས་རྣམ་གསུམ་ཞེས་བྱ་བ། ཡེ་ཤེས་མཁའ་འགྲོ་ནི་གུ་མའི་གདམས་ངག་འདི་ལ། ཁྲིད་ཀྱི་སྔོན་འགྲོ་དལ་འབྱོར་རྙེད་དཀའ། མི་རྟག་པ། སྡུག་བསྔལ་སོགས་སྤྱི་དང་མཐུན། སྐྱབས་འགྲོ་སེམས་བསྐྱེད་དང་། ཨ་ཡི་སྟོང་ར་རྣམས་ནི་གུ་ཆོས་དྲུག་དང་འདྲ། ཐུན་གྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ནི། གཞན་སྒྱུ་ལུས་དང་འདྲ་བ་ལས་མཎྜལ་མང་དུ་འབུལ། བདག་འཛིན་བློ་ཡིས་ཐོངས་བར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ། ཞེས་པ་ཁྱད་པར་རོ། །ཁྲིད་དངོས་ལ། སྔོན་འགྲོ་རང་བབས་རྣམ་གསུམ། དངོས་གཞི་སྐྱོན་བཞི་རང་གྲོལ། རྗེས་སྐུ་གསུམ་རང་ཤར་གྱི་ཁྲིད་དོ། །དང་པོ་ལ་ཞི་གནས་གྱི་ཁྲིད་དང་། ལྷག་མཐོང་གི་ཁྲིད་གཉིས། དང་པོ་ལ་དམིགས་པའི་གཞི་དང་། བོགས་འདོན་ནོ། །དང་པོ་ནི། སྔར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་
༢༣༩ དོན་མེད་ལ་དོར་སོང་འདུག་པས། ད་ཕྱིན་ཆད་སྒོམ་ལ་བརྟན་པ་ཅུང་ཟད་ཅིག་མ་སྐྱེས་བར་མི་དགེ་བ་དང་། ལུང་མ་བསྟན་ལྟ་ཅི་སྨོས། སྤྲོས་བཅས་དགེ་བ་ཡང་རྩོལ་བ་གློད། ལུས་རྣམ་སྣང་གི་ཆོས་བདུན། ངག་རླུང་རོ་ལན་གསུམ་བསལ་ནས་སྨྲ་བརྗོད་ལྟ་ཅི་སྨོས་རླུང་འཛིན་འདྲེན་ཙམ་ཡང་སྤོང་བའི་རང་བབས། སེམས་མ་བཅོས་པ་ལྷོད་དེ་གློད། དམིགས་སྐོར་གཅིག །རྣམ་རྟོག་སྣ་ཚོགས་འཕྲོ་ན་ལམ་གྱིས་སྐྱེས་པ་ལ་ངོ་ཤེས། འཕྲོ་རྦད་ཀྱིས་བཅད་ལ་བཞག །དམིགས་སྐོར་གཉིས། འོག་འགྱུ་རྒྱ་འབྱམས་སུ་འགྲོ་ན། ནམ་དྲན་དུས་ཕྱིན་ཆད་འདི་འདྲ་གཏན་ནས་མ་བྱུང་བ་བྱེད་སྙམ་ཞེ་དམ་བྱ། རྣམ་རྟོག་བྱུང་ཙ་ན་དྲན་ཅིང་ངོ་ཤེས་པ་བྱེད་སྙམ་པ་བྱས་པས་སེལ་ཏེ། དམིགས་སྐོར་གསུམ། དེ་དུས་ཤེས་པ་མི་གསལ་བར་སོང་། བརྗེད་ངས་ཀྱང་ཆེར་འགྲོ་ན་བྱིང་བའི་སྐྱོན་ཡིན། རིག་པ་བསྒྲིམ། མིག་དཔངས་གཏོད། མཐོངས་དཀར་བ་དང་ཡང་ཐོག་ལ་སོགས་པར་བསྒོམ། བྱིང་བ་འཕྲོ་བཅད་དེ་ལངས་བ་སོགས་བྱེད།
༢༤༠ ཡང་ཚིག་པ་ཟ་ཞིང་སྦུན་ལངས་ན་རྒོད་པ་ཡིན་པས་ལྷོད་ཀྱིས་གློད། ལྟ་སྟངས་སྨད། འདོད་ཡོན་ལ་དགའ་བས་སེམས་གཡེངས་ན། མི་རྟག་སྡུག་བསྔལ་ལ་ཡིད་འབྱུང་བར་བྱ་སྟེ་དམིགས་སྐོར་བཞི་པའོ། །གཉིས་པ་ལ་ལྟ་སྟངས་ངེས་མེད་ལ་བསླབ་པ། ཆོས་སྤྱོད་སྣ་ཚོགས་ལ་བསླབ་པ། སྤྱོད་ལམ་སྣ་ཚོགས་དང་བསྲེ་བའོ། །དང་པོ་ནི། མིག་གི་ལྟ་སྟངས་མཐོ་བ་ཐག་ཉེ་བ་ཐོག་མཐིལ་ལྟ་བུ་དང་། རིང་བ་རི་རྩེའམ་ནམ་མཁའི་དབྱིངས་ལྟ་བུ་ལ་མཉམ་པར་བཞག་སྟེ་དམིགས་སྐོར་ལྔ། དམའ་བ་ཉེ་བརྩིག་འཁྲིས་སམ་རིང་བ་རི་རྩིབ་ལྟ་བུ་ལ་མཉམ་པར་བཞག་སྟེ་དྲུག་པའོ། །ཐད་ཀ་ཉེ་བ་གྱང་ལྡན་ནམ་རིང་བ་རི་ལྡན་ལྟ་བུ་ལ་མཉམ་པར་བཞག་སྟེ་བདུན་པའོ། །གཉིས་པ་ནི། མདོ་འདོན། སྔགས་ཟློས། གཏམ་སྣ་ཚོགས་དང་བསྲེ་ཞེས་བའི་དོན་མདོ་ལ་སོགས་པ་ཁ་ཏོན་བྱང་བ་རྣམས་དང་ཐོག་མར་བསྲེ། རིམ་གྱིས་ཁ་ཏོན་ཐམས་ཅད་དང་བསྲེ་གང་ཐུབ་བྱ་སྟེ་བརྒྱད་པའོ། །སྔགས་ཐུང་བ་རྣམས་དང་ཐོག་མར་བསྲེ། དེ་ནས་བཟླས་བ་ཐམས་ཅད་དང་བསྲེ་སྟེ་དགུ་པའོ། །དང་པོར་ཆུ་སྒྲ་སོགས་འབྱུང་བའི་སྒྲ་དང་བསྲེ། དེ་ནས་མི་མང་པོའ་ཅ་ཅོ་དང་སྒོ་འཐེན་སོགས་དང་བསྲེ། དེ་ནས་མི་གཞན་གྱིས་གཏམ་སྨྲ་བ་ལ་བསྲེས་ཏེ་དེ་དག་གི་སྒྲ་ལྷང་ལྷང་བ་དེར་ཧད་དེ་བཞག་སྟེ་དམིགས་སྐོར་བཅུ་པའོ། །གསུམ་པ་སྤྱོད་ལམ་སྣ་ཚོགས་ལ་བསླབ་སྟེ། ཟས་ཟ་ན་ཡང་རང་བབས་ཀྱི་ངང་ནས་ཟ། ལམ་དུ་འགྲོ་ན་ཡང་དེ་བཞིན་དུ་སྦྱང་། གཏམ་སྨྲ་ན་ཡང་རང་བབས་གྱིས་ངང་ནས་མ་བྲལ་བར་བྱ་སྟེ། དང་པོར་སྒྲིམ་མི་དགོས་བར་དོ་གལ་ཆུང་བ་རྣམས་ལ་སྦྱངས་པས་མཐར་ཐམས་ཅད་ལ་འབྱོངས་པ་ཡིན་ནོ། །དེ་བཞིན་དུ་བདེ་སྡུག །དགའ་མི་དགའ། ཡང་བག་ཚ་ངོ་ཚ་སྐྱུག་བྲོ་སོགས་མཐོ་དམན་
༢༤༡ གྱི་རྣམ་རྟོག་སྐྱེ་བའི་ཡུལ་ཐམས་ཅད་ལ་རང་བབས་སུ་བསྲེས་ཀྱིན་སྦྱང་། །ཐམས་ཅད་ཀྱང་སྔར་ལྟར་དགེ་སྦྱོར་གྱི་ངང་དུ་ཚུད་འོང་སྟེ་དམིགས་སྐོར་བཅུ་གཅིག་པའོ། །དེ་ལྟར་ན་ཞི་གནས་ལ་དམིགས་སྐོར་བཅུ་གཅིག་གོ །གཉིས་པ་ལྷག་མཐོང་གི་ཁྲིད་སེམས་ཚོལ་ནི། བླ་མའི་ཞལ་རྒྱུན་ལས་རྒྱས་པར་འབྱུང་བའི་དབང་དུ་བྱས་ན། དང་པོ་སྔར་བཞིན་རང་བབས་གསུམ་གནད་དུ་བབས་ནས་ལྷོད་ཀྱི་ཀློད་པའི་ངང་ནས་འཚོལ་བ་ནི་ཐམས་ཅད་ཀྱི་སྔོན་འགྲོ་ཡིན་ནོ། །དངོས་གཞི་དམིགས་ཐུན་བདུན་ཏེ། སེམས་ཀྱི་ངོ་བོ་ལ་འཚོལ་བ། སྐྱེ་འགག་ལ་འཚོལ་བ། ཡུལ་སྣང་ལ་འཚོལ་བ། རྣམ་རྟོག་ལ་འཚོལ་བ། ཡུལ་སྣང་ཡོད་མེད་ཀྱི་ཁྱད་པར་ལ་འཚོལ་བ། རྣམ་རྟོག་ཡོད་མེད་ཀྱི་ཁྱད་པར་ལ་འཚོལ་བ། རང་བཞིན་དབྱིངས་སུ་ཐག་བཅད་པའོ། །དང་པོ་ནི། སེམས་ཀྱི་ངོ་བོ་ལ་ཆེ་རེ་ལྟ་ཞིང་ཞིབ་ཏུ་གཞིག་པ་འཇུག་པ་སྟེ། དེར་རྩོལ་བ་རང་ཞིག་ལ་སོང་ནས་འདི་ཡིན་བརྗོད་དུ་མེད་པའི་ཉམས་སྐྱེས་པ་ན་རང་བབས་སུ་འཇོག་སྟེ་དམིགས་སྐོར་གཅིག་གོ །གཉིས་པ་ནི། སེམས་རྟོག་མེད་དེ་ཁོ་ན་ལ་བལྟས་ནས་སྐྱེ་འགག་གཏན་མི་བྱེད་པའི་རྟག་པ་བརྟན་པ་ཞིག་འདུག་གམ། སྐྱེ་འགག་བྱེད་པའི་ཅི་མེད་ཅང་མེད་ཞིག་འདུག །སྐྱེ་འགག་བྱེད་ན་ཇི་ལྟར་སྐྱེ་ཡིན་འདུག །གནས་ན་ཇི་ལྟར་གནས། ཁ་དོག་དབྱིབས་སོགས་ཇི་ལྟ་བུ། ཕྱི་ནང་གང་ན་འདུག །འགག་ན་ཇི་ལྟར་འགག་ཞེས་སོགས་ཞིབ་ཏུ་བརྟགས་པ་ན། ངོས་བཟུང་མེད་པ་ལ་ཞི་སྟེ། དམིགས་སྐོར་གཉིས་པའོ། །གསུམ་པ་ནི། མིག་གིས་གཟུགས་མཐོང་ན། གཟུགས་སུ་ལམ་མེར་མཐོང་བ་དེ་ངོ་བོ་ཇི་ལྟར་འདུག་བལྟ། །དེ་དང་སེམས་རིག་རིག་ཏུར་ཏུར་འདི་གཅིག་གམ། ཐ་དད་ཁྱད་ཅི་
༢༤༢ འདུག་ཞིབ་ཏུ་དཔྱད། དེ་བཞིན་རྣ་བས་སྒྲ་ཐོས་པ་སོགས་ལའང་སྦྱར་ཏེ། དམིགས་སྐོར་གསུམ་པའོ། །བཞི་པ་ནི། ཡང་རྣམ་རྟོག་ལམ་གྱིས་འཆར་བ་འདི་དང་སེམས་ཀྱི་རང་བཞིན་ལ་ཁྱད་པར་ཅིག་འདུག །དེ་གཉིས་གཅིག་མི་གཅིག་བརྟག །རྣམ་རྟོག་སྐྱེས་པའི་ཚེ་ཇི་ལྟར་སྐྱེ། སྐྱེས་ནས་མ་འགགས་པའི་སྐབས་ཡོད་ལུགས་ག་འདྲ་ཞིག་འདུག །འགག་ཙ་ན་འགག་ལུགས་ཅི་འདྲ་ཞིག་འདུག་ཞིབ་ཏུ་བརྟགས་ཏེ། དམིགས་སྐོར་བཞི་པའོ། །ལྔ་པ་ནི། མིག་གིས་གཟུགས་མཐོང་བའི་དུས་ཀྱི་སེམས་དང་མ་མཐོང་བའི་དུས་ཀྱི་སེམས་ལ་ཁྱད་ཅི་འདྲ་ཞིག་འདུག །ཡོད་ན་ཡོད་ལུགས་དང་མེད་ན་མེད་ལུགས་ཇི་ལྟར་ཡིན་བརྟགས་ཏེ། དམིགས་སྐོར་ལྔ་པའོ། །དྲུག་པ་ནི། རྣམ་རྟོག་སྐྱེས་པའི་དུས་ཀྱི་སེམས་དང་མ་སྐྱེས་པའི་དུས་ཀྱི་སེམས་ལ་བཟང་ངན་གསལ་མི་གསལ་སྟོང་མི་སྟོང་ཁྱད་ཡོད་མེད་ལེགས་པར་བརྟགས། འཚོལ་ཐབས་དེ་བཞི་ལའང་མཐར་དམིགས་གཏད་ཞིག་པ་ཞིག་འབྱུང་བས་དེ་ཁོ་ནའི་ངང་བསྐྱོངས་དམིགས་སྐོར་དགུ་པའོ། །བདུན་པ་ནི། སྣང་བ་འདི་ཐམས་ཅད་རང་གི་སེམས་སུ་ཐག་བཅད། སེམས་ལ་ལེགས་པར་བརྟགས་པ་ན་ངོས་བཟུང་ཅི་ཡང་མེད་པ་དང་དེ་ཁའི་ངང་ལ་བཞག །ད་རུང་མང་དུ་བཙལ་བས། ངོས་བཟུང་མེད་བཞིན་དུ་ཅི་མེད་ཅང་མེད་ཀྱང་མ་ཡིན་པར་སྟོང་བཞིན་དུ་སྣ་ཚོགས་སུ་འཆར་བའི་རིག་སྟོང་རྗེན་ནེ་བ། ཝ་ལེ་ཁྱུག་གེ་བ། ཧྲིག་གེར་མྱོང་བ། བརྗོད་མི་ཤེས་པ་དེ་ལ་ཆམ་གྱིས་བཞག་སྟེ་དམིགས་སྐོར་བདུན་པའོ། །དེ་ལྟར་ལྷག་མཐོང་ལ་བདུན་ནོ། །སྔོན་འགྲོ་རང་བབས་རྣམ་གསུམ་ལ་དམིགས་སྐོར་བཅོ་བརྒྱད་དོ། །ཁྱུང་པོའ་བླ་མ་ནི་གུ་མས་སྔོན་འགྲོ་ལ་གཙོ་བོར་མཛད། མཻ་ཏྲི་པས་དངོས་གཞི་ལ་གཙོ་བོར་མཛད། སུ་ཁ་སིདྡྷི་ཡི་རྗེས་ལ་གཙོ་བོར་མཛད་
༢༤༣ གསུངས་ཏེ་ངོན་འགྲོའི་སྐབས་འདིར་རྟོགས་པ་སྐྱེ་དགོས་སོ། །དངོས་གཞི་ལ་ཐོག་མར་བྱིན་རླབས་ཀྱི་སྒོ་ནས་བརྐུ་ཐབས་སུ་ངོ་སྤྲོད་པ་ནི། མཎྜལ་ཆོས་འབྱུང་མཐིང་ཁ་ཞིག་བཞེངས། དེར་མཉྫིའི་སྟེང་དུ་གཏོར་མ་ཆེ་བ་ལ་མདའ་དར་བཙུགས་ཤིང་རྒྱན་བཟང་པོས་བརྒྱན་པ་ཞིག་བཞག །མདུན་དུ་འབུལ་གཏོར་དང་མཆོད་པ་དང་ཚོགས་རྫས་རྣམས་བཤམ། མཆོད་པ་བྱིན་རླབས་སྤྱི་དང་འདྲ། སློབ་དཔོན་རང་གིས་བདེ་མཆོག་ལྷན་སྐྱེས་ཀྱི་མངོན་རྟོགས་བསྒོམས་ལ། མདུན་བསྐྱེད་མཎྜལ་དང་གཏོར་མ་སུ་མྦྷས་བསང་། སྭ་བྷཱ་ཝས་སྦྱང་། གཏོར་ཆོག་ལྟར་མགོན་པོར་བསྐྱེད་པ་ནས་བཟླས་པའི་བར་བྱ། དེ་ནས་སློབ་མ་རྣམས་ལ་ཁྲུས་དང་མེ་ཏོག་བཀྱེ་བསྡུ་སོགས་བྱ། མཎྜལ་ལན་གསུམ་ཕུལ་ལ། སློབ་མ་རྣམས་ལ་བདེ་མཆོག་ལྷན་སྐྱེས་ཀྱི་མངོན་རྟོགས་ཕོག་ལ་ཅུང་ཟད་སེམས་འཛིན་དུ་འཇུག །མདུན་བསྐྱེད་མགོན་པོར་སྐད་ཅིག་གིས་བསྒོམ་དུ་བཅུག་ཅིང་། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་བསྐོར་བའི་དབུས་སུ། ཡེ་ཤེས་མཁའ་འགྲོ་ནི་གུ་མ་སྐུ་མདོག་སྨུག་ནག་ཌཱ་མ་རུ་དང་ཐོད་པ་ཁ་ཊྲཱཾ་ག་བསྣམས་པ་གར་སྟབས་དང་རུས་པའི་རྒྱན་ཅན། ལང་ཚོ་དར་ལ་བབས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་སྡེ་ལྔ་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་བཞུགས་པར་བསམ། དེ་རྣམས་ལ་དངོས་སུ་བཤམས་པའི་མཎྜལ་འདི་ཉིད་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་མོས། དེ་གསེར་གྱིས་བཀང་ཞིང་འབུལ་བར་བསམ། དཔོན་སློབ་རྣམས་ཀྱིས་ལྷན་ཅིག་ཏུ་ཚོགས་དང་གཏོར་མ་བྱིན་གྱིས་བརླབ། བྱིན་རླབས་ཀྱི་ཆོག་ནི་ཡི་དམ་གང་བྱེད་ཀྱི་ནང་མཆོད་ལྟར་བྱིན་
༢༤༤ གྱིས་བརླབ། ༀ་ཧྲིཿཧ་ཧ་ཧུཾ་ཧཱུྃ་ཕཊ་ཀྱི་མཐར། ༀ་ཨ་ཀཱ་རོ་བཏགས་པས་དང་པོར་བླ་མ་དང་ཡི་དམ་ལ་ཕུལ། དེ་ནས་གཏོར་ཆོག་ལྟར་མགོན་པོ་འཁོར་བཅས་ལ་ཕུལ། ༀ་སརྦ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་མཁའ་འགྲོ་མ་ལ་འབུལ། སྙིམསསྙིམ་པ་མེ་ཏོག་དང་བཅས་པས་གསོལ་འདེབས་འདིའི་རྗེས་ཟློས་མཛོད་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་དང་ཡི་དམ་གྱི་ལྷ་ཚོགས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་ཕྱག་རྒྱ་ཆེན་པོའ་རྟོགས་པ་ངོ་འཕྲོད་པར་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བདག་ཕྱག་རྒྱ་ཆེན་པོ་ཞུ་བ་དང་ཉམས་སུ་ལེན་པ་ལ་ཕྱི་ནང་གི་བར་དུ་གཅོད་པ་གང་ཡང་མི་འབྱུང་བར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། རྩ་བའི་བླ་མ་ལ་མོས་གུས་དུང་པ་བྱེད་དུ་བཅུག །ལུས་གནད་བཅས་རླུང་རང་བབས་སུ་རྒྱུ་རུ་གཞུག །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་འོད་དུ་ཞུ་ནས་སློབ་མ་རང་ཉིད་ལ་ཐིམ་པར་མོས་ལ་དར་ཅིག་ལྷོད་ཀྱིས་གློད་ནས། སེམས་ཀྱི་རང་ངོ་ལ་ལྷན་ནེར་ལྟོས་ཤིག་བྱས་ལ་ཡུག་ཅིག་མཉམ་པར་འཇོག་ཏུ་བཅུག །ད་ལྟ་སེམས་ངོས་བཟུང་ཐམས་ཅད་དང་བྲལ་བ། རྗེན་ནེ་ཡེ་རེ་བ་འདི་ཀ་རང་སེམས་སྐྱེ་མེད་ཆོས་སྐུའམ། ཐ་མལ་ཤེས་པའམ་རང་བབས་ཞེས་བྱ་བ་ཡིན་པས། ད་ཕྱིན་ཆད་འདི་ཀ་མཉམ་རྗེས་ཐམས་ཅད་དུ་བཟོ་བཅོས་མེད་པར་སྐྱོངས་ཤིག་བྱས། མཎྜལ་འབུལ་
༢༤༥ བ་དང་སྨོན་ལམ་བཏབ་པ་སོགས་སྤྱི་དང་མཐུན། །གཉིས་པ་ནི། ཐུན་གྱི་སྔོན་འགྲོ་སྔར་ལྟར་ལ། གནས་འགྱུ་ཐམས་ཅད་དུ་དྲན་པས་ཟིན་པ་ཞིག་བྱའོ། །ཞེས་ཡང་ཡང་འདུན་པ་བྱས་ནས། དམིགས་པའི་དངོས་གཞི་ལ་སེམས་གནས་པའི་ཚེ། ཁ་ནང་ལོག་ཏུ་རང་ངོ་ཤེས་པ་ཙམ་བྱས་ནས། བཟོ་བཅོས་མེད་པའི་ཚུལ་དུ་བཞག །ཡུལ་སྣང་གི་འཆར་སྒོའམ། རྣམ་རྟོག་གི་འཆར་སྒོ་ཅི་བྱུང་ཡང་ཆེད་གཏད་དགག་སྒྲུབ་བླང་དོར་མི་བྱ་བར་གང་ཤར་དེ་རང་ངོ་ཤེས་ཙམ་གྱི་ངང་ལ་མཉམ་པར་བཞག་པས་རྣམ་རྟོག་ཁོ་རང་མ་འགགས་བཞིན་དུ་གསལ་སིང་ངེ་བ་དེའི་ངང་བསྐྱང་། ངོ་མི་ཤེས་སུ་གཅིག་ཀྱང་མ་ཤོར་བར་བྱ། ངོ་ཤེས་དང་མ་བྲལ་ཕྱིན་ཆད་འགྱུ་ནའང་འགྱུ་རུ་བཅུག །རང་ལོག་ཏུ་འགྲོ་ནའང་འགྲོ་རུ་བཅུག་དྲན་པ་ལ་ཆེད་གཏད་དུ་འབད། འདི་ལ་བསྒོམ་དུ་རྡུལ་ཙམ་མེད། ཡེངས་སུ་སྐད་ཅིག་ཀྱང་མེད་ཅེས་བྱ། དེ་ཉིད་ལ་སྐྱོན་བཞི་རང་གྲོལ་བར་ངོ་སྤྲད་དེ། ཉེ་དྲགས་པས་ངོ་མ་ཤེས། ཟབ་དྲགས་པས་ངོས་མ་ཟིན། སླ་དྲགས་པས་ཡིད་མ་ཆེས། བཟང་དྲགས་པས་བློར་མ་ཤོང་ཞེས་པའི་སྐྱོན་བཞི་ལས་གྲོལ་བ་སྟེ། དང་པོ་ནི་རང་ངོ་མ་ཤེས་པ། གཉིས་པ་ནི། སྔར་འཆི་བ་དང་ཤུགས་ཆད་ཀྱི་ཉམས་ལ་སོགས་པའི་དུས་སུ་ཐ་མལ་ཤེས་པ་རང་ངོ་གསལ་བར་སྟོན་པ་མང་དུ་བྱུང་མོད་ཀྱང་། བླ་མའི་གདམས་ངག་གིས་ངོ་མ་སྤྲད་པ་དེ་སྲིད་ཐབས་གང་གིས་ཀྱང་མ་ཤེས་པའོ། །གསུམ་པ་ནི། མཁས་རྨོངས་ཐམས་ཅད་བྱ་ར་མེད་ལ་བློས་མ་ཁེལ་བའོ། །བཞི་པ་ནི། སེམས་ཀྱི་རང་བཞིན་སངས་རྒྱས་ཡིན་པ་བློར་མ་ཤོང་པའོ། །དེ་ལ་གནས་འགྱུ་ཐམས་ཅད་རང་ངོ་ཤེས་ཙམ་ན་རང་བཞིན་སྟོང་གསལ་དུ་འདུག །དེས་ན་གང་ཤར་ལ་བཟོ་བཅོས་བྱེད་དོན་མེད། རང་བཞིན་གསལ་
༢༤༦ སྟོང་འདི་ལས་ལོགས་སུ་འཁོར་འདས་གང་ཡང་མེད་པར་ཤེས་ཚེ་སྐྱོན་དེ་བཞི་རང་གྲོལ་བ་ཡིན། །གསུམ་པ་རྗེས་སྐུ་གསུམ་རང་ཤར་ལ། སྐུ་གསུམ་རང་ཤར་ངོ་སྤྲད་པ་དངོས་དང་། དེའི་བོགས་འདོན་ནོ། །དང་པོ་ནི། སྔར་གྱི་ཐ་མར་ཤེས་པ་མ་བཅོས་སོ་མ་དེ་ཉིད་སྔོན་གདོད་མ་ནས་གསལ་སྟོང་ཟུང་འཇུག་ཏུ་རང་ཤར་བར་རང་ངོ་ཤེས་པ་ནས་སྟོང་པ་ཆོས་ཀྱི་སྐུ། གསལ་བ་སྤྲུལ་སྐུ། ཟུང་འཇུག་ལོངས་སྐུར་ཐག་བཅད་ངེས་ཤེས་བསྐྱེད་ནས་རང་བབས་དེ་ཀའི་ངང་དུ་བསྐྱང་བར་བྱའོ། །དེ་ལྟར་ཉམས་སུ་མྱོང་བའི་ཚེ། སེམས་སྐད་ཅིག་མ་གཅིག་ཀྱང་སྐུ་གསུམ་དུ་ངོ་འཕྲོད། རྣམ་རྟོག་སྐད་ཅིག་མ་གཅིག་ཀྱང་སྐུ་གསུམ་གྱི་རང་བཞིན་ནོ། །དེ་ལྟར་ཉམས་མྱོང་དུ་ཤར་བར་བྱས་ནས་རྟག་ཏུ་སྐྱོང་དགོས་པ་ཡིན་ནོ། །གཉིས་པ་ལ། བོགས་འདོན་དང་གེགས་སེལ་གཉིས་ལས། དང་པོ་ལ་མོས་གུས་ཚད་མེད་ལ་བརྟེན་ནས་བོགས་འདོན་པ། སྙིང་རྗེ་ཚད་མེད་ལ་བརྟེན་ནས་བོགས་འདོན་པ། ཐབས་ཁྱད་པར་ཅན་ལ་བརྟེན་ནས་བོགས་འདོན་པའོ། །དང་པོ་ནི་སྤྱིར་རྟོགས་པ་སྐྱེས་ན་མོས་གུས་ཤུགས་འབྱུང་ལ་འབྱུང་། མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་རང་ཤུགས་ཀྱིས་སྐྱེ་ཡང་། དེ་ལ་སླར་ཡང་མོས་གུས་དང་སྙིང་རྗེ་བསྒོམ་པས་མེ་འབར་བ་ལ་ཤིང་གཅེར་བ་བཞིན་དུ་ཆེར་འཕེལ་ཏེ་ལམ་གྱི་བོགས་འདོན་བླ་ན་མེད་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་ཡང་ལམ་ཕྱག་རྒྱ་ཆེན་པོ་བསྒོམ་བཞིན་དུ་མོས་གུས་དང་སྙིང་རྗེ་དྲག་ཏུ་བསྒོམས་པས་མཐར་ཐུག་རྟོགས་པའི་ཐབས་སུ་འགྱུར་རོ། །དེ་ཡང་མོས་གུས་ནི་སྤྱིར་རྩ་བའི་བླ་མ་དེ་ཉིད་སངས་རྒྱས་དངོས་ཡིན་པ་དང་། ཐུགས་ཆོས་ཀྱི་སྐུ་མཛད་སྤྱོད་ཕྲིན་ལས་ཐམས་ཅད་གཞན་དོན་གཟུགས་སྐུ་རྣམ་གཉིས་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་
༢༤༧ ཐམས་ཅད་འདུས་པ་འོང་བ་ཡིན་པར་ཐག་གཅོད། བདག་གནས་ལུགས་ལ་དཀྲི་བར་མཛད་པས་བཀའ་དྲིན་ཆེ། བཀའ་དྲིན་ལ་ནམ་ཡང་འཁོར་བ་མེད་སྙམ་པ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་འདེབས། བླ་མའི་མོས་གུས་ཀྱིས་ཡིད་བསྒྱུར་བས་རང་བཞིན་སྤྲོས་བྲལ་གྱི་ཡེ་ཤེས་ལྷག་གེར་ཤར་བ་ན། དེ་ཁའི་ངང་དུ་མཉམ་པར་བཞག །གཉིས་པ་ནི། སེམས་ཅན་ཐམས་ཅད་དྲིན་ཆེན་གྱི་ཕ་མ་ཡིན་པར་རང་སེམས་ངོ་མ་ཤེས་པས་ཉོན་མོངས་དང་ལས་བསགས་ཏེ་འཁོར་བར་འཁྱམས་པ་འདི་ཅིས་ཀྱང་སྙིང་རེ་རྗེ་ཞེས་ཡིད་ལ་བསམ་ཞིང་ངག་ཏུ་ཡང་བརྗོད། མཐར་སྙིང་རྗེ་བྱ་ཡུལ་སྙིང་རྗེ་བྱེད་མཁན་ཐམས་ཅད་ངོས་བཟུང་དང་བྲལ་བའི་ངང་དེར་ཆམ་མེར་བཞག །གསུམ་པ་ལ་གསུམ་ལས། དང་པོ་ནི། ཐ་མལ་ཤེས་པ་རླུང་དང་བསྲེ། །རྣམ་རྟོག་མ་རིག་འགག་པར་འགྱུར། ཞེས་པའི་དོན་ནི། སེམས་མ་བཅོས་པར་ཕྱག་རྒྱ་ཆེན་པོའ་ངང་ལ་མཉམ་པར་འཇོག་ཅིང་། རླུང་བུམ་པ་ཅན་དྲག་ཏུ་བཟུང་བས་རླུང་སེམས་འཇུག་པ་གཅིག་པའི་ཕྱིར། རྟོགས་པ་གོང་ནས་གོང་དུ་འཕེལ་བར་འགྱུར། གཉིས་པ་ནི། །འོད་གསལ་ལྷ་སྐུ་རླུང་དང་བསྲེ། །ཉམས་མྱོང་ཡར་ངོ་བཞིན་དུ་འགྱུར། །ཞེས་གསུངས་ཏེ། རང་ཉིད་བདེ་མཆོག་ལྷན་སྐྱེས་ཆུ་ནང་གི་ཟླ་གཟུགས་ལྟར་སྣང་ལ་རང་བཞིན་མེད་པར་བསྒོམ། ལྷ་སྐུར་སྣང་བ་མ་འགག་པ་དེ་ཀ་མ་བཅོས། སོ་མ། འོད་གསལ་ཕྱག་རྒྱ་ཆེན་པོས་ཟིན་པར་བྱས་ལ་རླུང་དྲག་ཏུ་གཅུན་པས་ཕྱག་ཆེན་ལ་ལྷ་སྐུས་བོགས་ཐོན་ཏེ་ཉམས་མྱོང་གོང་འཕེལ་དུ་འགྱུར་རོ། །གསུམ་པ་ནི། །ཟུང་འཇུག་ཤེས་པ་རླུང་དང་བསྲེ། །འབྲས་བུ་སྐུ་གསུམ་མངོན་དུ་འགྱུར། །ཞེས་གསུངས་ཏེ། རང་ལྷ་སྐུ་གསལ་སྟོང་དུ་བསྒོམ། གཞན་ལུས་ཤེས་རབ་མའམ། རང་ལུས་ཐབས་ལྡན་ལྟར་ན་གཏུམ་མོ་
༢༤༨ དང་འོད་གསལ་གྱི་ཉམས་མྱོང་གིས་ལྷ་སྐུ་ལ་རྒྱས་བཏབ་སྟེ། དེ་ཉིད་ཕྱག་ཆེན་གྱིས་ཟིན་པར་བྱས་ལ་གཞུར་ཏེ་བསྒོམ། ངག་རླུང་བུམ་པ་ཅན་དྲག་ཏུ་བཟུང་། ལྷ་སྐུར་གསལ་བ་སྤྲུལ་སྐུ། ཕྱག་ཆེན་མི་རྟོག་པ་ཆོས་སྐུ། བདེ་བ་ལོངས་སྐུ། དེ་གསུམ་ཀའི་གྲོགས་རླུང་གིས་བྱས་ཏེ། ལམ་དུས་ཀྱི་སྐུ་གསུམ་ཉམས་སུ་བླངས་པས་གཞི་དུས་ཀྱི་སེམས་ཀྱི་རང་བཞིན་འབྲས་བུའི་ཚུལ་དུ་མངོན་དུ་འགྱུར་རོ། །ཇི་སྲིད་དུ་རྩ་བྲལ་མངོན་དུ་མ་གྱུར་པ་དེ་སྲིད་འབད་རྩོལ་ཆེན་པོས་འདུ་འཛི་སྤངས་ནས་དབེན་པར་བསྒོམ་པ་གལ་ཆེའོ། །གཉིས་པ་གེགས་སེལ་ནི། རྩ་ལོག་རླུང་ལོག་སོགས་གེགས་སེལ་ཏེ་ཆོས་དྲུག་སོགས་ཐབས་ལམ་གྱི་ཡན་ལག་ཡིན་པས་ཐུན་མོང་བར་སོང་སྟེ་འདིར་མི་འཆད། འདིར་ཐུན་མོང་མ་ཡིན་པའི་གེགས་བསལ་བ་ནི། ཉམས་ཀྱི་རྩིས་མ་བཅིངས་པ་དང་། སྣང་སྟོང་ཕྱོགས་རེར་མ་ཤོར་བ་ལ་འབད་པ་སྟེ། དེ་ཡང་བདེ་གསལ་མི་རྟོག་པ་གསུམ་ལ་ཞེན་ན་གོལ་བས། ལུས་སེམས་དགའ་བདེ་ཅི་སྐྱེས་དང་། རིག་པ་ལ་དངས་ཆ་དང་གསལ་ཆ་ཅི་བྱུང་དང་། སྟོང་སང་སང་པོའ་མི་རྟོག་པའི་ཉམས་ཅི་ཤར་ལ་དགའ་ཞེན་མེད་བར་བསྐྱུར། ཉམས་མཐུག་དྲགས་པས་བཤིག་མི་ཐུབ་པ་འདྲ་བ་བྱུང་ན་མི་སྒོམ་པར་སྣང་བའི་སྟེང་དུ་གང་དགར་བསྐྱུར་ལ་འཇོག །བདེ་གསལ་སྟོང་པར་ཞིག་པ་ན་གནས་ལུགས་རྗེན་གྱིས་འཆར། སེམས་ཀྱི་སྣང་ཆ་དང་གསལ་ཆ་དང་འཆར་སྒོ་ལ་བདེན་ཞེན་སྐྱེ། ཆགས་སྡང་འཛིན་ཞེན་རགས་སུ་སོང་བའི་ཉམས་བྱེད་ན། སྒྱུ་མ་ལྟ་བུར་མོས་ཤིང་བཙལ་བས་མི་རྙེད་པ་ལ་འཇོག །དེས་དེ་སྟོང་པར་འཆད། རང་སེམས་ཀྱི་ངོ་བོ་ལའང་ཁྱད་མི་འདུག་པས་ལས་འབྲས་སྤང་བླང་མི་དགོས་སོ་སྙམ་པའི་ལོག་ལྟ་སྐྱེས་ན། ལས་འབྲས་བདེན་པར་མེད་ཀྱང་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད། མེ་མི་བདེན་ཀྱང་ཤིང་ཚིག །ཆུ་མི་བདེན་ཀྱང་གཤེར་བ་མི་འགག་པ་ལྟར་
༢༤༩ ལས་འབྲས་ལ་ཡིད་ཆེས་བསྐྱེད་དགོས་སོ། །དེ་ལྟར་ཉམས་སུ་བླང་། །དེ་ལ་སེམས་གསལ་སྟོང་འཛིན་མེད་དུ་གནས་ན་ཞི་གནས་ཡིན་ཏེ། བྱིང་རྒོད་གཉིས་སེལ་བ་ཞིག་དགོས། སྣང་བ་ཐམས་ཅད་སེམས། གནས་འགྱུ་ཐམས་ཅད་ངོས་བཟུང་མེད་པར་མྱོང་ཐོག་ཏུ་ཕེབས་ན་ལྷག་མཐོང་སྐྱེས་པ་ཡིན་ནོ། །གང་ཤར་ལ་རང་ངོ་ཤེས་པས་བཟོ་བཅོས་མེད་པར་སྐྱོང་ཐུབ་ན་ཕྱག་ཆེན་དངོས་གཞིའི་རྟོགས་པ་སྐྱེས་པ་ཡིན་ནོ། །སེམས་ལ་ཅི་བསམ། སྣང་བ་ལ་ཅི་ཤར་ཐམས་ཅད་དྲན་པ་དང་རྩོལ་བ་བརྟེན་མི་དགོས་པ་ཐམས་ཅད་རང་ངོ་ཤེས་པའི་གསལ་སྟོང་རྒྱ་འབྱམས་སུ་སོང་བའི་ཚེ། རྩ་བྲལ་ཞེས་བྱ་བ་རྗེས་ཀྱི་ཉམས་མྱོང་མཐར་ཕྱིན་པ་ཡིན་ནོ། །ཞེས་པ་འདིའང་ཏཱ་ར་ནཱ་ཐས་ཤར་ཀོང་པོའ་ཡུལ་གྱི་བཤེས་གཉེན་མཁྱེན་རབ་ཅེས་བྱ་བའི་དོན་དུ་ཉེ་བར་གདམས་པའོ། །དགེའོ། །

༄༅། །དཔལ་ཀྱཻ་རྡོ་རྗེའི་གཏོར་ཆོག་མཛེས་རྒྱན་བཞུགས་སོ༎ ༎

༡༥༣དཔལ་ཀྱཻ་རྡོ་རྗེའི་གཏོར་ཆོག་མཛེས་རྒྱན་བཞུགས་སོ།། །།
༡༥༤ན་མཿ ནཱ་ཐ་རཏྣ་ཝརྡྷཱ་ཡ། དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོས་ཡི་དམ་ཆོས་སྐྱོང་ལ་གཏོར་མ་འབུལ་བར་འདོད་པས། གནས་ཁང་བླ་རེ་དང་ཡོལ་བ་ལ་སོགས་པས་བརྒྱན། ཆོས་སྐྱོང་གི་བྲིས་སྐུ་ཡོད་ན་ཞལ་ཤར་རམ་ལྷོར་ཕྱོགས་པར་དགྲམ། དེའི་མདུན་དུ་སྟེགས་བུ་ཇི་ལྟར་རིགས་པ་རས་ལ་སོགས་པས་བཀབ་པའི་སྟེང་དུ་འབྲུ་སྣ་ཚོགས་གཅལ་དུ་བཀྲམ། དེའི་སྟེང་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་སམ་ལྔ་ལ་སོགས་པ་པདྨའི་དབྱིབས་ཅན་བསད་ཤ་མ་ཡིན་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དང་། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལ་སོགས་པ་གཙང་ཞིང་བཀོད་པ་མཛེས་པར་བཤམ། རྣལ་འབྱོར་པ་རྣམས་ཀྱི་མདུན་དུ་རྡོ་རྗེ་དྲིལ་བུ་དང་ནང་མཆོད་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་རྣམ་ཀྱང་མ་ཚང་བ་མེད་པར་བཤམས་ལ། ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་གཏོར་མ་ནང་མཆོད་ཆུ་ཆང་གིས་སྦྱངས་ལ་རྡོ་རྗེའི་རྩེས་ནང་མཆོད་ནས་གཏོར་ཏེ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་སྭཱ་བྷཱ་ཝ་ཤུདྡྷཿསརྦྦ་དྷརྨ་ཿསྭ་བྷཱ་ཝ་ཤུདྡྷོ་྅་ཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བདུངས་པ་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་
༡༥༥རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། དེའི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཤར་དུ་གོ་ལས་བ་ལང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ན་ལས་མིའི་ཤ །ཤ་དེ་རྣམས་རེ་རེའི་སྟེང་དུ་ཡང་། ཤར་དུ་བྷྲཱུཾ་ལས་དྲི་ཆེན། ལྷོར་ཨཱཾ་ལས་རཀྟ། །ནུབ་ཏུ་ཛྲཱིཾ་ལས་བྱང་སེམས། བྱང་དུ་ཁཾ་ལས་ཤ་ཆེན་གྱི་དྭངས་མ། དབུས་སུ་ཧཱུྃ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཤར་དུ་བྷྲཱུཾ་མེ་ལོང་ལྟ་བུའི་ཡེ་ཤེས། ལྷོར་ཨཱཾ་མཉམ་པ་ཉིད་ཀྱི་ཡེ་ཤེས། ནུབ་ཏུ་ཛྲཱིཾ་སོ་སོར་རྟོག་པའི་ཡེ་ཤེས། བྱང་དུ་ཁཾ་བྱ་བ་གྲུབ་པའི་ཡེ་ཤེས། དབུས་སུ་ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཟླ་བའི་མཐར་གཡོན་སྐོར་གྱིས་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཱཿ གཡས་སྐོར་གྱིས་ཀ་ཁ་ག་གྷ་ང་།
༡༥༦ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། དེ་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་ༀ་དཀར་པོ་མགོ་བོ་ཐུར་དུ་བལྟས་ལ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གི་བ་དན་ལ་ཕོག་པས་རླུང་གཡོས་མེ་སྦར་བས་ཤ་ལྔ་བདུད་རྩི་ལྔ་རྣམས་སྐོལ་ཞིང་འོད་དུ་ཞུ་བའི་རླངས་པ་གྱེན་ལ་སོང་བས། ༀ་དང་རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཕོག་པས་བདུད་རྩིའི་རྒྱུན་འཛག །ཡང་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡང་དག་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམས་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་བྱོན་ཏེ་རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཐིམ་པས་རྡོ་རྗེ་ལྗིད་དང་ལྡན་པར་གྱུར། རྡོ་རྗེ་ཉི་མ་ༀ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བ་འོད་དུ་ཞུ་ནས་སྔར་གྱི་བདུད་རྩི་རྣམས་དང་གཉིས་སུ་མེད་པར་གྱུར་ཏེ་ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་གསུམ་མམ་ལྔ་བརྗོད་དེ་བྱིན་གྱིས་བརླབས་ལ། གཏོར་མའི་སྟེང་གི་ནམ་མཁར་ཨེ་ཨེ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་སུམ་བརྩེགས་ཀྱི་ནང་དུ་པཾ་པཾ་པཾ་ལས་པདྨ་འདབ་བརྒྱད་རེ་རེ། སྟེང་གི་ཆོས་འབྱུང་ལ་གནས་པའི་པདྨ་ལྟེ་བ་དང་འདབ་མ་བརྒྱད་ལ་ༀ་དགུ་ཡོངས་སུ་གྱུར་པ་ལས་དབུས་སུ་སྐུ་རྡོ་རྗེ། ཤར་དུ་དབང་ཕྱུག་ཆེན་པོ། །ལྷོར་ལྷའི་དབང་པོ། །ནུབ་ཏུ་ཚངས་པ། བྱང་དུ་ཁྱབ་འཇུག །ཤར་ལྷོར་འདོད་པའི་རྒྱལ་པོ། །ལྷོ་ནུབ་ཏུ་ཚོགས་ཀྱི་བདག་པོ། །ནུབ་བྱང་དུ་བྷྲྀངྒི་རི་ཏི། བྱང་ཤར་དུ་གཞོན་ནུ་ཀཱརྟི་ཀ་ཏེ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲའི་རིག་མ་ལ་
༡༥༧འཁྱུད་པ། བར་གྱིས་ཆོས་འབྱུང་ལ་གནས་པའི་པདྨའི་ལྟེ་བར་དབུས་སུ་ཧཱུྃ་ལས་དཔལ་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞེས་པ་ནས་གར་དགུའི་རོ་དང་ལྡན་པ་ཉིད། དེའི་པང་དུ་ཨཾ་ལས་ཡུམ་རྡོ་རྗེ་བདག་མེད་མ་ནག་མོ་ཞེས་སོགས་ནས་དབུས་ན་བཞུགས་པ། ཤར་དུ་གཾ་ལས་གཽ་རི་ནག་མོ་ཞེས་སོགས་ཞལ་ཕྱག་གསལ་བཏབ། དེ་བཞིན་དུ་ལྷོར་ཙཾ་ལས་ཙཽ་རཱི་སོགས། ནུབ་ཏུ་བཾ་ལས་བེ་ཏཱ་ལཱི་སོགས། བྱང་དུ་གྷཾ་ལས་གྷསྨ་རཱི་སོགས། བྱང་ཤར་དུ་པཾ་ལས་པུཀྐ་སི་སོགས། ཤར་ལྷོར་ཤཾ་ལས་རི་ཁྲོད་མ་སོགས། ལྷོ་ནུབ་ཏུ་ལཾ་ལས་གདོལ་པ་མོ་སོགས། ནུབ་བྱང་དུ་ཌཾ་ལས་གཡུང་མོ་ཁ་དོག་སྣ་ཚོགས་ཞེས་སོགས་ནས་དབུས་ན་བཞུགས་པ། འདབ་མ་བརྒྱད་ལ་ཧཱུྃ་བརྒྱད་ཡོངས་སུ་གྱུར་པ་ལས་ཤར་དུ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། ཤར་ལྷོར་མེ་ལྷ། །ལྷོ་ནུབ་ཏུ་སྲིན་པོ། །ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན་ཏེ་ཐམས་ཅད་ཀྱང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲའི་རིག་མ་ལ་འཁྱུད་པ། འོག་གི་ཆོས་འབྱུང་ལ་གནས་པའི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ་ཨཱཿདགུ་ཡོངས་སུ་གྱུར་པ་ལས། དབུས་སུ་གསུང་རྡོ་རྗེ། ཤར་དུ་སྟོབས་ཀྱི་རྒྱུ། ལྷོར་དུང་སྐྱོང་། ནུབ་ཏུ་མཐའ་ཡས། བྱང་དུ་ནོར་རྒྱས། ཤར་ལྷོར་འཇོག་པོ། །ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོ་སྟེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲའི་རིག་མ་ལ་འཁྱུད་པ། འབྱུང་པོ་ཉེར་བཞི་པོ་འདི་དག་ཐམས་ཅད་པདྨ་དང་ཉི་མའི་གདན་ལ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ་རུས་པའི་རྒྱན་གྱིས་བརྒྱན་པ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྟེང་གི་ལྷ་ཐམས་ཅད་ལྷ་ཆེན་བརྒྱད་ལ་ཐིམ། ས་སྟེང་ན་གནས་པའི་སེམས་ཅན་ཐམས་ཅད་ཕྱོགས་
༡༥༨སྐྱོང་བརྒྱད་ལ་ཐིམ། ས་འོག་ན་གནས་པའི་སེམས་ཅན་ཐམས་ཅད་ཀླུ་ཆེན་བརྒྱད་ལ་ཐིམ། དེ་ཐམས་ཅད་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་མ་ཞེས་སོགས་ནས། ཐུགས་ཀར་ཐུགས་རྡོ་རྗེ་མ། རང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱེ་རྡོ་རྗེ་ལྷ་དགུ་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་དང་བཅས་པའི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཞེས་དང་སེ་གོལ་གྱི་སྒྲས་སྤྱན་དྲངས། སོ་སོའ་ཕྱག་རྒྱ་བཅས་ཏེ། ༀ་བཛྲ་གཽ་རཱི་ཨ་ཀརྵ་ཡ་ཛཿ ཞེས་སོགས་ནས། ཝ་ཤཾ་ཀུ་རུ་ཧོཿ སླར་ཡང་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ཐལ་མོ་སྦྱར་ཏེ། དཀར་མོ་རི་དྭགས་སོགས་ནས།འཁྱུད་པ་ཉིད། བཅོམ་ལྡན་དེ་བཞིན་སོགས་ནས།འདི་ལ་དབང་བསྐུར་སྩོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་སོགས་ནས།ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་ལ་རྣམ་པར་སྣང་མཛད། གཙོ་བོ་ཡབ་ཡུམ་གཉིས་གཽ་རཱི་དང་། ཞེས་སོགས་ནས། ཌོཾ་བི་ནཱི་ལ་འོད་དཔག་མེད། །ཕྱོགས་སྐྱོང་བརྒྱད་ལ་མི་བསྐྱོད་པ། །གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་དང་བཅས་པ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམས་ལ།ༀ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཧེ་བཛྲ་ས་པཱ་རི་ཝཱ་ར་ༀ་ནཱི་རཱི་ཧཱུྃ་ཁཾ་སྭཱ་ཧཱ། ༀ་བཛྲ་ནི་ཝི་ཏི་ཧཱུྃ་ཁཾ་སྭཱ་ཧཱ། ༀ་སརྦ་ས་ཤོ་བྷ་ནི་སྭཱ་ཧཱ། ༀ་ཛཿཧཱུྃ་བཾ་ཧོཿ ཁཾ་རཾ་མ་ཧཱ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་རྣམས་ཕྱག་རྒྱ་དང་བཅས་པས་ཆུ་བཞི་ཕུལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནས་འབྲས་ཙམ་གྱིས་མཚན་པ་ལས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་དྲངས་ཏེ་གསོལ་བར་བསམ་ཞིང་། པད་སྐོར་སྔོན་དུ་འགྲོ་བས། རྡོ་རྗེ་ཐལ་མོ་ཁ་
༡༥༩གྱེན་དུ་ཕྱེ་ལ། ༀ་བྷ་ག་ཝཱན་སོགས་ནས། ས་པ་རི་ཝཱ་ར་ཨིནྡ། ཛ་མ་ཛ་ལ། ཛཀྑ། བྷཱུ་ཏ། བྷི། བཱ་ཨུ། རཀྑ། ཙནྡ། སུཛྫ་མ་ད། བསྤ། ཏ་ལ། པཱ་ཏཱ་ལེ། ཨཱཊྚ་སཔྶ་སྭཱ་ཧཱ། ཨི་དཾ་བ་ལིཾ། ། །ཛིགྷ། ཕུལླ། ། མཱཾ་ས། པིཾ་གྷ། ཨཱམྦྷ། སཔྤ། གཛྫ། སཱ་ད། ཁནྟི། ཁུ་ཎི། ཕེ་ཌ་གཱ་ད། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཎཱཾ་ཏྭཱ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་སེ་གོལ་བརྡབ། དེ་ལྟ་བུ་གསུམ་མམ་ལྔ་ལ་སོགས་པས་གཏོར་མ་ཕུལ་ལ། སོ་སོའ་ཕྱག་རྒྱ་དང་བཅས་ཏེ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ་ཐོག་མཐའ་འདྲ་བར་སྦྱར་ལ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤབྡ་ཞེས་པས་མཆོད།ཧཱུྃ་ༀ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ༀ་ཨཱཿཧཱུྃ་ཀྱེ་རྡོ་རྗེ་ལྷ་དགུ་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་དང་བཅས་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་དང་། མཐེ་བོའ་ཐོར་མས་ནང་མཆོད་ཕུལ་ལ། རྡོ་རྗེ་དང་བཅས་པའི་ཐལ་མོ་དང་། དྲིལ་བུ་སུམ་བརྡུང་བྱ་ཞིང་། དཀར་མོ་རི་དྭགས་སོགས་ནས། འཁྱུད་པ་ཉིད། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་ནས་ཡིད་ཀྱིས་དགྱེས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་
༡༦༠རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཞེས་པས་བསྟོད། རྡོ་རྗེ་ཐུགས་ཀར་བཟུང་། དྲིལ་བུ་ཆིག་བརྡུང་བྱ་ཞིང་། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའ་ཚོགས་རྣམས་མ་ལུས་དང་། །འབྱུང་པོའ་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་ཤ་ཟའི་ཚོགས་སྨྱོ་བྱེད་བརྗེད་བྱེད་མཁའ་འགྲོའི་མ་མོའ་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་ཏེ་འབྱུང་པོའ་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །དགེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་ཕྲིན་ལས་གཞོལ། གཏོར་མ་གཞན་རྣམས་ཀྱི་བྱིན་རླབས་སྔར་དུས་གཅིག་ལ་གྲུབ་ཟིན་ཡང་། བྱིན་རླབས་དྲན་པའི་ཕྱིར་གཏོར་མ་ལག་པ་གཡོན་པ་བསྟན་ཏེ་ༀ་ཞེས་བརྗོད་པས་སྟོང་པར་བསམ། གཡས་
༡༦༡པ་བསྟན་ཏེ་ཨཱཿཞེས་བརྗོད་པས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པ། གཉིས་ཀ་བསྟན་ཏེ་ཧཱུྃ་ཞེས་བརྗོད་པས་ཤ་ལྔ་བདུད་རྩི་ལྔས་གང་བ། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ་ཧོཿཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་བརྗོད། འདི་ཡན་གྱི་ཚིག་ཁ་སྐོང་དགོས་པ་རྣམས་མངོན་རྟོགས་དང་། ཕྱག་རྒྱ་རྣམས་དབང་ཆུ་མཛེས་རྒྱན་དུ་བལྟའོ། །དེ་ནས། མདུན་གྱི་ནམ་མཁའི་གནས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་ཆེན་པོ་ཆེར་འབར་བ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཆར་གྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་པ་ཞལ་གྱི་མཆེ་བ་གཙིགས་པ། །དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་གྱིས་བཀླུབས་པ། མིའུ་ཐུང་གེལ་པའི་འདུག་སྟངས་ཀྱིས་རོའ་སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག །གཡོན་ན་ཁྱི་ནག །རྒྱབ་ན་ལྕེ་སྤྱང་། མདུན་ན་མི་ནག །སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། མི་བསྐྱོད་པའི་ཅོད་པན་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་ཊཾ་ལས་ཨེ་ཀ་ཛ་ཊཱི་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་ན་བཟས་སྟོད་གཡོགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་ཅན།
༡༦༢རལ་པ་ལན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱང་བ་ཁྲོ་མོའ་རྣམ་པ་ཅན། དེའི་ལྟོ་བ་ཡངས་པའི་ནང་དུ་ཏྲག་ལས་ཁྲག་གི་རྒྱ་མཚོའ་ནང་དུ་བྷྱོཿལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། བོང་བུ་ག་པ་ལ་ཞོན་པ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་གང་བ་འཛིན་པ། གཡོན་གྱི་དང་པོ་ན་མདུང་ཐུང་། གཉིས་པ་ན་རྩེ་གསུམ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུ་པའི་རྒྱན་དྲུག་དང་ལྡན་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན། ཀླུའི་དབང་པོའ་སྐ་རགས་བཅིངས་པ། སྤྱན་གསུམ་དང་ལྡན་ཞིང་མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྙན་གཡས་པ་ལ་དུག་སྦྲུལ་དང་གཡོན་པ་ལ་སེང་གེས་བརྒྱན་པ། སྐུ་ལ་ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས་དང་ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་རིང་པ། ལྟེ་བའི་ཐད་ཀ་ནས་ཉི་ཟླ་འཆར་བ། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་ཧཱུྃ་དང་བྷྱོ་འི་སྒྲ་སྒོགས་པ། ལྕམ་དྲལ་གཉིས་ཀའི་དཔྲར་བར་ༀ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང་། རང་བཞིན་གྱི་གནས་ནས་ལྷ་མོ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ཞེས་དང་སེ་གོལ་གྱི་སྒྲ་བྱ། ཐལ་མ་ཁང་སྟོང་དུ་སྦྱར་བ་མགོན་པོའ་དམ་རྒྱ་བཅས་ཏེ། མཛུབ་མོའ་གཡབ་པའམ། རྡོ་རྗེས་གཡབ་ཅིང་དྲིལ་བུ་བཅད་གཏུབས་སུ་དཀྲོལ་ལ། མགོན་པོ་ཀུན་གཤེགས་གདན་ལས་བཞེངས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་སྲུང་བ་
༡༦༣དང་། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ༀ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཧྱེ་ཧི་ཞེས་དང་། སོར་མོ་ཕན་ཚུན་ཅུང་ཟད་བསྣོལ་བའི་རྡོ་རྗེ་ཐལ་མོ་སྦྱར་བ་ལྷ་མོའ་དམ་རྒྱ་གཡབ་པའམ། རྡོ་རྗེ་དྲིལ་བུ་འཛིན་པས། ལྷ་མོ་ཀུན་གཤེགས་སོགས་ནས།གཤེགས་སུ་གསོལ། ༀ་མ་ཧཱ་ཀཱ་ལི་དེ་ཝཱི་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲངས། ཛ་ཧཱུྃ་བཾ་ཧཱོཿསོ་སོ་ལ་ཐིམ། ཐལ་མོ་སྦྱར་བའི་སོར་མོ་དབུས་མ་གསུམ་སོ་སོར་བསྐྱེད་དེ། ༀ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་པས་པདྨའི་གདན་ཕུལ། ༀ་ཤྲཱི་མ་ཧཱ་ཀཱ་ལ་གྲྀཧྣེ་དཾ་མ་ཧཱ་ཀཱ་ལཱ་དེ་ཝཱི་གྲྀཧྣེ་དཾ་ཨཱརྒྷཾ་སྭཱ་ཧ། པཱདྱེ་སྭཱ་ཧཱ། ༀ་བཛྲ་པུཥྤེ་སོགས་ནས། ཤབྡ་ཨཱ་ཧཱུྃ། ཞེས་པས་མཆོད། མགོན་པོའ་དམ་རྒྱ་སྙིང་གར་བཅས་ཏེ་དེའི་སྤྱི་བོར་བཞག་པར་བསམས་ལ། ཡི་དམ་གྱི་ང་རྒྱལ་བརྟན་པོས། ༀ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་མ་ཡ་སྨར། ས་མ་ཡ་མཱ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། ལྷ་མོའ་དམ་རྒྱ་སྙིང་གར་བཅས་ཏེ་དེའི་སྤྱི་བོར་བཞག་པར་བསམས་ལ། ༀ་མ་ཧཱ་ཀཱ་ལཱི་དེ་ཝཱི་ས་མ་ཡ་སྨར་ཞེས་སོགས་ཀྱིས་དམ་ལ་བཞག །སྤྲོ་ན།དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུ་ཡང་སངས་རྒྱས་ཀྱི་བསྟན་པ་དང་། བསྟན་པ་འཛིན་པ་རྣམས་དང་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བ་དང་། བདག་གིས་ལམ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདོར་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་ན།
༡༦༤གང་ལ་གང་འཚམ་པའི་ཆད་པས་བཅད་པ་དང་། བསྐྲད་ཅིང་གཟེར་བ་དང་། དབྱེ་བ་དང་། བསྡིགས་ཤིང་སྤ་བཀོང་བར་མཛད་དུ་གསོལ། མདོར་ན་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང་། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང་བསྟན་པ་དང་བསྟན་པ་འཛིན་པ་དང་འཇིག་རྟེན་པ་ཀུན་ཏུ་དར་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་ཐལ་མོ་བརྡབ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ༀ་ཤྲཱི་མ་ཧཱ་ཀཱ་ལཱ་ས་པ་རི་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨཱ་ཏེ། སྥར་ཎ་ཨི་མཾ། ག་ག་ན་ཁཾ་གྲྀ་ཧ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་གསུམ་མམ། ལྔ་དང་། ༀ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁཱ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ། ཅེས་གསུམ་མམ་ལྔས་མགོན་པོ་དང་། ༀ་ཤྲཱི་མ་ཧཱ་ཀཱ་ལཱི་དེ་ཝཱི་ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་ཞེས་སོགས་གསུམ་མམ་ལྔས་ལྷ་མོ་ལ་ཕུལ་ཏེ། ༀ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་གྲྀཧྞེ་དཾ་ཞེས་སོགས་ནས།ཤབྡའི་བར་གྱིས་གོང་ལྟར་མཆོད། ནང་མཆོད་ཕུལ་ཏེ།ༀ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་དང་། ༀ་རོ་རུ་རོ་རུ་བི་ཏིཥྛ། ཀཱ་མ་ལ་རཀྑ་སི་ཧཱུྃ་བྷྱོ་ཧཱུྃ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད། རྡོ་རྗེ་དང་བཅས་པའི་ཐལ་མོ་དང་། དྲིལ་བུ་ཆིག་བརྡུང་བྱ་ཞིང་། ཧཱུྃ་གི་ཡེ་ཤེས་ལས་བྱུང་བའི། །ནག་པོ་ཆེན་པོ་ཕྱག་གཉིས་པ། །ཞལ་གཅིག་མདོག་
༡༦༥སྔོན་ཆེར་འབར་ཞིང་། །ཟངས་གྲི་ཐོད་པ་བསྣམས་ལ་བསྟོད། །མགོ་བོའ་ཕྲེང་བས་དོ་ཤལ་བྱས། །མཆེ་བ་གཙིགས་ཤིང་འཇིགས་སུ་རུང་། །བོང་ཐུང་གཟི་བརྗིད་ཆེན་པོ་སྟེ། །ཞལ་དམར་རྣམ་པར་གཡོ་ལ་བསྟོད། །སློབ་དཔོན་ལ་རྟག་སྡང་བ་དང་། །གང་ཞིག་དཀོན་མཆོག་གསུམ་ལ་གནོད། །སེམས་ཅན་སྣ་ཚོགས་གཅོད་པ་རྣམས། །ཟ་བྱེད་ནག་མོ་ཆེ་ལ་བསྟོད། །བྷྱོཿ རྒྱ་མཚོའ་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམས་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞག །རྫོང་དང་བཀའ་ཟློག་ནག་མོ་སྟེ། །ལྷ་དང་ལྷ་མིན་ཕྱག་བྱས་པ། །མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་མཛད། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །ཅེས་པས་བསྟོད། རྡོ་རྗེ་སྙིང་གར་བཟུང་སྟེ། དཔལ་ལྡན་མགོན་པོ་འཁོར་དང་བཅས་པ་དང་། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་རྣམས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། །རྒྱ་ཆེན་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང་། །བསྟན་འཛིན་ཐམས་ཅད་སྐུ་ཚེ་ལེགས་བརྟན་ནས། །རྣམ་དཀར་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འགལ་རྐྱེན་ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བློ་གྲོས་བསོད་ནམས་རབ་རྒྱས་ནས། །ཐོས་བསམ་སྒྲུབ་པ་འཕེལ་བར་མཛད་དུ་གསོལ། །བདག་གི་འདོད་པའི་ཕྲིན་ལས་ཞུ་བ་ནི། །འཆི་བདག་བདུད་ཀྱི་བར་ཆད་ཀུན་ཞི་ཞིང་། །རྡོ་རྗེ་ཐེག་
༡༦༦པའི་རྒྱུད་སྡེ་ཆེན་པོ་བཞིའི། །བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཅེས་བརྗོད་དེ་ནས་གདོང་བཞི་པའི་གཏོར་མ་མགོན་པོའ་སྐབས་ལྟར་བྱིན་རླབས་དྲན་པར་བྱས་ལ། མདུན་དུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ། རྩ་ཞལ་བརྩེགས་མ་གཉིས་ནག་པོ། །གཡས་གཡོན་གཉིས་ལྗང་ནག །ཕྱག་བཞིའི་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་རལ་གྲི་དང་། གཡོན་འོག་མས་རུས་ཕྲེང་འཕྱར་ཐབས་སུ་མཛད་པ། སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་ཤིང་མ་མཆུ་འཕྱང་བ། ཐོད་པ་སྐམ་པོ་ལྔའི་དབུ་བརྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཚངས་པའི་སྐུད་པ་དང་རུས་པ་དང་སྦྲུལ་གྱིས་བརྒྱན་ཞིང་ཞབས་གཡས་བསྐུམ་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། །དྲག་ལ་རྔམས་པའི་ཆ་ལུགས་ཅན། ངག་ཏུ་ཧ་ཧ་དང་། ཧཱུྃ་ཧཱུྃ་དང་། ཀྵིཾ་ཀྵིཾ་གི་སྒྲ་སྒྲོགས་པ། དེའི་གཡས་སུ་གཡུང་མོ་ནག་མོ། །གཡོན་དུ་གཏུམ་མོ་ལྗང་གུ། མདུན་དུ་སྲིན་མོ་དམར་མོ། །རྒྱབ་ཏུ་སིཾགྷ་ལཱི་མ་སེར་ནག །བཞི་ཀའང་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། གཅེར་བུ་རྒྱན་མེད་པ་རབ་ཏུ་གྲིམས་ཤིང་ཁྲོས་པའི་ཆ་ལུགས་ཅན། གཡོན་བརྐྱང་གཡས་བསྐུམ་བཞེངས་པའི་ཚུལ་གྱིས་བཞུགས་པ། གཙོ་འཁོར་ལྔ་ཀའི་དཔྲལ་བར་ༀ་སོགས་ནས།ཧཱུྃ་ལས་འོད་འཕྲོས་པས་ཏི་སེ། བསིལ་བའི་ཚལ། པོ་ཏ་ལ། ཧ་ཧ་དགོད་པའི་དུར་ཁྲོད་ནས་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་ༀ་བཛྲ་ས་མ་ཛཿ ཞེས་དང་སེ་གོལ་གྱི་སྒྲ་བྱ། ཐལ་མོ་སྦྱར་བའི་སྲིན་ལག་ནང་དུ་བཀུག་ལ་མཛུབ་མོ་གུང་མོའ་རྒྱབ་
༡༦༧ནས་རྭ་ལྟར་བྱས་པ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ལས་མཛུབ་མོ་གཡབ་པའམ། རྡོ་རྗེ་དྲིལ་བུ་འཛིན་པས། སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །ཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ། །ༀ་མ་ཧཱ་ཀཱ་ལཱ་ཀཱ་ལཱ། བི་ཀཱ་ལ། རཱ་ཏྲྀ་ཏ། ཌོཾ་བི་ནཱི། ཙཎྜ་ལཱི། རཀྑ་སཱི། སཱི་གྷ་ལཱི། དེ་ཝཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཞེས་པས་བསྟིམ། སྔར་ལྟར། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། ༀ་མ་ཧཱ་ཀཱ་ལཱ་ཀཱ་ལཱ་སོགས་ནས། དེ་ཝཱི་ས་པ་རི་ཝཱ་ར་གྲྀཧྞེ་དཾ་ཨཱརྒྷཾ་སོགས་ནས་ཤབྡའི་བར་གྱིས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྙིང་གར་བཅས་ཏེ་དེའི་སྤྱི་བོར་བཞག་པར་བསམས་ལ། ༀ་མ་ཧཱ་ཀཱ་ལཱ་ཀཱ་ལཱ་སོགས་ནས་དེ་ཝཱི་ས་མ་ཡ་སྨ་ར་སོགས་ཀྱིས་དམ་ལ་བཞག །སྤྲོ་ན། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ཞེས་སོགས་ཀྱིས་བཀའ་བསྒོས་ལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ༀ་མ་ཧཱ་ཀཱ་ལཱ་ཀཱ་ལཱ་སོགས་ནས། དེ་ཝཱི་ན་མཿསརྦ་ཏ་ཐཱ་ག་ཏེ་ཞེས་སོགས་བཏགས་པ་གསུམ་མམ་ལྔ་དང་། སྤྲོ་ན་འོག་གི་སྔགས་རིང་གིས་ཀྱང་ཕུལ། གོང་ལྟར་མཆོད་ལ་ནང་མཆོད་ཕུལ་ཏེ། ༀ་མ་ཧཱ་ཀཱ་ལཱ་ཀཱ་ལཱ་སོགས་ནས།དེ་ཝཱིའི་མཐར། ༀ་ཨཱཿཧཱུྃ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་སོགས་གོང་ལྟར་བརྗོད་ལ། དྲིལ་བུ་ཆིག་བརྡུང་བྱ་ཞིང་། ཧཱུྃ་མི་རྟོག་དབྱིངས་ལས་ཐུགས་རྗེའི་སྐུར་བཞེངས་ཤིག །འབྱུང་བ་གུར་ཆེན་བརྩེགས་པའི་གཞལ་ཡས་ནས། །བདེ་གཤེགས་བཀའ་ཡི་སྲུང་མ་དམ་ཚིག་ཅན། །རྡོ་རྗེ་ནག་པོ་ཆེན་པོ་དབྱིངས་ལས་བཞེངས། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང་། མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོགས་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི།
༡༦༨གདོང་བཞི་ལྡན་ཁྱོད་ཏི་སེའི་ཞིང་སྐྱོང་མཛད། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞིས་པའི། །ནག་པོ་ཆེན་པོ་ཞལ་བཞི་པ། །ཡུམ་ཆེན་སྲིན་མོ་བཞི་དང་བཅས། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་དག་གིས་མཆོད། །རྒྱལ་བའི་བསྟན་པ་སྐྱོང་བ་དང་། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བརྗོད། དེ་ནས་ལས་མགོན་གྱི་གཏོར་མ་བྱིན་བརླབས་སྔར་ལྟར་དྲན་པར་བྱས་ལ། མགོན་པོའ་ཐུགས་ཀ་ནས་ཡ་དང་། །ལྷ་མོའ་ཐུགས་ཀ་ནས་མྨཾ་མདུན་དུ་སྤྲོས་པས། པདྨ་དང་ཉི་མའི་སྟེང་དུ། ཡ་ལས་ནག་པོ་གནོད་སྦྱིན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། མི་ལྤགས་ཀྱི་གཡང་གཞི་གྱོན་ཞིང་གསེར་གྱི་རྣ་ཆ་ཅན། དེའི་མྨཾ་ལས་ནག་མོ་གནོད་སྦྱིན་ཞལ་གཅིག་ཕྱག་གཉིས། གཡས་གསེར་གྱི་སྤུ་གྲི། གཡོན་ཀླད་ཁྲག་གིས་གང་བའི་ཐོད་པ་འཛིན་པ། དར་ནག་གི་ན་བཟའ་གྱོན་ཞིང་བྱི་རུའི་ལན་ཚར་ཅན། དེ་གཉིས་ཀྱི་ཐུགས་ཀ་ནས་ཡབ་ལས་ཏྲི་གཉིས་དང་ཡུམ་ལས་བྷྱོཿགཅིག་མདུན་དུ་སྤྲོས་པ་ལས་པུ་ཏྲ་མིང་སྲིང་གསུམ་དུ་གྱུར་ཏེ། ཏྲི་ལས་པུ་ཏྲ་ནག་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི་དང་། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། དར་གྱི་ཨང་རག་དང་། དར་ནག་གི་ན་བཟས་བརྒྱན་པ། ཏྲི་ལས་བྷ་ཊ་ནག་པོ་སྟག་སླག་ཅན། གཡས་དམ་ཤིང་དང་། གཡོན་མིའི་སྙིང་འཛིན་པ། བྷྱོཿལས་སྲིན་མོ་རལ་གཅིག་མ། གཡས་གསེར་གྱི་སྤུ་གྲི་དང་། གཡོན་རྒྱུ་མ་འཛིན་ཞིང་ཁ་ནས་མེ་འབར་བ། ལྔ་ཀའང་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་སྤྱན་གསུམ་དང་ལྡན་པ། རུས་པའི་ཕྲེང་བ་དང་མི་མགོ་རློན་པའི་དོ་ཤལ་གྱིས་བརྒྱན་པ། རྔམ་ཞིང་འཁྲུགས་པས་གདུག་པ་ཅན་ཚར་གཅོད་པའི་ཚུལ་གྱིས་བཞུགས་པ།
༡༦༩གཞན་ཡང་གཡས་ཀྱི་རུ་འདྲེན་པ་སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། གཡོན་གྱི་རུ་འདྲེན་པ་དགེ་སློང་གི་གཟུགས་ཅན་བརྒྱ། སླད་ཀྱི་རྗེས་སུ་འབྲང་བ་སྔགས་པ་ནག་པོ་བརྒྱ། མདུན་གྱི་ཤུལ་བྱང་འདྲེན་པ་བུད་མེད་ནག་མོ་བརྒྱ། གཞན་ཡང་དམ་ཉམས་ཀྱི་རྗེས་གཅོད་པའི་བྱ་ནག་ཁྱི་ནག་མི་ནག་ཅེ་སྤྱང་ལ་སོགས་པ་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་བ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ལས་ཀྱི་མགོན་པོ་རྣམས་ལ་བཀའ་སྡོད་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཞེས་པས་ཐིམ་པར་བསམ། མགོན་པོའ་སྐབས་ཀྱི་དམ་རྒྱ་བཅས་ཏེ་དེ་རྣམས་ཀྱི་སྤྱི་བོར་བཞག་པར་བསམས་ལ། ཨ་ལི་ཨ་ལི་མ། ཛ་ཛ། ཤཾ་ཤཾ། ལི་ཤི་དེད། ཨ་ཤྭ་དེད། མོ་སྨུགས། པུ་ཏྲཱི། ཨ་ལི་མ། ཛ་ཛ། ནག་མོ་ཤ་ལ་རུ་བ། ཛ་ཛ། ༀ་རོ་རུ་རོ་རུ་ཏྲི་ཙ་ཡ་ལ། ཨ་ཤུག་མེ་མ་ཧཱུྃ་མ་བྷྱོཿཛཿཛཿས་མ་ཡ་སྨ་ར་སོགས་ཀྱིས་དམ་ལ་བཞག །སྤྲོ་ན། ལས་ཀྱི་མགོན་པོ་བཀའ་སྡོད་ཕོ་ཉ་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སོགས་ཀྱིས་བཀའ་བསྒོས་ལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ཨ་ལི་ཨ་ལི་མ་སོགས་ནས།མ་ཧཱུྃ་མ་བྷྱོ་ཛཿཛཿཨི་དཾ་བ་ལིཾ་། ཁ་ཁ། ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མམ་ལྔ་ལ་སོགས་པས་གཏོར་མ་ཕུལ་ལ། ༀ་ཨཱརྒྷཾ་སོགས་ཀྱིས་མཆོད་ནས། ནང་མཆོད་ཕུལ་ཏེ། དམ་ཅན་གནོད་སྦྱིན་ཡབ་ཡུམ། བཀའ་སྡོད་པུ་ཏྲ་མིང་སྲིང་། སྤྲུལ་པའི་རུ་འདྲེན་སྡེ་བཞི། དྲེགས་པ་ཕོ་རྒྱུད་མོ་རྒྱུད། ཕོ་ཉ་ལས་མཁན་འཁོར་དང་བཅས་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་སོགས་གོང་ལྟར་བརྗོད་ལ། དྲིལ་བུ་ཆིག་བརྡུང་བྱ་ཞིང་། ཧཱུྃ་གནོད་སྦྱིན་ཡབ་ཡུམ་འཇིགས་པའི་གཟུགས། །རྔམ་ཞིང་འཁྲུགས་པའི་ཆ་ལུགས་ཀྱིས། །བདུད་དང་དགྲ་བགེགས་འཇོམས་མཛད་པ། །བསྟན་སྲུང་ཡབ་ཡུམ་ཆེ་ལ་
༡༧༠བསྟོད། །མོན་བུ་པུ་ཏྲ་ནག་པོ་སྐྱོང་། །མོན་གྱི་ག་ཤ་སྐུ་ལ་གསོལ། །ཤིང་ཤིང་གསེར་ཤང་ཕྱག་ན་བསྣམས། །པུ་ཏྲ་ནག་པོ་ཁྱོད་ལ་བསྟོད། །མོན་བུ་བྷ་ཊ་སྟག་སླག་བཀྲ། །དར་གྱི་ག་ཤ་སྐུ་ལ་གསོལ། །ཕྱག་ན་དོམ་ཤིང་རྣོན་པོ་བསྣམས། །མོན་བུ་བྷ་ཊ་ཁྱོད་ལ་བསྟོད། །མོན་མོ་གསེར་གྱི་སྤུ་གྲི་མ། །ནག་མོ་ཆེན་མོ་ཁ་འབར་མ། །ཕྱག་ན་གསེར་གྱི་སྤུ་གྲི་བསྣམས། །ནག་མོ་ཁྱོད་ལ་བསྟོད་པ་འབུལ། །བུད་མེད་ནག་མོ་ཆེན་མོ་བརྒྱ། །གཤེགས་ཀྱི་དེ་ནི་ཤུལ་ཡང་འདྲེན། །གཡས་ཀྱི་ཕྱོགས་ནས་རུ་འདྲེན་པ། །སྐྱེས་བུ་སྟག་ཆས་བརྒྱན་པ་བརྒྱ། །གཡོན་གྱི་ཕྱོགས་ནས་རུ་འདྲེན་པ། །དགེ་སློང་ཉན་ཐོས་དགྲ་བཅོམ་བརྒྱ། །སླད་ཀྱི་རྗེས་འབྲང་འཇིགས་རུང་བ། །བནྡེ་ནག་པོ་ཕུར་ཐོགས་བརྒྱ། །འཁོར་འདས་ཀུན་ལ་བསྟོད་པ་འབུལ། །སྐབས་གསུམ་དག་ཀྱང་བསྟོད་པ་འབུལ། །ཞེས་པས་བསྟོད། རྡོ་རྗེ་སྙིང་གར་གཟུང་སྟེ། ལས་ཀྱི་མགོན་པོ་ཕོ་ཉ་འཁོར་བཅས་རྣམས། །ཕྱི་ནང་གསང་བ་ཞེས་སོགས་སྔར་ལྟར་སྦྱར་ལ་ཕྲིན་ལས་གཞོལ། མཁའ་འགྲོ་སྤྱི་གཏོར་བྱིན་རླབས་དྲན་པ་གོང་ལྟར་བྱས་ལ། ལག་པའི་འཛུམ་མོ་གཉིས་ལུ་གུ་རྒྱུད་དུ་སྤྲེལ། མཐེ་བོང་གཉིས་དང་གུང་མོ་གཉིས་སོ་སོར་སྦྱར། སོར་མོ་ལྷག་མ་རྣམས་འབར་བ་ལྟར་རྒྱས་པ་དཔྲལ་བའི་སྟེང་དུ་གཡོན་དུ་བསྐོར། གདོང་བསྒྱུར་ཞིང་མིག་གྱེན་དུ་བལྟ་བ་དང་བཅས་པས། ཕཻཾ་ཞེས་དང་། ༀ་བཛྲ་ཨ་རལླི་ཧོཿཛཿཧཱུྃ་བཾ་ཧོཿ། བ་ཛྲ་ཌཱ་ཀི་ནྱཿས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། ཞེས་བརྗོད་དེ་སྙིང་གའི་ཧཱུྃ་གིས་འོད་ཟེར་གྱིས་འཛམ་བུའི་གླིང་ན་གདོད་ནས་གྲུབ་པའི་དུར་ཁྲོད་བརྒྱད་མདུན་གྱི་ནམ་མཁར་བྱོན་པར་བསམས་ལ། དེ་རྣམས་ལ་གཏོར་མ་ཕུལ་བར་བསམས་ཏེ། ཐལ་མ་ཁ་གྱེན་དུ་ཕྱེ་ལ། ༀ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙི། ཨུནྨཱ་ད། ཨ་པ་སྨར། ཌཱ་ཀ །ཌཱ་ཀི་ནྱཱ་ད་ཡ། ཨི་མ་བ་ལིཾ་གྲྀཧྞ་ན། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ།
༡༧༡ཡ་ཐཻ་བཾ། ཡ་ཐེཥྚྃ། བྷུཉྫ་ཐ། ཛི་གྷ་ཐ། པི་པ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡཱ། སཏྶུ་ཁཾ་བི་ཤུདྡྷ་ཡེ། ས་ཧཱ་ཡི་ཀ་བྷ་ཝནྟུ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ། ༀ་ཨཱརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། ༀ་བཛྲ་པུཥྤེ་སོགས་ནས། ཤབྡའི་བར་གྱིས་མཆོད། ནང་མཆོད་ཕུལ་ཏེ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ་ལ་སོགས་པ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ་ཞེས་སོགས་གོང་ལྟར་བརྗོད་ལ། དྲིལ་བུ་ཆིག་བརྡུང་བྱ་ཞིང་། ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཀླུ་ཡི་ཚོགས་རྣམས་མ་ལུས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་ཞེས་སོགས་ནས། མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་སྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་བཞེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའ་ཚོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང་། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་ཀྱིས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བརྗོད། ༈ བཟླས་པ་བྱེད་ན། ཡུངས་དཀར། གུ་གུལ། དུག །ཚིལ་ཆེན་རྣམས་བསྲེས་པའི་བདུག་སྤོས་བསྲེག་ཅིང་། དེ་ཝ་པི་ཙུ་ཕྲེང་སྐོར་གཅིག་བཟླས་ལ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་སྔགས་འོད་ཟེར་དང་བཅས་པ་འཕྲོས། མགོན་པོ་འཁོར་བཅས་ཀྱི་
༡༧༢ཐུགས་ཀར་ཕོག་པས། ཐུགས་རྒྱུད་བསྐུལ་ཏེ་གང་བསྒོ་བ་ཉན་པར་བསམས་ལ། ༀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་ཡི་གེ་བདུན་པ་དང་། ༀ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཅུ་གཉིས་པ་དང་། ཤཱ་ས་ན་རྣམས་ཅི་ནུས་བཟླ། སྔགས་གསུམ་པོ་གོ་རིམ་སྤྱི་དང་མཐུན་པར་བཟླས་ཀྱང་རུང་ངོ་། །དེ་ནས་ལྷ་མོ་ལ་དམིགས་པ་གཏད་ལ་རོ་རུ་སོགས་དང་། སྤྲོ་ན། ༀ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཧཱུྃ་བྷྱོཿཞེས་པ་བཟླ། དེ་བཞིན་དུ་ཞལ་བཞི་པ་ལ་དམིགས་ལ། ༀ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་གཙོ་བོར་བཟླ། རྗེས་སུ། ༀ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཊྚ་ཀ་རཱ་ལ། ལམྦི་ཏ་ཨོ་ཋ། ལམྦ་ཀ་བེ་ཀད།ལམྦ་ཀ་བཱ་ལེ། ར་ཝི་། རུ་ཏྲ་མཱ་ལ་བི་ཧུ་རེ། ཙྪེ་ད་ཧ་ཀ་ལེ། ཧ་ལེ་ན་ཧ་ལེ་པིམྦི་ཛཱ་ལི། བཱ་མེ་གྷུནྡི་དྷ་རི་ཡཾ་མ་ཨཾ། ད་ཧི་ན་རྟི་ཀ་ཀཱ་རོ་ཊི། བི་བྷི་ཥ་ཎ་དྷ་ཨཾ། བཱ་མི། འདི་ནས་མི་མཛད། མཆན། ལ་པཱ་ཎི། ཧ་ར་དོ་ར་ན་ར་སཱི་རམྤ་ལ། ས་ཏ་ལེ་ཀྵིཾ། ཀཱ་ར་ཀ་ལ། མ་ཧཱ་པོ་ཊ་ལེ། མ་ཧཱ་ཀཱ་ལ། ཤྲཱི་ཀ་བཱི་ལ། ཀེ་ལ་སཾ་ཀྵེ་ཊ་པ་ལ། ཧཱ་ཧཱ་ཀཱ་རེ་ཧཱུྃ་ཧཱུྃ་ཀཱ་རེ། སུརྦ་བྷཱ་ཥ་བྷི་ཨུཾ། ཛཽ་ཛནྟི་མི་ས་བྷ་ཏ། ཕུལླ་དྷཱུ་པ། ཨི་ཀཱ་ཧ་བ་ལི་ཛི་གྷ་ཧ། ད་ཤ་དི་ཀ་ཨུརྟ་ར་ཝུ་རི། །ཌོམ་བྷི་ནཱི་ཙཎྜ་ལཱི་རཀྑ་སཱི་སིཾ་གྷ་ལཱི་དེ་ཝཱི། ཧ་ན་ཧ་ན། བྷབྡྷ་བྷནྡྷ། མ་ར་མ་ར། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵིཾ་ཀྵིཾ། ལེ་བ་ལིཾ་དེ་ཧི་སིདྡྷི། བི་ཀཱ་ལ་ཤ་ཏྲཱུ་ན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ། དེ་ནས་ལས་མགོན་རྣམས་ལ་དམིགས་པ་གཏད་ལ། འཇིག་རྟེན་པ་རྣམས་མོས་ཕོ་བསྐུལ་བ་ཡིན་པས་ཐོག་མར། ༀ་རོ་རུ་རོ་རུ་ཏྲི་ཙ་པ་ལ་ཞེས་སོགས་མོའ་བོད་པ་ཆ་གཉིས་སུ་བཟླ། དེ་ནས་ཨ་ལི་ཨ་ལི་མ་ཞེས་སོགས་ཕོའ་བོད་པ་ཆ་གཅིག་ཏུ་བཟླ། བཟླས་པ་རྫོགས་པ་ན། ༀ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་དཾ་ཨཱརྒྷཾ་སོགས་ནས། ཤབྡའི་བར་གྱིས་མཆོད། ནང་མཆོད་འབུལ་ཞིང་སྔགས་རྣམས་ཀྱི་མཐར། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་དང་། མཐུ་སྟོབས་ཀྱིས་དབང་ཕྱུག་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པ་རྣམས་ཀྱི་
༡༧༣ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་སོགས་སྔར་བཞིན་བརྗོད། རྡོ་རྗེ་དྲིལ་བུ་འཛིན་པས། བསྟོད་པ་གསར་རྙིང་གང་རུང་ཤ་ལོ་ཀ་རེས་བསྟོད་ལ། རྡོ་རྗེ་སྙིང་གར་བཟུང་། དྲིལ་བུ་ལྡིང་ཁུགས་སུ་དཀྲོལ་ཏེ། རྡོ་རྗེའི་གླུ་བཀྲ་ཤིས་སྨོན་ལམ་རྣམས་སྒྲུབ་ཐབས་ལྟར་བྱ། གཏོར་མ་སྐྱོང་ན་འདས་གཏོར་བར་ཆད་བསྲུང་བའི་ཆེད་དུ་བཞག །འཇིག་རྟེན་པའི་གཏོར་མ་མཚན་མོ་ཡིན་ན་དཔལ་འབར་དང་བཅས་ནས་ཁྱེར་ཏེ་འོག་ནས་འབྱུང་བ་ལྟར་སྤྱི་བསྟབས་བྱས་ལ། ནང་དུ་ལོག་ནས་ལྷག་ཆད་ཁ་བསྐངས་བ་སོགས་རྗེས་ཀྱི་ཆོ་ག་རྣམས་བྱའོ། །གལ་ཏེ་དེ་དང་འབྲེལ་བར་བསྐང་བཤགས་ལ་སོགས་པ་བྱེད་ན་བཟླས་པའི་རྗེས་ཀྱི་མཆོད་པ་ཡན་ཚད་རྫོགས་པར་བྱས་ནས་རྟེན་ལ་ཁ་ཕྱོགས་པར་ལངས་ཏེ། བླ་མ་ཡི་དམ་ཆོས་སྐྱོང་དང་བཅས་པ་ལ་ཕྱག་འཚལ་བའི་ཚིག་གང་རིགས་སྔོན་དུ་འགྲོ་བས་མེ་ཏོག་དང་བཅས་ཏེ་བཤགས་པའི་ཚིག་རྣམས་ལན་གསུམ་བརྗོད། བསྐང་གསོ་དང་འབྲེལ་ན་གུར་མགོན་གྱི་བསྐང་གསོ་སྐབས་འདིར་བྱ་ཞིང་། གདོང་བཞི་པའི་བསྐང་གསོ་ནི་ཕྱག་ལེན་ལ་གཏོར་འབུལ་དང་འབྲེལ་བར་གོང་དུ་མཛད་ལ་འདིར་བྱེད་པར་སྤྲོ་ན་སྤྱན་འདྲེན་གྱི་ཚིག་རྣམས་གོང་དུ་བྱས་ནས། བསྐང་གཏོར་བྱིན་རླབས། འབུལ་བ། བསྐང་གསོ་དངོས་གཞི་རྣམས་འདིར་བྱས་ཀྱང་ཉེས་པ་མེད་དོ། །བསྟོད་པ་ལ་དབྱངས་བྱེད་ན་གོང་དུ་མཆོད་གཏོར་འབུལ་བ་ཙམ་ལས་བསྟོད་པ་དང་བསྟབས་པའི་ཚིག་རྣམས་མི་བྱ་བར། སྐབས་འདིར་མགོན་པོ་ལྕམ་དྲལ་དང་གདོང་བཞི་པའི་བསྟོད་པ་དང་བསྟབས་པ་རྣམས་རིམ་པས་བྱས་ལ། དེའི་རྗེས་སུ་སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་ཀུན། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་མཛོད། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ཅེས་ཐུན་མོང་དུ་ཕྲིན་ལས་བཅོལ། རྡོ་རྗེ་དྲིལ་བུ་འཛིན་པས། ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཞེས་སོགས་དང་རྡོ་རྗེའི་གླུ་བཀྲ་ཤིས་སྨོན་ལམ་བཅས་བྱ། དེ་ནས་ལས་མགོན་གྱི་བསྟོད་བསྐུལ་བྱས་
༡༧༤ལ། གནས་ཁང་དེ་ཉིད་དམ། ཁང་ཐོག་ལ་སོགས་པའི་ཕྱོགས་གཙང་མར་སྤོས་ཀྱིས་སྣ་དྲངས་ཏེ། འཇིག་རྟེན་པའི་གཏོར་མ་རྣམས་མཐའ་ནས་རིམ་པས་བཏེགས་ལ་རོལ་མོ་དང་བཅས་པས། ཧཱུྃ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་དང་། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས། །མཁའ་ལྡིང་བྱ་ཁྱི་ལྕེགས་སྤྱང་འཁོར་དང་བཅས། །པུ་ཏྲ་ལ་སོགས་ལས་མཁན་འཁོར་དང་བཅས། །སྲུང་མ་རྒྱ་མཚོའ་ཚོགས་རྣམས་འཁོར་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམྦུ་ཏི་ཀའི་ཞལ་ཟས་འདི་བཞེས་ཤིག །ཆང་དང་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏང་རག་གཉན་པོ་འབུལ། །ད་བཅོལ་ལས་ཀྱི་གསལ་འདེབས་གཉན་པོ་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། །བསྟན་པ་རྒྱས་པའི་ལས་འདི་མྱུར་ཏུ་སྒྲུབས། །ཞེས་བརྗོད་ལ་ཤཱ་ས་ན་བཟླ་ཞིང་གཏོར་མ་ས་གཙང་སར་བཏང་། མགྲོན་རྣམས་གཏོར་མས་ཚིམ་སྟེ་དགེས་བཞིན་དུ་རང་གནས་སུ་གཤེགས་པར་བསམ། ནང་དུ་འོངས་ཏེ་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བརྗོད། རྟེན་ཡོད་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་
༡༧༥ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་སྐུ་གཟུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་རྟེན་ལ་མེ་ཏོག་གཏོར། རྟེན་མེད་པ་རྣམས་ལ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཞེས་དང་མཐེབ་སྲིན་གྱིས་སེ་གོལ་བྱས་ལ། རྟེན་ལ་མ་བརྟེན་པའི་གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་རྣམས་རང་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿ། །རང་གི་མིག་ཏུ་གཏི་མུག་རྡོ་རྗེ་མ། ཞེས་སོགས་ནས། ཐུགས་ཀར་ཐུགས་རྡོ་རྗེ་མ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་བསྲུང་བ་བྱས་ལ། དགེ་རྩ་བྱང་ཆུབ་ཏུ་བསྔོ་ཞིང་ཆོས་མཐུན་གྱི་སྤྱོད་པས་དུས་འདའ་བར་བྱའོ། །འདི་ནི་གཏོར་བསྔོ་ཙམ་དང་འབྲེལ་བར་བསྐང་བཤགས་ལ་སོགས་པ་བྱ་བའི་ཚུལ་ཡིན་ལ། གཏོར་མ་ལ་བརྟེན་ནས་ལས་བསྒྲུབ་པ་ལ་གཏོར་སྒྲུབ་ཅེས་གྲགས་པའི་ཆོ་གའི་རིམ་པ་ནི་གཏོར་ཆོག་དགྲ་ལས་རྣམ་རྒྱལ་དང་། དེའི་ལྷན་ཐབས་གཡུལ་ལས་རྣམ་རྒྱལ་ནས་འབྱུང་བའི་དོན། མན་ངག་དང་ཕྱག་ལེན་གྱིས་བརྒྱན་ཤེས་པར་བྱ་དགོས་ཀྱི། དབྱངས་དང་རྔ་བརྡུང་མི་བྱེད་པ་ལ་གཏོར་བསྔོ་དང་། དེ་རྣམས་བྱེད་པ་ལ་གཏོར་སྒྲུབ་ཏུ་འཛིན་པ་ལ་སོགས་པའི་ལོག་རྟོག་རྣམས་རྒྱང་རིང་དུ་དོར་ལ། ལེགས་པར་བསླབས་ཏེ་བརྡའ་དང་ཐ་སྙད་ཙམ་ལ་ཡང་མཁས་པར་བྱས་ནས་བསྟན་པ་རིན་པོ་ཆེའི་ཞབས་ཏོག་ཏུ་ཅི་འགྱུར་གྱི་ཐབས་ལ་འབད་དགོས་སོ་ཞེས་ལག་ལེན་པ་རྣམས་ལ་གསོལ་བ་འདེབས་སོ། །དེ་ལྟར་ཡི་དམ་ཆོས་སྐྱོང་གི །གཏོར་མའི་ཆོ་ག་མཛེས་རྒྱན་འདི། །
༡༧༦བཀའ་དྲིན་མཉམ་མེད་འཁོར་ལོའ་མགོན། །རཏྣ་ཝརྡྷ་ཡབ་སྲས་ཀྱི། །ཞབས་ཀྱི་རྡུལ་ཕྲང་ལ་རེག་པའི། །བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། །བློ་དམན་འཇུག་པ་བདེ་བའི་ཕྱིར། །ཨེ་ཝཾ་ཆོས་ལྡན་དགོན་པར་སྦྱར། །སྔགས་རྣམས་ཕལ་ཆེར་རྒྱ་དཔེ་ལ། །གཏུགས་ཏེ་དག་པར་བགྱིད་པས་ན། །རིང་ཐུང་གཅོད་མཚམས་ལ་སོགས་པ། །འདི་ཉིད་ཁོ་ན་དང་དུ་ལོང་། །འདི་ལ་ནོངས་གང་སྒོ་གསུམ་གྱི། །སྡིག་དང་ལྷན་ཅིག་མགོན་ལ་བཤགས། །ལེགས་པའི་དགེ་དེས་བདག་གཞན་ཀུན། །བདུད་བཞིའི་དགྲ་ལས་རྒྱལ་གྱུར་ཅིག །དགེའོ།། །།

༄༅། །ཕག་མོ་རླུང་སེམས་གཉིས་མེད་ཀྱི་ལྷ་ཁྲིད་ཟིན་བྲིས་སུ་བཀོད་པ་བཞུགས་སོ༎ ༎

༡༧༥ ཕག་མོ་རླུང་སེམས་གཉིས་མེད་ཀྱི་ལྷ་ཁྲིད་ཟིན་བྲིས་སུ་བཀོད་པ་བཞུགས་སོ།། །།
༡༧༦ ན་མོ་མ་ཧཱ་སརྦ་ཛྙཱ་དརྴ་དྷརྨཱ་ཀཱ་རཱ་ཡ། སྐྱེ་མེད་རླུང་སེམས་དབྱེར་མེད་ནི། སེམས་ཀྱི་དེ་ཁོ་ན་ཉིད་རང་རིག་ཡེ་ཤེས་སྐྱེད་པར་བྱེད་པའོ། །རྡོ་རྗེ་རྣལ་འབྱོར་མ། ལྷན་ཅིག་སྐྱེས་མ། ཡུམ་ཆེན་མོ། མ་མོ་རྟག་པའི་རྒྱལ་མོ། དོན་དམ་པའི་སྣང་བ་གསུམ། ཀུན་གཞི་དང་ཀུན་རྫོབ་ཀྱི་སྣང་བ་གསུམ་ཚོགས་དྲུག་ཐམས་ཅད་ལྷན་སྐྱེས་དེའི་རང་འོད་ཆུ་དང་རླབས་ལྟར་རྣམ་པ་ཐ་དད་ལྟར་སྣང་ཡང་ངོ་བོ་ཐ་དད་མེད་པར་གནས་ལུགས་ངེས་པར་བྱ་བ་ནི་གཞི་ངོས་བཟུང་བའོ། །དེ་ནས་ལུས་གནད་བསམ་གཏན་ཆོས་བདུན་བཅའ། རང་བབས་སུ་བཞག་ནས་སྐྱེ་འགག་འགྲོ་འོང་སོགས་རང་ཐོག་ཏུ་བཞག་པ་ནི་ཞི་གནས། རྣམ་རྟོག་གི་ངོ་བོ་དཔྱད་པས། སྟོང་པ་ཆོས་སྐུ། གསལ་བ་ལོངས་སྐུ། སྣ་ཚོགས་སྣང་བ་སྤྲུལ་སྐུ། དེ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ། བླང་དོར་མེད་པ་ཤེས་པ་ལྷག་མཐོང་། གནས་པ་ཁོ་ན་དང་རང་ངོ་སྐྱོང་བ་གཉིས་རེས་མོས་བྱས་
༡༧༧ པས་ཞི་ལྷག་ཟུང་འཇུག་གི་ཉམས་མྱོང་སྐྱེ། བྱིང་ན་སྟོང་རའི་སྙིང་གར་ཐིག་ལེ་དཀར་པོ་བསྒོམ། ཕཊ་བརྗོད། རླུང་རོ་ཕྱུང་། སེམས་གཟེངས་བསྟོད་ལྟ་སྟངས་མཐོར་བཅུག་དེས་སེམས་གསལ་སྟོང་དུ་འགྱུར། འོག་སྒོ་བསྡམ་རླུང་ཐུར་དུ་འབུད། ཨཱཿརིང་པོ་ཡིད་ཀྱིས་བརྗོད། དེ་ལས་ཞི་ལྷག་ཟུང་འབྲེལ་གྱི་མྱོང་བས་ཟིན་བཞིན་ཏུ་བསྐྱེད་རིམ་ལྷན་ཅིག་སྐྱེས་མ་སོགས་ལྷ་བསྒོམ་སྔགས་བཟླས་པ་སོགས་དག་པ་དང་། ཟ་འཆག་ཉལ་བ་སོགས་མ་དག་པ་དང་བསྲེ། འདི་ལ་སྦྱོར་དྲུག་སྐབས་ལྟོས་མེད་བཞི་ལྡན་དང་རྫོགས་ཆེན་ཁྲེགས་ཆོད་དང་ཀ་དག་གི་ལྟ་བ་ཟེར། རྣམ་རྟོག་ཆོས་སྐུ། གཅིག་ཤེས་ཀུན་གྲོལ། དཀར་པོ་གཅིག་ཐུབ་སོགས་མཚན་མང་། དེ་བས་སྦྱོར་དྲུག་རིམ་ལྔ་ཐོད་རྒལ་སོགས་ཀྱི་ཉམས་ལེན་བྱས་ན་ཇི་སྐད་བཤད་པ་བཞིན་འབྱུང་ཞིང་གོ་དོན་ཡང་གཞན་དུ་ཤེས་སོ།། ༈ །།གཉིས་པ་རྫོགས་རིམ་རླུང་སེམས་གཉིས་མེད་ནི། སྐྱབས་འགྲོ། ཡིག་བརྒྱ། མཎྜལ།
༡༧༨ བླ་མའི་རྣལ་འབྱོར་སོགས་སྤྱི་ལྟར་བྱ། དང་པོ་ཞུ་བདེ་ལྷན་སྐྱེས་གཏུམ་མོ་རླུང་སེམས་གཉིས་མེད་ནི། ལུས་གནད་ཆོས་བདུན་ནམ་དྲུག་འཆིང་བྱ། རང་ཉིད་ལྷན་སྐྱེས་མའི་སྟོང་ར་དང་། དབུ་མ་སྔོན་པོ་གསང་བ་ནས་སྤྱི་གཙུག་བར་དང་གཡས་རོ་མ་དམར་མོ། གཡོན་རྐྱང་མ་དཀར་པོ། མར་སྣེ་ལྟེ་འོག་སོར་བཞི་ནས་གྱེས། ཡར་སྣེ་སྣ་བུག །ལྟེ་འོག་རྩ་གསུམ་འདུས་མདོར་ཆོས་འབྱུང་གི་དབྱིབས། ནང་དུ་གཏུམ་མོ་ཐིག་ལེ་དམར་པོ་རེག་བྱ་ཚ་བ་ཆེ་ཕྲ་ཅི་རིགས། རླུང་རོ་གསུམ་ལྔ་བདུན་སོགས་བུས། སྟེང་རླུང་ཁ་སྦྱར་རླུང་ཐིག་ལེར་ཐིམ་པར་བསམ་ནས་གཞིལ། སྣ་སྒོ་ནས་མདའ་ལྟར་འཕངས། སྐེད་པ་གཡས་གཡོན་དུ་བསྐོར། དམིགས་སྐོར་གཅིག་གོ། །རླུང་གིས་གཏུམ་མོ་བསྐུལ། མེ་ལྕེ་རྩ་བ་སྦོམ་རྩེ་མོ་ཕྲ། འདར། གསལ། སྦྲུལ་ལྕེ་འདྲ་བ་སོར་བཞིའི་བར་རིམ་པས་སྐྱོད། མཐར་མེ་ཐིག་ལེར་བསྡུ། དྲོད་ཀྱི་གཞི་འཛིན་པ་སྟེ་དམིགས་སྐོར་གཅིག་གོ། ༢ །།ཆོས་འབྱུང་གི་དབུས་མེ་ཤེལ་གྱི་བུམ་པ་དྲོད་སྨན་གྱིས་གང་བ་ལས་སྐྱེས་པའི་པདྨ་དམར་པོ་འདབ་བརྒྱད་ཉི་མ་བས་དགུ་འགྱུར་གྱིས་འོད་འབར་བ་རོ་གདན་རྣམས་གཏུམ་མོ་ལས་གྲུབ་པ། སྤྱི་བོར་ཉི་གདན་འདོད་དགུ་འགྱུར་བས་བླ་མ་རིགས་བདག་རྣམ་སྣང་གཏུམ་མོ་ལས་གྲུབ་པ་དང་། ཐུགས་ཀའི་འོད་ཀྱིས་རྒྱལ་བ་རྣམས་ཀྱི་བྱིན་རླབས་བསྡུས། མེའི་གཞལ་ཡས་ཁང་། ར་གུར་བླ་རེ་དང་བཅས་པ་བསྒོམ་པ་དང་། ཡང་ཕོ་བྲང་ལྟ་བུའི་རྒྱན་ཐམས་ཅད་གཏུམ་མོ་ལས་གྲུབ་པ་ནི་གཏུམ་མོ་གདན་དང་ཞྭ་དང་གོས་ཏེ་ཕྱིའི་མེ་གསོ་བའོ། །རྩ་གསུམ་དང་ལྟེ་བའི་རྩ་འདབས་དྲུག་ཅུ་ར་བཞི་སེར། སྙིང་གའི་བརྒྱད་མཐིང་། མགྲིན་པར་བཅུ་དྲུག་དམར། སྤྱི་བོར་སོ་གཉིས་ལྗང་།
༡༧༩ གསང་བར་སོ་གཉིས་སྔོ། རོ་རྐྱང་ལས་རང་མདོག་ཡན་ལག་བཞིར་གྱེས་པ་ལ། ཕྲག །དཔུང་། མཁྲིག །དཔྱི། པུས། ལོང་བུ་རྣམས་སུ་རྩ་འདབ་སོ་གཉིས་རེ་དང་སོར་ཚིགས་རྣམས་སུ་འདབ་དྲུག་རེ་ཁ་དོག་དམར་དཀར་རང་མདོག་ལྟར་རོ། །འཁོར་ལོ་སོ་སོའ་ལྟེ་བར་རྃ་དམར་པོ་རེ་རེ། སྔར་ལྟར་རླུང་སྦྱོར་བྱས་པས་སུམ་མདོའ་གཏུམ་མོ་དང་རྃ་ཐམས་ཅད་ལས་མེ་འབར། ལྟེ་བར་འཁོར་ལོ་རྩིབས་རེ་བཞི། སྙིང་གར་རྡོ་རྗེ་རྩེ་དགུ། མགྲིན་པར་པདྨ་འདབ་མ་བཅུ་དྲུག །སྤྱི་བོར་རལ་གྲི་སོ་གཉིས། ཕྱོགས་ཀྱི་དབྱེ་བས་སྣ་ཚོགས་རྡོ་རྗེའི་དབྱིབས། གསང་བར་མེ་རི་ཆེན་པོ་འབར། རྩ་ཐམས་ཅད་ཁྱབ། སྟོད་ཀྱི་ཚིགས་རྣམས་རྡོ་རྗེའི་རྣམ་པ། སྨད་ཀྱི་ཚིགས་རྣམས་འཁོར་ལོའ་དབྱིབས་ལས་མེ་འབར། བ་སྤུའི་བུག་ནས་སྤྲོས། སྟོང་གསུམ་ཁྱབ། སླར་བསྡུ། དེ་སྐབས་སེམས་སྐྱིལ་ས་གནོན་དྲག་རླུང་། རྐེད་པ་གཡས་གཡོན་དུ་མང་དུ་བསྐོར། འཕར་རྡེབ་ལན་གསུམ་ལྔ་བདུན་དགུ་གང་བབ་བྱའོ།། ༢ །།རླུང་རོ་བསལ། རང་བབས་སམ། བུམ་ཅན་ལ་སེམས་གཏད། དེ་ཡང་རྔུབས་པའི་དུས་ལུས་ཐམས་ཅད་བདེ་བས་ཁྱབ་བཟུང་བས་མི་རྟོག་པ། དབྱུང་དུས་སྣོད་བཅུད་ཐམས་ཅད་སྒྱུ་མ་ལྟར་བལྟ་སྟེ་རླུང་གིས་དང་། དབུ་མའི་ཡར་སྣར་ཐིག་ལེ་དཀར་པོ་མུ་ཏིག་དཀར་པོ་ལྟ་བུ། རྔུབས་པ་ན་ཐིག་ལེ་འཁོར་ལོ་ལྔ་ལ་མར་འོངས། བཟུང་བ་ན་བདེ་བ་མི་རྟོག་པ། དབྱུང་བ་ན་འཁོར་ལོ་སོ་སོར་བདེ་སྟོང་གི་རྒྱས་བཏབ་པ་ནི་ཐིག་ལེ་རགས་པའི་ཆ་ལམ་སྦྱོང་བའོ། །བདེ་ཆེན་རླུང་སེམས་གཉིས་མེད་ནི། དབུ་མའི་ཡར་སྣར་ཁྱབ་བྱེད་ཧྃ་མགོ་ཐུར་བསྟན། ཕྱོགས་བཞིར་ཐིག་ལེ་
༡༨༠ དཀར་པོ་ཟུང་རེ། མཚམས་སུ་རེ་རེ། དེ་རྒྱབ་ཕྱོགས་བཞིར་བཞི་བཞི། མཚམས་སུ་རེ་རེ་སྟེ་སོ་གཉིས་ཕྱི་རོལ་དཀར་ནག་ཆའི་བདག་པོའམ་ལུགས་འབྱུང་བཅུ་དྲུག །ལྡོག་པ་བཅུ་དྲུག་དང་འབྲས་དུས་མཚན་སོ་གཉིས། གཏུམ་མོ་སྦར། གོང་གི་ནང་གི་ཕྱོགས་མཚམས་ནས་རར་ཕྱིའི་ཕྱོགས་ནས་གཉིས་གཉིས་ནས་བྱང་སེམས་བབ། ཧྃ་དང་འདྲེས་པ་ལས་བྱང་སེམས་བབ། སྤྱི་བོའ་རྩ་འདབ་གང་། དགའ་བ་དང་། རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་མ་ཉམས་སུ་མྱོང་། སྐུ་རྡོ་རྗེ་སྤྲུལ་སྐུ་མངོན་དུ་བྱས། རྩ་འཁོར་དབུས་སུ་ཐིག་ལེ་བཅུ་དྲུག་ཧྃ་བཅས་གསལ། མེ་གདུང་བརྒྱད་ཧྃ་དང་བཅས་པ་ལས་བྱང་སེམས་བབ། མགྲིན་པའི་རྩ་གང་། མཆོག་དགའ་དང་རྣམ་པར་སྨིན་པའི་སྐད་ཅིག་མ་ཉམས་སུ་མྱོང་། གསུང་རྡོ་རྗེ་ལོངས་སྐུ་མངོན་དུ་བྱས། མགྲིན་དབུས་ཐིག་ལེ་བརྒྱད་ཧྃ་བཅས་གསལ། མེ་གདུང་བཞི་ཧྃ་དང་བཅས་པ་ལས་བྱང་སེམས་བབ། སྙིང་གའི་རྩ་འདབ་གང་། ཁྱད་དགའ་དང་། རྣམ་པར་ཉིད་པའི་སྐད་ཅིག་མ་མྱོང་། །ཐུགས་རྡོ་རྗེ་དང་ཆོས་སྐུ་མངོན་དུ་བྱས། སྙིང་གར་ཐིག་ལེ་བཞི་ཧ་བཅས་གསལ། མེ་གདུང་གཉིས་ཧཾ་བཅས་ལས་བྱང་སེམས་བབ། ལྟེ་བའི་འཁོར་ལོ་གང་། མེའི་རྩེ་མོ་དང་དཀར་ཆ་འཕྲོད། ལྷན་སྐྱེས་དང་། མཚན་བྲལ་གྱི་སྐད་ཅིག་མ་ཉམས་སུ་མྱོང་། ཡེ་ཤེས་རྡོ་རྗེ་དང་ངོ་བོ་ཉིད་སྐུ་མངོན་དུ་བྱས། མེས་ཡར་དེད། དགའ་བ་སྐད་ཅིག་དང་པོ་མྱོང་། ཐིག་ལེ་ཆ་གཉིས་སུ་གྱུར་པ་སྙིང་གར་སོང་། ཆ་ལྔ་གྲུབ་པས། མཆོག་དགའ་དང་སྐད་ཅིག་གཉིས་པ་མྱོང་། ཡར་དེད་མགྲིན་པར་དགུ་འཚོགས། ཁྱད་དགའ་དང་སྐད་ཅིག་གསུམ་པ་མྱོང་། ཡར་དེད་སྤྱི་བོར་བཅུ་དྲུག་འཚོགས། ཁྱབ་བྱེད་དབུས་སུ་བཀོད། ལྷན་སྐྱེས་སྐད་ཅིག་བཞི་པ་མྱོང་། འབྲས་བུ་སྐུ་བཞི་ཡང་ལུགས་ལྡོག་ཏུ་སྦྱང་། མཐར་མེ་རྣམས་གཏུམ་མོ་དང་བྱང་སེམས་རྣམས་ཁྱབ་བྱེད་ལ་བསྡུའོ། །
༡༨༡ ནཱ་རོ་པས། རླུང་དང་མེ་དང་བདེ་བའི་ཁམས། །བཅུ་དྲུག་དབྱེར་མེད་ཐིག་ལེ་ཅན། །ཅེས་སོ། །དེ་ནས་རང་བདེ་མཆོག་ལྷན་ཅེས་གསལ། ལིངྒ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་བུ་ག་ཧཱུྃ་སྔོན་པོས་བཀག །བྷ་ག་པདྨར་སྙོམས་འཇུག་དགའ་བཞི་ངོས་བཟུང་། བདེ་ཉམས་ཆེན་དཀར་ཆ་ཐམས་ཅད་ཧཱུྃ་ལ་བསྡུ། ཧཱུྃ་ཡང་སྤྱི་བོའ་ཧྃ་ལ་བསྟིམ། མིག་གྱེན། ལྕེ་རྐན། ཁུ་ཚུར་སྙིང་གར་བསྡམས་ཏེ་སྟོད་ལ་འཆུན་དང་བཅས། གཡས་གཡོན་དུ་གཅུད་པས་བསྐྱིལ་དང་བཟློག །ལུས་ཐམས་ཅད་བདེ་བས་ཁྱབ་པར་བསམ་པ་ནི་དགྲམ་པའོ། །བདེ་སྟོང་གི་ཉམས་མྱོང་དེས་རྣམ་རྟོག་ཐམས་ཅད་ལ་བསྲེས་ནས་ཉམས་སུ་ལེན་པ་སྟེ་ལས་རྒྱའི་རྣལ་འབྱོར་གསལ་བར་མི་སྟོན་ནོ། །དེ་ལྟར་རླུང་དང་བྱང་སེམས་ཕྱོགས་གཅིག་ལ་གནད་དུ་བསྣུན་པས་ལྷན་སྐྱེས་ཀྱི་ཡེ་ཤེས་དང་སེམས་རོ་མཉམ་དུ་གྱུར་པ་ནི་རླུང་སེམས་ལ་གཞུག་པའོ།། ༈ །།རླུང་སེམས་འོད་གསལ་དུ་གཞུག་པ་ནི། རང་སེམས་མཐའ་བྲལ་སྤྲོས་པ་ལས་འདས་པ་ནི་རང་བཞིན་མེད་པའི་ཡན་ལག །ཡུལ་སྣང་བ་བདེ་བ་དང་ཡུལ་ཅན་སྟོང་ཉིད་ཐ་དད་མེད་པ་ཁ་སྦྱོར། དེའི་ངོ་བོ་བདེ་སྡུག་བར་མ་ལས་འདས་པ་བདེ་ཆེན། ཡུལ་ཐམས་ཅད་ལ་ཞེན་མེད་དུ་སྤྱོད་པ་ལོངས་སྤྱོད་པ། དེ་མ་ཤེས་པ་ལ་སྙིང་རྗེ་བ་སྙིང་རྗེ། མི་འགྱུར་བ་ནི་རྒྱུན་མི་འཆད་པ། དེ་ལ་དྲི་མ་མཐའ་དག་གིས་བར་ཆད་པ་མེད་དེ་གཞིའི་ཡན་ལག་བདུན་ནོ། །ལུས་གནད་སཱར་ལྟར། ཡུལ་གཟུགས་སྒྲ་སོགས་སྣང་བ། ཚོར་བ་བདེ་སྡུག་སོགས་ཀྱི་རྣམ་རྟོག་གི་ངོ་བོ་ངོས་བཟུང་། ཟུང་འཇུག་དེའི་ངང་མ་ཤོར་བར་མཉམ་བཞག་རྒྱུན་མཐུད། མཉམ་བཞག་ཏུ་བདེ་སྟོང་རོ་མཉམ་གྱི་ཏིང་ངེ་འཛིན་
༡༨༢ སྐྱོང་། རྗེས་ལ་དེས་བདག་བས་འོད་གསལ་བའི་སེམས་སུ་རོ་མཉམ་པའི་མྱོང་བ་སྐྱེ་ན་རླུང་སེམས་འོད་གསལ་དུ་གྲུབ་པ་ཡིན་ནོ། ༢ །།འཕོ་བ་ནི། རང་རྗེ་བཙུན་མའི་གསང་བ་ནས་སྤྱི་བོར་དབུ་མ་ཁ་བྱེ་བའི་སྟེང་གི་མཁར་པད་ཉི་ཟླ་བར་བླ་མ་རྡོ་རྗེ་འཆང་། ལྟེ་འོག་རྩ་གསུམ་འདུས་མདོའ་གྲུ་གསུམ་སྔོ་དམར་གྱི་ནང་རླུང་སེམས་འདྲེས་པ་ཐིག་ལེ་སྔོ་དམར་སྲན་མ་འབྲིང་ཚད་དམ་གཉིས་འགྱུར། བླ་མར་བསྟོད་ཅིང་གསོལ་བ་བཏབ། གནས་གསུམ་འོད་ཀྱིས་རིམ་པར་སྒོ་གསུམ་དྲི་མ་སྦྱང་། དབང་གསུམ་འོད་གསུམ་དུས་གཅིག་དབང་བཞི་བླང་། བུམ་ཅན། ཐིག་ལེ་སྔོ་དམར་ཕྱེས། དབྱུང་སྐབས་སྔོན་པོ་བླ་མའི་ཐུགས་ཀར་འཕང་། རྔུབས་དུས་སྔོན་པོ་མར་བབ་དམར་པོའ་སྟེང་དུ་བསྡད། ཡང་ཡང་སྦྱང་། ཐུན་མཐར་སྔོ་དམར་བསྲེ། བླ་མ་སྙིང་གར་བྱོན་རང་ལ་ཐིམ། ཚངས་བུག་ཤེལ་གྱི་རྡོ་རྗེ་རྒྱ་གྲམ་གྱིས་བཀག །སྤྱི་བོ་ཟ་བ་དང་སྐྲངས་པ། སྟོང་དུ་འཚང་བ་སོགས་བྱུང་ན་འཕྲོ་བཞག །སྤོགས་ཆོག་ནི། གཞན་འདྲ་བ་ལས། སྙིང་གར་དབུ་མའི་ནང་སེམས་ཉིད་ཀྱི་ངོ་བོ་རྣལ་འབྱོར་མ་སོར་བཞི་ཙམ། ཐིག་ལེ་ཡར་འགྲོ་དུས་དེ་ལ་གཡས་བསྐོར། ཕྱིར་རེ་རེ་གཡོན་བསྐོར།། ༧ །།དུས་ལ་བབ་དུས་སྔོ་དམར་མི་ཕྱེ་བར་འཕོ་ལྡོག་འགའི་མཐར་བླ་མ་རང་སེམས་དབྱེར་མེད་བདེ་བ་ཅན་དུ་དམིགས་པ་གཏད་དོ།། །།ཆོས་ཐམས་ཅད་སྣང་ཡང་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་དེ་ཡང་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ཡིན་པ་དང་། དེ་ལ་བདེན་པར་འཛིན་བདེ་ནས་མི་རྟོག་པར་བཞག །དངོས་པོ་ཐམས་ཅད་རྐྱེན་འདུས་པ་ལས་བྱུང་། སྐད་ཅིག་ཀྱང་མི་རྟག་མེད་བཞིན་དུ་སྣང་བ་སོགས་ཀྱིས་གཏན་ལ་ཕབ། ཁྱེར་སོ་གསུམ་དང་མ་བྲལ་བར་བྱ།། ༢ །།
༡༨༣ ཉིན་སྣང་ཐམས་ཅད་རྨི་ལམ་དང་རྨི་ལམ་ངོས་འཛིན་པའི་འདུན་པ་སྦྱངས། ནུབ་མོ་རང་ཡི་དམ་གྱི་མགྲིན་པར་ཝཾ་དམར་པོ་ལ་དམིགས་པའི་ངང་དུ་གཉིད་དུ་འགྲོ་བར་བྱ། མ་ཟིན་ན་ཝཾ་ཡིག་ཐིག་ལེ་སྔོ་དམར་རམ་དཀར་དམར་དུ་བསྒྱུར། བུམ་ཅན་བཟུང་ནས་མགྲིན་སྦུབས་སུ་གཅིག་རྗེས་གཅིག་ཏུ་རིས་མོས་འཁོར། མཐར་འདྲེས་པ་དང་གཉིད་དུ་འགྲོ་བར་བྱེད། ཟིན་ན་སྤེལ་བསྒྱུར་ཞིང་སྦྱོང་སོགས་བྱེད། དེ་གྲུབ་ནས་ཉིན་སྣང་དང་མཚན་སྣང་བསྲེས་ལ་སྒྱུ་ལུས་སྦྱང་། རྨི་ལམ་འབྱོངས་ནས། ཆོས་རྣམས་ཐམས་ཅད་ཟུང་འཇུག་དོན་དམ་ཆོས་ཉིད་དུ་ངོ་སྤྲོད་པ་ནི་ཆོས་ཉིད་བར་དོའོ། །ཆོས་ཐམས་ཅད་སེམས་སུ་གོ་བས་གང་ཤར་དགག་སྒྲུབ་མེད་པར་ངང་སྐྱོང་བ་ནི་ལྷུན་གྲུབ་རིག་པའི་བར་དོ། །འཆི་ཚེ་ཐིམ་སྡུད་སོགས་རིམ་པར་ངོས་བཟུང་། གཞིའི་འོད་གསལ་ངོས་ཟིན་པའི་འདུན་པ་སྦྱང་། དེ་མངོན་དུ་མ་གྱུར་ན་བར་དོའ་སྣང་བ་འཆར་བ་ན་དག་མ་དག་གཉིས་ཀྱི་སྒྱུ་ལུས་སུ་སྦྱང་། སྐྱེ་བ་ལེན་དགོས་བྱུང་ན་འཇུག་ཡུལ་བླ་མ་དང་ཡི་དམ་ཡབ་ཡུམ་དུ་ཤེས་པ། རང་གི་རྣམ་ཤེས་ས་བོན་ཕྱག་མཚན་དུ་བསྒོམས་ནས་སྐྱེ་གནས་འདོམས་པའི་དམིགས་པ་བྱ་བ་སོགས་ཞིབ་པར་ཆོས་དྲུག་ལ་སོགས་སུ་ཤེས་པར་བྱའོ།། ༈ །།ཡང་ན་བདེ་ཆེན་ཐོག་མར་རླུང་སེམས་གཉིས་མེད་ཀྱི་ཁྲིད་བསྐྱངས་ནས། མཐར་སྐྱེ་མེད་རླུང་སེམས་གཉིས་མེད་ལ་འཇུག་པ་ཡང་ཡིན་ནོ། །འདིའི་ཁྲིད་ཀྱི་བརྒྱུད་པ་ནི། དཔལ་འབྱོར་དོན་གྲུབ་ཡན་དོན་བརྒྱུད་ལྟར་ལས། དེ་ནས་ཞྭ་དམར་བཞི་པ། མཉན་པ། རྗེ་བརྒྱད་པ། དཀོན་མཆོག་འབངས། རྗེ་དགུ་པ། སྤ་གྲོའི་རྟོགས་ལྡན་རིམ་པ་གསུམ་པ་ལས་རྟོགས་ལྡན་རིག་འཛིན། དེ་ལས་སི་ཏུ་རིན་པོ་ཆེས་གསན། དེ་
༡༨༤ ནས་བདག་ཀུན་ཁྱབ་ཀྱིས་དང་སྤྱན་སྔའི་ཁྲིད་ལས་བསྒོམ་དོན་འདི་ཡང་ཟིན་ཆུང་ངུ་བཀོད་དོ། །ཀུན་ཁྱབ་ནས། གཅོད་པ་བསྟན་རྒྱས། ཁྲེ་ལོ་པ་ཡེ་ཤེས་ཉི་མ། མཆོག་སྤྲུལ་ངེས་དོན་དབང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་བདག་བློ་གྲོས་མཐའ་ཡས་ཀྱིས་ཐོབ་པའོ།། །།མངྒ་ལཾ།། །།

༈ ངམ་རྫོང་སྙན་བརྒྱུད་གྲས། ༄༅། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གསང་བ་ངོ་སྤྲོད་པའི་གདམས་ངག་བཞུགས་སོ༎ ༎ ཟུར་མང་སྙན་བརྒྱུད་ལས་སོ།

༡༣༥ ངམ་རྫོང་སྙན་བརྒྱུད་གྲས། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གསང་བ་ངོ་སྤྲོད་པའི་གདམས་ངག་བཞུགས་སོ།། །། ཟུར་མང་སྙན་བརྒྱུད་ལས་སོ། །
༡༣༦ན་མོ་རཏྣ་གུ་རུ། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་གསང་བ་ངོ་སྤྲོད་ཆོས་ཀྱི་སྐུའི་གནས་ལུགས་ཞེས་བྱའོ། །དེ་ལ་གསུམ་ཏེ། བསྒོམ་པ་སྤྲུལ་པའི་སྐུའི་གནས་ངོས་བཟུང་བ་དང་། སྒོམ་བྱེད་ལོངས་སྤྱོད་རྫོགས་སྐུའི་བྱ་བ་དང་། སྒོམ་པ་འདི་ལས་འཕྲོས་པའི་ཤེས་རབ་ཀྱི་དེ་ཉིད་ཕྱག་རྒྱ་ཆེན་པོའ་དོན་གཏན་ལ་དབབ་པའོ། །གནས་ལ་གསུམ་སྟེ། རབ་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཏེ། དེར་བར་ཆད་མི་འབྱུང་ཞིང་རྟོག་པ་མྱུར་དུ་འཆར་རོ། །འབྲིང་ཙཱ་རི་ལ་སོགས་མཁའ་འགྲོ་འདུ་བའི་རི་ཁྲོད་སྟེ། དེར་དངོས་གྲུབ་མྱུར་ཞིང་འཁོར་བ་ལ་སྐྱོ་བ་སྐྱེའོ། །ཐ་མ་མཐུན་རྐྱེན་ཚང་བའི་དབེན་གནས་ཏེ། དེར་སྐྱེ་བོའ་རྒྱུ་འགྲུལ་ཉུང་ཞིང་འཇིག་རྟེན་གྱི་ཆོས་བརྒྱད་མི་སྐྱེའོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའི་བྱ་བ་ལ་གསུམ་སྟེ། དང་པོ་ལུས་བྱ་བྲལ་དུ་
༡༣༧གཉིས་པ་སྟེ་འཇིག་རྟེན་གྱི་བྱ་བ་ཚེ་འདིའི་ཞེན་པ་སྤང་བར་བྱའོ། །ངག་སྨྲ་བྲལ་དུ་གནས་ཏེ། ཚེ་འདིའི་སྙན་མི་སྙན་ལ་སོགས་པ་ལུང་བསྟན་པའི་ཚིག་གིས་སྤྲོས་པ་མཐའ་དག་སྤང་བར་བྱ་བའོ། །སེམས་རྟོག་བྲལ་དུ་གནས་པ་སྟེ་ཡོད་མེད་ཡིན་མིན་དང་། བདེན་བརྫུན་དང་། དོན་དམ་དང་ཀུན་རྫོབ་ལ་སོགས་པ་མཚན་མ་དང་བཅས་པ་བློ་དང་བྲལ་ལ། གང་དུ་ཡང་མི་རྟོག་པའི་ངང་ལ་གཞག་གོ། །གསུམ་པ་ཕྱག་རྒྱ་ཆེན་པོ་གཏན་ལ་དབབ་པ་ལ་བཞི། མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་དང་། ལྷན་ཅིག་སྐྱེས་པའི་ངང་ལ་བློ་བཞག་པ་དང་། སྔ་ཕྱི་གཅིག་ཏུ་བསྲེ་བའི་དངོས་པོ་ཐམས་ཅད་རོ་མཉམ་པ་དང་། འབྲས་བུ་ནམ་མཁའ་ལྟ་བུའི་འཆར་བའི་ཚུལ་ལོ། །དང་པོ་མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། ཕྱག་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། རྒྱ་འཁོར་
༡༣༨བའི་རྒྱ་མདུད་གྲོལ་བར་བསྟན་པ་དང་། ཆེན་པོ་ཟུང་འཇུག་གི་སྒྲོན་མེ་གཏམས་པའོ། །གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། དང་པོ་ལུས་སྣང་སྟོང་གི་ཡེ་ཤེས་ངོས་བཟུང་བ་ནི། ལུས་ཞེས་བྱ་བ་ཞིག་གྲུབ་ཙ་ན་ཆོས་ཅན་དེའི་ཆོས་ཉིད་སྟོང་པ་ཞིག་ལྷུན་གྱི་གྲུབ་པས་ལུས་སུ་སྣང་བའི་དུས་ཉིད་ནས་རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་སྟོང་ཉིད་ཡིན་ཏེ། ཆོས་ཉིད་རང་ཐོག་ནས་ལུས་ཞེས་པའི་དངོས་པོ་གནས་པ་མེད་དེ་འཇའ་ཚོན་བཞིན་ནོ། །འོ་ན་ལུས་སུ་སྣང་ཞིང་འདུག་པས་དངོས་པོ་མཚན་མར་གྲུབ་པ་ཡིན་ནམ་སྙམ་ན། ལུས་སྣང་སྟོང་དེ་ཡང་རྐྱེན་གྱིས་སྣང་བ་ཡིན་གྱིས། ལུས་སུ་སྣང་བའི་དུས་ཉིད་ནས་རང་བཞིན་གང་དུ་གྲུབ་པ་མེད་པ་ཡིན་པས་ན། ལུས་སྣང་སྟོང་ཡེ་ཤེས་ཞེས་བྱ་བ་ཡེ་གདོད་མ་ནས་གནས་པ་ཡིན་གསུངས། ངག་གྲགས་སྟོང་གི་ཡེ་ཤེས་ནི་སྒྲ་གང་ཡང་རུང་བ་ཞིག་ལྷང་གིས་གྲགས་ཙ་ན། ཆོས་ཅན་སྒྲ་དེའི་ཆོས་ཉིད་སྟོང་པ་ཞིག་ལྷུན་གྱིས་གྲུབ་པ་སྟེ། སྒྲ་གྲགས་པའི་དུས་ནས་རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་སྟོང་པ་ཉིད་ཡིན་གྱིས་ཆོས་ཉིད་རང་ལས་ལོགས་ན་སྒྲ་ཞེས་བྱ་བ་ཞིག་ཏུ་དངོས་པོར་གྲུབ་པ་མེད་དེ་གྲག་ཆ་བཞིན་ནོ། །འོ་ན་སྒྲ་གྲགས་ཤིང་འདུག་པའི་དངོས་པོ་དང་མཚན་མ་གྲུབ་པ་ཞིག་ཡོད་པ་མིན་ནམ་སྙམ་ན། གྲགས་པ་དེ་རྐྱེན་གྱིས་སྣང་བ་ཡིན་གྱིས། སྒྲ་གྲགས་པ་དེའི་དུས་ཉིད་ནས་གང་དུ་ཡང་གྲུབ་པ་མེད་པ་ཡིན་པས་ན། སྒྲ་གྲགས་སྟོང་ཡེ་ཤེས་བྱ་བ་ཡེ་གདོད་མ་ནས་གནས་ལ། རྐྱེན་གྱིས་སྣང་བ་དང་གྲགས་པ་དེ་ཉིད་མ་སྐྱེས་པ་ཡིན་གསུངས། སེམས་བདེ་སྟོང་གི་ཡེ་ཤེས་ནི་སེམས་ཞེས་བྱ་བ་ཞིག་ཏུ་གྲུབ་ཙམ་ན། ཆོས་ཅན་དེའི་ཆོས་ཉིད་བདེ་སྟོང་གི་ཡེ་ཤེས་ལྷུན་གྱི་གྲུབ་པ་སྟེ། སེམས་ཞེས་རིག་རིག་པོ་ཞིག་ཤར་བའི་དུས་ཉིད་ནས། རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་བདེ་སྟོང་ཡིན་གྱི། ཆོས་ཉིད་རང་ལས་ལོགས་ན་སེམས་ཞེས་བྱ་བ་དངོས་པོ་ཞིག་གྲུབ་པ་མེད་དེ་ནམ་མཁའ་བཞིན་ནོ། །འོ་ན་
༡༣༩སེམས་འདི་ལ་དྲན་རྟོག་སྣ་ཚོགས་འགྱུ་ཞིང་འདུག་པ། དངོས་པོ་དང་མཚན་མར་གྲུབ་པ་ཞིག་ཡོད་པ་ཡིན་ནམ་སྙམ་ན། རྣམ་པར་རྟོག་པ་ཙམ་དུ་རྐྱེན་གྱིས་སྣང་བ་ཡིན་གྱི་དྲན་རྟོག་ཏུ་སྣང་བའི་དུས་ཉིད་ནས་སྡུག་བསྔལ་ཟུག་རྔུ་དང་བྲལ་ནས་བདེ་བ་ཡིན་པས་ན་སེམས་བདེ་སྟོང་གི་ཡེ་ཤེས་བྱ་བ་ཡེ་གདོད་མ་ནས་གནས་པ་ཡིན་གྱི། རྐྱེན་གྱིས་ཡུལ་ཅིག་ཤར་པ་དང་། དེ་ལ་དེར་འཛིན་གྱི་ཤེས་པ་ཕྲ་མོ་ཞིག་བྱུང་བ་དེ་ལ་རྣམ་པ་རྟོག་པ་ཞེས་བྱ་སྟེ། ཕྲ་བ་དང་རགས་པའི་རྟོག་པ་གང་སྐྱེས་པ་དེ་ཉིད་མ་སྐྱེས་པ་སྐྱེ་བ་མེད་པའི་རང་བཞིན་ཡིན། འཁོར་བའི་རྒྱ་མདུད་གྲོལ་བ་ནི་གསུམ། ཚུལ་ཁྲིམས་ཀྱི་གཞི་ཤེས་པས་ལུས་ཀྱི་རྒྱ་མདུད་གྲོལ་བ་སྟེ། སྡོམ་པ་རིན་པོ་ཆེས་ལུས་ལ་སྙིང་པོ་བླང་བ་ལུས་འཁོར་བ་ལས་སྒྲོལ་བར་བྱེད་པ་གཞན་ལ་གནོད་པ་མཐའ་དག་ལས་ལོག་ནས། ཞེན་པ་མེད་པར་སེམས་ཅན་གྱི་དོན་འབའ་ཞིག་སྒྲུབ་པའོ། །སྦྱིན་པའི་གཞི་ཤེས་པས་ལོངས་སྤྱོད་ཀྱི་རྒྱ་མདུད་གྲོལ་བ་སྟེ། རྫས་དང་ཡོ་བྱེད་སྙིང་པོ་མེད་པ་ལ་སྙིང་པོ་བླང་བའི་ཐབས་སེམས་ཅན་ལ་སྦྱིན་པ་ཕྱོགས་རིས་མེད་པར་བཏང་བར་བྱའོ། །ཆོས་ཉིད་ཀྱི་གཞི་ཤེས་པས་སེམས་ཀྱི་མདུད་པ་གྲོལ་སྟེ། ཆོས་ཉིད་ཀྱི་དངོས་པོའ་གནས་ལུགས་གདོད་མ་ནས་གཟུང་འཛིན་གྱི་དྲི་མས་མ་གོས་པས། ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བ། མཚན་ཉིད་འདི་ལྟར་ཡིན་ཞེས་བསྟན་དུ་མེད་པ། རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་སྟེ། ཕྱི་སྣང་བའི་ཡུལ་སྣ་ཚོགས་སེམས་སུ་ཤེས་པས་གཟུང་བའི་རྒྱ་ལས་གྲོལ། ནང་དྲན་པའི་རྟོག་པ་སྣ་ཚོགས་པ་ཡང་སེམས་སུ་ཤེས་པས་འཛིན་པའི་མདུད་པ་ལས་གྲོལ། བར་གཟུང་འཛིན་གྱི་སྣང་བ་སྣ་ཚོགས་པ་ཡང་སེམས་ཉིད་དང་གཅིག་མེད་དུ་ཤེས་པས་གཉིས་སུ་འཛིན་པའི་བློ་ཡི་མདུད་པ་ལས་གྲོལ་བ་ན། འཁོར་བའི་རྒྱ་མདུད་
༡༤༠ལས་གྲོལ་བ་ཞེས་བྱའོ། །ཆེན་པོ་ཟུང་འཇུག་གི་སྒྲོན་མེ་བལྟམས་པ་ནི་གསུམ། རྩ་གསལ་སྟོང་ཟུང་འཇུག་གི་སྒྲོན་མེ་བལྟམས་པ་ཞེས་པ་ལ་གཉིས་ཏེ། རྣམ་ཤེས་ཀྱི་རྩ་དང་ཡེ་ཤེས་ཀྱི་རྩའོ། །དེ་ལ་རྣམ་པར་སྨིན་པའི་རྩ་ནི་བཤད་ཚོད་ཀྱིས། ཨ་ཝ་དྷཱུ་ཏི་ཞེས་བྱ་བ་དེ་ཡིན། དེ་ལས་གྱེས་པའི་རྩ་འཁོར་ལོ་བཞི་ལ་སོགས་པ་དང་། དེའི་ཡན་ལག་གི་རྩ་རྣམ་གྲངས་དུ་མ་བཤད་པ་རྣམས་སོ། །འོ་ན་ཡེ་ཤེས་ཀྱི་རྩ་གང་ན་ཡོད་སྙམ་ན། དབྱིབས་དང་ཁ་དོག་རེག་བྱ་ཐམས་ཅད་བྲལ་བ་མཚོན་དུ་མེད་པ་སྟེ། རྣམ་སྨིན་གྱི་རྩ་དང་དབྱེར་མེད་པར་བསྒོམ་ན་བདེ་བ་སྐྱེ་བའི་རྟེན་དུ་རུང་བ་ཞིག་འདུག་པ་དེ་ལ་ཡེ་ཤེས་ཀྱི་རྩ་ཞེས་བྱའོ། །དེ་ལ་རྣམ་སྨིན་གྱི་རྩ་གསལ་བོད་ཙམ་ན། ཡེ་ཤེས་ཀྱི་རྩས་སྟོང་བོད་པ་ཡིན་པས། གསལ་སྟོང་ཟུང་འཇུག་བྱ་བ་ཞིག་ཏུ་རང་བཞིན་གྱིས་གནས་སོ། །དེ་ཡང་གསལ་བ་ཞེས་བྱ་བ་ནི། མིག་སྔར་གཟུགས་མཐོང་བ་ཞིག་ལ་མི་ཟེར་ཏེ། རང་གི་སེམས་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་གེགས་གང་ཡང་མེད་པས་ན་གསལ་ཞེས་བརྗོད་དོ། །དེ་ཡང་སྐབས་ཁ་ཅིག་ཏུ་གསལ་ཞིང་། སྐབས་ཁ་ཅིག་ཏུ་མི་གསལ་བ་ལྟ་བུ་མ་ཡིན་ཏེ། དུས་དང་གནས་སྐབས་རྒྱུན་ཏུ་གསལ་བས་རྒྱུན་གྱིས་དག་པ་ཞེས་བྱ་སྟེ། རྩ་གསལ་སྟོང་ཟུང་འཇུག་བྱ་བ་ཡེ་ནས་གནས་པ་ལ་ངོས་བཟུང་བའོ། །རླུང་སྣང་སྟོང་ཟུང་འཇུག་ཀྱང་གཉིས་སུ་བཞེད་དེ། རྣམ་སྨིན་ལས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་ངོ། །དེ་ལ་ལས་ཀྱི་རླུང་ཁ་སྣའི་སྒོ་ནས་རྒྱུ་བ། སྲོག་རྩོལ་གཉིས་སུ་ཁྱད་པར་རྒྱུ་ནས་འོང་བ་འདི་ཡིན། ཡེ་ཤེས་རླུང་ནི་ཁ་དོག་དང་དབྱིབས་དང་རེག་བྱ་དང་བྲལ་བ་མཚོན་དུ་མེད་པ་སྟེ། ལས་ཀྱི་རླུང་དང་དབྱེར་མེད་པར་བསྒོམ་ན་བདེ་བ་སྐྱེ་བའི་རྟེན་དུ་རུང་བ་ཞིག་ཏུ་གནས་པ། དེ་ལ་ཡེ་ཤེས་ཀྱི་རླུང་ཞེས་བྱའོ། །དེ་ཡང་ལས་ཀྱི་རླུང་གིས་སྣང་བོད་ཙམ་ན་ཡེ་ཤེས་ཀྱི་རླུང་གིས་སྟོང་བོད་དོ། །ཡེ་ཤེས་ཀྱི་རླུང་གིས་སྟོང་བོད་ཙམ་ན། ལས་ཀྱི་རླུང་གིས་
༡༤༡སྣང་བོད་པ་ཡིན་པས། རླུང་སྣང་སྟོང་ཟུང་འཇུག་དུ་རང་བཞིན་གྱིས་གནས་སོ། །རླུང་སྣང་སྟོང་ཟུང་འཇུག་ནི་མིག་སྔར་སྣང་བ་ལྟ་བུ་ཞིག་མ་ཡིན་ཏེ། རང་གི་སེམས་ཉིད་མཐོང་བ་མེད་པ། མཐོང་བ་སྟོང་པ་ཞེས་བྱ། དེ་ཡང་གནས་སྐབས་ཁ་ཅིག་ཏུ་སྟོང་ཞིང་ཁ་ཅིག་ཏུ་མི་སྟོང་བ་ལྟ་བུ་མ་ཡིན་ཏེ། དུས་དང་གནས་སྐབས་རྒྱུན་དུ་སྣང་བ་ཡང་ངོ་བོ་ངོས་བཟུང་གང་དུ་ཡང་མ་གྲུབ་པས། སྣང་བ་རྒྱུན་གྱིས་དག་པ་ཞེས་བྱ་སྟེ། རླུང་སྣང་སྟོང་ཟུང་འཇུག་བྱ་བར་ཡེ་ནས་གནས་པ་ལ་ངོས་བཟུང་བའོ། །ཐིག་ལེ་བདེ་སྟོང་ཟུང་འཇུག་ལ་ཡང་གཉིས་ཏེ། ཟག་བཅས་ཀྱི་ཐིག་ལེ་དང་། ཟག་མེད་ཀྱི་ཐིག་ལེའོ། །དེ་ལ་ཟག་བཅས་ཀྱི་ཐིག་ལེ་ནི། དབང་པོའ་སྒོ་ལས་རྒྱུ་རྟེན་ལུས་ལ་བརྟེན་ནས་གནས་པའི་དུས་དཀར་དམར་དུ་གནས་པ་དེ་ཟག་བཅས་ཀྱི་ཐིག་ལེ་ཞེས་བྱའོ། །ཟག་པ་མེད་པའི་ཐིག་ལེ་ནི་ཟག་བཅས་དེ་ལས་གཞན་བཙལ་བས་མི་རྙེད་དེ། དབྱིབས་དང་རེག་བྱ་ཁ་དོག་མཐོང་དུ་མེད་པ་སྟེ། ཟག་བཅས་ཀྱི་ཐིག་ལེ་དང་དབྱེར་མེད་པར་བསྒོམ་ན་བདེ་བ་སྐྱེ་བའི་རྟེན་དུ་རུང་བ་ཞིག་ཏུ་འདུག་པ་དེ་ཡེ་ཤེས་ཟག་མེད་པའི་ཐིག་ལེ་ཞེས་བྱའོ། །དེ་ཡང་ཟག་བཅས་ཀྱི་ཐིག་ལེ་བདེ་བོད་ཙམ་ན། ཟག་མེད་ཀྱི་ཐིག་ལེ་སྟོང་བོད། ཟག་མེད་ཀྱི་ཐིག་ལེ་སྟོང་བོད་ཙམ་ན་ཟག་བཅས་ཀྱི་ཐིག་ལེ་བདེ་བོད་པ་ཡིན་པས། ཐིག་ལེ་བདེ་སྟོང་ཟུང་འཇུག་བྱ་བ་ཡེ་ནས་རང་བཞིན་གྱི་གནས་པ་ཡིན་ནོ། །དེ་ཡང་ཐིག་ལེ་བདེ་སྟོང་དེ་མིག་སྔར་སྣང་བ་ལྟ་བུ་མ་ཡིན་ཏེ། རང་གི་སེམས་ཀྱི་དེ་ཁོ་ན་ཉིད་མཐོང་བ་སྡུག་བསྔལ་གྱིས་གཏན་ནས་མ་གོས་པ་དེ་བདེ་སྟོང་ཞེས་བྱའོ། །དེ་ཡང་སྐབས་ཁ་ཅིག་ཏུ་བདེ་ཞིང་སྐབས་ཁ་ཅིག་ཏུ་མི་བདེ་བ་ལྟ་བུ་མ་ཡིན་ཏེ། དུས་དང་གནས་སྐབས་རྒྱུན་དུ་བདེ་བ་དང་སྟོང་པ་འདྲེས་ནས་མི་རྟོག་པ་རྒྱུན་གྱིས་དག་པ་ཞེས་བྱའོ། །ཐིག་ལེ་བདེ་སྟོང་ཟུང་འཇུག་བྱ་བ་ཡེ་ནས་གནས་པ་ལ་ངོས་
༡༤༢བཟུང་བའོ། །དེ་ལྟར་རྣམ་པར་སྨིན་པའི་རྩ་རླུང་བྱང་ཆུབ་སེམས་གསུམ་དངོས་པོ་དང་མཚན་མ་གྲུབ་པ་འགགས་ནས། ཡེ་ཤེས་རྩ་རླུང་བྱང་ཆུབ་ཀྱི་སེམས་གསུམ་ངོ་སྤྲད་པས་གནས་ལུགས་ཀྱི་ཉམས་བདེ་གསལ་མི་རྟོག་པ་གསུམ་ཤར་ནས། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་དོན་རྣལ་མ་རྟོགས་ནས་འོང་གསུང་ངོ་། །ལྷན་ཅིག་སྐྱེས་པའི་ངང་ལ་བློ་བཞག་པ་ལ་གསུམ་ལས། །དང་པོ་དངོས་གཞི་སྐྱེ་མེད་ལ་གསུམ་སྟེ། སེམས་རང་བྱུང་སངས་རྒྱས་ལྟར་རང་བཞིན་མེད་པའི་ཕྱིར། གང་ནས་ཀྱང་མ་འོངས་ཤིང་གང་དུ་ཡང་འགྲོ་ས་མེད་པར་བཞག་པ་ནི། སེམས་ཉིད་ངོ་བོ་གཤིས་ཀྱི་གནས་ལུགས་བཅོས་མིན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཡེ་གདོད་མ་ནས་རང་བཞིན་གྱིས་གྲུབ་པའི་སངས་རྒྱས་ཞེས་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གང་གི་ཡང་ཕྱོགས་སུ་ཡང་མ་ཆད་ཅིང་། མཐར་མ་ལྷུང་བ། མིང་གི་གདགས་ཐམས་ཅད་དང་བྲལ་བ། རྒྱུ་དང་པོ་གང་ནས་ཀྱང་མ་སྐྱེས་པས་འདི་ནས་འོང་བྱ་བ་མེད། ཐ་མར་འདིར་འགགས་བྱ་བ་མེད་པས་འགྲོ་འོང་མེད་པ་གཞི་འགྱུར་བ་མེད་པ་གཏན་ལ་ཕབས་པའོ། །གཉིས་པ་རི་བོང་གི་རྭ་ལྟར་གྲུབ་པ་མེད་པས། གང་དུ་ཡང་མི་གནས་པར་སྐྱེ་འགགས་མེད་པར་བཞག་པ་ནི། རི་བོང་གི་རྭ་མ་གྲུབ་པས་རྭ་ཆག་པའམ་མི་འདུག་བྱ་བ་མེད་པ་བཞིན་རང་སེམས་ས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། དེ་ལ་དང་པོ་སྐྱེ་བའི་རྒྱུ་མ་གྲུབ་པས། ཐ་མ་འགགས་པ་མེད་པའི་མིང་ཡང་མེད་དེ། སྐྱེ་འགགས་རང་སར་གྲོལ་བས་མ་སྐྱེས་པས་སྐྱེ་བ་མེད་པའི་བདག་ཉིད་གང་དུ་ཡང་མི་གནས་པ་གནས་པ་མེད་པའི་ཆོས་ཉིད་ཀྱི་ཚུལ་དུ་རྟོགས་པའོ། །གསུམ་པ་མོ་གཤམ་གྱི་བུ་བཞིན་མཚན་མ་མེད་པའི་ཕྱིར་རྟོག་མེད་བརྗོད་དུ་མེད་པར་བཞག་པ་ནི། མོ་གཤམ་གྱི་བུ་དེ་དངོས་པོ་དང་མཚན་མ་མེད་པས་གང་གིས་ཀྱང་མ་བསྐྱེད་ཅིང་།
༡༤༣མ་གྲུབ་པས། ད་ལྟ་མོ་གཤམ་གྱི་བུ་ལ་རྟོག་པ་འདི་ལྟ་བུ་ཞིག་འདུག་ཞེས་པ་དང་། མོ་གཤམ་གྱི་བུས་འདི་སྐད་བྱས་ཟེར་བ་མེད་པ་དེ་བཞིན་ཏུ་རང་སེམས་གཉིས་སུ་མེད་པའི་དོན་འདི་ལ་དངོས་པོ་དང་མཚན་མར་མ་གྲུབ་པས་སྤྲོས་པ་ཐམས་ཅད་དང་བྲལ་བ། བརྗོད་བྱའི་ཡུལ་ལས་འདས་པར་གནས་པའི་སེམས་ཉིད་མ་བཅོས་པར་བཞག་གསུང་ངོ་། །གཉིས་པ་ལམ་འོད་གསལ་འགགས་མེད་ལ་གསུམ་སྟེ། དམིགས་པ་ཡེངས་མེད་སེམས་ལ་འཕྲོས་དང་འཕྲོ་བའི་ཡུལ་མེད་རིག་པ་རྩེ་གཅིག་ཏུ་གནས་པའོ། །བློ་འཛིན་མེད་རིག་པ་རྟེན་པའི་བློ་དང་བརྟེན་པ་སེམས་ཉིད་འོད་གསལ་ལ་གཉིས་སུ་མེད་པས་ཆོས་ཅན་གྱི་དངོས་པོ་གཞན་མེད་པས་ན་རྟེན་མེད་རང་གྲོལ་དུ་གནས་པའོ། །ཤེས་པ་འབྲལ་མེད་ཆོས་གང་ཡིད་ལ་བྱེད་པ་མེད་དེ་འདི་བྱའི་ཡུལ་དང་སེམས་ཆོས་ཅན་དུ་བཙལ་བས་མི་རྙེད་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པས། མྱ་ངན་ལས་འདས་པའམ་འཁོར་བའི་ཆོས་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བའོ། །གསུམ་པ་འབྲས་བུ་ཟུང་འཇུག་དབྱེར་མེད་ངང་དུ་བཞག་པ་ལ་གསུམ། དང་པོ་སེམས་ཆོས་ཉིད་དང་ཕྱག་རྒྱ་ཆེན་པོར་དབྱེར་མེད་དུ་ཁྱེར་བ་ནི། རང་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལས་ཅིར་ཡང་སྣང་བ་ངོ་བོ་ཟག་པ་ཐམས་ཅད་དང་བྲལ་བས་སྟོང་པ། རང་བཞིན་སྣང་སེམས་གཉིས་སུ་མེད་པ་མཚན་ཉིད་ཆོས་སྐུ་བློ་ཡུལ་ལས་འདས་པས་མཚོན་དུ་མེད་པའོ། །ཆོས་ཅན་དང་ཆོས་ཉིད་དབྱེར་མེད་དུ་བསྟན་པ་ནི་ཆོས་ཅན་རྣམ་པ་སྣ་ཚོགས་སུ་སྣང་བ་དང་། ཆོས་ཉིད་གཉིས་སུ་མེད་པའི་དོན་དེས་སྤྲོས་པའི་མཐའ་དང་བྲལ་བའི་ཕྱིར། ཆོས་ཅན་ཆོས་ཉིད་ཇི་སྙེད་པའི་ཆོས་སྐྱེ་མེད་དུ་རྟོག་པ་དང་། སྐྱེ་བ་མེད་པ་ཉིད་འཁོར་བ་དང་མྱ་ངན་ལས་འདས་པ་སྣང་བ་དང་སྟོང་པ། སྒྱུ་མ་དང་འོད་གསལ། བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཐམས་ཅད་སྣང་བའི་དུས་ཉིད་ནས་རང་བཞིན་མ་གྲུབ་པའི་ཆོས་ཅན་དེའི་ཆོས་ཉིད་
༡༤༤རང་བཞིན་གྱིས་སྟོང་པས་སྣང་སྟོང་ཐ་མི་དད་པའི་དོན་ཏོ། །བཞི་ལམ་འབྲས་བུ་སྐུ་གསུམ་དབྱེར་མེད་དུ་གཞག་པ་ནི། གཞི་ཆོས་ཉིད་ཀྱི་དེ་བཞིན་ཉིད་ཆོས་སྐུ་དབྱེར་མེད་དང་། ལམ་སེམས་ཉིད་ཀྱི་དེ་བཞིན་ཉིད་ཟུང་འཇུག་གཟུགས་སྐུ་དང་དབྱེར་མེད། འབྲས་བུ་ཟུང་འཇུག་དེ་བཞིན་ཉིད་བདེ་བ་ཆེན་པོའ་སྐུ་དང་དབྱེར་མེད་པ་སྟེ། འབྲས་བུ་སེམས་ཉིད་ཟུང་འཇུག་སྐྱེ་མེད་དུ་བཞག་པས། འཁོར་འདས་གཉིས་སུ་འཛིན་པ་ཐམས་ཅད་རང་སར་གྲོལ་བའོ། །སྔ་ཕྱི་ཐམས་ཅད་གཅིག་ཏུ་བསྲེ་བའི་གདམས་ངག་གི་དངོས་པོ་ཐམས་ཅད་རོ་མཉམ་པ་ལ་ལྔ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་མེད་དུ་བསྲེ་ཞིང་ཟུང་འཇུག་དང་རོ་མཉམ་སྟེ་རོ་གཅིག་ཏུ་བཞག །སྤང་བྱ་དང་གཉེན་པོ་གཉིས་མེད་དུ་བསྲེ་ཞིང་ཟུང་འཇུག་ཏུ་རོ་མཉམ་སྟེ་རོ་གཅིག་ཏུ་བཞག །ལམ་དང་འབྲས་བུ་གཉིས་མེད་དུ་བསྲེ་ཞིང་ཟུང་འཇུག་ཏུ་རོ་མཉམ་སྟེ་རོ་གཅིག་ཏུ་བཞག །ཉོན་མོངས་དང་ཡེ་ཤེས་གཉིས་མེད་དུ་བསྲེ་ཞིང་ཟུང་འཇུག་ཏུ་རོ་མཉམ་སྟེ་རོ་གཅིག་ཏུ་བཞག །བདེ་བ་དང་སྡུག་བསྔལ་གཉིས་སུ་བསྲེ་ཞིང་ཟུང་འཇུག་ཏུ་རོ་མཉམ་ཞིང་རོ་གཅིག་ཏུ་བཞག་པར་བྱའོ། །འབྲས་བུ་ནམ་མཁའ་ལྟ་བུའི་འཆར་ཚུལ་ལ་གསུམ་སྟེ། རྟེན་གྱི་གང་ཟག་གང་ལ་འཆར་བ་དང་། དུས་ནམ་གྱི་ཚེ་འཆར་བ་དང་། ཚུལ་ཅི་ལྟ་བུར་འཆར་བའོ། །གང་ཟག་དབང་པོ་ཡང་རབ་རྒྱུད་སྦྱངས་པ་ཅན་ལ། དུས་ནི་ངེས་པ་མེད་དེ་སྐད་ཅིག་མའི་བྱིན་རླབས་ནམ་ཞུགས་པའི་དུས་དེར། ཡེ་ཤེས་རྟོགས་པའི་ཚད་ནི་ལག་པ་ལྟོ་རྒྱབ་བརྗེ་བའི་ཚད་གཅིག་ལ་འཆར་བའོ། །འཆར་ཚུལ་ནི་མཚན་མ་མེད་པར་འཆར་ཏེ། ངོ་བོ་རང་བྱུང་གི་ཡེ་ཤེས་ཆོས་སྐུའི་སྙིང་པོ་ཅན། རྣམ་པ་གཟུགས་སྐུའི་དྲི་མ་དང་བྲལ་བ་དང་། བྱེད་ལས་རྣམ་པར་རྟོག་པའི་དྲི་མ་སྦྱོང་བྱེད་དུ་འཆར་བའོ། །དེ་ལྟར་བསྒོམ་བྱ་ཕྱག་རྒྱ་ཆེན་པོའ་དོན་གཏན་ལ་དབབ་པ་ལ་བཞི་སྟེ།
༡༤༥གཞིའི་ཕྱག་རྒྱ་ཆེན་པོ་མ་བཅོས་པའི་ངང་ལ་བློ་བཞག་པ་དང་། ལམ་མཉམ་བཞག་གི་ཕྱག་རྒྱ་ཆེན་པོ་སྟོང་པ་སྙིང་རྗེ་དབྱེར་མེད་ལྷན་ཅིག་སྐྱེས་པའི་ངང་ལ་བློ་བཞག་པ་དང་། རྗེས་ཐོབ་རྐྱེན་ཤར་གྱི་ཕྱག་རྒྱ་ཆེན་པོ་སྔ་ཕྱི་ཐམས་ཅད་གཅིག་ཏུ་བསྲེ་བ་ལ་དངོས་པོ་ཐམས་ཅད་རོ་མཉམ་པས་འཁོར་འདས་རོ་གཅིག་གི་རྟོགས་པ་དེ་རྟེན་གྱི་གང་ཟག་གིས་རྟོགས་པ་དེ་ཉིད་རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཞེས་བྱའོ། །འདི་ལྟར་རྟོགས་པའི་དོན་འོད་གསལ་དེས་ཉེ་བར་ལེན་པའི་རྒྱུ་བྱས་ཏེ། བར་དོ་དང་པོ་འོད་གསལ་ཆོས་ཀྱི་སྐུ་དང་ལྷན་ཅིག་སྐྱེས་པའི་རྐྱེན་བྱས་ཏེ། དྲི་མ་མེད་པར་དབྱིངས་དང་ཡེ་ཤེས་དབྱེར་མེད་པར་གྱུར་ཏེ། དག་པ་ཆོས་སྐུའི་ཚུལ་དུ་སངས་རྒྱས་པའོ། །གསང་བ་ཆོས་སྐུའི་གདམས་ངག་ལ་བརྟེན་ནས་ཡེ་ཤེས་གསལ་འདེབས་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་སྒྲོ་འདོགས་གཅོད་པའི་གདམས་པ། མཁའ་འགྲོ་མའི་གསང་བ་སྦས་པ། བླ་མའི་གསུང་བཞིན་དུ་དགེ་བསྙེན་བོ་དྷི་རཱ་ཛས་བཀོད་པའོ། །ངམ་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ། །།།།།། །།

ཐུན་མོང་གི་ལེ་ལག་བརྒྱད་པ་བཞུགས་སོ

༡༣༠ ༈ ཐུན་མོང་གི་ལེ་ལག་བརྒྱད་པ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱབས་སུ་འགྲོ་དང་མཆོད་པ་རྒྱ་ཆེན་དང་། །བེམ་རིག་བྲལ་དང་གདམས་ངག་གདབ་པ་དང་། །དམ་པའི་ཞལ་གྱི་བདུད་རྩི་འདི། །སེམས་ཅན་རྣམས་ལ་ཕན་པ་སྲིད། །འོན་ཀྱང་སྐལ་ལྡན་སྤྱོད་ཡུལ་ཡིན། །སྐལ་དམན་རྣམས་ལ་བསྡིགས་མོར་ཆེ། །དང་པོར་བླ་མ་མཉེས་བྱེད་ཅིང་། །དམ་ཚིག་སྲུང་ཞིང་སྒྲུབ་བརྩོན་ལ། །ཐོག་བབ་གདམས་ངག་བསྟན་པར་བྱ། །བདུད་ལ་རྣམ་པ་གཉིས་སུ་འབྱེད། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །འོན་ཀྱང་སྙེམས་བྱེད་བདུད་ལས་མེད། །སྣང་དང་དེ་ནི་སྟོང་པ་ལ། །ཡིད་ཀྱི་སྙེམས་བྱེད་མ་ཞུགས་ན། །བདུད་རྣམས་མ་ལུས་སེམས་སུ་བཅད། །སེམས་ནི་སྐྱེ་མེད་དབྱིངས་སུ་ཡལ། །བདུད་རྣམས་ཐམས་ཅད་སེམས་ལས་བྱུང་། །སེམས་ནི་ངོ་བོ་མ་གྲུབ་པ། །སྣང་དང་སྲིད་དང་ལྷ་དང་འདྲེ།
༡༣༡ ངོ་བོ་མ་གྲུབ་རང་སར་གྲོལ། །སེམས་ཀྱི་ངོ་བོ་དེར་རྟོགས་ན། །ཐོག་ཏུ་སྐྱུར་བ་མན་ངག་ཡིན། །བླ་མའི་ཞལ་ལས་ཤེས་པར་བྱ། །སྣང་དང་དེ་ནི་སྟོང་པ་ལ། །ཤེས་པའི་འཁྲིས་མེད་ཡན་པར་བྱེད། །ཐད་ཀར་མ་བསྒོམ་སེམས་མ་འཛིན། །དབང་པོ་རྒྱ་ཡན་ལྷུག་པར་བཞག །རང་ལ་རང་ཆས་ཡིན་པ་ལ། །རང་ངོ་ཤེས་པས་སྣང་སྲིད་རང་། །དཔེར་ན་སྨྲིག་རྒྱུ་ཆུར་མཐོང་བ། །ཐོག་ཏུ་ཕྱིན་པས་ཆུ་མེད་བཞིན། །ལྷ་དང་ཀླུ་དང་ཉམས་གྲིབ་སོགས། །དེ་ཐོག་བསྐྱུར་བས་ཡོད་མི་སྲིད། །ཅི་ཕྱིར་རང་གི་སེམས་ཡིན་པས། །དེ་ན་སྙེམ་མེད་ལྷུག་པར་ཞོག །ཆོས་ཀྱིས་ཆོས་འཚོལ་ག་ལ་རྙེད། །ཇི་སྟེ་འཚོལ་མཁན་དངོས་མ་གྲུབ། །ཨེ་མ་ཧོ། རང་ལས་བྱུང་བའི་ཆོས་རྣམས་ལ། །ཆགས་དང་འཛིན་པ་ངོ་མཚར་ཆེ། །རང་ལ་གྲུབ་པས་ཀུན་མ་གྲུབ། །བདག་སྣང་བར་དུ་ཀུན་ཀྱང་སྣང་། །སྣ་ཚོགས་བཀག་པས་མི་ཁེགས་སོ། །དཔེར་ན་རྨི་ལམ་ཡུལ་བཞིན་ནོ། །སད་པའི་དུས་ན་མི་སྣང་བཞིན། །སྙེམས་དང་བྲལ་བས་གཉིད་སད་འདྲ། །མ་རིག་པ་དང་གྲུབ་མཐའི་བློ། །རང་ལ་བཞག་ནས་གཞན་དུ་ཚོལ། །རང་སེམས་འདྲེ་རུ་བཟུང་ནས་ནི། །རང་ལ་རང་འཇིགས་རང་སྡུག་པས། །སེམས་ལ་ཡུལ་དུ་བཏགས་དེ་འཁྲུལ། །རང་སར་བཞག་པས་གྲོལ་བར་ངེས། །མ་བཅོས་བཞག་པ་དེ་བཞིན་ཉིད་ཀྱི་ལེ་ལག་སྟེ་དང་པོའོ། །ཡུམ་སྲས་གཉིས་ལ་གདམས་པ་ཞུས། །ཞུས་ནས་བདུད་ལ་ཐོག་རྫིས་བྱས། །བདུད་དང་ལྷ་གཉིས་གཞི་གཅིག་པས། །མཆོད་དང་སྤོང་བ་ག་ལ་སྲིད། །མི་སྲིད་པ་ཡི་ཆོས་འདི་ཡང་། །མི་ཤེས་པ་ཡི་རང་ངོ་ཤེས། །སེམས་ཅན་སེམས་ལ་སངས་རྒྱས་ཐུགས། །མི་སྲིད་སྙམ་པ་ཡེ་སྲིད་དེ། །ད་ལྟ་ཉིད་དུ་གཏན་ལ་དབབ། །ནག་པོ་དང་ནི་སོལ་བ་གཉིས། །གཅིག་ཡིན་ཐ་
༡༣༢ དད་མ་ཡིན་ནོ། །དེ་ལྟར་རིག་པའི་རྣལ་འབྱོར་པ། །སངས་རྒྱས་སེམས་ཅན་དེ་དང་མཚུངས། །སྙེམས་མེད་ཆོས་སྐུ་རྒྱ་མཚོ་འདྲ། །སྙེམས་ནི་དེ་ཡི་རླབས་བཞིན་ན། །དེ་ལྟར་རིག་པའི་རྣལ་འབྱོར་པས། །སྙེམས་དང་སྙེམས་བྱེད་ཐ་མི་དད། །བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀྱང་། །སེམས་ཀྱི་བཀྲ་ལག་བཀྱི་བ་ལས། །བློ་ཡི་ཁྱད་ཀྱིས་ཟབ་མི་ཟབ། །འབྱུང་བ་ཐེག་པ་རིམ་དགུའོ། །དགུ་རུ་ཕྱེ་ཡང་སེམས་ཡིན་པས། །སེམས་ལས་མ་གཏོགས་ཆོས་མེད་པས། །ཆོས་ནི་བློ་ཡི་བསམ་དེ་ཡིན། །ཆོས་ལ་སངས་རྒྱས་རེ་ན་འཆིངས། །ཅི་སྟེ་ཡེ་སངས་རྒྱས་ཕྱིར་རོ། །དཔེར་ན་ཕྱིན་ཟིན་ལམ་མི་དགོས། །སེམས་ཉིད་གདོད་ནས་དག་པ་ལ། །སྟོང་དང་ཞི་གནས་བསྒོམ་མི་དགོས། །ཞི་ནི་ཡེ་ནས་རང་བཞིན་ཞི། །སྟོང་ནི་སྟོང་པས་སྟོང་མི་བསྒོམ། །སྣང་དང་སྟོང་དུ་འཛིན་པ་ཡི། །ཕུར་པ་བཏོན་པས་དབྱིངས་སུ་སླེབ། །མེ་ཡིས་མེ་སོད་མི་སྲིད་པས། །རྟོག་པ་གཉེན་པོས་མ་གཞོམ་པར། །བཞག་པས་གྲོལ་བར་ཐེ་ཚོམ་མེད། །དཔེར་ན་རྔ་མའི་མདུད་པ་བཞིན། །ངེས་པར་སྣང་བ་དངོས་ཡོད་ན། །ཤེ་བ་སྣང་ལོག་མི་སྲིད་དོ། །ངེས་པར་སེམས་འདི་ཡོད་བདེན་ན། །བདེ་གཤེགས་ཀུན་དང་རང་རང་གིས། །ཅི་སྟེ་མཐོང་བར་རིགས་པ་ལ། །སེམས་ཀྱི་རང་བཞིན་འདི་འདྲ་ཞེས། །སངས་རྒྱས་མཐོང་བར་མི་སྲིད་དོ། །དཔེར་ན་རི་བོང་རྭ་བཞིན་ནོ། །བཏགས་པ་ཙམ་ལ་ཆགས་པས་འཆིང་། །སྔར་ཡང་བཅིངས་པས་ད་དུང་འཆིངས། །ཐར་པ་མི་ཐོབ་བར་དོར་འཆིངས། །དེ་བས་སྣང་སྲིད་བཏགས་པ་ཙམ། །བཏགས་པའི་ཆོས་ལ་ཡིད་མ་ཆགས། །སྣང་ལ་མ་ཆགས་རྟག་མཐའ་སོལ། །སྟོང་པ་ཡིད་ལ་མ་བྱས་པས། །ཆད་པའི་མཐའ་བསལ་རེ་དོགས་བྲལ། །ཨེ་མ་ཧོ། །རྟག་ཏུ་མ་བཏུབ་དངོས་པོ་མེད། །ཆད་དུ་མ་བཏུབ་ཅིར་ཡང་གསལ། །རང་སྟོང་རང་གསལ་མཁན་པོ་མེད་པར་ངེས། །གཉེན་པོས་བཟུང་དུ་མེད་པའི་
༡༣༣ ལེ་ལག་སྟེ་གཉིས་པའོ། །ཡུམ་སྲས་གཉིས་ཀྱི་གདམས་ངག་འདི། །བདུད་ཀྱི་གཅོད་ཡུལ་ཞེས་པ་འདི། །མཁས་པ་རྣམས་ཀྱི་སྙིང་ཁྲག་ཡིན། །སྐལ་ལྡན་རྣམས་ཀྱི་རྒྱུད་འགྲོལ་ཡིན། །ཉེན་ནི་ལྟ་བ་ལོག་པ་ཆེ། །དགྲ་ནི་དམ་ཚིག་ཉམས་པ་གནོད། །དུག་ནི་བདག་འཛིན་རྟོག་པ་ཆེ། །དེས་ན་གདམས་ངག་དོན་ལ་ལྟོས། །སངས་རྒྱས་དོན་ལ་བལྟ་རྒྱུ་མེད། །སེམས་ཅན་དོན་ལ་རྟོག་པར་མཛོད། །མི་རྟོག་པ་ལ་བསྒོམ་རྒྱུ་མེད། །རྟོག་པའི་རྩ་བ་ཆོད་པར་མཛོད། །འདི་ཀ་ཡིན་ནོ་བྱ་བ་མེད། །གྱི་ན་ཙམ་ལ་བཞག་པར་བྱ། །སྣང་བའི་ཆོས་འདི་རེ་ཞིག་ཙམ། །ཡང་དག་ཆོས་འདི་བློ་ལས་འདས། །སྙེམས་ཐག་བཅད་པས་སླར་ལ་སྙེམས། །དེ་བས་སྙེམས་སུ་བྱུང་མ་གཙེ་ཞོག །གཅེས་ན་དུག་སྦྲུལ་ཇི་བཞིན་ནོ། །ཕྱལ་ས་ཡན་པར་ལྷུག་པ་ལ། །རྩིས་མེད་པ་ནི་སྤྱོད་པའི་མཆོག །སྣང་བ་རྩིས་གདབ་མ་བྱས་ན། །དེ་ནི་ཡང་དག་རྩི་ཡིས་ཟིན། །བརྩི་བྱ་ཅི་ཤོར་མ་ཚོར་བ། །དེས་ན་ཞལ་གྱི་གདམས་ངག་གཅེས། །ཡང་དག་ཉིད་ལ་ཆེད་རྩོལ་བ། །དཔེར་ན་ལམ་འགྲུལ་རྒྱབ་གྱེས་བཞིན། །སྣང་བའི་ཆོས་ལ་མངོན་ཞེན་པ། །སེམས་སྟོང་ཙམ་ལ་རློམས་སེམས་བྱེད། །དེ་ནི་ཐོགས་མེད་བདུད་ཀྱིས་ཟིན། །རང་བདུད་རང་ལས་བྱུང་བར་དགོངས་ལགས་སམ། །སྣང་ལ་མ་ཆགས་སྟོང་མ་བསྒོམ། །ཟླ་ལ་མ་དགའ་གཅིག་པུར་སྡོད། །རང་གི་ཡོན་ཏན་བརྟགས་ན་སྐྱོན། །དྲན་པ་སྣ་ཚོགས་གསོབ་ཡིན་པས། །ཡིད་ཆེས་མ་བཅའ་རྣལ་འབྱོར་ཀུན། །དྲན་པ་ཡིད་ཆེས་མ་བྱས་ན། །སྙེམས་མེད་ཆོས་སྐུ་ཤུགས་ལས་འབྱུང་། །བྱས་པའི་ཆོས་དང་བསགས་པའི་ནོར། །ཤི་ནས་འགྲོགས་པ་ཁ་རྗེ་ཁ། །དེས་ན་ད་ལྟ་གཏན་ལ་དབབ་པར་རིག །མི་འཆི་སྙམ་པ་ཅད་གདའ་ཡི། །མེད་ན་ཅི་སྟེ་འབད་མི་མཛད། རྩོལ་བ་དང་བཅས་པའི་ལེ་ལག་སྟེ་གསུམ་པའོ། །
༡༣༤ ཡུམ་སྲས་གཉིས་ཀྱི་གདམས་པ་འདི། །ཚིག་ཏུ་བརྗོད་ན་ཚིག་རང་ཡིན། །ཉམས་སུ་བླངས་ན་བདུད་རྣམས་གཅོད། །འཕྲིག་པ་ལྷ་འདྲེ་ཡོངས་ཀྱིས་འཕྲིག །དངོས་གྲུབ་བདུད་དང་ཀླུ་ལས་འབྱུང་། །ཡོན་བདག་བདུད་དང་རྒྱལ་པོས་བྱས། །རྐྱེན་ངན་སྣ་ཚོགས་ཅི་བྱུང་ཡང་། །གྲོགས་སུ་འཁྱེར་བ་གདམས་ངག་མཆོག །སེམས་ཀྱི་རྒྱུ་ནི་གཉིས་མ་མཆིས། །དགེ་དང་སྡིག་པ་གཉིས་རྟོག་པ། །དེ་ཡིས་ཡང་དག་དོན་མ་རིག །གཅིག་ལ་གཉིས་སུ་ཕྱེ་བས་འཁྲུལ། །དགེ་སྡིག་གཉིས་ཀ་རང་བཞིན་སྟོང་། །ཡེ་སྟོང་པ་ལ་དེ་སྟོང་བསྒོམ། །དེ་ནི་དོན་མེད་བསྒོམ་པས་སྟོང་། །ཅི་སྟེ་སྙེམས་ལས་བྱུང་བས་ན། །དེས་ན་གདམས་ངག་སྲོག་གིས་བསླུ། །སྟོང་པ་མི་བསྒོམ་དངོས་འཛིན་བྲལ། །དེ་ནི་མ་བཅོས་བདེ་བ་ཆེ། །རང་རིག་ཟེར་གྱིན་གཞན་ལ་སེམས། །བསམ་པས་རང་གྲོལ་ག་ལ་འབྱུང་། །ཅི་སྟེ་དོན་ལ་བསམ་མེད་དོ། །རིག་པ་རྟེན་མེད་སྙེམས་དང་བྲལ། །རྟེན་རང་ངོ་བོས་སྟོང་ཤེས་ན། །རྟེན་དང་བརྟེན་པ་གཉིས་མེད་མཚུངས། །ལྷ་ཡང་སེམས་ལ་འདྲེ་ཡང་སེམས། །ངོ་བོ་མ་གྲུབ་སེམས་ལས་འདས། །རང་གིས་རང་བྱད་མི་མཐོང་བཞིན། །སེམས་ཀྱིས་སེམས་བལྟས་ག་ལ་མཐོང་། །དབྱེར་མེད་གཏི་མུག་སྙེམས་མེད་ལ། །སངས་རྒྱས་ཙམ་དུ་བཏགས་པ་ཡིན། །སེམས་ཅན་མི་དམིགས་སངས་རྒྱས་སུ་ཡིས་འདོགས། །སེམས་ཅན་སེམས་ལ་བལྟ་རྒྱུ་མེད། །བལྟ་རུ་མེད་པས་སངས་རྒྱས་ཙམ། །དུག་ལྔ་རང་བཞིན་མེད་པ་ལ། །ཡེ་ཤེས་ཙམ་དུ་བཏགས་པ་ཡིན། །བཏགས་པར་ཤེས་པས་རྟོགས་འགྱུར་བསྒོམ། །བསམ་ཞིང་བརྗོད་ལ་རེ་མ་ཆེ། །བསམ་མེད་རེ་མེད་སྙེམས་བྲལ་ན། །དེས་ནི་སངས་རྒྱས་ཐེ་ཚོམ་མེད། །དངོས་པོ་སྤངས་ཀྱིན་སྟོང་པ་འདོད། །མ་རྟོགས་པ་ནི་སྙིང་རེ་རྗེ། །སྟོང་པ་ཙམ་ཡང་མི་དམིགས་ན། །དངོས་པོར་འཛིན་པ་སྨོས་ཅི་དགོས།
༡༣༥ ཨེ་མ་ཧོ། །གཉེན་སར་སོང་ལ་ཤེས་པ་དོལ། །མ་ཡེངས་གློད་ན་གྲོལ་བར་ངེས། །འཇིགས་སོ་སྙམསསྙམ་པའི་སེམས་བྱུང་ན། །སྙེམས་དེ་འདྲེ་ཡིན་གློད་ལ་ཞོག །གློད་ཀྱང་འཇིགས་པའི་སེམས་བྱུང་ན། །སེམས་ནི་རང་བཞིན་མེད་པ་ལ། །ལུས་འདི་ས་དང་རྡོ་བཞིན་གནས། །དེ་ལྟར་བརྟགས་ལ་མ་བཅོས་བཞག །ཡང་ཡང་བསྒོམ་པས་ཀློང་དུ་འགྱུར། །རྩོལ་བ་མེད་པར་ལྷུན་གྱིས་གྲུབ། །སེམས་རྟོག་བཟང་ངན་ཅི་བྱུང་ཡང་། །མ་བཅོས་རང་སར་གྲོལ་བར་ངེས། །ཟུངས་སུ་མ་འཛིན་མན་ངག་ཡིན། །སྙེམས་ནི་འཁོར་བའི་ས་བོན་ཡིན། །སྙེམས་མེད་རང་དོ་རང་གིས་དག །སངས་རྒྱས་ཙམ་དུ་རེ་ཞིག་བརྟགས། ཉམས་སུ་བླངས་པས་དངོས་གྲུབ་འབྱུང་བའི་ལེ་ལག་སྟེ་བཞི་པའོ། །ཡུམ་སྲས་གཉིས་ལ་གདམས་པ་ཞུས། །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །གདམས་ངག་གཞན་དང་འདི་མི་འདྲ། །གཞན་ནི་ཕྱི་དུས་འདེབས་པ་ཡིན། །འདི་ནི་ད་ལྟ་ཉིད་དུ་གཅོད། །ཆོད་དམ་མ་ཆོད་གཉན་སར་བལྟ། །གཞན་ནི་རྣམ་རྟོག་རིམ་གྱིས་སྤང་། །འདི་ནི་ད་ལྟ་ཉིད་དུ་བསྲེ། །ལུས་ནི་ཏིང་འཛིན་བྱིན་བརླབས་ནས། །ལྷོག་པ་ལ་སོགས་འགོ་བའི་ནད། །ཀླུ་ལ་སོགས་པ་གནོད་པའི་གདོན། །གཅོད་ཀྱང་དེ་ཡི་ཐོག་ཏུ་བྱ། །ཐམས་ཅད་སྙེམས་ལས་བྱུང་བ་ཡིན། །སྙེམས་མེད་གདིང་དུ་འཁྱེར་བ་གཅེས། །དང་པོ་སྙིང་ཁམས་ཆེ་ཡང་དགོས། །བདུད་ཀྱི་གཅོད་ཡུལ་གདམས་ངག་འདི། །སྙེམས་མེད་བློ་བདེར་བཞུགས་པ་དེས། །གཉན་སར་སོང་ལ་རྣལ་འབྱོར་ཀུན། །བསྒོམ་བསྒོམ་པོ་ཡིས་མ་ཐེབ་པར། །སེམས་གློད་ལུས་དོ་ལ་ཉམ་ང་ཐོང་ཐོངས། །འདོད་དང་བསྒྲུབ་པའི་ཡིད་མ་འཆའ། །བག་དྲོ་ཉམས་དགའ་ཤེས་པ་བདེ། །རང་བག་རང་གིས་བསྲེ་བ་ལས། །གཞན་ལ་ལྟོས་ན་རྣལ་འབྱོར་མིན། །སངས་རྒྱས་སྙེམས་དང་བྲལ་
༡༣༦ བ་ཙམ། །སྙེམས་སེམས་པ་ནི་སེམས་ཅན་ཏེ། །དེས་ན་རང་ལས་གཞན་ན་མེད། །དེ་བས་རང་དོན་རང་ལ་བསྒྲུབས། །དོན་མ་རིག་པའི་རྣལ་འབྱོར་པབ། །གཅོད་པར་འདོད་པ་དེ་རང་བདུད། །དོན་གྱི་གོ་བ་བླང་བར་རིགས། ཆོས་སྒོ་མ་ཐོབ་པའི་མི་རྣམས་ཀུན། །རྟག་ཏུ་རིག་པ་ཆུད་མ་གསོན། །གང་དུ་ཆུད་ཟོས་རྣལ་མ་འབྱོར། ཨེ་མ་ཧོ། །ཚེ་གཅིག་ལ་སངས་རྒྱས་སུ་ངོ་སྤྲོད་པའི་ལེ་ལག་སྟེ་ལྔ་པའོ།། །།གཉིས་མེད་གཅིག་ལ་ཐབས་མཁས་ཀྱིས། །ཆོས་རྣམས་སྣ་ཚོགས་གསུངས་པ་ཡང་། །སེམས་ཅན་རང་གིས་བློ་སྐྱོན་གྱིས། །སྦུར་བ་བལ་དུ་བཏུམས་པ་བཞིན། །རྒན་མོ་ང་ཡིས་བརྟགས་པ་ལ། །ཆོས་པ་རྣམས་ཀྱང་ཆོས་ཀྱིས་བཅིངས། །གྲོལ་བར་འདོད་ཀྱང་སླར་ལ་བཅིངས། །གཅོད་ཡུལ་འདོད་ཀྱང་སླར་ལ་བཅིངས། །གཅོད་ཡུལ་འདོད་པ་མང་ལགས་ཀྱང་། །འདི་ཡི་གྲགས་པ་འདོད་པ་ལས། །སྐྱེ་ཤིའི་འཇིགས་པ་མ་བྱུང་ན། །གཉན་སར་འགྲོ་བ་མང་གདའ་ཡང་། །ང་རྒྱལ་ཆགས་པ་མ་བྱུང་ན། །སྙེམས་རྟོག་ཆོད་པ་མང་ལགས་ཀྱང་། །ངང་ལ་གདོད་པ་མི་གདའ་ན། །འཁོར་བས་འཇིགས་པ་སྲིད་པ་ཙམ། །འཁོར་བ་སྤངས་བ་འགའ་བྱུང་ཡང་། །མྱང་འདས་ཐོབ་པ་སྲིད་པ་ཙམ། །སྡུག་བསྔལ་སྤངས་པ་མང་ལགས་ཀྱང་། །བདེ་བ་སྤངས་པ་སྲིད་པ་ཙམ། །མི་དགེ་སྤངས་པ་མང་ལགས་ཀྱང་། །དགེ་བ་སྤེལ་བ་སྲིད་པ་ཙམ། །ཞེན་པ་ལོག་པ་མང་ལགས་ཀྱང་། །གཟུང་འཛིན་སྤངས་པ་སྲིད་པ་ཙམ། །ལྟ་བ་རྟོགས་པ་མང་ལགས་ཀྱང་། །མཐའ་དང་བྲལ་བ་སྲིད་པ་ཙམ། །མི་རྟོག་བསྒོམ་པ་མང་ལགས་ཀྱང་། །ཡིད་བྱེད་མེད་པ་སྲིད་པ་ཙམ། །སྤྱོད་པ་བཟང་པོ་མང་ལགས་ཀྱང་། །འཕྲད་འཇོམས་བྱེད་པ་སྲིད་པ་ཙམ། །ཉམས་ལེན་བཟང་བ་མང་ལགས་ཀྱང་། །རྒྱུན་ཆད་མེད་པར་སྲིད་པ་ཙམ། །ཐོས་པ་ཆེ་བ་མང་ལགས་ཏེ།
༡༣༧ སྒྲོ་འདོགས་ཆོད་པ་སྲིད་པ་ཙམ། །གདམས་པ་ཆེ་བ་མང་ལགས་ཏེ། །ཉམས་སུ་ལེན་པ་སྲིད་པ་ཙམ། །མི་ཆོས་སྤངས་པ་མང་ལགས་ཀྱང་། །ལྷ་ཆོས་སྤངས་པ་སྲིད་པ་ཙམ། །འདྲེ་བདུད་ཆོམ་པ་འགའ་བྱུང་སྟེ། །དངོས་འཛིན་ཐོང་བ་སྲིད་པ་ཙམ། །ངན་རྟོག་ཆོམ་པ་འགའ་བྱུང་ཡང་། །བཟང་རྟོག་ཆོམ་པ་སྲིད་པ་ཙམ། །མཛེ་པོ་གསོས་པ་མང་བྱུང་ཡང་། །དུག་ལྔའི་ནད་སོས་སྲིད་པ་ཙམ། །ཡུལ་གྱི་ཕ་ཡུལ་སྤངས་ལགས་ཀྱང་། །གཟུང་འཛིན་ཕ་ཡུལ་མ་ཐོན་པས། །གང་ལྟར་བསྡད་ཀྱང་འོལ་འདྲར་གདའ། །རྒན་མོ་ང་ཡིས་ཆོས་བཤད་ཀྱང་། །ཉལ་དུ་མ་བཏུབ་ཉལ་མ་ནུས། །བློ་བདེར་ཉལ་བའི་ཆོས་ལགས་ཏེ། །སློབ་མ་རྣམས་ལ་ཡིད་མ་ཆེས། །མི་ཚེ་འདི་ལ་མངོན་ཞེན་ནས། །འཇིག་རྟེན་ཕྱི་མའི་ཆོས་གཏམ་གཏོང་། །ཕྱི་མའི་དོན་ལ་དགོངས་ཟེར་ནས། །ད་ལྟ་ཆགས་སྡང་ངེས་པར་ཆེ། །དེས་ན་རྒན་མོ་ཡིད་མ་ཆེས། །གཅིག་པུར་འདུག་པའི་དུས་ལ་བབ། །འདི་པ་ཡིན་ན་ཕྱི་མའི་གདམས་པ་ཚོལ། །ཕྱི་མ་ཡིན་ན་ད་ལྟ་ཆགས་སྡང་ཆེ། །ཡིད་མ་ཆེས་པས་གཅིག་པུར་བསྡད་པར་བྱའོ། །ཨེ་མ་ཧོ། གོལ་ས་བཅད་པ་རྒྱ་གད་ཀྱི་ལེ་ལག་སྟེ་དྲུག་པའོ། །ཡུམ་སྲས་གཉིས་ཀྱི་གདམས་པ་འདི། །འགའ་ལ་ཕན་སྲིད་བརྗེད་ཐོར་བྲིས། །ཕོ་ལ་མོ་བདུད་གནོད་ཀྱིས་མོར་འཛིན་སྙེམས་བྱེད་ཐོང་། །མོ་ལ་ཕོ་བདུད་གནོད་ཀྱིས་ཕོ་ཡི་སྙེམས་ཐག་ཆོད། །ཕོ་མོ་གཉིས་སུ་མེད་ཀྱིས་སེམས་ཀྱི་ངང་ལ་ལྟོས། །ཡིན་པ་ཡེ་ནས་ཡིན་གྱིས་ཡེ་ཡིན་རྟོགས་པར་མཛོད། །བརྟགས་པས་རྟོགས་པ་ཡིན་གྱིས་མཁན་པོ་ཞི་བར་མཛོད། །བྱས་པ་ལས་རོ་ཡིན་གྱིས་བྱར་མེད་དུ་ལྷུག་པར་ཞོག །ངང་ནས་ཅི་ཡང་འཆར་གྱིས་ཆགས་སྡང་མེད་པར་མཛོད། །ཆགས་སྡང་རང་སར་གྲོལ་བས་སྒོ་ལྔ་བསྒོམ་པའི་གྲོགས། །སྙེམས་ནི་དུམ་བུ་སྐད་ཅིག་མ། །ཡིན་པར་རྟོགས་ནས་ཆགས་མ་མྱོང་། །དེ་ལྟར་
༡༣༨ རིག་ན་ནམ་ཡང་བདེ། ཨེ་མ་ཧོ། གློད་དང་ཡིན་གྱིས་ཞོག་དང་གསལ། གྱིས། དོལ་དང་བདེ་ཡིས། ཨེ་མ་ཧོ། བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །མཚོན་པ་ཡིན་པར་མ་རྟོགས་ན། །ཚིག་ལ་ཞེན་ན་ཆགས་པས་འཆིང་། །བཀའ་ནི་གྱིན་འདའ་རེ་ཞིག་ཙམ། །ལུང་ཡང་དེ་བཞིན་ཤེས་པར་གྱིས། །མན་ངག་སྙིང་པོ་རྩོལ་བྲལ་ཡང་། །དོན་མ་མཐོང་བར་ཞི་གནས་བསྒོམ། །མེ་འདགས་ཐལ་བས་བྱིབ་པ་འདྲ། །རྟོགས་པས་ཆོག་ཟེར་བྱ་བྱེད་མང་། །རྟ་རྒོད་སྲབ་སྐྱོར་ཆད་པ་འདྲ། །མཐོང་ནས་མ་ཡེངས་འཇོག་ལེགས་ན། །བླ་མེད་བྱང་ཆུབ་རིང་པོ་མེད། །སེམས་ཀྱི་ངོ་བོ་རྟོགས་གྱུར་ན། །རྒྱུད་དྲུག་འཁོར་བ་སྤང་བྱ་མིན། །དེས་ན་རྟོག་དཔྱོད་མ་བྱེད་ཞོག །བརྟགས་པ་ཡུལ་མིན་དོན་མ་ཡིན། །བསམ་པའི་ཡུལ་ལས་སངས་རྒྱས་མེད། །མེད་པར་བསམ་པས་ཚི་རེ་ཆད། །ཉོན་མོངས་ལྔ་དང་ཡེ་ཤེས་ལྔ། །གཞི་རྩ་ངོ་བོ་གཅིག་པ་ལ། །ཉོན་མོངས་མ་བཅིངས་ཡེ་ཤེས་གྲོལ་བ་མེད། །གཅིག་ཡིན་གཉེན་པོས་བཅོས་སུ་མེད། །བཅོས་མེད་རང་ལུགས་སངས་རྒྱས་ལམ། །བཅོས་མེད་རང་ལུགས་སངས་རྒྱས་གནས། །འདས་དང་མ་བྱོན་ད་ལྟ་ཀུན། །མ་བཅོས་ཞེ་འདོད་བྲལ་ལས་བྱུང་། །རྟོག་པ་མེད་པར་ཆོས་སྤྱོད་ཙམ། །རེ་བ་དང་བཅས་དོན་ལ་བསྒྲིབ། །བདེ་འདོད་བསྒོམས་པས་སྙེམས་མ་ཆོད། །རེ་ན་སངས་རྒྱས་རེ་ཡང་བདུད། །དོགས་ན་དམྱལ་བར་དོགས་ཀྱང་བདུད། །རང་ལ་མ་འཕོངས་རང་ནི་འཁྲུལ་པ་ཡིན། །གཞན་ལ་མ་སྡང་གཞན་ནི་རང་སེམས་དུ། །ཨེ་མ་ཧོ། །ནད་པ་འདྲི་ལ་གཏད་པས་གཉིས་མེད་རང་སར་གྲོལ། །སྐྱེལ་མེད་དགྲ་ལ་གཏད་པས་འཇིགས་མེད་མཐའ་རུ་བསྐྱལ། །ལམ་ཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་མེད། །རྐྱེན་ངན་སྲིད་དུ་ཆོད་པས་ཡུལ་ན་དགྲ་མེད་འདྲ། འཛིན་པ་བདུད་ཡིན། རྩོལ་བ་ནང་ཡིན།
༡༣༩ དོགས་པ་འདྲེ་ཡིན། བཞག་པ་གཞི་ཡིན། ཅིར་སྣང་གྲོགས་ཡིན། །སངས་རྒྱས་སེམས་ཅན་ཡིན། སེམས་ཉིད་ནམ་མཁའ་ཡིན། །ལུས་ནི་རོ་ཡིན་གཟན་དུ་བསྐྱུར། །བསྐྱུར་མཁན་སེམས་ཡིན་གློད་ལ་ཞོག །ཐུགས་ཀྱི་སྙིང་པོའ་ལེ་ལག་སྟེ་བདུན་པའོ།། །།འདི་དོན་ཉམས་སུ་ལེན་པ་ནི། །དད་པ་བརྩོན་འགྲུས་ཤེས་རབ་ལྡན། །བྱམས་དང་སྙིང་རྗེ་རྒྱུན་ཐག་རིང་། །ཞེན་པ་ཆུང་ཞིང་བསྟན་ལ་མོས། །བླ་མ་ལ་གུས་ལྡན་པ་ལ། །དང་པོ་ངོ་སྤྲོད་གདམས་པ་ནི། །ཡང་དང་ཡང་དུ་གདབ་པར་བྱ། །སྔོན་འགྲོ་ཐབས་ཀྱི་རིམ་པ་དང་། །དངོས་གཞི་ཤེས་རབ་རང་བཞིན་དང་། རྗེས་ཟུང་འཇུག་ཐབས་ལ་མཁས་པའི་སྤྱོད་པའོ། །དེ་ནས་ལག་ཏུ་ལེན་པ་ལ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ལ། །བླ་མ་བསྒོམ་ལ་གསོལ་བ་གདབ། ཅེས་སོ། །དེ་ནས་སྨྲ་བསམ་བརྗོད་མེད་འདས། །ཡང་ན་བེམ་རིག་ཕྲལ་ལ་བཞག །ཡང་ན་ཕུང་པོ་གཟན་བསྐྱུར་ལ། །མཉམ་ཉིད་ངང་དུ་བཞག་པར་བྱ། །ཆོ་འཕྲུལ་ལ་སོགས་བྱུང་བ་ལ། །འཇིགས་དང་དྲན་རྟོག་སྐྱེས་པ་ན། །རིག་པ་ངར་དང་ལྡན་བྱས་ལ། །ཕཊ་ལ་སོགས་པས་ཧུར་ཕྱུང་ལ། །རྗེས་ལ་དྲན་མེད་ངང་དུ་བཞག །འཁྲུལ་རྟོག་རང་གྲོལ་ཆོས་སྐུ་ཡིན། །རྗེས་ལ་སྒྱུ་མ་ལྟ་བུའི་བློས། །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། །ཐུན་མཚམས་སུ་ཡང་གནས་ལུགས་ཀྱི། །ངང་ནས་སྙིང་རྗེ་ཆེན་པོ་དང་། །སྐྱབས་སུ་འགྲོ་བ་ལ་སོགས་ཏེ། །ཚོགས་གཉིས་བསགས་ལ་འབད་པར་བྱ། །གཞན་ཡང་རང་ལ་བརྟེན་པ་ཡི། །ཆགས་སྡང་རྣམ་རྟོག་སྐྱེས་པ་ན། །ངོ་སྤྲོད་དྲན་བྱས་ལྷོད་ཀྱིས་གློད། །རང་གྲོལ་བདེ་བ་ཆེན་པོ་ཡིན། །ཐུན་དུ་བཅད་ནས་བསྒོམ་མི་དགོས། །མ་ཡེངས་དྲན་པའི་རྩི་ཡིས་བཟུང་། །འཐས་ན་རྐྱེན་སྣང་སྣ་ཚོགས་ལ། །བརྟེན་ནས་ཉམས་ལ་བོག་དབྱུང་བྱ། །ལོག་ན་ལོག་གནོན་ཡིན་ཏེ་
༡༤༠ བསྲེ། །མི་འདོད་སྣ་ཚོགས་རྩལ་སྦྱང་བྱ། །སྙེམས་མེད་གདིང་ལྡན་རེ་དོགས་མེད། །ཚེ་འདི་ཉིད་ལ་མངོན་སངས་རྒྱས། །ཉམས་སུ་བླང་བ་ལག་ཁྲིད་ཀྱི་ལེ་ལག་སྟེ་བརྒྱད་པའོ།། ༈ །།ཐུན་མོང་གི་ལེ་ལག་བརྒྱད་པ་ཞེས་བྱ་བ་རྫོགས་སོ།

༄། རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ༎ ༎

༡༨༡

རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །

༡༨༢

ན་མོ་བུདྡྷ་བོདྷི་ས་ཏྭེ་བྷྱཿ། རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡོན་ཏན་དུ་མའི་ནོར་གྱིས་བརྗིད་པ་ཡི། །བརྒྱུད་པ་གསུམ་གྱི་བླ་མ་ལ་བཏུད་ནས། །མར་མེ་མཛད་དཔལ་བཞེད་གཞུང་སྙིང་པོའི་དོན། །ཤིང་རྟ་ཆེན་པོའི་ལམ་མཆོག་འདིར་བཤད་བྱ། །དེ་ལ་འདིར་དུས་གསུམ་དུ་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་རྒྱལ་དང་ཉན་ཐོས་སུ་བཅས་པ་ཐེག་པ་གསུམ་གྱི་འཕགས་པ་ཐམས་ཅད་ལམ་འདི་ཉིད་བསྒོམས་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་བརྙེས་པ་ལགས་ཏེ། ཆོས་ཚུལ་འདི་ལ་བསྟན་པ་ལ་འཇུག་པའི་རིམ་པ་ཞེས་ཀྱང་བྱ། །སྐྱེས་བུ་གསུམ་གྱི་ལམ་རིམ་ཞེས་ཀྱང་བྱ། །བྱང་ཆུབ་ལམ་གྱི་རིམ་པ་ཞེས་ཀྱང་བྱ། །ཤིང་རྟ་ཆེན་པོའི་འཇུག་ངོགས་ཀྱང་བྱ་སྟེ། །ཆོས་འདི་སྟོན་པར་བྱེད་པ་ལ། །ལམ་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་པ་དང༌། ལམ་རིམ་དངོས་སྐྱེས་བུ་གསུམ་གྱི་བསམ་པ་ལ་བསླབ་པ་དང༌། དེ་ལས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་སྦྱོར་ཚུལ་ཏེ་གསུམ་མོ། །དང་པོ་ནི། དགེ་བའི་བཤེས་གཉེན་མཚན་ཉིད་དང་དེ་ལ་གུས་པ་བསྟེན་ཚུལ་ཁོང་དུ་ཆུད་པར་བྱས་ནས། མཉམ་བཞག་ཐུན་གྱི་སྐབས་སུ་འདི་ལྟར་བྱ་སྟེ། རྐང་པ་སྐྱིལ་ཀྲུང་བཅའ། །ལུས་དྲང་པོར་བསྲང་པ་སོགས་སྤྱོད་ལམ་རགས་པ་གཙང་སེང་ངེ་བ་བྱས་ནས། སངས་

༡༨༣

རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་དབྱིངས་གང་བ་ལ་དམིགས། །ཕྱག་འཚལ་བ་དང་མཆོད་པ་རྒྱས་བསྡུས་ཇི་ལྟར་རིགས་པ་གཅིག་ཡན་ལག་བདུན་པ་ལ་སོགས་སུ་བྱེད་དགོས་པས། ཐོག་མར་ཕྱག་མཆོད་སྔོན་བཏང༌། དེ་རྗེས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དེ་དོན་དྲན་བཞིན་པས་ཚར་གསུམ་བརྗོད། དེ་ནས་མདུན་གྱི་ནམ་མཁའ་ལ་ཆེས་མཐོ་བའི་སྟེང་གི་ཕྱོགས་སུ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས། མདུན་དྲང་ཐད་ཀྱི་ནམ་མཁར་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་ཐིབས་སེང་བཞུགས་པར་བསམ་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བདག་ལ་དགོངས་སུ་གསོལ། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་ཕྱིན་ཅི་ལོག་གི་དྲི་མ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཕྱིན་ཅི་མ་ལོག་པའི་རྟོགས་པ་ཐམས་ཅད་སྐྱེད་པར་མཛད་དུ་གསོལ། ཐེག་པ་ཆེན་པོའི་ཆོས་བསྒྲུབ་པ་ལ་བར་ཆད་ཐམས་སེལ་བར་མཛད་དུ་གསོལ། ཅེས་གསོལ་བ་དྲག་ཏུ་གདབ་བོ། །མཐར་ཡང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་གཅིག་ཕུལ་ལ། རྩ་བརྒྱུད་ཀྱི་བླ་མ་རྣམས་རང་གི་སྤྱི་བོ་ནས་བཞུགས་ཏེ་སྙིང་འོད་ཀྱི་གུར་དུ་བཞུགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དེ་ཉིད་དུ་མི་སྣང་བར་མོས། བདག་གི་དགེ་བའི་རྩ་བ་འདིས་སེམས་

༡༨༤

ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་པ་དང༌། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་པ་ལྟ་བུས་དགེ་བ་བསྔོ། །ཐུན་མཚམས་སུ་ཡང་བླ་མའི་སྐྱོན་ལ་མི་བརྟག །ཡོན་ཏན་ཁོ་ན་དྲན་པར་བྱ། བདག་ལ་སངས་རྒྱས་དངོས་སུ་མཐོང་བའི་སྐལ་པ་ནི་མེད། དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རྣམ་འཕྲུལ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བསྟན་པ་ཡིན་པས། བདག་གི་བླ་མ་འདི་དོན་ལ་ནི་སངས་རྒྱས་དངོས་ཡིན། །བདག་ལ་བཀའ་དྲིན་གྱི་སྒོ་ནས་ནས་སངས་རྒྱས་ཀུན་བས་ཀྱང་ཆེས་ལྟ་བ། །མཐོ་རིས་ཐར་པ་དང་སངས་རྒྱས་གསུམ་གང་འདོད་ཀྱང་ཐབས་གང་དགོས་པ་དགའ་མ་སྦས་པར་གནང་བ་ཡིན། བདག་གི་རྒྱུ་ལ་ཡོན་ཏན་སྣ་གཅིག་སྐྱེས་པ་དང༌། སྐྱོན་སྣ་གཅིག་བྲི་བ་ཡང་བླ་མའི་བཀའ་དྲིན་ཡིན། །ཤིན་ཏུ་རྙེད་པར་དཀའ་བའི་ཆོས་ཟབ་མོ་འདི་ལྟ་བུ་ཐོབ། །བཀའ་འདྲིན་རེ་ཆེ་སྙམ་དུ་བསམ། གཞན་ཡང་བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱང་བླ་མའི་ཕྱིར་དུ་གཏོང་དགོས། ལུས་ཀྱི་སྒོ་ནས་བླ་མའི་བཞེད་པ་དང་མཐུན་པའི་བཀུར་སྟི་རིམ་གྲོ་འཕྲལ་གཡོག་གི་བྱ་བ་ཐམས་ཅད་ཀྱང་བསྒྲུབ་དགོས། ངག་གི་སྒོ་ནས་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསྔགས་པ་དང༌། ཞབས་ཏོག་ཏུ་འགྱུར་བའི་གཏམ་ཁོ་ན་སྨྲ་དགོས། སྤྱོད་ལམ་གྱི་སྒོ་ནས་ཐུགས་གང་ལ་དགྱེས་པ་དང༌། གསུང་ཅིང་འབྱོན་པ་དེ་བསྒྲུབ་དགོས་སྙམ་དུ་ཡང་ཡང་བསམ་ཞིང་ལག་ལེན་ཏུ་ཐེབས་པར་བྱའོ། །དེ་ལ་སྐབས་འདིར་གསོལ་འདེབས་ཀྱི་དོན་ནི། ཕྱིན་ཅི་ལོག་གི་དྲི་མ་ལྔ་སྟེ། ཚེ་འདི་ལ་མངོན་པར་ཞེན་པའི་དྲི་མ། ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པའི་དྲི་མ། འཁོར་བ་ལ་བདེ་བར་འཛིན་པའི་དྲི་མ། རང་དོན་ལ་གཅེས་པར་འཛིན་པའི་དྲི་མ། དངོས་པོ་དང་མཚན་མ་ལ་ཡང་དག་ཏུ་འཛིན་པའི་དྲི་མའོ། །ཕྱིན་ཅི་མ་ལོག་པའི་རྟོགས་པ་ཡང་ལྔ་སྟེ། ཚེ་འདི་ལས་ཕྱི་མ་གལ་ཆེ་བར་རྟོགས་པ།

༡༨༥

ལས་འབྲས་ལ་ཡིད་ཆེས་པར་རྟོགས་པ། འཁོར་བ་སྡུག་བསྔལ་དུ་རྟོགས་པ། རང་དོན་བས་གཞན་དོན་གཅེས་པར་རྟོགས་པ། དོན་དམ་སྟོང་པ་ཉིད་དུ་ཀུན་རྫོབ་སྒྱུ་མར་རྟོགས་པའོ། །ཆོས་སྒྲུབ་པའི་བར་ཆད་ལ། ཕྱི་མི་དང་མི་མ་ཡིན་གྱིས་གནོད་པ། བར་འབྱུང་བ་ལས་འཁྲུགས་ཀྱི་ན་ཆ། ནང་ཆོས་འགལ་གྱི་རྣམ་རྟོག་ཉོན་མོངས་རྣམས་ཡིན་པས། དེ་གསུམ་སེལ་བར་མཛད་དུ་གསོལ་ཞིག་པའོ། །དམིགས་སྐོར་གཅིག་གོ །གཉིས་ལ་ལམ་རིམ་དངོས་སྐྱེས་བུ་གསུམ་གྱི་བསམ་པ་ལ་བསླབ་པ་ལ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་གི་རིམ་པ་ལ་བསླབ་པ། སྐྱེས་བུ་འབྲིང་དང་ཐུན་མོང་གི་རིམ་པ་ལ་བསླབ་པ། སྐྱེས་བུ་ཆུང་ཆེན་པོའི་ཐུན་མོང་མ་ཡིན་པའི་རིམ་པ་ལ་བསླབ་པ་སྟེ་གསུམ་ལས། དང་པོ་ལ་སྤྱིར་སྲོལ་ཀ་སོ་སོ་འཁྲིད་ལུགས་མི་འདྲ་བ་དུ་མ་འདུག །རྗེ་བཙུན་མར་མེ་མཛད་དཔལ་བཀའ་སྲོལ་གདམས་ངག་འོང་པ་རང་གི་ལུགས་ཀྱིས་ཀྱང༌། འགའ་ཞིག་འཁོར་བའི་སྡུག་བསྔལ་བསམ་པ་ལ་འགོ་འཛིན། འགའ་ཞིག་ལས་འབྲས་ནས་འགོ་འཛིན། འགའ་ཞིག་དལ་འབྱོར་རྙེད་དཀའ་ནས་འགོ་འཛིན། ཕལ་ཆེར་འཆི་བ་མི་རྟག་པ་ནས་འགོ་འཛིན་པར་མཛད་པ་སོགས་སྣ་ཚོགས་ཡོད་ཀྱང་ཐམས་ཅད་གནད་གཅིག་ལ་འབབ། དོན་གྱི་སྟེང་ནས་ཁྱད་པར་མེད། འོན་ཀྱང་སྤྱི་ཁྱབ་གྲགས་ཆེ་བར་མཐུན་པར་དལ་འབྱོར་རྙེད་དཀའ་ནས་འགོ་བཟུང་ན་དེ་ཀ་མི་རྟག་བསྒོམ་པའི་གཞི་རྟེན་ཡིན་པས། མི་རྟག་པ་བསྒོམ་པའི་འགོ་འཛིན་པ་དང༌། དོན་ལ་ཁྱད་ནམ་ཡང་མེད་པ་ལས་འཕྲལ་འདི་དངོས་རྣམས་བདེ་བར་སྣང་བས་དེའི་དབང་དུ་བྱས་ཏེ་བཤད་ན། འདི་ལ་དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། ངན་སོང་གི་སྡུག་བསྔལ་བསམ་པ། ལས་རྒྱུ་འབྲས་བསམ་པ་སྟེ་བཞིའོ། །དང་པོ་ནི། ཕྱག་མཆོད་ཡན་ལག་བདུན་པ་སྔར་བཞིན་བྱས། གོང་དུ་བཤད་པའི་གསོལ་འདེབས་དེ་ཡང་ཅུང་ཟད་བྱ་སྟེ། དེ་རྗེས་རང་གི་ལུས་དང་གནས་དང་ལོངས་སྤྱོད་དང་

༡༨༦

ཡུལ་ཕྱོགས་སོགས་ཐམས་ཅད་ལ་གཞིག་འབྲེལ་ཞིག་བཏང་སྟེ་གིས་ད་རེས་ཐོབ་པའི་མི་ཁུས་འདི་འདྲ་བ་ལར་ནས་ཤིན་ཏུ་རྙེད་པར་དཀའ། འདི་དོན་མེད་དུ་མི་གཏོང༌། ཆོས་ལ་ཁོལ་བ་ཞིག་བྱེད་དགོས་སྙམ་པ་དམིགས་པའི་གཞི་འདི་སྤྱི་ལྡོག་ནས་ཐམས་ཅད་ཀྱི་མགོར་སྦྱར་ནས་བསྒོམ་སྟེ། དེ་ལ་སྡོམ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་ཅན་དང་སངས་རྒྱས་སྟོང༌། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། ཅེས་པ་ལྟར་ལས། ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་ངོས་དྲག་པ་དང༌། ལུས་དེ་ཆོས་ཀྱི་རྟེན་དུ་ཤིན་ཏུ་ངན་པས་ཆོས་བྱེད་མི་ཁོམ། འདོད་ཁམས་ཀྱི་ལྷ་རྣམས་ཀྱང་འདོད་ཡོན་ལ་ཆགས་པས་གཡེངས། གཟུགས་ཁམས་དང་གཟུགས་མེད་ཀྱི་ལྷ་ཕལ་ཆེར་ཏིང་ངེ་འཛིན་གྱིས་མྱོས་པས་ཆོས་ཉན་པའི་སྐལ་བ་མེད། ལྷ་མ་ཡིན་ཡང་འདོད་ལྷ་དབང་འདྲ་བ་ལས་ལྷག་པོར་ངན་སོང་བཞིན་དུ་ལུས་རྟེན་ངན། སངས་རྒྱས་མ་བྱོན་པའི་འཇིག་རྟེན་ཁམས་སུ་སྐྱེས་པའམ། སངས་རྒྱས་བྱོན་པའི་ཞིང་ཁམས་སུ་ཡང་ཆོས་དར་བའི་ས་ཆ་ནི་རྒྱ་ཆུང༌། ཆོས་མེད་ས་ཆ་ཡུལ་ཕྱོགས་མཐའ་འཁོབ་ཀླ་ཀློར་སྐྱེས་པའམ། ཆོས་དར་བའི་ཡུལ་ཕྱོགས་སུ་སྐྱེས་སུ་ལོག་ལྟ་ཅན་ཆོས་ལ་སྡང་བའམ། གླེན་ལྐུགས་སུ་གྱུར་ནས་བླང་དོར་གྱི་གནས་གང་ཡང་མི་གོ་བར་སོང་ན་ཆོས་བྱེད་པའི་སྐལ་པ་མི་འདུག་པ་ལས། བདག་གིས་ད་རེས་མི་ཁོམ་པ་བརྒྱད་ལས་ལོག་ནས་ཆོས་བྱེད་ནུས་སུ་རུང་བའི་ལུས་ཞིག་ཐོབ་འདུག་སྙམ་པ་དང༌། སྡོམ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པ་ལྟར་ཏེ། བདག་སྤྱིར་མི་ལུས་ཐོབ། དགོས་སུ་ཡུལ་དབུས་ཆོས་དར་བར་སྐྱེས། ཡང་དགོས་སུ་དབང་པོ་སྒོ་ལྔ་ཚང་བས་སྤང་བླང་ཤེས་སུ་རུང༌། ཞེ་དགོས་སུ་ལྟ་བ་ལོག་པ་དང་མ་ཕྲད་ཙམ། མཚམས་མེད་ལྟ་བུ་ལོག་པར་ལྷ་

༡༨༧

བའི་ལས་ཀྱང་མ་བྱས་ཙམ། གནས་དམ་པའི་ཆོས་འདུལ་བ་ལ་དད་པ་སྐྱེ་རུང་བ་ཙམ་དུ་འདུག་པས་རང་གི་འབྱོར་བ་ལྔ་ཚང་འདུག །འཇིག་རྟེན་དུ་སངས་རྒྱས་ཀྱང་བྱོན་ཟིན། དམ་པའི་ཆོས་ཀྱང་གསུང་ཟིན། བསྟན་པ་ཡང་མ་ནུབ་པར་གནས། ཆོས་ལ་གསར་དུ་འཇུག་པ་ཡང་མང་བའི་སྐབས་སུ་ཡོད། ཆོས་བྱེད་རྣམས་ལ་གཞན་གྱིས་སྙིང་བརྩེ་བའི་སྒོ་ནས། ཟས་གོས་ཡོ་བྱད་སོགས་ཀྱང་སྟེར་བ་པོ་མང་པོ་སྣང་བས་ཆོས་མཐུན་གྱི་འཚེ་བ་འབྱོར་དུ་རུང་བའི་སྐབས་སུ་འདུག་པས་གཞན་འབྱོར་ལྔ་པོ་ཡང་བདག་ལ་ཚང༌། དེ་ལྟར་ན་མི་ཁོམ་པ་བརྒྱད་ལས་ལོག །འབྱོར་བ་བཅུ་ཚང་བའི་ལུས་འདི་ལྟ་བུ་ཤིན་ཏུ་དཀའ། སྐབས་འདིར་ཆོས་ལ་འབད་དགོས་པར་འདུག་སྙམ་པ་རྒྱུ་མཚན་དྲན་པའི་སྒོ་ནས་ཡང་ཡང་བསམ། རྗེས་མཐུན་མཚམས་ལ་འཇུག་ན་གོང་བཞིན་དགེ་བ་བྱང་ཆུབ་ཏུ་བསྔོ་བ། །དམིགས་སྐོར་གཉིས་པའོ། །ཡང་སྔོན་འགྲོ་དང་རྗེས་སྔ་མ་བཞིན་ལས་སེམས་ཅན་རྣམས་ཀྱི་ནང་ན་ངན་སོང་གི་འགྲོ་བ་ནི་ཤིན་ཏུ་མང༌། དཔེར་ན་ས་ཆེན་པོའི་རྡུལ་ཙམ། མཐོ་རིས་ཀྱི་འགྲོ་བ་ནི་ཤིན་ཏུ་ཉུང༌། དཔེར་ན་སེན་མོའི་སྟེང་གི་རྡུལ་ཙམ་ཡིན། ཡང་དམྱལ་བ་ནི། ས་གཞི་ཆེན་པོའི་རྡུལ་ཕྲན་ཙམ། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབས་པ་ཙམ། དུད་འགྲོ་བྱིངས་ནི་རྒྱ་མཚོ་ཆེན་པོར་ཆང་གར་མའི་སྦང་མ་པ་ཙམ། དུད་འགྲོ་ལ་ཐོར་པ་ནི། ས་གཞི་རི་ཀླུང་བར་སྣང་ཐམས་ཅད་ཁེངས་པ་ཙམ། ལྷ་དང་མིའི་འགྲོ་བ་ནི། དེ་རྣམས་ལ་ལྟོས་ན་སྲིད་མཐའ་ཙམ་ཡིན་པར་འདུག །དེ་ལས་ཀྱང་སྤྱིར་མིའི་འགྲོ་བ་ཉུང༌། དགོས་སུ་འཛམ་བུ་གླིང་པའི་མི་ཉུང༌། ཡང་དགོས་སུ་ཆོས་བྱེད་པའི་མི་ལུས་ནི་སྲིད་མཐའ་ཙམ་དུ་འདུག་སྟེ། ད་རེས་ཅིས་ཀྱང་ཆོས་ལ་འབད་དགོས་སྙམ་པ་དང༌། དེ་ལྟར་འབྱུང་བའི་རྒྱུ་མཚན་ཡང་སེམས་ཅན་གྱི་ནང་ན་སྡིག་པའི་ལས་བྱེད་པ་ནི་ཆེས་མང་སྟེ་མཐའ་མེད། དགེ་བའི་ལས་བྱེད་པ་ནི་སྤྱི་ཙམ་ནས་ཀྱང་ཤིན་ཏུ་

༡༨༨

ཉུང༌། དགེ་བའི་ནང་ནས་ཀྱང་མི་ལུས་འཕེན་ཐུབ་པའི་ཚུལ་ཁྲིམས་སྲུང་བ་ནི་ཆེས་ཤིན་ཏུ་དཀོན་པས། དེའི་ཕྱིར་མི་ལུས་རྙེད་དཀའ་བ་ཡིན། དེའི་སྟེང་དུ་ཡང་འབྱོར་པ་བཅུ་ཚང་ཞིང་ཆོས་དང་མཇལ་བ་ལ་བསོད་ནམས་མང་པོ་གསོག་དགོས་པས་འདི་འདྲ་ཤིན་ཏུ་རྙེད་དཀའ་བ་ཡིན་ཡང་སྔོན་སྟེས་དབང་གིས་དགེ་བ་ཆེ་རབ་ཅིག་ལན་གཅིག་བསགས་ཡོད་འདུག་པས་ད་རེས་དལ་འབྱོར་གྱི་ལུས་འདི་ཐོབ་འདུག །སྐབས་འདིར་ཆོས་ལ་འབད་པར་བྱ་སྙམ་དུ་བསྒོམ། དམིགས་སྐོར་གསུམ་པའོ། །འདིར་ཁ་ཅིག་དཔེའི་སྒོ་ནས་རྙེད་དཀའ་བ་ཞེས་ཟེར་ཞིང་དེ་ལྟར་གྲགས་པ་ནི་དཀོན་པའི་དཔེ་བསྟན་པ་ཙམ་ཡིན་པས་དམིགས་སྐོར་ལོགས་པ་མི་དགོས་སོ། །ཡང་སྔོན་འགྲོ་དང་རྗེས་སྔར་ལྟར་ལས་གོང་དུ་བཤད་པའི་རྒྱུ་མཚན་རྣམས་དྲན་པས་བྱས་ནས། དེ་ལྟར་ཤིན་ཏུ་རྙེད་དཀའ་བའི་མི་ལུས་འདི་ལན་གཅིག་ཐོབ་པའི་སྐབས་འདིར་དོན་ཆེན་པོ་ཞིག་སྒྲུབ་དགོས་པར་འདུག །སྐྱེ་བ་ནས་སྐྱེ་བར་འཁོར་བའི་བདེ་བ་ཕུན་སུམ་ཚོགས་པའི་འདོད་ན་ཡང་མི་ལུས་འདི་ལ་བརྟེན་ནས་འབད་མེད་དུ་སྒྲུབ་ནུས། འཁོར་བ་ལས་ཐར་པའི་ཉན་རང་གི་བྱང་ཆུབ་སྒྲུབ་ན་ཡང་ད་རེས་དཀའ་ཚེགས་ཙམ་མེད། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་འདོད་ཀྱང་ད་རེས་ཀྱི་སྐབས་འདིར་བྱེད་སླ་བསྒྲུབ་སླ་བ་ཡིན་ལ། མི་ལུས་འདི་འདྲ་ཞིག་མ་ཐོབ་ན། ཐར་པ་དང་སངས་རྒྱས་ལྟ་ཅི་སྨོས། འཁོར་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་གཅིག་ཀྱང་སྒྲུབ་མི་ཤེས་པས་ད་རེས་རང་མི་ལུས་ལ་སྙིང་པོ་ལེན་དགོས་སྙམ་དུ་བསྒོམ། དེ་བཞིན་ཏུ་གལ་ཏེ་མི་ལུས་ལན་གཅིག་ཐོབ་པ་འདི་དོན་མེད་དུ་སོང་ན་ཤིན་ཏུ་གོད་ཀ་ཆེ་སྟེ། ཇི་སྐད་དུ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་ནས་ནི། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཅེས་གསུངས་པ་ལྟར་རང་གིས་རང་ཉིད་ལ་བསླུས་ཚབས་ཆེ། རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལྡོག་བྱས་པ་དང་འདྲ། འདོད་དོན་ཁྱད་

༡༨༩

པར་ཅན་གང་བསྒྲུབ་ཀྱང་འགྲུབ་ཏུ་རུང་བའི་རྟེན་ཁྱད་པར་ཅན་ལན་གཅིག་ཐོབ་པ་ལ་བྱ་བ་གང་ཡང་མ་བྱས་པར་དོན་མེད་དུ་ཐལ་འགྲོ་བ་འདི་རང་སྐྱོན་ཆེ་བར་འདུག །སྔར་དེ་ཙམ་ཞིག་དོན་མེད་དུ་སོང༌། །ད་ནི་ཉི་མ་དེ་རིང་ནས་བརྩམས་ཏེ་དོན་མེད་དུ་མ་ལུས་པར་ཆོས་ལ་འབད་དགོས་སྙམ་དུ་ཡང་ཡང་བསམ་པའོ། །ཡང་ཚེ་འདིའི་བདེ་སྐྱིད་དང་བྱ་བྱེད་རྣམས་བློས་མི་ཐོངས་སྙམ་ན། འཇིག་རྟེན་ཡང་ཕུག་སྐྱིད་ཡུན་རིང་བ་གཅིག་ཡོན་ན། འཕྲུལ་ཞག་འགའ་ཟླ་ཤས་སོས་དལ་བའི་བདེ་བ་ལ་མི་ལྟ་བར་ཕུགས་ཀྱི་དེ་སྒྲུབ་པ་ལ་འབད་རྩོལ་བྱེད་དགོས་པ་ལྟར་སྐྱེ་བ་གཏན་གྱི་བདེ་སྐྱིད་སྒྲུབ་པའི་ཕྱིར་ཚེ་འདིའི་བྱ་བ་ལ་མ་ཆགས་པར་ཆོས་ཀྱི་བྱ་བ་ལ་འབད་དགོས་སྙམ་དུ་བསམ་པའོ། །དེ་དག་གིས་ནི། །དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་སུ་ཡང་དག་འབྱོར་པར་ག་ལ་འགྱུར། །ཅེས་པ་ལྟར་མི་ལུས་རྙེད་དཀའ་ཞིང་རྙེད་པ་དོན་དང་ལྡན་པར་བསམ་པ་ཡིན་ཏེ། དམིགས་སྐོར་བཞི་པའོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པ་ལ་གསུམ་གྱི་དང་པོ། །ངེས་པར་མྱུར་དུ་འཆི་བ་བསམ་པ་ནི། མདོ་ལས། བྱུང་དང་འབྱུང་བར་འགྱུར་པ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང༌། །དེ་ཀུན་འཇིག་པར་མཁས་པས་རྟོགས་བགྱི་སྟེ། །ཆོས་ལ་གནས་བགྱི་ངེས་པར་སྤྱད་པ་སྤྱོད། ཅེས་གསུངས་པ་ལྟར། གནས་གང་དུ་གནས་ཀྱང་འཆི་བ་ལས་མ་འདས། གྲོགས་སུ་དང་འགྲོགས་ཀྱང་འཆི་བ་ལ་ལས་མ་འདས། ས་སྟེང་གི་འགྲོ་བ་སྔར་འབྱུང་བ་ཐམས་ཅད་ཀྱང་ཤི། །ད་གཟོད་འབྱུང་འགྱུར་ཐམས་ཅད་ཀྱང་འཆི། ད་ལྟ་དངོས་སུ་ཡོད་པ་འདི་ཐམས་ཅད་ཀྱང་འཆི་བ་ལས་གྲོལ་བ་སུ་ཡང་མེད། རང་རེ་བཙས་ནས་ཉི་མ་དེ་རིང་ཡན་ཆད་དུ་རང་དང་ཉེ་བ་ཡང་ཇི་ཙམ་ཞིག་ཤི། །བར་མ་དང་དགྲ་ཡང་ཇི་ཙམ་ཞིག་ཤི། །དེ་རྣམས་ཤི་སྟེ་བདག་ལ་

༡༩༠

སྡོད་པའི་གདིང་ཡོད་པའང་མིན། སྤྱིར་འཆི་བ་ལས་འོས་མི་འདུག །དགོས་སུ་ཆོས་སྣོན་ཁ་རྒྱག་མཁན་ནི་མེད། དུས་སྐད་ཅིག་ཀྱང་སྡོད་ས་མེད་པར་ཚེའི་སྟེང་ནས་འབྲིད་པ་ཡིན་པས་སྐད་ཅིག་རེ་རེ་སོང་ནས་འཆི་བ་ལ་ཇེ་ཉེ། ཞག་རེ་ཞག་རེ་སོང་ནས་དེ་བས་ཉེ་རུང་སོང༌། ཟླ་བ་རེ་རེ་སོང་གིན་ལྷག་པར་ཉེ་རུང་སོང༌། ལོ་གཅིག་གཅིག་སོང་གིན་ལྷག་པར་ཉེ་རུ་སོང༌། དེ་བས་ན་མྱུར་དུ་འཆི་བ་ཡིན། བདག་ཆོས་ཉམས་སུ་ལེན་དགོས་ན། ད་རུང་རྒས་པ་ལ་ནམ་ཐུག་རིམ་པར་བྱ་མ་ཆོག་སྙམ་ན། །ཚེ་ཐུང་འདི་ལ་དེ་འདྲའི་ལོང་ཡོད་བྱེད་མི་ཉན་པར་འདུག །དཔེར་ན་ལོ་དྲུག་ཅུ་ལ་གཞོན་པའི་དུས་སུ་ནི་ཆོས་མ་བྱུང་བར་ཡང་འདས། རྒས་ནས་ནི་ཆོས་བྱེད་བློ་བྱས་ཀྱང་ལུས་སེམས་ཀྱི་སྟོབས་ཟད་པས་བོགས་སྐྱེད་མི་འབྱུང༌། དེའི་ལྷག་མའི་ཕྱེད་ནི་གཉིད་ཀྱིས་འདས། གཞན་ཡང་ལྟོ་རྒྱབ་ཀྱི་ཕྱིར་དང༌། འགྲོ་འདུག་དང་གཡེང་བ་སོགས་དོན་མེད་སྣ་ཚོགས་ཀྱི་དབང་དུ་འགྲོ་བས་འདུན་པ་དང་བརྩོན་འགྲུས་ཆེ་བ་གཅིག་གི་དབང་དུ་བྱས་ཀྱང་ཆོས་རང་ཉམས་ལེན་བྱས་པའི་ཚད་ལ་ཡུན་རིང་མོ་ཡོང་བ་འདུག །དམ་པ་རྣམས་ཀྱིས་དུས་ཇི་སྙེད་ཅིག་འབད་པ་བྱས་ཏེ་རྟོགས་པའི་ཆོས་དེ་བདག་གིས་མྱུར་དུ་རྟོགས་དགོས་ན། ཚེ་ཐུང་འདི་ལ་ཆོས་ལ་ཕྱི་འགྱངས་དང༌། ལེ་ལོ་དང་བར་སྐབས་སུ་བཤོལ་བའི་ཐབས་ཡེ་མི་འདུག་སྙམ་དུ་བསམ་དགོས། དེ་ལྟར་རྒྱུ་མཚན་བསམ་ནས་ཡང་ཡང་སྒོམ་པ་གལ་ཆེ། དམིགས་སྐོར་ལྔ་པའོ།། དོན་ཚན་གཉིས་པ་ནམ་འཆི་ཆ་མེད་བསམ་པ་ནི། འོ་སྐོལ་རྣམས་སྤྱི་ཙམ་དུ་ཚེ་ཐུང་བར་མ་ཟད་ནམ་འཆི་ཆ་མེད་པ་ཡིན། གལ་ཏེ་སྟེས་དབང་ལེགས་ན་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ་ལོ་དྲུག་ཅུ་བདུན་ཅུ་ཙམ་འཕངས་པ་སྲིད་ཀྱང༌། རང་རེ་ལ་ཕུལ་དུ་དེ་ཙམ་མེད་པ་འོང༌། ཡོད་དུ་ཆུག་ཀྱང་ཉི་མ་དེ་རིང་ནས་རྩི་རྒྱུ་མིན། ཕྱེད་ཙམ་སོང་ཟིན་ནམ་ཕལ་ཆེར་སོང་ཟིན། ཡང་གཅིག་ཏུ་ན་སྔོན་གྱི་ལས་ཀྱིས་ཚེ་ལོ་སུམ་བཅུའམ་བཞི་བཅུ་ཙམ་ལས་མ་འཕངས་

༡༩༡

པ་ཡང་སྲིད། འཆི་བདག་སྒོ་དྲུང་ན་སླེབ་ཚར་བའི་ཚོད་དུ་གདའ། ཚེ་འདིའི་དགྲ་གཉེན་ནོར་རྫས་འཁོར་གཡོག་གྲོགས་པོ། །བདེ་སྡུག་གཏམ་གསུམ་འདི་ཀུན་དང་ཡུན་རིང་འགྲོགས་སྐབས་མི་འདུག །ཅིས་ཀྱང་ཅི་བྱེད་སྙམ་པ་དང༌། ཇི་སྐད་དུ། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀུན། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཅེས་པ་ལྟར་ལུས་ཤ་ཁྲག་རྣག་གི་ཕུང་པོ་འདི་ནི་ཉི་མ་རེ་ཆུང༌། དབུགས་མི་བརྟན་སྟོན་ཀའི་ན་བུན་བཞིན་དུ་ནམ་ཡང་འགྲོ་ཆ་མེད། སེམས་ལ་རང་དབང་མ་ཐོག་གང་ལ་ཡང་གདིང་མི་འདུག་པས་ནམ་འཆི་ཆ་མེད། ཇི་སྐད་དུ། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང༌། །ཅེས་པ་ལྟར་བསྒོམ་པ་དང༌། ཀླུ་སྒྲུབ་གྱི་ཞལ་ནས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཅུང་ཟད་གཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར། །ཕྱིའི་རྐྱེན་མི་དང་དུད་འགྲོ་དང་གདོན་ལ་སོགས་པ་སེམས་ཅན་དུ་གཏོགས་པ་དང་གཡང་ས་དང་མེ་ཆུ་ལ་སོགས་པ་སྣོད་དང་འབྱུང་བར་གཏོགས་པ་ནང་ལུས་ལ་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་མདོར་ན་འཆི་རྐྱེན་ལ་འདིས་མི་བྱེད་བྱ་བ་མེད། མི་འཆི་འཚོ་བའི་རྐྱེན་དུ་འདོད་པ་ཟས་གོས་གནས་མལ་སྨན་ལ་སོགས་པ་ཡིན་ན། ཁ་ཟས་མ་འཕྲོད་པ་དང༌། སྨན་ལོག་པ་སོགས་འཚོ་བའི་རྐྱེན་དེ་ཀུན་ཡང་ནམ་ཞིག་ན་འཆི་རྐྱེན་དུ་འགྱུར་ཏེ། ལུས་སྲོག་ལ་རྒོལ་བའི་རྐྱེན་ངན་བུ་ཡུག་འཚུབས་པ་ལྟ་བུའི་དབུས་ན་བདག་གནས་པ་ཡིན་ན། ནམ་འཆི་ཆ་མེད་སྙམ་དུ་བསྒོམ། དམིགས་སྐོར་དྲུག་པའོ། །དོན་ཚན་གསུམ་པའི་འཆི་བ་ལ་ཆོས་མ་ཡིན་པ་ཅིས་ཀྱང་མི་ཕན་པར་བསམ་པ་ནི། ཇི་སྐད་དུ། ཞི་བ་ལྷས། གཤིན་

༡༩༢

རྗེའི་སྐྱེས་བུས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། ཅེས་པ་ལྟར་འཆི་བའི་དུས་ན་ནོར་རྫས་མང་ཡང་ཏིལ་འབྲུ་ཙམ་ཡང་ཁྱེར་དབང་མེད། གཉེན་གྲོགས་གཡོག་འཁོར་རྗེ་དཔོན་སོགས་རྩ་འཇིད་ཆེ་ཡང་བྲན་གྱི་ཐ་མ་ཁྱིའུ་གཅིག་ཙམ་ཞིང་རང་ལ་ཁྲིད་དབང་ཡང་མེད་ཁོལ་རྗེས་སུ་འབྲང་དབང་ཡང་མེད། འདི་ཐམས་ཅད་བྱེ་བྲག་བྱེད་པའི་ཆོས་ཉིད་ཡིན་ཅིས་ཀྱང་ཕན་པ་མེད་སྙམ་སྐྱུག་ལོག་གེ་བ་བསྒོམ། དགྲ་གཉེན་བདེ་སྡུག་གཏམ་བཟང་ངན་ཐམས་ཅད་ལ་དེ་བཞིན་དུ་སྦྱར། འོ་ན་འདི་དག་རྗེས་སུ་མི་འབྲང་ན་སུ་རྗེས་སུ་འབྲང་སྙམ་ན། རང་གིས་བསགས་པའི་ལས་དགེ་སྡིག་གཉིས་པོ་རྗེས་སུ་འབྲང༌། སྡིག་པ་བྱས་ཟིན་པ་དེ་ཡང་ཤུལ་དུ་བཞག་ཐབས་མེད་རྟག་ཏུ་གནོད་པ་ཡིན། དགེ་བ་གང་བསགས་པ་དེས་ཀྱང་བདག་ལ་ཕན་པ་ཡིན་ཤུལ་དུ་མི་ལུས། ཆོས་ལྡན་རབ་འབྱོར་གྱི་ཞལ་ནས་ཀྱང༌། དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལྡོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་གྱིས་ལ་ལེགས་པར་དཔྱོད། ཅེས་གསུངས་པ་ལྟར་བསམ་པ་དང༌། དེ་ལྟར་ན་ངེས་པར་འཆི། མྱུར་དུ་འཆི། ནམ་འཆི་ཆ་མེད། འཆི་བ་ལ་གཞན་ཅི་ཀྱང་མི་ཕན། འཆི་ཁ་ཕན་ཆད་སྐྱེ་བ་མཐའ་མེད་དུ་ཕན་ནུས་པ་ནི་དམ་པའི་ཆོས་ཁོ་ན་ཡིན་ན། ད་ལྟ་ཉིད་དུ་ཆོས་ལ་འབད་པར་བྱའོ་སྙམ་དུ་བསྒོམ། དམིགས་སྐོར་བདུན་པའོ། །ད་ནི་འཆི་བ་མི་རྟག་པའི་ཐོན་ཆོས་འདི་བསྒོམ་ཏེ། འདི་ལ་རྩ་བའི་ཚིག་ལྔ་ཞེས་བྱ། །དང་པོ་མི་སྡོད་འགྱུར་པ་བསམ། །གཞན་བདག་ཤི་བ་མང་དུ་བསམ། འཆི་རྐྱེན་མང་པོ་ཡང་ཡང་བསམ། །འཆི་ཁར་ཇི་ལྟར་འགྱུར་སྙམ་བསྒོམ། །ཤི་ནས་ཇི་ལྟར་འགྱུར་བ་བསམ། བྱ་བ་ཡིན་ཏེ་རང་རེ་སྐྱེས་ནས་མ་ཤིའི་བར་དུ་ཡང་ཕུང་པོའི་རྒྱུན་འདི་རྟག་ཏུ་འགྱུར་ཞིང་འགྲོ །བདག་དང་པོ་བུ་ཆུང་གི་དུས་ན་དེ་འདྲ། བྱིས་པའི་དུས་ན་དེ་འདྲ། ལང་ཚོ་ཙ་ན་དེ་འདྲ། ད་

༡༩༣

ནི་འདི་འདྲ་སྙམ་པ་དང༌། འཆི་བ་ལ་ཇེ་ཉེ་ཇེ་ཉེ་ཉེར་འགྲོ་བ་དེར་འདུག །ཅིས་ཀྱང་མ་ཕན་སྙམ་དུ་རིག་པ་གཅུན་ལ་སྐྱོ་ལྷང་ལྷང་བ་ལ་བཞག །རང་རེས་དྲན་ནས་ད་ལྟ་ཡན་ཆད་ལ་ཡུལ་འདི་ན་མི་འདི་འདྲ་ཞིག་ཡོད་པ་རང་ཤི་འདུག །དེ་ན་དེ་འདྲ་ཞིག་ཡོད་པ་ཡང་ཤི་འདུག་སྙམ་དུ་ར་རེ་ནས་ཞིབ་ཏུ་བགྲང༌། རང་བས་རྒན་པ་ཡང་ཇི་ཙམ་ཞིག་ཤི་འདུག །མཉམ་པ་དང་གཞོན་པ་ཡང་ཇི་ཙམ་ཞིག་ཤི་འདུག་བསམ་ན། །ད་ལྟ་ཡོད་པ་བས་ཤི་བ་མང༌། དེ་དག་ཀྱང་ཚེ་ཚད་ཐུབ་ནས་ཤི་བ་ཙམ་ཆེར་མི་འདུག །ཕལ་ཆེར་དུས་མིན་བར་མ་དོར་ཤི། །བདག་ཀྱང་དེ་ལྟ་བུའི་ཆོས་ཉིད་ཡིན། དེ་ལྟ་བུའི་རང་བཞིན་ལས་མ་འདས། སྔར་དེ་དག་གི་གསེབ་ཏུ་མ་སོད་པ་ཁར་རྗེ་ཆེ། མ་ཤི་གོང་དུ་ཆོས་གཤའ་མ་ཞིག་མི་བྱེད་པའི་ཐབས་མེད་སྙམ་དུ་བསམ། གཞན་མི་དང་དུད་འགྲོ་ཤི་བ་ཐོས་སམ། མཐོང་ངམ། བྱིས་པ་ནས་རྒན་པོའི་བར་དུ་ལང་ཚོ་འགྱུར་བ་མཐོང་ངམ། མ་ཤི་བ་ཉིད་ལ་ཡང་ཁ་དྲག་པོ་གཞན་པོར་སོང་བ་དང༌། ཞན་པོ་དྲག་པོར་སོང་བ་དང༌། ཕྱུག་པ་སྤྲང་པོར་སོང་བ་སོགས་གང་མཐོང་གང་ཐོས་ཀྱང་མི་རྟག་པ་ལྷང་གིས་དྲན་ཏེ། བདག་གམ་བདག་གི་ཕྱོགས་དང༌། བདག་གི་ལོངས་སྤྱོད་སོགས་ཀྱང་འདི་ལྟ་བུའི་རང་བཞིན་ཡིན། འདི་ལྟ་བུའི་ཆོས་ཉིད་ཡིན་སྙམ་དུ་བསམ། དེ་ནས་གོང་བཞིན་འཆི་བའི་རྐྱེན་མང་བ་བསམས་ཏེ། རང་གི་འདོད་དུ་བྱུང་བའི་དངོས་པོ་ཐམས་ཅད་ལ་འདི་ཀུན་གྱིས་ཀྱང་བདག་འཆི་བའི་རྐྱེན་ཇི་ལྟར་བྱེད་མི་ཤེས། ད་ལྟ་རང་དུ་ཡང་ཇི་ལྟར་འགྱུར་མི་ཤེས་སྙན་དུ་བསམ། འཆི་བའི་ཚེ་མི་དགེ་བའི་སེམས་ཀྱིས་འཆི་བ་ན་ནི་གནད་གཅོད་ཀྱི་ལས་ལ་སོགས་པ་སྡུག་བསྔལ་འཇིགས་སུ་རུང་བ་ཡོད། འཆི་བ་དེ་འདོད་བཞིན་དགའ་བཞིན་དུ་ཡོང་བ་མིན། མི་འདོད་བཞིན་དུ་ཐོག་ཏུ་འབབ་པ་ཡིན། དགའ་བཞིན་སྐྱིད་བཞིན་དུ་འཆི་བ་མ་ཡིན།

༡༩༤

སྡུག་བསྔལ་ཤུགས་དྲག་པོ་དང་བཅས་ཏེ་འཆི་བ་ཡིན། འཇིག་རྟེན་ཕ་རོལ་ཆ་རྒྱུས་ཡོད་ནས་མ་ཡིན། ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་འཁྱམས་པ་ཡིན་སྙམ་པ་དང༌། བདག་ཤི་ཟིན་པའི་གནས་སྐབས་ན། ལུས་སེམས་གཉིས་ནི་བྱེ་བྲལ་དུ་སོང༌། ལུས་འདི་ནི་ཡང་ན་ས་ལ་ལྷུངས་ནས་སྲིན་འབུའི་ཕུང་པོ་གཅིག་གམ། ཡང་ན་ཆུ་ལ་སྐྱུར་ན་ཉ་སྲམ་གྱི་ཟས་གཅིག་གམ། མེ་ལ་བསྲེགས་ནས་རུས་པ་སྦར་གང་ངམ། རིའམ་ཐང་ལ་བསྐྱལ་ནས་བྱ་ཁྱིའི་ཁ་ན་ཕར་ཡེ་རེ་རེ་བ་གཅིག་གམ །མཐར་ཞག་ཤས་ནས་ཤུལ་ཙམ་ཡང་མི་ལུས། ད་ལྟ་གཅེས་གཅེས་མོར་བྱས་པའི་ལུས་ཀྱི་ཐ་མ་ནི་དེ་འདྲ། སེམས་ན་ལས་ཀྱི་ཁུར་ཐོགས་ནས་གར་སྐྱེ་ངེས་པ་མེད་པའི་གནས་སུ་འགྲོ་དགོས་ན། ད་ལྟ་ཆོས་མི་བྱེད་པའི་ཐབས་རང་འདུག་གམ། བྱས་ནས་ཕྱི་བཤོལ་དུ་འཇོག་པའི་ཐབས་རང་འདུག་གམ་སྙམ་དུ་བསམ། དེ་རྣམས་ཀྱིས་གཞུག་བསྡམས་ཏེ། ད་ལྟ་རང་ཆོས་གཤའ་མ་ཞིག་བྱེད་སྙམ་པའི་གོ་ཆ་ཡོད་པ་བཞིན་ཆོས་ཀྱི་མགོ་ཐོན་གཞུགས་འཁྱོངས་ནས། རང་ཡང་དགའ་བཞིན་དུ་ཚོའི་དུས་བྱེད། གཞན་ཀུན་གྱིས་ཀྱང་ཁོ་ལ་ཆོས་གཤའ་མ་ཞིག་བྱུང་ཟེར་ནས་སྨོན་བཞིན་དུ་ཚེའི་དུས་བྱེད་པ་གཅིག་ལ་གཏད་སོ་འཚོལ་དགོས། དེ་ལ་ཆོས་བསྒོམ་དགོས་བརྟན་པ་ཐོབ་དགོས། གོམས་དགོས་ལྷོངས་སུ་གྱུར་དགོས་པ་འདུག་བརྟན་པ་ནི་མ་ཐོབ། གལ་ཏེ་ན་རྐྱེན་ངན་དང་འཕྲད། རང་གི་བློ་ལས་སུ་མ་རུང༌། ཆོས་ཀྱི་གཞུག་མ་འཁྱོངས། ཆོས་དང་འགལ། རང་ཡང་འགྱོད། གཞན་ཀུན་གྱིས་ཀྱང་སྨད་དར་དིར་རེ་འཆི་བ་ཞིག་ཡོང་ཉེན་ཡོད་ན། དེ་ལྟར་སོང་བའི་ཐབས་མི་འདུག་པས་ཆོས་གཤའ་མ་གཅིག་ལ་ད་ལྟ་རང་ཞུགས་ཏེ་མ་ཤི་བར་དུ་འཁྱོངས་པ་གཅིག་གཞན་སྨོད་ལ་རང་བདེ་བ་གཅིག་མི་བྱེད་རེ་སྙམ་དུ་ཞེ་མནའ་ཡང་ཡང་བསྐྱལ། དེང་སང་གི་ཆོས་པ་ཀུན་ལ་གཉེན་པོ་

༡༩༥

འདི་ཁ་གནད་དུ་ཆེ། དེས་མི་རྟག་པའི་ཁྲིད་ཚར་བ་ལགས། དམིགས་བསྐོར་བརྒྱད་པའོ།། གསུམ་པ་ངན་སོང་གི་སྡུག་བསྔལ་བསམ་པ་ལ། དམྱལ་བའི་སྡུག་བསྔལ་བསམ་པ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ། དུད་འགྲོའི་སྡུག་བསྔལ་བསམ་པ་གསུམ་ལས། དང་པོ་ནི། སྔོན་འགྲོ་དང་རྗེས་སྔར་ལྟར་ལས། བདག་མི་ཡུལ་དུ་ཡིན་རིང་བསྡད་དབང་མི་འདུག །འཆི་བ་འདིས་འཇིགས་སོ་བསམ། ནན་ཏན་ན་འཆི་བ་ཁོ་ན་ལ་ཏེ་ཆེས་འཇིགས་རྒྱུ་ཡང་མེད་ཏེ། ཤི་བས་མི་ཆོག་དབང་མེད་དུ་སྐྱེ་བ་ལེན་དགོས་པས་འདི་ཁོ་ན་སྐྲག །དགེ་བ་ནི་མ་བྱས་སྡིག་པ་ནི་ངན་སོང་གསུམ་དུ་སྐྱེ་སྟེ་འོང་ངོ༌། ཅི་རང་གྲགས་སྙམ་དུ་བསམ། འདི་ངན་སོང་གི་སྡུག་བསྔལ་བསམ་པའི་དམིགས་པ་ཐམས་ཅད་ཀྱི་སྒོ་ཡིན། དེ་ནས་ཚ་དམྱལ་གྱི་སྡུག་བསྔལ་བསམ་པ་ལ། སྡོམ་ནི། ཡང་སོས་ཐིག་ནག་བསྡུས་འཇོམས་དང༌། ངུ་འབོད་ངུ་འབོད་ཆེན་པོ་དང༌། །ཚ་བ་རབ་ཚ་མནར་མེད་པའོ། །དེ་ལ་ཚ་དམྱལ་ཐམས་ཅད་ཀྱི་གནས་ས་གཞི་རི་མེད་ཀླུང་མེད་ལྕགས་བསྲེག་ཡིན་པ། མེ་ལྕེ་ཁྲུ་གང་ཙམ་རྟག་ཏུ་འབར་བ། རི་རོང་ངམ་གྲོག་སལ་སུལ་ཁོ་ནས་ཁྱབ་པ། ཟངས་ཞུན་ནམ་ཁྲོ་ཆུའམ་ཞ་ཉེ་བཞུ་བ་དང༌། ལན་ཚྭ་རྣོན་པོ་སོགས་འགྱུར་བྱེད་ཀྱི་ཆུ་ཚན་ཤིན་ཏུ་ཚ་བ་དང༌། དེ་འདྲའི་རིགས་ཀྱི་འབབ་ཆུ་དང་མཚོ་ཡོད་པ། ཤིང་རྣམས་ཀྱང་ལྕགས་བསྲེགས་སོགས་ལས་གྲུབ་པ། གདུག་པའི་བྱ་དང་གཅན་གཟན་དང་ལས་ཀྱི་སྲིན་པོ་དང་གཤིན་རྗེ་དུ་མས་གང་བ་ཞིག་ཡོད་དོ། །དེར་སྐྱེ་བའི་བར་དོ་རྣམས་ཆར་རླུང་གིས་འདས་པ་སོགས་གྲང་བའི་རྣམ་པ་ཆེར་བྱུང་ནས་ལས་ཀྱི་དབང་གིས་ཚ་དམྱལ་གྱི་གནས་མཐོང་བས། དེར་དྲེ་བར་ཤེས་ནས་སྲེད་པས་རྒྱུགས་པས་གནས་དེར་ཚུད་ནས་སྐྱེ་བ་ལེན་པར་བཤད། དེ་ཡང་མེ་ཕལ་པ་བས་ཙན་དན་གྱི་མེ་བདུན་འགྱུར་གྱིས་ཚ། དེ་བས་ཀྱང་

༡༩༦

ཡང་སོས་ཀྱི་མེ་བདུན་འགྱུར་གྱིས་ཚ། དེ་བཞིན་དུ་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་ཚ་བར་གྲགས། དམྱལ་བའི་འགྲོ་བ་ཐམས་ཅད་རིག་པ་ཚོར་ངས་སྐྱེན་ཅིང་སྒྲིན་པ། ལུས་འཇམ་ཞིང་མཉེན་ལ་གཞོན་ཤ་ཆགས་པ། ལུས་སེམས་གཉིས་ཀའི་ཆ་ནས་བཟོད་སྲན་ཆུང་བ་ཞིག་ཡོད། དེས་ཀྱང་ལྷག་པར་སྡུག་བསྔལ་ཆེ། གནས་དེ་དག་ཏུ་བཞིན་ལག་དབང་པོ་ཐམས་ཅད་སྐད་ཅིག་ལ་ཁྲོང་གི་སྐྱེ་སྟེ། གཉིད་སད་པ་འདྲ་བ་ཞིག་ཡོད་པར་གདའ། དམྱལ་བ་ཐམས་ཅད་རྫུས་སྐྱེས་ཡིན། རྫུས་སྐྱེས་ཕལ་ཆེར་གྱི་ལུགས་ལ་དེ་བཞིན་དུ་འབྱུང༌། སྡུག་བསྔལ་མི་འདྲ་བ་སོ་སོའི་ཁྱད་པར་ནི། ཡང་སོས་ན་ཕན་ཚུན་དགྲ་མི་ཤ་པོ་མཐོང་བ་བཞིན་ཞེ་སྡང་སྐྱེ་ལ། ལག་ཏུ་བླངས་ཚད་མཚོན་ཆ་རྣོན་པོར་སོང་ནས་གཅིག་ལ་གཅིག་གིས་བསྣུན་པས་དུམ་བུ་མང་པོར་སོང་བ་ན། རེ་ཞིག་ཤི་བ་བཞིན་དུ་བརྒྱལ་ཞིང་འགྱེལ་འགྲོ །ནམ་མཁའ་ལས་རླུང་གྲང་མོ་དང༌། ཡང་སོས་གྱུར་ཅིག་ཅེས་པའི་སྒྲ་བྱུང་བ་ན་སོས་པར་འགྱུར་ཞིང༌། ཡང་སྔོན་བཞིན་འཐབ་པ་སོགས་ཡང་ཤི་ཡང་སོས་ལ་ཟད་པ་མེད་པའི་ཚུལ་དུ་ཡོད། ཐིག་ནག་ནི་གཤིན་རྗེ་རྣམས་ཀྱིས་དམྱལ་བའི་སེམས་ཅན་དེའི་ལུས་ལ་ཐིག་ནག་པོ་མང་པོ་བཏབ་སྟེ་སོགས་ལེས་གཅོད་པ་དང༌། སྟེའུས་གཞོག་པ་དང༌། མཚོན་ཆ་རྣོན་པོས་འགྲབ་སོགས་ཡོད་དེ། དེ་ཡང་སྟོད་བཏུབས་ཙ་ན་སྨད་འགྲིག །སྨད་བཏུབས་ཙ་ན་སྟོད་འགྲིག །ཚུལ་དེ་ཀས་གྲུབ་ཟིན་མེད་པ་ལས་དུས་འདའ་བའོ། །བསྡུས་འཇོམས་ནི། ལུས་ཐུག་སོགས་སྲོག་ཆགས་ཆེན་པོ་མི་བཟད་པ་འཐབ་པའི་བར་དུ་གཅེར་བ་དང༌། ཡང་ན་བྲག་རི་ལུག་གི་གདོང་དང་རའི་གདོང་པ་མ་ཧེ་དང་སེང་གེ་ལ་སོགས་པ་འཇིགས་སུ་རུང་བའི་རྣམ་པ་ཅན་གྱི་བར་དུ་གཅེར་བ་དང༌། རི་ཆེན་པོས་སྟེང་ནས་བཙིར་ཞིང་འཇོམས་པ་དང༌། ལྕགས་ཀྱི་གཏན་པ་དཔག་ཚད་མང་པོ་ཅན་གྱི་སྟེང་དུ་དམྱལ་བའི་སེམས་ཅན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ནས། རི་བོ་ཙམ་གྱི་གཏུན་ནམ་ཐོ་བས་འཇོམས་ཤིང་འཐག་པར་བྱེད་དོ། །རི་ཁ་གྱེས་པའམ་གཏུན་ཤིང་སོགས་བཏེག་ན། ཡང་སྔར་བཞིན་

༡༩༧

སོས་པར་འགྱུར་ལ། ཡང་བསྣུན་ཅིང་བཙིར་བ་ན། ལུས་ཕྱེ་མར་འཐག་པ་ཡིན་ནོ། །ངུ་འབོད་ནི། སྲོག་ཆགས་འཇིགས་སུ་རུང་བ་དུ་མས་འདས་པ་ན། རྒྱང་རིང་པོ་ནས་ཁང་པ་དཀར་པོ་ཞིག་མཐོང་ནས། དེ་བདེའོ་སྙམ་ནས་དེར་རྒྱུགས་ཏེ་ནང་དུ་ཕྱིན་པ་ན། ལྕགས་ཀྱི་ཁང་པ་སྒོ་མེད་དུ་གྱུར་ནས་ཕྱི་ནང་ཀུན་ཏུ་མེ་འབར་ཞིང་བསྲེགས་པས་ཐར་པའི་གོ་སྐབས་མེད་ཅིང་དྲག་ཏུ་ངུ་བར་བྱེད་པའོ། །ངུ་འབོད་ཆེན་པོ་ཡང་དེ་དང་འདྲ་བ་ལས་ལྕགས་ཀྱི་ཁང་པ་ཉིས་རིམ་དུ་ཡོད་པའོ། །ལྕགས་ཀྱི་བུམ་པའི་ནང་དུ་འཚེད་པ་དང༌། ཟངས་ཆེན་པོར་འཚེད་པ་སོགས་ཀྱང་དེ་དག་ན་ཡོད་དོ། །ཚ་བ་ནི། ལྕགས་ཀྱི་གསལ་ཤིང་ངམ་མདུང་ཐུང་རྣོན་པོ་མེ་འབར་བས་སྤྱི་བོས་ནས་བཤང་ལམ་མམ། བཤང་ལམ་ནས་སྤྱི་བོར་ཐལ་ཕྱུང་དུ་ཕུག་ནས་ནང་ཁྲོལ་ཐམས་ཅད་ནི་ཚིག །བུ་ག་དགུ་ནས་མེ་དང་དུད་པ་བརྒྱུད་མར་འབྱུང་བའོ། །རབ་ཏུ་ཚ་བ་ཡང་དེ་དང་འདྲ་བ་ལས་མདུང་རྩེ་གསུམ་པ་ལ་སོགས་པས་བསྣུན་པའོ། །གོང་མ་གོང་མའི་སྡུག་བསྔལ་ཐམས་ཅད་འོག་མ་འོག་མ་ལ་ཡོད་ཅིང༌། འོག་མ་འོག་མའི་སྡུག་བསྔལ་དུ་བཤད་པ་རྣམས་ལྷག་པའོ། །མནར་མེད་ཀྱི་གནས་ན་ནི་སྡུག་བསྔལ་ཚད་བཟུང་དུ་མེད་དེ། བདེ་བའི་གོ་སྐབས་ཅུང་ཟད་ཙམ་ཡང་མེད་དོ། །གནས་དེ་ན་ལྕགས་བསྲེགས་ཀྱི་འདབ་མ་ལ་འདུས་ཐམས་ཅད་འགྲིལ་བ་དང༌། ལྕགས་ཀྱི་ཞིབ་མ་ཆེན་པོར་བྱེ་ཚན་དང་ལྷན་ཅིག་འཁྲབ་པ་དང༌། ལྕེ་ལ་རྨོས་དོར་ལྔ་བརྒྱས་རྨོས་པ་སོགས་ཀྱང་ཡོད་པར་བཤད་ལ། མེར་མེའི་སྡོང་བུ་ལ་མེ་འབར་བ་ལྟར་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་མེ་འབར་བས་མེ་ལྕེ་དང་སྲོག་ཆགས་དབྱེ་བ་མི་ཕྱེད་དོ། སྨྲེ་སྔགས་འདོན་པ་ཙམ་ལས་སེམས་ན་ཡོད་པར་རྗེས་སུ་དཔག་གོ །དེ་ལྟར་སྡུག་བསྔལ་དོས་དྲག་ཚུལ་དེ་བཞིན་ཡིན་ལ། ཡུན་ཚད་རིང་བ་ནི། མངོན་པ་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་

༡༩༨

དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཅེས་དང༌། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། ཅེས་གསུངས་ཏེ། མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ཞག་གཅིག །དེས་རྩིས་པའི་རང་ལོ་ལྔ་བརྒྱ་ཐུབ། དེ་ཡོངས་རྫོགས་ཡང་སོས་པའི་ཞག་གཅིག་ཏུ་བྱས། དེའི་ལོ་ལྔ་བརྒྱ་ནི། ཡང་སོས་པའི་ཚེ་ཚད་ཡིན་ལ། འོག་མ་རྣམས་ལོ་གྲངས་ཡང་ཉིས་འགྱུར་ཉིས་འགྱུར་དུ་འཕེལ་ཞིང༌། ཞག་གྲངས་ཀྱང་ཉིས་འགྱུར་ཀྱིས་རིང་བས་གོང་མ་གོང་མའི་བཞི་འགྱུར་འོག་མ་འོག་མ་ལ་ཡོད་པར་ཤེས་པར་བྱའོ། །དམིགས་པའི་འཇུག་སྡོམ་ནི། དེ་ལྟར་སྡུག་བསྔལ་དོས་ནི་དྲག །ཡུན་ནི་རིང༌། ད་ལྟ་མེ་ཕྲ་མོ་གཅིག་ལ་སོར་མོའི་རྩེ་མོ་ཙམ་ཡང་ཡུད་ཙམ་རེ་ཡང་འཇོག་ཏུ་མི་བཏུབ་ན་ནམ་ཞིག་དེ་ལྟ་བུ་རང་གི་ཐོབ་ཏུ་བབས་ན། བཟོད་པའི་གོ་སྐབས་ཅུང་ཟད་ཀྱང་མི་འདུག་སྟེ། ལན་གཅིག་དེར་སྐྱེས་ཟིན་ནས་ཟློག་པའི་ཐབས་མེད། ད་ལྟ་ཟློག་པའི་ཐབས་ཡོད་དེ་དེར་སྐྱེ་བའི་རྒྱུ་ལས་ངན་སྡིག་པ་དག་སྦྱངས་ན་ཟློག་པའི་ཐབས་ཁོ་ན་ཡིན། དེར་མི་སྐྱེ་བའི་ཕྱིར་ཆོས་ལ་འབད་དགོས་སྙམ་དུ་བསམ་མོ། །དམིགས་སྐོར་དགུ་པའོ། །ཡང་བློའི་རིམ་པ་དང་བསྟུན་ནས་སོ་སོར་ཕྲལ་ཏེ་དམིགས་སྐོར་འགའ་རེ་བྱས་ཀྱང་མི་རུང་བ་མེད་པ་ལགས། ད་ནི་གྲང་དམྱལ་གྱི་སྡུག་བསྔལ་བསམ་པར་བྱ་སྟེ། སྡོམ་ནི། ཆུ་བུར་ཆུ་བུར་རྡོལ་པ་ཅན། །ཨ་ཆུ་ཀྱི་ཧུད་སོ་ཐམ་པ། །ཨུཏྤལ་པདྨ་པད་ཆེར་གས། །ཅེས་སོ། །གྲང་དམྱལ་ཐམས་ཅད་མཐུན་པར་ས་གཞི་རི་ཀླུང་ཐམས་ཅད་གངས་དང་ཆུ་འཁྱགས་ཀྱི་རང་བཞིན་སྐྱབས་སྐྱིབས་ལ་སུལ་ཉུང་བ། རླུང་དང་བུ་ཡུག་འདྲེས་པ་ཆེས་ཤིན་ཏུ་གྲང་བས་རྟག་ཏུ་ཁྱབ་པ། རླུང་གྲང་མོ་རྣམས་ཤ་ལྤགས་ཕུག་ནས་རུས་པའི་གཏིང་དུ་ཡང་འགྲོ་བ་

༡༩༩

ཡོད། བརྒྱད་པོ་ཡང་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་གྲངས་བར་བཤད། དེར་སྐྱེ་བའི་སེམས་ཅན་དེ་ཡང་བར་དོའི་སྐབས་སུ་ཐོག་མར་མེ་ནང་དུ་ཚིག་པ་ལྟ་བུའི་ཉམས་བྱུང་ནས་གྲང་བ་འདོད་པའི་སྐབས་སུ་གྲང་དམྱལ་གྱི་གནས་མཐོང༌། དེ་ཕྱོགས་སུ་རྒྱུགས་པས་དེར་ཚུད་ནས་སྐྱེ་བ་ལེན་པར་བཤད། དེ་ལ་ཆུ་བུར་ཅན་ནི། ཆེས་གྲང་བས་ལུས་ཀྱི་ཕྱི་ནང་ཐམས་ཅད་ཆུ་བུར་གྱིས་གང་བའོ། །ཆུ་བུར་བརྡོལ་པ་ཅན་ནི། དེ་བས་ཀྱང་གྲང་བས་ཆུ་བུར་བརྡོལ་ཏེ། ཆུ་སེར་གྱིས་ལུས་ཡོག་པ་རྣམས་ཀྱང་འཁྱག་པར་འགྲོ་བ་ཡིན་པར་བཤད་ལ། སློབ་སྤྲིང་ལས་ནི་ཆུ་སེར་ལས་སྐྱེས་པའི་སྲོག་ཆགས་ཀྱིས་ལུས་འབུགས་ཤིང་ཟ་བར་ཡང་བཤད་དོ། །ཨ་ཆུ་ཟེར་བ་ནི། སྐད་ཤིབ་ཤིབ་བོར་འབྲུ་དག་ཅན་ཅུང་ཟད་ཐོན་ཙམ་མམ་གྱི་སྨྲེ་སྔགས་འདོན་པ་དང༌། ཀྱི་ཧུད་ཟེར་བ་ནི་དེ་བས་ཀྱང་གྲང་བས་འབྲུ་དག་མི་ཐོན་ཏེ། ཉེན་སྐད་ཕྲ་མོ་ཙམ་འབྱིན་པའོ། །སོ་ཐམ་ཐམ་པ་ནི། དེ་བས་ཀྱང་ཤིན་ཏུ་གྲང་བས་སྐད་མཐོན་པར་ལུས་འདར་བས་སྐོས་ཐག་ཅིང་སོ་བདར་རྡེབ་པའོ། །ཨུཏྤལ་ལྟར་གས་པ་ནི་ལུས་དུམ་བུ་བཞིའམ་བརྒྱད་ལ་སོགས་པར་གས་པ་ཡིན་ལ། པདྨ་ལྟར་གས་པ་ནི། ལུས་དུམ་བུ་བརྒྱ་ལ་སོགས་པར་གས་པ་དང༌། པདྨ་ལྟར་ཆེར་གས་པ་ནི། གྲང་བའི་མཐར་ཐུག་པས་ལུས་ཀྱི་ཆ་ཤས་རེ་རེ་ཡང་དུམ་བུ་བརྒྱ་ཚལ་སྟོང་ཚལ་དུ་གས་པའོ། །ཚེ་ཚད་ནི་ཆུ་བུར་ཅན་ལ་ཁལ་བརྒྱད་ཅུ་འགྲོ་བའི་སྣོད་ཆེན་པོ་སྦྱང་ཞེས་ཟེར་བ་གཅིག་ཏིལ་གྱིས་ཕྱུར་བུར་བཀང༌། ལོ་བརྒྱ་རེ་ནས་ཏིལ་འབྲུ་རེ་ཕྱིར་བསྐྱུར་ན་དེ་ནམ་ཟད་པ་ཙམ་ཆུ་བུར་གྱི་ཚེ་ཐུབ་པར་བཤད། འོག་མ་རྣམས་ལ་ཉི་ཤུ་ཉི་ཤུ་འགྱུར་གྱི་འགྲེས་རྩིབ་ཡིན། འདི་ལ་ཡང་དམིགས་པའི་གཞི་དང་འཇུག་སྡོམས་ཚ་དམྱལ་གྱི་སྐབས་དང་འདྲ། དམིགས་སྐོར་བཅུ་པའོ། །ད་ནི་ཉི་འཁོར་བའི་

༢༠༠

སྡུག་བསྔལ་བསམ་ཏེ། འདི་ནི་མངོན་པ་ལས། བརྒྱ་པོ་ཀུན་ལས་ལྷག་བཅུ་དྲུག །འདི་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་དང༌། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། །ཅེས་འབྱུང༌། དེ་ཡང་དམྱལ་བའི་དངོས་གཞི་ཚ་དམྱལ་བརྒྱད་པོ་རེ་རེ་ལ་ཡང་སོ་སོའི་ཕྱོགས་བཞི་པོ་རྣམས་སུ་ཉེ་འཁོར་བ་བཞི་པོ་འདི་རྣམས་ཚ་ཚང་བ་རེ་རེ་ཡོད་པ་ཡིན། དེ་ཡང་མེ་མ་མུར་གྱི་འོབས་ནི་འོབས་མི་འདག་གིས་གང་བ་ཁ་ཞིང་ཤིན་ཏུ་ཆེ་བ་ཡོད་ཏེ། དེར་དང་པོ་ནས་སྐྱེས་པའམ་ཚ་དམྱལ་དངོས་གཞི་ནས་འཁྱམས་པ་ཡིན་ཀྱང་རུང༌། དམྱལ་བའི་སེམས་ཅན་རྣམས་ནི་སྡུག་བསྔལ་ཆེ་དྲགས་པས་གཅིག་ཏུ་བློ་ཆགས་ནས་སྡོད་པའི་གནས་མེད། སྐབས་དེར་ཡང་གར་བབ་བབ་ཏུ་བྲོས་པས་མེ་འདག་གི་འོབས་དེར་ཚུད། ལས་ཆེ་ཆུང་གི་མཐུ་ལས་ཕུས་ནུབ་ཙམ་ཙམ། སྐེད་པ་ནུབ་ཙམ་སོགས་མ་ངེས་པར་འབྱུང༌། འབྲོས་པར་འདོད་ན་ཡང་མགོ་འཁོར་བས་ལྡོག་གིན་ཡོད་པ་དང༌། དམྱལ་སྲུང་འཇིགས་པ་རྣམས་ཀྱིས་འགྲམ་ནས་བསྲུངས་ཏེ་འགྲོས་སུ་མི་སྟེར་རོ། །རོ་མྱགས་ཀྱི་འདམ་ནི། ཡང་བྲོས་པ་ན་རོ་མྱགས་ཞེས་བྱ་བ་མི་གཙང་བ་བཙོག་དགུའི་འདམ་ལ་ཐེབས་ཏེ། དྲི་མི་བཟང་བ་ཚོར་བས་མགོ་འདས་པ་ཙམ་དྲན་མེད་དུ་རྒྱལ་བ་ཙམ་འབྱུང༌། འདམ་གྱི་དབུས་སུ་སྲིན་བུ་ལྕགས་མཆུ་ཅན་དང་ཟངས་མཆུ་ཅན་མང་པོ་འབྱུང་སྟེ། ཤིན་སྲིན་གྱིས་ཤིང་ལ་ཟ་བ་བཞིན་དུ་ལུས་འབུགས་ཤིང་ཟ་བར་བྱེད་དོ། །སྤུ་གྲིས་གཏམས་པའི་ལམ་ལ་སོགས་པ་ནི། རྒྱང་རིང་པོ་ནས་ནེ་གསིང་ཡིད་དུ་འོང་བ་ལྟར་མཐོང་ནས། དེར་རྒྱུགས་པ་ན་ས་གཞི་ཐམས་ཅད་སྤུ་གྲི་སོར་བཞི་པས་གཏམས་པ་ཡིན་ཏེ། རྐང་པ་གཅོད་པ་ལ་སོགས་པས་སྡུག་བསྔལ་བའོ། །སོགས་ཁོངས་ནས་བསྡུས་པར་རལ་གྲི་ལོ་མའི་ནགས་ཚལ་ཅེས་པ་ནི། ཚ་བས་གདུངས་པ་ན་རྒྱང་རིང་པོ་ནས་ནགས་

༢༠༡

ཚལ་སྔོན་པོ་མཐོང་སྟེ། དགའ་བས་རྒྱུགས་ནས་དེར་ཕྱིན་པ་ན། ལོ་འདབ་ཐམས་ཅད་རལ་གྲི་ལ་སོགས་པའི་མཚོན་ཆར་ཡོད་པ་དེ་རླུང་གིས་བསྐྱོད་པས་ཆར་ལྟར་བབས་ཏེ་ལུས་དུམ་བུ་མང་པོར་བྱེད་པའོ། །ཤལ་མ་ལིའི་སྡོང་པོ་ནི། སྲོག་ཆགས་གདུག་པ་ཅན་མང་པོས་བདས་པས་ཤལ་མ་ལིའི་སྡོང་པོ་ཆེན་པོ་མཐོང་ནས་དེ་ལ་འཛེགས་པ་ན། ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་པ་ཁ་ཐུར་དུ་ལྟས་པ་མང་པོ་ཡོད་པས་ལུས་ཐལ་ཕྱུང་དུ་ཕུག་རིམ་པས་རྩེ་མོར་ཕྱིན་པ་ན། བྱ་གདུག་པ་ཅན་གྱི་ཚོགས་ཀྱིས་མིག་འབྱིན་པ་དང་ཤ་འཐོག་པ་ལ་སོགས་པ་འཇིགས་པ་དུ་མ་བྱུང་སྟེ། ཡང་ཐུར་དུ་བབས་ན། ཚེར་མ་ཁ་གྱེན་དུ་ལྟས་ཏེ་ལུས་འབུགས་པ་ལ་སོགས་པའོ། །གསུམ་པོ་དེ་མཚོན་ཆའི་གནོད་པ་ཡིན་པས་གཅིག་ཏུ་བསྡམས་སོ། །བཞི་པ་ཐལ་ཚན་གྱི་ཆུ་བོ་རབ་མེད་ནི་ཤིན་ཏུ་ཚ་བས་གདུངས་པ་དེ་རྒྱང་རིང་པོ་ན་ཆུ་ཀླུང་འབབ་པ་མཐོང་སྟེ། དེར་ཕྱིན་ནས་ཚམ་ཚམ་མེད་པར་མཆོངས་པ་ན། དེ་ནི་མེ་ཆུ་འདྲེས་མ་ཤིན་ཏུ་ཚ་བ་གཏིང་ཟབ་ལ་རྒྱ་ཆེ་བ་ཞིག་ཡོད་དེའི་ལུས་ཆུ་ནང་དུ་ནུབ་པ་ན་ཤིན་ཏུ་ཚོས་པས་ཤ་རུས་བྲལ་ཏེ། ཤ་རྣམས་བུད་སྲོག་ནི་རུས་པ་ལ་གནས། ཀེང་རུས་སུ་ཟང་གིས་སོང་བ་དེའི་ཆུའི་སྟེངས་སུ་ཐོན་ཡོང༌། དེ་མ་ཐག་ཤ་སྔར་བཞིན་སྐྱེས་ནས་ཡང་ནུབ་པ་སོགས་སོ། །དེ་དག་ལ་ཚེ་ཚད་ངེས་པ་མེད་ཀྱང་སོ་སོར་ལོ་བརྒྱ་སྟོང་དུ་མ་གནས་དགོས་པས་དོས་ནི་དྲག་ཡུན་ནི་རིང་ངོ༌། །དམིགས་པའི་གཞི་དང༌། འཇུག་སྡོམ་སྔར་བཞིན་ནོ། །དམིགས་སྐོར་བཅུ་གཅིག་པའོ། །ད་ནི་དམྱལ་བ་ཉི་ཚེ་བའི་སྡུག་བསྔལ་བསམ་པར་བྱ་སྟེ། དེ་ལ་གནས་ནི་འོག་དང་ས་སྟེང་གི་རི་དང་ཐང་དང་ཆུ་ལ་སོགས་པ་ངེས་མེད་ལ་གནས། ཚེ་ཡང་ངེས་པ་མེད་དེ་འགའ་ཞིག་དངོས་གཞི་རྣམས་ལས་ཀྱང་ཚེ་རིང་བ་ཙམ་ཡང་ཡོད། ཁ་ཅིག་ཚེ་ཐུང་བའང་ཡོད། སྡུག་བསྔལ་མྱོང་ཚུལ་ཡང་མ་ངེས་པ་

༢༠༢

སྣ་ཚོགས་པ་ནི། མདོ་ལས། ཉིན་མོ་ལྷའི་བདེ་བ་མྱོང་མཚན་མོ་དམྱལ་བའི་སྡུག་བསྔལ་མྱོང་བ་སོགས་དང༌། དམྱལ་བ་གདན་འདྲ་བ་དང༌། རྩིག་པ་འདྲ་བ་དང༌། གཏུན་བུ་འདྲ་བ་དང༌། ཕྲུ་བ་འདྲ་བ་དང༌། ལྗོན་ཤིང་འདྲ་བ་དང༌། ཕྱགས་ཤིང་འདྲ་བ་ལ་སོགས་པ་ལུས་ཀྱི་རྣམ་པ་ཡང་མ་ངེས་པ་སྣ་ཚོགས་པ་ཡོད་དོ། །དམིགས་པའི་གཞི་དང་འཇུག་སྡོམ་སྔོན་དང་འདྲ། དམིགས་སྐོར་བཅུ་གཉིས་པའོ། །སྐབས་འདི་དག་ཏུ་རྣ་བ་བྱེ་བ་རི་པ་དང༌། འཕགས་པ་དགེ་འདུན་འཚོའི་རྟོགས་བརྗོད་ལ་སོགས་པས་ཀྱང་ངེས་ཤེས་བསྐྱེད་པར་བྱའོ། །གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། སྔོན་འགྲོ་དང་དམིགས་པའི་གཞི་སྔར་ལྟར་བྱས། ཡང་འདི་ལྟར་བསམ་པ་སྟེ་བདག་དམྱལ་བར་མ་སྐྱེས། ཡི་དྭགས་སུ་སྐྱེས་པའི་ཚེ་བདེ་བ་ཡོད་དམ་སྙམ་ན། དེ་ན་ཡང་བདེ་བ་མེད་དེ་ཡི་དྭགས་ལ་གནས་ན་གནས་པ་དང་ཁ་འཐོར་བ་རིགས་གཉིས་ཡོད། དང་པོ་ནི་ས་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན། ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ན། ཡི་དྭགས་ཐམས་ཅད་ཀྱི་གཙོ་བོ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཁབ་ཡོད། དོའི་ཉེ་སྐོར་ན་ཡི་དྭགས་བགྲང་བ་ལས་འདས་པ་ཞིག་གནས། ཁ་འཐོར་བ་ནི་བར་སྣང་ལ་རྒྱུ་བ་དང་ས་སྟེང་ན་རྒྱུ་བ་དང༌། ས་འོག་ན་རྒྱུ་བ་བགྲང་བ་ལས་འདས་པ་ཞིག་ཡོད་དེ། གལ་ཏེ་མངོན་ཤེས་དང་ལྡན་པས་བལྟས་ན། ཕྱོགས་གང་ལ་ཕྱིན་ནས་ཀྱང་ཡི་དྭགས་ཀྱི་འགྲོ་བས་ཁྱབ། འགྲོ་སྡོད་ཀྱིས་ཙམ་མི་རྙེད་པའི་ཚུལ་ཙམ་དུ་ཡོད་པར་གདའ། དེ་དག་ལས་ཡི་དྭགས་རྫུ་འཕྲུལ་ཆེ་བ་རེ་རེ་ཙམ་ཅུང་ཟད་སྐྱིད། གཞན་ཐམས་ཅད་ཆེས་སྡུག་བསྔལ་བ་ཡིན། མདོ་སྡེ་ཆེན་པོ་དྲན་པ་ཉེ་བར་བཞག་ལས། ཡི་དྭགས་ལ་རིགས་སུམ་ཅུ་སོ་དྲུག་གསུངས། འདིར་བསྟུན། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་གསུམ་དུ་འདུས།

༢༠༣

ཕྱིའི་སྒྲིབ་པ་ཅན་ནི། ལོ་མང་པོར་ཟས་སྐོམ་ཡེ་མི་རྙེད། རྒྱང་རིང་པོ་ནས་ཟས་ཀྱི་ཕུང་པོ་མཐོང་ཡང་དྲུང་དུ་བྱིན་ན་ཤུལ་ཙམ་མེད་པར་སྟོང་པ་ལྟར་མཐོང་བ་དང༌། ཆུ་ཀླུང་ཆེན་པོའི་འགྲམ་དུ་ཕྱིན། གསེག་མ་བྱེ་མའི་གྲོག་པོར་འགྲོ་བ་དང༌། ལྗོན་ཤིང་འབྲས་བུ་རྒྱས་པའི་དྲུང་དུ་གཏུག་ནའང༌། ཤིང་སྐམ་པོར་འགྱུར་བ་སོགས་ཡོད། འགའ་ཞིག་ལ་སྲིན་པོ་མང་པོས་བསྲུངས་ཏེ་མི་གཏོང་བ་ཡང་ཡོད། ནང་གི་སྒྲིབ་པ་ཅན་ནི། ཁ་ཁབ་མིག་ཙམ་དུ་གྱུར་ནས་དང་པོར་བཟའ་བཏུང་ཁར་མི་ཆུད། ཅུང་ཟད་ཆུད་ན་ཡང་ཟས་རྣམས་འགྲམ་ཕུགས་ཡངས་པོ་དེར་སྟོར།ོ སྐོམ་རྣམས་ཁའི་དུག་ཆེན་པོས་སྐམ། གལ་ཏེ་བཟའ་བཏུང་མིད་ཀྱང་མགྲིན་པ་གཞུ་རྒྱུད་ལྟར་ཕྲ་བ་ནས་མི་འགྲོ །སོང་ཡང་ལྟོ་བའི་གཏོས་ཙམ་ཡོད་པས་ལྟོ་ཁེངས་པའི་དུས་མེད་པ་ཡིན། ཟས་སྐོམ་གྱི་སྒྲིབ་པ་ཅན་ནི་བཟའ་བཏུང་ཟོས་ཚད་ཁོང་ནང་དུ་མེ་འབར་བར་སོང་ནས་ཚིག་པ་དག །དང་པོ་ཉིད་ནས་ཀྱང་མི་འདག་དག་བཤང་གཅི་དང་རྣག་ཁྲག་ལ་སོགས་པ་ངན་པ་དང་སྡུག་བསྔལ་སྐྱེད་པ་ཁོ་ན་ཟ་དགོས་ཀྱི། བཟང་པོ་ཡེ་མི་རྙེད་པ་ཡིན། ཡི་དྭགས་དེ་ཐམས་ཅད་སྤྱིར་ན་དུས་རྟག་ཏུ་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་བཟོད་གླགས་མེད་པ་ཡིན། གོས་དང་བྲལ་ཏེ་ཚད་པས་ཚིག་པ་དང༌། གྲང་བས་སྒྲིབས་པའི་སྡུག་བསྔལ་དཔག་ཏུ་མེད། དགུན་གྲང་དུས་ཉི་མའི་འོད་ཀྱིས་ཀྱང་གྲང་རོགས་བྱེད་པ། སོས་ཀ་ཚད་དུ་ཟླ་བའི་འོད་ཀྱིས་ཀྱང་ཚིག་སྟེ་འོང༌། ཆར་བབ་ན་མེ་ཆར་བབས་ཏེ་ཚིག་པའི་སྣང་བ་འབྱུང༌། དུས་རྟག་ཏུ་འཚོལ་འགྲོས་ཀྱི་བྲེལ་བས་ངལ་ཞིང་ཐང་ཆད་པའི་སྡུག་བསྔལ་དང་ཟས་སྐོམ་ཡེ་མ་བྱུང་བས་ལུས་སྐམས་པ་ལྟ་བུར་གྱུར། རུས་ཚིགས་སུམ་བརྒྱ་དྲུག་ཅུ་འཁྲོགས་པས་རྡོ་ངར་མ་འཐབས་པ་ལྟར་མེ་ལྕེ་ཉུག་ཉུག་པ་འབྱུང༌། ཕན་ཚུན་དགྲར་གྱུར་པས་

༢༠༤

བཟུང་པ་དང་འཆིང་བ་དང༌། རྡེག་པ་དང༌། ཆད་པས་གཅོད་པའི་འཇིགས་པ་ཡང་ཡོད། ཞར་བ་རང་འདོགས་ཟེར་བའི་ཚུལ་གྱིས་གཏད་པ་མེད་པར་ཡང་འཇིགས་སྐྲག་ཆེན་པོས་འབྲོས། དེ་འདྲ་བའི་སྡུག་བསྔལ་དོས་དྲག་པ་དང༌། ཡི་དྭགས་ཕལ་མོ་ཆེའི་ཚེ་ཚད་མི་ལོ་སྟོང་ཕྲག་བཅོ་ལྔ་ཐུབ་པས་ཡུན་རིང༌། དམིགས་པའི་འཇུག་སྡོམ་དང༌། རྗེས་ཀྱི་བྱ་བ་སྔར་དང་འདྲ། དམིགས་སྐོར་བཅུ་གསུམ་པའོ། །དེར་མ་འདུས་པ་མིན་ཀྱང་ད་ལྟའི་ཡི་དྭགས་ཁ་འཐོར་བ་མཁའ་ལ་རྒྱུ་བའི་འདྲེ་བཀྲེན་འདི་རྣམས་ལ་སྒོས་སུ་བསྒོམ་པའི་དམིགས་སྐོར་གཅིག་མཛད་པའི་སྲོལ་ཡོད། དེ་ལྟ་ན་གཞན་ལ་གནོད་པ་བྱས་པས་སླར་ཡང་ངན་སོང་དུ་འགྲོ་བ་དང༌། ཤུགས་ལམ་བསམ་ཀྱང་དུག་ཆེན་པོས་གཞན་ལ་གནོད་པ་འབྱུང་བ་དང༌། མཐུ་བོ་ཆེ་རྡུང་རྡེག་བྱེད་པ་དང༌། མཉེས་མ་ལན་ལ་འདྲེས་བྱས་སོ། །ཞེས་ཁག་ངན་བྱུང་བའི་ཚེ། སེམས་ལ་སྡུག་བསྔལ་སྐྱེས་པ་སོགས་ཡོད་གསུངས། འདི་དམིགས་སྐོར་ལོགས་པར་མ་བྱས་ཀྱང་རུང་སྔ་མ་དེའི་ནང་དུ་བལྡབ་པས་ཆོག་གོ །གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། དུད་འགྲོ་ལ་བྱིངས་དང་ཁ་འཐོར་བ་གཉིས། བྱིངས་ན་གནས་པ་རྒྱ་མཚོ་ཆེན་པོ་ན་ཡོད། སྐྱོབས་པའི་གནས་མེད་རླབས་ཀྱིས་འདས་ཏེ་འགྲོ་བས་ངེས་མེད་འཁྱམས། ཕན་ཚུན་གཅིག་ལ་གཅིག་ཟ། རྟག་ཏུ་དགྲ་བྱུང་དྭོགས་པས་འཇིགས་ཤིང་སྡུག །གསོན་བཞིན་དུ་ཟ་བ་སོགས་ཀྱིས་སྡུག་བསྔལ་ལ་བཟོད་ཐབས་མེད། ཁ་འཐོར་བ་མི་དང་ལྷའི་ཡུལ་ན་ཡོད་པ་འདི་རྣམས་ཡིན མིས་བདག་ཏུ་མ་བཟུང་བ་རྣམས་ནི་དགྲ་བྱུང་གི་དོགས་པས་རྟག་ཏུ་སེམས་ལ་བདེ་བ་མེད། མིས་བདག་ཏུ་བཟུང་བ་རྣམས་ཀྱང་སྤུ་འཇིང་བ་དང༌། སྣ་འབིབས་པ་དང༌། རྡེག་པ་དང༌། ཁུར་ལྕིབས་ངལ་བ་སོགས་དང༌། ཤ་དང་ཁྲག་དང་ལྤགས་པ་རུས་པའི་ཕྱིར་གསོད་པ་ལ་སོགས་གསོད་གཅོད་

༢༠༥

བཀོལ་སྤྱོད་ཀྱིས་སྡུག་བསྔལ་མང་པོ་དང༌། གཞན་ཡང་བཀྲེས་སྐོམ་ཚ་གྲང་ངལ་དུབ་ལ་སོགས་པ་དམྱལ་བའམ། ཡི་དྭགས་རྣམས་དང་སྡུག་བསྔལ་འདྲ་རུང་དུ་ཡོད། གཙོ་བོར་སྡུག་བསྔལ་གྱི་གཙོ་བོ་ཤིན་ཏུ་རྨོངས་པས་གཅིག་ལ་གཅིག་ཟ་བ་ཡིན་ཏེ། མི་ཤ་ཆགས་པའི་དགྲ་ལ་ཟོན་བྱེད་པ་ལྟར་རྟག་ཏུ་གནས་དགོས་པ་ཡིན། དམིགས་པའི་གཞི་དང་འཇུག་སྡོམ་སྔར་དང་འདྲ། སྔོན་འགྲོ་དང་རྗེས་ཀྱང་སྔར་དང་འདྲ། དམིགས་སྐོར་བཅུ་བཞི་པའོ། །དེ་རྣམས་ཀྱི་གནད་བསྡུས་པའི་ཐོན་ཆོས་ལ། དེ་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་བཙམ་ཙ་ན་བཟོད་པའི་ཐབས་མི་འདུག །དེ་ལས་སྐྱོབ་པའི་སྐྱབས་ཤིག་དགོས་པར་འདུག །སྐྱབས་སུས་ཐུབ་ན། ཚངས་པའམ། བརྒྱ་བྱིན་ནམ་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་སྐྱོབ་མི་ཐུབ་ན་གཞན་འདི་པ་ཀུན་གྱིས་ག་ལ་ཐུབ། འོ་ན་སུས་ཐུབ་ན་དཀོན་མཆོག་གསུམ་གྱིས་ཐུབ། བདག་ལྷ་ཇོ་བོ་དཀོན་མཆོག་རིན་པོ་ཆེ་གསུམ་ལ་སྐྱབས་སུ་འགྲོ། སངས་རྒྱས་ལ་སྟོན་པ་ཞུ། ཆོས་ལ་ནི་ཉམས་ལེན་ཞུ། དགེ་འདུན་ལ་ནི་དེ་སྒྲུབ་པའི་གྲོགས་ཞུ་བ་ཡིན་སྙམ་དུ་བསམ། ཡང་སྐྱབས་ཀྱང༌། སྐྱོབས་པ་ཆོས་ཀྱིས་སྐྱོབ་བྱ་བ་ཡིན། སངས་རྒྱས་ཀྱིས་ཀྱང་མི་ཆུས་ཁྱེར་བ་སྐྲ་ནས་འཛིན་པ་ལྟར་སྐྱོབ་ཏུ་མི་བཏུབ། ཆོས་བཤད་ཆོས་བཞིན་བྱེད་དུ་བཅུག་ནས་སྐྱོབ་པ་ཡིན། སངས་རྒྱས་ལ་དད་པ་བསྒོམས་ཏེ། དེས་གསུངས་པའི་ཆོས་ནས་ཇི་སྐད་བཤད་པ་བཞིན་བྱ། འཕགས་པའི་དགེ་འདུན་རྣམས་ཀྱིས་ཇི་འདྲ་མཛད་འདུག་པ་དེ་བཞིན་དུ་རང་རེ་ཡང་དེའི་ལད་མོས་ཟློས་ཏེ་བྱེད་སྙམ་པ་རྒྱུན་དུ་བསྒོམ། ཐུན་གྱི་འགོ་ཞབས་ལ། སྐྱབས་འགྲོ་དང་འབྲེལ་བའི་ངག་འདོན་གྱི་དགེ་སྦྱོར་དེ་ཀུན་ཡང་འགྲུས་སར་བྱེད་པ་གནད་ཆེ། སྐྱེས་བུ་ཆུང་ངུའི་ལུགས་ཀྱི་སྐྱབས་འགྲོ་རྣམ་དག་དེ་མཚམས་འདི་ནས་སྐྱེ་བ་ལེགས་

༢༠༦

སོ། ཅེས་གདམས་ཏེ་དམིགས་སྐོར་བཅོ་ལྔ་པའོ། །སྐབས་འདིར་སྐྱབས་འགྲོའི་གོ་བ་རགས་རིམ་ཞིག་སློབ་མ་ལ་ངེས་པར་འཆད་པ་གལ་ཆེ། སློབ་མས་ཀྱང་བློ་ལ་བཅགས་པ་གལ་ཆེའོ། །ལམ་རིམ་གྱི་ཡིག་རྙིང་འགའ་ཞིག་ཏུ་སྐྱེས་བུ་ཆུང་ངུའི་རིམ་པ་དེ་ཡན་གྱིས་ཚར་བར་མཛད། ལས་འབྲས་གསེབ་ཚགས་སུ་གཏོང་བའི་ལུགས་ཀྱང་འདུག་སྟེ། ལམ་རིམ་གྱི་ཡི་གེ་ཕལ་ཆེར་གྱི་ལུགས་ལྟར་ལས་འབྲས་ལ་ཡང་ཁྲིད་ལོགས་པ་སྐྱོང་བ་ཉིད་ལེགས་སོ། །བཞི་པ་ལས་འབྲས་ཀྱི་ཁྲིད་ནི་ལས་འབྲས་སྤྱིར་བསམ་པ་དང༌། བྱེ་བྲག་ཏུ་བསམ་པའོ། །དང་པོ་ནི། ལས་དཀར་པོ་དགེ་བ་ལས་འབྲས་བུ་བདེ་བ་ཁོ་ན་འབྱུང༌། ལས་ནག་པོ་སྡིག་པ་ལས་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་སྟེ། དཀར་ནག་ལས་འབྲས་སོ་སོར་ངེས་པས་ཀྱང་སྤང་བླང་བྱེད་དགོས། ལས་དགེ་སྡིག་གང་ཡིན་ཡང༌། རྒྱུ་ལས་ཀྱི་དུས་ན་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྣམ་སྨིན་གྱི་དུས་ན་འཕེལ་ཆེ་སྟེ། འགྱུར་ཆུང་ཤོས་རང་ལ་ཡང་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ། འགྱུར་ཆེ་བ་ལ་ཚད་གཟུང་དུ་མེད་པས་སྤང་བླང་གལ་ཆེ། རང་གིས་བྱས་པའི་ལས་དཀར་ནག་རྣམས་ནི་གཉེན་པོས་མ་བཅོམ་ན། འབྲས་བུ་མ་སྨིན་གྱི་བར་ཆུད་འཛའ་བ་མི་སྲིད། རང་གིས་མ་བྱས་ན་ལས་དཀར་ནག་གང་ཡང་རང་རྒྱུད་ལ་འབྱུང་བ་མི་སྲིད་པས། རང་ཉིད་བླང་དོར་གྱི་གནས་ལ་གཟབ་པ་གལ་ཆེ་སྙམ་དུ་བསྒོམ། དམིགས་སྐོར་བཅུ་དྲུག་པའོ། །གཉིས་པ་སོ་སོར་བསམ་པ་ལ། །ནག་པོའི་རྒྱུ་འབྲས་བསམ་པ་དང༌། དཀར་པོའི་རྒྱུ་འབྲས་བསམ་པའོ། །དང་པོ་ནི། སྔོན་འགྲོ་དང་རྗེས་སྔར་ལྟར་ལས། ཡན་ལག་བདུན་པའི་མཇུག་ཏུ་སྐྱབས་འགྲོ་རེ་ཡང་ངེས་པར་བྱ། འདི་ལྟར་ན་ངན་སོང་གསུམ་དང༌། མཐོ་རིས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་ཡིན། རྒྱུ་མི་དགེ་བའི་ལས་ལས་བྱུང་ངོ་སྙམ་དུ་དམིགས་པའི་

༢༠༧

གཞི་བཅས་ནས་མི་དགེ་བ་དེ་ཡང་རྣམ་གྲང་མང་མོད་ཀྱི་བླང་དོར་གྱི་གནས་ལ་གལ་ཆེ་བར་གས་པ་ཆེ་ལོང་ཙམ་བསྡུ་ན། མི་དགེ་བ་བཅུ་སྟེ། དེ་ལ་ལུས་ཀྱི་རྣམས་པ་གསུམ་གྱི་སྲོག་གཅོད་པ་ནི། སྲོག་གཅོད་འདོད་ཀྱིས་བསམ་བཞིན་དུ་བསད་བྱ་མ་ནོར་བར་བསད་ལ། གསད་བྱ་དེ་མ་ཤི་བར་དུ་གསོད་སེམས་རྒྱུན་མ་ལྡོག་པའོ། །མ་བྱིན་པར་ལེན་པ་ནི། གཞན་གྱི་ནོར་རང་ལ་མ་བྱིན་པ་འཕྲོག་པའམ་བརྐུས་པ་སོགས་ཇི་ལྟར་ཡིན་ཀྱང་རུང་སྟེ། རང་གིས་ཐོབ་བོ་སྙམ་པའི་བློ་སྐྱེས་པའོ། །འདོད་པས་ལོག་པར་གཡེམ་པ་ནི། ཡུལ་བགྲོད་པར་བྱ་བ་མ་ཡིན་པ་ལ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་སྟེ། གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་དང༌། བདུན་བརྒྱུད་ཚུན་ཅད་ཀྱི་གཉེན་ཉེ་དུར་གྱུར་པ་དང༌། ཕ་མ་ཉེ་དུ་རྒྱལ་པོ་ཡུལ་དཔོན་སོགས་གཞན་གྱིས་བསྲུངས་པ་དང༌། ཚངས་སྤྱོད་ཀྱི་སྡོམ་པ་བླངས་པ་སྡོམ་པས་བསྲུངས་པ་སྟེ། དེ་དག་ལ་སོགས་པའི་ཡུལ་གྱི་སྒོ་ནས་བགྲོད་བྱ་མ་ཡིན་པ་དང༌། ནད་བུ་ཅན་མྱ་ངན་ཅན་དང་སྦྲུམ་པ་ལ་སོགས་པ་དུས་ཀྱི་སྒོ་ནས་བགྲོད་བྱ་མ་ཡིན་པ་དང༌། ལྷ་ཁང་དང་ཀུན་དགའ་རབ་དང་མཆོད་རྟེན་གྱི་གནས་དང་བླ་མའི་གནས་སོགས་སུ་བསྟེན་པ་གནས་ཀྱི་སྒོ་ནས་བགྲོད་བྱ་མ་ཡིན་པ་དང༌། ནམ་ཡང་འདོད་པས་ཆོག་མི་ཤེས་ཤིང༌། སྐྱེ་གནས་ལས་གཞན་པའི་སྒོར་བསྟེན་པ་ལམ་གྱི་བགྲོད་བྱ་མ་ཡིན་པ་སྟེ། དབྱེ་ན་བཞིའོ། །དེ་ཙམ་གྱི་ཁྱིམ་པའི་དབང་དུ་བྱས་པ་སྟེ། ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཁས་བླངས་པས་ནི། མི་ཚངས་པར་སྤྱོད་པ་ཅི་འདྲ་ཞིག་བསྟེན་ཀྱང་ལོག་གཡེམ་ཁོ་ན་ཡིན་ནོ། །ངག་གི་ལས་བཞི་ལས་རྫུན་དུ་སྨྲ་བ་ནི་འདུ་ཤེས་བསྒྱུར་ནས་ཤེས་བཞིན་དུ་མི་བདེན་པར་སྨྲས་ལ་ཡུལ་མིའི་འགྲོ་བར་གྱུར་པ་དེས་གོ་བ་ནའོ། །ཕྲ་མ་ནི་མི་མཐུན་པ་མེད་པའི་འགྲོ་བ་གཉིས་འཁོན་པར་བྱ་བའི་ཕྱིར་དུ་དཀྲུགས་ཀྱི་ཚིག་སྨྲས་ཤིང་

༢༠༨

ཕ་རོལ་གྱིས་གོ་བ་ནའོ། །ཚིག་རྩུབ་པ་ནི་དངོས་སུ་ཐོས་པར་དེའི་སྐྱོན་བརྗོད་པ་སོགས་ཞེ་ལ་ཕོག་པའི་ཚིག་སྨྲས་ཤིང་དེས་གོ་བའོ། །ངག་འཁྱལ་བ་ནི། དེ་གསུམ་མ་ཡིན་པ་གཞན་ཉོན་མོངས་ཅན་གྱི་ཚིག་ཐམས་ཅད་ཏེ་ཁ་གསགས་དང་གཞོགས་བསློངས་དང་གླུ་དང་ཟློས་གར་དང་དམག་གི་གཏམ་དང་སྨད་འཚང་མའི་གཏམ་དང་ཚོང་གི་གཏམ་ལ་སོགས་པ་དང༌། ལྟ་བ་ལོག་པའི་ཆོས་ཀི་གཏམ་ལ་སོགས་པའོ། །ཡིད་ཀྱིས་ལས་གསུམ་ལ་བརྣབ་སེམས་ནི། གཞན་གྱི་ནོར་དང་བུད་མེད་དང་ཁྱིམ་དང་འཁོར་གཡོག་དང་ཡུ་ལ་སོགས་པ་རང་གིར་བྱེད་འདོད་པའི་བསམ་པ་གཏིང་ཚུགས་པར་བྱེད་པའོ། །གནོད་སེམས་ནི། གཞན་ལ་གནོད་པར་བྱེད་འདོད་དང་སྡུག་བསྔལ་འབྱུང་བར་གྱུར་ཅིག་པའི་བསམ་པ་གཏིང་ཚུགས་པའོ། །ལོག་ལྟ་ནི་ལས་འབྲས་མི་བདེན་པ་དང༌། ཚེ་སྔ་ཕྱི་དང༌། དཀོན་མཆོག་གསུམ་སོགས་མེད་པར་འཛིན་པ་དམ་པོ་འཆང་བ་ཡིན་ཏེ་དེ་ལྟ་བཅུ་པོ་དེ་ནི་ལས་ལམ་རྫོགས་པའི་དབང་དུ་བྱས་ལ། བསམ་བཞིན་མ་ཡིན་པ་ལ་ནོར་བར་བསད་པ་སོགས་བཅུ་པོའི་ཕྱོགས་མཐུན་ཐམས་ཅད་ཀྱང་ངེས་པར་སྤོང་དགོས་པའི་ལས་ནི་ཡིན་ནོ། །དེས་ན་བདག་གིས་ཐོག་མ་ཉིད་དུ་ངེས་པར་སྤོང་དགོས་པའི་ལས་ནི་འདི་དག་ཡིན་ནོ་སྙམ་དུ་ཡང་ཡང་སྙམ་བསྒོམ་སྟེ་དམིགས་སྐོར་བཅུ་བདུན་ནོ། །ད་ནི་མི་དགེ་བ་དེ་དག་གི་འབྲས་བསམ་པར་བྱ་སྟེ། མི་དགེ་བ་བཅུ་པོ་འདི་རྣམས་རེ་རེ་ཡང་སྟོབས་ཆེན་པོ་བྱས་པ་དང༌། ཡང་ཡང་བྱས་ན་དམྱལ་བར་སྐྱེ། འབྲིང་དུ་བྱས་ན་ཡི་དྭགས་སུ་སྐྱེ། སྟོབས་ཆུང་བ་དང་ཉུང་ངུར་སྤྱོད་པས་དུད་འགྲོར་སྐྱེ། སྡུག་བསྔལ་ཅན་གྱི་འགྲོ་བ་དེ་དག་ཏུ་སྐྱེ་བ་ནི་རྣམ་སྨིན་གྱི་འབྲས་བུའོ། །སྲོག་བཅད་པས་ཚེ་ཐུང་བ་དང༌། མ་བྱིན་པར་བླངས་པས་ལོངས་སྤྱོད་ཆུང་བ་དང༌། ལོག་གཡེམ་གྱིས་དགྲ་མང་བ་དང༌། རྫུན་གྱིས་རང་ལ་སྐུར་པ་མང་བ་དང༌། ཕྲ་མས་གྲོགས་དང་འཁོན་པ་དང༌། ཚིག་རྩུབ་ཀྱིས་གཏམ་མི་སྙན་པ་ཐོས་པ་དང༌། ངག་འཁྱལ་སྨྲས་པས་རང་གི་ཚིག་ལ་གཞན་གྱིས་མི་

༢༠༩

ཉན་པ་དང༌། བརྣབ་སེམས་ཀྱིས་རེ་བ་མི་འགྲུབ་པ་དང༌། གནོད་སེམས་ཀྱིས་སེམས་ལ་སྡུག་བསྔལ་དང་འཇིགས་སྐྲག་འབྱུང་བ་དང༌། ལོག་ལྟས་ཤིན་ཏུ་གླེན་ཅིང་གཏི་མུག་པར་འགྱུར་བ་སྟེ། དེ་རྣམས་ནི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི། སྔར་ལས་དེ་དང་དེ་བྱས་པས་ཕྱིས་ཀྱང་དེ་དང་དེ་དག་ལ་དགའ་བའོ། །བདག་པོའི་འབྲས་བུ་ནི། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ལ་འབྱུང་སྟེ། སྲོག་གཅོད་ཀྱིས་འབྲས་བུ་དང་སྨན་ལ་སོགས་པ་མཐུ་ཆུང་བ་དང༌། མ་བྱིན་ལེན་གྱིས་ལོ་ཉེས་པ་དང༌། ལོག་གཡེམ་གྱིས་ས་ཕྱོགས་རྡུལ་འཚུབ་ཆེ་ཞིང་དྲིང་བ་དང༌། རྫུན་གྱིས་ནི་ས་ཕྱོགས་མཐོ་དམན་ཅན་བགྲོད་མི་བདེ་བར་འགྱུར་བ་དང༌། ཕྲ་མས་ས་ཕྱོགས་ཚ་སྒོ་ཅན་དུ་འགྱུར་བ་དང༌། ཚིག་རྩུབ་ཀྱིས་བྱེ་མ་དང་གསེག་མ་སོགས་འཕེལ་བ་དང༌། ངག་འཁྱལ་གྱིས་དུས་ལོག་ཏུ་འགྱུར་ཏེ། དགུན་ནི་རུལ། དཔྱིད་ནི་རེངས། དབྱར་ནི་ཐན། སྟོན་ནི་ཞོན་པ་ལ་སོགས་པའོ། །བརྣབ་སེམས་ཀྱི་འབྲུ་ཕྲ་བར་གྱུར་བ་དང༌། གནོད་སེམས་ཀྱིས་རོ་མི་ཞིམ་པར་འགྱུར་བ་དང༌། ལོག་ལྟས་ནི་འབྲས་བུ་རྩ་བ་ནས་མི་ཆགས་པར་བྱེད་དེ། དེ་ལྟར་ན་རྒྱུ་མཐུན་པའི་འབྲས་བུ་འདི་དག་དང༌། བདག་པོའི་འབྲས་བུ་འདི་རྣམས་ལས་དེ་དང་དེ་བྱས་པའི་སྐྱེ་བ་དེ་ཉིད་ལ་འབྱུང་བའང་ཡོད། སྐྱེ་བ་ཕྱི་མའི་གནས་སྐབས་མཐོ་རིས་སུ་སྐྱེས་པའི་སྐབས། དུས་ངེས་མེད་སྣ་ཚོགས་པར་ཡང་འབྱུང་བའོ། །དེ་ལྟར་ན་མི་དགེ་བ་བཅུ་པོ་འདི་ནི་སྡུག་བསྔལ་མི་འདོད་པ་སྣ་ཚོགས་པའི་གཞིར་གྱུར་པའི་ཕྱིར། འདི་རྣམས་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱ། སྔར་བྱས་པ་ཐམས་ཅད་ཀྱང་སྦྱོང་བའི་ཐབས་ལ་འབད་དགོས་སྙམ་དུ་ཡང་ཡང་བསྒོམ། དམིགས་སྐོར་བཅོ་བརྒྱད་པའོ། །ད་ནི་དགེ་བའི་ལས་བསམ་པར་བྱ་སྟེ། མཐོ་རིས་ཀྱི་ལུས་རྟེན་ཐོབ་པ་དང༌། གཞན་དག་འཁོར་བའི་བདེ་བ་གང་ཅི་ཡོད་པ་ཐམས་ཅད་དགེ་བའི་ལས་ལས་འབྱུང༌། འཇིག་རྟེན་ལས་འདས་པ་བྱང་ཆུབ་

༢༡༠

རྣམས་པ་གསུམ་ཡང་དགེ་བ་ལས་འབྱུང་བ་ཡིན་ཏེ། བདག་གིས་སྡིག་པ་ཐམས་ཅད་སྦྱང༌། དགེ་བ་ཐམས་ཅད་ལ་ཅི་ནུས་སུ་སློབ་དགོས་པ་ལས་བསླབ་རྒྱུའི་དགེ་བ་ཡང་རིགས་མང་མོད་ཀྱི། དགེ་བ་ཐམས་ཅད་ཀྱི་ཐོག་མའི་འཇུག་སྒོ་ནི། ཆོས་དཀར་པོ་དགེ་བ་བཅུ་ཞེས་བྱ་བ་ཡིན་ནོ། །དེ་ནི་སྔར་བསྟན་པའི་མི་དགེ་བ་བཅུ་པོ་དེ་རྣམས་ཡིད་ཀྱིས་སྤངས་ནས་ལུང་ངག་གིས་སླར་ལོག་པའི་སྤོང་བའི་སེམས་པ་སྤྱོད་ལམ་དང་བཅས་པ་དེ་ཡིན་ན། བདག་འདི་ལ་རྟག་ཏུ་གནས་པར་བྱའོ་སྙམ་དུ་བསྒོམ། དེ་ལ་མི་དགེ་བཅུ་ཡིད་ཀྱིས་སྤངས་པའི་གོ་དོན་ནི། དེ་རྣམས་ཉེས་དམིགས་ཅན་དང་སྐྱོན་ཆེན་པོར་ཤེས་ནས་ནམ་ཡང་དུ་ཡང་མི་འདོད་པ་དེ་ཡིན་ལ་ལུས་ངག་གིས་སླར་ལོག་པ་ནི། བཅུ་པོ་དེ་དག་དུས་རྒྱུན་དུའམ། དལ་བར་འདུག་པའི་དུས་སུ་མི་བྱེད་པར་མ་ཟད་དེ་དག་བྱས་ན་ཁྱེ་ཡོད་པ་ལྟར་སྣང་ཞིང༌། འབད་རྩོལ་མི་དགོས་པར་བྱེད་ཐུབ་པའི་སྐབས་བྱུང་ཡང་སྔར་ཡིད་ཀྱིས་སྤངས་པ་དེ་དྲན་པས་བྱ་བ་ངན་པ་དེ་ལ་ཡེ་ནས་འཇུག་པར་མི་ནུས་པ་སྟེ། ལུས་ངག་གི་བདུན་པོ་ལ་ནི་འདི་གཉིས་ཀར་ཚང་བ་དགོས་ལ། ཡིད་ཀྱི་ལས་གསུམ་ལ་ཡིད་ཀྱིས་སྤངས་པ་ཁོ་ནས་ཆོག་གོ །མི་དགེ་བ་ལ་མི་རུང་བར་སེམས་པ་དེ་ཀ་སྤོང་སེམས་ཡིན་ལ། དེ་ནི་མི་རུང་བ་ཡིན་པ་ལ་མི་རུང་བས་ཤེས་པའི་ཀུན་རྫོབ་ཤེས་པ་མ་འཁྲུལ་པ་ཡིན་པས་ལམ་གཉེན་པོའི་ཆོས་སུ་འགྱུར་ཞིང༌། འདི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན། སྤོང་སེམས་ཤུགས་ཆེ་བ་ལ་ན་འགའ་རེ་བྱུང་ན། གཉིད་རྨུགས་པ་དང་རྣམ་གཡེང་ལ་སོགས་པས་བར་ཆོད་ཀྱང༌། དེ་ལྟ་བུའི་རྐྱེན་དམིགས་པའི་ཚེ། ཉེས་སྤྱོད་དེ་སྐྱོད་དུ་ཤེས་ནས་མི་བྱེད་ཅིང་སྡོམ་པར་འགྱུར་རོ། །འདི་ནི་སྔར་གི་སེམས་པ་དེའི་ཤུགས་ལས་བྱུང་བ་ཡིན་པས་ཤུགས་དེ་ཡང་ས་བོན་གྱི་མཐུ་ལས་ཡིན་ཏེ། དེའི་ཕྱིར་མི་དགེ་བ་བཅུ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་དགེ་བ་བཅུའོ། །དམིགས་སྐོར་བཅུ་དགུ་པའོ། །ད་ནི་དགེ་བ་བཅུའི་ཕན་ཡོན་

༢༡༡

བསམ་པར་བྱ་སྟེ། དེ་ཡང་ལས་དགེ་བ་བཅུ་ཆར་སྤྱོད་པ་ལས་རྣམ་སྨིན་གྱི་འབྲས་བུ་ལྷའི་སྐྱེ་བ་ལེན། ཆུང་ངུར་སྤྱད་པ་ལས་རྣམ་སྨིན་གྱི་འབྲས་བུ་མི་ལུས་ཐོབ། དགེ་བ་ཡིན་ཡང་བསམ་པ་མ་དག་པ་སོགས་སྲ་བསྲེ་ཅན་གྱིས་ནི་ལྷ་མིན་དུ་སྐྱེ་བར་མདོ་ལས་བཤད། རྒྱུ་མཐུན་པ་དང་བདག་པོའི་འབྲས་བུ་ཡང་སྔར་མི་དགེ་བ་བཅུའི་སྐབས་སུ་བཤད་པ་དེ་ཉིད་ཕྱིན་ཅི་ལོག་ཏུ་འབྱུང་སྟེ། ཚེ་རིང་འབྱོར་པ་དགྲ་སྤངས་དང༌། བསྟོད་དང་གྲོགས་མང་སྙན་པའི་གཏམ། ཚིག་བཙུན་བསམ་པ་འགྲུབ་པ་དང༌། །ཡིད་བདེ་བ་དང་བློ་གྲོས་འཕེལ། །འདི་དག་དགེ་བའི་རྒྱུ་མཐུན་བཅུ། །མཐུ་ཆེ་ལོ་ལེགས་ཉམས་དགའ་བ། །མཐོ་དམན་སྙོམས་དང་ཞིང་ས་གཤིན། །རྩ་ཤིང་རྒྱས་དང་དུས་ཚིགས་རན། །འབྲུ་སྦོམ་རོ་ཞིམ་འབྲས་བུ་རྒྱས། །དགེ་བ་བཅུ་ཡི་བདག་འབྲས་ཡིན། །ཅེས་སོ། །དེ་ལྟར་དགེ་བ་བཅུ་ལ་གནས་པ་ནི། །ཚེ་འདི་དང་ཕྱི་མར་རྟག་ཏུ་བདེ་བའི་རྒྱུ་གང་ཡིན་པས་བདག་དགེ་བ་བཅུ་ལ་རྟག་ཏུ་གནས་པར་བགྱིའོ་སྙམ་དུ་ཡང་ཡང་བསྒོམ། དམིགས་སྐོར་ཉི་ཤུ་པའོ། །འདི་དག་གི་སྐབས་སུ་ལས་འབྲས་ཀྱི་དབྱེ་བ་ཞིབ་མོར་ཤེས་པ་གལ་ཆེ་བས་ཡང་དུ་ཡང་དུ་བླ་མར་བཤད་ཅིང༌། སློབ་མས་བློས་སྐྱོད་པ་དང༌། ཁ་ཕྱིར་ལྟས་སུ་མ་སོང་བར་རང་ཐོག་ཏུ་འགེལ་བ་ཁོ་ན་གནད་དུ་ཆེའོ། །ད་ནི་ལས་འབྲས་བསམ་པའི་ཆོས་སྒོར་རྣམས་ཀྱི་སྙིང་པོའི་གྲུབ་དོན་ཆོས་འདི་ཡིན་ཏེ། སྔར་ཇི་སྐད་བསྟན་པའི་དཀར་ནག་གི་ལས་འབྲས་བསམ། སྡིག་པ་མི་དགེ་བའི་ལས་སྔར་བྱས་ཟིན་ལ། སྟོབས་བཞི་ཚང་བའི་བཤགས་པ་འབུལ་བ་གལ་ཆེ། རྟེན་གྱི་སྒོ་ནས་འགྲོ་དང་སེམས་བསྐྱེད། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སྡིག་སྦྱོང་གི་དགེ་བ་གང་འགྲུབ། སུན་འབྱིན་པའི་སྟོབས་སྔར་བྱས་ལ་འགྱོད་སེམས། སླར་ལྡོག་པའི་སྟོབས་བྱིན་ཆད་སྡོམ་སེམས་ཡིན་ཏེ། དེ་བཞི་ཚང་བའོ། །དེ་ནས་ཐུན་གྱི་མགོ་གཞུག་རྣམས་སུའང་དེ་ལྟ་བུའི་བཤགས་པ་ཚར་རེ་བྱ། ཐུན་མཚམས་སུ་ནེ། མཁན་པོ་སློབ་དཔོན་བླ་མ་རྟེན་གསུམ་དགེ་འདུན་ལ་སོགས་པའི་དྲུང་དུ་མཐོལ་བཤགས་ཡང་ཡང་འགྲུབ་པ་དང༌། དེ་དག་མ་འཛོམ་ཀྱང༌། རྒྱལ་བ་སྲས་བཅས་

༢༡༢

མཁའ་དབྱིངས་གང་བ་ལ་དམིགས་ཏེ་བཤགས་པ་འབུལ། བཤགས་ཚིག་ཕུང་པོ་གསུམ་པའི་མདོ་དང༌། གསེར་འོད་དམ་པའི་བཤགས་པ་སོགས་དང༌། རང་གིས་སྡིག་པ་བགྱིས་པ་གང་ཡིན་པ་དེ་འདི་ལྟར་བགྱིས་སོ་ཞེས་མ་སྦས་མ་གསང་བར་བརྗོད་པ་ཉིད་གནད་ཆེ་བ་ཡིན་ནོ། །མི་དགེ་བ་བཅུར་མ་ཟད་སྡིག་པ་མི་དགེ་བའི་ལས་སུ་གཏོགས་པ་ཆེ་ཆུང་ཐམས་ཅད་རང་ཡང་མི་བྱེད། གཞན་ཡང་བྱེད་དུ་འཇུག་སྡིག་པ་ལ་ཡི་རང་བའམ་དགའ་བར་མི་བྱ། བསྟོད་ཅིང་བསྔགས་པར་ཡང་མི་བྱ་སྙམ་དུ་བསྒོམ། དཀར་པོ་དགེ་བའི་ལས་ནི་ལས་ལམ་བཅུ་པོ་དེར་མ་ཟད་གཞན་གྱི་སྲོག་བསྐྱབས་པ་དང༌། འཚོ་བ་སྟེར་བ་དང༌། ཡོ་བྱད་སྦྱིན་པ་དང༌། ཚུལ་ཁྲིམས་སྲུང་བ་དང༌། དཀོན་མཆོག་མཆོད་པ་དང༌། དད་པ་ལ་སོགས་པའི་དགེ་བར་གཏོགས་སོ་ཅོག་རང་གིས་ཀྱང་ཅི་ལྕོགས་སུ་སྒྲུབ་གཞན་ཡང་བྱེད་དུ་འཇུག །རང་གཞན་གྱིས་དགེ་བ་བྱས་པ་ལ་ཡང་ཡི་རང་བསྒོམ། བསྔགས་པ་ཡང་བརྗོད་པར་བྱའོ་སྙམ་དུ་བསམ། ཡང་དགེ་སྡིག་གཉིས་མ་ཡིན་པའི་ལས་ལུང་མ་བསྟན་ཅེས་བྱ་བ་འགྲོ་འཆག་ཉལ་འདུག་སོགས་ངེས་མེད་སྣ་ཚོགས་པ་ཞིག་འདུག་པ། དེ་དག་ལ་རྣམ་པར་སྨིན་པའི་འབྲས་བུ་མེད་ཀྱང་དོན་མེད་དུ་དུས་འདའ་བར་འདུག །ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་བཏང༌། ལས་ལུང་མ་བསྟན་འབྱུང་བའི་དོན་དུ་ཡང་དགེ་བ་འབའ་ཞིག་ལ་བློ་དང་བྱ་སྤྱོད་བསྒྱུར་བར་བྱའོ་སྙམ་དུ་བསྒོམ། ཞར་བྱུང་ཐུན་མཚམས་སུ་འདི་ལྟར་ཡང་བསམ་དགོས་ཏེ་སྐྱེ་བ་ནས་སྐྱེ་བར་ཚོགས་ཁྱད་པར་ཅན་བསོག་པའི་རྒྱུར་མཐོ་རིས་ཀྱི་ལུས་ཡོན་ཏན་བརྒྱད་ལྡན་བསྒྲུབ་དགོས་པས། འཚེ་བའི་བསམ་པ་སྤངས་པས་ཚེ་རིང་བ་དང༌། མར་མེ་དང་གོས་ཀྱི་སྦྱིན་པ་སོགས་བྱས་པས་གཟུགས་བཟང་བ་དང༌། བླ་མ་དང་གྲོགས་ཚངས་པར་སྤྱོད་པ་རྣམས་ལ་ང་རྒྱལ་མེད་ཅིང་གུས་པར་བྱས་པས་རིགས་ཕུན་སུམ་ཚོགས་པ་དང༌། ཕན་ཐོགས་ཀྱི་

༢༡༣

ཞིང་དང༌། སྡུག་བསྔལ་གྱི་ཞིང་དང༌། ཡོན་ཏན་གྱི་ཞིང་ལ་སོགས་པ་དང༌། གཞན་ཡང་སློང་བ་པོ་ལ་འདོད་དགུ་སྦྱིན་པས་དབང་ཕྱུག་སྟེ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། ངག་གི་དགེ་བ་ཁོ་ན་བྱས་པས་ཚིག་བཙུན་པ་དང༌། བླ་མ་དང་དཀོན་མཆོག་དང་ཕ་མ་སོགས་མཆོད་ཅིང༌། ཡོན་ཏན་སྣ་ཚོགས་སྒྲུབ་པར་སྨོན་ལམ་བཏབ་པས་དབང་ཐང་ཆེ་བ་དང༌། སྐྱེས་པའི་དངོས་པོ་ལ་དགའ་ཞིང༌། ཕོ་དབང་གཅོད་པ་ལས་བསྐྱབས་པས་སྐྱེས་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བོ་གཞན་གྱི་བྱ་བ་ཆོས་ལྡན་ལ་རེ་བ་མེད་པའི་སྒོ་ནས་ཕན་པའི་གྲོགས་བྱས་པས། སྟོབས་ཕུན་སུམ་ཚོགས་པ་ཐོབ་སྟེ། དེ་དག་ཀྱང་ཅི་རིགས་པར་སྒྲུབ་པ་ཡིན་ནོ། །དམིགས་སྐོར་ཉེར་གཅིག་པའོ། །དེ་ཡན་ཆད་ཀྱིས་སྐྱེས་བུ་ཆུང་ངུའི་རིམ་པ་ཚར་རོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་གི་བསམ་པ་སྦྱོང་བ་ལ། འཁོར་བའི་རྒྱུ་འབྲས་བསམ་པ་དང༌། ཐར་པའི་རྒྱུ་འབྲས་བསམ་པའོ། །དང་པོ་ལ་འབྲས་བུ་འཁོར་བའི་སྡུག་བསྔལ་བསམ་པ་དང༌། རྒྱུ་ཀུན་འབྱུང་གི་རབ་དབྱེ་བསམ་པའོ། །དང་པོ་ལ་མཐོ་རིས་ཀྱི་སྡུག་བསྔལ་བསམ་པ་དང༌། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པའོ། །དང་པོ་ནི། ཕྱུག་མཆོད་བཤགས་པས་གསུམ་ཅུང་ཟད་རྒྱས་པ་རེ་བྱས་ནས། ཡན་ལག་བདུན་པ་དང་སྐྱབས་འགྲོ་རྣམས་སྔོན་དུ་བཏང༌། བདག་ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་ཏུ་སྐྱེ་བ་ལེན་པར་འགྱུར་བ་ལས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་ནི་དེ་འདྲ། མིར་སྐྱེས་ན་སྐྱིད་དོ་སྙམ་ནའང་མི་སྐྱིད་ཏེ་མི་ཕལ་ཆེར་མངལ་སྐྱེས་ཡིན། མངལ་དུ་ཟླ་བ་དགུའམ་བཅུའི་བར་དུ་གནས་དགོས་ན། མངལ་གནས་དེ་ལ་དོག་པའི་སྡུག་བསྔལ་དང༌། མུན་ནག་པའི་སྡུག་བསྔལ་དང༌། དྲི་མི་ཞིམ་པའི་སྡུག་བསྔལ་གསུམ་རྟག་ཏུ་ཡོང༌། མང་བཀྲེས་པའི་ཚེ་གཡང་ཟ་བའི་རྣམ་པ་དང༌། འགྲངས་པའི་ཚེ་རིས་གནོན་པ་ལྟ་བུ་དང༌། བཟའ་བཏུང་དྲོན་མོ་ཟོས་

༢༡༤

འཐུངས་བྱས་ན་ཆུ་ཚན་དུ་བཙོས་པ་ལྟ་བུ་དང༌། གྲང་མོ་ཟོས་འཐུངས་ན་འཁྱགས་རུམ་དུ་བསྐྱར་བ་ལྟ་བུའི་སྡུག་བསྔལ་ཡོད། མངལ་ནས་ཕྱི་རུ་བཙའ་བའི་ཚེ་ཡང་ཏིལ་མར་འཚིར་བའི་ཤིང་གི་བར་དུ་གཙེར་པ་ལྟ་བུ་དང༌། ཚིགས་ཐམས་ཅད་བྱེ་ཞིང་ཞིག་པ་ལྟ་བུའི་སྡུག་བསྔལ་ཡོད། བཙས་མ་ཐག་ཏུ་གང་ལ་རེག་ཀྱང་རྩུབ་སྟེ། དར་འཇམ་པོས་དཀྲིས་ཀྱང་ཚེར་མའི་དོང་དུ་བསྐྱུར་བ་ལྟ་བུ་དང༌། གཞན་གྱི་ལག་ཏུ་བླངས་པ་ན། བྱེའུ་ཁྲག་ཁྱེར་བ་ལྟ་བུའི་སྡུག་བསྔལ་ཡོད། ད་ལྟ་རང་རེས་མ་དྲན་པར་མ་ཟད། དྲན་ན་གཞན་མི་དགོས། སྐྱེ་བའི་སྡུག་བསྔལ་གཅིག་པུ་ལ་བསམ་ཀྱང་མིར་སྐྱེས་པ་ལ་གྲོགས་ཅི་ཡང་མི་འདུག །བདག་ལས་ཀྱི་དབང་གིས་འཁོར་བ་ན་སྐྱེ་བ་མི་ལེན་པའི་ཆོས་གཅིག་བྱ་དགོས། མིའི་འགོ་བ་མངལ་སྐྱེས་ཀྱི་སྡུག་བསྔལ་ནི་དེ་ལྟ་བུར་འདུག །སྤྱིར་ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ། འགྲོ་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ། སྐྱེ་གནས་ཇི་ལྟར་སྐྱེས་ཀྱང་སྡུག་བསྔལ་ཏེ། སྡུག་བསྔལ་རྣམ་པ་ལྔ་དང་ལྡན་པའོ། །དེ་ཡང་སྐྱེ་བ་སྡུག་བསྔལ་དང་ལྡན་པ་ཞེས་བྱ་བ་ཚེར་བ་དྲག་པོ་དང་བཅས་ཏེ་དགོས། སྐྱེ་བ་གནས་ངན་ལེན་དང་ལྡན་པ་བྱ་བ་ཉོན་མོངས་པ་སྐྱེད་འཕེལ་གྱི་ས་བོན་དང་ལྡན་པར་སྐྱེ་དགོས། སྐྱེ་བ་སྡུག་བསྔལ་གྱི་གནས་སུ་གྱུར་པ་བྱ་བ། སྐྱེས་པ་ལས་རྒ་ནད་འཆི་བ་སོགས་སྡུག་བསྔལ་གཞན་འབྱུང་བ་ཡིན། སྐྱེ་བ་ཉོན་མོངས་ཀྱི་གནས་སུ་གྱུར་པ་བྱ་བ་སྐྱེ་བ་བླངས་པས་ཕྱིས་རྐྱེན་ངན་དང་འཕྲད་ནས་ཉོན་མོངས་པ་མང་པོ་སྐྱེས་ཤིང་དེས་ཀུན་ནས་སློང་བའི་ལས་དུ་མ་གསོག་པའོ། །སྐྱེ་བ་ཉིད་དབང་མེད་དུ་འཇིག་པས་སྡུག་བསྔལ་བ་བྱ་བ་ནི། སྐྱེ་བ་ཉིད་སྐད་ཅིག་སྐད་ཅིག་གིས་འཇིག་པའོ། །དེ་ལྟར་ན་སྐྱེ་བ་སྡུག་བསྔལ་བའོ་སྙམ་དུ་བསྒོམ། དམིགས་སྐོར་གཉིས་པའོ། །གཞན་ཡང་མི་རྣམས་ལ་རྒས་པའི་སྡུག་བསྔལ་ཡོད་དེ། རྒས་པའི་ཚེ་ཉམས་པའི་སྡུག་བསྔལ་ལྔ་ཡོད། ཁ་དོག་ཉམས་པ་བྱ་བ་ཤ་མདོག་

༢༡༥

དང་མདངས་ལེགས་པོ་རྣམས་ནུབ་སྟེ་སྙེ་ཁ་དོག་མི་སྡུག་པ་ནག་སྦམ་པའམ། སྔོ་ཐལ་གྱིས་འགྲོ། མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ་དང༌། དབང་པོ་ཀུན་གྱིས་བཀྲག་ཤོར་བ་ཡིན། དབྱིབས་ཉམས་པ་བྱ་བ་སོ་ནི་ལྟུང༌། ལུས་ནི་གུག་གུག་བོར་སོང༌། ཡན་ལག་རྣམས་ནི་འཁྱོགས། ཤ་ནི་སྐམས། ལྤགས་པ་ནི་ལྷོད། གདོད་བྱད་ནི་གྲགས་གདན་རྙིང་པ་ལྟར་གཉེར་མས་ཁེངས་པ་ལ་བལྟས་ཀྱང་མི་མཛེས་པའོ། །མཐུ་སྟོབས་ཉམས་པར་བྱ་བ་ནི། ལྡང་བ་ན་མུག་བཞིའི་འཛུགས། འགྲོ་བ་ན་འཁྱོར། གདུག་པ་ན་ཚྭ་ཐག་པ་ཆད་པ་བཞིན་སྡོད། སྨྲས་ན་ལྡབ་ལྡིབ་ལས་མེད་པ་ལ་སོགས་པའོ། །དབང་པོ་ཉམས་པར་བྱ་བ་ནི། མིག་མི་གསལ་རྣ་བ་འོན་པ་སོགས་གཞན་གྱིས་བལྟས་ན་རྫུས་འདེབས་པ་འདྲ་བར་འགྱུར། ལོངས་སྤྱོད་ཉམས་པ་བྱ་བ་ནི། ཁ་ཟས་ཉུང་ན་བཀྲེས། མང་ན་མི་འཇུབ་ལ་སོགས་པ་འདོད་ཡོན་ལ་སྤྱད་དུ་མེད་པའོ། །བདག་ཀྱང་རྒས་པའི་སྡུག་བསྔལ་མ་སྤངས་པས། ཚེ་རིང་རྒས་ལོང་བྱུང་ན་ཐ་མ་རྒས་པར་འགྱུར། གཉེན་བཤེས་དང་དགྲ་གཉེན་འགྲོ་བ་འདི་ཀུན་ཀྱང་དེ་དང་འདྲ་སྙེམ་དུ་བསྒོམ། དམིགས་སྐོར་ཉེར་གསུམ་པའོ། །ན་བའི་སྡུག་བསྔལ་བསམ་པ་ནི། སྡུག་བསྔལ་གཞན་ཡང་ཡོད་དེ། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་ནད་རྣམ་པ་སྣ་ཚོགས་པ་འབྱུང་བ་ཡིན། གཉེན་བཤེས་དང་དགྲ་གཉེན་འགྲོ་བ་འདི་ཀུན་ཀྱང་དེ་དང་འདྲ་སྙེམ་དུ་བསྒོམ། དམིགས་སྐོར་ཉེར་གསུམ་པའོ། །ན་བའི་སྡུག་བསྔལ་བསམ་པ་ནི། སྡུག་བསྔལ་གཞན་ཡང་ཡོད་དེ། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་ནད་རྣམ་པ་སྣ་ཚོགས་པ་འབྱུང་བ་ཡིན། དེ་ཡང་སྡུག་བསྔལ་ལྔ་ཏེ། སྡུག་བསྔལ་དང་ཡིད་མི་བདེ་འཕེལ་བ་ཞེས་བྱ་བ་ནི་ཟུག་རྔུ་དངོས་ཀྱི་སྡུག་བསྔལ་ཡིན། ལུས་ཀྱི་རང་བཞིན་འགྱུར་བ་ནི་ཤ་ཞུ་ལྤགས་པ་སྐམས་པ་ལ་སོག་པའོ། །ཡུལ་ཡིད་དུ་འོང་བ་སྤྱད་དབང་མེད་པ་དང༌། ཡིད་དུ་མི་འོང་བ་ངེས་པར་བསྟེན་དགོས་པ་གཉིས་ནི་ཟས་དང་སྤྱོད་ལམ་འདོད་པ་བྱེད་དུ་མེད་ཅིང་མི་འདོད་པའི་སྨོན་ཁ་བ་དང་མེ་གཏར་སོགས་བསྟེན་དྭོགས་པའོ། །སྲོག་གི་དབང་པོ་དང་འབྲལ་བ་ཞེས་བྱ་བ་ནི། འཆི་བའམ་འཆིར་དགོས་པས་སྡུག་བསྔལ་བ་སྟེ། ན་བ་རང་བས་ཀྱང་འཆི་བའི་སྡུག་བསྔལ་སྔོན་བསུ་བ་ཡིན། བདག་ཀྱང་ན་བ་ལས་

༢༡༦

མཐར་ན་བར་འགྱུར་ཏེ་འོང༌། བདག་གི་བཤེས་ལ་སོགས་པ་དགྲ་གཉེན་འགྲོ་བ་འདི་ཀུན་ཀྱང་རང་དང་འདྲའོ་སྙམ་མོ། །དམིགས་སྐོར་ཉེར་བཞི་པའོ། །ཡང་སྡུག་བསྔལ་གཞན་ཡོད་དེ་འཆི་བའི་སྡུག་བསྔལ་རྣམ་པ་ལྔ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་འབྲལ། རྩ་འཇིང་ཕུན་སུམ་ཚོགས་པ་དང་འབྲལ། འཁོར་གྲོགས་ཕུན་སུམ་ཚོགས་པ་དང་འབྲལ། ཕོངས་ཤིང་སྡུག་པའི་ལུས་དང་འབྲལ། འཆི་བ་ཉིད་སྡུག་བསྔལ་དང་ཡིད་མི་བདེ་དྲག་པོ་དང་བཅས་པའོ། །རང་རེ་མངོན་པར་ཞེན་ཅིང་ཆགས་པའི་ཡུལ་ཕྱོགས་སམ། ཁང་ཁྱིམ་མམ། ནོར་རྫས་སམ། ཡར་གྱི་དཔོན། མར་གྱི་ཡོག །ཐད་ཀའི་གྲོགས་པོ་ཐམས་ཅད་དང་བྲལ་ཞིང༌། གནད་གཅོད་ཀྱི་སྡུག་བསྔལ་ཆེན་པོ་དང་བཅས་ཏེ་འཆི་དགོས། རྒྱས་པར་གོང་འཆི་བ་མི་རྟག་པ་བཤད་པའི་སྐབས་སུ་བསྟན་པ་ལྟར་སྒོམ། དམིགས་སྐོར་ཉེར་ལྔ་པའོ། །སྡུག་བསྔལ་གཞན་ཡང་ཡོད་དེ། འདོད་པ་བཙལ་ཏེ་མ་རྙེད་པས་སྡུག་བསྔལ། དེ་ཡང་ལོངས་སྤྱོད་དམ། ཁ་དྲག་གམ། མཐའ་ཐང་ཕྲན་བུ་བསྒྲུབ་པའི་ཕྱིར་དུ་སྲོག་ལ་མ་བལྟས་པར་འཁྲུག་པ་ལ་ཡང་འཇུག །ལོ་ཟླ་མང་པོར་བགྲོད་དགོས་པའི་བྱེས་སུ་ཡང་འགྲོ། དུས་བཞིར་ཟིན་པ་དང་འཁོར་བ་མེད་པའི་ལས་ལ་རྟག་ཏུ་འཇུག །རྐང་ཁྲག་ནི་རྡོ། ལག་ཁྲག་ནི་ཤིང༌། བྱིན་པ་ནི་རྟ། སྣལ་མ་ནི་ལྕག་ཏུ་བྱས་ལྷོ་བསླན་བྱང་བཀུག་ཀྱང་འདོད་དོན་གང་ཡང་མ་བྱུང༌། ལྟོགས་སྐོམ་ཐམས་ཅད་ནི་དང་དུ་བླངས། ཚ་གྲང་ཐམས་ཅད་ནི་ཁྱད་དུ་བསད། ཉིན་མཚན་ཀུན་ཏུ་དལ་བ་མེད། ཤ་ཁྲག་སྤུ་བར་སོང་སོང་བྱས་ཀྱང་ལྟོ་རྒྱབ་ཙམ་ཡང་མ་འབྱོར། འབད་པ་བྱས་པ་དོན་མེད་དུ་སོང་བས་སེམས་ལ་ཡི་ཆད་སྐྱེ། གཞན་ཡང་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་བྱ་བ་ཡོད། རང་ཉིད་དགྲ་བོའི་དབང་དུ་སོང་བའམ། ནད་དང་སྡུག་བསྔལ་དྲག་པོ་ཐོག་ཏུ་འབབ་པའམ། གསོད་པར་བྱེད་པའི་སྲོག་ཆགས་དང་འཕྲད་

༢༡༧

པའམ། གཡངས་སུ་ལྷུང་བའམ། ཆུས་ཁྱེར་བའམ། གཏམ་ངན་པ་ཐོས་པའམ། བཙོན་དུ་གཞུག་པ་དང་ཆད་པས་བཅད་པ་མྱོང་བ་ལ་སོགས་པ་ཡིན། གཞན་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་བྱ་བ་ཡོད། ཕ་མ་སྤུན་ཟླ་ཁྱིམ་ཟབ་གྲོགས་ལ་སོགས་པ་མེད་ཐབས་མེད་པ་དང་བྲལ་ཙ་ན་སེམས་ལ་ཁ་ཟོད་ཐབས་མེད་པའི་སྡུག་བསྔལ་ལུས་ཆུན་ཆད་ཀྱང་རྒུད་ནས་འགྲོ་བ་ཡོད། དེ་བཞིན་དུ་ནོར་སྟོར་རླག་བྱུང་བའམ། མངའ་ཐང་ཉམས་པའམ། དབང་ཐང་ཤོར་བའམ། རང་གི་ཡིད་ཆགས་ཤིང་བློ་སྨོན་པའི་གནས་ཅི་འདྲ་ཞིག་ཉམས་ཀྱང་སེམས་ལ་མྱ་ངན་ཆེན་པོ་སྐྱེ་བ་ཡིན་ཏེ། དེ་ལྟར་ན་བདག་ཀྱང་སྡུག་བསྔལ་དེ་དག་ལས་མ་འདས། ཅེས་སོགས་གོང་བཞིན་བསྒོམ། དེ་ལྟར་སྡུག་བསྔལ་བདུན་པོ་དེ་ནི་འགྲོ་བ་གཞན་རྣམས་ལ་ཡང་ཡོད་མོད་ཀྱི་མི་རྣམས་གཙོ་བོར་སྤྱོད་པའི་ཕྱིར་འདིར་སྨོས་པའོ། །སྡུག་བསྔལ་བརྒྱད་པ་སྐབས་འདིར་བསམ་པའི་ལུགས་ཡོད་ཀྱང་འོག་ཏུ་བཤད་ན་བདེའོ། །དམིགས་སྐོར་ཉེར་དྲུག་པའོ། །ཡང་ལྷ་མིན་གྱི་འགྲོ་བ་ཞེས་བྱ་བར་སྐྱེས་ན་སྐྱིད་དམ་སྙམ་ན་མི་སྐྱིད་དེ། རང་བཞིན་གྱིས་ལྷའི་དཔལ་ལ་ཕྲག་དོག་པས་སེམས་ལ་མི་བདེ་བ་ཆེན་པོ་རྟག་ཏུ་ཡོད། དུས་དུས་ན་ལྷ་དང་འཐབ་པ་ལས་ལྷ་མིན་བསོད་ནམས་ཀྱི་སྟོབས་ཆུང་བས་གསོད་པ་དང་བརྡེག་པ་དང་ཡན་ལག་གཅོད་པ་དང་འདྲལ་བ་སོགས་པའི་སྡུག་བསྔལ་ཤིན་ཏུ་མང༌། ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་དགའ། འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་སྒྲིབ་པ་ཅན་ཡིན་པས་ཁྱད་པར་རྟོགས་པའི་སྐལ་བ་མེད་དོ། །འོ་ན་འདོད་པའི་ཁམས་ཀྱི་ལྷར་སྐྱེས་ན་བདེའོ་སྙམ། དེར་ཡང་མི་བདེ་སྟེ་འདོད་ཡོན་ལ་བག་མེད་པར་སྤྱད་པས་ཚེ་ཟད་དུ་མཚར་བ་ལ་ཟད། གཞན་ཡང་ལྷ་དབང་ཆུང་བ་རྣམས་དབང་ཆེ་བས་གནས་ནས་བསྐྲད་པས་སྡུག་བསྔལ། བསོད་ནམས་ཆུང་བ་འགའ་ཞིག་པི་ཝང་

༢༡༨

རེ་ཙམ་མ་གཏོགས་ཡོ་བྱད་གང་ཡང་མེད་པས་ཤིན་ཏུ་ཕོངས་པའང་ཡོད། དེ་དག་གིས་ལྷ་གཞན་འབྱོར་པ་ཆེན་པོ་རྣམས་མཐོང་བ་ན། རང་གི་བསོད་ནམས་ལ་ཡི་ཆད་པའི་སེམས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། ཁྱད་པར་རྒྱལ་ཆེན་བཞིའི་རིས་དང་སུམ་ཅུ་རྩ་གསུམ་པའི་གནས་ན་ལྷ་མ་ཡིན་དང་འཐབ་པའི་སྡུག་བསྔལ་ཤིན་ཏུ་ཆེ། འདོད་ཁམས་ཀྱི་ལྷ་ཐམས་ཅད་ལ་ཐུན་མོང་དུ་འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ་ཞེས་བྱ་བ་ཡོད་དེ། དེ་ལ་ལྷ་རྣམས་འཆི་བའི་སྔོན་རོལ་ཞག་བདུན་ནས་འཆི་ལྟས་ལྔ་འབྱུང་སྟེ། ལུས་ཀྱི་ཁ་དོག་མི་སྡུག་པར་འགྱུར་བ་དང༌། ཡིད་སྐྱོ་ཞིང་སྟན་ལ་མི་དགའ་བ་དང་མེ་ཏོག་གི་ཕྲེང་བའི་རྒྱན་རྣམས་རྙིང་པ་དང༌། གོས་ལ་དྲི་མ་ནག་པོ་ཆགས་པ་དང༌། ལུས་ལས་རྡུལ་འབྱུང་བ་རྣམས་སོ། །དེ་རྣམས་བྱུང་བ་ན་རང་རང་གི་གཡོག་དང་གྲོགས་ཕོ་མོ་རྣམས་ཀྱིས་ཀྱང་སྤངས་ཏེ། ལྷ་གཞན་གྱི་དྲུང་དུ་འགྲོལ། ལྷའི་འདོད་ཡོན་ལ་ནི་ཆགས་ཀྱང་དབང་མེད་དུ་འབྲལ་བར་ཤེས། ཟློག་ཐབས་ནི་མེད། རྔ་མོ་རྡེའུ་སྟོར་བ་ལྟ་བུ་དང༌། ཀླུ་ནམ་མཁའ་ལྡིང་གིས་ཁྱེར་བ་ལྟ་བུ་དང༌། ཉ་བྱེ་ཆེན་ལ་བསྒྲེས་པ་ལྟ་བུ་དང༌། རྒྱ་མཚོ་ཆེན་པོའི་དབུས་སུ་གྲུ་ཞིག་པ་ལྟ་བུའི་སྡུག་བསྔལ་འབྱུང༌། དུས་རིང་ཐུང་ནི་ལྷའི་ཞག་བདུན་ཡིན་ན་ཐུང་ཤོས་རྒྱལ་ཆེན་བཞིའི་རིས་ཀྱི་དབང་དུ་བྱས་ཀྱང་མི་ལོ་ཕྱེད་དང་བཞི་བརྒྱ་ཡིན། དོས་ནི་དྲག །ཡུན་ནི་རིང་ལྟུང་བའི་སྡུག་བསྔལ་བྱ་བ་ལྷ་རྣམས་ཤི་བའི་འོག་ཏུ་ལྷར་སྐྱེ་བ་ནི་སྲིད་མཐའ་ཙམ། མིར་སྐྱེ་བ་ཡང་ཤིན་ཏུ་ཉུང༌། ཕལ་ཆེར་ངན་སོང་དུ་སྐྱེ་བ་ཡིན། ཇི་སྐད་དུ། ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང༌། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། ཅེས་གསུངས། ལྷ་རྣམས་ཀྱི་མངོན་ཤེས་འོག་ཏུ་འཇུག་པས་འཆི་ཁར་གང་དུ་སྐྱེ་བ་ལེན་པ་ཤེས་ནས་མིར་སྐྱེ་ནའང་

༢༡༩

འདོད་ཡོན་གྱིས་མིག་མ་ཁེངས་ཤིང༌། སྡུག་བསྔལ་མང་པོ་ཅན་དུ་མཐོང༌། གལ་ཏེ་ངན་སོང་གསུམ་དུ་སྐྱེ་ན། དེའི་སྡུག་བསྔལ་མྱོང་དགོས་པར་ཤེས་ནས་སེམས་ཀྱི་སྡུག་བསྔལ་ལ་བཟོད་གླགས་མེད་པར་འབྱུང་བ་ཡིན་ཏེ། ངན་སོང་གསུམ་གྱི་ལུས་ཀྱི་སྡུག་བསྔལ་བས་དེའི་སེམས་ཀྱི་སྡུག་བསྔལ་ཆེ་བ་ཡོད་སྙམ་དུ་བསམ། དམིགས་སྐོར་ཉེར་བདུན་པའོ། །འོ་ན་ཁམས་གོང་མའི་ལྷར་སྐྱེས་ན་བདེ་བ་ཡོད་དམ་སྙམ་ན། དེར་ཡང་བདེ་བ་མེད་ཏེ། ཁམས་གོང་བ་དེ་དག་ནི། སོ་སོ་སྐྱེ་བོས་བལྟས་ན་སྡུག་བསྔལ་མངོན་འགྱུར་བ་མེད་ཀྱང་འཕགས་པས་གཟིགས་ནས་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པ་དང༌། ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་པས་སོ་སོ་སྐྱེ་བོ་རྣམས་ཡོན་ཏན་གོང་ནས་གོང་དུ་འགྲོ་བ་མེད་ཅིང༌། ཏིང་ངེ་འཛིན་གྱི་རོ་མྱོངས་པས་རོ་མྱོང་ཅན་གྱི་ཏིང་ངེ་འཛིན་དེ་འབྲལ་མི་ཕོད་ཅིང༌། དེས་རང་རང་གི་ཏིང་ངེ་འཛིན་ཉམས་ནས་འཆི་བར་འགྱུར་བའང་ཡོད། སྒོས་སུ་དེ་ན་གནས་པའི་འགྲོ་བ་སོ་སོ་སྐྱེ་བོ་ཐམས་ཅད་སྔོན་གྱི་ལས་ཀྱི་འཕེན་པ་ཟད་པ་ན། སླར་ཡང་འདོད་པའི་ཁམས་སུ་སྐྱེ་བ་ལེན་ཏེ། སྔོན་མིའི་རྟེན་ལ་འཇིག་རྟེན་པའི་ཏིང་ངེ་འཛིན་བསྒོམས་པའི་སྐབས་དང༌། སྐབས་དེར་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་ཉམས་བདེ་བདེ་འདྲ་བ་སོས་དལ་དལ་འདྲ་བར་འདུག་ཀྱང་ཡིད་བརྟན་ཅིའང་མ་བྱང་བར་སྐྱེ་བོ་ཕལ་པར་ཉམས་ཏེ། ཉོན་མོངས་དྲག་ལ་སྡུག་བསྔལ་ཆ་ེབར་སོང་བ་དེ་འདྲ་བ་ལ་སྙིང་པོ་ཅི་ཞིག་ཡོད་སྙམ་དུ་བསམ། དམིགས་སྐོར་ཉེར་བརྒྱད་པའོ། །གཉིས་པ་འཁོར་བ་མཐའ་དག་སྡུག་བསྔལ་དུ་བསམ་པ་ནི། སྔོན་འགྲོ་སོགས་སྔར་བཞིན་ལས་དམྱལ་བའི་གནས་ན་ནི་སྡུག་བསྔལ་དེ་འདྲ་སྙམ་པ་ནས། ཡི་དྭགས་དང་དུད་འགྲོ་དང་མི་དང་ལྷ་མ་ཡིན་དང་འདོད་ཁམས་ཀྱི་ལྷ་དང་གཟུགས་དང་གཟུགས་མེད་པའི་ལྷའི་བར་དུ་སྡུག་བསྔལ་དེ་འདྲ་ན།

༢༢༠

ཁམས་གསུམ་འཁོར་བ་འདི་ཀུན་སྡུག་བསྔལ་གསུམ་མམ་དྲུག་གམ་བརྒྱད་ལ་སོགས་པ་སྡུག་བསྔལ་གྱི་རང་བཞིན་ཅན་དང༌། སྡུག་བསྔལ་གྱི་ཁོང་ཚངས་ཅན་དང༌། སྡུག་བསྔལ་གྱིས་ཀུན་དུ་བསྐོར་བ་ཡིན། སྡུག་བསྔལ་མེ་ལྟར་འབར། ཆུ་ལྟར་འཁྲུགས། རླུང་ལྟར་གཡེངས། རི་ལྟར་ནོན་པ་ཡིན། གནས་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། ལུས་ཅི་འདྲ་བླང་ཀྱང་སྡུག་བསྔལ་གྱི་ལུས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་སྤྱོད་ཅི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ཡིན། སྡུག་བསྔལ་དེ་ཡང་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཞེས་བྱ་བ། ཚ་གྲང་ནད་ལ་སོགས་པ་ཚོར་བ་སྡུག་བསྔལ་ཐམས་ཅད་ཡིན། འགྱུར་བའི་སྡུག་བསྔལ་ཞེས་བྱ་བ་ཚེ་དང་ལོངས་སྤྱོད་ལ་སོགས་པ་ཐ་ན་བསམ་གཏན་གྱི་བདེ་བ་ཚུན་ཆད་ཏེ་ཚོར་བ་བདེ་བ་ཐམས་ཅད་ཡིན། འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱ་བ་སྡུག་བསྔལ་དེ་གཉིས་ཀའི་གཞི་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཙམ་འདི་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་དང་ཞིང་ས་ཡིན། འདི་ཚོར་བཏང་སྙོམས་ཁོ་ན་དང་ལྡན་པའི་ཚེ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་མིང་ཐོགས་པ་ཡིན། འདི་ལས་མཐར་ན་གཞན་གཉིས་ལས་ཐར་བར་མེད་པས་ཅིས་ཀྱང་སྡུག་བསྔལ་གསུམ་ལས་ཐར་བར་བྱ་སྙམ་དུ་སྒོམ། དམིགས་སྐོར་ཉེར་དགུ་པའོ། །ད་ནི་གོང་དུ་བཤད་པ་ལྟར་སྐྱེ་བ་སྡུག་བསྔལ། རྒས་པ་སྡུག་བསྔལ། ན་བ་སྡུག་བསྔལ། འཆི་བ་སྡུག་བསྔལ། མི་སྡུག་པ་དང་ཕྲད་པས་སྡུག་བསྔལ། སྡུག་པ་དང་བྲལ་བས་སྡུག་བསྔལ། འདོད་པ་བཙལ་གྱིས་མི་རྙེད་པས་སྡུག་བསྔལ་ཅེས་སྡུག་བསྔལ་བདུན་དང༌། བརྒྱད་པ་ནི། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཏེ། དེ་ཡང་རྣམ་པ་ལྔས་སྡུག་བསྔལ་སྟེ་མངོན་པར་འགྲུབ་འི་སྡུག་བསྔལ་གྱི་སྣོད་དུ་གྱུར་པ་ནི། སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་གསོལ་འདེབས་པ་ཡིན། མངོན་པར་འགྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྣོད་ནི་ཕུང་པོ་ཉིད་གྲུབ་པ་ལ་བརྟེན་ནས། སྐྱེ་རྒ་ན་འཆི་སོགས་གཞན་ཐམས་ཅད་འབྱུང་དུ་རུང་བ་ཡིན། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་དང༌།

༢༢༡

འགྱུར་བའི་སྡུག་བསྔལ་གྱི་སྣོད་ཅེས་བྱ་བ་གཉིས་ནི། ཕུང་པོ་ལ་བརྟེན་ནས་དེ་དག་འབྱུང་བ་ཡིན། འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པ་ནི། ཕུང་པོ་རང་ཉིད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པར་ཤེས་པ་སྟེ། ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་བརྒྱད་ཀྱི་ངོ་བོའོ་སྙམ་དུ་སྒོམ་པའོ། སྡུག་བསྔལ་བརྒྱད་ལ་བསམ་པ་སྟེ་དམིགས་སྐོར་སུམ་ཅུ་པའོ། འཁོར་བ་འདི་ལ་སྡུག་བསྔལ་གྱི་རྣམ་གྲངས་གཞན་ཡང་ཡོད་སྟེ། །དང་པོ་ངེས་པ་མེད་པས་སྡུག་བསྔལ་བའི་ཉེས་པ་ནི། དགྲ་གཉེན་དང་ཕ་བུ་དང༌། གནས་ལུས་ལོངས་སྤྱོད་ཐམས་ཅད་མ་ངེས་པ་ཁོ་ནར་འགྲོ་བ་སྟེ། ཇི་སྐད་དུ། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། ཅེས་པ་ལ་སོགས་ལྟ་བུའོ། གཉིས་པ་ངོམས་མི་ཤེས་པའི་ཉེས་པ་ནི། འདོད་ཡོན་ཇི་ཙམ་སྤྱད་ཀྱང་ངོམས་པ་མེད། སྡུག་བསྔལ་ཇི་ཙམ་མྱོང་ཡང་སུན་རྒྱུན་མེད་པའོ། རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །ཅེས་སོགས་སྦྱར། གསུམ་པ་ལུས་ཡང་ཡང་འདོར་བའི་ཉེས་པ་ནི། ཡང་ཡང་འཆི་བ་མྱང་དགོས་པ་སྟེ། རེ་རེས་བདག་ཉིད་རུས་པའི་ཕུང་པོ་ནི་སོགས་སོ། །བཞི་པ་ཡང་ཡང་ཉིང་མཚམས་སྦྱོར་བའི་ཉེས་པ་ནི། སྐྱེ་བ་མཐའ་མེད་པ་ལེན་དགོས་པ་སྟེ། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ་སོགས་སོ། ལྔ་པ་ཡང་ཡང་མཐོ་དམན་དུ་འགྱུར་བའི་ཉེས་པ་ནི། བརྒྱ་བྱིན་དུ་གྱུར་ཀྱང་ས་སྟེང་དུ་ལྷུང༌། འཁོར་ལོས་སྒྱུར་རྒྱལ་དུ་གྱུར་ཀྱང་བྲན་གྱི་ཐ་མར་སྐྱེ། ཚེ་གཅིག་པོ་འདི་ཉིད་ལ་ཡང་བདེ་སྡུག་མཐོ་དམན་འབྱོར་རྒུད་གང་ལ་ཡང་ཡིད་བརྟན་ཅུང་ཟད་མེད་པ་སྟེ། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང༌། ཅེས་པ་ལ་སོགས་པ་ལྟར་རོ། །དྲུག་པ་གཅིག་པུ་གྲོགས་མེད་པས་སྡུག་བསྔལ་བའི་ཉེས་པ་ནི། སྐྱེ་ཡང་གཅིག་བུར་སྐྱེ། འཆི་ཡང་གཅིག་པུར་འཆི། རྒས་པ་དང་ན་བ་ཡང་གཅིག་པུར་མྱོང༌། བར་དོར་འགྲོ་བ་ཡང་གཅིག་བུར་འགྲོ་དགོས་ན། འགྲོགས་

༢༢༢

བཤེས་མཛའ་བ་ཐམས་ཅད་སྙིང་པོ་མེད་ཏེ། དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། ཅེས་སོགས་དང་སྦྱར་རོ། །དེ་ལྟར་ན་འཁོར་བ་ཐམས་ཅད་སྡུག་བསྔལ་དྲུག་གི་རང་བཞིན་གྱིས་སྡུག་བསྔལ་ཏེ། ཡ་ཀི་སྲིད་པའི་རྩེ་མོར་སྐྱེས་ཀྱང་མནར་མེད་ཀྱི་འགྲམ་རྡོར་འགྲོ་བ་ལ་ཚེགས་མེད། སྡུག་བསྔལ་ཡང་ལ་ཡང་སྲིངས་ཁོ་ན་ཡིན། ཁང་པ་མེ་འབར་བའི་ནང་དུ་ཚུད་པ་དང་འདྲ། ཚོང་པ་སྲིན་མོའི་གླིང་དུ་ཚུད་པ་དང་འདྲ། འབྲོག་དགོན་ལམ་མེད་པར་འཁྱམས་པ་དང་འདྲ་བས། ཅིས་ཀྱང་མྱུར་དུ་འདི་ལས་ཐར་བར་བྱ་སྙམ་དུ་ཡང་ཡང་བསམ། སྡུག་བསྔལ་དྲུག་ལ་དམིགས་པ་སྟེ། དམིགས་སྐོར་སོ་གཅིག་པའོ། །གཉིས་པ་རྒྱུ་ཀུན་འབྱུང་བསམ་པ་ནི། འོ་ན་དེ་ཙམ་དུ་སྡུག་བསྔལ་ཆེ་བའི་འཁོར་བ་དེ་ཐམས་ཅད་ཀྱང་རྒྱུ་མེད་རྐྱེན་མེད་པ་མ་ཡིན་པས། རྒྱུ་སྤངས་ཏེ་འཁོར་བ་དེ་ཟློག་དགོས་པ་འདུག་ན། རྒྱུ་གང་ཡིན་སྙམ་མ་སྡུག་བསྔལ་དེ་རྣམས་ལས་བསགས་པ་ལས་བྱུང༌། ལས་དེ་ཐམས་ཅད་དང་པོར་ཉོན་མོངས་ཀྱིས་ཀུན་ལེན་དགོས་ཤིང༌། ཉོན་མོངས་མེད་ན་ནི་ཕྱིས་ནས་ཀྱང་ལས་ལས་འབྲས་བུ་མི་འབྱུང་བས་རྩ་བ་ཉོན་མོངས་པ་ལ་ཐུག་བདག་དང་སེམས་ཅན་འཁོར་བར་འཁྱམས་པའི་རྒྱུའི་རྩ་བ་ཉོན་མོངས་དེ་ཡང་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་ངན་པ་དང༌། ཐེ་ཚོམ་སྟེ་དྲུག་ཏུ་ཡང་ཡོད། ཀུན་དུ་སྦྱོར་བ་དགུ་སོགས་རྣམ་གྲངས་དུ་མར་ཡོད་ཀྱང་ཀུན་གྱི་རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་འདུས། ལས་ཀྱི་རྣམ་གྲངས་ཤིན་ཏུ་མང་ཡང་འཁོར་བར་འཕེན་བྱེད་ཀྱི་ལས་རྣམས་གསུམ་དུ་འདུས། བསོད་ནམས་མ་ཡིན་པའི་ལས་ཅེས་བྱ་བ་སྡིག་པ་སྟེ་ངན་འགྲོར་འཕེན་ནུས། བསོད་ནམས་ཀྱི་ལས་ནི་སེམས་མཉམ་པར་མ་གཞག་པ་འདོད་ཁམས་ཀྱི་དགེ་བ་སྟེ་ཐར་པའི་ལམ་དུ་མ་སོང་བའི་སྦྱིན་པ་དང༌། འདོད་པའི་ཚུལ་ཁྲིམས་ལ་སོགས་པ་སྟེ། འདོད་ཁམས་ཀྱི་ལྷ་དང་མིའི་རྒྱུ་ཡིན། མི་གཡོ་བའི་ལས་ནི། །

༢༢༣

བསམ་གཏན་བཞིའམ་གཟུགས་མེད་བཞིའི་ཏིང་ངེ་འཛིན་གྱི་ལས་དགེ་བ་ཉག་གཅིག་སྟེ། གཟུགས་ཁམས་དང་གཟུགས་མེད་ཁམས་སུ་འཕེན་ནས་པའོ། །དེ་དག་ཐམས་ཅད་གནས་ལུགས་མ་རྟོགས་པའི་མ་རིག་པས་བསྒྲིབས། འཁོར་བའི་ཕུང་པོ་ལ་ཞེན་ནས་བདག་དུ་འཛིན་པ་དང༌། བདག་གཅེས་པར་འཛིན་པས་ཀུན་ནས་བླངས་པས་འཁོར་བའི་རྒྱུར་སོང་བ་ཡིན། དེ་ལ་ཉོན་མོངས་པ་མ་རིག་པའམ། གཏི་མུག་ནི་རང་རེའི་བློ་ལ་རང་གིས་བརྟགས་དུས་འཁོར་བའི་རང་བཞིན་དང་འཁོར་བ་གང་ལས་བྱུང་བ་ཡང་མི་ཤེས། ཐར་པའི་རང་བཞིན་དང་དེ་ཐོབ་བྱེད་ཀྱི་ཐབས་ཇི་ལྟར་ཡིན་པའང་མི་ཤེས། དེ་དག་དེས་ཇི་ལྟར་འགྲུབ་ཀྱང་མི་ཤེས། ཐོས་བསམ་གྱི་གོ་བ་ཙམ་ཞིག་ཡོད་པ་སྲིད་ནའང་རང་བློའི་འཆར་ཚུལ་ལ་བརྟགས་ན། དེ་དག་གང་ལ་བལྟས་ཀྱང་ཆ་རྒྱུས་མེད་པའི་ལ་ཕར་རྒྱབ་ཀྱི་ཡུལ་ལ་སེམས་གཏད་པ་བཞིན་གང་ཡང་མི་ཤེས་པའི་མུན་ཐོམ་མེ་བའི་རྣམ་རྟོག་གཅིག་འདུག་པ་འདི་ཀ་ཡིན། འདིས་གནས་ཚུལ་མ་ཤེས་པས་བདེན་པའི་དོན་ཐེ་ཚོམ་སྟེ། ང་ཞེས་བྱ་བ་མེད་པ་ལ་ངར་བཟུང་ངན་པ་ཐམས་ཅད་འབྱུང་སྟེ་ལྟ་བ་ངན་པ་ཐམས་ཅད་གཏི་མུག་གི་རྗེས་འབྲང་ཡིན། ཡང་དེ་ཡོད་པ་དང༌། དང་པོར་རང་གི་ལུས་སེམས་ལ་ཆགས། དེ་ལ་བརྟེན་ནས་བུད་མེད་ཉེ་དུ་འཁོར་གཡོག་སོགས་ནང་སེམས་ཅན་ལ་ཆགས་པ་དང༌། ཟས་གོས་ལོངས་སྤྱོད་ཁང་ཞིང་ནོར་རྫས་ཡུལ་ཕྱོགས་སོགས་ཕྱི་ཉེར་སྤྱོད་ལ་ཆགས་པ་རྣམས་འབྱུང་སྟེ། ད་ལྟར་རང་རེའི་ལུས་ལོངས་སྤྱོད་ལ་དགའ་ལྷང་དེ་སེམས་གནས་པ་འདི་ག་ཉོན་མོངས་པ་འདོད་ཆགས་ཡིན། འདི་ལ་བརྟེན་ནས་ང་རྒྱལ་དང་སེར་སྣ་དང་ཕྲག་དོག་ཐམས་ཅད་འབྱུང༌། ཡང་རང་ངམ་རང་ཕྱོགས་ལ་གནོད་ན་དེ་ལ་ཞེ་སྡང་འབྱུང་སྟེ། རང་ངམ་རང་གིས་ཡོངས་སུ་བཟུང་བ་ལ་གནོད་པ་བྱས་སམ་བྱེད་པར་དོགས་པ་ཡོད་པའི་སེམས་ཅན་དེའང་གི་བློ་ཡུལ་དུམ་པ་དེ་ཀར་རེ་འབྱུང་བ་དེ་ཁོ་ན་ཁོང་ཁྲོའམ་ཞེ་སྡང་ཡིན། དེར་མ་

༢༢༤

ཟད་སེམས་མེད་ལ་ཡང་ཁོང་འཁྲོ་འདི་སྐྱེ་སྟེ། དགྲ་བོའི་ཡུལ་མཁར་བློ་ཡུལ་དུ་མི་བདེ་བ་དང༌། རང་གི་ཞིང་ལ་གནོད་པའི་ཆུ་རྒྱུན་ཚུན་ཆད་ལ་ཡང་ཚིག་པ་ཟ་བ་སོགས་འབྱུང་བས་མཚོན་ནོ། །ཁོང་འཁྲོ་འདི་སྟོབས་ཆེ་བ་རྒྱས་པ་ལས་གནོད་སེམས་རགས་པ་དང༌། །ཁྲོ་བ་དང༌། འཚིག་པ་དང༌། འཁོན་དུ་འཛིན་པ་ལ་སོགས་པ་ཞེ་སྡང་གི་རྣམ་འགྱུར་སྣ་ཚོགས་པར་འབྱུང་ངོ༌། །དུག་གསུམ་པོ་འདི་རྣམས་བདག་དང་སེམས་ཅན་གང་ཅི་ཡང་རུང་བ་ཐམས་ཅད་འཁོར་བར་འཁྱམས་བྱེད་ཀྱི་རྒྱུའི་གཙོ་བོ་ཡིན་པས་ད་རེས་འདི་ཅིས་ཀྱང་སྤང་ཐུབ་པ་ཞིག་བྱའོ་སྙམ་རང་གི་རྒྱུ་ང་ཐོག་ཏུ་བཀར་གྱི་ན་རང་རྒྱུད་ལ་སྐྱེས་པའི་ཉོན་མོངས་དང༌། དེས་ཀུན་ནས་བླངས་པའི་ལས་ངོ་ཤེས་པར་བྱས་ཀྱིན་བསྒོམ་དགོས་སོ། །དམིགས་སྐོར་སོགས་གཉིས་པའོ། །འདི་དག་གི་སྐབས་སུ་ལས་དང་ཉོན་མོངས་ཀྱི་རྣམ་གཞག་ཇི་ལྟར་རིགས་པ་ཤེས་ན་བོགས་ཆེ་བར་ཡོད་དོ། །གཉིས་པ་ཐར་པའི་རྒྱུ་འབྲས་བསམ་པ་ནི་ཡང་བདག་འཁོར་བ་སྤངས་ནས་ཐར་པ་ཐོབ་དགོས་པར་ནི་འདུག་ན། ཐར་པ་དེའི་རང་བཞིན་ཇི་ལྟ་ཞེས་དཔྱོད་ཏེ། ཐར་པ་ཞེས་བྱ་བ་ཡུལ་ཕྱོགས་གཞན་ཞིག་ཏུ་བྲོས་ཏེ་འགྲོས་ཡོད་པ་མ་ཡིན། རང་གི་རིག་པའི་སྟེང་གི་ཉོན་མོངས་རྣམས་ས་བོན་རྩ་བ་ནས་སྤངས། འགའ་ཞིག་འབྲས་བུ་འབྱིན་མི་ནུས་པར་བྱས་པ་ཡིན། ལས་དང་ཉོན་མོངས་སྤངས་པས་འཁོར་བ་གསར་པ་ནི་མི་སྐྱེད། རྙིང་པའི་འཕྲོས་རྣམས་མྱུར་དུ་དེངས་པར་འགྱུར། ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཟད་པའི་མཐའ་རིག་པ་དྲི་མ་མེད་པར་གནས་པ་ལ་ཐར་པ་ཞེས་བྱ་སྟེ། སྤངས་པ་སླར་མི་ལྡོག་པ་ཞེས་བྱ་བ་ལན་གཅིག་ཐར་པ་ཐོབ་ནས་སླར་གོ་འཕང་ཉམས་པ་མི་སྲིད་པ་ཡིན། ཐར་པ་དེ་

༢༢༥

ཐོབ་པའི་རྒྱུ་ཟག་མེད་ཀྱི་ཤེས་རབ་ཀྱིས་བདག་མེད་ལ་སོགས་པའི་གནས་ལུགས་རྟོགས་ཤིང་སྒྲིབ་པ་སྤངས་པས་ཐོབ་པ་ཡིན། དེའི་རྒྱུར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དགོས། སེམས་རྩེ་གཅིག་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པ་དགོས། ཚུལ་ཁྲིམས་དེ་ཡང་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་དང༌། བདག་མེད་ཀྱི་ལྟ་བས་ཟིན་ན་ཐར་བའི་རྒྱུ་གྲུང་པོ་ཡིན། ད་ནི་འཁོར་བ་ལས་ཐར་པའི་ཕྱིར་ཚུལ་ཁྲིམས་བསྲུང་བར་བྱ། ཏིང་ངེ་འཛིན་བསྒོམ་པར་བྱ། སྒོམ་བྱུང་གི་ཤེས་རབ་བསྐྱེད་ནས། མི་རྟག་སྡུག་བསྔལ་སྟོང་བདག་མེད་ཀྱི་དོན་རྟོགས་པར་བྱའོ་སྙམ་དུ་ཡང་ཡང་བསམ། དམིགས་སྐོར་སོ་གསུམ་པའོ། །སྐབས་འདིར་འབྲས་བུ་ཞི་བ་མྱང་འདས་ཐུན་མོང་བའི་རྣམ་གཞག་དང༌། བསླབ་པ་གསུམ་པོ་སོ་སོའི་རྣམ་གཞག་རགས་པ་ཙམ་བཤད་ན་ལེགས་སོ། །ཞི་གནས་ཀྱི་ཁྲིད་དང་གང་ཟག་གི་བདག་མེད་སྒོམ་པའང་སྐབས་འདིའི་ཐོབ་ཐང་ཡོན་མོད་ཀྱང༌། ཉམས་ལེན་གྱི་མཐིལ་སྐྱེས་བུ་འབྲིང་གི་ལམ་ལ་མི་བྱེད་ཅིང༌། སྐྱེས་བུ་ཆེན་པོའི་བསམ་པ་ལ་བསྒྲིལ་བ་ཡིན་པས། སྐབས་འདིར་ཐར་པའི་ལམ་ལ་སློབ་འདོད་ཀྱི་དམིགས་པ་སྤྱོད་པའི་རིམ་པ་ཙམ་ལ་ལག་ལེན་མཛད་དོ། །དེ་ཡན་ཆད་སྐྱེས་བུ་འབྲིང་གི་ཉམས་ལེན་ཚར་བ་ལགས།། ད་ནི་གསུམ་སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་བསམ་པ་ལ་བསླབ་པ་ལ། བསམ་པའི་འཇུག་སྒོ་ལ་བསླབ་པ་དང༌། དེ་ཉིད་མཐའ་རྒྱས་སུ་བྱེད་པའི་རྣམ་གྲངས་སོ། །དང་པོ་ནི་སྔ་མ་དང་སྦྲེལ་ཏེ་འཁོར་བའི་ཉེས་དམིགས་ལ་བསམ་ཙ་ན་འཁོར་བ་སྤངས་པའི་མྱ་ངན་ལས་འདས་པ་ཞིག་ཐོབ་དགོས་པ་འདུག དེ་ཐོབ་པའི་ཕྱིར་བདག་བསླབ་པ་གསུམ་ལ་སློབ་དགོས་ན། ཐོབ་བྱ་མྱང་འདས་དེ་ལ་བྱང་ཆུབ་གསུམ་དུ་དབྱེ། ཉན་ཐོས་ཀྱི་བྱང་ཆུབ། རང་རྒྱལ་གྱི་བྱང་ཆུབ། རྫོགས་པའི་བྱང་ཆུབ་གསུམ་ཡིན།

༢༢༦

དེ་གསུམ་ལས་ཉན་རང་གི་བྱང་ཆུབ་གཉིས་པོ་དེ་རང་དོན་སྤངས་རྟོགས་མ་རྫོགས། གཞན་དོན་སེམས་ཅན་ལ་ཕལ་འདོགས་རྒྱ་ཆེན་པོ་དང་བྲལ། སྤངས་པ་མ་རྫོགས་ཏེ་ཉོན་མོངས་པའི་སྒྲིབ་པ་ཁོ་ན་སྤངས་ཀྱི་ཤེས་བྱའི་སྒྲིབ་པ་མ་སྤངས། རྟོགས་པ་མ་རྫོགས་ཏེ་གང་ཟག་གི་བདག་མེད་དང་གནས་སྐབས་ཀྱི་རྟེན་འབྲེལ་ཉི་ཚེ་ཙམ་རྟོགས་ཀྱི་ཆོས་ཀྱི་བདག་མེད་དང་རྟེན་འབྲེལ་མཐར་ཐུག་མ་རྟོགས། ཡོན་ཏན་གྱི་ཁྱད་པར་ཡང་ཐོར་བུ་ཐོར་བུ་མ་གཏོགས་མཐའ་མེད་འཕེལ་བ་མེད། དྲིན་ཅན་གྱི་འགྲོ་བ་རྣམས་སྡུག་བསྔལ་ལས་མི་འདྲེན་པར་རང་གཅིག་པུ་གྲོལ་བའི་ཐབས་སྒྲུབ་པ་དེ་ཁྲེལ་མེད་གདོང་ཆུང་ཕྱི་ཐག་མེད་པ་གཞན་དོན་སྤངས་པའི་ཐར་པར་འདུག་པ། འཕགས་པ་དེ་དག་འཁོར་བར་མི་ལྡོག་ཅིང་སྤྲོས་མེད་ལ་སེམས་ངང་གིས་གནས་པ། །ཡོན་ཏན་ཡང་དུ་མ་དང་ལྡན་པ་ཡིན་པས། རང་ཅག་སོ་སོ་སྐྱེ་བོ་ལ་ལྟོས་ན་ཏ་བློས་མི་འཁྱུད་པའི་རྔམ་ཆེན་ཡིན་མོད་ཀྱི། སངས་རྒྱས་བྱང་སེམས་རྣམས་ཀྱིས་སྒྲིབ་པ་གཉིས་སྤངས་ཚུལ་དང༌། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྒྱས་ཚུལ་དང༌། ཡོན་ཏན་མུ་མཐའ་མེད་པ་མངའ་ཚུལ་དང༌། ཐུགས་རྗེའི་ཤུགས་དང་ནུས་མཐུའི་རྩལ་རྟོགས་པ་དཀའ་བ་བཞུགས་ཚུལ་དང༌། ཕྱོགས་ཐམས་ཅད་ལ་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་སྤྱོད་པའི་ཕྲིན་ལས་འཇུག་ཚུལ་བསམ་གྱིས་མི་ཁྱབ་པ་རྣམས་དང་བསྐྲུན་ན། ཉན་རང་གི་རྣམ་གྲོལ་དེ་ཆེས་ཆུང་བར་འདུག་སྟེ། དཔེར་ན་རི་རབ་དང་ཡུངས་ཀར་གྱི་ཁྱད་ལས་ཀྱང་ཁྱད་པར་ཆེ། དེས་ན་རང་དོན་སྤངས་རྟོགས་ཐམས་ཅད་ཡོངས་སུ་རྫོགས་ནས་གཞན་དོན་ཕྲིན་ལས་ཟད་པ་མེད་པའི་རང་བཞིན་ཅན་ཐར་པའི་མཆོག་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ། ཇི་ལྟར་བྱས་ན་བདག་སངས་རྒྱས་ཐོབ་པར་འགྱུར་ཞིག་གུ་སྙམ་དུ་ཡང་ཡང་བསམ། དམིགས་སྐོར་སོ་བཞི་པའོ། །གཉིས་པ་དེ་ཉིད་

༢༢༧

མཐའ་རྒྱས་སུ་བྱེད་པའི་རྣམ་གྲངས་ལ། རྒྱུ་འབྲས་ཀྱི་འབྲེལ་བ་བསམ་དང༌། རྒྱུ་འབྲས་ཀྱི་དོན་བསམ་པ་གཉིས་སོ། །དེ་ཡང་དེ་ལྟར་དམིགས་བསྡམ་དང་སྦྲེལ་ནས་བསྒོམ་སྟེ། བདག་སངས་རྒྱས་ཐོབ་དགོས་པ་དེ་སངས་རྒྱས་ཀྱི་རྒྱུར་བྱང་ཆུབ་ཀྱི་སེམས་དགོས་པར་འདུག །དེའི་རྒྱུང་སྙིང་རྗེ་དགོས་པར་འདུག དེའི་རྒྱུར་བྱམས་པ་དགོས་པར་འདུག དེའི་རྒྱུར་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དགོས་པར་འདུག དེའི་རྒྱུར་སེམས་ཅན་ཐམས་ཅད་ཕ་མར་ཤེས་པ་དགོས་པར་འདུག འདི་རྣམས་བདག་གིས་རིམ་ཅན་དུ་བསྒོམ་དགོས། སེམས་ཅན་ཐམས་ཅད་ཕ་མ་ཡིན་དྲིན་རེ་ཆེ། འདི་རྣམས་སྡུག་བསྔལ་དང་བྲལ་ན་ཅི་མ་རུང། བདེ་ཞིང་སྐྱིད་ན་ཅི་མ་རུང། འདི་རྣམས་བདེ་བ་ལ་འགོད་པའི་ཕྱིར་སངས་རྒྱས་ཐོབ་པར་བྱའོ། །སངས་རྒྱས་ཐོབ་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཞག་པར་བྱ་སྙམ་དུ་ཡང་ཡང་བསྒོམ། དམིགས་སྐོར་སོ་ལྔ་པའོ། འདིར་བཤེས་གཉེན་ཤར་བའི་སློབ་མ་དགེ་བཤེས་གཏུམ་སྟོན་པ་བློ་གྲོས་གྲགས་ནས་བརྒྱུད་པའི་མན་ངག་ལ། རྒྱུ་འབྲས་རིམ་པ་ལྔར་མཛད་པ་འདི་ཀར་འདུག །ཡང་བྱ་ཡུལ་བའི་སློབ་མ་གཙང་པ་རིན་པོ་ཆེ་ནས་བརྒྱུད་པ། དགེ་བཤེས་མུས་སྨན་པས་བཀོད་པའི་ཐེག་པ་ཆེན་པོ་བློ་སྦྱོང་གི་རིམ་པ་ཟེར་བའི་བསྟན་རིམ་གྱི་ཡི་གེ་ན། འདི་སྐད་ཅེས་སྣང་སྟེ་ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོ། །ཨ་ཏི་ཤའི་རྒྱུ་འབྲས་བདུན་ལ། བློ་སྣ་རིམ་གྱིས་སྦྱང་དགོས་གསུངས། དེ་ཡང་རྒྱུ་འབྲས་རྣམ་པ་བདུན་གྱི་དབང་དུ་བྱས་ན་རྒྱུ་མེད་རྐྱེན་མེད་མ་ཡིན་ཏེ་རྒྱུ་བྱང་ཆུབ་ཀྱི་སེམས་ལས་སྐྱེ། དེ་ལྷག་པའི་བསམ་པ་རྣམ་པར་དག་པ་ལས་སྐྱེ། དེ་སྙིང་རྗེ་ཆེན་པོ་ལས་སྐྱེ། དེ་བྱམས་པ་ཆེན་པོ་ལས་སྐྱེ། དེ་ཡིད་དུ་འོང་བ་ལས་སྐྱེ། དེ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས་སྐྱེ།

༢༢༨

དེ་མའི་འདུ་ཤེས་བསྒོམ་པ་ལས་སྐྱེ་སྐད་པ། དེ་རྣམས་རྒྱུ་འབྲས་བདུན་ཡིན་བྱ་བ་ཡོད་པས། རྒྱུ་འབྲས་བདུན་གྱི་ཐ་སྙད་ཀྱང་ཕྱིས་ཀྱི་གསར་བྱུང་རང་མིན་པ་གོ་དགོས་སོ། །གཉིས་པ་རྒྱུ་འབྲས་ཀྱི་དོན་བསམ་པ་ལ། བྱམས་པ་སྒོམ་པ། སྙིང་རྗེ་སྒོམ་པ། བྱང་ཆུབ་སེམས་སྒོམ་པ་གསུམ་མོ། །དང་པོ་ནི་རྩ་བའི་མ་བྱ་བ། ཚེ་འདི་བསྐྱེད་པའི་མལ་ཟེར་བ་ལགས་ཏེ་འདི་བདག་ལ་དྲིན་ཆེ་བར་འདུག དང་པོར་ཟླ་བ་དགུའམ་བཅུའི་བར་དུ་ཁོང་དུ་བཟུང༌། དེའི་བར་དུའང་རང་གི་སྲོག་ལས་གཅེས་པར་བསྐྱངས། མིའི་ལུས་དང་སྲོག་དང་ཚེ་སྦྱིན་པ་ཡིན། བཙས་པ་ནས་བརྩམས། ལུས་ཀྱིས་ཕན་བཏགས་ཏེ་སོར་བཅུའི་རྩལ་བླངས། ཤའི་དྲོང་ལ་བཅར། ནུམ་བསྣུན། ཟས་ལྕེས་སྙོད། མི་གཙང་བ་ལག་པས་ཕྱིས། རང་ཅག་བྱ་བྱེད་གང་ཡང་མི་ནུས་པ་འབུ་འདྲ་བ་ཞིག་ནས་བསྐྱངས་པ་ཡིན། ངག་གི་སྒོ་ནས་ཀྱང་ཕན་བཏགས་ཏེ། མིང་སྙན་པ་ནས་བོས། །བསྟོད་རྒྱུ་མེད་ཀྱང་བསྟོད་ར་གཏོང༌། ཡོན་ཏན་མེད་ཀྱང་ཡོན་ཏན་བརྗོད། འབྲིད་ཐབས་སྣ་ཚོགས་ཀྱིས་ཀྱང་སེམས་དགའ་བར་བྱས། ཡིད་ཀྱིས་ཀྱང་ཕན་བཏགས་ཏེ། བདག་གི་བུ་འདི་ཇི་ལྟར་བྱས་ན་ཚེ་རིང་བར་འགྱུར། ཅི་འདྲ་བྱས་ན་ནད་མེད་པ་ཡོང༌། ག་འདྲ་ཞིག་བྱས་ན་མིས་ཕུ་དུད་དུ་འཁུར་བ་ཞིག་ཡོང༌། །གཏམ་སྙན་པ་ཞིག་ཨེ་འོང༌། མགོ་ཐོན་པ་ཞིག་ཨེ་ཡོང་ཁོན་བསམ། དང་པོ་ཅོག་ཐུབ་པ་དང༌། འགོག་ཤེས་པ་དང༌། གཏམ་ཚིག་རེ་ཙམ་སྨྲ་ཤེས་པ་ལ་ཡང་དགའ་བ་དཔག་ཏུ་མེད་པ་བྱས། ཆེར་སྐྱེས་ནས་རང་ལ་ཡོད་ཚད་བུལ་འབོགས་པ་ལ་ཉམ་ང་ཙམ་ཡང་མེད་ཀྱི་སྟེང་དུ་དགའ་བ་བསྒོམ། སྟོང་གསུམ་ནོར་དང་གཡོག་གིས་བཀང་བ་བྱིན་ཀྱང་ཆེས་སྙམ་པ་མེད། ངའི་མ་འདི་དེ་ཙམ་དུ་བདག་ལ་ཕན་འདོགས་པ་ཡིན། བདག་ལ་བྱམས་པ་དྲིན་ཆེ་བ་ཨང༌། མ་འདི་དུས་དང་གནས་

༢༢༩

སྐབས་ཐམས་ཅད་དུ་བདེ་ན་ཅི་མ་རུང༌། སྐྱིད་ན་ཅི་མ་རུང༌། ངས་མ་འདི་བདེ་སྐྱིད་བླ་ན་མེད་པ་ལ་འགོད་པར་བྱ་སྙམ་དུ་བསྒོམ། དམིགས་སྐོར་སོ་དྲུག་པའོ། རྩ་བའི་མ་ལ་བྱམས་པ་བསྒོམ་པ་འདི་བྱམས་པའི་སྐོར་གྱི་དམིགས་པའི་རྩ་བ་ཡིན། སྐྱེ་ཡང་སླ་སྟེ་འདི་ལ་མྱོང་འཐོན་པ་གལ་ཆེ་གསུང་ངོ༌། །དེ་ནས་བདག་གི་མ་འདིས་ཚོ་འདི་ལ་ཕན་བཏགས་ཚུལ་དེ་ལྟར་ཡིན། འདིས་སྐྱེ་བ་གཅིག་མིན་གཉིས་མིན་སྐྱེ་བ་ཤིན་ཏུ་མང་པོར་མ་ཁོ་ནར་གྱུར་ནས་ཚེ་འདིའི་དངོས་ཀྱི་མ་བཞིན་དུ་ཕན་བཏགས་པ་རང་ལའང་གྲངས་མེད། དེ་བཞིན་དུ་ཕར་གྱུར་ནས་ཕན་བཏགས་པ་རང་ཡང་དཔག་ཏུ་མེད། དེ་བཞིན་དུ་ཉེ་དུ་གཉེན་འདུན་གྲོགས་མཛའ་བཤེས་ལ་སོགས་པར་གྱུར་ནས་ཀྱང་ཕན་བཏགས་པ་ཡང་མཐའ་མེད། གོས་བསྐོན་པ་དང་རྒྱན་བཏགས་པ་རང་ཡང་ཕྱོགས་གཅིག་ཏུ་སྤུངས་ན། རི་བོ་མཆོག་རབ་ཀྱི་དཔང་ལས་ཀྱང་ཐལ། ནུ་ཞོ་འཐུངས་པ་གཅིག་པུ་བསགས་ཀྱང་རྒྱ་མཚོ་ཆེན་པོ་བཞིས་ཀྱང་མི་ཚད། མ་འདི་རང་ཅག་གི་ཕ་མ་བུ་ཚ་ཉེ་དུར་གྱུར་ནས་རང་རེ་སྔོན་ལ་ཤི་བ་ལ་གདུང་བའི་སེམས་ཀྱིས་དུས་པའི་མཆི་མ་ཕྱོགས་གཅིག་ཏུ་བསགས་ན་ཆུ་ཀླུང་བྱེ་བ་ཕྲག་བརྒྱས་མི་བསྒྲུན། བདག་གི་དོན་དུ་སྡིག་པ་ལ་མ་བལྟས སྡུག་བསྔལ་ལ་མ་བལྟས། གཏམ་ངན་ལ་མ་བལྟས་པར་བདག་གི་དོན་ཁོ་ན་བསྒྲུབས་པ་ཡིན། འདི་ཙམ་དུ་ཕན་འདོགས་པ་ཨང་སྙམ་པ་ལ་སོགས་པ་གོང་བཞིན་བསྒོམ༌། དམིགས་སྐོར་སོ་བདུན་པའོ། དེ་ནས་དེའི་སྟེང་དུ་ཕ་དང་སྤུན་ཟླ་ཉེ་དུ་འདྲིས་པ་ལྔ་དྲུག་བསྣན་ཏེ། འདི་དག་གིས་ཀྱང་ཚེ་འདིར་ནི་ལ་ལས་ཕན་ཆེར་བཏགས། །ལ་ལས་འབྲིང་དུ་བཏགས། །ལ་ལས་ཆུང་དུ་བཏགས་པ་ཡིན་མོད། འཁོར་བ་ཐོག་མ་མེད་པ་ནས་བསམ་ན། རྩ་བའི་མ་བཞིན་དུ་ཕན་བཏགས་པ་ལ་མང་ཉུང་མེད། དྲིན་ལ་ཆེ་ཆུང་མེད་པས་འདི་ཙམ་དུ་ཕན་འདོགས་པ་འདི་བདེན་ཅི་མ་རུང༌། སྐྱིད་ན་ཅི་མ་རུང༌། ངས་བདེ་སྐྱིད་མཐར་ཐུག་

༢༣༠

ལ་འགོད་དགོས་སྙམ་པ་སོགས་གོང་བཞིན་བསྒོམ། དེ་བཞིན་དུ་རིམ་གྱིས་སྦྱར་ནས་བསྒོམ་དགོས་ཏེ། དེ་ལ་ཡང་བཤེས་གཉེན་བྱ་ཡུལ་བ་དང་སྣར་ཐད་པའི་ལུགས་ཀྱིས་ཡུལ་ཕྱོགས་རེ་རེ་ནས་བསྣན་ཀྱིན་བསྒོམ་པའི་ལུགས་ཡོད་ཏེ། ལས་དང་པོ་པའི་དམིགས་པ་བསྒོམ་ཚུལ་ལ། ལུགས་འདི་ཁོ་ན་གནད་ཆེ་བར་མཐོང༌། དེའི་རྗེས་ནས་རང་ཉིད་གང་དུ་གནས་པའི་ཡུལ་ཕྱོགས་དེའི་མིའི་འགྲོ་བ་དགྲ་གཉེན་བར་མ་གསུམ། དུད་འགྲོ་ས་འོག་ས་སྟེང་བར་སྣང་ལ་སྤྱོད་པ་གསུམ། ཡི་དྭགས་འདྲེ་བཀྲེན་ཡང་མཆོག་དམན་བར་གསུམ་ཇི་ཙམ་གཅིག་ཡོད། དེ་ཐམས་ཅད་སྐྱེ་བ་དཔག་ཏུ་མེད་པའི་ཕ་དང་མ་ཡིན་པ་དང༌། ཕན་བཏགས་ཚུལ་དང༌། དྲིན་དུ་གཟོ་བ་དང་བྱམས་པ་བསྒོམ་པ་གོང་བཞིན་སྦྱར། དེ་བཞིན་དུ་རྒྱལ་ཁམས་རྒྱ་ཇེ་ཆེ་ཇེ་ཆེར་བསྣན་ཏེ། མཐར་རང་རེ་བོད་པའི་དབང་དུ་བྱས་ན་བོད་རིལ་པོ་ཙམ་གྱི་འགྲོ་བ་རིགས་གསུམ་ལ་བསྒོམ། དེ་ནས་དེ་བཞིན་དུ་བོད་ཀྱི་ཤར་ན་རྒྱ་ནག་ལྷོ་ན་རྒྱ་གར་ནུབ་ན་ཁ་ཆེར་བྱང་ན་ཧོར་དང་སྟག་གཟིག་སྟེ་རྒྱལ་ཁམས་ཆེན་པོ་དེ་རྣམས་ལ་གནས་པའི་འགྲོ་བ་རིགས་གསུམ་ལ་བསྒོམ། དེ་ནས་འཛམ་བུ་གླིང་རིལ་པོའི་འགྲོ་བ་རིགས་གསུམ་ལ་བསྒོམ། དེ་ནས་འཛམ་བུ་གླིང་གི་འོག་ན་ཡི་དྭགས་ཀྱི་གནས་དང༌། ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་ཀྱི་གནས་ཡོད་དེ། དེ་རྣམས་ལ་སྔར་བཞིན་བསྒོམ། དེ་བཞིན་དུ་ཤར་ལུས་འཕགས་པོ་དང༌། ནུབ་བ་ལང་སྤྱོད་དང༌། བྱང་སྒྲ་མི་སྙན་ཏེ་གླིང་བཞི་ལ་སྟེར་ན་གོང་བཞིན་འགྲོ་བ་རིགས་གསུམ་གྱིས་གང་བ་དང༌། འོག་ན་ངན་སོང་གསུམ་གྱི་འགྲོ་བ་སྣ་ཚོགས་དང་བཅས་པ་ལ་ཡང་གོང་བཞིན། རི་རབ་གྱི་བང་རིམ་བཞི་ལ་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་ཡོད། རྩེ་མོ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡོད། རི་རབ་ཀྱི་ཁོང་སེང་ཆུ་མཚམས་མན་ཆད་ན། ལྷ་མ་ཡིན་གྱི་གཙོ་བོ་རྣམས་གནས་པའི་གྲོང་ཡོད། དེ་དག་ན་གནས་པ་ལ་སྔར་བཞིན་བསྒོམ། དེ་ནས་གསེར་གྱི་རི་

༢༣༡

བདུན་དང་ཕྱི་ལྕགས་རི་ཁོར་ཡུག་ཚུན་ཆད་ལ་ཆུ་མཚམས་ཡན་ཆད་ལ་ལྷ་དང༌། གནོད་སྦྱིན་དུད་འགྲོའི་འགྲོ་བ་དག་གནས། ཆུ་མཚམས་མན་ཆད་ལྷ་མིན་དང་ཡི་དྭགས་དང་དུད་འགྲོ་སྣ་ཚོགས་རྣམས་གནས། དེ་དག་གི་བར་བར་དུ་རོལ་མཚོ་བདུན་དང་ཕྱིའི་རྒྱ་མཚོ་ལ་ཀླུ་དང་ལྷ་མ་ཡིན་དང༌། དུད་འགྲོའི་འགྲོ་བ་ཕལ་པ་གོ་མཚམས་མེད་པ་ཙམ་དུ་གནས། དེ་ཐམས་ཅད་ལ་སྔར་བཞིན་བསྒོམ། དུད་འགྲོའི་ནང་ན་དུད་འགྲོ་རྫུ་འཕྲུལ་ཅན་གསུམ་ཡོད་ཏེ། ནམ་མཁའ་ལ་སྤྱོད་པའི་བྱ་ཁྱུང༌། ས་སྟེང་ན་སྤྱོད་པའི་མིའམ་ཅི། ས་འོག་གམ་ཆུ་ལ་སྤྱོད་པའི་ཀླུ་རྣམས་སོ། །དེ་དག་ལ་ཡང་སྒོས་སུ་བསྒོམ། དམིགས་སྐོར་དེ་ཡན་ཆད་ཀྱི་ས་འོག་དབང་ཆེན་གསེར་གྱི་ས་གཞི་ཡན་ཆད། ཐད་ཀར་ཕྱི་ལྕགས་རི་ཚུན་ཆོད། སྟེང་དུ་སུམ་ཅུ་རྩ་གསུམ་མན་ཆད་ལ་བསྒོམས་ཚར། དེའི་སྟེང་དུ་འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་རྣམས་རིམ་པས་བསྣན་ཏེ་སྔར་བཞིན་བསྒོམ། དེ་ནས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན་ཏེ་བསམ་གཏན་དང་པོའི་གནས་གསུམ་བསྣན། སྐབས་འདིར་འདི་སྐད་ཅེས་བྱ་སྟེ། འདི་ནས་བཟུང་སྟེ་གཟུགས་ཁམས་ཀྱི་སྐྱེ་གནས་འདི་ཀུན་ན་ལྷའི་འགྲོ་བ་གཟུགས་ཁམས་པ་རང་ཁོ་ན་མ་གཏོགས། །འགྲོ་བ་གཞན་ལྔ་པོ་གང་ཡང་མེད་ཏེ། ལྷ་འདོད་ཁམས་པ་ཡང་མེད། གནས་སོ་སོ་རང་རང་གི་ལྷ་ཁོ་ན་གནས་པ་ཡིན། སྤྱིར་ན་ཚངས་པའི་འཇིག་རྟེན་མན་ཆད་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག་ན་གནས་པའི་འགྲོ་བ་རིགས་དྲུག་པོ་ཐམས་ཅད་ལ་གོང་བཞིན་བསྒོམ། ད་ནི་དེ་ཀ་འདྲ་བ་ཕྲེང་ལ་སྟོང་ཕྲག་གཅིག་བཤིབས་པའི་མཐའ་ལྕགས་རི་གཅིག་གིས་བསྐོར་བ། སྟེང་ན་འོད་ཆུང༌། ཚད་མེད་འོད། འོད་གསལ་ཏེ་བསམ་གཏན་གཉིས་པའི་གནས་གསུམ་ཡོད་པའི་ནང་ནས། འོད་གསལ་བའི་

༢༣༢

གནས་ཆེན་པོ་གཅིག་གིས་སྟེང་ནས་ཁེབས་པ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཏེ། དེ་ན་གནས་པའི་རིགས་དྲུག་ལ་སྔར་བཞིན་བསྒོམ། དེ་འདྲ་བ་སྟོང་ཕྲག་གཅིག་ཐད་ཀར་བསྒྲིགས་པའི་མཐའ་སྐོར་དུ། སླར་ཡང་ཁོར་ཡུལ་གཅིག་གིས་བསྐོར་ཏེ། སྟེང་དུ་དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་ཏོ་བསམ་གཏན་གསུམ་པའི་གནས་གསུམ་ཡོད་ལ། དེ་ཀུན་གྱི་སྟེང་ནས་དགེ་རྒྱས་ཀྱི་གནས་གཅིག་གིས་ཁེབས་པ་ཡིན་ཏེ། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་གཅིག་གི་འགྲོ་བ་རིགས་དྲུག་ལ་སྔར་བཞིན་བསྒོམ། ཡང་དེ་འདྲ་བ་ཐད་ཀར་སྟོང་ཕྲག་གཅིག་བསྒྲིགས་པའི་ཐ་མ། སླར་ཡང་ཁོར་ཡུག་ཆེན་པོ་གཅིག་གིས་བསྐོར། འཇིག་རྟེན་གྱི་ཁམས་རེ་རེ་ལ་འོག་གཞི་གསེར་གྱི་ས་གཞི་རེ་རེ་ཡོད། དེ་རེ་རེའི་འོག་ན་ཆུའི་དཀྱིལ་འཁོར་རེ་རེ་ཡོད། ཆུའི་དཀྱིལ་འཁོར་བྱེ་བ་ཕྲག་བརྒྱ་རླུང་གི་དཀྱིལ་འཁོར་གཅིག་ལ་བརྟེན། འོག་ཏུ་ནི་རླུང་གི་དཀྱིལ་འཁོར་ཡན་ཆོད། སྟེང་དུ་ནི་སྤྲིན་མེད༌། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་སྟེ་བསམ་གཏན་བཞི་པའི་གནས་ཕལ་པ་གསུམ། །དེ་བཞིན་དུ་མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང༌། ཤིན་ཏུ་མཐོང༌། འོག་མིན་པ་རྣམས་བསྣན། འོག་མིན་པའི་གནས་གཅིག་པོ་དེས་སྟེང་ནས་སྟོང་གསུམ་ཁེབས། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་ཟེར། གཟུགས་མེད་ཁམས་ཀྱི་སེམས་ཅན་ཡང་དཔག་ཏུ་མེད་པ་ཞིག་ཡོད་པ་དེ་དག་ཀྱང་བསྣན་ཏེ། ཁམས་གསུམ་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་གོང་བཞིན་བསྒོམ་མོ། །དེ་ནས་ཡང་སྟོང་གསུམ་འདིའི་ཤར་ཕྱོགས་ན་ཕར་ལ་སྟོང་གསུམ་གྲངས་མེད་གཞལ་དུ་མེད། དཔེར་ན་སྟོང་གསུམ་གཅིག་ཡུངས་འབྲུས་མེར་ཏེ་བཀང་ནས། ཡུངས་འབྲུ་དེ་ལས་གཅིག་བླངས་ཏེ་འདིའི་ཤར་ཕྱོགས་ཀྱི་སྟོང་གསུམ་གཅིག་ལ་བཞག །དེ་བཞིན་དུ་སྟོང་གསུམ་རེ་རེ་ལ་ཡུངས་འབྲུ་རེ་རེ་བཞག་ན་མཐར་ཡུངས་

༢༣༣

འབྲུ་དེ་ནི་ཟད་འགྲོ། ཤར་ཕྱོགས་ཀྱི་སྟོང་གསུམ་མི་ཟད་དོ། །ཡང་དེ་ཀ་བཞིན་བྱས་ཀྱང་ཡུངས་འབྲུ་འཛད། སྟོང་གསུམ་མི་ཟད་ཡང་བསྐྱར་ཏེ་བྱས་ཀྱང་དེ་དང་འདྲ། དེ་འདྲ་བ་བསྐལ་པ་མཐའ་མེད་དུ་བྱས་ཀྱང་འཇིག་རྟེན་གྱི་ཁམས་ལ་ཟད་པ་མེད། དེ་དག་ཐམས་ཅད་འགྲོ་བ་རིགས་དྲུག་གིས་གང་བ་ཡིན་ཏེ། དེ་ཐམས་ཅད་ལ་མར་ཤེས་པ་ནས་བྱམས་པ་བསྒོམ་པའི་བར་གོང་བཞིན། ད་ནི་ཤར་ཕྱོགས་སུ་མ་ཟད། ཕྱོགས་བཅུ་རབ་འབྱམས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཕྱོགས་བཅུའི་ནམ་མཁའ་ལ་མཐའ་གཏན་ནས་མེད། ནམ་མཁའ་གར་ཁྱབ་སྣོད་ཀྱི་འཇིག་རྟེན་གྱིས་ཁྱབ། སེམས་ཅན་ཐམས་ཅད་དྲིན་ཆེན་གྱི་ཕ་མ་ཡིན། ཕ་མ་བྱས་པ་ལན་གྲངས་དཔག་ཏུ་མེད། བྱས་རེས་ནས་ཕན་སྣ་ཚོགས་ནི་བཏགས། གནོད་པ་སྣ་ཚོགས་ནི་བསལ། མ་རྒན་སེམས་ཅན་འདི་རྣམས་བདེ་བར་གྱུར་ཅིག །སྐྱིད་པར་གྱུར་ཅིག །བདག་གིས་འདི་རྣམས་བདེ་སྐྱིད་བླ་ན་མེད་པ་ལ་འགོད་པར་བྱའོ་སྙམ་དུ་བསྒོམ། དེ་རྣམས་ལ་ནང་ཚན་དམིགས་སྐོར་ཤིན་ཏུ་མང་བར་འགྱུར་མོད། བློ་རིགས་དང་བསྟུན་ནས་ངེས་མེད་དུ་ཁྲིད་དགོས་པས་ཚད་ཀྱི་དབྱེ་བ་ཅུང་ཟད་དཀའ་བ་དང༌། བྱམས་པའི་སེམས་རྒྱ་བསྐྱེད་པར་རིགས་གཅིག་པས་དམིགས་ཆེན་གཅིག་ཏུ་བསྡུས་ཏེ། དམིགས་སྐོར་སོ་བརྒྱད་པའི་ཐ་སྙད་བྱེད་དོ། །སྐབས་འདིར་སྣོད་བཅུད་འཇིག་རྟེན་ཁམས་ཀྱི་རྣམ་གཞག་ཞིག་ཤེས་ན་གནད་ཆེའོ། །དེས་བྱམས་པའི་ཁྲིད་ཚར་བ་ལགས། །གཉིས་པ་སྙིང་རྗེ་བསྒོམ་པ་ནི། སྔོན་འགྲོ་དང་རྗེས་སོགས་སྔར་དང་འདྲ་བ་ལས། སེམས་ཅན་འདི་རྣམས་བདེ་ཞིང་སྐྱིད་པ་ལ་འགོད་དགོས་པ་འདུག་པ་ལ་སེམས་ཅན་གྱི་ཁམས་ལ་བལྟས་ན། སེམས་ཅན་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་ལ་མི་གནས། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས། འདོད་པ་ནི་བདེ་བ་འདོད། སྡུག་བསྔལ་མི་འདོད་ཀྱང་ཡོང་བ་ནི་བདེ་བ་མི་འབྱུང་སྡུག་བསྔལ་ཁོ་ན་འབྱུང༌། ཕལ་ཆེར་ནི་སྡུག་བསྔལ་

༢༣༤

དངོས་ལ་གནས། དམྱལ་བ་ན་ཚ་གྲང༌། ཡི་དྭགས་ན་བཀྲེས་སྐོམ། དུད་འགྲོ་ན་གཅིག་ལ་གཅིག་ཟ། མཐོ་རིས་ན་ཡང་ཚེ་ཐུང་བ་དང༌། ནད་མང་བ་དང༌། དབང་ཆུང་བ་དང༌། བཀྲེན་ཅིང་ཕོངས་པ་དང༌། ལས་ལ་འཁོལ་བ་དང་ཆད་པས་བཅད་པ་སོགས་དངོས་སུ་རང་ཡང་སྡུག་བསྔལ་འདི་མི་མྱོང་བྱ་བ་མེད་པ་དེར་འཇུག །འགྲོ་བ་ཐམས་ཅད་སྤྱིར་ན་སྡུག་བསྔལ་གྱི་རྒྱུ་དཔག་ཏུ་མེད་པ་ལ་སྤྱོད་པ་དེ་ཡིན། སྒོས་སུ་འགའ་ཞིག་ད་ལྟ་རང་མི་འདོད་པའི་སྡུག་བསྔལ་དྲག་པོ་ནི་མེད་དུ་ཆུག་ཀྱང་སྡིག་པའི་ལས་རྔམ་པོ་ཆེ་བསགས་པས་དབུགས་ཁ་གང་པ་འགགས་པ་དང་མཉམ་དུ་དམྱལ་བར་ཁྲོོང་ཁྲོང་སྐྱེ་དགོས་པ་འདི་རྣམས་དངོས་སུ་ད་ལྟ་སྡུག་བསྔལ་མྱོང་བ་རྣམས་ལས་ཀྱང་སྙིང་རྗེ་བར་འདུག སྣང་བ་རེ་འཁྲུལ་ན་ཨ་ཙམ་ཅི་རང་དག་སྙམ་དུ་བསམ། དཔེར་ན་རང་གི་རྩ་བའི་མ་དེ་མིག་ནི་ལོང་རྐང་པ་ནི་ཆག ལོང་ཁྲིད་ནི་མེད། འཁར་བ་ནི་བོར། གད་ཁ་གཡང་ཁ་གཅིག་ནས་མར་ལྟུང་ལ་ཁང་ཁད་འདུག་ན། བདག་ཇི་ཙུག་བྱེད། གཞན་གང་ལ་ཡང་མི་བལྟས་པར་ཧ་བརྒྱུགས་སུ་ཕྱིན་ནས་མ་དེ་གཡང་ཁ་ནས་འཛིན་དགོས། དཔེ་དེ་བཞིན་དུ་མ་རྒན་འགྲོ་བ་འདི་རྣམས་ཤེས་རབ་ཀྱི་མིག་ནི་ལོང༌། ཐབས་ཀྱི་རྐང་པ་ནི་ཆགས། །དགེ་བའི་བཤེས་གཉེན་ནམ་གྲོགས་བཟང་པོའི་ལོང་ཁྲིད་ནི་མེད། བསོད་ནམས་ཀྱི་འཁར་བ་དང་ནི་བྲལ། ཡིད་ལ་དྲན་དུ་ཡང་མི་རུང་བའི་སྡིག་པ་ཐམས་ཅད་ནི་ལག་ལེན་དུ་ཡང་ཡང་བཏབ། མཐོ་རིས་ཀྱི་ལམ་ནས་བརྡེག་འཆོས་ཏེ། ངན་སོང་གསུམ་གྱི་གཡང་ལ་ལྟུང་ལ་ཁད་ཁད་པ་སྡུག་བསྔལ་གྱི་རྒྱུ་མི་བཟང་ང་ལ་གནས་པ་འདི་རྣམས་སྙིང་རེ་རྗེ། ད་ནི་འདི་རྣམས་ངས་སྡུག་བསྔལ་ལས་དངོས་སུ་མ་སྐྱབས་པའི་ཐབས་མེད། དེས་ན་ངན་སོང་གསུམ་ན་ནི་ཚོར་བ་སྡུག་བསྔལ་དངོས་ལ་གཙོ་བོར་སྤྱོད། བདེ་འགྲོ་གསུམ་ན་ནི་ཚོར་བ་སྡུག་བསྔལ་གྱི་རྒྱུ་ལ་གཙོ་བོར་སྤྱོད། དེ་དག་གི་སྡུག་བསྔལ་སྐྱེས་བུ་ཆུང་བ་འབྲིང་གི་སྐབས་སུ་བཤད་པ་ལྟར་དྲན་པར་བྱ། སྡུག་བསྔལ་དེ་བདག་གི་ཐོག་པ་པས་ན་ཆ་ཤས་ཙན་ཡང་བཟོད་པའི་གླགས་མི་འདུག བདག་གིས་

༢༣༥

མི་བཟོད་པ་ཞིག་འདི་རྣམས་ཀྱིས་ཀྱང་ག་ལ་བཟོད། དེ་འདྲ་བའི་སྡུག་བསྔལ་དངོས་སུ་ཡང་མྱོང་ཞིང༌། སྡུག་བསྔལ་གྱི་རྒྱུ་ཟད་མི་ཤེས་པ་ལ་རིམ་གྱིས་རིམ་གྱིས་སྤྱད་པས། སྡུག་བསྔལ་ནས་སྡུག་བསྔལ་བརྒྱུད་མར་འབྱུང་བ་འདི་རྣམས་སྙིང་རེ་རྗེ། འདི་རྣམས་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་ཐམས་ཅད་དང་བྲལ་བར་གྱུར་ཅིག མ་རྒན་འགྲོ་དྲུག་གི་སེམས་ཅན་འདི་རྣམས་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ལས་བདག་གིས་བསྐྱབ་པར་བྱ། །སྡུག་བསྔལ་གྱི་གནས་འཁོང་བ་ལས་འདྲེན་པར་བྱ་སྙམ་དུ་ཡང་ཡང་བསམ། དམིགས་སྐོར་སོ་དགུ་པའོ། །ཡང་ན་འདི་ལ་སྡུག་བསྔལ་དངོས་ལ་སྤྱོད་པ་ལ་དམིགས་སྐོར་གཅིག སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་ལ་དམིགས་སྐོར་གཅིག གཉིས་ཀ་བསྡོམས་པ་ལ་གཅིག་སྟེ་གསུམ་བྱེད་པའི་ལུགས་ཀྱང་ཡོད། སྔར་བྱམས་པའི་སྐབས་སུ་བཤད་པ་བཞིན་རིམ་གྱིས་ཐམས་ཅད་ལ་རྒྱ་བསྐྱེད་དེ་བསྒོམས་ན་ཡང་ལེགས་པར་འོང་ངོ༌། །ཡང་བྱམས་པ་སྙིང་རྗེའི་ཁྲིད་ལན་གཅིག་བསྐྱངས་པའི་རྗེས་སུ་འདི་གཉིས་འབྲེལ་པ་ཅན་ཁོ་ན་འབྱུང་བས། བྱམས་པ་རེ་ལ་སྙིང་རྗེ་རེ་འཐུད་ཀྱིན་བསྒོམས་པས་ཆོག ཚན་པ་སོ་སོར་མ་བཅད་ཀྱང་རུང་བ་ལགས་སོ། །གསུམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། སྨོན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། འཇུག་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གཉིས་སོ། །འདི་གཉིས་ལ་བསམ་པ་བྱང་ཆུབ་ཀྱི་སེམས་དང༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ཞེས་ཟེར་བའང་ཡོད་དོ། །དེའི་དང་པོ་ལ་བྱང་ཆུབ་ཀྱི་སེམས་དངོས་ལ་བསླབ་པ། ཕན་ཡོན་དྲན་པ་ལ་བསླབ་པ། བསླབ་བྱ་ལ་དམ་བཅའ་བ་སྟེ་གསུམ་མོ། དང་པོ་ནི། སྔར་གྱི་བྱམས་སྙིང་རྗེ་གཉིས་དང་འབྲེལ་བར་བསྒོམ་སྟེ། མ་འདི་རྣམས་བདེ་དགོས་པ་འདུག སྐྱིད་དགོས་པར་འདུག་པ་ལ། མི་བདེ་མི་སྐྱིད་སྡུག་བསྔལ་བར་འདུག་པ་སྙིང་རེ་རྗེ་བདག་གིས་སྡུག་བསྔལ་མི་སེལ་བའི་ཐབས་མེད། འདི་རྣམས་

༢༣༦

བདེ་བ་ལ་མི་འགོད་པའི་ཐབས་མེད་ཏེ། འོན་ཀྱང་དེའི་ནུས་པ་བདག་ལ་མི་འདུག དེར་མ་ཟད་ཚངས་པ་བརྒྱ་བྱིན་འཁོར་ལོས་བསྒྱུུར་རྒྱལ་རྣམས་ལའང་མེད། འོ་ན་སུ་ལ་ཡོད་ན་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད། དེ་ལྟར་ན་ཡང་སངས་རྒྱས་ད་ེབསྒྲུབས་ན་ཐོབ་ཡོད་པ་ཡིན་པས་བདག་གིས་སངས་རྒྱས་ཐོབ་པར་བྱ། ཐོབ་ནས་སེམས་ཅན་འཁོར་བ་ལས་འདྲེན་པར་བྱ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་སངས་རྒྱས་ཐོབ་དགོས་པ་འདུག་སྙམ་པ་ཡང་ཡང་བྱ། དམིགས་སྐོར་བཞི་བཅུའོ། །གོང་དུ་དམིགས་སྐོར་སོ་བཞི་པ་བསམ་པའི་འཇུག་སྒོ་ལ་བསླབ་པའི་སྐབས་སུ་ནི། སངས་རྒྱས་ཀྱི་ཡོན་ཏན་ཤེས། ཐེག་པ་ཆེ་ཆུང་གི་ཁྱད་པར་ཤེས་པའི་སྒོ་ནས་རྫོགས་བྱང་དོན་གཉེར་ཙམ་བསྒོམ་པ་ཡིན་ལ། དེ་ཙམ་གྱིས་བྱང་ཆུབ་སེམས་ཀྱི་མཚན་ཉིད་རྫོགས་པར་མི་འགྱུར་ཞིང༌། འདིར་གཞན་དོན་ཁོ་ན་རྫོགས་བྱང་དོན་གཉེར་གྱི་བསམ་པ་བསྒོམས་པས་སྨོན་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཚང་བར་འགྱུར་རོ། །གོང་དུའང་གཞན་དོན་བསམ་པ་ཙམ་ཡོད་མོད། བྱམས་སྙིང་རྗེ་མཐར་ཕྱིན་པས་གཞན་དོན་དུ་གཙོ་བོར་དམིགས་པ་མི་འབྱུང་ངོ༌། །དེ་ནས་གཉིས་པ་ཕན་ཡོན་བསམ་པ་ལ་བསླབ་པ་ནི། རང་གི་དོན་ཐམས་ཅད་སྒྲུབ་པའི་ཕན་ཡོན་ནི། མདོ་ལས་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ཕྱིར་ས་བོན་ལྟ་བུའོ། །ཞེས་གསུངས། གཞན་དོན་བསྒྲུབ་པའི་ཕན་ཡོན་ནི། འགྲོ་བ་རྣམས་ཀྱི་ཆོས་དཀར་པོ་འཕེལ་བས་ཞིང་ས་ལྟ་བུའོ། །ཞེས་སོ། །ཉེས་པ་ཐམས་ཅད་སེལ་བའི་ཕན་ཡོན་ནི། ཉེས་པར་སྤྱོད་པ་ཐམས་ཅད་ཟད་པས་སའི་འོག་ལྟ་བུའོ། །ཞེས་སོ། །ཡོན་ཏན་ཐོབ་པའི་ཕན་ཡོན་ནི། ཡོན་ཏན་ཐམས་ཅད་འདུ་བས་རྒྱ་མཚོ་ཆེན་པོ་ལྟ་བུའོ། །ཞེས་འབྱུང་བ་ལྟར་ཕན་ཡོན་བཞི་སྟེ། ད་ལྟ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཉིད་ནས་རང་རྒྱུད་ཀྱི་ཐར་པའི་ས་བོན་གསོས་ཐེབས་ཤིང་དགེ་བའི་བག་ཆགས་ཐམས་ཅད་སད། བསམ་པ་བཟང་པོ་དེས་དངོས་སུ་སེམས་ཅན་ལ་ཕན་པ་བྱེད་ཅིང༌།

༢༣༧

ཕན་འདོགས་པའི་ནུས་པ་ཡང་རྙེད་འོང༌། འདི་བསྒོམ་ཙམ་ཉིད་ནས་སྡིག་པ་མང་པོ་འདག་ཅིང༌། ཆགས་སྡང་ང་རྒྱལ་ཕྲག་དོག་སོགས་ཉོན་མོངས་ཀྱི་དཔལ་འཇོམས་རྒྱུད་འཇམ་པོར་སོང་བས་ཡོན་ཏན་ཐམས་ཅད་སྐྱེ་ཞིང༌། སངས་རྒྱས་བསྒྲུབ་པར་དམ་བཅས་ཕྱིན་ཡོན་ཏན་གཞན་མང་པོ་བསྒྲུབ་དགོས་པ་གཅིག་ཀྱང་ཤུགས་ལ་འོང༌། དེ་ནས་མཐར་ཐུག་གི་བར་དུ་རང་དོན་རྟོགས་པ་དང་གཞན་དོན་ཕྲིན་ལས་དང༌། སྤང་བྱ་སྤོང་བ་དང༌། ཡོན་ཏན་སྒྲུབས་པ་ཐམས་ཅད་འདིས་བྱེད་པ་ཡིན། །མདོར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོན་ཏན་ཇི་ཙམ་ཡོད་པ། བྱང་ཆུབ་ཀྱི་སེམས་ལའང་ཡོད་པ་ཡིན། སངས་རྒྱས་ལ་ཇི་ཙམ་རི་བ་འདི་ལའང་རི་སྙམ་དུ། བྱང་ཆུབ་ཀྱི་སེམས་ལ་སྤྲོ་སིང་ངེ་བ་བསྐྱེད་ལ། སླར་ཡང་བྱང་ཆུབ་ཀྱི་སེམས་སྡང་བཞིན་བསྒོམ། དེ་ཀ་ཡང་ཡང་བསྐྱར། ཐུན་མཚམས་སུ་སེམས་བསྐྱེད་རང་གིས་ལེན་པའི་ཆོགས་ཀྱང་ཡང་ཡང་ལེན་པའི་དམིགས་པ་སྐྱོང༌། ཡང་སྔར་སེམས་བསྐྱེད་མ་ཐོབ་ན། རྒྱུན་བཤགས་ཀྱི་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ཅེས་འབྱུང་བ་དེ་སེམས་བསྐྱེད་ཡིན་པས་ཡན་ལག་བདུན་པ་ཡང་ཡང་བྱ། དམིགས་སྐོར་ཞེ་གཅིག་པའོ། །གསུམ་པ་བསླབ་བྱ་ལ་དམ་འཆའ་བ་ནི། བསླབ་བྱ་དང་པོ་སེམས་ཅན་བློས་མི་སྤང་བ་ལ་བསླབ་དགོས་ཏེ། སེམས་ཅན་བློས་སྤོང་བ་ལ་གཉིས་ཡོད། ཁྱུ་རིལ་དུ་བློས་སྤོང་བ་དང༌། སྒོ་ཐད་དུ་བློས་སྤོང་བའོ། དང་པོ་ནི་ཆོས་ལ་འཇུག་པའི་བློ་ལོག་པ་སྟེ། ངས་རང་དོན་གཞན་དོན་གང་ཡང་མི་ཡོང་འཇིག་རྟེན་ཕལ་པ་བྱ་སྙམ་པ་དང༌། ཐེག་ཆེན་ལ་བློ་ལོག་པ་སྟེ་སེམས་ཅན་གྱི་དོན་སྒྲུབ་མི་ནུས་པས་བདག་ཉན་རང་གི་ཐེག་པར་སེམས་བསྐྱེད་དགོས་སྙམ་པ་ལྟ་བུ་ཡིན། སྒོ་ཐད་དུ་བློས་སྤངས་པ་ནི། རང་དང་འགལ་བ་ཁ་ཅིག་ལ་ཁྱོད་ལ་ཕན་ཐོགས་པའི་དུས་བྱུང་ཀྱང་གནས་སྐབས་མཐར་ཐུག་གང་ལ་ལྟོས་ཀྱང་ཕན་མི་འདོགས་སྙམ་དུ་སྙིང་བརྩེ་ལྷན་གྱིས་བྲལ་བ་དེ་ཡིན། དེ་ལྟར་

༢༣༨

ཁྱུ་རིལ་གྱི་བློས་སྤངས་སམ། སྒོ་ཐད་ཀྱི་བློས་སྤངས་ཀྱང་རུང་སྟེ། གཉེན་པོས་མ་སླེབས་པར་ཐུན་ཚོད་གཅིག་འདས་ན་སེམས་བསྐྱེད་གཏོང་བ་ཡིན་པར་འདུག །བདག་གིས་སེམས་ཅན་སྤོང་བའི་བློ་ནམ་དུ་ཡང་མ་སྐྱེས་པ་ཞིག་བྱ། གལ་ཏེ་དབང་མེད་དུ་སྐྱེས་ཀྱང་འཕྲལ་དུ་གཉེན་པོས་སླེབ་ནས་དེ་མ་ཐག་བཤགས་པ་བྱ། ད་ལྟ་དངོས་སུ་ཕན་གདགས་མ་ནུས་པ་ལ་ཕུགས་སུ་ཕན་པར་བྱ་སྙམ་དུ་བསྒོམ། དམིགས་སྐོར་ཞེ་གཉོས་པའོ། །བསླབ་བྱ་གཉིས་པ་ཚོགས་བསགས་པ་ལ་འབད་དགོས། བདག་རིམ་པས་ཡོན་ཏན་གོང་ནས་གོང་དུ་སོང་ན། ཚོགས་གཉིས་རྒྱ་ཇེ་ཆེ་ཇེ་ཆེ་ལ་བསླབ་དགོས། ཉི་མ་དེ་རིང་རང་ནས་ཚོགས་གཉིས་ལ་བསླབ་དགོས་ཏེ། བསོད་ནམས་ཀྱི་ཚོགས་ནི། མདོ་བསྟན་བཅོས་རྣམས་ལས་ཕན་ཡོན་ཆེ་བར་བཤད་པའི་དཀོན་མཆོག་གི་མཆོད་པ། དགེ་འདུན་གྱི་བསྙེན་བཀུར། འབྱུང་པོའི་གཏོར་མ་ཕྱག་མཆོད་བསྐོར་བ་གཟུངས་སྔགས་བཟླས་པ་དད་པ་བསྒོམ་པ་བྱམས་སྙིང་རྗེ་བསྒོམ་པ། བཟོད་པ་བསྒོམ་པ་ལ་སོགས་པ་ལ་བསླབ་དགོས་སྙམ་པ་དང༌། ཡེ་ཤེས་ཀྱི་ཚོགས་ཆོས་ཉན་པ། ཚིག་འཛིན་པ་དོན་སེམས་པ། འགལ་འབྲེལ་གྱི་སྒོ་ནས་རིགས་པས་ཐེ་ཚོམ་གཅོད་པ། འཁོར་གསུམ་རྣམ་པར་མི་རྟོག་པར་རྒྱས་འདེབས་པ་ཞེས་བྱ་བ། འཁོར་འདས་ཐམས་ཅད་བདེན་མེད་དུ་ཐོས་པའི་སྒོ་ནས་གོ་ཞིང་ཤེས་བསམ་པའི་སྒོ་ནས་ངེས་པ་རྙེད། སྒོམ་པའི་སྒོ་ནས་མངོན་སུམ་དུ་རྟོགས་པ་གཅིག་དགོས་པས་དོན་འདི་ལ་བསླབ་དགོས་སྙམ་པ་དང༌། མཆོད་པ་ལ་སོགས་པ་བདེན་མེད་ཀྱི་ལྟ་བས་ཟིན་པ་དང༌། ལྟ་བ་དེའི་ངང་ནས་དེ་ལྟར་བསླབས་པས་བསོད་ནམས་ཀྱི་ཡེ་ཤེས། ཡེ་ཤེས་ཀྱི་བསོད་ནམས་སུ་སོང་ནས་ཚོགས་གཉིས་ཟུང་ད་འཇུག་པ་གཅིག་བྱའོ་སྙམ་དུ་ཡང་ཡང་བསམ། ཐུན་མཚམས་ཀུན་ཏུ་དེ་དག་ལས་ཇི་ལྟར་འོས་འོས་ལག་ལེན་དུ་ཐེབས་པར་ཡང་བྱ། དམིགས་སྐོར་ཞེ་གསུམ་པའོ། །བསླབ་བྱ་གསུམ་པ་ཟུང་བཞི་ཡ་བརྒྱད་ལ་བསླབ་དགོས་ན། ནག་པོའི་

༢༣༩

ཆོས་བཞི་སྤྱིར་ཡང་ཉེས་པ་ཆེ། སྒོས་སུ་སྐྱེ་བ་འཕོས་ནས་སེམས་བསྐྱེད་བརྗེད་པའི་རྒྱུ་ཡིན། དཀར་པོའི་ཆོས་བཞི་སྤྱིར་ཡང་ཕན་ཡོན་ཆེ། སྒོས་སུ་སྐྱེ་བ་ཐམས་ཅད་དུ་སེམས་བསྐྱེད་དྲན་པའི་རྒྱུ་ཡིན། དེས་ན་ནག་པོའི་ཆོས་བཞི་སྤང༌། དཀར་པོའི་ཆོས་བཞི་ལ་བསླབ་དགོས། དེ་ལ་ཟུང་དང་པོ་བླ་མ་སྦྱིན་གནས་དང༌། མཆོད་འོས་བསླུ་བ་ནག་པོའི་ཆོས་ཡིན། བསླུ་བ་ཞེས་བྱ་བ་དེ་དག་ལ་རྫུན་གྱིས་མགོ་བསྐོར་གཏོང་བ་ལ་ཟེར། དེའི་གཉེན་པོར་ཤེས་བཞིན་གྱི་རྫུན་སྨྲ་བ་མཐའ་དག་སྤངས་པ་ཡིན། སྐྱེ་བོ་ཐ་མལ་པ་ལ་ཤེས་བཞིན་གྱི་རྫུན་ཕྲ་མོ་ཡང་མི་སྨྲ་ན། མཆོད་འོས་བསླུ་བ་ལྟ་ག་ལ་ཞིག །ཟུང་གཉིས་པ་གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་ནག་པོའི་ཆོས་ཟེར། འགྱོད་པའི་གནས་སྡིག་པ་ལ་འགྱོད་པ་བསྐྱེད་དགོས་ཀྱང༌། གནས་མ་ཡིན་པ་དགེ་བ་བྱས་པ་ལ་འགྱོད་པ་བསྐྱེད་པའི་ཐབས་བྱས་ན། དེ་འགྱོད་རུང་མ་འགྱོད་རུང་ནག་པོའི་ཆོས་ཡིན། འགྱོད་པ་བསྐྱེད་ཚུལ་ནི། སྦྱིན་པ་འདི་ཆེས་ཏེ་འདི་ཙམ་སྦྱིན་ན་ཅི་ཟ། ཅེས་པ་དང༌། ཁྱོད་སྡོམ་པ་བླངས་ན་བུ་སྨད་འདི་ཀུན་ཁ་ཞན་པོར་འགྲོ་ཞེས་པའམ། དགྲ་ལ་ལན་པོ་མ་བྱས་པ་དེས་ཁྱེད་སྟངས་ཆག་པར་འགྱུར་ཅེས་པ་ལྟ་བུའོ། །དེའི་གཉེན་པོར་སེམས་ཅན་རྣམས་ཐེག་པ་གསུམ་གྱི་དགེ་བ་ལ་སྨོན་པར་བྱ་བ། དཀར་པོའི་ཆོས་ལ་བསླབ་སྟེ། སེམས་ཅན་རྣམས་ཐེག་པ་གསུམ་པོ་གང་མོས་མོས་ལ་སེམས་བསྐྱེད་དུ་གཞུག སྒོས་སུ་ཐེག་ཆེན་ལ་ཅི་ནུས་སུ་འགོད། དགེ་བའི་རིགས་ཅི་འགྲུབ་བྱེད་དུ་བཅུག དེ་ཡང་བྱང་ཆུབ་ཏུ་སྨོན་ལམ་འདེབས་སུ་འཇུག་དགོས་ཏེ། དགེ་བ་མི་བྱེད་པ་ཚོ་ཡང་སླར་ནས་དགེ་བ་ལ་འགོད་གང་ཐུབ་བྱེད་དགོས་ན་འགྱོད་པ་བསྐྱེད་པ་ག་ལ་འོང༌། ད་ནི་ཟུང་གསུམ་པས་སློབ་སྟེ། སེམས་བསྐྱེད་པའི་གང་ཟག་ལ་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་ནག་པོའི་ཆོས་ཟེར། ཚོགས་བཅད་མ་ཡིན་པ་ནི་དངོས་

༢༤༠

སམ་ལྐོག་ཏུ་སྐྱོན་བརྗོད་པ་ཡིན། སེམས་བསྐྱེད་སྐྱེས་རུང་མ་སྐྱེས་རུང་ཉམས་རུང་མ་ཉམས་རུང་འདྲ། སེམས་བསྐྱེད་བླངས་སོ་ཟེར་བ་ཚུད་ཆད་སྨད་དུ་མི་རུང༌། དེའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྒོམ་པ་ལ་བསླབ་པ་དཀར་པོའི་ཆོས་ཡིན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་དང༌། ཚོགས་གསོག་སྒྲིབ་སྦྱོང་གི་ཡུལ་ལ་སངས་རྒྱས་དང་འདྲ། ཇི་སྐད་དུ། སེམས་ཅན་རྣམས་དང་རྒྱལ་བ་ལ། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། ཅེས་གསུངས་པ་ལྟར་ཡིན། དེས་ན་སྟོན་པའི་འདུ་ཤེས་བསྐྱེད་ནས། རྟག་ཏུ་བསྔགས་པ་དང་བསྟོད་པར་བརྗོད་ན། སེམས་བསྐྱེད་ཕལ་པ་ལའང་མི་སྨོད་ཅིང་བསྔགས་པ་བརྗོད་ན༌། སེམས་བསྐྱེད་པ་ལ་མི་སྨོད་པ་ལྟ་ཅི་སྨོས། ཟུང་བཞི་པ་སེམས་ཅན་ལ་གཡོ་སྒྱུས་ཀུན་ཏུ་སྤྱོད་པ་ནག་པོའི་ཆོས་ཟེར། རང་གི་དོན་བསྒྲུབ་པའི་ཕྱིར་དུ་གཞན་ལ་ཁྲིམ་དང་གྱ་བསྐོར་བྱེད་པ། ཐ་ན་བྲེ་སྲང་ཚུན་ཆད་ལ་གཡོ་སྒྱུ་བྱས་ཀྱང་རུང་སྟེ། ནག་པོའི་ཆོས་ཡིན། དེའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་ལྷག་པའི་བསམ་པས་གནས་དཀར་པོའི་ཆོས་ཡིན། ཕན་པ་དང་བདེ་བ་ནི་ཚེ་འདི་ཕྱི་གཉིས་ཀྱི་བདེ་བ་ལ་འགོད་པ་དང༌། ལྷག་པའི་བསམ་པ་ནི། གཞན་དོན་གྱི་ཁུར་རང་གིས་ཁྱེར་བ་ལ་ཡང་ཟེར། ཡང་གཡོ་ཐབས་ཀྱི་གྱ་གྱུ་མི་བྱེད་པར་བསམ་པ་དྲང་པོས་ཚིག་གསོང་པོར་སྨྲ་བ་ལ་ཕ་མ་བུ་ཚ་ལྟར་ཕྱི་ནང་མེད་པ་ལའང་ཟེར་བས་དེ་ལྟ་བུ་ལ་བསླབ་དགོས། སེམས་ཅན་ཐམས་ཅད་ལ་ཕན་པའི་ལྷག་བསམ་དུ་གནས་དགོས་ན། ཕར་ལ་གཡོ་སྒྱུ་འཚོར་བའི་གོ་སྐབས་ག་ལ་ཡོད། དཀར་པོའི་ཆོས་འདི་རྣམས་ལ་ཤིན་ཏུ་ནན་ཏན་སྙིང་པོར་བྱ་རྒྱུ་ཡིན་པ་འདུག བདག་དེང་ནས་བཟུང་སྟེ་ནག་པོའི་ཆོས་བཞི་ནམ་དུ་ཡང་མི་བྱེད། དཀར་པོའི་ཆོས་བཞི་ལ་ཅི་ནུས་ཅི་ལྕོགས་ཀྱིས་བསླབ་པར་བྱའོ་སྙམ་དུ་བསམ། དམིགས་སྐོར་ཞེ་བཞི་པའོ། །འདིར་

༢༤༡

ཟུང་བཞི་རེ་རེ་ལ་དམིགས་སྐོར་རེ་རེ་མཛད་པའི་ལུགས་ཀྱང་ཡོད། བློ་འཁོབས་ཆུང་བ་འདི་ལྟར་བྱས་ན་ངེས་ཤེས་སྐྱེ་ཞིང་ལེགས་པར་འོང་ཡང་འོང་ངོ༌། །ཡང་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ་དང༌། ཉིན་མཚན་དུས་དྲུག་ཏུ་སེམས་བསྐྱེད་ལེན་པ་ཡང་བསླབ་བྱར་བསྡུས་ཏེ། སེམས་ཅན་མི་སྤང་བ། ཚོགས་གཉིས་ལ་བསླབ་པ། ཟུང་བཞི་ལ་རེ་རེ་སྟེ་བསླབ་བྱ་བརྒྱད་ཟེར་བའང་ཡོད་པས་ཇི་ལྟར་འོས་པར་སྦྱར་བར་བྱའོ། །སྙིང་རྗེའི་ཁྲིད་སོང་བའི་མཚམས་སུ་སེམས་བསྐྱེད་བླངས་ནས། དེ་རྗེས་སྨོན་སེམས་ཀྱི་ཁྲིད་འདི་རྣམས་བསྐྱངས་ན་གོ་རིམ་འགྲིམ་མདོག་ཁ་ལེགས་པར་འགྱུར་ལ། ཡང་ཐོག་མར་དམིགས་པ་འདི་རྣམས་བྱང་བར་བྱས་ཏེ། བར་འདིར་སེམས་བསྐྱེད་བླངས་ན་ཆོ་གས་ལེན་པའི་སྐབས་དེར་ངེས་ཤེས་སྐྱེ་ཚབས་ཆེ་བས། སྐབས་འདིར་བྱས་ན་ཡང་ལེགས་པར་འགྱུར། ཡང་ཁྲིད་ཡོངས་སུ་རྫོགས་པའི་མཐར་བྱང་སྡོམ་ལེན་པའི་སྔོན་དུ་སེམས་བསྐྱེད་བླངས་ཀྱང་རུང་སྟེ། ཇི་ལྟར་སྐབས་སུ་བབས་པ་དེ་ལྟར་བྱའོ། །གཉིས་པ་འཇུག་པ་བྱང་ཆུབ་ཀྱི་སེམས་ལ་བསླབ་པ་ནི་འདི་ཡིན་ཏེ། སངས་རྒྱས་ཐོབ་པ་འདོད་པས་བྱང་ཆུབ་སྤྱོད་པ་ལ་བསླབ་དགོས་སངས་རྒྱས་འགྲུབ་པར་འདོད་ཀྱང་སྤྱོད་པ་ལ་མི་སློབ་ན། ལོ་ལེགས་པར་འདོད་སྐད། སོ་ནམ་མི་བྱེད་པ་དང་འདྲ། སྤྱིར་བྱང་ཆུབ་སྨོན་པ་ཙམ་ལའང་ཕན་ཡོན་མང་མོད་ཀྱི་བྱང་ཆུབ་སྤྱོད་པ་ཉམས་སུ་མ་བླངས་ན་ཡོན་ཏན་གོང་འཕེལ་དུ་མི་འགྲོ་བས་སྤྱོད་པ་ལ་བསླབ་དགོས། སྤྱོད་པའི་ངོ་བོ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་དངོས་བཞི་ཡིན། ཕར་ཕྱིན་དང་བསྡུ་དངོས་བྱ་བ་ཡང་ལོགས་ལོགས་སུ་མེད། ཕྱིན་དྲུག་རང་གིས་ཉམས་སུ་ལེན། གཞན་ལ་ཚིག་གི་སྒོ་ནས་སྟོན། གཞན་རྣམས་བྱེད་དུ་འཇུག་པ་དེ་ཀ་ཕར་ཕྱིན་ཀྱང་ཡིན། བསྡུ་དངོས་ཀྱང་ཡིན། བདག་གིས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ནན་ཏན་སྙིང་པོར་བསྒྲུབ་པར་བྱའོ། །དེ་ཡང་ཕྱི་དུས་སུ་ཕྱི་དུས་ན་མ་ཡིན་པར་ད་

༢༤༢

ལྟ་ཉིད་དུ་འཇུག་པར་བྱའོ་སྙམ་པ་ཡང་ཡང་སྤྱོད་པ་ཡིན། འདི་སྐབས་དམ་བཅའ་དང་ལག་ལེན་མ་འཛོལ་བར་ཅི་ནུས་ཅི་ལྕོགས་ཀྱིས་ལག་ལེན་དུ་ཐེབས་པ་ཉི་མ་དེ་རིང་ནས་བྱེད་དགོས་པ་ཡིན་ནོ། ཞེས་བྱ་སྟེ་འཇུག་སེམས་སྤྱིར་བསྒོམ་པ་ཡིན། དམིགས་སྐོར་ཞེ་ལྔ་པའོ། །བདག་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དགོས་ན། དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་དགོས། སྦྱིན་པ་དེ་ལ་དབྱེ་ན་གསུམ། ཟང་ཟིང་གི་སྦྱིན་པ། མི་འཇིགས་པའི་སྦྱིན་པ། ཆོས་ཀྱི་སྦྱིན་པ་གསུམ་མོ། །བདག་གིས་སེམས་ཅན་ཐམས་ཅད་ལ་ཟང་ཟིང་གི་སྦྱིན་པ་བྱིན་ལ་ཚིམས་པར་བྱ། ད་ལྟ་དེ་ཙམ་ཀྱི་ནུས་པ་མེད་དེ། ཕྱིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཚུན་ཆོད་བཟུང་ལ་སྦྱིན་དགོས་སྙམ་པ་བསམ་པའི་སྒོ་ནས་བསླབ། ད་ལྟ་རང་ཡང་རང་གི་ནུས་པ་དང་སྦྱར་ལ་ཆོས་ཀྱི་འགལ་རྐྱེན་དུ་མི་འགྲོ་ཙམ་གྱི་སྒོ་ནས། ཟས་གོས་ལ་སོགས་པ་ཅི་ནུས་ཅི་ལྕོགས་སུ་སྦྱིན། མཐར་རང་ལ་ཡང་སློང་མོ་ཁ་སྟོང་དུ་མི་གཏོང་བ་ཙམ་རེ་མི་བྱེད་པའི་ཐབས་མི་འདུག་བསམ་ཞིང༌། འདི་དམིགས་པ་ཙམ་མ་ཡིན་པ་ལག་ལེན་དུ་ཡང་ཁེལ་ངེས་པ་དགོས་ཏེ་སྦྱོར་བ་ལ་བསླབ་པ་ཡིན། མི་འཇིགས་པའི་སྦྱིན་པ། བདག་གིས་སེམས་ཅན་ཐམས་ཅད་ནད་ཀྱི་འཇིགས་པ་དང༌། མཚན་གྱི་འཇིགས་པ་དང༌། ཆོམ་རྐུན་གྱི་འཇིགས་པ་དང༌། དུག་གི་འཇིགས་པ་དང༌། གཅན་ཟན་དང་དུག་སྦྲུལ་སོགས་པ་སྲོག་ཆགས་གདུག་པ་ཅན་གྱི་འཇིགས་པ་དང༌། གཡང་སའི་འཇིགས་པ་དང༌། ལམ་འཕྲང་གི་འཇིགས་པ་དང༌། མེའི་འཇིགས་པ་དང༌། ཆུའི་འཇིགས་པ་དང༌། ཆད་པས་གཅད་པའི་འཇིགས་པ་ལ་སོགས་པ་ངན་འགྲོའི་འཇིགས་པའི་བར་ཐམས་ཅད་ལས་བསྐྱབ་པར་བྱ་སྙམ་དུ་བསམ་པས་སྤྱད། ད་ལྟ་ཡང་དངོས་སུ་ནད་དང་གདོན་དང་དགྲ་དང་འབྱུང་བཞིའི་འཇིགས་པ་སོགས་ལ་ཅི་ནུས་ཅི་ལྕོགས་ཀྱིས་སྐྱོབ་པའི་ཐབས་བྱའོ་སྙམ་དུ་བསྒོམ་ཞིང༌། དམིགས་པར་མ་ཟད་ལག་ལེན་གྱི་སྒོ་ནས་ཀྱང་ཚུལ་ཁྲིམས་དང༌།

༢༤༣

སྒྲུབ་པའི་བར་ཆད་དུ་མི་འགྱུར་བ་རྣམས་ཅི་འགྲུབ་ཏུ་བྱ་ཞིང༌། ཐན་ཁ་ཕན་ཚིག་ཕན་ཚུན་ཆོད་བྱ། སྦྱོར་བའི་སྒོ་ནས་བསླབ་པ་ཡིན། མི་འཇིགས་པའི་སྦྱིན་པ་བྱས་ཀྱང་སེམས་ཅན་སྡུག་བསྔལ་བ་ལ་ཕན་འདོགས་པའི་མིང་ཡིན། སྐབས་སུ་མ་བབ་པ་དང་སྡིག་རྐྱེན་དུ་འགྲོ་ན་ཁེ་ཡིས་གྱོང་མི་སུབས་པ་འབྱུང་ཉེན་ཆེ་བས། བསམ་པས་སྦྱོང་དགོས་ཀྱང་སྦྱོར་བ་བཏང་སྙོམས་སུ་འཇོག་པའི་སྐབས་ཡིན་ནོ། །ཆོས་ཀྱི་སྦྱིན་པ་བདག་གིས་སེམས་ཅན་ཐམས་ཅད་ཆོས་ཀྱི་སྦྱིན་པས་ཚིམས་པར་བྱ། བདག་གིས་ཆོས་བསྟན་ཏེ། སེམས་ཅན་མ་སྨིན་པ་རྣམས་སྨིན་པར་བྱ། སྨིན་པ་རྣམས་གྲོལ་བར་བྱ། མ་གོ་བ་རྣམས་གོར་གཞུག མ་རྟོགས་པ་རྣམས་རྟོགས་སུ་གཞུག མ་ཐོབ་པ་རྣམས་ཐོབ་ཏུ་གཞུག་སྙམ་དུ་བསམ་པའི་སྒོ་ནས་སྤྱད། ད་ལྟ་ཡང་རང་ལ་ཆོས་བཤད་པའི་ནུས་པ་ཡོད་ན་རྙེད་བསྐུར་དང་ཁེ་གྲགས་ལ་མི་ལྟ་བར་གཞན་ལ་ཆོས་བཤད་པས་ཕན་འདོགས་དགོས། དེ་ལྟར་མི་ནུས་པ་ཞིག་ཡིན་ནའང༌། མི་དང་མི་མ་ཡིན་ལ་ཆོས་བཤད་པར་མོས་ཏེ། མདོ་འདོན་པའམ་གསུང་རབ་སྒྲོག་པའི་ཐུན་མ་ཆགས་པར་བྱའོ་སྙམ་དུ་བསམ་པས་སྤྱད་པར་བྱ་ཞིང༌། དེ་དམིགས་པར་མ་ཟད་ལག་ལེན་དུ་ཡང་ཁེལ་བར་བྱེད་པ་ནི། སྦྱོར་བའི་སྒོ་ནས་བསླབ་པ་ཡིན་ཏེ། དེ་ལྟར་ན་སྦྱིན་པ་གསུམ་ལ་བསམ་སྦྱོར་གཉིས་གཉིས་ཀྱིས་བསླབ་ཚུལ་ཏེ་དྲུག་ཡོད། ཡོངས་བསྡོམས་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ཡིན་ཏེ། དམིགས་སྐོར་ཞེ་དྲུག་པའོ། །བསམ་སྦྱོར་སོ་སོ་ལ་བསླབ་ཚུལ་འདི་ཕྱི་མ་རྣམས་ལའང་རིགས་འགྲེ། ད་གཞན་ཡང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་བསླབ་དགོས། ཚུལ་ཁྲིམས་ལ་གསུམ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་མོ། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། སྤྱིར་མི་དགེ་བ་བཅུ་སོགས་རང་བཞིན་ཀྱི་ཁ་ན་མ་ཐོ་བ་ཐམས་ཅད་སྤངས་པ་ཞིག་དང༌། སྒོས་སུ་

༢༤༤

དགེ་བསྙེན་ནམ། དགེ་སློང་ངམ། དགེ་ཚུལ་ལམ། བྱང་སྡོམ་གྱི་བསླབ་བྱའམ། སྔགས་ཀྱི་དམ་ཚིག་སོགས་རང་གིས་གང་བླངས་པའི་སྡོམ་ཁྲིམས་ཀྱི་བསྲུང་བྱ་རང་མ་འགལ་བ་ཞིག་དགོས། མདོར་ན་མདོ་དང་བསྟན་བཅོས་ལས་མི་རུང་བར་གསུངས་པ་ཐམས་ཅད་ལས་ཟློག་པ་སྟེ། བདག་གིས་འདི་ལ་འཕྲལ་དུ་བསླབ་པར་བྱ་སྙམ་དུ་བསྒོམ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། དགེ་བ་སྣ་རེ་དང་ཕྱོགས་རེར་མ་སོང་བར་ཕར་ཕྱིན་དྲུག་གིས་བསྡུས་པ་ཐམས་ཅད་ལ་རྟག་ཏུ་བསླབ་དགོས་པའི་དོན་ཡིན། །དེ་ལའང་ད་ལྟ་རང་ནས་ཅི་ནུས་ཅི་ལྕོགས་སུ་བསྒྲུབ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། སེམས་ཅན་རྣམས་བདེ་བ་དང༌། དགེ་བ་སྣ་ཚོགས་པ་ལ་འགོད་པའི་སྒོ་ནས་ཕན་པ་སྒྲུབ་པ་ལ་ཟེར། དེ་ཡང་བདག་གིས་ཅི་ནུས་ཅི་ལྕོགས་ཀྱིས་ད་ལྟ་རང་ནས་ཀྱང་སེམས་ཅན་རྣམས་ཕན་པ་དང་བདེ་བ་ལ་འགོད་གང་ཐུབ་བྱ་སྙམ་དུ་བསྒོམ། ཉེས་སྤྱོད་སྡོམ་པ་ལ་ཕྱི་དུས་འདེབས་སུ་མེད། ཐོས་མ་ཐག་ནས་བཅག་སྟེ་ཟློག་དགོས། ཕྱི་མ་གཉིས་ལ་ཕྱི་དུས་གཅིག་ཀྱང་འདེབས་སུ་ཡོད་ཏེ། རང་གི་བློ་སྟབས་དང་བསྟུན་ནས་ད་ལྟ་གང་ནུས་གང་ལྕོགས་བྱས། ད་ལྟ་མི་ཐུབ་པ་རྣམས་ཕྱིས་སྨོན་ལམ་གྱི་ཡུལ་དུ་བཞག་པས་ཆོག་པ་ཡིན། སྤྱིར་བྱང་ཆུབ་སེམས་དཔའ་གཞན་དོན་མ་བྱས་ན་དེ་ཉིད་ཉེས་པ་ཆེ་ཤེས་ཡིན་ཏེ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དགོས། །གཞན་དོན་བྱེད་པ་ལ་རང་རྒྱུད་སྨིན་དགོས་པས། དགེ་བ་ཆོས་སྡུད་དགོས་པ་ཡིན། རང་ཉེས་ལྟུང་གིས་མ་གོས་པ་གཅིག་པོས་ཀྱང་མི་ཆོག་པ་གཅིག་ཡིན་པར་འདུག་ན་ཡང༌། ཐོག་མའི་གཞི་ལ་ཉེས་སྤྱོད་སྡོམ་པ་རང་གལ་ཆེ་སྟེ། འདི་མེད་ན་གཞན་གཉིས་ཀྱང་ཇི་བཞིན་མི་ཡོང་བ་ལགས། དམིགས་སྐོར་ཞེ་བདུན་པའོ། ད་ནི་བཟོད་པའི་ཕར་ཕྱིན་ལ་གསུམ། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ལ་ངེས་པར་སེམས་པའི་བཟོད་པ་སྟེ་གསུམ་མོ། །དེའི་

༢༤༥

དང་པོ་ནི། གཞན་གྱིས་བདག་ལ་བརྡེག་པ་དང༌། ནོར་འཕྲོག་པ་ལ་སོགས་པའི་གནོད་པ་བྱས་པའི་ཚེ་མི་བཟོད་ཅིང་ཞེ་སྡང་སྐྱེ་བའི་རྣམ་འགྱུར་ཡོང་བས། བདག་སངས་རྒྱས་བསྒྲུབ་རྒྱུ་ཡིན་པ་ལ་གནོད་པ་འདི་ཙམ་མ་བཟོད་པས་ག་ན་འོང༌། ཁམས་གསུམ་སེམས་ཅན་དགྲར་གྱུར་ནས་གནོད་པ་སྒོམ་མི་འདྲ་བ་ཐམས་ཅད་ནས་བྱེད་ཀྱང་བཟོད་སྲན་ཚུགས་པར་བྱ། གནོད་པ་འདི་ཙམ་ཡང་མི་བཟོད་པར་སངས་རྒྱས་ཐོབ་ཏུ་རེ་བ་དང༌། ཆོས་པ་ཡིན་དུ་རེ་བ་ང་རང་འཁྲུལ་སྙམ་དུ་བསྒོམ། །སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི་ཆོས་སྒྲུབ་པའི་དུས་ན་ཚ་གྲང་ལྟོགས་སྐོམ་ལ་སོགས་པའི་སྡུག་བསྔལ་བྱུང་བའམ། ལམ་བགྲོད་དཀའ་བའམ། མཐུན་རྐྱེན་མ་འཛོམས་པ་དང༌། ངལ་དུབ་ཐང་ཆད་ཉི་ལྷགས་ཆར་གསུམ་སོགས་བྱུང་ཡང་བདག་ཆོས་ཀྱི་ཕྱིར་དུ་དཀའ་སྤྱད་ཕྲ་མོ་འདི་ཙམ་མ་བཟོད་པས་ག་ལ་ཡོང༌། ནོར་དང་བུ་སྨད་ཀྱི་ཕྱིར། འདི་འདྲ་བས་བརྒྱ་འགྱུར་སྟོང་འགྱུར་གྱི་སྡུག་བསྔལ་ཆེ་བ་ཀུན་ལའང་ཚམ་ཚོམ་མེད་པར་འཇུག་གིན་གདའ་བ། བདག་སངས་རྒྱས་བསྒྲུབ་དགོས་པ་ལ། སྔོན་གྱི་བྱང་ཆུབ་སེམས་དཔའི་རྣམ་ཐར་ལ་སློབ་དགོས་ན། ཆོས་ཕྱིར་དཀའ་བ་འདི་ཙམ་ཡང་མི་བཟོད་པར་ཐེག་ཆེན་པར་ཁས་འཆེ་བར་བླུན་ན་སྙམ་དུ་གཉེན་པོ་བརྟན་ཐང་གིས་བཏང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི་ཐབས་ཟབ་མོ་དང༌། ཐབས་མཁས་ཀྱི་ཁྱད་པར་དང༌། མཛད་པ་རླབས་པོ་ཆེ་དང༌། ཡོན་ཏན་མཐའ་ཡས་པ་དང༌། གནས་ལུགས་སྤྲོས་བྲལ་སོགས་གང་ལའང་བློར་མི་ཤོང་བ་མེད་པ་གཅིག་ལ་ཟེར། སྟོང་ཉིད་ལ་སེམས་ཡུན་རིང་དུ་གནས་ཐུབ་པ་གཅིག་ལའང་ཟེར། །ད་རེས་འདིར་གནོད་པ་དང་སྡུག་བསྔལ་ཐམས་ཅད་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་བདེན་པས་སྟོང་པ་མེད་བཞིན་དུ་སྣང་བ་ཡིན་ན་མི་བཟོད་རྒྱུ་ཅི་ཡོད་སྙམ་དུ་སྒོམ་པར་བྱའོ། །དམིགས་སྐོར་ཞེ་བརྒྱད་པའོ། །ད་ནི་གཞན་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་

༢༤༦

ཕྱིན་པ་ལ་བསླབ་དགོས་ཏེ། དེ་ལ་གསུམ་གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། སླར་མི་ལྡོག་པའི་བརྩོན་འགྲུས་སོ། །གོ་ཆའི་བརྩོན་འགྲུས་ནི། ཆོས་དགེ་བ་ཐམས་ཅད་ལ་འདི་ལྟ་བུ་བྱེད་མི་དགོས་སྙམ་པའི་ཁྱད་གསོ་དང༌། ཆེན་པོ་རྣམས་ལ་འདི་ཙམ་སྒྲུབ་མི་ནུས་སྙམ་པའི་ཞུམ་པའི་སེམས་གཉིས་ཀ་མི་བྱེད་པར་བདག་གིས་འདི་དག་ཐམས་ཅད་བསྒྲུབ་ཀྱང་དགོས། བསྒྲུབ་ནུས་པ་ཡང་ཡིན། ད་ལྟ་ཉིད་དུ་བསྒྲུབ་པར་བྱའོ། །རྒྱུན་མི་འཆད་པར་བསྒྲུབ་པར་བྱའོ། །ཞེས་སེམས་ཀྱི་དམ་བཅའ་དང་འབྲེལ་བའི་དགེ་བ་ལ་སྤྲོ་སེམས་དཔའ་མ་ཞུམ་པ་དེ་ཡིན། དེ་རང་གི་རྒྱུད་ཐོག་ཏུ་སྦྱར་ནས་ཡང་ཡང་བསྒོམ་པར་བྱ། སྦྱོར་བའི་བརྩོན་འགྲུས་ནི་དངོས་སུ་ལག་ལེན་ལ་སྦྱོར་བའི་སྐབས་ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་གཏོང་བར་སྤྲོ་བ་དང་བཅས་པས་འཕྲལ་དུ་དགེ་བ་ལ་འཇུག་ཅིང༌། དེ་ཉིད་སྤྲོ་བཞིན་དུ་རྒྱུན་བསྲིང་བའོ། །སླར་མི་ཟློག་པའི་བརྩོན་འགྲུས་ནི། དྲོད་རྟགས་དང་ཕན་ཡོན་འཕྲལ་དུ་མ་བྱུང་ནའང༌། དང་པོར་གང་ལ་ཞུགས་པ་དེའི་འབྲས་བུ་མངོན་དུ་མ་གྱུར་བར་ཡུན་ཇི་ཙམ་འགོར་ཡང་རུང༌། དཀའ་བ་ཇི་ཙམ་སྤྱོད་དགོས་ཀྱང་རུང་སྤྲོ་བ་ཡེ་མི་ཟློག་པའོ། །ཡང་བསྟན་རིམ་གྱི་མན་ངག་འགའ་ཞིག་ལས། ལུས་ཀྱི་བརྩོན་འགྲུས་ཕྱག་དང་བསྐོར་བ་སོགས། ངག་གི་བརྩོན་འགྲུས་བཟླས་བརྗོད་ཁ་ཏོན་སོགས། ཡིད་ཀྱི་བརྩོན་འགྲུས་སྤྱིར་དགེ་བ་དང་སྒོས་སུ་ཆོས་འདི་ལ་སྤྲོ་ཞིང་བརྩོན་པ་སྟེ། ཞེས་པའང་ཡོད་པས། གང་ལྟར་ཡང་རུང་བརྩོན་འགྲུས་ནི་དེ་རྣམས་ཡིན་ན། བདག་ཀྱང་བརྩོན་འགྲུས་དང་ལྡན་པར་བྱ། ལེ་ལོ་ཕྱི་བཤོལ་གྱི་དབང་དུ་མི་བཏང་བར་དགེ་བ་ལ་སྤྲོ་བར་བྱའོ་སྙམ་དུ་བསྒོམ། དམིགས་སྐོར་ཞེ་དགུ་པའོ། །ད་ནི་གཞན་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བྱ་བ་ཡོད་དེ། དེའི་རྒྱུ་ཚོགས་ལ་ད་ལྟ་ནས་གནས་དགོས། ཏིང་ངེ་འཛིན་

༢༤༧

གྱི་རྒྱུར་སེམས་དབེན་པ་གཅིག་དགོས། དེའི་རྒྱུར་ལུས་དབེན་པ་དགོས། དེའི་རྒྱུར་དོན་ཉུང་ལ་བྱ་བ་ཉུང་བ་དགོས། དེའི་རྒྱུར་འདོད་པ་ཆུང་ཞིང་ཆོག་ཤེས་པ་དགོས། དེའི་རྒྱུར་ཟས་གོས་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དགོས། བདག་ཀྱང་ཅི་སྟེ་འབྱོར་པ་དང་ལྡན་ན་དེ་ལ་མ་ཆགས་པར་ཏིང་ངེ་འཛིན་བསྒོམ། གལ་ཏེ་མ་འབྱོར་ན་ཡང་མ་འབྱོར་པ་ཉིད་བཟང་སྟེ། ཆོས་ཀྱི་བར་ཆད་མེད་པ་ཡིན། གང་བྱུང་དེ་གས་ཆོག་སྙམ་པ་ཡང་ཡང་བསམ་ཞིང་བསྒོམ། །དེས་ཏིང་ངེ་འཛིན་གྱི་རྒྱུ་བསམ་པ་སོང༌། དམིགས་སྐོར་ལྔ་བཅུ་པའོ། །དངོས་ནི་བསམ་གཏན་ལ་དབྱེ་ན། དབྱེ་སྒོ་མི་འདྲ་བ་དུ་མ་ཡོད་ཀྱང༌། མཐོང་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ཞེས་བྱ་བ། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་སྒྲུབ་པ་ཡིན། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ཞེས་བྱ་བ། སྤྱི་ལྡོག་ནས་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་སྒྲུབ་པར་བྱེད་པ་རྣམས་ཡིན། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ཞེས་བྱ་བ། ཏིང་ངེ་འཛིན་གྱི་སྟོབས་ལ་བརྟེན་ནས། གཞན་རྒྱུད་བྱིན་གྱིས་རློབས་པར་བྱེད་པའམ། མངོན་ཤེས་ཀྱི་ཁྱད་པར་ལ་བརྟེན་ནས་སེམས་ཅན་གྱི་དོན་སྤྱོད་པ་ཡིན། དེ་ཐམས་ཅད་ཀྱང་ཞི་གནས་སྐྱོན་དང་བྲལ་ཞིང་མཚན་ཉིད་རྫོགས་པ་གཅིག་ལ་བརྟེན་དགོས། བདག་གིས་ཐོག་མ་ཞི་གནས་ལ་སེམས་མཉམ་པར་བཞག་པར་བྱ། དེ་ནས་ཏིང་ངེ་འཛིན་གྱི་ཁྱད་པར་གཞན་ཐམས་ཅད་ཀྱང་བསྒྲུབ་པར་བྱའོ། །སྙམ་དུ་ཡང་ཡང་བསྒོམ། དམིགས་སྐོར་ང་གཅིག་པའོ། །སྐབས་འདིར་ཞི་གནས་ཀྱི་རྣམ་གཞག་ཞིབ་ཙམ་བཤད་ཅིང་ངེས་པོར་བྱུང་ན་ལེགས། ཞི་གནས་ཀྱི་ཁྲིད་ཀྱང་འདིར་སྟོན་པ་ཐོབ་ཐང་ཡིན་མོད་ཀྱང་ལྟ་བ་ལ་ངེས་པ་དང་ཉམས་མྱོང་རྙེད་པར་འགྱུར་བ་ཙམ་ལ། ཞི་གནས་བརྟན་པོ་མེད་ཀྱང་ཆོག་པ་དང༌། ཞི་གནས་བརྟན་པོ་ལེགས་པོ་བསྒྲུབས་ནས། དེའི་འོག་ཏུ་ལྟ་བ་བསྐྱངས་ཏེ་ལྷག་མཐོང་བསྒྲུབ་པ་གཞུང་ཆེན་ཀུན་གྱི་དགོངས་པ་

༢༤༨

དང༌། གཞུང་ལམ་ཆེན་མོ་ཡིན་མོད་ཀྱང༌། དེང་སང་གི་གང་ཟག་དབང་པོ་རྟུལ་པོས་སེམས་གནས་སྐྱོན་མེད་བརྟན་པོ་ཞིག་སྒྲུབ་པ་ལ་ཡུན་རིང་དུ་ཐོགས་པས་ཤེར་ཕྱིན་སྒོམ་པའི་སྐལ་པ་ཆད་ཀྱི་དོགས་པ་དང༌། ལྟ་བའི་མྱོང་བ་རྙེད་པའི་སྟེང་དུ་སེམས་གནས་བསྒྲུབ་ན། ཞི་ལྷག་ལྷན་གཅིག་དུ་འགྲུབ་སྟེ། སློབ་མ་ཁྲིད་སླ་མྱོང་བ་རྙེད་སླ་བའི་གནད་ཡོད་པར་དགོངས་ནས་ཕྱག་ལེན་ལ་སྐབས་འདིར་མི་མཛད་པ་ཡིན་པར་སྣང་ངོ༌། །ད་ནི་དེ་ཐམས་ཅད་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་བ་བསླབ་བྱ་ཀུན་གྱི་གཙོ་བོ་ཡང་ཡིན། ཉམས་ལེན་ཀུན་གྱི་མཐར་ཐུག་ཀྱང་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད། དེ་ལ་ཤེས་རབ་ནི་གསུམ་ཡོད་ཏེ། དོན་དམ་པའི་ཤེས་རབ་དང༌། ཀུན་རྫོབ་ཤེས་པའི་ཤེས་རབ་དང༌། གཞན་དོན་ཤེས་པའི་ཤེས་རབ་སྟེ་གསུམ་མོ། །དང་པོ་ནི་གནས་ལུགས་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན། གཉིས་པ་ནི། ཤེས་བྱ་ཐམས་ཅད་ཀྱི་ངོ་བོ་དབྱེ་བ་རྒྱུ་འབྲས་རྟེན་འབྲེལ་མ་ནོར་བར་ཤེས་པའི་ཤེས་རབ་ཡིན། གསུམ་པ་ནི། བསྡུ་བའི་དངོས་པོ་བཞིའི་སྒོ་ནས་འགྲོ་དོན་ཤེས་པའི་ཤེས་རབ་སྟེ། དེ་ལ་ཟང་ཟིང་གི་སྦྱིན་པ་བཏང་སྟེ། སྐྱེ་བོ་རྣམས་མགུ་ནས་ཆོས་ལ་འགོད་ཐུབ་པ་ཤེས། བསམ་པ་དང་མཐུན་པར་ཆོས་སྟོན་པའི་སྙན་པར་སྨྲ་བ་ཤེས། དོན་སྤྱོད་པ་གཞན་ཕྱིན་དྲུག་ལ་འགོད་ཐབས་ཤེས། དོན་མཐུན་པ་རང་ཡང་ཕྱིན་དྲུག་ལས་མི་འདའ་བར་སྤྱོད་ཤེས་པ་སྟེ། དེའི་ནང་གི་གཞན་ཕྱིན་དྲུག་ལ་འགོད་པ་ནི། གདུལ་བྱ་གང་ལ་གང་འདུལ་གྱི་ཐབས་ཤེས་པའི་སྒོ་ནས་ཡིན་ནོ། །ཡང་ན་ཐོས་པ་དང༌། བསམ་དང༌། སྒོམ་པའི་ཤེས་རབ་སྟེ། ཐོས་པས་གོ །བསམ་པས་སྒྲོ་འདོགས་ཆོད། སྒོམ་པས་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྟེ་གསུམ་པོ་འདི་རྣམས་བདག་གིས་ཅི་ནས་ཀྱང་རྒྱུད་ལ་བསྐྱེད་པར་བྱའོ། །འདི་ཤེར་ཕྱིན་གྱི་བསམ་པ་ལ་བསླབ་པ་ཡིན། དམིགས་སྐོར་ང་གཉིས་པའོ། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ལ་བསླབ་དགོས་ཏེ།

༢༤༩

དེ་ལ་གང་ཟག་གི་བདག་མེད་བསྒོམ་པ། ཆོས་ཀྱི་བདག་མེད་བསྒོམ་པ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་བསླབ་པ་སྟེ་གསུམ་མོ། །དང་པོ་ནི། སྔོན་འགྲོ་དང་རྗེས་སོགས་སྔར་བཤད་པ་ལྟར་ལས། དངོས་གཞིའི་སྐབས་འདིར་རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་གཞག རྒལ་ཚིགས་བསྲང༌། མགྲིན་པ་དགུག དཔུང་པ་ཕྱིར་བསྐྱེད། སོ་མཆུ་རང་སར་བཞག་ཅིང་ལྕེ་རྩེ་རྐན་ལ་སྦྱར། མིག་སྣ་རྩེར་བལྟ། དེ་ནས་རླུང་སྣ་ནས་ལན་གསུམ་ཕྱི་ལ་སང་སང་བ་འབུད། དེ་རྗེས་དབུགས་རང་སོར་བཞག །ངེས་འབྱུང་སྐྱོ་ཤས་དུང་ཙམ་དང༌། བྱམས་སྙིང་རྗེ་རྒྱུད་འགྱུར་ཙམ་བསྒོམ། དེ་ནས་རང་གི་ལུས་ངག་ཡིད་གསུམ་ལ་སེམས་གཏད། གཞིག་འགྲེལ་བཅུག འཁོར་བ་ཐོག་མ་མེད་པ་ནས་ང་བདག་ཏུ་འཛིན་པ་གོམས་པས་བདག་ཡོད་ཡོད་ལྟར་སྣང་བ་མ་གཏོགས། ང་བདག་ཅེས་པ་གནས་ཚུལ་ལ་གྲུབ་པ་ཡེ་མེད་པར་འདུག་སྙམ་དུ་བསམ། འདི་དག་དམིགས་པའི་གཞི་ཡིན། དེ་ལ་ངའམ་བདག་ཅེས་བྱ་བ། གནས་ལུགས་ལ་ཡོད་ན་ཏེ་དེ་གང་ཟག་གི་བདག་ཡིན་མོད། དེ་འདྲ་དངོས་པོ་ལ་ཡེ་མ་གྲུབ་པས་གང་ཟག་གི་བདག་དེ་འདྲ་ངོ་བོའི་སྒོ་ནས་སྟོན་རྒྱུ་མེད། འོན་ཀྱང་མེད་པ་ལ་ཡོད་པར་འཛིན་པའི་བདག་འཛིན་གྱི་འཛིན་སྟངས་རློམ་ཚུལ་དང་བསྟུན་ན་རྟག་པ་གཅིག་པུ་རང་དབང་ཅན་དུ་འཛིན་པ་ཡིན། དེ་ཡང་ནི་ད་ངས་འདི་བྱས། དད་བཟོད་འདི་བྱེད་སྙམ་པ། ན་ནིང་གི་ང་དེ་ད་ལྟའི་ང་འདི་ཡིན། འདི་ད་བཟོད་ཡང་འགྲོ་སྙམ་པ་དེ་ལ་རྟག་པར་འཛིན་པ་ཟེར། ང་སྙམ་པ་ཤར་དུས་ཕྱི་ནང་གི་དངོས་པོ་གཞན་སུ་དང་ཡང་མ་འདྲེས་པའི་ཁོ་རང་གི་ངོ་བོ་ཚུགས་ཐུབ་གཅིག་ཡོད་པའི་ཁུངས་སུ་སྣང་བ་དེ་གཅིག་པུར་འཛིན་པ་ཡིན། ཇི་ལྟར་རིགས་པའི་ལོངས་སྤྱོད་དམ། རྫས་སམ་འཁོར་ལ་རང་ཉིད་བདག་པོའི་ཚུལ་དུ་ཡོད་པ་ལྟར་སྣང་བ་དེ་རང་དབང་ཅན་དུ་འཛིན་པ་ཞེས་བྱ་བ་ཡིན། འཛིན་སྟངས་ཀྱིས་དེ་ལྟར་བཟུང་ཡང་དེ་ལྟ་བུར་མ་གྲུབ་སྟེ། གལ་ཏེ་བདག་དེ་རྟག་ན་ནི་བདག་

༢༥༠

དེ་ལན་གཅིག་བདེ་བ་མྱོང་ན་རྟག་ཏུ་བདེ་དགོས་དང༌། ལན་གཅིག་སྡུག་བསྔལ་མྱོང་ན་རྟག་ཏུ་སྡུག་དགོས་པ་དང༌། དུས་དང་པོ་འཁོར་བར་བཅིངས་ན་ཕྱིས་གྲོལ་བའི་དུས་མི་སྲིད་པ་དང༌། ཕྱིས་གྲོལ་བའི་གནས་སྐབས་སུ་ཡོད་ན། སྔོན་འཁོར་བ་མ་མྱོང་བར་ཐལ་བ་ལས་བདེ་སྡུག་སྤེལ་མ་དང༌། བཅིངས་གྲོལ་གྱི་གནས་སྐབས་སོ་སོར་འབྱུང་བས་རྟག་པའི་བདག་མེད་པར་ཐག་ཆོད། གཅིག་པུ་ཡང་མི་འཐད་དེ་བདག་ཅེས་བྱ་བ། རང་གི་ལུས་སེམས་ཀྱི་ཕུང་པོ་ལ་ཡོད་པ་ལྟར་སྣང་ན། མིག་ཀྱང་བདག་མ་ཡིན། རྣ་བ་དང༌། སྣ་དང༌། ལྕེ་དང༌། ཡིད་ཀྱང་བདག་མ་ཡིན། དེ་དག་རེ་རེ་བཞིན་བདག་ཡིན་ན་དུ་མར་འགྱུར། རེ་རེ་ནས་བདག་མ་ཡིན་ན་བདག་མ་རྙེད། གཞན་ཡང་བདག་ཕུང་པོ་ཡིན་ན་བདག་མི་རྟག་པར་ཐལ། བདག་ཕུང་པོ་ལས་གཞན་ཡིན་ན་མིག་ཤེས་ཀྱིས་མཐོང་བ་ལ་བདག་གིས་མཐོང་ལུས་ཀྱི་རེག་པ་ལ་བདག་གིས་རེག་ཅེས་པའི་འདུ་ཤེས་འབྱུང་བ་འགལ། དེའི་ཕྱིར་གཅིག་པུའི་རང་བཞིན་ཅན་གྱི་ང་བདག་མ་གྲུབ། གཅིག་པུ་མ་གྲུབ་པས་རང་དབང་ཅན་མི་འགྲུབ། ཁྱད་པར་དུ་ཡང་བྱ་བྱེད་ཐམས་ཅད་རྐྱེན་ལ་རག་ལུས་པར་མངོན་སུམ་དུ་མཐོང་བས། རང་དབང་ཅན་གྱི་བདག་མི་སྲིད། གཞན་ཡང་ཕུང་པོའི་ཕྱི་རོལ་ན་ཡང་བདག་མ་གྲུབ། ཕུང་པོའི་ནང་ནའང་བདག་མི་གནས། ཕུང་པོ་རེ་རེའང་བདག་མིན། ཕུང་པོ་རེ་རེའང་བདག་མིན། ཕུང་པོ་བསལ་བའི་ཤུལ་ནའང་བདག་མེད། ཕུང་པོའི་སྤྱི་ལའང་བདག་མེད་ཏེ། རེ་རེ་ལས་གཞན་པའི་སྤྱི་མ་གྲུབ་པའི་ཕྱིར་རོ། །དེས་ན་བདག་ཅེས་བྱ་བ་ནི་བློས་བཏགས་པ་ཙམ། འཁྲུལ་ངོ་ཙམ་ཕྱིན་ཅི་ལོག་ཁོ་ན་ཡིན་གྱི། ངོ་བོས་གྲུབ་པ་ནི་འགའ་ཡང་མེད་དོ་སྙམ་དུ་བསྒོམ། །དམིགས་སྐོར་ང་གསུམ་པའོ། །གང་ཟག་གི་བདག་མེད་སྒོམ་པ་འདི་ལ་བློའི་འཁོབས་དང་བསྟུན་པའི་དམིགས་སྐོར་དུམ་བུ་འགའ་ཤས་སུ་བཅད་ཀྱང་རུང་བ་ལགས། ད་ནི་ཆོས་ཀྱི་བདག་མེད་སྟོན་ཏེ་ཆོས་ཞེས་པ་ཕུང་ཁམས་སྐྱེ་མཆེད་ལ་ཟེར། །

༢༥༡

དེ་རྣམས་ལ་བློས་བཏགས་པ་ཙམ་མ་ཡིན་པར་རང་ཚུགས་ཐུབ་པའི་དངོས་པོ་གཅིག་ཡོད་སྲིད་ན། དེ་ཆོས་ཀྱི་བདག་ཡིན་མོད་ཀྱང༌། དེ་འདྲ་ཡེ་མི་སྲིད་པས་ཆོས་ཐམས་ཅད་ཆོས་ཀྱི་བདག་མེད་པ་ཡིན་ནོ། །དེ་ལྟར་ཡིན་ཀྱང་འཁོར་བ་ཐོག་མ་མེད་པ་ནས་ཕུང་ཁམས་སྐྱེ་མཆེད་རྣམས་རང་ཚུགས་སུ་གྲུབ་པར་འཛིན་པའི་རྣམ་རྟོག་འདི་སྦྱོང་བའི་ཕྱིར་ཆོས་ཀྱི་བདག་མེད་སྒོམ་དགོས་པ་ཡིན་ནོ། །དེ་ལ་དང་པོར་རང་རྒྱུད་ཀྱི་ཕུང་པོ་རང་བཞིན་མེད་པར་བསྒོམ་དགོས། དེའི་ཡང་ཐོག་མ་རང་རྒྱུད་ཀྱིས་བསྡུས་པའི་གཟུགས་ཕུང་ལུས་ཀྱི་ཆོས་ལ་བལྟས་ན། དངོས་པོ་སྣ་ཚོགས་པ་ལྟར་སྣང་བ་གཅིག་ལ་ལུས་ཞེས་སྤྱི་མིང་གཅིག་ཏུ་བཏགས་ནས། མིང་དང་མཚུངས་པའི་དངོས་པོ་ཞིག་ཡོད་དོ་སྙམ། བློ་ཕྱིན་ཅི་ལོག་གིས་བཟུང་བ་མ་གཏོགས། དེ་ལྟར་མ་གྲུབ་སྟེ། དང་པོར་ལུས་འདི་ལ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་དབང་པོ་རྣམས་ཀྱང་ཐ་དད། དབང་པོ་རྣམས་དང་མི་གཅིག་པའི་དབང་རྟེན་ཁོག་པ་ཡང་སོ་སོ་རེ་འདུག མགོ་བོ་དང༌། མགྲིན་པ་དང༌། བྲང་དང༌། རྒྱབ་དང༌། རྐེད་པ་དང༌། ཕོ་བ་དང༌། ལྟོ་བ་དང༌། ཕྲག་པ་གཉིས་དང༌། དཔུང་པ་གཉིས་དང༌། བར་ལྷུ་གཉིས་དང༌། ལག་ངར་གཉིས་དང༌། ལག་མགོ་གཉིས་དང༌། དཔྱི་གཉིས་དང༌། བྱིན་པ་གཉིས་དང༌། རྐང་མགོ་གཉིས་དང༌། དོན་ལྔ་སྣོད་དྲུག་སོགས་ནང་ཁྲོལ་རྣམས་དང༌། བུ་ག་དགུ་ལ་སོགས་པ་སྣ་ཚོགས་པ་འདུས་པའི་ཕུང་པོ་ཡིན་སྙམ་དུ་བསམ། དེས་ན་ལུས་ཞེས་པ་ལ་བློས་བཏགས་པ་ཙམ་མ་གཏོགས་བདེན་པར་མི་འདུག། དེ་རྣམས་རེ་རེ་ནས་ལུས་ཡིན་ན་ལུས་མང་པོ་ཅན་དུ་འགྱུར། རེ་རེ་ནས་མིན་ན་ནི་ལུས་མ་རྙེད། ཚོགས་པ་ཙམ་ཡིན་ནོ་སྙམ་ན། རེ་རེ་ལས་གཞན་པའི་ཚོགས་པ་མེད་པའི་ཕྱིར་བློས་བཏགས་པ་ཙམ་མ་གཏོགས་མེད་པར་སོང་ངོ༌། །

༢༥༢

དམིགས་སྐོར་ང་བཞི་པའོ། །ཡང་གཟུགས་ཀྱི་ཕུང་པོས་བསྡུས་པའི་ལུས་འདི་བདེན་པར་མ་གྲུབ་སྟེ། རྐང་ལག་བཞི་སྟོད་སྨད་མགོ་བྲང་ཞོལ་ནང་ཁྲོལ་ཏེ་གཟུགས་དགུར་འགྲོ། གཟུགས་རེ་རེ་ནས་གྲུབ་བམ་ན་མ་གྲུབ་སྟེ། རེ་རེ་བཞིན་ལྷ་གསུམ་གསུམ་ལ་སོགས་པར་འགྲོ། ལྷུ་རེ་རེ་ནས་བདེན་ནམ་སྙམ་ན་མི་བདེན་ཏེ། སོར་ཚིགས་ཙམ་དུ་མར་འགྲོ། སོར་ཚད་རེ་རེ་ནས་གྲུབ་བམ་སྙམ་ན་མ་གྲུབ་སྟེ། རེ་རེ་ནས་ནས་ཙམ་བདུན་བདུན་དུ་འགྲོ། དེ་རེ་རེ་ནས་ཀྱང་མི་བདེན་ཏེ། ཤིག་གི་ཚད་ཙམ་བདུན་བདུན་མཐར་སྲོ་མ་དང༌། ཉི་ཟེར་རྡུལ་དང༌། གླང་རྡུལ་དང༌། ལུག་རྡུལ་དང༌། རི་བོང་རྡུལ་དང༌། ཆུ་རྡུལ་དང༌། ལྕགས་རྡུལ་གྱི་བར་དུ་སྔ་མ་སྔ་མའི་དཀྱུས་ཀྱི་ཚད་བདུན་བདུན་དུ་བཏུབས་པས་ཕྱི་མ་ཕྱི་མའི་ཚད་དུ་འགྱུར། ལྕགས་རྡུལ་རེ་རེ་ནས་བདེན་ནམ་སྙམ་ན་མི་བདེན་ཏེ། ལྕགས་རྡུལ་གྱི་དཀྱུས་ཀྱི་ཚད་ལ་རྡུལ་ཕྲན་བདུན་ཡོད། དེར་ཡང་མ་གྲུབ་སྟེ་རྡུལ་ཕྲན་རེ་རེ་ལ་རྡུལ་ཕྲ་རབ་བདུན་ཡོད་དོ། །བདུན་འགྱུར་འདི་རྣམས་ལ་དཀྱུས་ཞེང་རྒྱ་དཔང་ཐམས་ཅད་བསྡོམས་ན། སྔ་མ་སྔ་མ་གསིལ་བས་ཕྱི་མ་ཕྱི་མ་སུམ་བརྒྱ་བཞི་བཅུ་ཞེ་གསུམ་རེ་ཡོད། དཀྱུས་ལ་བདུན་ཡོད་པ་ཞེང་ལའང་དེ་ཙམ་ཡིན་པས་བཞི་བཅུ་ཞེ་དགུར་འགྱུར་ལ། དེ་ཙམ་པ་དཔངས་སུ་ཡང་བདུན་ཡོད་པས་སོ། །དམིགས་སྐོར་ང་ལྔ་པའོ། །རྡུལ་ཕྲ་རབ་རེ་རེ་བཞིན་བདེན་པར་གྲུབ་བམ་སྙམ་ན་མ་གྲུབ་སྟེ། རེ་རེ་བཞིན་ཕྱོགས་རེ་དང༌། སྟེང་འོག་ཏུ་ལྟ་བའི་ཆ་རེ་སྟེ་དྲུག་ཏུ་སྣང་ལ། དབུས་ཀྱི་ཆ་གཅིག་ཀྱང་ཡོད་དགོས་ཏེ། དེ་མེད་ན་ཤར་ནུབ་སོགས་ལ་ལྟ་བ་རྩོམ་མི་ཐུབ་པས་སོ། །དེ་ལྟར་ཆ་བདུན་པོ་རེ་རེ་ལ་ཡང་དེ་བཞིན་དུ་ཕྱེ་བས་དེ་ཡང་མ་གྲུབ། དེ་ལྟར་ཐུག་མེད་དུ་ཕྱེ་བས་མཐའ་མེད་ཏེ། ལུས་ཞེས་བྱ་བ་བློས་བཏགས་པ་ཙམ་མ་གཏོགས། གནས་ཚུལ་ལ་མ་གྲུབ་པ་ཁོ་ནའོ། །དེས་ན་སྣང་བ་

༢༥༣

ཙམ་མ་འགགས་པ་སྒྱུ་མ་ལྟ་བུ་ལ། རང་བཞིན་གདོད་ནས་གང་དུའང་མ་གྲུབ་སྟེ། དངོས་པོ་འདི་རྣམས་དེ་ལྟར་ན་གཅིག་ཏུ་མ་གྲུབ། དེ་མ་གྲུབ་པས་དུ་མར་ཡང་མི་གྲུབ་སྟེ། གཅིག་གཅིག་པོར་གྲུབ་པ་མང་པོར་བསགས་པ་ལས་དུ་མ་སྒྲུབ་དགོས་པའི་ཕྱིར་རོ། །དམིགས་སྐོར་ང་དྲུག་པའོ། །འོ་ན་གཟུགས་ཕུང་མི་བདེན་ཀྱང་སེམས་སུ་བདེན་པ་ཡིན་སྙམ་ན། སེམས་ལ་དབྱེ་ནའང༌། གཟུགས་མཐོང་བ་དང་སྒྲ་ཚོར་བ་ལ་སོགས་པ་གཙོ་བོར་རྣམ་པར་ཤེས་པ། རྣམ་ཤེས་ཚོགས་བརྒྱད་སོ་སོར་འདུག་སྟེ། རྣམ་ཤེས་ཀྱི་ཕུང་པོ་ཡང་དུ་མར་ཞིག་སྟེ་ཐལ། བདེ་སྡུག་བཏང་སྙོམས་མྱོང་བ་སོགས་ཚོར་བར་འདུག་སྟེ། ཚོར་བ་ཡང་གཅིག་ཏུ་མ་གྲུབ། མཐོ་དམན་བཟང་ངན་མིང་དོན་སྣ་ཚོགས་འཛིན་པ་སོགས་འདུ་ཤེས་སུ་འདུག་སྟེ། དེ་ལའང་གཅིག་ངོས་བཟུང་མ་བྱུང༌། ལྷག་མ་འདོད་ཆགས་ཞེ་སྡང་དད་པ་ལ་སོགས་པ་རྣམ་རྟོག་མི་འདྲ་ཇི་སྙེད་གཅིག་ལ་བློས་བསྡོམས་ནས་འདུ་བྱེད་ཅེས་བཏགས་པར་ཟད་ཀྱི། སེམས་ཞེས་བྱ་བ་ཡང་གཅིག་ཏུ་མ་གྲུབ། གཅིག་མ་གྲུབ་པས་དུ་མར་ཡང་མ་གྲུབ་བོ་ཅེས་བསྒོམ་སྟེ། དམིགས་སྐོར་ང་བདུན་པའོ། །ད་ཤེས་པའི་རྣམ་གྲངས་དེ་ཐམས་ཅད་ཀྱང་རིག་རིག་ཏུར་ཏུར་པོ་འདི་རྣམ་འགྱུར་མ་གཏོགས་ཚུགས་ཐུབ་ཏུ་མི་འདུག དཔེར་ན་ཆུ་ལ་རི་བྲག་གི་གཟུགས་བརྙན་ཤར་བ་དང་འདྲ། རིག་རིག་པོ་འདི་ལ་བལྟས་ན། འདས་པའི་སེམས་ནི་འགགས་ནས་མེད། མ་འོངས་པའི་སེམས་ནི་མ་སྐྱེས་ནས་མེད། ད་ལྟའི་རིག་པ་སྐད་ཅིག་མ་བྱས་ཀྱང་རང་ངོས་ནས་བདེན་པར་གྲུབ་པ་མེད་ཏེ་སྐད་ཅིག་གཅིག་པོ་དེ་ལའང་སྔ་མ་དང་འབྲེལ་བ་སྐྱེ་བའི་ཆ་གཅིག་དང༌། ཕྱི་མ་དང་འབྲེལ་བ་འགགས་པའི་ཆ་གཅིག་དང༌། དབུས་ན་གནས་པའི་ཆ་གཅིག་སྟེ་སིལ་བུར་འགྲོ། །དེའི་དབུས་ཀྱི་ཆ་ལ་བལྟས་ན་ཆ་གསུམ་སོགས་ཐུག་མེད་དུ་དཔྱད་ན་མཐའ་མེད་དུ་སོང་

༢༥༤

ནས་གང་ཡང་གཅིག་པུའི་ངོ་བོ་མ་གྲུབ་པ་དེར་གདའ། གཅིག་མ་གྲུབ་པས་དུ་མ་མི་འགྲུབ་པ་སོགས་གོང་བཞིན། དམིགས་སྐོར་ང་བརྒྱད་པའོ། །དེས་རང་རྒྱུད་ཀྱི་ཕུང་པོ་བདེན་མེད་དུ་གཏན་ལ་ཕབ་ཟིན། ད་ནི་རང་གི་ལུས་སེམས་ཀྱིས་བསྡུས་པའི་ཕུང་པོ་ལྔ་པོ་བདེན་མེད་དུ་གཏན་ལ་ཕེབས་ཟིན་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ཕུང་པོ་ལྔ་ཡང་དེ་དང་འདྲ། ཁྱད་པར་དུ་དགྲ་སྡང་བའམ། གཉེན་བྱམས་པ་ལྟ་བུ་ཉོན་མོངས་དྲག་ཏུ་སྐྱེ་བའི་ཡུལ་གཅིག་ལ་ཆེད་དུ་དམིགས་ནས། རང་གི་ལུས་ལ་དཔྱད་པ་བཞིན་དེའི་ལུས་ལ་ཡང་དཔྱད། རང་གི་སེམས་མིང་གཞིའི་ཕུང་པོ་ལ་དཔྱད་པ་བཞིན་དུ། དེའི་སེམས་ལ་ཡང་དཔྱད་དེ་དེས་ན་སྐྱེ་བོ་ཆེ་གེ་མོ་དང༌། ག་གེ་མོ་ཅེས་བྱ་བ་འདི་ཀུན་ཀྱང་བློས་བཏགས་ནས་སེམས་ཅན་དེ་དང་དེའོ་ཞེས་ཕྱིན་ཅི་ལོག་ཏུ་བཏགས་པར་ཟད་ཀྱི་ངེས་པར་ན་གང་དུ་ཡང་མ་གྲུབ་པས་སྒྱུ་མ་ལྟ་བུའོ་ཞེས་སྦྱངས་ནས། དེས་ཐམས་ཅད་རིགས་འགྲེས་ཏེ་བསྒོམ་དགོས་སོ། །འདི་བཅུད་ཀྱི་སེམས་ཅན་ཐམས་ཅད་སྟོང་པར་བསྒོམ་པ་ཞེས་བྱ་སྟེ། དམིགས་སྐོར་ང་དགུ་པའོ།། །ཡང་བཅུད་ཀྱི་སེམས་ཅན་དུ་མ་ཟད། ཕྱི་སྣོད་ཀྱི་འཇིག་རྟེན་ཡང་མིང་བདེན་ཏེ། སྟོང་གསུམ་བཤིག་པས་སྟོང་བར་མ་དང༌། དེ་བཞིན་དུ་སྟོང་སྤྱི་ཕུད་དང༌། གླིང་བཞི་པ་དང༌། འཛམ་བུ་གླིང་ལྟ་བུ་དང༌། རྒྱལ་ཁམས་གཅིག་དང་དཔག་ཚད་ཙམ་དང། རྒྱང་གྲགས་ཙམ་དང༌། འདོམ་གང་ཙམ་དང༌། ཁྲུ་གྲུ་བཞི་དང༌། སོར་གཅིག་ཙམ་དང༌། ནས་ཙམ་ནས་རྡུལ་ཕྲ་རབ་ཀྱི་བར་དུ་བཤིག་ན་སྔ་མ་མ་གྲུབ་ཅིང༌། རྡུལ་ཕྲན་ཡང་སྔོན་བཞིན་དུ་བཤིག་པས་མཐར་གང་ཡང་མ་གྲུབ། གཅིག་ཏུ་མ་གྲུབ་པས་དུ་མ་མི་འགྲུབ་པ་སོགས་གོང་བཞིན་ཏེ། མདོར་ན་འདི་དང་འདི་ལྟ་བུའོ། །འདི་ནི་ཁང་ཁྱིམ་མོ། །འདི་ནི་ཞིང་ངོ༌། །འདི་ནི་འབྲུའོ། །འདི་ནི་ནོར་རྫས་སོ། འདི་ནི་ལོ་ཐོག་གོ། །དེ་བཞིན་དུ་རི་དང་ཐང་དང་རྒྱ་དང་རྒྱལ་ཁམས་ལ་སོགས་པར་འཛིན་པ་

༢༥༥

དག་ཀྱང་བདེན་དངོས་སུ་མ་གྲུབ་པའི་ཚོགས་པར་སྣང་བ་ཙམ་བློས་མིང་འདོགས་ཐ་དད་བཏགས་ནས་བདེན་དངོས་སུ་འཛིན་པ་ཙམ་དུ་ཟད་ཀྱི། དོན་དུ་ན་ཅུང་ཟད་ཙམ་ཡང་གྲུབ་པ་མེད་དོ་སྙམ་དུ་འདུན་པ་སྦྱངས། སྣོད་ཀྱི་འཇིག་རྟེན་སྟོང་པར་བསྒོམ་པ་སྟེ། དམིགས་སྐོར་དྲུག་ཅུ་པའོ། །ཡང་རང་གཞན་སྣོད་བཅུད་མཐོང་ཐོས་གཟུགས་ཅན་ཐོགས་བཅས་ཐམས་ཅད་ནི། ས་ཆུ་མེ་རླུང་ནམ་མཁའ་སྟེ་ཁམས་ལྔས་བསྡུས། རིག་ཙལ་འགྱུ་བ་ཐམས་ཅད་ནི་རྣམ་པར་ཤེས་པས་བསྡུས། དེ་ལ་འབྱུང་བ་བཞི་པོ་ནི། ཕྲ་མོར་ན་རང་ཚུགས་མ་ཐུབ་སྟེ་འདྲེས་ཤིང་གནས། སའི་རྡུལ་ཕྲན་ཡང་མ་གྲུབ་སྟེ་འབྱུང་བ་གཞན་དང་འདྲེས་པའི་ཕྱིར་དང༌། ནམ་མཁའ་ཞེས་བྱ་བ་ནི་གཟུགས་ཅན་དེ་རྣམས་མེད་པའི་ཤུལ་ལ་བློས་བཏགས་པ་མ་གཏོགས་བྱ་བྱེད་མེད་ཅིང་བདེན་དངོས་མེད་ལ། རྣམ་པར་ཤེས་པ་ཡང་རྐྱེན་གློ་བུར་བའི་སྣང་ཆ་ཙམ་མ་གཏོགས་ངོས་བཟུང་དུ་མེད་པར་རང་བཞིན་སྣོད་བཅུད་ཐམས་ཅད་གནས་ཚུལ་ལ་ཡེ་མ་གྲུབ་ལ། རེ་ཞིག་འཁྲུལ་པ་ཅན་གྱི་བློ་ལ་སྣང་ཆ་མ་འགགས་ཀྱང་རང་བཞིན་མེད་པས་སམ་ལྟ་བུའོ་སྙམ་དུ་བསྒོམ། སྣོད་བཅུད་ཐམས་ཅད་སྟོང་པར་བསྒོམ་པ་སྟེ། དམིགས་སྐོར་དྲུག་ཅུ་རེ་གཅིག་པའོ། །གཞན་ཡང་དངོས་མེད་ཅེས་བྱ་བ་ནི་དངོས་པོ་ལ་བརྟེན་ནས་བློས་བཞག་པ་ཙམ་ཡིན་གྱི་དོན་དམ་པར་ལྟ་ཅི་སྨོས། ཀུན་རྫོབ་བླང་དོར་གྱི་ཡུལ་དུ་ཡང་མ་གྲུབ་སྟེ་གང་ཡང་ཡོད་པ་མ་ཡིན་ལ། གང་དུ་སྣང་གྲགས་ཀྱི་ཆོས་འདི་དག་ཐམས་ཅད་ཡེ་ནས་མ་གྲུབ་བོ་ཞེས་བསམ་མོ། །གདོད་ནས་རྩ་བ་དང་བྲལ་བ་ལ་སྟོང་པའི་ཆོས་ཞེས་བྱ་བ་ཡང་མེད་ཏེ། མོ་གཤམ་གྱི་བུ་དང་པོ་ནས་བྱུང་བ་མི་སྲིད་པས་མི་གཤམ་གྱི་བུ་མེད་ཅེས་པའང་མི་སྲིད་ཏེ། དེ་འདྲ་བའི་སྟོང་པ་ཡང་མི་སྟོང་པ་ལ་ལྟོས་ཏེ་བློས་བཞག་པ་ཡིན་པའི་ཕྱིར་ཡོད་མེད་ཡིན་མིན་སོགས་ཅིར་ཡང་མ་གྲུབ་པ་ལ་བློས་གང་དུའང་མི་འཛིན་པར་གསལ་ལ་རྟོག་མེད་ཀྱི་དང་དུ་ལྷན་ནེ་འཇོག །ཡང་རྟོག་པ་སྐྱེས་བྱུང་ན། དེའི་

༢༥༦

ངོ་བོ་ལ་བལྟས་ཏེ་ངོས་བཟུང་དང་བྲལ་བ་དེ་ཀ་བསྒོམ། དམིགས་པ་སྔ་མ་དང་འདི་གཉིས་སྦྲེལ་ནས་གསལ་ལ་ཡུན་ཐུང་བ་ཡང་ཡང་བསྒོམ་པ་གནད་དུ་ཆེ། མཐར་ཐུག་སྤྲོས་བྲལ་བསྒོམ་པའི་དམིགས་པ་སྟེ། དམིགས་སྐོར་དྲུག་ཅུ་རེ་གཉིས་པའོ། །དེ་ནས་དེ་ཐམས་ཅད་བསྡོམས་ནས་བསྒོམ་སྟེ། སྔར་གྱི་གོ་བ་རྣམས་ཡུད་ཅིག་དྲན་པར་བྱས་ནས། རང་གཞན་སྣོད་བཅུད་འདི་དག་ཐམས་ཅད་ལ་ང་བདག་ཅེས་བྱ་བ་ཡང་མ་གྲུབ། བྱེད་པ་པོ་གང་ཡང་མེད་ཏེ། རྟེན་འབྲེལ་ཚོགས་པ་ཙམ་ལས་སྣང་བ་ཡིན། འདི་ཐམས་ཅད་གཅིག་དང་དུ་མ་གང་ཡང་མ་གྲུབ་པས་འཁྲུལ་ངོར་སྣང་ཙམ་མ་གཏོགས། གནས་ལུགས་ལ་ཅི་ཡང་མ་གྲུབ་ཅིང༌། ལེགས་པར་བརྟགས་ན་མ་གྲུབ་པ་དང་མེད་པ་ཞེས་བྱ་བ་ཡང་བློས་ཡོད་པའི་མཚན་ཉིད་གཅིག་གསར་དུ་བཅོས་ནས་དེ་དང་འགལ་བར་སྣང་བ་ལ་མེད་པ་དང་མ་གྲུབ་པའི་ཐ་སྙད་བཏགས་པ་ཙམ་དུ་ཟད་དོ། །དེ་ལྟར་ཕན་ཚུན་བརྟགས་པས་དམིགས་པས་དམིགས་གཏད་ཡལ་བ་དེ་ལ་ཅིར་ཡང་མི་བསམ་པར་མཉམ་པར་བཞག་ཅིང༌། སྔར་གྱི་དམིགས་གཏད་སངས་པའི་ངོས་བཟུང་ཐམས་ཅད་དང་བྲལ་བའི་རྣམ་ཆ་དེ་མ་ཡལ་བར་དུ་མི་རྟོག་པ་དེ་ལ་བཞག ཡང་དེ་ཡལ་སོང་ན་སྟོང་ཉིད་ཀྱི་རྣམ་པ་ནུབ་པའི་མི་རྟོག་པ་ཙམ་ལ་མི་འཇུག་སྟེ། སྔར་གྱི་དེ་བསྐྱུར་གྱིན་བསྒོམ་དགོས་པས་ཡལ་མ་ཡལ་གྱི་ས་མཚམས་ཤེས་པ་གལ་ཆེ་གསུང༌། ཐོག་མའི་སྐབས་སུ་སྡོད་པའི་རྣམ་པ་ཡུན་རིང་མི་སྡོད་པ་འདྲ་བ་ཞིག་ཡོང་ཡང་ཉམས་མྱོང་གི་སྣེ་ཞིག་རྙེད་པའི་མཚམས་ནས་ཇེ་རིང་ཇེ་རིང་ལ་འགྲོ། འདིར་དམིགས་པ་ལ་སེམས་གཏད་པ་འཇོག་པ་དང༌། དེའི་རྒྱུན་བསྲིང་པ་ཉེ་བར་འཇོག་པ་ཡིན། རྣམ་རྟོག་བྱུང་ཚད་འཕྲོ་གཅོད་པ་དེ་བསླན་ཏེ་འཇོག་པ་ཡིན། དེ་ནས་ཡུན་ཇེ་རིང་ཇེ་རིང་ལ་འགྲོ་བ་དེ་ཉེ་བར་འཇོག་པ་ཡིན། དེ་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་ནས་དགའ་བ་བསྒོམས་པས་ལྷག་པར་བསྒོམ་པ་ལ་སྤྲོ་བ་འབྱུང་སྟེ། འདུལ་བར་བྱེད་པ་ཡིན། རེས་འགའ་རྣམ་གཡེང་ལ་སོགས་པའི་

༢༥༧

ཉེས་དམིགས་དྲན་པས་རྣམ་གཡེང་རང་སོགས་རང་འགགས་ལ་འགྲོ་སྟེ། ཞི་བར་བྱེད་པ་ཡིན། དེ་གཉིས་སྤྲོ་བ་བསྐྱེད་པ་དང་སྐྱོ་ཤས་བསྐྱེད་པའི་རྣམ་གྲངས་ཡིན། རེ་དོགས་དང་ཆགས་སྡང་གི་རྣམ་རྟོག་གང་བྱུང་བ་ཐམས་ཅད་གང་སྐྱེས་ཀྱི་ངོ་བོ་ལ་ཆེར་རེ་བལྟས་པས། སྔར་ཤེས་པ་བདེན་མེད་དུ་བསྒོམས་པ་དེས་རྒྱས་ཐེབས་ནས། རང་བབས་སུ་ཞི་བ་ནི་ཉེ་བར་ཞི་བ་ཡིན། རེ་ཞིག་བར་ལ་རྒྱུད་ལང་ཤོར་ཅན་དེ་ཐབས་དེ་དག་གི་ཡང་ཡང་འཚོད་དགོས་ཤིང༌། དེ་ནས་ཇི་ཞིག་ལྟར་ན་སེམས་བསྒྲིམས་ན་བྱིང་རྒོད་ཀྱི་སྐྱོན་མེད་ཅིང༌། དམིགས་ཡུལ་སྟོང་པའི་རྣམ་པ་དེ་ལ་སེམས་ཡུན་རིང་དུ་གནས་པར་འགྱུར། དེ་སྐབས་བསྒྲིམ་དགོས་ཏེ། སེམས་ཀྱི་རྒྱུད་གཅིག་ཏུ་བྱེད་བྱ་བ་དེ་ཡིན། མཐར་སྔར་གྱི་ལྟ་བའི་ཉམས་མྱོང་དྲན་ཙམ་བྱས་ནས་བཞག་པ་ཁོ་ནས་སྟོང་པའི་རྣམ་པ་ཅན་དེ་ཡུན་རིང་དུ་གནས་པ་འབྱུང་སྟེ། དེའི་ཚེ་རྩོལ་བཀློད་དེ་རང་བབས་སུ་འཇོག་དགོས་པས་མཉམ་པར་བཞག་པ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །སྒོམ་སྐྱོང་ཚུལ་འདི། ཆོས་མངོན་པ་ལས། ལྷག་མཐོང་སྔོན་དུ་སོང་བའི་ཞི་གནས་སྒོམ་ཚུལ་གཅིག་ཀྱང་ཡོད་པ་དེའི་ལུགས་ཡིན། འདི་ཀ་མ་ལ་ཤཱི་ལའི་སྒོམ་རིམ་ལ་སོགས་པའི་ལུགས་དང་མཚུངས་པར་དཔྱད་པ་སྔོན་སོང་གི་མི་རྟོག་པ་སྒོམ་ཚུལ་ཡིན། བཤེས་གཉེན་པོ་ཏོ་པ་ཆེན་པོའི་བེའུ་བུམ་ལས། དཔལ་ལྡན་ཨ་ཏི་ཤའི་ལུགས་ལ་དཔྱད་པ་སྔོན་སོང་ཁོ་ན་དགོས་པར་གསུངས། འོན་ཀྱང་ཨ་ཏི་ཤའི་བློ་སྦྱོང་གི་གདམས་ངག་འགའ་རེ་སོགས་མདོ་ལུགས་དང༌། ཕྱག་ཆེན་སོགས་སྔགས་ཀྱི་གདམས་ངག་མང་པོ་ལ་དཔྱད་པ་སྤངས་པའི་གདམས་ངག་ཀྱང་ཤིན་ཏུ་མང་མོད་རེ་ཞིག་བསྟན་རིམ་གྱི་མན་ངག་སྟོན་པའི་སྐབས་འདིར། བཤེས་གཉེན་ཆེན་པོ་པོ་ཏོ་བས་གསུངས་པ་ལྟར་བྱེད་དགོས་སོ། །དམིགས་སྐོར་རེ་གསུམ་མོ། །ལྟ་བ་སྐྱོང་ལུགས་འདིའི་རིགས་ལ་སེམས་གནས་པ་ན་མ་གྲུབ་པ་ན་ལྷག་མཐོང་ཡང་གྲུབ་སྟེ། ཐོག་མ་ཉིད་ནས་ཞི་ལྷག་ཟུང་

༢༥༨

དུ་འཇུག་པ་ཉིད་ཡོད་པར་བཞེད་དོ། །གསུམ་པ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནི། དེ་ལ་སྟོང་རྐྱང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པར་མི་འགྲོ་བས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གཅིག་དགོས་པ་ཡིན། དེ་ལྟར་ན་དོན་དམ་པར་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་གང་ཡང་མ་གྲུབ་པར་འདུག དཔེ་ནམ་མཁའ་དང་འདྲ། དེ་ལྟར་མ་གྲུབ་པ་ལ་མ་གྲུབ་པར་མངོན་སུམ་དུ་རྟོགས་ན། སྡུག་བསྔལ་མྱོང་བ་པོའི་སེམས་ཅན་ཡང་མེད། མྱོང་རྒྱུའི་སྡུག་བསྔལ་ཡང་མེད། མྱོང་ཚུལ་ལས་ཉོན་སྡུག་བསྔལ་གསུམ་ཕན་ཚུན་གཅིག་ནས་གཅིག་ཏུ་འཁོར་འགྲོ་རྒྱུ་ཡང་གདོད་ནས་མ་གྲུབ་པར་འདུག་མོད། དེ་ལྟར་མ་རྟོགས་ཙ་ན། སྡུག་བསྔལ་མྱོང་བ་པོའི་སེམས་ཅན་གྱི་སྣང་བ་ཡང་ཤར། མྱོང་བྱ་སྡུག་བསྔལ་གྱི་སྣང་བ་ཡང་ཤར། མྱོང་ཚུལ་དང་འཁོར་ཚུལ་ཡང་ཤར། དེ་ཐམས་ཅད་མེད་བཞིན་དུ་སྣང་བ་ཡིན་ཀྱང་སྒྱུ་མས་བསླུས་པའི་སེམས་ཅན་ལྟར་སྡུག་བསྔལ་སྣ་ཚོགས་མྱོང་བ་སྙིང་རེ་རྗེ། འདི་རྣམས་འཁྲུལ་པ་སངས་ཏེ། གནས་ལུགས་རྟོགས་པའི་སངས་རྒྱས་ལ་འགོད་པར་བྱ། དོན་དམ་པར་བདག་ཀྱང་མ་གྲུབ། སེམས་ཅན་དེ་རྣམས་ཀྱང་མ་གྲུབ། འཁྲུལ་པ་ཡང་མ་གྲུབ། འཁྲུལ་པ་སེལ་བར་བྱེད་པའི་ལམ་ཡང་མ་གྲུབ་མོད་ཀྱི། ཀུན་རྫོབ་འཁྲུལ་པའི་སྣང་བ་ཙམ་དུ་སྡུག་བསྔལ་དང་སྒྲིབ་པ་ཡོད་པར་སྣང་བ་བཞིན་དུ། ལམ་ཡང་ཡོད་པར་སྣང༌། ལམ་བསྒོམས་པས་འཁྲུལ་པ་སངས་ཏེ། གནས་ལུགས་ལ་ངང་གིས་གནས་པའི་སངས་རྒྱས་སུ་འགྱུར་བའང་ཡིན་པ་ལ། སྒྱུ་མ་ལྟ་བུའི་བདག་གིས་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ། སྒྱུ་མ་ལྟ་བུའི་ལམ་མམ་ཆོས་བསྟན་པས་སྒྱུ་མ་ལྟ་བུའི་སྡུག་བསྔལ་གྱིས་ཤ་ཐང་ཆད་པ་འདི་དབྱིངས་སུ་གྲོལ་བར་བྱའོ། །སྡུག་བསྔལ་མྱོང་བྱ་མྱང་བྱེད་ཐམས་ཅད་བདེན་པར་མ་གྲུབ། སྣང་གྲགས་ཀྱི་ཆོས་གང་ཡང་བདེན་པར་གྲུབ་པ་མི་སྲིད་མོད་ཀྱི། རྟག་པ་མཐར་བཟུང་སྟེ། ཅི་སྟེ་བདེན་གྲུབ་ཀྱི་སྡུག་བསྔལ་ཞིག་

༢༥༩

སྲིད་དུ་ཆུག་ཀྱང༌། བདེན་མེད་ཀྱི་སྡུག་བསྔལ་མྱོང་བ་འདི་ལས་ལྷག་པའི་སྡུག་བསྔལ་མྱོང་རྒྱུ་མེད། འདི་མེད་པར་རྟོགས་ན་རང་གྲོལ་དུ་འདུག་པ་ལ་དེ་ལྟར་མ་རྟོགས་པ་སྙིང་རེ་རྗེ། ཞེས་པ་ཡང་ཡང་བསམ་ཞིང་བསྒོམ། །དམིགས་སྐོར་དྲུག་ཅུ་རེ་བཞི་པའོ། །ད་ནི་དེའི་བོགས་འདོན་དུ་ཞག་གཅིག་སྟོང་ཉིད་འབའ་ཞིག་བསྒོམ། ཞག་གཅིག་སྙིང་རྗེ་འབའ་ཞིག་བསྒོམ། ཞག་གཅིག་སྔར་གྱི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་དེ་བསྒོམ། དེ་འདྲ་ཡང་ཡང་བྱས་པས་བོགས་ཤིག་ཐོན་ནས་འོང༌། ཡང་རེས་འགའ་ཐུན་གཅིག་སྟོང་ཉིད་རྐྱང་པ་བསྒོམ། ཐུན་གཅིག་སྙིང་རྗེ་རྐྱང་པ་བསྒོམ། ཐུན་གཅིག་གམ་གཉིས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྒོམ། དེ་ལྟར་སྐབས་སྐབས་སུ་ཡང་ཡང་བྱས་པས་བོགས་ཤིག་ཐོན་ནས་ཡོང༌། ཐུན་གཅིག་གོ། ད་འདི་ལ་གེགས་སེལ་གྱི་ཐ་སྙད་གསུང་བར་གདའ། སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་དེ་སྒོམ་གྱི་མཐིལ་ཡིན། དེ་ལ་ཚེ་འདིའི་བདེ་བ་ལ་ཞེན་པའི་གེགས་འབྱུང་སྟེ། ཚེ་འདིར་ལོངས་སྤྱོད་ཆེ་བ་དང༌། གཏམ་སྙན་པ་དང༌། ཁ་དྲག་པ་ཅིག་འདོད་དམ། མི་གཞན་རྣམས་ཀྱིས་ཀྱང་ཆོས་པ་བཟང་པོར་འཛིན་དུ་རེ། གཞན་པས་རང་ལྷག་པ་གཅིག་ཡོད་དུ་རེ། སྙིང་ནས་འདོད་ཞེན་མ་ལོག་པར་གཞན་སུན་འབྱིན་པའི་ཕྱིར་དང༌། རང་ཕྱོགས་འཁྱོངས་པའི་ཕྱིར་དུ་བྱ་བ་བཏང་བྱེད། ཆིག་རི་འམ། འདག་སྦྱར་རམ། དཀའ་ཐུབ་བམ། ལྡུམ་བུ་འམ། ལྟོ་འདོད་ཀྱི་བཙུན་པ། གྲགས་ཕྱིར་གྱི་བསྙེན་རྫོགས། ཁེངས་དྲེགས་ཀྱི་ཚུལ་འཆོས། ཕུགས་མི་ཐམས་ཅད་རང་ལ་དད་ོ་སྐྱེས་ཏེ། རང་རྒྱལ་བ་ཞིག་ཡོད་དུ་རེ་བས་འཕྲལ་ཕམ་ཁ་ལན་པ་ལྟར་བྱེད་པ་སོགས་ཀྱང་ཆོས་ལ་སྙད་ནས་འཇིག་རྟེན་གྱི་ཆེ་ཐབས་སྒྲུབ་པར་གདའ། སྟོང་ཉིད་སྙིང་རྗེ་དང་རྒྱབ་འགལ་ཡིན། དེ་དག་དུག་དང་འདྲེས་པའི་ཟས་བྱ་བ་

༢༦༠

ལགས། ཐོག་མ་ཉིད་ནས་འཇིག་རྟེན་ཕལ་པ་བསམ་པ་དང་སྤྱོད་པ་གཉིས་དཀར་ནག་རྐྱང་དུ་སོང་བ་དེ་ཆེས་སྨད་པ་གཞིར་བཞག་མོད་ཀྱང༌། དེ་ལ་དགེ་སྦྱོར་དང་འདྲེས་པ་ལྟར་བཟང་རྫུའི་ཡུལ་དུ་ཡང་མ་བྱུང༌། དེ་རྣམས་ཀྱི་གཉེན་པོར་སྐྱེས་བུ་ཆུང་ངུའི་བསམ་པ་ཡང་ཡང་དྲན་དགོས། ཕྱི་མ་ལྷ་མིའི་བདེ་བ་ལ་ཞེན་པའི་གེགས་བྱ་བ། འཁོར་བའི་བདེ་བ་ལ་སྲེད་པ་མ་ལོག་པས་སྦྱིན་པ་འདྲ་གཏོང༌། ཚུལ་ཁྲིམས་འདྲ་སྲུང༌། ཁྲིགས་ཆགས་ཀྱི་དགེ་སྦྱོར་བག་རེ་བྱེད་ཀྱང་སྐྱེ་བ་ཕྱི་མའི་ཟས་གོས་ལོངས་སྤྱོད་གནས་ཁང༌། བུ་སྨད་འཁོར་གཡོག་དབང་ཐང་འཛོམས་པའི་སྐྱིད་པ་གཅིག །སྨོན་ན། སྟོང་ཉིད་སྙིང་རྗེའི་མི་མཐུན་ཕྱོགས་སུ་སོང༌། དེའི་གཉེན་པར་སྐྱེས་བུ་འབྲིང་གི་བསམ་པ་རྣམས་བསྐྱར་གྱིན་བསྒོམ་དགོས། བློ་ཆོས་སུ་སོང་ཡང་རང་དོན་ཡིད་བྱེད་ཁོ་ན་འདུག་ན་སྟོང་ཉིད་སྙིང་རྗེ་དང་རྒྱབ་འགལ་ཡིན་པས། དེའི་གཉེན་པོར་བདག་གཞན་མཉམ་པ་དང་བརྗེ་བ་བསྒོམ་དགོས། དེ་ཡང་གོ་ཡུལ་ཙམ་ལ་མ་ལུས་པའི་རང་གི་ལུས་སེམས་ཀྱི་ཐོག་ཏུ་དམིགས་གཏད་ཁེལ་ངེས་ཤེས་པ་གལ་ཆེ། དེའི་གདམས་ངག་བློ་སྦྱོང་ན་གསལ། སྤྱོད་འཇུག་དང་བསླབ་བཏུས་ཀུན་ན་ཡང་རྒྱས་པར་ཡོད། རྒྱལ་ཚབ་བྱམས་པས། བདག་དང་གཞན་དུ་མཉམ་པའི་སེམས་ཉིད་དམ། །བདག་པས་གཞན་གཅེས་སྡུག་པ་རྙེད་ནས་ནི། །དེ་ལྟར་བདག་པས་གཞན་དོན་མཆོག་ཏུ་ཤེས། །རང་གི་དོན་གང་གཞན་གྱི་དོན་གང་ཡིན། ཅེས་གསུངས། སྟོང་ཉིད་སྒོམ་པའི་པོ་ཡུལ་ཡང་ཡང་བྱས་ཀྱང༌། བདེན་པར་མེད་དོ། །སྒྱུ་མ་ལྟ་བུའོ་བྱ་བ་དེ་ཡལ་ཡུལ་དུ་སོང་ནས་གནད་དུ་མ་འབྱོར། །དགྲ་གཉེན་ལོངས་སྤྱོད་གཏམ་སོགས་ཀྱི་རྣམ་རྟོག་རགས་པ་དེ་ཀ་འདུག་ན། སྟོང་ཉིད་སྙིང་རྗེའི་མི་མཐུན་ཕྱོགས་ཡིན་པས་རང་གི་ལུས་སེམས་རྫས་ཡོ་བྱད་དགྲ་གཉེན་རྣམས་ཀྱི་སྟེང་དུ། སྒྱུ་མ་ལྟ་བུའི་བློ་དེ་ཁལ་ངེས་ཤེས་སྙིང་ཐག་པ་ནས་སྐྱོང་བ་གལ་

༢༦༡

ཆེ། དེ་ཡང་ཐུན་གཅིག་གོ། ཡང་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་སྡུག་བསྔལ། ལས་རྒྱུ་འབྲས། ཆོས་ལ་དད་པ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། བདག་མེད་གཉིས་བསྒོམ་པ་རྣམས་ཞག་རེའམ། ཐུན་རེའི་ནང་དུ་རེས་འགའ་བསྟར་ཆགས་སུ་བསྒོམ། རེས་འགའ་ལུགས་ཟློག་ཏུ་བསྒོམ། རེས་འགའ་རྐང་འཐོན་དུ་བསྒོམ། རེས་འགའ་དཀྲུགས་པ་དང་འཆོལ་བར་བསྒོམ། རེས་འགའ་སེམས་ལ་གང་གནོད་པའི་སྤང་བྱ་ཤས་ཆེ་བ་དེའི་སྟེང་དུ་བསྒོམ། རེ་འགའ་འདི་སྒོམ་བདེ་བར་འདུག་སྙམ་པ་དེ་བསྒོམ། འདི་ཡང་ཐུན་གཅིག་གོ། རྒྱུན་གྱི་ཉམས་ལེན་ལ་མི་རྟག་པ་ངུར་ངུར་དྲན་པ་དང༌། ལས་འབྲས་ཀྱི་དོན་བསམ་པའི་འཛོམ་བག་དང༌། ཁམས་གསུམ་འཁོར་བ་ཐམས་ཅད་ལ་སྙིང་རྗེ་དང༌། སྤྲོས་བྲལ་གྱི་གནས་ལུགས་ལ་མཉམ་པར་འཇོག་པ་སྟེ། བཞི་པོ་འདི་གཙོ་བོར་བསྒོམ། གཞན་རྣམས་འཁོར་གྱི་ཚུལ་དུ་བསྒོམ་མོ། །ཆོས་འདི་སྤྱོད་པའི་བླ་མ་དམ་པའམ། གྲོགས་བཟང་པོ་དང་འགྲོགས། ཐུན་མཚམས་སུ་མདོ་སྡེ་རྣམས་ཀློག་པའམ། ཉན་པས་ཀྱང་སྒོམ་གྱི་བོགས་འབྱིན། ཆོས་ངེས་པ་རྙེད། དད་པ་གསོས་འདེབས་པ་ཡིན། ཁྱད་པར་བཀའ་གདམས་གོང་མའི་གསུང་བསྟན་རིམ་དང་འབྲེལ་བའི་བེའུ་བུམ་རེ་ལའང་ལྟ་རྟོག་དང་ནན་ཆགས་དང་དོན་སེམས་ཐོག་ཏུ་འཇོག་པ་ཁོ་ན་གནད་དུ་ཆེ་བ་ལགས། །འདི་ལའང་ཐུན་གཅིག་སྟེ། ཕྱི་མ་བཞི་པོ་འདི་རྒྱུན་གྱི་ཉམས་ལེན་དང༌། གེགས་སེལ་བོགས་འདོན་ལ་སློབ་པ་ཡིན། དམིགས་སྐོར་དུ་བཅད་མི་དགོས། ཡང་དམིགས་སྐོར་དུ་བྱས་ཀྱང་འགལ་བ་ཡང་མེད་དོ། །རྩ་བའི་ས་བཅད་གསུམ་པ། དེ་ལས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་འགྲུབ་ཚུལ་ནི། རྒྱས་པར་གཞུང་ལུགས་ཆེན་པོ་རྣམས་ཉན་པས་གོ་བར་འགྱུར། འདིར་བཤད་ཀྱི་ཡང་མི་ལང་བ་ལགས། སྙིང་པོ་ནི། ཇི་སྐད་དུ། སློབ་དཔོན་འཕགས་པས། ཚུལ་ཁྲིམས་སྦྱིན་པ་གཞན་གྱི་དོན། །བརྩོན་

༢༦༢

འགྲུས་བཟོད་པ་བདག་ཉིད་ཀྱི། །བསམ་གཏན་ཤེས་རབ་ཐར་པའི་རྒྱུ། །སྙིང་རྗེ་བས་ནི་དོན་ཀུན་འགྲུབ། ཅེས་དང༌། །བདུན་པོ་འདི་དག་མ་ལུགས་པར། །གཅིག་ཅར་ཕ་རོལ་ཕྱིན་པ་ཡིས། །ཡེ་ཤེས་བསམ་གྱིས་མི་ཁྱབ་ཡུལ། །འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར། ཅེས་གསུངས་པ་ལྟར་ཡིན་ཏེ། བསམ་པ་བྱང་ཆུབ་ཀྱི་སེམས་དང༌། སྤྱོད་པ་སྦྱིན་སོགས་དྲུག་ལ་སྦྱངས་པས། རང་ཐུགས་ཀྱིས་ཆོས་ལས་གཞན་དུ་བློ་མི་འགྲོ་ཞིང༌། དཀོན་མཆོག་ལ་དད་པ་དང༌། ལས་འབྲས་ལ་འཛེམ་བག་དང༌། འཁོར་བ་ལ་སྐྱོ་ཤས་རྣམས་ངང་གིས་སྐྱོ། ཆོས་རྩེ་གཅིག་ཏུ་བསྒོམ་པ་ལ་སུན་པ་མེད་པར་སྤྲོ་བ་ངང་གིས་འཕེལ་ན། ཏིང་ངེ་འཛིན་བརྟན་པོ་སྐྱེས་རུང་མ་སྐྱེས་རུང་ལམ་སྣ་ཟིན་པ་དང༌། ཚོགས་ལམ་ཆུང་ངུ་རྒྱུད་ལ་སྐྱེས་པ་ཡིན་ནོ། །དེ་ནས་ཚོགས་ལམ་དུ་མི་རྟག་སྡུག་བསྔལ། སྟོང་པ་བདག་མེད་ཀྱི་དོན་ལ་གསལ་སྣང་ཅུང་ཟད་རྙེད་པ་ནི། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱའོ། །དེ་ནས་བསྒོམ་པའི་སྟོབས་དང་ཚོགས་བསགས་པའི་སྟོབས་གཉིས་འཛོམས་པ་ལས། གཟུགས་ནི་དབུ་བརྡོས་པ་འདྲ། ཅེས་སོགས་ལྟར་ཕུང་པོ་ལྔ་སྒྱུ་མ་ལྟར་རྟོགས་ཤིང༌། ཆོས་ཀྱི་བདག་མེད་ལ་གསལ་སྣང་རིམ་པས་རྙེད་པ་ནི། དོན་རབ་འབྱེད་པའི་བསམ་གཏན་ཞེས་པའོ། །མཐོང་ལམ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་ས་བཅུ་ལ་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེས་པ་ནི། དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ཞེས་བྱའོ། །ས་དང་པོ་ནས་བདུན་པའི་བར་དུ་དེ་བཞིན་གཤེགས་པ་དགེ་བའི་བསམ་གཏན་ཆ་ཕྲ་བ་ཙམ་ཡོད་ལ། ས་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ། ཆུང་ངུ་དང་འབྲིང་དང་ཆེན་པོ་དག་ཡོད་དོ། །རྫོགས་པའི་སངས་རྒྱས་ཀྱི་སར་ནི། དེ་བཞིན་གཤེགས་པ་དགེ་བའི་བསམ་གཏན་མཐར་ཐུག་པ་ཡོད་ཏེ། བསམ་གཏན་བཞི་པ་འདི་ནི་སྙིང་པོ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཏེ་རྒྱས་པར་གཞན་དུ་རྟོགས་པར་བྱའོ། །བསམ་

༢༦༣

གཏན་བཞི་པོའི་འདི་གོང་མའི་ཡི་གེ་ན་མ་བྲིས་ཀྱང་མདོ་ནས་འབྱུང་པ་ལྟར་བཀོད་པ་ཡིན་ནོ། །དང་པོ་ལམ་སྣམ་ཟིན་གྱི་བར་དུ་ཅུང་དཀའ་བ་ཡིན་པས་བྱ་བ་གཞན་ཐམས་ཅད་བོར་ལ་གཅིག་ཏུ་འབད་པ་གལ་ཆེ། དེ་ནས་ཀྱང་འབད་རྩོལ་གོང་འཕེལ་དུ་གཏོང་དགོས་མོད་ཀྱི་ཅུང་ཟད་སླ་བར་འོང༌། །ཚེགས་སྒོ་དུ་མ་ནས་བསགས། སྨོན་ལམ་ཕྱོགས་སྣ་ཚོགས་ནས་བཏབ་སྟེ་རྒྱུད་སྦྱངས་པས་སྦྱོར་ལམ་གྱི་ཡེ་ཤེས་སྐྱེས་པ་ན། རང་ཤུགས་ཀྱིས་འཕེལ་དུ་འགྲོ་ཞིང་འཇུག་པ་བདེ་བ་ཡིན། དེར་ཡང་བདུད་ཀྱི་ལས་ཕྲ་མོ་སྤོང་བ་དང༌། གེགས་སེལ་བ་དང༌། བོགས་དབྱུང་བ་མང་དུ་དགོས་པར་ཡོད། དེ་ནས་རིམ་པས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། དེ་ནས་བདེ་བ་ནས་བདེ་བར་སྤྱོད་པ་འབའ་ཞིག་གོ། །འབྲས་བུའི་སངས་རྒྱས་ནི། ངོ་བོ་ཉིད་སྐུ་རང་བཞིན་འོད་གསལ་སྤྲོས་བྲལ་གྱི་ཡེ་ཤེས་དང༌། ལོངས་སྐུ་འོག་མིན་དུ་དག་པའི་འཁོར་ལ་ཆོས་འཁོར་མཐར་ཐུག་སྐོར་བ་པོ་དང༌། སྤྲུལ་པའི་སྐུ་མ་དག་པའི་ཞིང་རྣམས་སུ་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་མཛད་པ་དང༌། ཕྲིན་ལས་ནི་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་སྐལ་བ་དང་འཚམས་པར་ཕན་པ་དང་བདེ་བ་བླ་ན་མེད་པ་ལ་འགོད་པའོ། །འདི་ལ་ཐུན་གྱི་ངེས་པ་མེད་ཇི་ལྟར་འཚམས་པར་བཤད་པར་བྱའོ། དེས་བསྟན་པ་ལ་འཇུག་པ་ཞེས་བྱ་བའི་ཁྲིད་ལེགས་པར་ཚར་རོ། ད་ནི་གྲུབ་འབྲས་སེམས་བསྐྱེད་དང༌། བྱང་སྡོམ་ལེན་པའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་གཉིས། སེམས་བསྐྱེད་ཀྱི་ཆོ་ག་དང༌། བྱང་སྡོམ་གྱི་ཆོ་གའོ། །དང་པོ་ནི། །རྟེན་དང་མཆོད་པ་བཤམས། མཎྜལ་ཕུལ་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་

༢༦༤

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཅེས་ལན་གསུམ་རྗེས་ཟློས་བྱ། དེ་ནས་དགོངས་གསོལ་གོང་བཞིན་ལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཅེས་པའི་རྗེས་ཟློས་ལན་གསུམ་བྱ། སྐྱབས་འགྲོ་རེ་རེ་བཞིན་དགོངས་གསོལ་རེ་བྱེད་པ་དེ་རྒྱས་པའི་ལུགས་ཡིན། བསྡུ་ན་འདི་ཙམ་གྱིས་ཆོག་པར་འདིར་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ཚར་གསུམ་བྱ་སྟེ་ཚོགས་བསགས་པའོ། །དངོས་གཞིའི་ཆོ་ག་ནི་དགོངས་གསོལ་གོང་དང་འདྲ། བདག་མིང་འདི་ཞེས་བགྱི་བས། སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས། ཇི་

༢༦༥

སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱི་སྟེ། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཅེས་ལན་གསུམ་རྗེས་ཟློས་བྱར་གཞུག སྨོན་སེམས་ཀྱི་བསླབ་བྱ་གོང་དུ་བཤད་པ་རྣམས་ལས་ཅི་རིགས་པའམ་རྒྱས་བསྡུས་ཇི་ལྟར་རིགས་པ་བཤད། འཕགས་པ་སྤྱན་རས་གཟིགས་ཀྱིས་ཞུས་པ་ཆོས་བདུན་པ་ཞེས་བྱ་བའི་མདོ་དང༌། སྡོང་པོ་བཀོད་ལ་སོགས་པའི་མདོ་ནས་བསླབ་བྱ་དང་ཕན་ཡོན་དུ་མ་འབྱུང་བ་རྣམས་རྒྱས་པ་མདོ་སྡེ་དེ་དག་ལས་ཤེས་པར་བྱའོ། །ཞེས་བརྗོད། དེ་ནས་སྨོན་ལམ་ཇི་ལྟར་འོས་པ་གདབ་ཅིང༌། བསྡུ་ན། དགེ་བ་འདི་ཡིས་སྐྱེ་བོ་ཀུན། ཞེས་སོགས་བརྗོད། སླར་ཡང་དཀོན་མཆོག་མཆོད། སློབ་དཔོན་ལ་ཡོན་དབུལ། འདི་ནི་སེམས་བསྐྱེད་ཀྱི་ཆོ་གར་གྲགས་པ་སྨོན་སེམས་ཀྱི་ཆོ་ག་སྟེ། འདི་ལ་སྣོད་བརྟག་པ་དང༌། སོ་ཐར་རིགས་བརྒྱད་སྔོན་དུ་འགྲོ་བ་སོགས་གང་ཡང་མི་དགོས་པས་དོན་དུ་གཉེར་བ་ཐམས་ཅད་ལ་སྦྱིན་དུ་རུང་ངོ༌། །འདི་ནི་བྱམས་པ་ནས་བརྒྱུད་པའི་སེམས་བསྐྱེད་ཏེ། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་སེམས་བསྐྱེད་ཀྱི་ཆོ་ག་ལོགས་པ་ཞིག་འཕགས་ཡུལ་ན་ཡོད་པར་གྲགས་ལ། དེ་ནི་དཀོན་བརྩེགས་ཀྱི་ནང་གིའང་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སྡེ་སྣོད་ཅེས་བྱ་བའི་ཆོ་ག་ལོགས་པ་ཞིག་ལས་བསྡུས་པ་སྟེ། དེའི་དགོངས་དོན་ཕྱོགས་འདིར་ཡོད་པ། དཔལ་ལྡན་ཨ་ཏི་ཤས་མཛད་པའི་སེམས་བསྐྱེད་ཀྱི་ཆོ་ག་ན་གསལ་བར་བཞུགས་པ་བཞིན་བཀོད་པ་ཡིན་ནོ། །གཉིས་པ་བྱང་སྡོམ་

༢༦༦

ལེན་པའི་ཆོ་ག་ནི། རབ་ཏུ་བྱང་ཆུབ་སེམས་དཔའི་བསླབ་གཞི་རྒྱས་པར་སྟོན་པའི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཡིན་པས་མདོ་སྡེ་མང་དུ་ཐོས་པར་བྱ། ཡང་ན་བྱང་ཆུབ་སེམས་དཔའི་སའམ། བསླབ་པ་ཀུན་ལས་བཏུས་པ་ལྟ་བུ་ཉན་ནའང༌། ཐེག་ཆེན་ཀུན་གྱི་སྙིང་པོ་འདུས་པ་ཡིན་པས་ཤིན་ཏུ་ལེགས། འཕགས་པ་དཀོན་མཆོག་སྤྲིན་ནམ་ནམ་མཁའི་སྙིང་པོའི་མདོ་ལྟ་བུ་གཅིག་གི་བཀླགས་ལུང་ཙམ་མ་མཐའ་ཡང་ངེས་པར་ཐོབ་པར་བྱའོ། །སྔར་བསྟན་རིམ་གྱི་བྲིང་ཞིབ་པར་བསྐྱངས་པས་ཀྱང་ཐེག་ཆེན་གྱི་སྙིང་པོ་ཐོས་པ་ཡིན་མོད་ཀྱི། རྗོད་བྱེད་ཚིག་གི་སྒོ་ནས་ཐེག་ཆེན་གྱི་མདོ་སྡེ་གཅིག་མ་ཐོས་པའི་ཐབས་མེད། དེ་ནས་བྱང་སྡོམ་བླང་བ་དངོས་ནི། རྟེན་གསུམ་གྱི་དྲུང་དུ་མཆོད་པ་བཤམས། སློབ་དཔོན་ལ་ལན་གསུམ་དུ་ཕྱག་བྱས་ནས་ཐལ་མོ་སྦྱར་ཏེ། །སློད་དཔོན་ཁྱོད་ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པ་ལེན་པར་འཚལ་གྱི། དེ་ལ་གནོད་པ་མ་མཆིས་ན། བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ། །ཅེས་ལན་གསུམ་གསོལ་བ་གདབ་དགོས་ཏེ། ཚིག་དེ་བློ་ལ་ཡོད་ན་སློབ་མ་ཉིད་ཀྱིས་གསོལ་བ་གདབ། དེ་མིན་སློབ་དཔོན་ནམ་གྲོགས་ཀྱི་རྗེས་ཟློས་བྱའོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས། རིགས་ཀྱི་བུ་ཁྱོད་ཉོན་ཅིག ཁྱོད་འདི་ལྟར་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། སློབ་མས་ཀྱང་འདོད་ལགས། །ཞེས་བརྗོད། སློབ་དཔོན་གྱིས་འདི་སྐད་ཅེས་བྱ་སྟེ། དེ་ལ་ཁྱོད་ཀྱིས་སེམས་བསྐྱེད་པ་བརྟན་པ་དང༌། ཡི་དམ་བརྟན་པར་བྱའོ། །ཅེས་དང༌། གཞན་དང་འགྲན་པའི་ཆེད་དུ་མ་ཡིན་ནམ། མ་ལགས། གཞན་གྱི་ནན་གྱིས་ལེན་དུ་བཅུག་པ་མ་

༢༦༧

ཡིན་ནམ། མ་ལགས། ཅེས་དྲི་བ་དང་ལན་བྱ། དེ་ནས་མཆོད་ཡོན་ཕལ་ཆེར་ལ་སོགས་པའི་ཚིགས་བཅད་ཀྱིས་མཆོད་པ་རྣམས་ཕུལ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། ཅེས་པ་ལ་སོགས་པ་ཇི་ལྟར་འོས་པས་བསྟོད་ཅིང་ཕྱག་ཀྱང་འབུལ། དེ་ནས་སློབ་དཔོན་ལ་གུས་པ་དང་བཅས་པས་བསྐུལ་མའི་གསོལ་གདབ་ནི་འདི་སྐད་ཅེས། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བདག་ལ་མྱུར་དུ་སྩལ་དུ་གསོལ། ལན་གསུམ། སློབ་དཔོན་གྱིས་འདི་སྐད་ཅེས། མིང་འདི་ཞེས་བྱ་བའམ། རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། དེས་ཀྱང་ཡིན་ལགས། བྱང་ཆུབ་ཏུ་སྨོན་ལམ་བཏབ་པའམ། བཏབ་ལགས། དེ་ནས་དངོས་གཞི་ནི་སློབ་དཔོན་གྱིས་འདི་སྐད་ཅེས། །རིགས་ཀྱི་བུ་ཁྱོད་ཉོན་ཅིག བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་དེ་དག་ཅི་བདག་ལས་ལེན་པར་འདོད་དམ། དེ་ལྟར་ལེན་པར་འཚལ་ལོ། །དེ་ནས་ཆོ་ག་དངོས་གཞི་ནི་སློབ་དཔོན་གྱིས་འདི་སྐད་ཅེས། ཚེ་དང་ལྡན་པའམ་རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པའི་བསླབ་པའི་གཞི་གང་དག་དང༌། ཚུལ་ཁྲིམས་གང་དག་ལ། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་གྱུར་པ་དང༌། མ་

༢༦༨

བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་དག་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་བཞིན་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ང་ལས་ནོད་དམ། ཅེས་དྲིས་པ་ལ། སློབ་མས་རབ་ཏུ་ལེན་ལགས་སོ། །དེ་ལྟར་ལན་གསུམ་བརྗོད་པས་བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ་བ་ཡིན་ནོ། །དེ་ནས་སློབ་དཔོན་གྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཁྱེན་པར་གསོལ་བ་ནི། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ལན་གསུམ་གྱི་བར་དུ་ཡང་དག་པར་མ་ནོས་ལགས་ཏེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག་མིང་འདི་ཞེས་བགྱི་བ་དཔང་པོར་གྱུར་པས། འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐས་གཏུགས་པའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ཅེས་ལན་གསུམ་མོ། །འདི་སློབ་དཔོན་ལངས་ཏེ་ཕྱོགས་བཅུར་མེ་ཏོག་གཏོར་ནས་ཐལ་མོ་སྦྱར་ཏེ་འདོན་པར་སྣང་ངོ༌། །དེ་ནས་སློབ་མས་དཀོན་མཆོག་དང༌། སློབ་དཔོན་ལ་ཕྱག་གསུམ་བྱས་ཏེ་ཡང་འདུག་པ་ལ་འདི་སྐད་ཅེས་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བུ་དང་སྤུན་ཟླའི་དགོངས་པ་མཛད་དེ། རྟག་ཏུ་སྲུང་ཞིང་སྐྱོང་བར་འགྱུར་རོ། །ཁྱོད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་

༢༦༩

ཐམས་ཅད་འཕེལ་བར་འགྱུར་རོ། །ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་འདི། དད་པ་མེད་པའི་མི་རྣམས་ལ་མི་སྨྲ་ཞིང་གསང་བ་གལ་ཆེ། དེང་ཕྱིན་ཆད་ཕས་ཕམ་པ་བཞིའམ་བརྒྱད། ཉེས་བྱས་བཞི་བཅུ་ཞེ་དྲུག་ལ་སོགས་པ་རྟག་ཏུ་སྤང་བར་བྱ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྲུང་བའི་ཐབས་དང༌། ལྟུང་བ་ཡང་ལྕིའི་ཁྱད་པར་དང༌། དེ་དག་ཕྱིར་བཅོས་པ་ལ་ཡང་མཁས་པར་བྱའོ། །ཅེས་བརྗོད། རྒྱས་པ་ལ་སྤྲོ་ན་བསླབ་བྱ་རགས་རིམ་ཙམ་སྐབས་འདིར་བརྗོད་ནའང་ལེགས་སོ། །སྤྱིར་བྱང་སྡོམ་ལེན་པའི་ལུགས་འདི་ལ། བསླབ་བྱ་རྣམས་སྔོན་དུ་ངེས་པར་བྱས་ནས་སྡོམ་པ་ཕྱིས་ལེན་པ་ཡིན་པས་སྐབས་འདིར་མ་བརྗོད་ཀྱང་ཆོ་གའི་ཡན་ལག་ཉམས་པའི་སྐྱོན་དུ་མི་འགྱུར་རོ། །དེ་རྗེས་ཡོན་ཕུལ། དགེ་བ་བྱང་ཆུབ་ཏུ་བསྔོའོ། །དེས་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་ལེགས་པར་སོང༌། བསྟན་པ་ལ་འཇུག་པའི་རིམ་པའམ། སྐྱེས་བུ་གསུམ་གྱི་ཁྲིད་བསྐྱངས་པའི་གྲུབ་འབྲས་སེམས་བསྐྱེད་ལག་ལེན་དང་བཅས་པ་ཚར་བ་ལགས། ཆོས་འདོད་པ་གང་ཞིག་མདོ་ལུགས་ཁོ་ན་ལ་མོས་ན། མདོའི་ཉམས་ལེན་ཐམས་ཅད་འདིར་འདུས་ཤིང༌། དེང་སང་གི་མདོ་ལུགས་པ་གཞན་ལ་མེད་པའི་བྱིན་རླབས་ཀྱི་བཀའ་བབས་དང་ལྡན་པ་ཡིན་པས། ཆོས་འདི་ཉིད་ཉམས་ལེན་གྱི་གཙོ་བོར་བྱེད་དགོས་ལ། སྔགས་ལ་མོས་པ་རྣམས་ཀྱང་འདི་ལ་མ་ཞུགས་ན། གསང་སྔགས་ལོག་པར་འགྲོ་ཉེན་ཡོད་པས། རྒྱལ་བ་སྲས་བཅས་ཀུན་གྱི་བཞེད་གཞུང་འདི་ལ་ལེགས་པར་འདོད་པ་ཐམས་ཅད་ཀྱིས་བསླབ་པར་བྱའོ། །ཐུགས་རྗེའི་དབང་ཕྱུག་རྒྱལ་བ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྒྱས་སྲས་མི་ཕམ་མགོན། །ཆོས་ཀུན་བདག་པོ་འཕགས་པ་ཐོགས་མེད་ཞབས། །ཀུན་མཁྱེན་གཉིས་པ་རྒྱས་སྲས་དབྱིག་གཉེན་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་གསོལ་བ་འདེབས། །མཆོག་

༢༧༠

སྡེ་ལ་སོགས་གསེར་གླིང་རྒྱལ་པོའི་བར། །རྒྱ་ཆེན་སྤྱོད་བརྒྱུད་བླ་མ་མཆོག་རྣམས་དང༌། །རྒྱས་སྲས་འཇམ་དཔལ་འཕགས་པ་ཀླུ་སྒྲུབ་སོགས། །ཟབ་མོ་ལྟ་བའི་བརྒྱུད་པ་མཆོག་རྣམས་དང༌། །གསང་བདག་རྣལ་འབྱོར་མ་དཔལ་ཏིལླི་སོགས། ཉམས་ལེན་བྱིན་རླབས་བརྒྱུད་པ་མཆོག་རྣམས་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡིད་བཞིན་ནོར་འདྲའི་ཐུགས་མངའ་ཨ་ཏི་ཤ །རྒྱལ་བའི་འབྱུང་གནས་འབྲོམ་སྟོན་རིན་པོ་ཆེ། །མཁྱེན་པའི་དཀྱིལ་འཁོར་རབ་རྒྱས་པོ་ཏོ་བ། གཞུང་ལུགས་རྒྱ་མཚོའི་མཐར་སོན་ཤ་ར་བ། །ཆོས་བཞིན་སྤྱོད་མཛད་གཏུམ་སྟོན་པོ་བློ་གྲོས་གྲགས། །བཀའ་གདམས་བསྟན་པའི་སྲོག་ཤིང་རྔོ་སྟོན་པ།⁽1763⁾ཤེས་རབས་གྲགས། མཆན། །ཡེ་ཤེས་གཟི་འོད་འབར་བའི་དཔལ་ལྡན་གྲོ།⁽1763⁾བདུད་རྩི་གྲགས། །བསླབ་གསུམ་རྣམ་དག་སྐྱོ་སྟོན་སེང་གེ་སྐྱབས། །ཆེ་དགུའི་གཙུག་རྒྱན་འཆིམས་ཆེན་ནམ་མཁའ་གྲགས། །ནུས་མཐུའི་མངའ་བདག་སྨོན་ལམ་ཚུལ་ཁྲིམས་ཞབས། །འགྲོ་དོན་དཔག་མེད་ཟེའུ་གྲགས་⁽1763⁾བརྩོན་འགྲུས་གྲགས་པའི་མཚན། །ཆོས་མངོན་རྒྱ་མཚོའི་མཐར་སོན་བློ་བཟང་འཆིམས། །རྣམ་དག་ཐུགས་མངའ་གྲོ་སྟོན་ཀུན་རྒྱལ་བ། །གྲུབ་པ་ཤེས་རབ་སྤང་སྟོན་ཆོས་ཀྱི་རྗེ། །བློ་མཆོག་དམ་པ་བསོད་ནམས་མཆོག་གྲུབ་དང༌། །ཟབ་དོན་སྲོལ་འཛིན་དཔལ་ལྡན་དོན་གྲུབ་ཞབས། །ཐུགས་ཀྱི་སྲས་གྱུར་གནས་བརྟན་བསོད་ནམས་གྲགས། བྱང་ཆུབ་ཐུགས་ལྡན་ཀུན་དགའ་མཆོག་གྲུབ་ཞབས། འཇམ་མགོན་གྲུབ་པའི་དཔའ་བོ་གྲོལ་མཆོག་རྗེ། །སྐྱེ་མེད་དོན་གཟིགས་ལུང་རིག་རྒྱ་མཚོའི་ཞབས། དེ་ལྟར་རྩ་བརྒྱད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཡང་ན་རྒྱལ་བའི་འབྱུང་གནས་ཀྱི་རྗེས་སུ། །ཚུལ་ཁྲིམས་ཡེ་ཤེས་འབར་བའི་སྤྱན་མངའ་བ། །བླ་མ་དམ་པས་བྱིན་རླབས་བྱ་ཡུལ་བ། །གནས་ལུགས་

༢༧༡

མངོན་གྱུར་གཙང་པ་རིན་པོ་ཆེ། །གདམས་ངག་རྒྱ་མཚོའི་མཐར་སོན་མུས་སྨན་པ། །དེ་རྗེས་དཔལ་ལྔ་གྲོ་ནས་མཁན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་བར་གོང་བཞིན། དེ་ནས། ཡོན་ཏན་མཆོག་གྱུར་མཁན་ཆེན་ཀུན་རྒྱལ་བ། །མཁྱེན་རབ་རྣམ་དག་ཡེ་ཤེས་རིན་ཆེན་དང༌། །བརྩོན་པས་རྩེ་གཅིག་སྒྲུབ་མཛད་ལྷ་ཆུང་བ། །བྱམས་པའི་མཚན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གཞན་ཡང་སྣེ་ཟུར་བ་ནས་བརྒྱུད་པ་སོགས་བརྒྱུད་པ་མི་འདྲ་བ་མང་དུ་བཞུགས་པས་ཇི་ལྟར་སྦྱར་ཀྱང་ཆོག་ལ་གཞུང་གདམས་ངག་གཉིས་ཀྱི་བརྒྱུད་པའི་རྐང་གོང་དུ་བཤད་པ་ཉིད་གཙོ་བོར་བྱའོ། །དེ་ནས་འདི་སྐད་ཅེས་བྱ་སྟེ། །དད་པ་རྣམ་དག་སྐྱེས་བུ་ཆུང་ངུའི་ལམ། །ངེས་འབྱུང་རྣམ་དག་སྐྱེས་བུ་འབྲིང་གི་ལམ། །ལྷག་བསམ་རྣམ་དག་སྐྱེས་བུ་ཆེན་པོའི་ལམ། །རྣམ་དག་ལམ་གསུམ་ཐོབ་པར་བྱིན་གྱིས་རློབས། །མི་རྟག་འཆི་བ་རྒྱུད་ལ་མ་སྐྱེས་ན། །ཇི་ལྟར་འབད་ཀྱང་ཚེ་འདིའི་ཁ་འཛིན་ཅན། །རང་བློ་ཆོས་སུ་འགྲོ་སྐབས་མི་འདུག་པས། །ཆོས་བརྒྱད་འཆིང་བ་གྲོལ་བར་བྱིན་གྱིས་རློབས། །ལས་འབྲས་བསླུ་མེད་ཡིད་ཆེས་མ་སྐྱེས་ན། །ཆོས་སྤྱོད་ཐམས་ཅད་བཟང་བརྫུའི་ངང་དུ་འཆོར། །སྒྲུབ་པ་ལྷུར་ལེན་སྐད་ཀྱང་གཞན་ངོར་ཐལ། །ཆོས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་རྒྱུད་ལ་མ་སྐྱེས་ན། །སྒྲུབ་ལ་བརྩོན་ཡང་ཐེག་པ་དམན་པར་གོལ། །འགྲོ་བ་ཀུན་གྱི་སྡུག་བསྔལ་ཁུར་ཁྱེར་ནས། བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །སྤྲོས་ཀུན་རང་གྲོལ་སྟོང་ཉིད་མ་རྟོགས་ན། །ཆོས་ཀུན་སྒྱུ་མ་ལྟ་བུར་མི་ཤེས་ཤིང༌། །མཚན་འཛིན་དབང་སོང་རང་སེམས་མི་གྲོལ་བས། །གནས་ལུགས་མཐར་ཐུག་རྟོགས་པར་བྱིན་གྱིས་རློབས། །ཅེས་གསོལ་བ་གདབ་པར་བྱའོ། །བདག་གིས་ཆོས་སྐོར་འདིར་གཏོགས་པ་ལ། ལམ་

༢༧༢

སྒྲོན་རྩ་འགྲེལ། བདེན་གཉིས་རྩ་འགྲེལ། དབུ་མའི་མན་ངག་རྩ་འགྲེལ་གྱི་བཤད་པ། མུས་སྨན་པའི་ཁྲིད་ཡིག། ལུམ་པ་བའི་ལམ་རིམ། པོ་ཏོ་བའི་དཔེ་ཆོས་རྩ་འགྲེལ་རྣམས་མཁས་མཆོག་བྱམས་པ་ལྷུན་གྲུབ་ལས་ཐོས། པོ་ཏོ་བའི་བེའུ་བུ་རྩ་འགྲེལ་དང༌། སྣར་ཐང་པའི་ལམ་མཆོག་རྩ་འགྲེལ། འཆིམས་ཀྱི་གསུང་རྒྱུན་ཁྲིད་ཡིག་གི་ལུང་རྣམས་དང༌། བསྟན་རིམ་གྱི་ཁྲིད་ཚུལ་རྒྱས་པ་གསུང་ངག་ནས་ཉམས་ཁྲིད་ཀྱི་ཚུལ་དུ་མཁན་ཆེན་ལུང་རིག་རྒྱ་མཚོ་ལས་ཐོས་སོ། ཐོར་བུ་དམ་པ་གཞན་འགའ་ཞིག་ལས་ཀྱང་ཐོས་མོད་ཀྱི། ཆོས་སྐོར་འདི་ལ་བརྒྱུད་པའི་གཙོ་བོ་གོང་དུ་སྨོས་པ་ཉིད་ཡིན་ནོ། །རྒྱལ་བ་སྲས་བཅས་ཀུན་གྱི་དགོངས་པ་འདི། །མདོ་ཙམ་མ་བྲིས་ལས་བསོད་ནམས་གང་ཡོད་དེས། །མ་ལུས་ལུས་པ་མེད་པའི་སེམས་ཅན་རྣམས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །བསྟན་པ་ལ་འཇུག་པའི་རིམ་པ། སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ། །འདི་ནི་སྒོམ་ཚུལ་དམིགས་པའི་ཁྲིད་ཡིག་ཡིན་ལ་གོ་དོན་བློ་ལ་འགོད་པའི་བཤད་པ་ནི། དམ་པ་སྔ་མ་རྣམས་ཀྱི་མཛད་པ་ལས་བཙལ་བར་བྱའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །བརྒྱུད་འདེབས་ཁ་སྐོང་ནི། ལུང་རིག་རྒྱ་མཚོའི་རྗེས་སུ། མདོ་རྒྱུད་བསྟན་པའི་མངའ་བདག་སྒྲོལ་བའི་མགོན། །རྒྱལ་ཚབ་དབང་ཐོབ་རིན་ཆེན་རྒྱ་མཚོའི་སྡེ། །འགྲོ་བའི་མགོན་པོ་བློ་གྲོས་རྣམ་པར་རྒྱལ། །བསླབ་གསུམ་རྣམ་དག་ངག་དབང་ཕྲིན་ལས་ཞབས། །ངེས་ལེགས་ལམ་གྱི་ས་མཁན་ཀུན་བཟང་དབང༌། །མཆོག་གི་རིག་འཛིན་ཚེ་དབང་ནོར་བུའི་དཔལ། །སྤྱན་རས་གཟིགས་དབང་ཀུན་མཁྱེན་འབྲུག་པ་རྗེ། །འགྲོ་ཀུན་དགའ་མཛད་དགེ་ལེགས་དཔལ་འབར་བ། །ཀུན་ལ་ཕན་བདེའི་དགའ་

༢༧༣

སྟེར་ལྷུན་གྲུབ་མཚན། །ལམ་རིམ་མཐར་ཕྱིན་བཀའ་བརྒྱུད་བསྟན་འཛིན་ཞབས། །འབྲེལ་ཚད་དོན་ལྡན་ཀརྨ་ལྷག་མཐོང་རྗེ། །བྱང་སེམས་མངའ་བདག་གཞན་ཕན་འོད་ཟེར་མཆོག །ཐར་པའི་ལམ་སྟོན་བཤེས་གཉེན་དམ་པ་སྟེ། །དེ་ལྔར་སོགས་སྦྲེལ་ལོ། །འདིའང་གུ་ཎ་ས་སོ།། །།

༄༅། དཔལ་ཀྱཻ་རྡོ་རྗེའི་དབང་གི་ཆུ་བོ་ཆེན་མོ་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བ་བཞུགས་སོ༎ ༎

༡༧༧དཔལ་ཀྱཻ་རྡོ་རྗེའི་དབང་གི་ཆུ་བོ་ཆེན་མོ་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བ་བཞུགས་སོ།། །།
༡༧༨ན་མཿཤྲཱི་ཙཀྲ་ནཱ་ཐ་རཏྣ་ཝརྡྷཱ་ཡ། །དཔལ་ལྡན་དགེས་པ་རྡོ་རྗེ་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །དབང་གི་ཆུ་བོ་མཛེས་པའི་རྒྱན། །བློ་དམན་དོན་དུ་བཤད་ཀྱིས་ཉོན། །རྗེས་བཟུང་བསྙེན་པས་ཆོ་ག་དང་། །སྟ་གོན་བྲི་རྒྱན་སྒྲུབ་ཅིང་མཆོད། །འཇུག་ཅིང་དབང་བླང་མཇུག་ཆོག་ལྟེ། །སྤྱི་སྡོམ་བརྒྱད་ལས་དང་པོ་གསུམ། །གཞན་དུ་ཤེས་བྱ་སྟ་གོན་ལ། །སྦྱོར་དངོས་རྗེས་ཀྱི་དང་པོ་ནི། །གང་དུ་དཀྱིལ་འཁོར་བྱ་བའི་སར། །ཐིག་ཆེན་བརྒྱད་དམ་དཀྱིལ་འཁོར་གྱི། །སྐྱ་ཐིག་རྫོགས་པར་བཏབ་པའི་དབུས། །དྲི་ཡི་ཐིག་ལེ་གྲུ་བཞི་དང་། །ཕྱོགས་མཚམས་རྣམས་སུ་ཟླུམ་པོའ་སྟེང་། །མེ་ཏོག་ཚོམ་བུ་རེ་རེ་དགོད། །དེ་ཡི་དབུས་སུ་མཉྫི་ལ། །སོགས་པའི་སྟེང་དུ་ས་ལྷ་ཡི། །མཎྜལ་ཚོམ་བུ་ལེགས་པར་བཤམ། །རས་བྲིས་ལྟར་ན་ལྷ་དགུ་ཡི། །ཚོམ་བུའང་མཎྜལ་ལ་བཀོད་དེ། །ས་ལྷ་འོག་དང་ལྷ་དགུ་ཡི། །མཎྜལ་སྟེང་དུ་བཤམས་ན་མཛེས། །དེ་ཡི་ཕྱི་རོལ་བྱང་ཤར་གྱི། །མཚམས་སུ་མཚམས་འཛིན་མེ་ཏོག་དང་། །ཤར་དུ་ཞབས་བསིལ་ཞལ་བསིལ་གཉིས། །ཤར་ལྷོར་འཐོར་འཐུང་ལྷོར་མཆོད་ཡོན། །ལྷོ་ནུབ་མཚམས་སུ་མེ་ཏོག་དང་། །ནུབ་ཏུ་བདུག་སྤོས་མར་མེ་གཉིས། །ནུབ་བྱང་དྲི་ཆབ་བྱང་ཞལ་ཟས། །དེ་རྣམས་གྲུ་བཞིར་བཤམས་ནང་དུ། །ཤར་ནུབ་གཉིས་སུ་ལྷག་རེ་དང་། །བཅས་པའི་ཕྱོགས་
༡༧༩བཞི་མཚམས་བཞི་རུ། །བདུག་སྤོས་མར་མེ་ཞལ་ཟས་རེ། །གཡས་སྐོར་དག་ཏུ་གྲུ་བཞིར་བཤམས། །ས་ལྷའི་མཎྜལ་ཉེ་ལོགས་སུ། །གཏོར་མ་གཅིག་བཤམས་འབྱོར་བྱུང་ན། །སྒོས་མཆོད་ཀྱང་བཤམས་དཀྱིལ་འཁོར་གྱི། །བྱང་ཤར་ནས་བརྩམས་ཤར་ལྷོའི་བར། །འདས་པའི་ལྷ་དང་འཇིག་རྟེན་པའི། །གཏོར་མ་གཉིས་སམ་ལྔ་ལ་སོགས། །གང་དགོས་བཤམ་ཞིང་ལོགས་ཤིག་ཏུ། །སྔོན་དུ་འགྲོ་བའི་གཏོར་མ་དང་། །གྲུབ་ན་ལས་ཀུན་པའི་མཆོད་པ། །མེ་ཏོག་ལ་སོགས་རྣམ་ལྔ་ཡང་། །བཤམས་ན་ལེགས་པར་བདག་གིས་མཐོང་། །སློབ་དཔོན་མདུན་དུ་རྡོར་དྲིལ་དང་། །ནང་མཆོད་གོས་ཟུང་ལ་སོགས་བཤམ། །མཚན་ལྡན་བུམ་པ་གཉིས་སམ་བཅུ། །ལེགས་བཀྲུས་ཁ་ཚར་མ་ཉམས་པའི། །རས་བཟང་མགུལ་ཆིང་པྲོག་ལྔ་པའམ། །བདུན་བ་ལེགས་བཅིངས་ལྷ་སོ་སོའ། །གཡས་ཀྱི་ཕྱག་མཚན་བྲིས་ལ་གདགས། །གཉིས་ལས་མེད་ན་རྣམ་རྒྱལ་ལ། །པདྨར་གནས་པའི་ཐོད་པ་ནི། །སྣ་ཚོགས་རྡོ་རྗེས་མཚན་པ་དང་། །གྲི་གུགས་ལེགས་གདགས་ལས་བུམ་ལ། །སྣ་ཚོགས་རྡོ་རྗེ་བྲིས་ཏེ་གདགས། །འཁྱིལ་པ་བཟླ་ཞིང་གུ་གུལ་གྱིས། །ལེགས་བདུག་ཡུངས་ཀར་དག་གིས་བྲབ། །གཙང་མའི་ཆུ་ཡིས་སུམ་གཉིས་དགང་། །ནས་གྲོ་སྲན་འབྲས་ཏིལ་འབྲུ་
༡༨༠ལྔ། །གསེར་དངུལ་བྱི་རུ་མུ་ཏིག་དང་། །མུ་མན་ཞེས་བྱ་རིན་ཆེན་ལྔ། །སླེ་ཏྲེས་ཀཎྜ་ཤུ་དག་དམར། །རྒྱ་མཚོ་ལྦུ་པ་དབང་ལག་སྨན། །ལན་ཚྭ་བུ་རམ་རོ་མ་དང་། །མར་དང་སྦྲང་རྩི་སྙིང་པོ་ལྔ། །ཙནྡན་དཀར་དམར་གུར་གུམ་དང་། །ག་བུར་ཛཱ་ཏི་དྲི་བཟང་ལྔ། །ཤ་ལྔ་བདུད་རྩི་རྣམ་ལྔ་སྟེ། །སུམ་ཅུ་རྩ་ལྔ་ཅི་འབྱོར་གཞུག །ཀུ་ཤས་ཁ་བརྒྱན་བུམ་གདན་སྟེང་། །ལྷ་ཡི་བཀོད་པ་ཇི་བཞིན་བཤམ། །ལས་བུམ་པུཀྐ་སཱིའི་གཡས་བཞག །གཉིས་ལས་མེད་ན་རྣམ་རྒྱལ་གཡས། །ལས་བུམ་གཡོན་བཞག་བཟློག་པའང་ཡོད། །རྣམ་རྒྱལ་སྟེང་དུ་དུང་ཆོས་སོགས། །དྲི་བཟང་ཆུ་ཡིས་བཀང་བ་དང་། །གཟུངས་ཐག་བཏགས་པའི་རྡོ་རྗེ་བཞག །སློབ་མ་སྟ་གོན་བྱ་དགོས་ན། །ཉེར་སྤྱོད་སོ་ཤིང་ཁྱོར་ཆུ་དང་། །དཔུང་སྐུད་ཀུ་ཤ་སོགས་བཤམ་མོ། །ཞེས་ཏེ་ཇི་སྐད་བཤད་པ་དེ་དག་ནི་དབང་གི་ཆུ་བོ་ཆེན་མོའ་དགོངས་པ་ཐོ་ཙམ་ཞིག་བཀོད་པ་སྟེ། ཞིབ་ཏུ་བརྒྱུད་པའི་ཕྱག་ལེན་མཐོང་བ་ལས་ཤེས་པར་བྱའོ། །དངོས་གཞི་བདག་བསྐྱེད་བཟླས་མཆོད་རྗེས། །དཀྱིལ་འཁོར་བསྡུས་ནས་ས་ལྷ་དང་། །ལྷ་དང་བུམ་པ་སློབ་མ་རྣམས། །ལྷག་པར་གནས་པ་རིམ་བཞིན་བྱ། །ཞེས་ཏེ་དེ་ཡང་རང་ལྷའི་ང་རྒྱལ་དང་ལྡན་པས། སྔོན་འགྲོ་གཏོར་མ་རྡོ་རྗེའི་རྩེས་ནང་མཆོད་གཏོར་ལ། ཨ་མྲྀ་ཏ་ས་བསང་། སྭ་བྷཱ་ཝས་སྦྱངས་ཏེ། འོག་ཏུ་བསང་སྦྱངས་ཞེས་འབྱུང་བ་རྣམས་སུའང་འདི་དྲན་པར་བྱའོ། །དེ་ནས་གཏོར་མ་ལ་ལག་པ་གཡོན་པ་བསྟན་ཏེ་ༀ། གཡས་པ་བསྟན་ཏེ་ཨཱཿ གཉིས་ཀ་བསྟན་ཏེ་ཧཱུྃ། ལག་པ་གཉིས་ནི་བཀན་བྱས་ལ། །སྲིན་ལག་གཉིས་ནི་ཕན་ཚུན་དཀྲི། །གུང་མོ་དང་ནི་མཐེབ་རྩེ་སྦྱར། །ཁྲོ་བོ་གཉིས་ཀྱིས་མནན་པར་བྱ། །ཞེས་པ་ལྟར་བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏོ་ཧོཿ ཞེས་དང་། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བཀུག་ལ། ༀ་མ་ཧཱ་བྷུ་ཏ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་པས་གཏོར་མགྲོན་སྤྱན་དྲངས། པད་སྐོར་དང་བཅས་པའི་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ༀ་ཨིནྡྲ་ཛ་མ་ཞེས་སོགས་ལན་གསུམ་གྱིས་ཕུལ། ༀ་བཛྲ་པཱུཥྤེ་ཨཱཿཧཱུྃ༔ ཞེས་སོགས་ཀྱིས་མཆོད། ༀ་མ་ཧཱ་བྷཱུ་ཏ་ས་པ་རི་ཝཱ་ར་ༀ་ཨཱཿཧཱུྃ། འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་
༡༨༡བཞིའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་དང་། གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་ཕུལ། །རྡོ་རྗེ་ནུ་མ་གཡས་སྟེང་བཟུང་། །དྲིལ་བུ་སྙིང་གའི་ཐད་དུ་དཀྲོལ། །ལག་པ་ནུ་མའི་སྟེང་དུ་བསྒྱིངས། །སྒྲ་ནི་སྐུ་གསུང་ཐུགས་སུ་སྒྲོགས། །ཞེས་པ་ལྟར་དྲིལ་བུ་སུམ་བརྡུང་བྱས་ལ། དཀར་མོ་རི་དྭགས་སོགས་ཀྱིས་མཆོད། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད། རྡོ་རྗེ་སྙིང་ག་དང་དྲིལ་བུ་ཆིག་བརྡུང་བྱས་ལ། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། ཞེས་སོགས་ཀྱི་རྗེས་སུ། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྙིང་པོ་ཀྱཻ་རྡོ་རྗེའི་གོ་འཕང་ཐོབ་པར་བྱ་བའི་ཆེད། སའི་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བར་འཚལ་ན་ཞེས་པ་ཙམ་མམ། སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན། ཞེས་སྐབས་དང་སྦྱར་ལ། སྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོའ་བྱ་བ་མཐར་མ་ཕྱིན་གྱི་བར་དུ། བར་དུ་གཅོད་པ་ཐམས་ཅད་བསྲུང་བ་དང་། དེ་ནས་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་བར་ཆད་ཐམས་ཅད་སྲུང་བ་དང་སྡོང་གྲོགས་མཛོད་ཅིག །མུཿ ཞེས་བརྗོད་དེ་ལག་པ་གཡས་ས་ལ་རེག་པས་གཏོར་མགྲོན་རྣམས་སྒྲུབ་ཁང་གི་ཕྱི་རོལ་གྱི་ཕྱོགས་མཚམས་རྣམས་སུ་གཤེགས་པ་རེ་བསམ། གང་དག་ནག་པོའ་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོ་གདུག་པ་ཅན་གསང་སྤྱོད་བལྟ་བར་མི་དབང་བ་དེ་དག་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །ཅེས་དང་། ཨཱཥྚཱ་བཟླ་ཞིང་རྡོ་རྗེ་གསོར་ཞིང་དྲིལ་བུ་དྲག་ཏུ་དཀྲོལ་ལོ། །གཏོར་མགྲོན་གྱི་ཕྱི་འབྲང་གི་བགེགས་རྣམས་རིང་དུ་བསྐྲད་པར་བསམས་ཏེ། གཏོར་མ་གཙང་སར་བསྐྱལ་ལོ། །དེ་ནས་གནས་དང་མཆོད་པའི་ཡོ་བྱས་རྣམས་བསང་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའ་
༡༨༢གཞལ་ཁང་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིས་མཛེས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མཆོད་རྫས་རྣམས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི། ཞབས་བསིལ། ཞལ་བསིལ། འཐོར་འཐུང་། མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ་ངོ་བོ་བཟང་ཞིང་གཙང་བ་ཡུལ་ནམ་མཁའི་མཐའ་ཁྱབ་པ་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་གྱུར། ཞེས་དང་སོ་སོའ་ཕྱག་རྒྱ་བྱས་ཏེ། ༀ་ནཱི་རཱི་ཧཱུྃ་ཁཾ་སྭཱ་ཧཱ། ༀ་བཛྲ་ནི་ཝི་ཏི་ཧཱུྃ་ཁཾ་སྭཱ་ཧཱ། ༀ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ༀ་ཛཿཧཱུྃ་བཾ་ཧོ་ཁཾ་རཾ་མ་ཧཱ་ཨཱརྒྷཾ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ་ཐོག་མཐའ་གཉིས་འོག་མ་རྣམས་ལའང་སྦྱར་ཏེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝི་དྱེ། ཤབྡའི་བར་དང་། མཐར་རྡོ་རྗེ་སྙིང་གར་གཟུང་དྲིལ་བུ་རྒྱུན་དཀྲོལ་དང་རོལ་མོ་ཇི་སྙེད་པ་འབུད་དཀྲོལ་བྱ་སྟེ། ༀ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵ་ཏེ། པྲ་ཙ་ལི་ཏེ། པ་ར་མི་ཏ། ནཱ་ད་སྭཱ་བྷཱ་ཝེ། བཛྲ་དྷརྨ་ཧྲི་ད་ཡ། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། །ཞེས་ལན་གསུམ་བརྗོད་དེ་གནས་དང་མཆོད་པའི་ཡོ་བྱད་རྣམས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་བརླབས་པར་བསམ་མོ། མཆོད་པ་རྣམས་ཀྱི་ཕྱག་རྒྱ་ནི། །ཁུ་ཚུར་ཁ་སྦྱར་གུང་མོ་གཉིས། །བརྐྱངས་ཏེ་རྩེ་སྦྱར་ཆུ་བཞིའི་རྒྱ། །ཁུ་ཚུར་གྱེན་འཐོར་མེ་ཏོག་གི །ཐུར་དུ་བླུགས་པ་བདུག་པའི་འོ། །མཐེ་བོང་གྱེན་བསྒྲེང་མར་མེའི་སྟེ། །ཐལ་མོ་ཕྱིར་བསྟན་དྲི་མཆོག་གི །དེ་ཉིད་གྱེན་བཀན་ཞལ་ཟས་སོ། །སེ་གོལ་གཏོག་པ་རོལ་མོའ་སྒྲ། །ཞེས་པ་ལྟར་རོ། །དེ་ནས་ཚོགས་པ་ཆེ་ཞིང་སློབ་དཔོན་དུ་འོས་པ་ཡོད་པ་དང་ཞུ་འབུལ་བྱེད་པར་སྤྲོ་ན།
༡༨༣ལས་ཀྱི་སློབ་མས་ཐུན་མོང་དུ་ཕྱག་གསུམ་བྱས་ལ། མཎྜལ་ཚོམ་བུ་བདུན་མ་ཕུལ་ཏེ། མ་ཚང་བ་མེད་པ་འདི་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་དང་རིག་པ་འཛིན་པའི་དགེ་འདུན་རྣམས་ལ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཟབ་མོ་ལ་གནས་པར་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། ཞེས་སོགས་བརྗོད། ཕྱག་གསུམ་བྱས་ལ་སློབ་དཔོན་གྱི་མདུན་དུ་མེ་ཏོག་གིས་བཀང་བའི་སྣོད་སྤོས་རེང་དང་བཅས་པ་དང་། གཞན་རྣམས་ལ་སོ་སོར་མེ་ཏོག་རེ་ཕུལ། ཕྱག་གསུམ་བྱས་ལ་འགྲེང་སྟེ་འདུད་པ་དང་བཅས་པའམ། པུས་མོ་ས་ལ་བཙུགས་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཕུང་གིས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་པ་དང་། །ཡོན་བདག་བགེགས་ཞི་ཚོགས་གཉིས་རྫོགས་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་དག་ལ་གནས་པར་མཛོད། ཅེས་ལན་གསུམ་བརྗོད་ཅིང་རེ་རེའི་མཐར་མེ་ཏོག་རེ་གཏོར། ཕྱག་གསུམ་བྱས་ལ་སློབ་དཔོན་མེ་ཏོག་གི་གཞན་རྣམས་ལས་མེ་ཏོག་རེ་བསྡུ། ཕྱག་གསུམ་བྱས་ལ་ཐམས་ཅད་ཀྱིས་ཐུན་མོང་དུ་མཎྜལ་འབུལ་བཞུ། ཞེས་བསྐུལ་ཏེ་ཚོགས་པ་ཐམས་ཅད་ཀྱི་བླ་མ་ལ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས་མཎྜལ་ཚོམ་བུ་དང་བཅས་པ་སློབ་དཔོན་གྱི་དྲུང་དུ་གཞུག །སློབ་དཔོན་གྱིས་ཀྱང་མེ་ཏོག་ཚོམ་བུ་དེ་ཉིད་ཀྱི་སྟེང་དུ་སླར་ཡང་མེ་ཏོག་བསྣན་ལ་མཎྜལ་ཕུལ་ཏེ། མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཞེས་སོགས་བརྗོད། ལས་ཀྱི་སློབ་མས་མཎྜལ་རྟེན་གྱི་དྲུང་སོགས་གང་རིགས་སུ་བཞག་སྟེ། ཕྱག་གསུམ་བྱས་ལ་རང་ཉིད་གྲལ་ལ་འདུག་གོ །དེ་དག་གི་སྡོམ་ནི། ཕྱག་གསུམ་བཙལ་ལ་མཎྜལ་དབུལ། །ཕྱག་གསུམ་བཙལ་ལ་མེ་ཏོག་དགྲམ། །ཕྱག་གསུམ་བཙལ་ལ་ཞུ་འབུལ་བྱ། །ཕྱག་གསུམ་བཙལ་ལ་མེ་ཏོག་བསྡུ། །ཕྱག་གསུམ་བཙལ་ལ་མཎྜལ་བསྐུལ། །ཕྱག་གསུམ་བཙལ་ལ་
༡༨༤གྲལ་ལ་འདུག །ཅེས་པ་ལྟར་རོ། དེ་ནས་སྐྱབས་འགྲོ་ནས་བརྩམས་ཏེ་རྫོགས་རིམ་གྱི་རྗེས་སུ་དག་པ་དྲན་པ་དང་བཟླས་པ་བྱ་བའི་བར་བདག་བསྐྱེད་ཡན་ལག་དྲུག་པ་བཞིན་རྫོགས་པར་བསྒོམ་ལ་བཟླས་པའི་རྗེས་སུ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་ཏུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྙིང་པོ་ཀྱེ་རྡོ་རྗེའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་མཐར་ཡིད་ཀྱིས་སྤྲུལ་པའི་མཆོད་པ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཞེས་སོགས་གོང་བཞིན་ལས། རོལ་མོ་རྣམས་དངས་ཤིང་ཐོག་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར་ཞེས་དང་། སོ་སོའ་ཕྱག་རྒྱ་བཅས་ཏེ། ༀ་ནཱི་རཱི་ཞེས་སོགས་ནས་ཤཔྡའི་བར་གོང་ལྟར་བརྗོད། འདི་མན་གྱི་མཆོད་པ་བྱིན་བརླབས་ཐམས་ཅད་འདི་བཞིན་གོ་བར་བྱའོ། །དེ་ནས་པད་སྐོར་སྔོན་དུ་འགྲོ་བས་སོ་སོའ་ཕྱག་རྒྱ་དང་བཅས་ཏེ། ༀ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཞེས་པ་རེ་རེའི་མགོར་སྦྱར་བའི་ༀ་ནཱི་རཱི་ཧཱུྃ་ཁཾ་སྭཱ་ཧཱ་ཞེས་སོགས་ནས་ཤཔྡའི་བར་འདོན་ལ་ཁ་བསྒྱུར་བའི་ཕྱི་མཆོད། ཧཱུྃ་ཨཾ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ༀ་ཨཱཿཧཱུྃ་ཀྱེ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ་ཞེས་པས་ནང་མཆོད། ཐལ་མོ་སྦྱར་ཏེ། དཀར་མོ་རི་དྭགས་སོགས་ཀྱིས་ཡིད་མཆོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་མཆོག་བརྙེས་པ། །སོགས་ཀྱིས་བསྟོད་པ་རྣམས་བྱས་ལ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་སྟེ་སྲུང་པའི་འཁོར་ལོ་ལ་ཐིམ་ཞེས་པ་ནས། ལྷ་མོ་བརྒྱད་ཞལ་བརྒྱད་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཞལ་ཕྱག་ལྷག་མ་རྣམས་རྩ་བའི་ཞལ་ཕྱག་ལ་ཐིམ། རང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར་ཞེས་བརྗོད་པས་དཀྱིལ་འཁོར་བསྡུའོ། །དེ་ནས་ས་ལྷའི་སྒོས་མཆོད་ཡོད་དམར་མེ་ལ་སོགས་པ་སྤར་ཏེ་མཆོག་དང་འབྲེལ་ན་སྔར་ནམ་མཁར་བཏེག་པའི་
༡༨༥སའི་ལྷ་མོ་མདུན་གྱི་མཎྜལ་གྱི་སྟེང་དུ་བྱོན་པར་བསམ་ནས། དེ་ལ་མཆོད་གཏོར་ཕུལ་བ་ཙམ་གྱིས་ཆོག་ལ། དེ་དང་མ་འབྲེལ་ན་ཚོམ་བུ་བསང་སྦྱངས། སྟོང་པའི་ངང་ལས་པཱཾ་ལས་པདྨ་དང་ཨཱཿལས་ཟླ་བའི་སྟེང་དུ་བཾ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞི་བའི་ཉམས་ཅན། རིན་པོ་ཆེའི་རྒྱན་གྱིས་བཀླུབས་པ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་འཛིན་པ། དེའི་མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་ནས་ཐུགས་ཀར་ཐུགས་རྡོ་རྗེ་མ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ས་འོག་ནས་སའི་ལྷ་མོ་ༀ་བཛྲ་ས་མཱ་ཛཿ ཞེས་དང་ཁུ་ཚུར་གཉིས་དཔུང་མགོར་བསྣོལ་ཏེ་སེ་གོལ་གྱི་སྒྲ་བྱས་ནས་འཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བཀུག་པ་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས། འོག་ནས་རྡོ་རྗེ་བསྡུ་བའི་སྔགས་རྒྱ་ཞེས་འབྱུང་བ་རྣམས་སུ་འདི་དྲན་པར་པར་བྱའོ། །ༀ་བཛྲ་གོ་རཱི་ཨཱ་ཀརྵ་ཡ་ཛཿ ཞེས་སོགས་བཞིས་དགུག་གཞུག་གཅིང་དབང་བྱ། དེ་དག་གི་ཕྱག་རྒྱ་ནི། ཁུ་ཚུར་གཡོན་གྱི་མཐེ་ཆུང་དང་། །གཡས་པའི་མཛུབ་སྦྲེལ་ལྕགས་ཀྱུ་སྟེ། །ཁུ་ཚུར་རྒྱབ་སྦྱར་ཞགས་མིག་ལྟར། །བྱས་པ་ཞགས་པའི་ཕྱག་རྒྱའོ། །མཐེ་ཆུང་མཛུབ་མོ་ཕན་ཚུན་དུ། །སོ་སོར་སྦྲེལ་ལ་བ་ལྕགས་སྒྲོག་ཡིན། །ཁུ་ཚུར་བཅངས་པའི་འཁྲིགས་མ་གཉིས། །བསྣོལ་བའི་རྒྱབ་སྦྱར་དྲིལ་བུའོ། །ཞེས་པ་སྟེ་འོག་ཏུ་གོ་རཱི་ལ་སོགས་པའི་སྔགས་རྒྱ་ཞེས་འབྱུང་བ་རྣམས་སུའང་འདི་རྣམས་དྲན་པར་བྱའོ། །སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲི་བྷ་ཝ་ཨཱབྷི་ཥིཉྩ་ཧཱུྃ། །ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམས་ལ། ༀ་པྲི་ཐི་ཝཱི་དེ་ཝི་ཞེས་པ་སོ་སོའ་མགོར་སྦྱར་བའི་ནཱི་རི་ཧཱུྃ་ཁཾ་སྭཱ་ཧཱ། ཞེས་སོགས་ནས་
༡༨༦ཤབྡའི་བར་དང་། གྷནྡྷེ་ར་ནཱི་རོལ་ཆེན་དང་མཆོད་པས་མཆོད། གཏོར་མ་ཆབ་ཀྱིས་བྲན་ལ། ༀ་ཨཱཿཧཱུྃ། ལན་གསུམ་གྱི་མཐར། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཞེས་བརྗོད། ལག་པ་གཡས་པ་མཆོག་སྦྱིན་བྱས་ལ། ༀ་པྲི་ཐི་ཝཱི་དེ་ཝཱི་ༀ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་ལན་གསུམ་སེ་གོལ་དང་བཅས་པས་ཕུལ། རྡོར་དྲིལ་འཛིན་པས་ཚིགས་བཅད་རེ་རེའི་མཚམས་སུ་རྡོ་རྗེ་གསོར་དྲིལ་བུ་བཅད་གཏུབས་སུ་དཀྲོལ་ལ། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་འབྲི། །ཞེས་ལན་གསུམ་བརྗོད། སྤྲོ་ན་རྡོ་རྗེ་སྙིང་གར་བཟུང་དྲིལ་བུ་ཆིག་བརྡུང་བྱས་ལ། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་ཞེས་སོགས་གོང་བཞིན་ལས་འཚལ་ན་ཞེས་པའི་མཐར་སའི་ཕྱོགས་འདི་བདག་ལ་གནང་ཞིང་ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ། ཞེས་བརྗོད་པས། རིག་པ་འཛིན་པ་ཁྱོད་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག །ཅེས་གནང་བ་ཐོས་པར་བསམ། ལག་པ་གཡས་ས་ལ་རེག་སྟེ། ༀ་བཛྲ་མུཿསའི་ལྷ་མོས་དེ་ཉིད་ལ་ཐིམ་ཞེས་བརྗོད་ལ། །ས་ལྷའི་ཚོམ་བུ་དང་མཆོད་གཏོར་དམན་པ་རྣམས་བསྡུའོ། །ལྷ་སྟ་གོན་ནི་ཚོམ་བུ་བཀོད་མ་ཚར་བ་དཀྱིལ་འཁོར་གྱི་གཞི་དྲི་བཟང་གིས་བྱུག་པ་དང་བསྟུན་ཏེ། ༀ་མེ་དི་ནི་བཛྲ་བྷ་ཝ་བྷནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་དང་། ༀ་རཀྟ་རཀྟ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས་ས་ཕྱོགས་དེར་སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་དང་བཅས་པ་སྐད་ཅིག་གིས་བསམ། དེར་མེ་ཏོག་གཅིག་བཞག་ལ་དེའི་ནང་དུ་གཞལ་ཡས་ཁང་གདན་དང་བཅས་པའང་སྐད་ཅིག་གིས་བསྐྱེད་ལ། སོ་སོའ་ཚོམ་བུ་བཀོད་པ་དང་བསྟུན་ནས་ལྷ་རྣམས་འོག་ནས་འབྱུང་བ་ལྟར་བསྐྱེད་པས་ཀྱང་རུང་ལ། ཕྱག་ལེན་ལ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་
༡༨༧པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཞེས་པ་ནས་མི་རི་རབ་ཏུ་འབར་བས་གང་བར་གྱུར། ༀ་རཀྵ་ཞེས་སོགས་ཀྱི་བར་སྒྲུབ་ཐབས་བཞིན། དེ་ལྟ་བུའི་སྲུང་བའི་འཁོར་ལོའ་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་གདེངས་ཁ་ཆེ་བ་གྱེན་དུ་བསྟན་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་པཾ་ལས་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར། དེའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་བྷྲཱུཾ་གྱིས་མཚན་པ། དེ་རྣམས་རང་གི་སེམས་ཀྱི་སྣང་བར་རོ་གཅིག་ཏུ་འདྲེས་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའ་གཞལ་ཡས་ཁང་། ཞེས་སོགས་སམ། ཡང་ན་དབང་ཆུ་ཆེན་མོ་ལས་སྲུང་འཁོར་དང་གཞལ་ཡས་ཁང་གི་བར་འབྲིང་གི་མངོན་རྟོག་བཞིན་བསྒོམ་ཞེས་གསུང་པའི་དོན། ཆོས་འབྱུང་གི་ནང་དུ་འབྱུང་བཞི་བསྐྱེད་པ་ནས་ཧོ་དམར་པོ་གཉིས་ཀྱིས་མཐའ་བརྟེན་པའི་བར་དོའ་རྣམ་པར་ཤེས་པ་ཞེས་པའི་བར་སྒྲུབ་ཐབས་བཞིན་བརྗོད་ནས། དེ་རྣམས་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཐིམ་སྟེ་ཐམས་ཅད་རོ་གཅིག་ཏུ་འདྲེས་པ་ལས་ཞེས་སོགས་ཀྱིས་བསྐྱེད་དེ་འདི་ལྟར་བྱས་ན་ལེགས་སོ། །གོང་ལྟར་ཡང་དེ་མན་ཆད་འདྲ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའ་གཞལ་ཡས་ཁང་ཞེས་པ་ནསརྒྱན་དུ་མས་བརྒྱན་པ་ཞེས་པའི་བར་སྒྲུབ་ཐབས་བཞིན་བརྗོད། དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད། དེ་དག་ལ་གནས་པའི་ཤིང་བརྒྱད། ཤིང་གི་རྩ་བ་ལ་གནས་པའི་ཕྱོགས་སྐྱོང་བརྒྱད། སྟེང་གི་ནམ་མཁའ་ལ་གནས་པའི་སྤྲིན་བརྒྱད། དེ་དག་ལ་གནས་པའི་ཀླུ་བརྒྱད་ཤིང་གི་ཡལ་ག་ལ་གནས་པའི་ཞིང་སྐྱོང་བརྒྱད། གཞན་ཡང་ཆུ་བརྒྱད། མེ་བརྒྱད། མཆོད་རྟེན་བརྒྱད། གྲུབ་པ་ཐོབ་པའི་དཔའ་བོ་དང་། རྣལ་འབྱོར་མ་དང་། འདྲེ་དང་། སྲིན་པོ་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་དང་། རོ་དང་
༡༨༨རོ་ལངས་ལ་སོགས་པས་ཡོངས་སུ་གང་བའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་པའི་ནང་གི་ལྷ་སྣམ་ཤར་དཀར་ཞེས་པ་ནས་ཐགས་ཟངས་རིས་དུད་ཀ་རྣམས་འགྱེལ་ཞིང་གདོང་གྱེན་དུ་ཕྱོགས་པའི་གདན་དང་བཅས་པར་གྱུར། །ཞེས་པའི་བར་སྒྲུབ་ཐབས་བཞིན། དེ་ནས་ཧཱུྃ་ཤྲཱི་ཧེ་བཛྲ་ནཱ་མ་དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ། ཞེས་པ་ནས། གར་དགུའི་རོ་དང་ལྡན་པ་ཉིད། ཅེས་པའི་བར་དང་། ནཾ་ནཻ་རྭཏྨ་ན་མ། དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ། ཞེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། གཾ་གཽ་རཱི་ན་མ། ཤར་དུ་གཽ་རི་ནག་མོ་གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་འཛིན་པ། ཞེས་དང་། དེ་བཞིན་དུ་ཙཾ་ཙཽ་རཱི་ནཱ་མ། ལྷོར་ཙཽ་རཱི། བཾ་བེ་ཏཱ་ལཱི་ནཱ་མ། ནུབ་ཏུ་བེ་ཏཱ་ལཱི། གྷཾ་གྷསྨ་རཱི་ནཱ་མ། བྱང་དུ་གྷསྨ་རི། པཾ་པུཀྐ་སཱི་ནཱ་མཱ། བྱང་ཤར་དུ་པུཀྐ་སཱི། ཤཾ་ཤ་ཝ་རཱི་ནཱ་མ། ཤར་ལྷོར་རི་ཁྲོད་མ། ལཾ་ཙཱཎྜ་ལཱི་ནཱ་མ། ལྷོ་ནུབ་ཏུ་གདོལ་པ་མོ། ཌཾ་ཌཾ་བི་ནཱི་ནཱ་མ། ནུབ་བྱང་དུ་གཡུང་མོ་ཞེས་སོགས་ནས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཞེས་པའི་བར་སྒྲུབ་ཐབས་བཞིན་བརྗོད། དེ་ཐམས་ཅད་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་ནས་ཐུགས་ཀར་ཐུགས་རྡོ་རྗེ་མ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཀྱེ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས། ༀ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཞེས་མཚན་སྔགས་ལན་ཅིག་སྦྱར་བའི་ནི་རི་ཧཱུྃ་ཁཾ་སྭཱ་ཧཱ། ཞེས་སོགས་ནས་ཤབྡའི་བར་གྱིས་མཆོད་ལ། གཽ་རཱི་ལ་སོགས་པའི་སྔགས་རྒྱས་བསྟིམ། སླར་ཡང་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ། བསྡུ་བའི་སྔགས་རྒྱས་སྤྱན་དྲངས། ༀ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ༀ་ནཱི་རཱི་སོགས་ནས་ཤབྡའི་བར་གྱིས་མཆོད་དེ། ཡེ་ཤེས་པ་དང་དབང་ལྷའི་མཆོད་
༡༨༩པ་དམིགས་བསལ་མ་གཏོགས་འོག་མ་རྣམས་ལའང་འདི་བཞིན་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། ཞེས་སོགས་ནས་ཁྱེད་ཀྱིས་འདི་ལ་དབང་བསྐུར་སྩོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཞེས་སོགས་ནས། ༀ་བཛྲཱ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ་གཉིས་གཽ་རཱི་དང་ཞེས་སོགས་ནས་གྷསྨ་རཱི་དང་ཌོམྦི་ནཱི་ལ་འོད་དཔག་མེད་པས་དབུར་བརྒྱན་ཞེས་པའི་བར་སྒྲུབ་ཐབས་བཞིན། དེ་ནས་མར་མེ་ལ་སོགས་པ་སྦར་ལ། མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབ་ནས་མདུན་བསྐྱེད་ཀྱི་གཙོ་བོའ་རང་གི་རྩ་བའི་བླ་མ་དང་ཐ་མི་དད་པར་བསམས་ལ། དཀུ་གཡོན་པར་ཁུ་ཚུར་གཉིས་སྟེང་འོག་ཏུ་ཁ་སྦྱར་ཏེ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་ཞབས་བསིལ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགེས་པར་མཛོད། ༀ་བྷ་ག་ཝཱན་ཞེས་སོགས་བརྗོད་ཅིང་ཕྱག་རྒྱ་དཀྲོལ་ཏེ་རྣམ་ལྔ་འདོད་སྐོར་སྔོན་དུ་འགྲོ་བས་གོང་དུ་བཤད་པའི་ཕྱག་རྒྱ་བཅས་ལ། ༀ་ནཱི་རི་ཧཱུྃ་ཁཾ་སྭཱ་ཧཱ། ཞེས་བརྗོད་ཅིང་མཐར་སེ་གོལ་གཏོགས། དེ་བཞིན་དུ་ཚིགས་བཅད་དང་སྔགས་ཀྱི་ཐོག་མཐའ་དང་ཕྱག་རྒྱ་རྣམས་འདྲ་བ་ལས། ལྷ་རྫས་དམ་པའི་ཞལ་བསིལ་འདི། །ༀ་བཛྲ་ནི་ཝི་ཏེ་ཧཱུྃ་ཁཾ་སྭཱ་ཧཱ། ལྷ་རྫས་དམ་པའི་འཐོར་འཐུང་འདི། སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ལྷ་རྫས་དམ་པའི་མཆོད་ཡོན་འདི། ཛཿཧཱུྃ་བཾ་ཧོཿ ཁཾ་རཾ་མ་ཧཱ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཆུ་བཞི་དབུལ། དེ་བཞིན་དུ་མེ་ཏོག་ལ་སོགས་པ་སོ་སོའ་ཕྱག་རྒྱ་བྱས་ཏེ། མེ་ཏོག་འདི་ནི་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགེས་པར་མཛོད། ༀ་བྷ་ག་ཝཱན་ཞེས་སོགས་དང་། ༀ་བཛྲ་པཱུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་གཞན་རྣམས་འདྲ་བ་ལས། ཚལ་དག་རོ་ནི་ཕན་པ་དང་། །གང་ཞིག་དྲི་དང་བདུག་སྤོས་མཆོག །བདག་གིས་སོགས་གོང་བཞིན་ལས། དྷཱུ་པེ །སྲིན་པོ་འཇོམས་ཤིང་དག་བྱེད་ལ། །དགེ་ཞིང་མུན་པ་
༡༩༠རྣམས་སེལ་བ། ཨཱ་ལོ་ཀེ །འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པ། གྷཱནྡྷེ །སྨན་རྣམས་བཅུད་གཙང་ཡི་གར་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །ནཻ་ཝི་དྱ །དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་རོལ་མོ་འདི། །བཅོམ་ལྡན་སོགས་དང་ཤབྡའི་མཐར་རོལ་ཆེན་རྒྱུན་དཀྲོལ་དུ་བྱ་སྟེ། གྷཱནྡྷེ་ར་ཎི་སོགས་བརྗོད། གོས་ཟུང་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གོས་སྲབ་པ། འཇམ་པ། ཡང་བ། དངས་ཤིང་ཐོགས་པ་མེད་པ་ཟུང་དུ་སྦྱར་བ་དང་ལྡན་པར་གྱུར། ཞེས་དང་། །སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ༀ་བྷ་ག་ཝཱན་ཞེས་སོགས་དང་། ༀ་བཛྲ་ཝཥྚ་ཡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་ཅིང་པད་སྐོར་སྔོན་དུ་འགྲོ་བའི་ཁུ་ཚུར་གཉིས་ཀྱིས་ན་བཟའ་བླངས་ཏེ་ཐོག་མར་སྨད་གཡོགས་དང་དེ་ནས་སྟོད་གཡོགས་འབུལ་བའི་ཚུར་བྱ་ཞིང་ལྷ་རེ་རེ་ལ་ཕུལ་བར་བསམ་མོ། །དེ་ནས་གཡོན་པའི་སྲིན་ལག་གིས་ནང་མཆོད་ནས་བླངས་ཏེ་མཐེ་བོའ་རྩེས་གཏོར་ལ་ལྷ་ཐམས་ཅད་ཀྱི་ཕྱག་ཏུ་ཐོད་པ་བདུད་རྩིས་གང་བ་རེ་རེ་བྱང་བར་བསམས་ཤིང་། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ། དྲིན་ཅན་རྩ་བའི་བླ་མའི་མཚན་ནས་བརྗོད་ལ། ཞལ་དུ་ༀ་ཨཱཿཧཱུྃ་ཞེས་བརྗོད། དེ་ནས་རྡོ་རྗེ་འཆང་། ནས་རང་གི་རྩ་བའི་བླ་མའི་བར་གྱི་ལམ་འབྲས་བརྒྱུད་པ་རྩམས་ཀྱི་མཚན་ནས་བརྗོད་ཅིང་དབུལ། གཞན་ཡང་དབང་བསྐུར། རྒྱུད་བཤད། མན་ངག་མནོས། ཆོས་ཀྱི་འབྲེལ་བ་ཐོབ་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། དེ་ནས་ཨཥྚ་དང་། དེ་ཝ་པི་ཙུ་དང་། ཀརྟ་རི་དང་། ༀ་ཨཱཿཨ་ཨཱཿ
༡༩༡ཨི་ཨཱི་སོགས་དང་། ༀ་ཨཱ་གཾ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཨཱཿཌཾ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའི་བར་བརྗོད་ཅིང་དཔལ་ཀྱེ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། གཞན་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། དེ་ནས་རང་གི་ལྕེ་རྩེ། སྨིན་མཚམས། སྤྱི་གཙུག་རྣམས་སུ་ཐིག་ལེ་བྱས་ལ། ༀ་ཨཱཿཧཱུྃ། ཞེས་པས་ལུས་ཀྱི་ལྷ་རྣམས་མཆོད་པར་བསམ། སྟ་གོན་གྱི་ཉིན་སྐབས་འདིར་གཏོར་མ་རྣམས་ལ་བར་ཕུད་བྲན་ལ། དེ་ནས། ༀ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ༀ་ཨཱཿཧཱུྃ། ༀ་ཤྲཱི་་དྷརྨ་པཱ་ལ་ཙ་ཏུརྨུ་ཁཱ་ཡ་ༀ་ཨཱཿཧཱུྃ། གཞན་ཡང་ཆོས་འཁོར་སྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་དཔལ་མགོན་དམ་ཚིག་ཅན་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚོན་དྷོ་དང་ཉེ་བའི་ཚོན་དྷོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། ཡུལ་སུམ་ཅུ་སོ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་སྤྲུལ་པའི་སྐུ་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ཞིང་སྐྱོང་བཞི་བཅུ་རྩ་བརྒྱད། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པའི་མཁའ་འགྲོའི་ཚོགས་དང་། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། གཞན་ཡང་གནོད་སྦྱིན། སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ། ཞིང་སྐྱོང་། ཕོ་ཉ། འཕྲོག་མ། །གྲུབ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། བོད་ཁམས་སྐྱོང་བར་ཞལ་གྱིས་བཞེས་པའི་བརྟན་མ་བཅུ་གཉིས་
༡༩༢འཁོར་དང་བཅས་པ་རྣམས་དང་། གནས་བདག །གཞི་བདག །ཡུལ་བདག །གྲོང་བདག །གཉུག་མར་གནས་པ་རྣམས་དང་། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཚིམ་ཞིང་ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས་མྱུར་ཏུ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ༀ་ཨཱཿཧཱུྃ། ཞེས་དང་རང་གིས་ཀྱང་མྱུར་ལ། ༀ་སརྦ་ཏ་ཐ་ག་ཏ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད། དེ་ནས་དྲིལ་བུ་སུམ་བརྡུང་བྱ་ཞིང་། རང་གི་སྙིང་ག་ནས་ལྷ་མོ་བརྒྱད་སྤྲུལ་ཏེ་མཆོད་པར་བསམས་ལ། དཀར་མོ་རི་དྭགས་སོགས་དང་། དེ་རྣམས་ཀྱིས་བསྟོད་པར་བསམས་ཏེ། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་དང་། བསྟོད་པ་ཉི་ཤུ་པ་སོགས་ཅི་ཤེས་པས་བསྟོད་ལ། པུས་མོ་བཙུགས་ཏེ་སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། དྲིལ་བུ་བཅད་གཏུབ་ཏུ་དཀྲོལ་ཞིང་། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ནི་འདྲེ་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་ལ་མཆོད་པར་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་བཀའ་དྲིན་མཛད་པར་འོས། །འགྲོ་བ་འཁོར་ལོའ་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །སྔགས་ཀྱི་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །སངས་རྒྱས་བསྟན་ལ་དགའ་བ་དང་། །གང་སུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །ཧེ་ཞེས་བྱ་བའི་དཀྱིལ་འཁོར་འདི། །ཡོ་བྱད་ཅི་འབྱོར་པ་དག་གིས། །འགྲོ་བ་
༡༩༣དག་ཕྱིར་དག་འདྲི་བས། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ཐུགས་དཔག་མཛད་ནས་ཀྱང་། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱི། །ཐུགས་རྗེས་དགོངས་ནས་གནང་བར་མཛོད། ཅེས་ལན་གསུམ་བརྗོད་པས། རིག་པ་འཛིན་པ་ཁྱོད་གཞན་དོན་རྒྱ་ཆེ་བར་གྱིས་ཤིག །ཅེས་གནང་བ་ཐོབ་པར་བསམ། བུམ་པ་སྟ་གོན་ནི། སྐབས་འདིའམ་གནས་སྐབས་གཞན་དུའང་རུང་། གོང་དུ་བཤམས་པའི་བུམ་པ་བསང་སྦྱངས། སྟོང་པའི་ངང་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ། བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་གཉིས་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཉོན་མོངས་པ་ལ་སོགས་པ་བདུད་བཞིའི་ངོ་བོ་ཚངས་པ་སེར་པོ་སོགས་ནས། སྟེང་ནས་སྟེང་དུ་བརྩེགས་པ། །འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཤར་དུ་ཚངས་པ་སེར་པོ་ཞེས་སོགས་ནས་ཐག་བཟངས་རིས་དུད་ཀ་རྣམས་འགྱེལ་ཞིང་གདོང་གྱེན་དུ་ཕྱོགས་པའི་གདན་ཞེས་དང་། བུམ་པ་བཅུ་ཡོད་ན་པདྨ་དང་ཟླ་བའི་དཀྱིལ་འཁོར་བཅུའི་སྟེང་དུ་ཞེས་སོགས་དང་། རྣམ་རྒྱལ་བུམ་པ་པདྨ་དང་ཉི་མའི་སྟེང་དུ་ཉོན་མོངས་པ་ལ་སོགས་པ་བདུད་བཞིའི་ངོ་བོ་ཚངས་པ་སོགས་དང་། ཕྱོགས་མཚམས་ཀྱི་བུམ་པ་བརྒྱད་ཀྱི་ནང་དུ་པདྨ་དང་ཟླ་བའི་གདན་རེ་རེའི་སྟེང་དུ་ཤར་དུ་ཚངས་པ་སེར་པོ། །ཞེས་སོགས་འདྲ། ལས་ཐམས་ཅད་པའི་བུམ་པར་པདྨ་དང་ཉི་མའི་གདན། རྣམ་རྒྱལ་བུམ་པའི་དབུས་ཀྱི་གདན་གྱི་སྟེང་དུ་སངས་རྒྱས་ཀྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་སྐར་མའི་ཕྲེང་བ་ལྟ་བུའི་ཨ་ཨཱ། ཞེས་སོགས་སྒྲུབ་ཐབས་བཞིན་ལས། དེ་ལས་སྐུ་ཡོངས་སུ་རྫོགས་པ་
༡༩༤ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞེས་སོགས་ནས་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཡུམ་གྱི་མཁའ་མི་དམིགས་ཏེ། ཞེས་སོགས་འདྲ་བ་ལས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པས་ཐིག་ལེ་ཆ་དགུར་གྱུར། དེ་རྣམས་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཧཱུྃ་རྣམས་སུ་གྱུར། དེ་རྣམས་ལྷ་མོ་བརྒྱད་བདུད་རྩི་འཁྱིལ་བ་དང་བཅས་པ་རྣམས་སུ་གྱུར་ནས་ཡུམ་གྱི་མཁའ་ནང་ནས་ཕྱིར་འཐོན་ཏེ་གདན་སོ་སོའ་སྟེང་དུ་འཁོད་པ་ནི། ཤར་དུ་གོ་རཱི་ནག་མོ་གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་འཛིན་པ། ཞེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་གྱིས་ལྷ་མོ་རྣམས་དང་། ལས་ཐམས་ཅད་པའི་བུམ་པར་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། གཡས་སྣ་ཚོགས་རྡོ་རྗེ་གཡོན་དེས་ཡུབ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ་སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་བརྐྱངས་ཤིང་གཡས་བསྐུམ་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེ་ཐམས་ཅད་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་མ་ཞེས་སོགས་ནས་ཐུགས་ཀར་ཐུགས་རྡོ་རྗེ་མ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱཻ་རྡོ་རྗེ་ལྷ་དགུ་བདུད་རྩི་འཁྱིལ་བ་དང་བཅས་པའི་རྣམ་པར་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས། མཆོད་པ་དང་། དགུག་གཞུག་བྱ་བ་དང་། དབང་ལྷ་སྤྱན་དྲངས་ཏེ་མཆོད་ཅིང་གསོལ་བ་གདབ་པ་དང་། དབང་བསྐུར་ཞིང་རིགས་ཀྱི་བདག་པོའ་རྒྱས་འདེབས་པ་རྣམས་གོང་བཞིན་ལས། ཌོམྦི་ནཱི་ལ་འོད་དཔག་མེད། ཅེས་པའི་རྗེས་སུ། བདུད་རྩི་འཁྱིལ་པ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་ཞེས་བརྗོད། དེ་ནས་ༀ་བྷ་ག་ཝཱན་ཞེས་
༡༩༥སོགས་རེ་རེའི་མགོར་སྦྱར་བའི་ཆུ་བཞི་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་། ཧཱུྃ་ཨཾ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཧཱུྃ་ༀ་ཨཱཿཧཱུྃ་ཀྱེ་རྡོ་རྗེ་ལྷ་དགུ་བདུད་རྩི་འཁྱིལ་བ་དང་བཅས་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་པས་ནང་མཆོད་ཕུལ། དཀར་མོ་རི་དྭགས་སོགས་དང་། ཁྱོད་ནི་རྣལ་འབྱོར་མ་སོགས་ཀྱི་མཐར། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། ཞེས་སོགས་ཀྱིས་བསྟོད་ལ། པད་སྐོར་བྱས་ནས་གཟུང་ཐག་བླངས་ཏེ། བདག་གི་སྙིང་ག་ས་སྔགས་ཀྱི་ཕྲེང་བ་དམར་པོ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་ནང་གི་ལྷ་རྣམས་ལ་ཕོག་པས་ལྷ་རྣམས་དམར་ལམ་སོང་སྟེ་བདག་གི་དབང་དུ་འདུས་ཤིང་བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་བྱུང་བས་བུམ་པ་གང་བར་བསམས་ལ། ཡབ་ཡུམ་གྱི་སྙིང་པོ་གཉིས་དང་། འཁོར་གྱི་སྔགས་ཐུང་རྣམས་དང་། ལས་བུམ་ལ་འཁྱིལ་བའི་སྔགས་རྣམས་བརྒྱ་རྩ་རེ་བཟླ། སླར་ཡང་གོང་ལྟར་མཆོད་བསྟོད་བྱས་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་བརྗོད། ༀ་ཤྲཱི་བཛྲ་ཧེ་རུ་ཀ་ཞེས་སོགས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དེ། གཟུངས་ཐག་བསྡུས་ལ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་ལ། །དེ་ཀུན་མགོན་པོས་བཟོད་པར་མཛོད། ཅེས་པའི་མཐར་པད་སྐོར་སྔོན་དུ་འགྲོ་བས་དུང་ཆོས་བླངས་ནས་བུམ་པ་རྣམས་སུ་ཆུ་ཐིག་རེ་བླུགས་ཏེ། ༀ་ཨཱཿཧཱུྃ། ཞེས་པའི་མཐར། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར། ཞེས་བརྗོད། དེ་ནས་གཏོར་མ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་པ་ནས་ཧ་ཧོ་ཧྲཱིཿཞེས་པའི་བར་སྒྲུབ་ཐབས་བཞིན་བརྗོད་ལ། མདུན་བསྐྱེད་ཀྱི་དུར་ཁྲོད་བརྒྱད་དུ་
༡༩༦ཧཱུྃ་བརྒྱད་ཡོངས་སུ་གྱུར་པ་ལས་ཤར་དུ་བརྒྱ་བྱིན་ཞེས་སོགས་དང་། དབང་ལྡན་གྱི་དུར་ཁྲོད་ཀྱི་སྟེང་གི་ཆར་ཆོས་འབྱུང་ལ་གནས་པའི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ་ༀ་དགུ་ཡོངས་སུ་གྱུར་པ་ལས་དབུས་སུ་སྐུ་རྡོ་རྗེ། ཤར་དུ་དབང་ཕྱུག་ཆེན་པོ་ཞེས་སོགས་དང་། སྲིན་པོའ་དུར་ཁྲོད་ཀྱི་འོག་གི་ཆར་ཆོས་འབྱུང་ལ་གནས་པའི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ་ཨཱཿདགུ་ཡོངས་སུ་གྱུར་པ་ལས། དབུས་སུ་གསུང་རྡོ་རྗེ། ཤར་དུ་སྟོབས་ཀྱི་རྒྱུ་ཞེས་སོགས་ནས་ཐུགས་རྡོ་རྗེ་མ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞིའི་རྣམ་པར་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས། དགུག་གཞུག་བྱ། དབང་ལྷ་སྤྱན་དྲངས་ཏེ་མཆོད་ཅིང་གསོལ་བ་གདབ་པ་དང་། དབང་བསྐུར་བ་རྣམས་གཏོར་ཆོག་ལྟར་བྱས་ལ། ཆུའི་ལྷག་མ་ཡར་ལུད་པ་ལས་སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་ལ་རྣམ་པར་སྣང་མཛད། ཕྱོགས་སྐྱོང་བརྒྱད་ལ་མི་བསྐྱོད་པ། གསུང་རྡོ་རྗེ་ཀླུ་ཆེན་བཅས་པ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམས་ལ། མཆོད་གཏོར་འབུལ་བ་ནས་མཆོད་བསྟོད་ཕྲིན་ལས་བཅོལ་བའི་བར་གཏོར་ཆོག་ལྟར་བྱ། སྒོས་ཀྱི་ཆོས་སྐྱོང་རྣམས་ཀྱི་གཏོར་མ་དང་། མཁའ་འགྲོ་སྤྱི་གཏོར་ལོགས་ནས་འབྱུང་བ་ལྟར་ཕུལ་ལ་རྡོ་རྗེའི་གླུ་བཀྲ་ཤིས་བསྔོ་བ་སྨོན་ལམ་གྱི་བར་དུ་བྱའོ། །སློབ་མ་སྟ་གོན་ནི། ལུས་ཀྱི་བྱ་བ་ངེས་འབྱུང་བསྐྱེད། །ནང་དབང་བསྐུར་ལ་ཁྱད་དོན་ཞུ། །སྤྲོ་བ་བསྐྱེད་དེ་རྒྱུན་བཤགས་བྱ། །བསྲུང་བ་བྱས་ཏེ་མཆོད་པས་མཆོད། །སོ་ཤིང་དོར་ལ་ཁྱོར་ཆུ་བླུད། །སྲུང་སྐུད་བཏགས་ཏེ་ཀུ་ཤ་སྦྱིན། །ཟབ་མོའ་ཆོས་བཤད་རྨི་ལམ་བརྟག །ཅེས་པ་ལྟར་རོ། །རྗེས་ཆོག་ནི། མཆོད་པ་རྣམས་བསངས་སྦྱངས་བྱིན་གྱིས་བརླབས་ལ། རེ་རེའི་མགོར་ༀ་བྷ་ག་ཝཱན་ཞེས་སོགས་སྦྱར་བའི་ཆུ་བཞི་ཉེར་སྤྱོད་རོལ་ཆེན་དང་བཅས་པ་དང་། །ནང་མཆོད་ཕུལ་ལ་ཧཱུྃ་ཨཾ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ༀ་ཨཱཿཧཱུྃ་ཀྱེ་རྡོ་རྗེ་ལྷ་དགུའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་དང་། རོལ་ཆེན་དང་བཅས་
༡༩༧ཏེ། དཀར་མོ་རི་དྭགས་སོགས་དང་། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་བྱ། འོག་ཏུ་ཕྱི་ནང་ཡིད་བྱུང་བསྟོད་པ་རྣམས་བྱ་ཞེས་འབྱུང་བ་རྣམས་སུ་འདི་བཞིན་ཤེས་པར་བྱའོ། །དེ་ནས་ཐལ་མོ་སྦྱར་ཏེ་ཧེ་རུ་ཀའི་ཡི་གེ་བརྒྱ་བ་ལན་གསུམ་བཟླ། མ་འབྱོར་བ་དང་ཉམས་པ་དང་། ཞེས་སོགས་ཀྱི་མཐར་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་སྦྲེལ། མཛུབ་མོ་བརྐྱངས་ཏེ་རྩེ་སྤྲད་པ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་བཟློག་སྟེ། ༀ་བཛྲ་ཨུཏྟིཥྛ་སྟ་གོན་གྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བ་ཐམས་ཅད་པ་སྤྱན་དྲངས་ཀྱི་བར་དུ་མདུན་གྱི་ནམ་མཁར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་བརྗོད་ལ་སླར་ཡང་ཕྱི་ནང་ཡིད་བྱུང་བསྟོད་པ་རྣམས་བྱས་ཏེ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། ཆོས་སྐྱོང་གི་བྲིས་སྐུ་སོགས་གཏོར་མགྲོན་གྱི་རྟེན་ཡོད་པ་རྣམས་ལ་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་སྐུ་གཟུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོག་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར། སྐུ་གཟུགས་ཀྱི་རྟེན་མེད་ན་དེ་རྣམས་མི་དགོས་སོ། །དེ་ནས་རྟེན་མེད་པ་རྣམས་ལ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །
༡༩༨རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ༀ་ཨཱཿཧཱུྃ་བཛྲ་མུཿ ཞེས་དང་མཐེབ་སྲིན་གྱིས་སེ་གོལ་བྱས་ལ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿ ཞེས་དང་། མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་གསལ་བཏབ་ལ་མཆོད་གཏོར་དམན་མར་རྣམས་བསྡུས་ཏེ། ལས་ཐིག་གི་ཆ་དབྱེ་བ་དང་ཐིག་ཚོན་བྱིན་རླབས་མི་དགོས་ན་སྤྱོད་ལམ་ལ་འཇུག་པའི་ཉལ་བའི་རྣལ་འབྱོར་བྱ། རྡུལ་ཚོན་གྱི་ཕྱོགས་ལྟར་ན་འོག་ནས་འབྱུང་བའི་དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ་ཡན་ཆད་གྲུབ་ནས་ཉལ་བའི་རྣལ་འབྱོར་གྱིས་ཉལ་ལ་སང་ནངས་པར་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ་྅་ཧཾ། ༀ་བཛྲ་ཤུདྡྷཿསརྦ་དྷརྨ་བཛྲ་ཤུདྡྷོ྅་ཧཾ། ༀ་ཡོ་ག་ཤུདྡྷོཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད་ཅིང་དག་པ་རྣམ་པ་གསུམ་དྲན་པར་བྱའོ། །ལྔ་པ་བྲི་ཞིང་རྒྱན་དགྲམ་པ་ནི་ལག་ལེན་བཞིན་དུ་ལས་ཐིག་བཏབ་ལ། དཀྱིལ་འཁོར་གྱི་དབུས་སམ་ཇི་ལྟར་རིགས་པའི་གཞིར་དབུས་སུ་ཚོན་སྔོན་པོ་ལ་རྡོ་རྗེའི་རྩེས་ཧཱུྃ་བྲི། དེ་བཞིན་དུ་ཤར་དུ་དཀར་པོ་ལ་བྷྲཱུཾ། ལྷོར་སེར་པོ་ལ་ཨཱཾ། ནུབ་ཏུ་དམར་པོ་ལ་ཛྲིཾ། བྱང་དུ་ལྗང་ཁུ་ལ་ཁཾ་བྲི། ཚོན་སོ་སོའ་སྟེང་ཁ་དོག་དང་མཐུན་པའི་ཐིག་སྐུད་རྣམས་ཀྱང་བཞག །མདུན་དུ་མཆོད་པ་ལྔ་དང་གཏོར་མ་གཅིག་བཤམས་ལ་རང་ཀྱེ་རྡོ་རྗེའི་ང་རྒྱལ་གྱིས་ཐིག་ཚོན་བསང་སྦྱང་། སྟོང་པའི་ངང་ལས་པཱཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་ལྔའི་སྟེང་དུ་ཐིག་ཚོན་སྔོན་པོ་ཧཱུྃ་ལས་མི་བསྐྱོད་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། གཡས་བརྒྱད་རྡོ་རྗེ་གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མ་མཱ་ཀི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་
༡༩༩པ་དང་མཉམ་པར་སྦྱོར་བ། །དེ་བཞིན་དུ་དཀར་པོ་བྷྲཱུཾ་ལས་རྣམ་སྣང་དཀར་པོ་གཡས་བརྒྱད་འཁོར་ལོ་གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་ཕྱག་མཚན་ཀུན་ལ་འདྲ། སེར་པོ་ཨཱོཾ་ལས་རིན་འབྱུང་སེར་པོ་གཡས་བརྒྱད་རིན་པོ་ཆེ་གཡོན་འདྲ། ཡུམ་རིན་ཆེན་སྒྲོལ་མ་སེར་མོ། དམར་པོ་ཛྲཱཾ་ལས་འོད་དཔག་མེད་དམར་པོ་གཡས་བརྒྱད་པདྨ་གཡོན་འདྲ། ཡུམ་གོས་དཀར་མོ་དམར་མོ། ཁཾ་ལས་དོན་ཡོད་གྲུབ་པ་ལྗང་གུ་གཡས་བརྒྱད་རལ་གྲི་གཡོན་འདྲ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་ཕྱག་མཚན་འདྲ། བསྡུ་ན་རིགས་ལྔ་ཞལ་གཅིག་ཕྱག་གཉིས་པར་བསྐྱེད་ཀྱང་རུང་། ཐམས་ཅད་ཀྱི་དཔྲལ་བར་ༀ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་མིག་གཡས་པ་མ་ལས་ཉི་མ། གཡོན་པ་ཊ་ལས་ཟླ་བ་མིག་འབྲས་གཉིས་ཧཱུྃ་ཡིག་འབར་བར་གྱུར་པར་བསམ་ལ། མིག་གི་རྫི་མ་གྱེན་ཐུར་དུ་བརྡེབ་ཅིང་། སྟ་གོན་གྱི་ལྷ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་ཚོན་རིགས་ལྔའི་རྣམ་པས་བྱོན་ཏེ། དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། ནམ་མཁའི་ལྷ་རྣམས་ཀྱིས་ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ལྔ་སོ་སོས་དབུ་བརྒྱན་པར་བསམ། ༀ་བཛྲ་པུཥྤེ་སོགས་ཀྱིས་མཆོད། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད། གཏོར་མ་ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། གཡས་མཆོག་སྦྱིན་དང་ཨ་ཀཱ་རོས་ཕུལ་ཏེ། ༀ་བཛྲ་ཙི་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུྃ་ཉེར་གཅིག་བཟླས། གཡོན་པའི་མཐེབ་སྲིན་གྱིས་ཚོན་རྣམས་ལ་རེག་ཅིང་ཡི་གེ་རྣམས་བསུབས་ལ། ལྷ་རྣམས་
༢༠༠འོད་དུ་ཞུ་སྟེ་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ལས་གྲུབ་པའི་ཐིག་ཚོན་དུ་གྱུར་ཞེས་བརྗོད། ཐིག་སྐུད་རྣམས་སློབ་དཔོན་གྱི་ལག་པར་བླངས་ཏེ། གོ་རཱིའི་ང་རྒྱལ་འཛིན་པའི་སློབ་མ་ལ་ཐིག་སྐུད་སྔོ་དཀར་སེར་དམར་ལྗང་གུའི་རིམ་པས་ཐིག་སྣ་གཏད་དེ་བརྐྱངས་ལ། ཕན་ཚུན་རྗེས་སུ་རྟོགས་པ་སྟེ། །ཆོས་ཀུན་ཕན་ཚུན་རྗེས་སུ་རྟོགས། །ཆོས་རྣམས་ཐམས་ཅད་ཤིན་ཏུ་ཡང་། །ཀུན་ཏུ་འགྲོ་བར་ཆོས་ཀུན་བརྗོད། །ཅེས་བརྗོད་ཅིང་དང་པོ་སོ་སོ་དང་དེ་ནས་ལྷན་ཅིག་ཏུ་བསྒྲིལ་བས་དེ་བཞིན་གཤེགས་པ་ཐམས་ཅད་གཉིས་སུ་མེད་པར་གྱུར་པར་བསམས་ལ། རྡོ་རྗེ་ལ་དཀྲིས་ཏེ་མཐེབ་སྲིན་གྱི་བདུད་རྩི་གཏོར་ལ་བཞག་གོ །དེ་ནས་སློབ་དཔོན་ལངས་ལ་དཀྱིལ་འཁོར་གྱི་ནུབ་ནས་ཤར་དུ་བལྟས་ཏེ། ཐིག་སྐུད་དཀྲིལ་པའི་རྡོ་རྗེ་རང་གི་ལྟེ་བའི་ཐད་དུ་བཟུང་ལ། ཤར་ནས་ནུབ་ཏུ་ཕྱོགས་པའི་སློབ་མ་ལ་ཛྫཿགཉིས་བརྗོད་ཅིང་ཐིག་སྣ་གཏད། དེས་ཀྱང་ཛྫཿགཉིས་བརྗོད་ཅིང་བླངས་ཏེ་ལྟེ་བའི་ཐད་དུ་བཟུང་། སློབ་དཔོན་གྱིས་ༀ་བཛྲ་སཱུ་ཏྲཾ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུྃ། ནམ་མཁའ་གང་བའི་དེ་བཞིན་གཤེགས། །འགྲོ་དོན་མཛད་དུས་འདི་ལགས་པས། །ཁྱེད་རྣམས་འདིར་ནི་གཤེགས་གསོལ་བར། །ཐིག་སྐུད་སྒྲས་ནི་སྐུལ་མ་འདེབས། །ཞེས་བརྗོད་ཅིང་། དང་པོར་སྟེང་ནས་འོག་ཏུ་གཅུས་ཏེ་ནམ་མཁའ་ལ་གྱེན་དུ་གདབ། དེ་ནས་ས་ལ་ཕབ་སྟེ་ཐིག་ཆེན་བརྒྱད་པོའ་སྟེང་དུ་བཏབ་པས་དཀྱིལ་འཁོར་དུ་ལམ་གྱིས་བྱུང་བར་བསམ། དེའི་ཚེ་ཐིག་སྐུད་ཀྱི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་ཏེ་ནམ་མཁའི་ཁམས་སུ་བྱོན་ནས་བྱིན་གྱིས་བརླབ་པར་བསམ་ལ་གདབ་བོ། །འདེབས་པའི་གོ་རིམས་ནི། ནུབ་ཤར་བྱང་ལྷོ་མེ་དབང་ལྡན། །རླུང་སྲིན་རླུང་དབང་མེ་སྲིན་པོ། །གཡས་སྐོར་
༢༠༡རྒྱབ་འགྲོས་ཚངས་ལོགས་གདབ། །མེ་རླུང་སྲིན་དབང་གཡས་སྐོང་དུ། །རྒྱབ་འགྲོས་སྤངས་ཏེ་ཟུར་ཐིག་གདབ། །ནུབ་ཤར་གནས་པས་ཐིག་སྐུད་བསྡུ། །གཉིས་སྡེབས་དང་པོ་སློབ་དཔོན་དང་། །ཕྱི་མ་སློབ་མར་ཤེས་པར་བྱ། །ཞེས་སོ། །དེ་ནས་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་བཟློག་སྟེ། ༀ་བཛྲ་བེ་གཱ་ཀྲ་མ་ཧོཿ ཞེས་བརྗོད་པས་ཡེ་ཐིག་ནམ་མཁར་བཏེགས་ནས་སློབ་དཔོན་ནང་དུ་ཞུགས་ཏེ། གཞི་བཅའ་པད་སྐོར་སྔོན་དུ་འགྲོ་བས་རྡོ་རྗེ་སྙིང་ག་དང་། དྲིལ་བུ་དཀུར་བརྟེན་ཏེ། ཧྲཱིཿཧྲཱིཿཞེས་བརྗོད་ཅིང་ཁྲོ་བོའ་ལྟ་བས་སྒོ་བཞི་ལ་ཤར་ནས་གཡས་སྐོར་དུ་བལྟས་པས་སྒོ་རྣམས་བྱེ་བར་བསམ། སྒོ་བཞིའི་ཐད་ཀྱི་རྩ་ཐིག་རྣམས་དྲི་བཟང་གི་ཆུས་ཕྱིས་ལ། ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་སུ་གྱུར་པ་ཐམས་ཅད་དབྱེ་བར་བགྱིའོ་ཞེས་བརྗོད། དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་ཤར་དུ་ཕྱོགས་པས་འདུག་ལ། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་སྒྲོལ་བར་བྱེད། །ཀྱེ་ཡི་རྡོ་རྗེ་རྒྱལ་པོ་ཆེའི། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ༀ་བཛྲ་ཙི་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུྃ་ཞེས་བརྗོད་ཅིང་། ནང་ནས་རིམ་པ་བཞིན་ནག་པོ་ལྗང་གུ་དམར་པོ་སེར་པོ་དཀར་པོའ་རིམ་པས་སྒོ་ཚད་གཅིག་ཙམ་བྲིས་ལ་ཐོད་པ་ལ་སོགས་པས་ཁ་བཅད་ནས་སྟེང་དུ་རྡོ་རྗེ་གཅིག་བཞག་སྟེ་མཆོད་པ་ལྔས་མཆོད། དབུས་ཀྱི་ཕུར་ཁུང་འོག་ནས་དཀར་པོ་ལ་སོགས་པའི་རིམ་པས་བཀང་ལ་སློབ་མ་ལ་སོགས་པས་དབུས་ནས་རིམ་པས་བྲི། རྩིག་པ་སྦྲེལ་རན་པ་ནས་ཐོད་པ་བསལ་ཏེ་སྦྲེལ། མཚན་མ་བརྟགས་ལ་ངན་ན་ནམ་མཁའི་ལྷ་ལ་མཆོད་གཏོར་ཕུལ་ཏེ་འཁྱིལ་བས་བསྲུང་ངོ་། །ཚོན་གྱི་ཁ་དོག་ནི། དབུས་ཀྱི་ཉི་མ་དམར་པོ་ལ། །པད་ལྟེ་སྔོན་པོ་ཟེའུ་འབྲུ་ལྗང་།
༢༠༢པད་འདབ་ལྷ་མོའ་མདོག་ཅན་ནམ། །ཕྱོགས་མདོག་མཛེས་ཚོན་གང་རུང་བྱ། །གདུང་ཟླུམ་ནག་པོ་རྡོ་རྗེ་སེར། །ལྷ་སྣམ་ཕྱོགས་མདོག་བུམ་པས་བརྒྱན། །གཙོ་བོའ་གནས་སུ་ཐོད་པ་ནི། །སྣ་ཚོགས་རྡོ་རྗེས་མཚན་པ་དང་། །གྲི་གུག་ནག་པོ་གདན་བཅས་བྲི། །ལྷ་མོའ་གནས་སུ་རང་རང་གི། །གཡས་ཀྱི་ཕྱག་མཚན་གདན་བཅས་བྲི། །འདོད་ཡོན་དམར་པོ་ཕ་གུ་སེར། །དྲྭ་བའི་གཞི་སྔོ་དྲྭ་བ་དཀར། །མདའ་ཡབ་ཁྲ་བོ་ཕྱི་ཐིག་སྔོ། །མུན་པ་གླང་རྒྱབ་གཉིས་ཀ་ནས། །ཀ་བ་ཀ་རྒྱན་རྭ་ཕྱོགས་མདོག །རྟ་བབས་དམར་སྔོ་ལྗང་སེར་རིམ། །པདྨ་ཆོས་འཁོར་གདུགས་ཅི་མཛེས། །ཉི་དཀྱིལ་ལྗང་གུ་པདྨ་ཡི། །འདབ་མ་སྣ་ཚོགས་ཕྱི་དམར་སྐྱ། །དུར་ཁྲོད་གཞི་ནག་མཚན་མ་རྣམས། །སོ་སོའ་མདོག་ཅན་ཅི་ནུས་པ། །རྡོ་ར་ནག་པོ་རྡོ་རྗེ་དཀར། །མེ་རི་སྣ་ཚོགས་སུ་བྲིའོ། །བྲི་བ་རྫོགས་ནས་ཚོན་གྱི་ལྷག །ཡེ་ཐིག་སྲད་བུར་བཅས་བསྡུས་ལ། །མཆོད་པ་ལྔས་མཆོད་ༀ་ཨཱཿཧཱུྃ། །བཛྲ་མུཿཡིས་ཡེ་ཤེས་པ། །གཤེགས་ཤིང་སྤྲུལ་པ་རང་ལ་བསྡུ། །དེ་ནས་དཀྱིལ་འཁོར་གྱི་ཉེ་ལོགས་ཀུན་འབྱུང་དང་དྲི་བཟང་པོས་བྱུགས་ལ་མཆོད་པ་ཅི་འབྱོར་བ་བཤམ། སྤོས་དང་རོལ་མོ་དང་བཅས་ཏེ་སློབ་དཔོན་གྱི་ལག་པ་གཡས་རྡོ་རྗེ་དང་བཅས་པས་རྣམ་རྒྱལ་དང་། སློབ་མ་རྣམས་ཀྱིས་བུམ་པ་ལྷག་མ་རྣམས་རིམ་པས་བཟུང་ནས་དཀྱིལ་འཁོར་ལ་བསྐོར་བ་བྱ་སྟེ། སློབ་དཔོན་གྱིས་ལྷ་སོ་སོའ་སྔགས་ཀྱི་མཐར་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་བརྗོད་ཅིང་ལྷ་སོ་སོའ་གནས་སུ་དེ་དང་དེའི་བུམ་པ་ལན་རེ་ཕུལ་ལ། མཐར་དཀྱིལ་འཁོར་གྱི་ཕྱོགས་མཚམས་རྣམས་སུ་བུམ་གདན་གྱི་སྟེང་དུ་བཞག །བུམ་པ་གཉིས་ལས་
༢༠༣མེད་ན་རྣམ་རྒྱལ་ལྷ་གྲངས་བཞིན་བསྐྱར་ཏེ་ཕུལ་ལ་མཐར་ཤར་ངོས་སུ་བཞག །ལས་བུམ་འབུལ་བའི་ཚེ་འཁྱིལ་པ་བཟླས་ལ་བདག་དང་དཀྱིལ་འཁོར་པ་རྣམས་ཀྱི་བར་ཆད་ཐམས་ཅད་སྲུང་དུ་གསོལ་ཞེས་བརྗོད་དེ་ཕྱིའི་བྱང་ཤར་ལ་ཉེ་བར་བཞག་གོ །དངོས་གཞིའི་ཉིན་པར་དཀྱིལ་འཁོར་ལ། །སྤྱི་དང་སོ་སོའ་མཆོད་པ་རྣམས། །རྡུལ་ཚོན་ལྟར་ན་ཟླུམ་པོ་དང་། །རས་བྲིས་ལྟར་ན་གྲུ་བཞིར་བཤམ། །འདས་དང་འཇིག་རྟེན་སྔོན་འགྲོ་དང་། །ཕྱི་རོལ་གཏོར་མ་མཆོད་སོགས་བཅས། །སློབ་མ་དབང་བསྐུར་བྱེད་དགོས་ན། །དེ་ལ་དགོས་པའི་མཎྜལ་དང་། །མིག་རས་མེ་ཏོག་གུ་གུལ་ཏིལ། །རིགས་དྲུག་མཆོད་པ་དབུ་རྒྱན་དང་། །རྡོར་དྲིལ་མིག་ཐུར་མེ་ལོང་དང་། །འབུད་དུང་འཁོར་ལོ་པུ་སྟི་དང་། །མདའ་གཞུ་སྣམ་སྦྱར་བདུད་རྩི་སོགས། །ཉེར་མཁོ་ཐམས་ཅད་ཚོགས་བྱའོ། །དྲུག་པ་སྒྲུབ་ཅིང་མཆོད་པ་ནི་ཕྱི་འཕྲད་དམ་ཇི་ལྟར་འོས་པའི་དུས་སུ་སློབ་དཔོན་སྟན་ལ་འདུག །སྔོན་འགྲོ་རྣམ་གསུམ་ནས་བརྩམས་ཏེ་བཟླས་པའི་རྗེས་ཀྱི་གསོལ་གདབ་ཀྱི་བར་སྟ་གོན་གྱི་སྐབས་ཇི་ལྟ་བ་བཞིན་བྱས་ལ། དཀྱིལ་འཁོར་བསྡུ་བའི་ཚེ་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། ལྷ་མོ་བརྒྱད་ཞལ་བརྒྱད་ལ་ཐིམ་ཞེས་བརྗོད། དེ་ནས་མདུན་བསྐྱེད་བསྒྲུབ་པ་ནི། །བྲིས་ལ་བདག་ཉིད་བསྲེས་བྱས་ལ། །མངལ་འབྱིན་སྟ་གོན་དམ་ཡེ་བསྲེ། །དེ་ལ་ཡེ་ཤེས་སྤྱན་དྲངས་པས། །རྟེན་ལ་དྲུག་དང་འཁོར་ལ་ལྔ། །གཙོ་བོ་དྲུག་བསྲེས་བསྡུས་པའི་ལུགས། །ཞེས་ཏེ་རྟེན་གྱི་བསྐྱེད་ཆོག་མི་དགོས་པར་བྲིས་པ་ཙམ་ལ། བདག་
༢༠༤མདུན་འོག་ནས་འབྱུང་བ་ལྟར་བསྲེས་ལ་མངལ་འབྱིན་མན་ཆད་འདྲ་བར་བྱས་ན་བསྡུས་པར་འགྱུར་རོ། །བྲས་དང་བསྐྱེད་དང་བདག་ཉིད་བསྲ། །མངལ་འབྱིན་སྟ་གོན་དམ་ཡེ་དང་། །ཡེ་ཤེས་བསྲེས་པས་ལྷ་འདྲ་ཡང་། །རྟེན་ལ་བདུན་བསྲེས་འབྱུང་ཕྱིར་རྒྱས། །ཞེས་ཏེ་དེའི་སྒྲུབ་ཚུལ་ནི། བྲིས་པའི་དཀྱིལ་འཁོར་བསང་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཞེས་སོགས་ཀྱིས་ཐུན་མོང་བའི་སྲུང་འཁོར་བསྐྱེད་པ་ནས། ཐགས་ཟངས་རིས་དུད་ཀ་རྣམས་འགྱེལ་ཞིང་གདོང་གྱེན་དུ་ཕྱོགས་པའི་གདན་ཞེས་པའི་བར་གོང་སྟ་གོན་གྱི་སྐབས་ལྟར་བྱས་ལ། དེ་ནས་བདག་གིས་བསྒོམས་པའི་སྲུང་བའི་འཁོར་ལོ་དང་མདུན་བསྐྱེད་ཀྱི་སྲུང་བའི་འཁོར་ལོ་གཉིས་སུ་མེད་པར་གྱུར། བདག་གིས་བསྒོམས་པའི་དུར་ཁྲོད་བརྒྱད་དང་མདུན་བསྐྱེད་ཀྱི་དུར་ཁྲོད་བརྒྱད་གཉིས་སུ་མེད་པར་གྱུར། བདག་གིས་བསྒོམས་པའི་གཞལ་ཡས་ཁང་གདན་དང་བཅས་པ་དང་མདུན་བསྐྱེད་ཀྱི་གཞལ་ཡས་ཁང་གདན་དང་བཅས་པ་གཉིས་སུ་མེད་པར་གྱུར། རང་དཀྱིལ་འཁོར་གྱི་དབུས་སུ་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཡུམ་གྱི་མཁའ་མི་དམིགས་ཏེ་ཞེས་སོགས་སྒྲུབ་ཐབས་བཞིན་ལས་ཡུམ་གྱི་མཁར་བབ་པས་ཐིག་ལེ་ཆ་གཉིས་སུ་གྱུར། ཆ་གཅིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ། རྟ་བབས་བཞིས་མཛེས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་སྲུང་བའི་འཁོར་ལོ་དང་བཅས་པར་གྱུར། ཆ་གཅིག་ཆ་དགུར་གྱུར་པ་གདན་སོ་སོའ་སྟེང་དུ་
༢༠༥རིམ་པ་བཞིན་དུ་འཁོད་པ་ནི། དབུས་ཀྱི་ཐིག་ལེ་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ་ཞེས་པ་ནས་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ་ཞེས་པའི་བར་དང་། ཤར་གྱི་ཐིག་ལེ་གཽ་རཱི་ནག་མོ་ཞེས་སོགས་དང་། ལྷོའི་ཐིག་ལེ་ཙཽ་རཱི། ནུབ་ཀྱི་ཐིག་ལེ་བེ་ཏཱ་ལཱི། བྱང་གི་ཐིག་ལེ་གྷསྨ་རི། བྱང་ཤར་གྱི་ཐིག་ལེ་པུཀྐ་སི། ཤར་ལྷོའི་ཐིག་ལེ་རི་ཁྲོད་མ། ལྷོ་ནུབ་ཀྱི་ཐིག་ལེ་གདོལ་པ་མོ། །ནུབ་བྱང་གི་ཐིག་ལེ་གཡུང་མོ་ཁ་དོག་སྣ་ཚོགས་པ་ཞེས་སོགས་ནས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་གྱིས་གསལ་བཏབ་པའམ་མི་ནུས་ན་ལྷ་རྣམས་ཀྱི་མིང་བརྗོད་པ་ཙམ་བྱའོ། །དེ་ནས་མཁའ་ནང་གི་གཙོ་བོ་ཡབ་ཡུམ་དཔག་ཏུ་མེད་པ་སྤྲོས། ནམ་མཁའི་ཁམས་ཐམས་ཅད་ཁྱབ། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དང་རྣམ་པར་ཤེས་པའི་ཕུང་པོ་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས་རང་ལ་ཐིམ་པ་ནི་རང་ཉིད་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞེས་པ་རྣམས་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་བརྗོད། དེ་བཞིན་དུ་མཁའ་ནང་གི་གཽ་རཱི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་དང་གཟུགས་ཀྱི་ཕུང་པོ་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། ཚུར་འདུས་ཤར་དུ་ཚངས་པའི་གདན་ལ་འཁོད་པ་ནི། གཽ་རཱི་ནག་མོ་གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་འཛིན་པ། མཁའ་ནང་གི་ཙཽ་རཱི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ང་རྒྱལ་དང་སེར་སྣ་དང་ཚོར་བའི་ཕུང་པོ་སྦྱངས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས་ལྷོར་དབང་པོའ་གདན་ལ་འཁོད་པ་ནི། ཙཽ་རཱི་དམར་
༢༠༦མོ་ཞེས་སོགས་ཞལ་ཕྱག་ཀུན་ལ་གསལ་བཏབ། མཁའ་ནང་གི་བེ་ཏ་ལཱི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་འདུ་ཤེས་ཀྱི་ཕུང་པོ་སྦྱངས། སོ་སོར་རྟོག་པའི་ཡེ་ཤེས་ལ་བཀོད། ཚུར་འདུས་ནུབ་ཏུ་ཉེར་དབང་གི་གདན་ལ་འཁོད་པ་ནི་བེ་ཏཱ་ལི་སེར་མོ་སོགས་དང་། མཁའ་ནང་གི་གྷསྨ་རཱི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ཕྲག་དོག་དང་འདུ་བྱེད་ཀྱི་ཕུང་པོ་སྦྱངས། བྱ་བ་གྲུབ་པའི་ཡེ་ཤེས་ལ་བཀོད། ཚུར་འདུས་བྱང་དུ་དྲག་པོའ་གདན་ལ་འཁོད་པ་ནི། གྷསྨ་རཱི་ལྗང་གུ་སོགས་དང་། མཁའ་ནང་གི་པུཀྐ་སི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སའི་ཁམས་སྦྱངས། བྱམས་པ་ཚད་མེད་པ་ལ་བཀོད། ཚུར་འདུས་བྱང་ཤར་དུ་གཤིན་རྗེའི་གདན་ལ་འཁོད་པ་ནི། པུཀྐ་སཱི་སྔོན་མོ་ཞེས་སོགས་དང་། མཁའ་ནང་གི་རི་ཁྲོད་མ་དཔག་ཏུ་མེད་པ་སྤྲོས། །སེམས་ཅན་ཐམས་ཅད་ཀྱི་ཆུའི་ཁམས་སྦྱངས། སྙིང་རྗེ་ཚད་མེད་པ་ལ་བཀོད། ཚུར་འདུས་ཤར་ལྷོར་ནོར་བདག་གི་གདན་ལ་འཁོད་པ་ནི་རི་ཁྲོད་མ་དཀར་མོ་ཞེས་སོགས་དང་། མཁའ་ནང་གི་གདོལ་པ་མོ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་མེའི་ཁམས་སྦྱངས། དགའ་བ་ཚད་མེད་པ་ལ་བཀོད། ཚུར་འདུས་ལྷོ་ནུབ་ཏུ་སྲིན་པོའ་གདན་ལ་འཁོད་པ་ནི་གདོལ་པ་མོ་སྔོན་མོ་ཞེས་སོགས་དང་། མཁའ་ནང་གི་གཡུང་མོ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་རླུང་གི་ཁམས་སྦྱངས། བཏང་སྙོམས་ཚད་མེད་པ་ལ་བཀོད། ཚུར་འདུས་ནུབ་བྱང་དུ་ཐགས་བཟང་རིས་ཀྱི་གདན་ལ་འཁོད་པ་ནི་གཡུང་མོ་ཁ་དོག་སྣ་ཚོགས་པ་ཞེས་པ་ནས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་
༢༠༧བཞུགས་པའོ་ཞེས་པའི་བར་དང་། མཁའ་ནང་གི་གཞལ་ཡས་ཁང་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་མ་དག་པ་སྣོད་ཀྱི་འཇིག་རྟེན་སྦྱངས། དག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྟོགས་པ་ལ་བཀོད། ཚུར་འདུས་མདུན་བསྐྱེད་ཀྱི་གཞལ་ཡས་ཁང་ལ་ཐིམ། མཁའ་ནང་གི་དུར་ཁྲོད་བརྒྱད་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་རྟོག་སྦྱངས། སྒྱུ་མ་ལ་སོགས་པའི་དཔེ་བརྒྱད་རྟོགས་པ་ལ་བཀོད། ཚུར་འདུས་མདུན་བསྐྱེད་ཀྱི་དུར་ཁྲོད་བརྒྱད་ལ་ཐིམ། མཁའ་ནང་གི་སྲུང་བའི་འཁོར་ལོ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་བར་དུ་གཅོད་པ་ཐམས་ཅད་སྦྱངས། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། ཚུར་འདུས་མདུན་བསྐྱེད་ཀྱི་སྲུང་བའི་འཁོར་ལོ་ལ་ཐིམ། ཞེས་བརྗོད་དེ་རྐང་ཐོན་དུ་སྤྲོ་བའོ། །བྱུང་རྫོགས་སུ་སྤྲོ་ན་མངལ་དུ་དཀྱིལ་འཁོར་བསྐྱེད་ནས། མཁའ་ནང་གི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡུམ་གྱི་བྷ་ག་ནས་ཕྱིར་སྤྲོས། ནམ་མཁའི་ཁམས་ཐམས་ཅད་ཁྱབ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཚུར་འདུས་མདུན་བསྐྱེད་ཀྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་གྱུར་པར་བསམ་མོ། །ཡང་ན་གཞན་རྣམས་གོང་བཞིན་ལས། རང་ཉིད་ཤར་གྱི་སྒོ་ཁང་དུ། གཙོ་བོ་ཡབ་ཡུམ་རྣལ་འབྱོར་གྱིས། །གནས་པས་མངལ་འབྱིན་བྱས་ཀྱང་རུང་། །དེ་ཚེ་གཙོ་བོ་ལྔ་བསྲེས་འགྱུར། །ཞེས་ཏེ་ཆོ་ག་གོང་འོག་གཞན་ཐམས་ཅད་འདྲ་བ་ལས། བདག་མདུན་བསྲེ་བའི་ཚེ་རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་
༢༠༨ཕྱིན་པའི་དམིགས་པ་དོར་ནས། དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོ་ཁང་དུ་གཙོ་བོ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་བྱིན་རླབས་མན་གོང་དུ་བཤད་པ་བཞིན་བྱས་ལ་གཙོ་བོ་མངལ་འབྱིན་བྱས་པའི་རྗེས་སུ་ཚུར་འདུས་དབུས་སུ་གདན་གྱི་སྟེང་དུ་འཁོད་པ་ནི། ཞེས་སོགས་ཀྱིས་གསལ་གདབ། འོག་ཏུ་རང་དཀྱིལ་འཁོར་གྱི་གཙོ་བོ་ལས་ཧེ་རུ་ཀར་བྱེ་བའི་དམིགས་པ་དོར་ལ་ཤར་སྒོར་གནས་བཞིན་པ་དེ་ཉིད་ཀྱིས་མཆོད་པ་འབུལ་བ་སོགས་ལ་འཇུག་པ་ནི་ལུགས་གཅིག་སྟེ་ལས་ཀྱི་སློབ་མས་སྒྲུབ་མཆོད་བྱེད་ན་འདི་ལྟར་བྱས་པ་བདེའོ། །དེ་ནས་ལྷ་དེ་ཐམས་ཅད་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་མ་ཞེས་སོགས་ནས་ཐུགས་ཀར་ཐུགས་རྡོ་རྗེ་མ་ཞེས་པའི་བར་དུ་བརྗོད་ལ། དངོས་གཞི་དང་པོའ་ཚེ་ལག་པས་རྡོ་རྗེ་གསོར་ཞིང་། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་སྟ་གོན་གྱི་ལྷའི་ཕྱི་འབྲང་གི་བགེགས་ཐམས་ཅད་བསྐྲད་པར་བསམས་ལ། ངག་ཏུ་ཨཱཥྚཱ་བཟླ། སྟ་གོན་གྱི་ལྷ་ནམ་མཁར་བཞུགས་པ་ལ། ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་ཞེས་སོགས་ལན་ཅིག་སྔོན་དུ་འགྲོ་བའི། ༀ་ནཱི་རི་ཞེས་སོགས་ཆུ་བཞི་ཙམ་ཕུལ་ལ། གཽ་རཱི་ལ་སོགས་པའི་སྔགས་རྒྱས་དགུག་གཞུག་བྱ་སྟེ། འདི་དངོས་གཞི་གཉིས་པ་མན་ཆད་ལ་མི་དགོས་སོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས་གོང་ལྟར་ཆུ་བཞིས་མཆོད་ལ། གོ་རཱི་ལ་སོགས་པས་དགུག་གཞུག་བྱའོ། །སླར་ཡང་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་ལྷ་སྤྱན་དྲངས་པ་དེ་ལ་མཆོད་པ། དབང་བསྐུར་ཞིང་རིགས་ཀྱི་བདག་པོའ་རྒྱས་གདབ་པ་རྣམས་ལྷ་སྟ་
༢༠༩གོན་བཞིན་བྱ། དེ་ནས་ལྷ་རྣམས་ལ་དམིགས་ལ། ཧཱུྃ་ཤྲཱི་ཧེ་བཛྲ་ༀ་ཤྲཱི་བཛྲ་ཧེ་རུ་ཀ་ཞེས་སོགས་ཡིག་བརྒྱ་ཅི་རིགས་བཟླ། དེ་བཞིན་དུ། ནཾ་ནཻ་རཱཏྨ་ༀ་ཤྲཱི་བཛྲ་ཞེས་སོགས་དང་། གཾ་གཽ་རཱི་ཨཾ་ཤྲཱི་བཛྲ བཾ་བཻ་ཏཱ་ལི་ༀ་ཤྲཱི་བཛྲ གྷྃ་གྷསྨ་རཱི་ༀ་ཤྲཱི་བཛྲ པཾ་པུཀྐ་སཱི་ༀ་ཤྲཱི་བཛྲ ཤཾ་ཤ་ཝ་རཱི་ༀ་ཤྲཱི་བཛྲ ལཾ་ཙཎྜ་ལཱི་ༀ་ཤྲཱི་བཛྲ ཌཾ་ཌམྦི་ནཱི་ༀ་ཤྲཱི་བཛྲ་ཧེ་རུ་ཀ་ཞེས་སོགས་ཅི་རིགས་བཟླས་པའི་རྗེས་སུ་རྡོ་རྗེ་ཐལ་མོ་སྦྱར་ལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་པའི་མཐར་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ཐུགས་ཀ་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་བྱེ་སྟེ། ཤར་ཕྱོགས་ཀྱི་སྒོ་ཁང་དུ་འཁོད་པར་གྱུར་ཞེས་བརྗོད། དེ་ནས་མཆོད་པ་བྱིན་རླབས་ནས་བརྩམས་ཏེ། ཆུ་བཞི་ཉེར་སྤྱོད་གོས་ཟུར་ནང་མཆོད་ཡིད་བྱུང་བསྟོད་ཐུང་བསྟོད་རིང་རྣམས་སྟ་གོན་གྱི་སྐབས་སུ་བཤད་པ་བཞིན་བྱས་ལ་རང་གི་ལྕེ་བདུད་རྩི་མྱངས་ཏེ། ༀ་ཨཱཿཧཱུྃ། ཞེས་བརྗོད་པས་སྙིང་གའི་ཧཱུྃ་ལྷ་ཐམས་ཅད་ཀྱི་ངོ་བོ་མཉེས་པར་བསམ་ཏེ་འདི་མ་ཆད་པ་གལ་ཆེའོ། །དེ་ནས་སྒྲུབ་གྲོགས་གཅིག་ཨཱཥྚཱ་བཟླ་ཞིང་དཀྱིལ་འཁོར་བསྲུང་དུ་བཅུག་ལ། རང་ཉིད་གྲོགས་དང་བཅས་པས་སྒྲུབ་ཁང་གི་ཕྱིའམ། དཀྱིལ་འཁོར་དང་ཡོལ་བས་བར་དུ་ཆོད་པའི་སར་ཕྱིན་ལ། ཇི་ལྟར་འོས་པའི་སྟེགས་ལ་གཏོར་མ་གཅིག་དང་། དེའི་གཡས་སུ་ཆུ་བཞི་དང་། གཡོན་དུ་ཉེར་སྤྱོད་ལྔ་མདུན་ནས་རྒྱབ་ཏུ་སྒྲེང་ཚར་དུ་བཤམས། མདུན་དུ་ནང་མཆོད་ཀྱང་བཤམས་ལ། གཏོར་མ་ཆབ་ཀྱིས་བྲན་ཏེ་རྡོ་རྗེ་དྲིལ་བུ་དང་བཅས་པས་གཏོར་མ་ནང་
༢༡༠མཆོད་ལྟར་བྱིན་གྱིས་བརླབ་ལ། གཏོར་མའི་སྟེང་གི་ནམ་མཁར་ཨེ་ཨེ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་སུམ་བརྩེགས་ཀྱི་ནང་དུ་པཾ་པཾ་པཾ་ལས་པདྨ་འདབ་མ་བརྒྱད་པ་རེ་རེ། སྟེང་གི་ཆོས་འབྱུང་ལ་གནས་པའི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ་ༀ་དགུ་ཡོངས་སུ་གྱུར་པ་ལས་དབུས་སུ་སྐུ་རྡོ་རྗེ་སོགས་དང་། བར་གྱི་ཆོས་འབྱུང་ལ་གནས་པའི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ་ཧཱུྃ་དགུ་ཡོངས་སུ་གྱུར་པ་ལས་དབུས་སུ་ཐུགས་རྡོ་རྗེ། ཤར་དུ་བརྒྱ་བྱིན་སོགས་དང་། འོག་གི་ཆོས་འབྱུང་ལ་གནས་པའི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ་ཨཱཿདགུ་ཡོངས་སུ་གྱུར་བ་ལས་དབུས་སུ་གསུང་རྡོ་རྗེ་ཞེས་སོགས་ནས་དབང་བསྐུར་བའི་བར་སྔར་དང་འདྲ་བ་ལས། སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་ལ་རྣམ་པར་སྣང་མཛད། ཐུགས་རྡོ་རྗེ་ཕྱོགས་སྐྱོང་བརྒྱད་དང་བཅས་པ་ལ་མི་བསྐྱོད་པ། གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་དང་བཅས་པ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་ཞེས་པའི་མཐར། ༀ་ནཱི་རི་ཞེས་སོགས་ཀྱིས་ཆུ་བཞི་དང་། ༀ་ཨིནྟ་ཛ་མ་ཞེས་སོགས་ཀྱིས་གཏོར་མ་ཕུལ་ལ། མཆོད་པ་ནས་བར་ཆད་ཐམས་ཅད་སྲུང་བ་དང་སྟོང་གྲོགས་མཛོད་ཅིག །ཅེས་པའི་བར་སྔོན་འགྲོའི་གཏོར་མའི་སྐབས་བཞིན་བརྗོད། དེ་ནས་དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ལ། རྡོ་རྗེའི་གླུ་བཀྲ་ཤིས་སྨོན་ལམ་རྣམས་བྱ། དེའི་ཚེ་སྒྲུབ་གྲོགས་ཀྱིས་ཞལ་ཟས་ནས་བརྩམས་ཏེ་འཐོར་འཐུང་གི་བར་གྱི་མཆོད་པ་རྣམས་གཡས་སྐོར་གྱི་རིམ་པས་གཏོར་སྣོད་དུ་བསྡུ་ལ། སློབ་དཔོན་གྱིས་མཆོད་ཡོན་གྱི་ཕྱག་རྒྱ་དང་། ༀ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀ་ཝཱན་ཨ་པ་ན་ཡ་ཧཱུྃ་ཞེས་བརྗོད། དེའི་ཚེ་སློབ་མས་མཆོད་ཡོན་གྱི་ཆུ་གཏོར་སྣོད་ལ་བསྐོར་ཏེ་ལྷག་མ་གཏོར་མ་འགྲོ་ཕྱོགས་
༢༡༡སུ་བསྒྲེང་ལ། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། ཤ་ཤྭ་ཏོ་མེ་བྷ་ཝ། ཧྲྀ་ད་ཡམྨེ་ཨ་དྷི་ཏིཥྛ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་གུར་ནས་འབྱུང་བའི་ཡི་གེ་བརྒྱ་པའི་མཐར་མུཿཞེས་དང་ལག་པ་གཡས་ས་ལ་རེག་པས་གཏོར་མགྲོན་སྒྲུབ་ཁང་གི་ཕྱོགས་མཚམས་རྣམས་སུ་གཤེགས་པར་བསམས་ཤིང་། སྒྲུབ་མཆོད་རྗེས་མའི་ཉིན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་ཞེས་བརྗོད། གང་ལྟར་ཡང་ༀ་ཨཱཿཧཱུྃ་ཞེས་པས་རང་དང་སྒྲུབ་གྲོགས་ཀྱི་གནས་གསུམ་བསྲུངས་ལ། གཏོར་མ་རོལ་མོ་དང་བཅས་པས་གཙང་སར་བསྐྱལ་ཏེ། ཨཱཥྚཱ་བཟླ་ཞིང་རོལ་མོ་རྒྱུན་ཆགས་དང་བཅས་པས་སློབ་དཔོན་གྱིས་རྟིང་མནན་ནས་ནང་དུ་ལོག་སྟེ་ཡི་གེ་བརྒྱ་པ་བཟླ་ཞིང་ཤོང་ན་དངོས་སུ་དཀྱིལ་འཁོར་ལ་བསྐོར་བ་གསུམ་མམ་བདུན་ལ་སོགས་པ་བྱ། མི་ཤོང་ན་འདོད་སྣམ་གྱི་སྟེང་ནས་བྱས་པར་བསམས་ལ། མཐར་དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་སྦྱར་ཏེ། བདག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། ཏིང་ངེ་འཛིན་མི་གསལ་བ་དང་། བྱིང་བ་དང་རྒོད་པའི་དབང་དུ་གྱུར་པ་དང་ཆོ་ག་ལྷག་ཆད་དུ་གྱུར་པ་དང་། མཆོད་པའི་ཡོ་བྱད་མ་འབྱོར་པ་དང་ཉམས་པ་ལ་སོགས་པ་དཀྱིལ་འཁོར་ཆེན་པོ་བསྒྲུབ་བ་ལ་སྐྱོན་དུ་གྱུར་པ་གང་ལགས་པ་དེ་དག་ཐམས་ཅད་བཟོད་པར་མཛད་དེ་ལྷག་ཆད་ཁ་སྐོང་བར་མཛད་དུ་གསོལ་ཞེས་བརྗོད་ཅིང་།
༢༡༢རྡོར་དྲིལ་འཛིན་བཞིན་པས་ཕྱག་བྱས་ནས་གྲལ་ལ་འདུག་གོ །གལ་ཏེ་རབ་གནས་རྟེན་ཡོད་ན། །སྐབས་འདིར་རབ་གནས་སྟ་གོན་བྱ། །ཕྱི་དྲོའི་དུས་སུ་བདག་འཇུག་བླང་། །སང་ཉིན་སྔ་བར་དཀྱིལ་འཁོར་གྱི། །སྒྲུབ་མཆོད་བྱས་ཏེ་རབ་གནས་དང་། །གྲུབ་ན་རྒྱས་པའི་སྦྱིན་སྲེག་བྱ། །ཕྱི་མ་རེད་དུས་སུ་བདག་འཇུག་དང་། །སློབ་མ་དབང་བསྐུར་སོགས་བྱའོ། །རབ་གནས་སྦྱིན་སྲེག་སོགས་མེད་ན། །སྐབས་འདི་ཉིད་དུ་བདག་འཇུག་དང་། །སློབ་མ་དབང་བསྐུར་ལ་སོགས་བྱ། །དངོས་གཞི་གཉིས་པ་མན་ཆད་ནས། །སྐབས་འདིར་བུམ་བསྐྱེད་སྔར་བཞིན་དུ། །བྱས་ཏེ་བདག་འཇུག་སོགས་བྱའོ། །བདུན་པ་འཇུག་ཅིང་དབང་བླང་བ་ལ་ཐོག་མར་བདག་ཉིད་འཇུག་པ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་ཞེས་བརྗོད། ལས་བུམ་གྱི་ཆུས་ཁ་བཤལ་ལ། མདུན་བསྐྱོད་ཀྱི་གཙོ་བོ་དེ་རང་གི་རྩ་བའི་བླ་མར་མོས་ཏེ། བླ་མས་མཛད་དགོས་པ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་དང་། དབང་རྫས་འགྲིམ་པ་རྣམས་དེའི་ཐུགས་ཀ་ནས་བྱཻ་བའི་ཧེ་རུ་ཀ་ཞིག་གིས་མཛད་པར་བསམས་ཤིང་དངོས་སུ་ཐམས་ཅད་རང་ཉིད་ཀྱིས་བྱས་ལ། དཀྱིལ་འཁོར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའ་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་
༢༡༣བདག་ཀྱང་བདག་ལ་སྩལ། །ཐར་པ་ཆེན་པོའ་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་བརྗོད། སྡོམ་པ་བསྒྲག་པ་བདག་འཇུག་གི་སྐབས་སུ་མཛད་པའི་ཕྱག་ལེན་ཡང་སྣང་བས་དེ་བཞིན་བྱེད་པར་སྤྲོ་ན། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བྱ་སྟེ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སུ་བཤད། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་བཟུང་། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱོས། །དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླ་བར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །
༢༡༤མ་བྱིན་པར་ཡང་མི་བླང་ངོ་། །འདོད་ལ་ལོག་པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བྱར་བྱ། །སེམས་ཅན་དོན་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་ཀུན་བསྙེན་བསྐུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་བསྐྱང་། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤང་། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཅེས་ལན་གཅིག་བསྒྲག །འདི་བདག་འཇུག་གི་ཚེ་མ་བྱས་ཀྱང་རུང་ངོ་། །དེ་ནས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྒྱུན་བཤགས་ལན་གསུམ་དང་། །སྲས་བཅས་སངས་རྒྱས་ཐམས་ཅད་དང་། །ཞེས་སོགས་རིགས་ལྔའི་སྡོམ་གཟུང་ལན་གསུམ་བྱས་ལ། ཨཱ་ཁཾ་ཝི་ར་ཧཱུྃ་ཞེས་པས་མིག་རས་འཆིང་ཚུལ་བྱ། སྔགས་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས། གཙོ་བོའ་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་པའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་དབང་ལེན་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་བསམས་ལ། ཨ་མྲྀ་ཏ་བཟླ་ཞིང་ལས་བུམ་གྱི་ཆུས་གཏོར། བུ་ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་དང་། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་པས་དྲིས་ལན་དང་པོ་དང་།
༢༡༥དེ་ཡིས་སུ་ལ་ཅི་ཞིག་བྱ་ཞེས་དང་། །སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་དྲིས་ལན་གཉིས་པ་བྱས་པར་བསམས་ལ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པར་གྱུར། །ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡ་མཱི། ཞེས་དང་། སྙིང་གར་རྡོ་རྗེ་བཞག་ལ། སུ་ར་ཏི་ས་མ་ཡ་སྟྭཾ་ཧོ། །སིདྡྷི་བཛྲ་ཡ་ཐཱ་སུ་ཁཱཾ་ཞེས་བརྗོད། གསང་བར་གདམས་པ་ནི་རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་རབ་ཏུ་ཞུགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་བརྗོད། །ཧཱུྃ་ཛཿཧཱུྃ་ཞེས་པའམ་ཛཿཧཱུྃ་བཾ་ཧོ། །ཞེས་པས་གཙོ་བོའ་དྲུང་དུ་བཞག་པར་བསམས་ལ་དཀྱིལ་འཁོར་ལ་མགོ་དུད་ཙམ་བྱ། ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི་རྡོ་རྗེ་སྤྱི་བོ་དང་། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱའི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ་ཞེས་བརྗོད། ཉེས་དམིགས་ཀྱི་སྒོ་ནས་དམ་པ་བཞག་པ་ནི་རྡོ་རྗེ་སྙིང་ག་དང་། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་དང་། སླར་ཡང་སྤྱི་བོར་རྡོ་རྗེ་བཞག་སྟེ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ་གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་
༢༡༦འདིས་ཁྲོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། །ཞེས་བརྗོད། གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི་རྣམ་རྒྱལ་གྱི་ཆུ་དུང་ཆོས་སུ་བླུགས་པའམ། བདག་འཇུག་གི་སྐབས་འདིར་ནང་མཆོད་ནས་མྱང་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ། ཞེས་བརྗོད། བླ་མའི་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི་རྡོ་རྗེ་སྤྱི་བོ་དང་། །དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི་ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་ཁྱེད་ཀྱིས་བྱ་དགོས་སོ། །ང་ལ་ཡང་བརྙས་པ་མ་བྱེད་ཅིག །བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཏེ་རེ་ཞེས་པས་དམ་ལ་བཞག །མཎྜལ་གླིང་བཞི་རི་རབ་ཅེས་སོགས་ནས་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཞེས་སོགས་བརྗོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ཞེས་ལན་གསུམ་བརྗོད་ལ། རང་ཉིད་ཧེ་རུ་ཀར་གསལ་བའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་གདུངས་པ་ལྟ་བུ་ཆང་ཟུང་ཐུར་དུ་བསྟན། མཆོག་མ་གཉིས་གྱེན་དུ་བསྟན་པ་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྐང་པ་གཉིས་བགྲད་ནས་གནས་པའི་རྐང་མཐིལ་གཉིས་སུ་ཡི་གེ་ཛྷེཾ་ལྗང་གུ་དྲག་ཅིང་བཟོད་པར་དཀའ་བ་རྐང་པའི་བར་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། །སྙིང་གར་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ལྟེ་བ་ལ་ཧཱུྃ། མགྲིན་པར་པཾ་ལས་བྱུང་བའི་ཆུའི་
༢༡༧དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་ལ་ཨས་མཚན་པ། སྤྱི་བོར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་དུ་བ་འཁྲིགས་པ་ལྟ་བུ་ཧས་མཚན་པ། གཙོ་བོའ་ཐུགས་ཀ་ནས་འོད་ཟེར་འཕྲོས་པ། རྐང་འོག་གི་རླུང་ལ་ཕོག་པས་རླུང་གཡོས་ཏེ་སུམ་མདོའ་མེ་སྦར། རྐང་མཐིལ་གྱི་ཛྷཱིཾ་མེར་འབར་བ་ལོང་བུ་གཉིས་ནས་ཞུགས་སུམ་མདོའ་གནས་སུ་འཛོམ་སྟེ་དྲག་ཏུ་འབར་བས་སྙིང་གའི་ས་བསྲོས། མགྲིན་པའི་ཆུ་བསྐོལ་བའི་ཟེག་མ་སྙིང་གའི་སའི་སྟེང་དུ་བབ། དེ་ནས་རྐང་འོག་གི་རླུང་གིས་གྱེན་ལ་བཏེག །སྤྱི་བོའ་རླུང་གིས་ཐུར་ལ་མནན་ཏེ་བར་སྣང་དུ་ཡེད་ཡེད་ཡོད་པར་བསམས། དེའི་ཚེ་གཙོ་བོའ་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཁ་བ་ཆེན་པོ་བབ་པ་བཞིན་དུ་རང་གི་བ་སྤུའི་བུ་ག་རྣམས་ལ་སིབ་སིབ་ཐིམ་པར་བསམས་ལ། གཙོ་བོས་མཛད་པར་བསམས་ཤིང་རྡོ་རྗེ་དྲིལ་བུ་དཀྲོལ་ཏེ། ཧཱུྃ་ཨ་ཧ་ཛྷཻཾ་ཞེས་དང་། ཨ་ཝེ་ཤ་ཡ་སྟ་བྷ་ཡ་སྟྭྃ་བྷ་ཡ། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུྃ་ཨ་ཧ་ཛྷཱེཾ་ཞེས་མང་དུ་བརྗོད། བདག་འཇུག་གི་ཚེ་རྫས་ཀྱི་དུད་པ་དང་། སྤོག་ཆོག་མི་མཛད། བརྟན་པའི་ཕྱིར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ་ཏིཥྛ་བཛྲ་ཞེས་བརྗོད། དྲིལ་བུ་བཅད་གཏུབ་ཏུ་དཀྲོལ་ལ། དེ་བཞིན་གཤེགས་པ་ཀུན་གྱི་གནས། ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའ་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡེ་རིགས་ཀྱི་རིམ་པ་དང་། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་ལན་གསུམ་བརྗོད། ནམ་མཁའི་ཁ་དོག་བརྟགས་
༢༡༨དཀར་སེར་དམར་ནག་ལྗང་གུའམ་སྣ་ཚོགས་རྣམས་མཐོང་ན། ཞི་རྒྱས་དབང་དྲག་སྣ་ཚོགས་རྣམས་འགྲུབ་པོ་སྙམ་དུ་དྲན་པར་བྱས། དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ཞིང་། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། ཅེས་སོགས་ཀྱིས་བསྟོད་དེ། གཙོ་བོའ་དབུ་ལ་མེ་ཏོག་ཕུལ་བར་བསམས་ལ། ༀ་པྲ་ཏཱིཙྪ་བཛྲ་ཧོཿ། ཞེས་བརྗོད་ཅིང་དབུལ། ཧེ་རུ་ཀ་དེས། ༀ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ། ཞེས་མེ་ཏོག་ཕོག་པའི་ལྷ་ལ་ཞུས་པས་ལྷ་དེས་མེ་ཏོག་རང་གི་སྤྱི་བོར་བཞག་པར་བསམ་ཏེ། ༀ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བ་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ། ཞེས་པས་མིག་རས་བཀྲོལ་པར་བསམས་ལ། ཐར་པ་ཆེན་པོའ་གྲོང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱེད་ཀྱི་ཧེ་རུ་ཀ་།དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ང་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ཀྱང་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་དང་། ལྷ་ངོ་སྤྲད་པ་ཡང་བླངས་ཏེ་དཀྱིལ་འཁོར་བསྟན་པས་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་མཐོང་བར་མོས་ལ། བླ་མའི་ཞབས་ལ་ཕྱག་བྱས་པར་བསམ་ཏེ། །ༀ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ༀ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དེ་རིང་བདག་གིས་མཐོང་། །ༀ་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོཿཧོཿཧོཿཞེས་བརྗོད། མཎྜལ་གླིང་བཞི་རི་རབ་ཅེས་སོགས་ནས། རྡོ་རྗེ་
༢༡༩སློབ་མའི་དབང་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ་ཞེས་སོགས་དང་། བྱང་ཆུབ་རྡོ་རྗེ་སོགས་ལན་གསུམ་གྱིས་གསོལ་བ་བཏབ།དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་གྲུ་བཞི་པ། སྒོ་བཞི་པ་རྟ་བབས་བཞིས་མཛེས་པ་འདོད་སྣམས་ཕ་གུ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་མ་བཞི་བརྩེགས་པའི་གདན་གྱི་སྟེང་དུ་རང་ཉིད་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་རྡོ་རྗེ་བདག་མེད་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར་ཞེས་པ་ཙམ་མམ། སྤྲོ་ན་ཞལ་ཕྱག་རྫོགས་པར་གསལ་བཏབ། དེའི་གཡས་གཡོན་དུ་སྦྱར་བའི་ཡོ་བྱད་རྣམས་དང་། སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་ཀུན་དུ་དུང་དང་། འཕེན་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པའི་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པར་གྱུར་པར་བསམས་ལ། ༀ་ནཱི་རི་ཞེས་སོགས་གསུམ་དང་། ༀ་ཨཱརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་ཞེས་ཆུ་བཞིས་སྦྱངས་ལ། །བདག་གིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྡིག་པའི་ས་བོན་ཀཾ་ཡིག་གི་རྣམ་པས་སྣ་སྒོར་ཐོན་ནས་མདུན་ཏིལ་ལ་ཐིམ་པ། ཧེ་རུ་ཀས་མེར་བསྲེགས་ཤིང་ཆུར་དོར་བར་བསམས་པའམ། ཡང་ན་ཡུངས་ཀར་གྱིས་སྦྱངས་པར་བསམས་ལ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ། བཛྲ་ས་ཏྭ་སྱ། སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་བརྗོད་ཅིང་གཡས་པས་གཡས་དང་། གཡོན་པས་གཡོན་དང་། གཉིས་ཀས་གཡས་སུ་བསྐོར་ལ་མེ་དང་ཆུར་དོར་བར་བསམ། དེ་བཞིན་དུ། ༀ་ཧཱུྃ་ཌ་ཌི་ཏ་ཕཊ་ཅེས་བརྗོད་ལ་བསྐོར་ཞིང་བྱམས་ཏེ་གཉིས་ཀའང་ལན་གསུམ་གསུམ་བྱས་ནས་མེ་ཆུར་བཅུག་སྟེ་དོར་བར་བསམ་ལ། བདག་གི་བྱུར་དང་སྐལ་བ་ངན་པ་དང་། བཀྲ་མི་ཤིས་པ་ཐམས་ཅད་ཉེ་བར་
༢༢༠ཞི་བར་གྱུར་ཅིག །ཅེས་བརྗོད། དཀྱིལ་འཁོར་པ་རྣམས་ཀྱིས་བདག་ལ་བཀྲ་ཤིས་པར་བསམས་ལ། དྲིལ་བུ་བསིལ་ཞིང་མེ་ཏོག་གཏོར། སྒྲུབ་གྲོགས་ཀྱིས་རྣམ་རྒྱལ་བུམ་པ་བཏེགས་ཏེ། ཕུན་སུམ་ཚོགས་པ་ལ་སོགས་པའི་ཚིགས་བཅད་གསུམ་མམ། སྤྲོ་ན་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱང་བྱ་བར་གསུངས་པས་བོགས་ནས་འབྱུང་བ་ལྟར་བྱས་ལ། མཐར་བདག་ཅག་འཁོར་དང་བཅས་པ་རྣམས་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག་ཅེས་བརྗོད། དབང་དངོས་ལ་གཉིས། རྡོ་རྗེ་སློབ་མའི་དབང་ནི། ༀ་སྭ་བྷཱ་ཝ་སོགས་དང་། བདག་གི་རྣམ་པར་ཤེས་པའི་ཕུང་པོ་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་གཉིས་ཀའང་མི་བསྐྱོད་པ་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་གཡས་བརྒྱད་རྡོ་རྗེ། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀི་སྔོན་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་པ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་གཏི་མུག་རྡོ་རྗེ་མ་ཞེས་པ་ནས། ཐུགས་ཀར་ཐུགས་རྡོ་རྗེ་མ་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ཀྱེ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཞེས་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས། ཛཿཧཱུྃ་བ་ཧོཿ ཞེས་པ་ལན་གཉིས་སམ། སྤྲོ་ན་སོ་སོའ་སྔགས་རྒྱས་བསྟིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ།
༢༢༡ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མོ་དྲུག །ཁྲོ་བོ་བཅུ་དང་བཅས་པ་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷའི་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་ཞུ་བ་ལས་བྱུང་བའི་དབང་རྫས་རྣམ་རྒྱལ་བུམ་པའི་ཆུར་གྱུར། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། ཞེས་སོགས་ཀྱིས་གསོལ་བ་བཏབ་པས། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཞེས་སོགས་ནས། ༀ་བཛྲི་བྷ་ཝ་ཞེས་སོགས་གསུངས་ཤིང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པ་དང་བཅས་ཏེ་དབང་བསྐུར་བས། དབང་གི་ཆུ་རྒྱུན་དེས་སྨིན་མཚམས་ཡན་ཆད་གང་བུམ་པའི་དབང་ཐོབ། མགྲིན་པ་ཡན་ཆད་གང་གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་མཆོག་ཏུ་བདེ་བ་ཆེན་པོ་བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དེ་ལ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་པ་ནས་ནཻ་ཝཱི་དྱེ་ཨཱཿཧཱུྃ། ཞེས་པའི་བར་གྱིས་མཆོད། དེ་ལྟར་
༢༢༢ན་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་བསྐུར་བ་ཐོབ་ཅེས་པ་ནས་མི་བསྐྱོད་པའི་ས་བོན་རྒྱུད་ལ་བཞག །ཅེས་པའི་བར་ལམ་དུས་བཞིན་བརྗོད། དབང་ལྷ་སྤྱན་དྲངས་པ་དང་མི་བསྐྱོད་པའི་ཁྱད་ཆོས་རྣམས་དོར་བ་མ་གཏོགས་འོག་མ་རྣམས་ལའང་འདིའི་རིགས་འགྲེས་སྦྱར་ཏེ་ཤེས་པར་བྱའོ། །སྭ་བྷཱ་ཝ། བདག་གི་ཚོར་བའི་ཕུང་པོ་དང་དབང་རྫས་དབུ་རྒྱན་མི་དམིགས་ཏེ་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཨཱཾ་ལས་རིན་པོ་ཆེ་ཨཱཾ་གིས་མཚན་པ། །དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་གཉིས་ཀའང་རིན་ཆེན་འབྱུང་ལྡན་ཀྱེ་རྡོ་རྗེ་སྐུ་མདོག་སེར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་གཡས་བརྒྱད་རིན་པོ་ཆེ། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་ཞེས་སོགས་ནས།ཐུགས་ཀའི་ཨཱཾཿལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རིན་ཆེན་འབྱུང་ལྡན་ཀྱེ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་གོང་ལྟར་སྤྱན་དྲངས་ཏེ་སོ་སོ་ལ་བསྟིམ། འདི་ཡན་ཆད་ལ་ཆོ་ག་ཟོར་ཡང་བའི་ཕྱིར་དབང་ལྷ་སྤྱན་འདྲེན་གོང་གི་དེ་ཉིད་ལས་མི་མཛད་པས།དེ་བཞིན་གཤེགས་པ་སོགས་ཀྱིས་གསོལ་བ་བཏབ་ལ། བཛྲཱི་བྷ་ཝ་སོགས་ཀྱིས་དབང་རྫས་ཀྱི་ལྷའི་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྙོམས་པར་ཞུགས་ཞུ་བ་ལས་བྱུང་བའི་དབང་རྫས་དབུ་རྒྱན་དུ་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཞེས་སོགས་
༢༢༣ཀྱི་མཐར། རིན་ཆེན་དབང་བསྐུར་ཆེན་པོ་སྦྱིན། ༀ་བཛྲ་རཏྣ་མུ་ཀུ་ཊ། ཞེས་སོགས་ཀྱིས་དབུ་རྒྱན་བཅིངས་ཏེ་དབང་བསྐུར་བར་བསམ། ༀ་བཛྲཱི་བྷ་ཝ་ཞེས་སོགས་གསུངས་ཤིང་བུམ་པའི་ཆུས་ཀྱང་དབང་བསྐུར་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པུཥྤེ་སོགས་ལྔས་མཆོད། དེ་ལྟར་ན་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་ཅོད་པན་གྱི་དབང་ཐོབ། ཞེས་པ་ནས་རིན་ཆེན་འབྱུང་ལྡན་གྱི་ས་བོན་རྒྱུད་ལ་བཞག་ཅེས་པའི་བར་བརྗོད། སྭ་བྷཱ་ཝ བདག་གི་འདུ་ཤེས་ཀྱི་ཕུང་པོ་དང་དབང་རྫས་རྡོ་རྗེ་མི་དམིགས་ཏེ་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཛྷཱིཾ༔ལས་པདྨ་ཛྲིཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་གཉིས་ཀ་འོད་དཔག་མེད་ཀྱེ་རྡོ་རྗེ་སྐུ་མདོག་དམར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་གཡས་བརྒྱད་པདྨ། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་དམར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་གཏི་མུག་ཅེས་སོགས་ནས། ཐུགས་ཀའི་ཛྲི་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འོད་དཔག་མེད་ཀྱི་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ལ་བསྟིམ། དེ་བཞིན་གཤེགས་པ་སོགས་འདྲ། བཛྲཱི་བྷ་ཝ་སོགས་ཀྱིས་དབང་རྫས་ཀྱི་ལྷའི་སྤྱི་བོ་ནས་དབང་བསྐུར་འོད་དཔག་མེད་ཀྱིས་དབུར་བརྒྱན། དབང་རྫས་ཀྱི་འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར། དེ་བཞིན་གཤེགས་པ་སོགས་ཀྱིས་གསོལ་བ་བཏབ་པས།སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །ཞེས་སོགས་ནས་ཁྱོད་ཀྱིས་ལོངས། ༀ་མ་ཧཱ་བཛྲ་ཧཱུྃ། །
༢༢༤ཞེས་པས་ལག་པ་གཡས་སུ་རྡོ་རྗེ་བྱིན་པར་བསམ། བཛྲཱི་བྷ་ཝ་ཞེས་སོགས་ཀྱིས་ཆུའི་དབང་བསྐུར་འོད་དཔག་མེད་ཀྱིས་དབུར་བརྒྱན་པུཥྤེ་སོགས་ལྔས་མཆོད། དེ་ལྟར་ན་འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ། ཅེས་སོགས་ནས། འོད་དཔག་མེད་ཀྱི་ས་བོན་རྒྱུད་ལ་བཞག །ཅེས་པའི་བར་བརྗོད། སྭ་བྷཱ་ཝ། བདག་གི་འདུ་བྱེད་ཀྱི་ཕུང་པོ་དང་དབང་རྫས་དྲིལ་བུ་མི་དམིགས་ཏེ་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ། །དེ་ལས་འོད་ཟེར་འཕྲོས་ཡོངས་སུ་གྱུར་པ་ལས་གཉིས་ཀའང་དོན་ཡོད་གྲུབ་པ་ཀྱེ་རྡོ་རྗེ་སྐུ་མདོག་ལྗང་གུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་གཡས་བརྒྱད་རལ་གྲི། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ། ཞེས་སོགས་ནས། ཐུགས་ཀའི་ཁཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དོན་ཡོད་གྲུབ་པ་ཀྱེ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཏེ་སོ་སོ་ལ་བསྟིམ། དེ་བཞིན་གཤེགས་པ་སོགས་འདྲ། བཛྲཱི་བྷ་ཝས་དབང་རྫས་ཀྱི་ལྷའི་སྤྱི་བོ་ནས་དབང་བསྐུར། དོན་ཡོད་གྲུབ་པས་དབུར་བརྒྱན། དབང་རྫས་ཀྱི་དོན་ཡོད་གྲུབ་པ་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར། དེ་བཞིན་གཤེགས་པ་སོགས་ཀྱིས་གསོལ་བ་བཏབ་པས། ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཞེས་སོགས་ཀྱིས་དྲིལ་བུ་ལག་པ་གཡོན་དུ་བྱིན་པར་བསམས་ཏེ། བཛྲཱི་བྷ་ཝ་སོགས་ཀྱིས་ཆུའི་དབང་བསྐུར།དོན་ཡོད་གྲུབ་པས་དབུར་རྒྱན་པུཥྤེ་སོགས་ལྔས་མཆོད། དེ་ལྟར་ན་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཅེས་སོགས་ནས།
༢༢༥དོན་ཡོད་པའི་གྲུབ་པའི་ས་བོན་རྒྱུད་ལ་བཞག །ཅེས་པའི་བར་བརྗོད། སྭ་བྷཱ་ཝ། བདག་གི་གཟུགས་ཀྱི་ཕུང་པོ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་བྷྲཱུཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱེ་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་བརྒྱད། ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་གཡས་བརྒྱད་འཁོར་ལོ། །གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་ཞེས་སོགས་ནས། ཐུགས་ཀའི་བྷྲཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱེ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཏེ་བསྟིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་བསྐུར་བར་བསམ་ལ། ༀ་བཛྲ་ས་ཏྭ་སྟཾ། ཞེས་སོགས་ཀྱི་མཐར་རང་གི་གསང་མཚན་ནས་བརྗོད་དེ། ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་བརྗོད་ཅིང་རྡོ་རྗེ་དྲིལ་བུ་ལྷན་ཅིག་སྤྱི་བོར་དཀྲོལ། ཆུའི་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། པུཥྤེ་སོགས་ལྔས་མཆོད། དེ་ལྟར་ན་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་ཐོབ། ཅེས་པ་ནས། རྣམ་པར་སྣང་མཛད་ཀྱི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་བརྗོད། རིགས་ལྔ་པོ་དེ་དག་གི་ཕྱག་མཚན་རྣམས་རྡོ་རྗེ་གུར་ནས་འབྱུང་བ་ལྟར་གསལ་བཏབ་ཀྱང་རུང་ངོ་། །དེ་ནས། དངོས་ཀུན་གང་དང་གང་སྣང་བ། ཞེས་སོགས་བརྗོད་དེ།
༢༢༦ཆོས་ཅན་གྱི་སྣང་བ་གང་དང་གང་སྣང་བ་ཐམས་ཅད་ཐ་མལ་པ་མ་ཡིན་པར་ལྷག་པའི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་ཡིན་ནོ། །སྙམ་དུ་བསམ་མོ། །ༀ་སྭ་བྷཱ་ཝ། བདག་གི་ཕུང་པོ་ལྔའི་ཆོས་ཉིད་ལ་ཐ་མལ་དུ་འཛིན་པའི་རྣམ་རྟོག་མི་དམིགས་ཏེ་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་བདག་གི་ཕུང་པོ་ལྔའི་ཆོས་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་མཚན་མི་བསྐྱོད་པ་བཞིན་བསྐྱེད། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ། ཞེས་སོགས་ནས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཏེ་བསྟིམ། དེ་བཞིན་གཤེགས་པ་སོགས་ཀྱིས་གསོལ་བ་བཏབ་པས། བཛྲཱི་བྷ་ཝ་སོགས་ཀྱིས་ཆུའི་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དེ་ནས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ལྷ་ཉི་ཤུ་རྩ་བརྒྱད་ཀྱི་རང་བཞིན་དུ་གྱུར་པ། འདི་དེ་སངས་རྒྱས་ཐམས་ཅད་དེ། ཞེས་སོགས་སྔགས་དང་བཅས་པས་ལག་པ་གཡས་སུ་བྱིན་པར་བསམ་ལ། གསོལ་ཏེ་སྙིང་གར་བཟུང་བས། དེང་ཕྱིན་ཆད་ཐ་མལ་པའི་སྤྱོད་པ་ཐུལ་ལ། རྡོ་རྗེ་འཆང་ཆེན་པོའ་སྐུ་གསུང་ཐུགས་ཀྱི་རང་བཞིན་ལ་ཞུགས་པར་གྱིས་ཤིག །ཅེས་གསུང་བར་བསམ། རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། མི་ལྡོག་འཁོར་ལོའ་དབང་བསྐུར་བ། ཞེས་སོགས་ལན་གསུམ་
༢༢༧གྱིས་གསོལ་བ་བཏབ། རང་ཉིད་དབང་སྟེགས་ཀྱི་སྟེང་དུ་རྡོ་རྗེ་འཆང་ཆེན་པོའ་རྣམ་པས་འཁོད་པར་བསམས་ལ། འདི་དེ་སོགས་སྔགས་དང་བཅས་པས་གཡས་སུ་རྡོ་རྗེ་བྱིན་པ་སྙིང་གར་གཟུང་སྟེ།ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་སོགས་བརྗོད། རྡོ་རྗེ་འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་རིག་སྟོང་དབྱེར་མེད་ཀྱི་ངོ་བོ་མཚོན་པར་བྱེད་པ་ཡིན་ལ། རང་གི་སེམས་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ངེས་དོན་གྱི་རྡོ་རྗེ་ཡིན་ནོ་སྙམ་དུ་བསམ། དེ་ནས་ཨཿལས་བྱུང་བའི་དྲིལ་བུ་ལྷ་ཉི་ཤུ་རྩ་གསུམ་གྱི་རང་བཞིན་དུ་གྱུར་པ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཞེས་སོགས་ཀྱིས་ལག་པ་གཡོན་དུ་བྱིན་པ་དཀྲོལ་ཏེ། དཀུ་གཡོན་པར་ཁ་གྱེན་དུ་ཕྱོགས་པས་བཟུང་ལ། ཨཿསྲིད་པ་ངོ་བོ་ཉིད་ཀྱིས་དག །ཅེས་སོགས་བརྗོད་དེ། དྲིལ་བུ་འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་སྐྱེ་འགས་གནས་གསུམ་གྱིས་སྟོང་པ་མཚོན་པར་བྱེད་པ་ཡིན་ལ། རང་གི་ངག་སྲིད་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོན་པར་བྱེད་པའི་ངེས་དོན་གྱི་དྲིལ་བུ་ཡིན་ནོ་སྙམ་དུ་བསམ། དེ་ནས་རང་ཉིད་རྡོ་རྗེ་སེམས་དཔའ་བཤད་མ་ཐག་པ་ལྟར་རམ། ཕྱག་གཉིས་པ་གང་རུང་དུ་བསྒོམ་ནས་ཡན་ལག་བཞི་རྫོགས་མི་བྱེད་པར། ཤེས་རབ་བཅུ་དྲུག་ལོན་པ་ལ། །ཞེས་སོགས་རིམ་བཞིན་བརྗོད་པ་ཙམ་མམ་ཕྱག་ལེན་ལ། རང་ཉིད་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་ཐོད་པ་འཛིན་པ། ལོ་གྲངས་བཅུ་དྲུག་ལོན་པ་ལྟ་བུ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། མིག་ཏུ་ཞེས་སོགས་ནས།རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་ཡབ་ཡུམ་གྱི་རྣམ་པར་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས་ལ་བསྟིམ། ཤེས་རབ་བཅུ་དྲུག་སོགས་དང་། །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཞེས་སོགས་བརྗོད། ལག་པ་གཉིས་སྙིང་གར་བསྣོལ་ལ། སྲིད་པའི་
༢༢༨བདེ་བ་སོགས་བརྗོད་དེ། ཐ་མལ་པའི་བདེ་བ་ནི་མ་དག་པའོ། །སྲིད་པའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་རང་གི་ལྷག་པའི་ལྷའི་རྣལ་འབྱོར་བྱ་སྟེ་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ལོངས་སྤྱོད་ཅིག །ཐམས་ཅད་ལ་མཆོད་པ་གྱིས་ཤིག །འདིས་རྡོ་རྗེ་འཆང་ཆེན་པོ་ཁ་སྦྱོར་གྱི་སྐུ་ཐོབ་པ་ལས་མི་འདའ་འོ། །དེ་བས་ན་ཏིང་ངེ་འཛིན་འདི་ལ་གནས་པར་གྱིས་ཤིག །ཅེས་གསུང་བར་བསམས་ལ་དེ་བརྟན་པའི་ཆེད་དུ་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པའི་ཡོ་བྱད་སྣ་ཚོགས་དང་། ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པས་དབང་བསྐུར་བར་བསམས་ལ། རྣམ་རྒྱལ་བུམ་པ་ཐོགས་ཏེ།སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཞེས་སོགས་ནས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །ཅེས་པའི་བར་མི་བསྐྱོད་པ་ཆུ་དབང་གི་སྐབས་ལྟར་བརྗོད་ལ། ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ། སྤྲོས་པ་ལ་དགའ་ན་གོང་གི་སངས་རྒྱས་རྣམས་ནི་ཞེས་སོགས་ཀྱི་མཐར་བུམ་པ་སོ་སོས་ཆུ་དབང་རྒྱས་པར་བསྐུར་ལ་མཐར་རིགས་ཀྱི་བདག་པོས་རྒྱས་གདབ་བོ། །གང་ལྟར་ཡང་། ༀ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ་ཞེས་བརྗོད་ཅིང་མེ་ཏོག་གཏོར་ཏེ་རབ་གནས་བྱས་ལ། པུཥྤེ་སོགས་ལྔས་མཆོད་དེ་རྡོ་རྗེ་དྲིལ་བུ་དང་དབུ་རྒྱན་སོགས་བཞག་ལ། དེ་ལྟར་ན་ཁྱོད་ལ་རྡོ་རྗེ་འཆང་ཆེན་པོའ་དབང་བསྐུར་བ་འདིས་ཁྱོད་ཀྱི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་དྲི་མ་ཐམས་ཅད་དག་པར་བྱས་པ་ཡིན་པས་དེ་ཐམས་ཅད་རང་གི་སེམས་སུ་འདུ་ལ་སེམས་དེ་ཉིད་མི་བསྐྱོད་པའི་རང་བཞིན་རྡོ་རྗེ་སེམས་དཔའ་ཡིན་པས་རང་གི་སེམས་རྣམ་པར་དག་པ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་ཏེ། །དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཡིད་ཀྱི་དཀྱིལ་འཁོར་དམ་པ་ཉིད། །གཞལ་མེད་ཁང་ཞེས་བཤད་པ་ནི། །སེམས་ནི་གཞལ་མེད་ཁང་བརྩེགས་ཉིད། །དེ་ཡི་ཕྱི་རོལ་གྲུ་བཞི་ནི། །མཉམ་པ་ཉིད་ཀྱི་རང་བཞིན་ནོ། །གང་ཞིག་བྱམས་པ་ལ་སོགས་སེམས། །ཐིག་སྐུད་བཞིར་ནི་བཤད་པའོ། །རྡོ་རྗེའི་ཐིག་ཏུ་གང་བཤད་པ། །ཆོས་ནི་རྗེས་སུ་དྲན་པའོ། །ལྟ་བ་ཀུན་ལས་
༢༢༩རྣམ་གྲོལ་བ། །ཡེ་ཤེས་ཐིག་ཏུ་བཤད་པ་ཡིན། །རྒྱན་གང་ཡང་དག་བཤད་པ་ནི། །ཚུལ་ཁྲིམས་སོགས་ཀྱི་སྡོམ་པའོ། །དབང་པོ་ལྔ་སོགས་སེམས་གང་ཡིན། །ར་བ་ལྔར་ནི་འབྱུང་བ་ཉིད། །གང་ཞིག་སྒོ་ཞེས་བཤད་པ་ནི། །རྣམ་པར་ཐར་པ་རྣམ་པ་བཞི། །རྟ་བབས་ཀ་བ་བཞི་པོ་ནི། །ཡང་དག་སྤོང་བ་བཞི་ཞེས་བརྗོད། །དྲན་པ་ཉེར་གཞག་བཞི་པོ་ནི། །ཁ་ཁྱེར་བཞིར་ནི་བརྗོད་པ་ཉིད། །སྒོ་ཁྱུད་བཞི་ནི་གང་ཡིན་པ། །རྫུ་འཕྲུལ་རྐང་པ་རྣམ་པ་བཞི། །དེ་བཞིན་མེ་ཏོག་ཕྲེང་རྒྱན་པ། །བྱང་ཆུབ་ཡན་ལག་བདུན་པོ་ཡིན། །འཕགས་ལམ་ཡན་ལག་བརྒྱད་པོ་ནི། །ཀ་བ་བརྒྱད་པོ་ཞེས་བརྗོད་དོ། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཏུ་ནི་རབ་ཏུ་གྲགས། །གང་ཞིག་དོ་ཤལ་བཤད་པ་ནི། །ཉོན་མོངས་ཐམས་ཅད་གཅོད་པ་སྟེ། །ཀུན་ཏུ་གཅོད་པའི་ངོ་བོ་ཡིན། །ཉོན་མོངས་འཕྲོག་པས་དྲན་པ་ཉིད། །ཚོགས་གཉིས་དག་པའི་སྦྱོར་བ་ཡིས། །འཁོར་ལོ་བསྐོར་བ་གང་ཡིན་པ། །ཉོན་མོངས་ཕྱེད་ནི་གཅོད་པས་ན། །དོ་ཤལ་ཕྱེད་པ་ཉིད་དུ་བརྗོད། །དེ་བས་ན་སེམས་ཉིད་ནི་བྱང་ཕྱོགས་སོ་བདུན་གྱི་ངོ་བོ་གཞལ་ཡས་ཁང་པ་ཡིན་ལ། །སེམས་ལ་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དུ་མར་སྣང་བ་ནི་གདན་གསུམ་ཚང་བའི་ལྷ་ཡིན་ཏེ། དེ་ཡང་ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པའི་གདན། འབྱུང་བ་བཞི་ནི་རིག་མའི་གདན། ནང་གི་སྐྱེ་མཆེད་ནི་བྱང་ཆུབ་སེམས་དཔའི་གདན། ཕྱིའི་སྐྱེ་མཆེད་ནི་ལྷ་མོའ་གདན། །ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་ཟད་པར་བྱེད་པ་ནི་ཁྲོ་བོ་དང་ཁྲོ་མོའ་གདན་ཡིན་ནོ། །ཞེས་བརྗོད། བསྡུ་ན་ཚིགས་བཅད་རྣམས་དོར་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་ཏེ་ཞེས་པའི་མཇུག་ཏུ། སེམས་ཉིད་ནི་བྱང་ཕྱོགས་སོ་བདུན་གྱི་ངོ་བོ་ཞེས་པ་མན་ཆད་སྦྲེལ་བཙམ་བྱས་ཀྱང་རུང་ཞིང་། ཤིན་ཏུ་རྒྱས་པ་ལ་སྤྲོ་ན་ཕུང་ཁམས་སྐྱེ་མཆེད་ཀྱི་དག་པ་རྣམས་བརྗོད་དོ། །རྗེས་གནང་བསྡུས་དང་ཅུང་ཟད་རྒྱས།།ཤིན་ཏུ་རྒྱས་པ་རྣམ་པ་གསུམ། །ཞེས་ཏེ་བསྡུས་པ་ནི། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་
༢༣༠བ་ཉིད་དུ་གྱིས། །ཞེས་གསུངས་པས་ཐབས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་པ་ཙམ་དང་། ཅུང་ཟད་རྒྱས་པར་བྱེད་ན་དེའི་སྟེང་དུ་འོག་ནས་འབྱུང་བ་ལྟར་རིགས་ལྔའི་སྤྲུལ་པ་གང་ཙམ་བྱའོ། །རྒྱས་པ་ལ་གསུམ་ལས། ལྷ་མཆོད་པའི་རྗེས་གནང་ནི། གང་སྐོར་སྔོན་དུ་འགྲོ་ནས་རྡོ་རྗེ་ཁུ་ཚུར་གཉིས་དཀུ་གཡས་གཡོན་དུ་བཞག་སྟེ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་ལ་རྣམ་རོལ་ཞིང་། །རྡོ་རྗེ་སྙེམས་མའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། །ཨཱཿདེ་བཞིན་དུ་ཁུ་ཚུར་གཉིས་ཁ་འགྲམ་གཡས་གཡོན་དུ་བཞག་སྟེ། །སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ༀ་ཁུ་ཚུར་གཉིས་ཁ་ནས་ཚིག་འབྱིན་པ་ལྟར་བྱས་ཏེ།ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླངས་པར་བྱ། །དེ་ཡིས་བདེ་གཤེགས་དངོས་གྲུབ་ནི། །མྱུར་ཏུ་བདེ་བ་མྱོང་བར་འགྱུར། །གཱི་རྡོ་རྗེ་ཐལ་མོ་སྤྱི་བོར་བསྐོར་བའི་གར་བྱས་ཏེ། །དེ་ཉིད་ཐལ་མོའ་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་སྒྱུར་བར་གྱིས། །ཧོཿཁུ་ཚུར་གཉིས་བདུག་སྤོས་ཀྱི་ཕྱག་རྒྱ་དང་། །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་འདི་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། ཧཱུྃ་མེ་ཏོག་གི་ཕྱག་རྒྱ་དང་། །སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུཾ་མར་མེའི་ཕྱག་རྒྱ་དང་། །ཆོས་ཀྱི་མེ་ནི་ལེགས་སྦར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མེས་གསལ་བར་གྱིས། པྲ་གཡོན་པས་དུང་ཆོས་འཛིན་ཅིང་གཡས་པས་དྲི་བཟང་བྱུག་པའི་ཚུལ་དང་། །རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོམ། །གཱ་ཞེས་བརྗོད། སེམས་ཅན་གྱི་དོན་བྱ་བའི་རྗེས་གནང་ནི། རྩ་བའི་སྔགས་ཀྱིས་མངོན་པར་བསྔགས་
༢༣༡པའི་བུར་མའམ། མེད་ན་རྡོ་རྗེས་མིག་འབྱེད་པའི་ཚུལ་བྱ་ཞིང་། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཐོག་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཔྲཾ་ཞེས་བརྗོད། མེ་ལོང་ལེན་པའི་ཚུལ་བྱ་ཞིང་། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་བརྗོད། ཨཱཿལས་སྐྱེས་པའི་དྲིལ་བུ་བླངས་ཏེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བརྗོད་ཅིང་དཀྲོལ། །ཧོཿཞེས་པས་མདའ་གཞུ་བྱིན་ནས། །དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག །ཅེས་གསུང་བར་བསམ་ལ་ཕྱོགས་བཞི་དང་སྟེང་འོག་གཉིས་སུ་མདའ་འཕེན་ཚུལ་བྱའོ། །མེ་ལོང་རྡོ་རྗེ་དང་བཅས་པ་ལེན་ཚུལ་བྱའོ། ། ༀ་བཛྲ་ས་ཏྭ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད། །ཆོས་བཤད་པའི་རྗེས་གནང་ནི། ༀ་བཛྲ་ཧེ་ཏུ་མཾ། ཞེས་པས་རྐང་པའི་འོག་ཏུ་འཁོར་ལོ། །ༀ་བཛྲ་བྷ་ཥ་རཾ་ཞེས་པས་ལག་པ་གཡས་སུ་དུང་། ༀ་བཛྲ་གྷཎྜེ་ཨཿ ཞེས་པས་གཡོན་དུ་དྲིལ་བུ། ཨ་ཞེས་པས་ལག་ངར་གྱི་སྟེང་དུ་པུསྟི་རྣམས་བྱིན་པར་བསམ་ལ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱེད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་
༢༣༢གང་བར་གྱིས། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱེད་ལ་རྟག་ཏུ་སྲུང་བ་མཛད། །ཅེས་བརྗོད། གར་སྐོར་སྔོན་དུ་འགྲོ་བས་རིགས་ལྔ་སོ་སོའ་ཕྱག་ཆེན་རྣམས་རིམ་བཞིན་བཅས་ལ། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་པའི་ཚེ་རྣམ་སྣང་དང་། དེ་བཞིན་དུ་ཚིག་རྐང་དང་པོ་གསུམ་འདྲ་བ་ལས་རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར་ཞེས་དང་མི་བསྐྱོད་པ། རིན་ཆེན་འཁོར་ལོ་རབ་ཏུ་བསྐོར་ཞེས་དང་རིན་འབྱུང་། པདྨའི་འཁོར་ལོ་རབ་ཏུ་བསྐོར་ཞེས་དང་འོད་དཔག་མེད། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར་ཞེས་དང་དོན་གྲུབ་ཀྱི་ཕྱག་རྒྱ་བྱས་ལ། དེ་ལྟར་ན་ཁྱེད་ཀྱིས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ། །རྡོ་རྗེའི་འཁོར་ལོ། །རིན་ཆེན་འཁོར་ལོ། །པདྨའི་འཁོར་ལོ། །སྣ་ཚོགས་འཁོར་ལོ་རྣམས་བསྐོར་ལ། །སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་དུང་བུས། །སྒྲ་སྒྲོགས། བཤད་པ་གྱིས་ཤིག་ཅེས་གནང་བ་བྱིན་པར་བསམ། དེ་ལྟར་ན་བསྐྱེད་པ་རྡུལ་ཚོན་ནམ། རས་བྲིས་གང་ཡིན་སྐབས་དང་སྦྱར་ལ། དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་གཙོ་བོར་ལུས་ཀྱི་དྲི་མ་དག །དམ་ཚིག་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས་བསྲུང་བ་ལ་དབང་བར་བྱས། བརྡ་ལྔ་བསྡུས་རྩེ་མོས་མནན་པ། ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ་ཞེས་རྟོགས་པ་བསྐྱེད་དོ། །གསང་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་ཀྱིས་བསྟོད། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་གདབ། ༀ་ཨཱཿཧཱུྃ་གིས་མིག་རས་བཅིངས་ལ། བླ་མ་ཧེ་རུ་
༢༣༣ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཡབ་ཀྱི་ཞལ་དུ་ཞུགས་ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་ལམ་ནས་ཡུམ་གྱི་མཁར་བབས་པའི་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་བདག་གི་ལྕེ་ཐོག་ཏུ་བཞག་པར་བསམས་ཤིང་དངོས་སུ་བདུད་རྩི་མྱངས་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །ཞེས་སོགས་བརྗོད། ༀ་ཨཱཿཧཱུྃ་ཧོཿཞེས་བརྗོད་ཅིང་མྱངས་པས་མགྲིན་པ་ནས་ཐིག་ལེ་འཕེལ་ཏེ་ལུས་ཐམས་ཅད་གང་བས་རང་བཞིན་བརྒྱད་ཅུའི་རྟོག་པ་ཐམས་ཅད་འགགས་ཏེ། གསལ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམས་ལ། ༀ་ཨཱཿཧཱུྃ་ཞེས་པས་བསྲུངས་ཏེ་མིག་རས་ཕྱེ་བར་བསམ། དེ་ནས་བླ་མ་ཤཱཀྱ་ཐུབ་པའི་རྣམ་པར་འཕོས་ནས་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟ་བུ་དང་གཡས་པས་རྡོར་དྲིལ་འཛིན་པའི་སྐྱབས་སྦྱིན་གྱི་ཕྱག་རྒྱས་རང་གི་གསང་མཚན་ནས་ལུང་སྟོན་པར་བསམས་ལ། དངོས་སུ་རང་གིས་དེ་ལྟར་བྱས་ཏེ། །འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ། ས་འོག་ས་སྟེང་ས་བླ་རྣམས་སུ་བྷུརྦྷུ་ཝཿསྭཿགང་ལ་ངས་ལུང་བསྟན་པ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་དེ་སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་བརྗོད། དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །དམ་ཚིག་ཤ་ལྔ་དང་བདུད་རྩི་ལྔའི་རིལ་བུ་བསྟེན་པ་ལ་དབང་བར་བྱས། བརྡ་མཐེབ་སྲིན་ཨེ་ལ་རིག་བྱེད་གཅིག །ལམ་བདག་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །
༢༣༤ཞེས་རྟོགས་པ་བསྐྱེད་དོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། བསྟོད་པ་དང་གསོལ་གདབ་གོང་ལྟར་བྱས་ཏེ། ༀ་ཨཱཿཧཱུྃ་གིས་མིག་རས་བཅིངས། བླ་མས་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མ་ཞིག་བདག་ལ་གཏད་པར་བསམས་ཏེ། དགའ་སྟེར་གནས་སྟེར་སོགས་བརྗོད། ཕྱག་རྒྱ་དེས། བཤང་གཅི་དག་ནི་ཟ་བ་དང་། །ཞེས་པ་ནས། བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །ཞེས་པའི་བར་གྱིས་དྲི་བ་བྱས་པར་བསམ། བདག་གིས་ཀྱང་བཤང་གཅི་དག་ནི་ཞེས་པ་ནས། བདག་ཉིད་ཅི་དགར་སྤྲོ་གྱུར་ཏོ། །ཞེས་པའི་བར་གྱིས་ལན་བཏབ་པས་ཕྱག་རྒྱ་དེ་དགེས་ནས་ལུས་གཅེར་བུར་ཕྱུང་། ཆུ་སྐྱེས་གུར་གུམ་ལ་སོགས་པས་དྲི་ཞིམ་པར་བྱས། རྩ་མཆོག་ཏུ་རྒྱས་པའི་པདྨ་སྟོན་བཞིན་དུ། །ཨེ་མ་ང་ཡི་པདྨ་འདི། །ཞེས་སོགས་གྱི་རྗེས་སུ་སྟཾ་པདྨ་བྷཉྫ་མོཀྵ་ཧོཿ ཞེས་གསུངས་ཤིང་རང་གི་པང་དུ་བྱོན་པར་བསམ། རང་ཉིད་ཀྱེ་རྡོ་རྗེ་དང་ཕྱག་རྒྱ་བདག་མེད་མར་གསལ་བ་ལྷའི་འདུ་ཤེས་མཁའ་གསང་བྱིན་རླབས་སྒྲུབ་ཐབས་ལྟར་དྲན་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། རིམ་པ་བཞིན་སྤྲུལ་ལོངས་ཆོས་གསུམ་ལམ་དུ་བྱེད་ཐབས་འདུ་ཤེས་གསུམ་དང་མ་བྲལ་བའི་སྒོ་ནས་སྙོམས་པར་ཞུགས་པས། ཡས་བབ་དང་མས་བརྟན་གྱི་དགའ་བ་བཞིའི་རྟོགས་པ་སྐྱེད་པར་མོས་ལ། ༀ་ཨཱཿཧཱུྃ་གིས་མིག་རས་ཕྱེ་བར་བསམ། དེ་ནས་ལམ་གྱི་དབུགས་དབྱུང་བསྡུས་པ་ནི། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་སྟེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་ནི་སྨད་མི་བྱ། །ནམ་ཡང་དོར་བར་ཡོངས་མི་བྱ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཉིད་བརྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་ནམ་ཡང་སྨད་མི་བྱ། །སངས་རྒྱས་ཀུན་དང་མཚུངས་པ་ཡི། །རང་བདག་ཡོངས་སུ་
༢༣༥སྤངས་ནས་སུ། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བར་བདེ་བཟུར་ན། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཞེས་པའམ། རྒྱས་པར་ན། །སློབ་དཔོན་སྨད་པར་མི་བྱ་ཞིང་། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་གདུག་བྱམས་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སྐལ་མེད་དེ་ཉིད་གཏམ་མི་བྱ། །བདག་གི་ལུས་ལ་ངེས་མི་སྨད། །ཆོས་ལ་ཡིད་གཉིས་སྤང་བྱ་ཞིང་། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་གཟུང་མི་བྱ། །སྐལ་ལྡན་སེམས་ཅན་སྤང་མི་བྱ། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །བུད་མེད་ཉིད་ལ་སྨད་མི་བྱ། །ཇི་སྲིད་བྱང་ཆུབ་སྙིང་པོའ་བར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་བཅང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་བ་རྣམས་སྤང་ཞིང་། །མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མའི་རྒན་རབས་ཕྱག་འཚལ་ལོ། །རྟག་པར་རྒྱུན་དུ་སྔགས་བཟླ་ཞིང་། །བསམ་གཏན་ཉིད་ཀྱང་རྣམ་པར་སྤྱད། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང་། །རྟག་པ་རུ་ནི་བཤད་པ་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམྦྷ་ལྷ་ལ་ཆུ་སྦྱིན་ཞིང་། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་ལས་ལ་མཆོད་རྟེན་ཡང་། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་བརྗོད་དེ། དོན་ཡིད་ལ་དྲན་པར་བྱའོ། །འབྲས་བུའི་དབུགས་དབྱུང་ནི། །
༢༣༦འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧཱ་ན་ཧཱུྃ་ཕཊ། ཅེས་པ་སྟེ་དེའི་དོན་ནི་དད་པ་ཆེན་པོས་ལྷ་དང་བླ་མ་ལ་ཆགས་པ། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་ཆགས་པ། ཤེས་རབ་ཆེན་པོས་ཆོས་ཀྱི་དེ་ཁོ་ན་ཉིད་ལ་ཆགས་པ་ཞེས་བྱ་བ་འདི་གསུམ་དང་བྲལ་ན་སྡིག་ཆེ་བ་ཡིན་པས་འདི་གསུམ་དང་མ་བྲལ་བ་ལ་བསླབ་པར་བྱའོ། །དེ་ནས་རང་ཉིད་ཀྱིས་དཀྱིལ་འཁོར་ལ་བརྐྱང་ཕྱག་ལན་གསུམ་བྱས་པའི་ཐ་མལ་དཀྱིལ་འཁོར་པ་རྣམས་ལ་ལུས་ཕུལ་བར་བསམས་ལ། །སྔགས་དང་རྒྱུད་རྣམས་འཛིན་འགྱུར་བའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་ཕུལ་བས་དེ་རྣམས་ཀྱིས་འབྲས་བུའི་དབུགས་དབྱུང་བར་བསམས་ཏེ། སྔགས་དང་རྒྱུད་རྣམས་འཛིན་འགྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་བརྗོད། དེ་ལྟར་ན་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག །དམ་ཚིག་བུད་མེད་ལ་མི་སྨོད་པ་ལ་དབང་། བརྡ་བྱང་ཆུབ་མཆོག་གི་ཕྱག་རྒྱ། ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་འབྲས་བུ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ་ཞེས་རྟོགས་པ་བསྐྱེད་དོ། །དབང་བཞི་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། ཞེས་སོགས་ལན་གསུམ་གྱིས་གསོལ་བ་བཏབ། ༀ་ཨཱཿཧཱུྃ།
༢༣༧གིས་མིག་རས་བཅིང་། ཡེ་ཤེས་འདི་ནི་སོགས་བརྗོད་ལ། །ལུས་བསམ་གཏན་གྱི་ཆོས་དང་ལྡན་པར་བྱས། ངག་རླུང་རྒྱུ་བ་སོར་བཞག །སེམས་དུས་གསུམ་གྱི་རྟོག་པའི་རྒྱུ་འགྲུལ་གཞན་ཐམས་ཅད་བཅད་ལ་བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་སུ་ངེས་པའི་ཤེས་པ་བསྐྱེད་དེ། སེམས་ཀྱི་མཚན་ཉིད་གསལ་བ། རང་བཞིན་སྟོང་པ། ངོ་བོ་ཟུང་འཇུག་གསུམ་དབྱེར་མི་ཕྱེད་པ་རང་བཞིན་གྱིས་རྣམ་པར་དག་པའི་སྐུ་བཞི་རང་ཆས་སུ་གནས་པ་དེ་ཉིད་འབྲས་དུས་ཀྱི་སྐུ་བཞི་དང་ངོ་བོ་དབྱེར་མེད་དུ་ངེས་ཤེས་བསྐྱེད་དེ། དེ་མངོན་དུ་བྱེད་པའི་ཐབས་གཞན་གྱིས་ཚིག་ཏུ་བརྗོད་པ་ལ་སོགས་པས་རྟོགས་པར་མི་ནུས་པས། དཔེ་དབང་གསུམ་པའི་ཡེ་ཤེས་ཀྱི་སྟེང་དུ་ངོ་སྤྲད་དེ་རྟོགས་པར་བྱ་བ་ནི། རང་ཉིད་དབང་གསུམ་པའི་གནས་སྐབས་སུ་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་སྐུ་ཅན་དུ་སྣང་བ་སྤྲུལ་པའི་སྐུ་དང་། དེའི་སེམས་རྒྱུད་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་བ་ཆེན་པོའ་ཡེ་ཤེས་ཀྱི་རྣམ་པར་ཤར་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ལྷ་སྐུ་བདེ་བ་ཆེན་པོའ་རྣམ་པར་སྣང་ཙམ་དེ་ཉིད་སྐྱེ་འགག་གནས་གསུམ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ་དང་། །དེ་གསུམ་ལྡོག་ཚུལ་ཐ་དད་ཀྱང་རང་བཞིན་སོ་སོར་དབྱེར་མི་ཕྱེད་པ་ངོ་བོ་ཉིད་ཀྱི་སྐུ་སྟེ། མདོར་ན་སེམས་ཀྱི་གཤིས་ཅིར་ཡང་མ་ཡིན་པ། །གདངས་བདེ་ཆེན་དུ་མ་འགགས་པ། རྩལ་སྣ་ཚོགས་སུ་འཆར་བ། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པ་ནམ་མཁའ་ལྟ་བུར་ཤེས་པར་བྱས་ལ་ནམ་མཁའ་དང་ནམ་མཁའ་རོ་གཅིག་པ་ལྟར། སེམས་དང་བདེ་སྟོང་རོ་གཅིག་པའི་ངང་ལ་འཛིན་མེད་དུ་ཁོང་ལྷོད་ཀྱིས་གློད་དེ་མཉམ་པར་བཞག །མཐར་ༀ་ཨཿཧཱུྃ་གིས་མིག་རས་ཕྱེ་ལ། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཙུད་པ་དང་ནི་མཐོང་བ་
༢༣༨ཡིས། །དེ་རིང་སྡིག་ལས་རྣམ་གྲོལ་འགྱུར། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། །མི་ཐུབ་པ་དང་མི་འཆི་བས། །ཅིས་ཀྱང་མ་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཞེས་བརྗོད་དེ། དོན་ཡིད་ལ་དྲན་པའི་སྒོ་ནས་གཟེངས་བསྟོད་དོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་ཆར་གྱི་དྲི་མ་བག་ཆགས་དང་བཅས་པ་དག །དམ་ཚིག་དགོངས་ཏེ་གསུངས་པའི་དམ་ཚིག་བསྲུང་བ་ལ་དབང་། བརྡ་མཛུབ་མོ་ནམ་མཁའ་མཚོན་པ། ལམ་རྡོ་རྗེའི་རྦ་རླབས་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ་ཞེས་རྟོགས་པ་བསྐྱེད་ལ། གནས་སྐབས་དེ་དག་ཏུ་ཐོབ་པའི་དམ་ཚིག་ལ་བསྲུང་སྡོམ་བགྱིང་སྙམ་པས། །གཙོ་བོས་ཇི་ལྟར་སོགས་ལན་གསུམ་དང་།དབང་ཡོངས་སུ་རྫོགས་པར་ཐོབ་པའི་གཏོང་རག་ཏུ་མཎྜལ་རྒྱས་པ་ཕུལ་ཏེ། ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱང་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས། དེང་ནས་བརྩམས་ཏེ་སོགས་ལན་གསུམ་བརྗོད། །དེ་ནས་དམ་ཚིག་གསུམ་གྱི་གླུ་བླང་བ་ནི། །གང་དུ་དབང་བསྐུར་བའི་དཀྱིལ་འཁོར་དང་། །གང་གིས་དབང་སྐུར་བའི་སློབ་དཔོན་དང་། གང་ལ་བསྐུར་བའི་སློབ་མ་སྟེ། འཁོར་གསུམ་ཀ་སྣང་ལ་རང་བཞིན་མེད་པ་སྐྱེ་མེད་བདེ་བ་ཆེན་པོའ་རང་བཞིན་ལས་མ་འདས་པ་དེའི་མཐུས་བདག་གིས་ཀྱང་དེ་ལྟར་རྟོགས་པར་གྱུར་ཅིག་སྙམ་པས། །ཚིགས་བཅད་རེ་རེའི་མཚམས་སུ་རྡོ་རྗེ་གསོལ། དྲིལ་བུ་བཅད་གཏུབས་སུ་བཀྲོལ་ཏེ། །ༀ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །ཀྱེ་ཡི་རྡོ་རྗེ་བདག་འགྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །
༢༣༩ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་སྒྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །ཅེས་ལན་གཅིག་དང་། དཀྱིལ་འཁོར་གྱི་འཁོར་ལོ་གཟུགས་བརྙན་གྱི་ཚུལ་དུ་སྣང་བ་ཡང་ཆོས་སྐུ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ལས་བྱུང་བའི་བྱིན་རླབས་དང་། སློབ་དཔོན་གྱིས་ཀྱང་དེ་ལྟར་རྟོགས་པའི་བྱིན་རླབས་ཀྱིས། །སློབ་མ་རྣམས་ཀྱིས་ཀྱང་མཚན་མ་ཙམ་མ་ཡིན་པར་སྣང་ལ་རང་བཞིན་མེད་པར་གཟུགས་ཀྱི་སྐུར་མཐོང་བར་གྱུར་ཅིག་སྙམ་པས། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱི་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །དེ་བཞིན་དེ་ཉིད་ངེས་པར་འབྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་བདེན་སྟོབས་བརྗོད་དོ། །སྐབས་འདིར་གཏོར་མ་རྣམས་ནང་མཆོད་ཆུ་ཆང་གིས་བྲན་ལ། སྔར་སྟ་གོན་གྱི་སྐབས་སུ་བཤད་པ་ལྟར་གྱི་ཆོ་གས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་དབུལ་བའོ། །སློབ་མ་གཞུག་ཅིང་དབང་བསྐུར་ནི། །ལྷག་གནས་བྱས་པའི་སློབ་མ་རྣམས། །ཁྲུས་བྱས་གྲལ་རིམ་བཞིན་དུ་དགོད། །
༢༤༠མཎྜལ་ཕུལ་ལ་གསོལ་བ་གདབ། །སྤོམ་པ་བསྒྲག་གཟུང་རིམ་བཞིན་བྱ། །གདོང་བཅིང་མེ་ཏོག་ཕྲེང་བ་གཏད། །འཁྱིལ་བས་བསངས་ཏེ་དྲིས་ལན་བྱ། །ནང་གི་སེམས་བསྐྱེད་གསང་བར་གདམས། །དཀྱིལ་འཁོར་ནང་བཅུག་དམ་ལ་བཞག །མཎྜལ་ཕུལ་ཏེ་གསོལ་བ་གདབ། །ཡེ་ཤེས་དབབ་ཅིང་བརྟན་པར་བྱ། །གསོལ་གདབ་ཁ་དོག་དྲིས་ལ་བསྟོད། །མེ་ཏོག་དབུལ་ཞིང་མིག་རས་དབྱེ། །དཀྱིལ་འཁོར་བསྟན་པ་འཇུག་པའོ། །དབང་ལ་ཡོན་འབུལ་གསོལ་བ་གདབ། །ལྷར་བསྐྱེད་བྱུང་བསལ་ཤིས་པ་བརྗོད། །ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་དང་བརྟུལ་ཞུགས་དང་། །སློབ་དཔོན་དབང་བསྐུར་རྣམ་དག་བསྟན། །རྗེས་གནང་གསང་དབང་ལུང་བསྟན་བྱ། །ཤེས་རབ་ཡེ་ཤེས་དབུགས་དབྱུང་དང་། །བཞི་པ་གཟེངས་བསྟོད་པར་བཅས་སོགས། །མཚམས་སྦྱོར་བརྡ་སྤྲོད་དང་བཅས་ཏེ། །སྔ་མའི་རིགས་པས་ཤེས་པར་བྱ། །ཞེས་པ་ལྟར་རོ། །བརྒྱད་པ་མཇུག་གི་ཆོ་ག་ནི་མཆོད་པ་རྣམས་ཁ་གསོས་ལ། །བསང་སྦྱངས་བྱིན་གྱིས་བརླབས་ཏེ་ཕྱི་ནང་ཡིད་བྱུང་བསྟོད་པ་རྣམས་བྱ། ཡིག་བརྒྱ་ལན་གསུམ་དང་མ་འབྱོར་བ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ལ། རས་བྲིས་ཡིན་ན་ཕྱོགས་བཅུ་ན་བཞུགས་པའི་ཞེས་སོགས་ཀྱི་མཐར། ཁྱད་པར་དུ་ཡང་རས་བྲིས་ཀྱི་དཀྱིལ་འཁོར་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ་ཞེས་སོགས་དང་། རྡུལ་ཚོན་གྱི་ཕྱོགས་ཡིན་ན། །གཤེགས་གསོལ་གྱི་ཉིན་མ་གཏོགས་པའི་ཉི་མ་སྔ་མ་རྣམས་ལ། གོང་གི་ཁྱད་པར་དུ་ཡང་ཞེས་པའི་རྗེས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་བར་དུ་ཞེས་སོགས་བརྗོད་ལ། རྟེན་མེད་པའི་གཏོར་མགྲོན་གྱི་ཡེ་ཤེས་པ་གཤེགས་
༢༤༡སུ་གསོལ་བ་དང་། །དམ་ཚིག་པ་བསྡུ་བ་སོགས་སྟ་གོན་གྱི་སྐབས་ལྟར་བྱའོ། །རྡུལ་ཚོན་གཤེགས་གསོལ་གྱི་ཉིན་རྗེས་ཆོག་གི་ཚེ། །བུམ་པ་རྣམས་ཁྱམས་ཀྱི་སྟེང་དུ་བཞག་ལ། །ཆོ་ག་གཞན་རྣམས་སྔ་མ་དང་འདྲ་བ་ལས། །མ་འབྱོར་པ་དང་ཐོགས་ཀྱི་རྗེས་སུ།བདག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ལ། གཏོར་མགྲོན་རྟེན་ཡོད་པ་རྣམས་ལ་བརྟན་བཞུགས་བྱས་ལ། །ༀ་ཁྱེད་ཀྱིས་སོགས་ཀྱི་མཐར། །མཐེབ་སྲིན་གྱི་སེ་གོལ་བྱས་ཏེ། བཛྲ་མུཿ རྟེན་ལ་མ་བརྟེན་པའི་གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་དང་། རྡུལ་ཚོན་གྱི་ཡེ་ཤེས་པ་དང་། བུམ་ནང་གི་ཡེ་ཤེས་པ་རྣམས་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་རྣམས་ཛཿཧཱུྃ་བཾ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ་ༀ་ཨཱཿཧཱུྃ་ཞེས་བརྗོད་དེ་ནས་རོལ་མོ་དང་བཅས་པས། ༀ་ཨ་ཀཱ་རོ་མུཿཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུཏྟནྣ་ཏྭ་ཏ་ཅེས་དང་། ༀ་གི་ལི་གི་ལི་ཧཱུྃ་ཛཿཞེས་བརྗོད་ཅིང་དེ་ཁོ་ན་ཉིད་དྲན་པས་རྡོ་རྗེའི་རྩེས་དབང་ལྡན་གྱི་རྩིག་པ་དང་པོར་གཤིགས། དེ་ནས་གཡས་སྐོར་གྱི་རིམ་པས་ཅི་བདེ་བར་གཤེགས་སུ་གསོལ། རྡུལ་ཚོན་འདོད་པ་ཡོད་ན་ལྷའི་མཚན་མ་ནས་བླངས་ལ་སྦྱིན། གཞན་རྣམས་མཐའ་ནས་རིམ་པས་བསྡུས་ཏེ། ཟ་མ་ཏོག་ལ་སོགས་པར་བླུགས་ལ་རྡུལ་ཚོན་ཆུ་བོར་སྤྱན་དྲངས་པའི་ཆོ་གའམ། དེ་ཙམ་མི་ནུས་ན་བཀུར་སྟི་ཆེན་པོས་རྒྱ་མཚོར་འབབ་པའི་ཆུ་ཀླུང་ངམ་ཁྲོན་པ་ལ་སོགས་པར་གཤེགས་སུ་གསོལ་ལ། ཐིག་རྗེས་མ་རྣམས་དྲི་ཞིམ་པོའ་ཆུས་མཐའ་ནས་རིམ་པ་བཞིན་ཕྱིས་ཏེ་རྗེས་མི་མངོན་པར་བྱས་ལ། གྲུབ་ན་སྐབས་འདིར་ཞི་བའི་སྦྱིན་སྲེག་བྱ་ཞིང་། ཕྱོགས་ཀུན་ཏུ་མེ་ཏོག་གི་སིལ་མས་གཏོར་ཏེ་བཀྲ་ཤིས་ཀྱི་གླུ་དང་། རོལ་མོའ་སྒྲ་སྣ་ཚོགས་དང་། ཚོགས་ཀྱི་འཁོར་ལོའམ་དཔའ་བོའ་སྟོན་མོ་ལ་སོགས་པས་དགའ་སྟོན་རྒྱ་ཆེན་པོ་བྱས་ནས་ཆོས་དང་མཐུན་པའི་སྤྱོད་པས་གནས་པར་བྱའོ། །དེ་ལྟར་དགེས་
༢༤༢པ་རྡོ་རྗེ་ཡི། །དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་། །དབང་བསྐུར་ལམ་དུ་བྱེད་པའི་ཐབས། །འདི་ནི་དབང་ཆུ་མཛེས་རྒྱན་ཡིན། །བློ་དམན་རྣམས་ལ་ཕན་པའི་ཕྱིར། །བདག་ཉིད་འཇུག་པ་གཙོར་བྱས་མོད། །ལེགས་པར་བརྟགས་ན་དབང་ཆོག་ཀྱང་། །བདེ་བླག་ཉིད་དུ་ཤེས་པར་འགྱུར། །ཚིག་ཉུང་གཟུང་བདེ་དགོས་པ་ཚང་། །རྒྱས་འབྲིང་བསྡུས་པའི་རྣམ་དབྱེ་ཕྱེད། །མཁས་རྨོངས་ཀུན་གྱི་རྣར་སྙན་པ། །འདི་འདྲ་གང་གིས་ཤེས་དེ་མཁས། །གོང་མའི་ལེགས་བཤད་ལ་བརྟེན་ཞིང་། །དམ་པའི་ཕྱག་བཞེས་མང་མཐོང་ཡང་། །ནོངས་གྱུར་མཆིས་ན་འཕགས་རྣམས་ལ། །སྒོ་གསུམ་སྡིག་དང་ལྷན་ཅིག་བཤགས། །ལེགས་པར་འབད་པ་ལས་བྱུང་བའི། །དགེ་དེས་མཐའ་ཡས་འགྲོ་བ་ཀུན། །གསང་ཆེན་ལམ་བཟང་མཐར་ཕྱིན་ནས། །རྒྱལ་བའི་ཕྲིན་ལས་ཀུན་སྒྲུབས་ཤོག །ཅེས་དབང་གི་ཆུ་བོ་ཆེན་མོ་ལག་ཏུ་བླང་བའི་རིམ་པར་ཕྱེ་བ་འདི་ནི། ཁྱབ་བདག་འཁོར་ལོའ་མགོན་པོ་དང་དབྱེར་མ་མཆིས་པ་འདྲེན་མཆོག་རཏྣ་ཝརྡྷའི་ཞལ་སྔ་ནས་གཙོ་བོར་སྨོས་པའི་ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་མང་པོའ་ཞབས་ཀྱི་རྡུལ་ཕྲེང་རྙོག་པ་མེད་པ་སྤྱི་བོས་བླངས་པ་ལ་བརྟེན་ནས། རྡོ་རྗེ་འཆང་གཉིས་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་གསུང་རབ་རིན་པོ་ཆེ་རྣམས་ཀྱི་ཚིག་དོན་ལ་ཤེས་ནས་དད་པ་ཐོབ་པའི་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། བློ་གསལ་དོན་གཉེར་ཅན་མང་པོས་བསྐུལ་བའི་ངོར་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ་སྣྲོན་གྱི་ཟླ་བའི་ཉེར་ལྔའི་ཉིན། དཔལ་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་དུ་སྦྱར་བའི་ཡི་གེ་པ་ནི། ལུང་རིགས་སྨྲ་བ་མགོན་པོ་རིན་ཆེན་དཔལ་བཟང་གིས་གུས་པས་བགྱིས་པའོ། །འདིའི་རྒྱབ་རྟེན་དུ་དབང་གི་ཆུ་བོ་ཆེན་མོ་ཡང་དང་ཡང་དུ་བལྟ་བར་གྱིས་ཤིག །སླར་ཡང་ཚིག་དོན་གྱི་ཆ་མི་བདེ་བ་རྣམས་རྩོམ་པ་པོ་དེ་ཉིད་ཀྱིས་ཅུང་ཟད་བཅོས་ཏེ་དག་པར་བྱས་སོ། །སརྦ་མངྒ་ལཾ།། །།དགེའོ། །དགེའོ།། །།

༄༅། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་པའི་ཉམས་ལེན་གྱི་གཞུང་གསལ་བྱེད་དང་བཅས་པ་བཞུགས་སོ༎

༥༣ གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་པའི་ཉམས་ལེན་གྱི་གཞུང་གསལ་བྱེད་དང་བཅས་པ་བཞུགས་སོ། །
༥༤ ༀ་མ་ཎི་པདྨེ་ཧཱུྃ། །འདིར་ཡི་དམ་ཐུགས་རྗེ་ཆེན་པོ་དངོས་ཀྱིས་གྲུབ་ཐོབ་ཆེན་པོ་ལ་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་མ། ཆོས་ཐམས་ཅད་ཀྱི་གསང་མཛོད་གཅིག་ཏུ་བསྒྲིལ་ནས་ཉམས་སུ་ལེན་པའི་ཚུལ་ཀུན་གྱི་འགོར་མ་ནམ་མཁའ་མའི་གསོལ་འདེབས་ཅི་ནུས་བྱས་ཁ་ནང་ལོག་གི་དྲན་པའི་ཞལ་ལྕེ་བས། ལས་སྣང་འགྲོ་དྲུག་གི་རྒྱལ་ཁམས་ལ་ལེགས་པར་བརྟགས་དུས། ཕ་མ་རིགས་དྲུག་གི་འཆར་སྒོ་ཐམས་ཅད་མི་བདེན་རྫུན་བའི་རང་བཞིན། སྐྱོ་ཤས་སྡུག་བསྔལ་གྱི་འདམ་རྫབ་ལས་མ་འདས་པར་ཤེས་པའི་ངེས་འབྱུང་ཁ་གང་པོ་དེ་ཡ་དང་པོར་དཔྱད། ཡང་ནང་གསེས་རེ་རེ་ནས་བལྟས་དུས། དམྱལ་བ་ལ་ཚ་གྲང་བཙོ་སྲེག །ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གསོད་བཀོལ། ལྷ་ལ་འཆི་འཕོ། ལྷ་མ་ཡིན་ལ་འཐབ་རྩོད། མི་ལ་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་མྱོང་བས་གྲུབ་པ་འདིར་འདུག་སྙམ་དུ་འཁོར་བ་ལ་ཡིད་ངེས་པར་འབྱུང་བའི་དྲན་པ་ཉག་གཅིག་གིས་རང་ངོ་ལ་ཆེར་ཏེ་སྦྱར། ཡང་འགྱུར་བའི་རང་ཞལ་དྲན་པའི་ཞལ་ལྕེ་བས། སྒོས་རང་སྣང་མིའི་གནས་ཚུལ་ལ་བརྟགས་པས། སྤྱིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཁོངས་
༥༥ སུ་ཚུད། སྒོས་རང་རང་གིས་ཉོས་པའི་དབང་གིས་འདུས་བྱས་མཐའ་བཞིའི་སོ་འཕྲང་ལ་ཐུག་ནས་འདུས་པའི་མཐའ་འབྲལ། བསགས་པའི་མཐའ་འཛད། མཐོ་བའི་མཐའ་དམའ། སྐྱེས་པའི་མཐའ་མ་ངེས་པར་འཆི་སྙམ་དུ་བློ་ཐག་ཆོད་ཀྱི་ངེས་ཤེས་རྟག་ཏུ་བསྐྱེད་དོ། །དེ་ལྟར་མི་རྟག་དྲན་ཤེས་ཀྱི་ལྕག་འདེབས་སྙིང་ལ་ཐེབས་ན། ངེས་འབྱུང་དང་དད་པ་ཀོག་ལང་དུ་སྐྱེ་བས། ཨ་ཙམ། ངས་མི་ལུས་ཉིན་སྐར་དང་འདྲ་བའི་སྣང་བ་ཡུད་ཙམ་འདི་ལ་ལུས་ཀྱི་སྒོ་ནས་ཇི་ལྟར་བགྱིས་ན་རླབས་པོ་ཆེའི་དགེ་བ་ཞིག་འགྲུབ། ངག་གི་སྒོ་ནས་ཇི་ལྟར་སྨྲས་ན་གཞན་ལ་ཕན་པའི་དག་པ་ལ་འཁུལ། སེམས་ཀྱི་སྒོ་ནས་ཇི་ལྟར་བསམ་ན་སེམས་ཅན་ཡོངས་ལ་ཁྱབ་བའི་དགེ་བར་འགྱུར་སྙམ་དུ་ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་འཁོལ་བའི་བསམ་སྦྱོར་རྒྱ་ཆེན་པོ་བསྐྱེད་དོ། །དོན་དེ་དག་འགྲུབ་བའི་ཕྱིར་ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སྙམ་པས་མཁའ་ཁྱབ་ཀྱི་དམིགས་པ་ལ་འཇུག་སྟེ། བདག་སོགས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའ་གཙུག་ཏུ་པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཧྲཱིཿལས་འཁྲུངས་པའི་
༥༦ འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་སྟན་ཀའི་ཟླ་བ་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། དྲི་མ་མེད་པའི་འོད་ཟེར་ལྔ་ལྡན་དུ་འཕྲོ་བ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་པ། ཀུན་ལ་ཁྱབ་བའི་བྱམས་བརྩེ་མངའ་བས་ཀུན་ནས་འཛུམ་པའི་མདངས་དང་ལྡན་པ། དག་པའི་སྤྱན་གྱིས་དུས་དྲུག་ཏུ་གཟིགས་པས་ཨུཏྤལའི་འདབ་མ་ལྟར་རབ་ཏུ་རྒྱས་པའི་སྤྱན་མངའ་བ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་སེམས་ཅན་གྱི་དོན་ལ་བསྐུལ་བར་མཛད་པས། ཕྱག་དང་པོ་གཉིས་ཐུག་ཀར་ཐལ་མོ་སྦྱར་བ། ཐུགས་རྗེ་རྒྱུན་མི་འཆད་པས་གཡས་ཀྱི་གཉིས་པས་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་ཚུལ་དུ་བསྣམས་པ། རང་དོན་ཡིད་བྱེད་ཀྱི་འདམ་གྱིས་མ་གོས་པས། གཡོན་གྱི་གཉིས་པས་པདྨ་དཀར་པོ་ཡུ་བ་དང་བཅས་པ་འཛིན་པ། ཁྲེལ་ཡོད་ངོ་ཚའི་རང་བཞིན་གྱི་རས་བཟང་པོའ་ཤམ་ཐབས་ལ་ནོར་བུས་བརྒྱན་པའི་སྐ་རགས་ཀྱིས་སྤྲས་པ། སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རྣམ་ཐར་བརྒྱད་ཀྱི་རང་བཞིན་གྱི་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་པ། སྙིང་རྗེ་ཆེན་པོའ་ཉམས་དང་ལྡན་པས་རི་དྭགས་ལྤགས་པས་སྟོད་གཡོགས་པ། གསོལ་བ་འདེབས་པའི་ཡུལ་བསྟན་པའི་ཕྱིར་རང་གི་བླ་མ་འོད་དཔག་མེད་ཀྱིས་རལ་པའི་ཐོར་ཚུགས་མཛེས་པར་བྱས་པ། ཐུགས་རྗེ་ཆེན་པོའ་བསིལ་ཟེར་གྱིས་ཉོན་མོངས་པའི་ཚ་གདུང་ཞི་བར་མཛད་པས་དྲི་མེད་ཟླ་བ་རྒྱས་པའི་རྒྱབ་ཡོལ་ཅན་ནོ། །བསམ་གཏན་གྱི་སྤྱོད་ལམ་དག་དང་འབྲེལ་བས་བསྐྱེད་རིམ་ལེགས་པར་གསལ་བཏབ་ནས། བདག་སོགས་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་མོས་ལ། །ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པའི་རྐྱེན་གྱིས་
༥༧ འཕགས་པའི་སྐུ་ལས་འོད་ཟེར་བྱུང་། སྣོད་ཐམས་ཅད་ལ་ཕོག་པས། མ་དག་པ་ལས་སྣང་གི་འཆར་སྒོ་སྦྱངས་ནས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། བཅུད་ཀྱི་ཆ་ཤས་ཐམས་ཅད་སྣང་སྟོང་སྐུའི་དཀྱིལ་འཁོར། གྲགས་སྟོང་གསུང་གི་དཀྱིལ་འཁོར། གསལ་སྟོང་ཐུགས་ཀྱི་དཀྱིལ་འཁོར་དུ་གནས་འགྱུར་བའི་ཏིང་ངེ་འཛིན་རྒྱ་འབྱམས་དང་འབྲེལ་བར་ཡི་གེ་དྲུག་པ་ལོངས་སྐབས་དང་སྦྱར་ཞིང་། ཐུན་མཐར་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ལྷ་བདེ་གཤེགས་སྙིང་པོའ་རང་ངོ་ལ་གཅེར་མཐོང་རིགས་པའི་བརྡ་སྦྱོར་གྱིས་ཡིད་ཟོས་བདེ་ཉམས་མེད་པར་གཟུགས་འཛིན་གྱི་རྒྱུ་ལམ་རྦད་ཀྱིས་བཅད་ལ་རང་གྲོལ་ཆེན་པོའ་ངང་དུ་ལིངས་ཀྱིས་ཅི་ནུས་མཉམ་པར་བཞག་གོ །ཐུན་མཚམས་སུ་སྙིང་རྗེས་ཀུན་ནས་བླངས་པའི་ལུས་ངག་ཡིད་གསུམ་དགེ་བའི་ལས་ལ་བརྩོན་པར་བྱ་ཞིང་། བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་བྱ། བརྒྱུད་པའི་རིམ་པ་ཡང་། ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། ཀུན་སྤངས་རྗེ། དེས་བདག་ལའོ། འཇམ་དབྱངས་ཀུན་དགའ་གྲོལ་མཆོག །དགེའོ།།

༄༅། ཟབ་མོ་ལྟ་བརྒྱུད་ལུགས་ཀྱི་སེམས་བསྐྱེད་པའི་ཆོ་ག་བྱང་ཆུབ་ཆེན་པོའི་གཞུང་ལམ་ཞེས་བྱ་བ་བཞུགས་སོ། །

༢༧༥

ཟབ་མོ་ལྟ་བརྒྱུད་ལུགས་ཀྱི་སེམས་བསྐྱེད་པའི་ཆོ་ག་བྱང་ཆུབ་ཆེན་པོའི་གཞུང་ལམ་ཞེས་བྱ་བ་བཞུགས་སོ། །

༢༧༦

ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭཱ་ཡ། རྒྱལ་བའི་གྲོང་ཁྱེར་མཆོག་ཏུ་བགྲོད་པ་ཡི། །གཞུང་ལམ་འཇུག་པ་བདེ་ཞིང་དོན་ཆེ་བ། །བྱང་ཆུབ་སེམས་དང་དེ་ཉིད་སྒོ་དུ་མས། །སྟོན་མཛད་སྲས་དང་བཅས་ལ་གུས་ཕྱག་འཚལ། །བསྟན་པ་འདི་ལ་གཞན་དྲིང་མི་འཇོག་པར། །རྒྱལ་བའི་སྲས་ཀྱི་ལྟ་སྤྱོད་ཉིན་མོར་བྱེད། །སྐྱེ་རྒུའི་ཡིད་མཁར་འདྲེན་མཛད་འཕགས་བོད་དུ། །ཇི་སྙེད་བྱོན་པ་རྣམས་ལའང་དད་པས་འདུད། །ཤིང་རྟ་ཆེ་གཉིས་གྲགས་པའི་རིང་ལུགས་ལས། །ཟབ་མོ་ལྟ་བ་བརྒྱུད་པའི་བཀའ་སྲོལ་གྱི། །སེམས་བསྐྱེད་ཆོ་གའི་ཕྱག་ལེན་མ་འཁྲུལ་བ། །རྒྱལ་སྲས་གོང་མའི་གསུང་བཞིན་དགོད་པར་བྱ། གང་ཞིག་བྱང་ཆུབ་སེམས་དཔའི་སྡོམ་པ་ཚུལ་བཞིན་བརྒྱུད་པ་ལྡན་པའི་སློབ་དཔོན་གྱིས། དབུ་མ་ལུགས་ཀྱི་སེམས་བསྐྱེད་པའི་ཆོ་ག་རྒྱལ་སྲས་ཞི་བ་ལྷའི་ལུགས་བཞིན་བགྱིད་པ་ལ་དོན་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་ཆོ་གའོ། །དང་པོ་ནི། གཙང་ཞིང་ཡིག་

༢༧༧

དུ་འོང་བའི་གནས་ཁང་རྒྱན་གྱི་བཀོད་པ་དུ་མས་ལེགས་པར་བརྒྱན་པའི་གུང་དུ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་ཐུབ་པའི་དབང་པོའི་སྐུ་བརྙན་ལ་སོགས་པའི་རྟེན་གསུམ་ཁྱད་པར་ཅན་ཅི་འབྱོར་བཤམས་པའི་མདུན་ཏུ་ཆུ་གཉིས་དང༌། ཉེར་སྤྱོད་བརྒྱ་ཕྲེང་གིས་མཚོན། མཆོད་པའི་ཡོ་བྱད་ཅི་འབྱོར་རྒྱ་ཆེན་པོ། །མཎྜལ་མེ་ཏོག་བཅས། དཀོན་མཆོག །ཆོས་སྐྱོང༌། དཔལ་མགོན། གཞི་བདག་བཅས་དཀར་གསུམ་གྱི་གཙང་གཏོར་ཆ་བཞི་རྣམས་ལེགས་པར་བཤམ་མོ། །དེ་ནས་སློབ་དཔོན་རང་ཉིད་ཁྲུས་བྱ། ཕུང་པོ་གསུམ་པའི་མདོ་ལན་གསུམ་འདོན་བཞིན་ཕྱག་བྱ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་སྔོན་དུ་བཏང༌། ཐལ་མོ་སྦྱར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ངག་ཏུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། རང་གི་མིང་ནས་སྨྲོས་ཏེ། བདག་

༢༧༨

མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཞེས་སོགས་ནས། ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། ཇི་ལྟར་སྔོན་གྱི་བདེ་གཤེགས་ནས་བསླབ་པར་བགྱི། །ཞེས་པའི་བར་ལན་གསུམ་དང༌། དེང་དུས་བདག་ཚེ་འབྲས་བུ་ཞེས་སོགས་དང༌། བྱང་ཆུབ་སེམས་ནི་རིན་པོ་ཆེ། ཞེས་སོགས་ཀྱི་བསྔོ་བ་སྨོན་ལམ་གྱིས་བར་གྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ནས་རང་རྒྱུད་ཀྱི་སྡོམ་པར་རྣམ་པར་དག་པར་བྱས། དེ་ནས་ཆོས་ཀྱི་ཁྲི་ཆེན་པོའི་སྟེང་དུ་གདན་མཐོན་པོ་ལ་འཁོད་དོ། དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། སློབ་དཔོན་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་དང༌། སེམས་ཅན་ཐམས་ཅད་ཕན་བདེ་ལ་དགོད་པར་འདོད་པའི་བརྩེ་བ་དང༌། ཁྱད་པར་དུ་སློབ་མ་རྣམས་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་འདོད་པའི་བསམ་པ་བཟང་པོ་དང་ལྡན་པས་འདི་སྐད་བརྗོད་པར་བྱ་སྟེ། འོ་སྐོལ་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པའི་ཁུར་ཤེས་རྒྱུད་ཀྱི་སྟེང་ན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་དེ་དག་མ་བཤགས་ན། དགེ་བ་བྱས་པ་སྟོབས་ཆུང་ཞིང་འཕགས་པ་དགྱེས་པའི་ལམ་དུ་མི་འགྱུར་བས་བཤགས་དགོས། དེའང་སྟོབས་བཞིའི་སྒོ་ནས་བཤགས་ན་སྡིག་པ་ཇི་ལྟར་ཆེ་ཡང་འདག་པར་གསུངས་པས། དེ་ལྟར་བསྒྲུབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁའ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། བསྟན་པའི་བདག་པོ་སེང་གེ་སྐུ་མདོག་གསེར་གཙོ་མ་ལྟ་བུ་ཕྱག་གཉིས་ས་གནོན་དང་མཉམ་བཞག་གི་ཕྱག་རྒྱས་བཞུགས་པ། དེའི་མཐར་སྐོར་དུ་ལྟུང་བ་བཤགས་པའི་ཡུལ་སངས་རྒྱས་སུམ་ཅུ་རྩ་ལྔ་གཙོ་བོར་གྱུར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བར་བཞུགས་པར་མོས་པ་བྱ་བ་ནི་རྟེན་གྱི་སྟོབས། དེ་དག་གི་དྲུང་དུ་བདག་གཞན་

༢༧༩

སེམས་ཅན་ཐམས་ཅད་ལུས་དང་མགོ་བོ་དང་ལྕེ་དཔག་ཏུ་མེད་པ་སྤྲུལ་ཏེ། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་དྲག་པོ་བྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། དེ་ལྟར་བྱས་པ་ལྟུང་བ་ཐམས་ཅད་དག་ངེས་སྙམ་པ་སོར་ཆུད་པའི་སྟོབས་ཏེ། དེ་དག་དྲན་བཞིན་པའི་སྒོ་ནས་ལྟུང་བ་བཤགས་པ་ཚར་གསུམ་ཕྱག་འཚལ་བ་དང་བཅས་ཏེ་གདོན་པར་ཞུ། ཞེས་བྱས་ལ་ཕྱག་འཚལ་བཞིན་པས་ལྟུང་བཤགས་ཚར་གསུམ་འདོན་དུ་གཞུག །དེ་ནས་ཐམས་ཅད་གྲལ་དུ་འཁོད་པ་ལ་སློབ་དཔོན་གྱིས་འདི་ལྟར་བརྗོད་དོ། །འོ་སྐོལ་རྣམས་རྙེད་པར་དཀའ་བ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད་མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། འཁོར་འདས་ཀྱི་འདམ་ཁ་རང་དབང་ཐོབ་པའི་དུས་འདིར་དལ་འབྱོར་ལ་སྙིང་པོ་ལོན་པ་ཞིག་ཅི་ནས་ཀྱང་འབད་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང༌། །རུས་ལྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་བར་མཛོད། ཅེས་གསུངས་ཤིང༌། དམ་པའི་ཆོས་ཀྱི་ནང་ནས་ཀྱང་རང་གཞན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཞིང༌། གནས་སྐབས་དང་མཐར་ཐུག་གི་བདེ་བ་དམ་པ་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་ཡིན་ཏེ་བསླབ་བཏུས་ལས། །སྡུག་བསྔལ་མཐར་ཕྱིན་འདོད་པ་དང༌། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ལ་ནི་བློ་བརྟན་བྱ། ཞེས་གསུངས་པས་མཚོན་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་སེམས་བསྐྱེད་ཀྱི་ཆོ་ག་སྒྲུབ་པ་ལ། ཐོག་མར་སྡོམ་པའི་རང་བཞིན་གཏན་ལ་བབ་པའི་ཚུལ་མདོ་ཙམ་སྨོས་ན། སེམས་བསྐྱེད་ཀྱི་ངོ་བོ། །དབྱེ་བ། སོ་སོའི་ས་མཚམས། སེམས་

༢༨༠

བསྐྱེད་ཀྱི་རྒྱུ། ཕན་ཡོན་ཉེས་དམིགས། ཆོ་གའི་ཁྱད་པར་རྣམས་ལས། དང་པོ་ནི། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང༌། མདོ་སྡེ་རྒྱན་ལས། །དོན་གཉིས་ལྡན་པའི་སེམས་འབྱུང་བ། ཞེས་གསུངས་པ་བཞིན་ནོ། །གཉིས་པ་བྱེ་བ་ནི། གཞན་དོན་དུ་བྱང་ཆུབ་ཐོབ་པར་འདོད་པ་སྨོན་པ་དང༌། གཞན་དོན་དུ་བྱང་ཆུབ་ཏུ་འགྲོ་བཞིན་པ་ནི་འཇུག་པ་སྟེ་བསམ་པས་འགྲོ་འདོད་དང་སྦྱོར་བས་འགྲོ་བཞིན་པ་ལྟ་བུར་སྤྱོད་འཇུག་ལས། །བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པར་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། ཞེས་པ་དང༌། ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་ཀྱང་རྣམ་པ་གཉིས་ཏེ། མྱང་འདས་ལས། །ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། ཞེས་པས། ཕྱི་རོལ་སེམས་ཅན་ལ་དམིགས་ཏེ་སོ་སྐྱེ་ལ་གཙོ་བོར་སྐྱེ་བ་ཀུན་རྫོབ་སེམས་བསྐྱེད་དང༌། ནང་སེམས་ཉིད་ལ་དམིགས་ཏེ་གཙོ་བོར་འཕགས་རྒྱུད་ལ་སྐྱེ་བ་དོན་དམ་སེམས་བསྐྱེད་ཡིན་ནོ། །དེས་ན་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཏུ་སྨོན་པ་ཙམ་ལས་ཀྱང་སྐྱེ་ཞིང༌། འཇུག་པའི་སེམས་བསྐྱེད་ནི་ཆོ་ག་ལས་སྐྱེས་པའི་སྡོམ་པ་ཡིན་ཏེ། དེ་གཉིས་ཀའང་ཀུན་རྫོབ་སེམས་བསྐྱེད་དུ་འད་ུལ། དོན་དམ་སེམས་བསྐྱེད་ནི་དེའི་ཆོས་ཉིད་གོམས་པའི་སྟོབས་ལས་སོ། །གསུམ་པ་ས་མཚམས་ནི། སྨོན་སེམས་ནི། །དང་པོ་སེམས་བསྐྱེད་མ་ཐག་ནས་སྡོམ་པ་མ་བཟུང་བར་གྱི་ཚོགས་ལམ་ཆུང་ངུ་ནས་ཡོད་ལ། འཇུག་སེམས་ནི།

༢༨༡

འཇུག་སྡོམ་བཟུང་ནས་རྒྱུན་མཐའི་བར་ན་ཡོད་ཏེ། །འགྲོ་བར་འདོད་དང་འགྲོ་བ་ཡི། ཞེས་སོགས་ཀྱིས་འགྲུབ་ཅིང༌། གལ་ཏེ་འཇུག་སེམས་འཕགས་ལམ་ཁོ་ན་ན་ཡོད་དམ་ཞེ་ན་མ་ངེས་ཏེ། སྡོམ་པའི་རྟེན་སོ་སྐྱེའི་རྟེན་ཅན་དུ་གྲུབ་པ་དང༌། གཞན་དུ་འཇུག་སྡོམ་བླངས་ནས་རྩ་ལྟུང་སྤྱོད་པ་མི་སྲིད་པར་འགྱུར་བའི་ཕྱིར་རོ། །བཞི་པ་སེམས་བསྐྱེད་ཀྱི་རྒྱུ་ནི། སངས་རྒྱས་ལ་དམིགས་པའི་དད་པས་སེམས་ཅན་ལ་དམིགས་པའི་སྙིང་རྗེ། །བྱང་ཆུབ་སེམས་ཀྱི་ཕན་ཡོན་ཤེས་ནས་ཐོབ་པར་འདོད་པ་སྟེ་གསུམ་ལས་སྐྱེ་བར་མདོ་སྡེ་རྒྱན་ལས། །གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བརྟན་པའི་སེམས་བསྐྱེད་བཤད། ཅེས་པས་གྲོགས་དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་ཐོས་པ་བྱས་པ་ལས་སྨོན་པ་སེམས་བསྐྱེད་མི་བརྟན་པའི་རྒྱུ་དང་པོར་འབྱུང་ཞིང༌། རང་གིས་དགེ་བ་གོམས་པ་དང་རྒྱུ་རིགས་སད་པ་དང༌། །རྩ་བ་སྙིང་རྗེ་སྐྱེས་པ་ལས། འཇུག་པ་སེམས་བསྐྱེད་བརྟན་པར་སྐྱེ་བའི་རྒྱུར་གསུངས་སོ། །ལྔ་པ་སེམས་བསྐྱེད་པའི་ཕན་ཡོན་ནི། སྨོན་པ་སེམས་བསྐྱེད་ཀྱིས་ཉན་རང་གིས་སེམས་བསྐྱེད་པ་ལ་སོགས་པའི་བསོད་ནམས་ཐམས་ཅད་ཟིལ་གྱིས་ནོན་ཅིང༌། འཇུག་སེམས་ཀྱིས་རྩ་ལྟུང་མ་བྱུང་ན་གཉིད་འཐུག་པོ་ལོག་པའམ། བག་མེད་པར་གྱུར་ཀྱང་བསོད་ནམས་རྒྱུན་མི་ཆད་པ་འབྱུང་བ་སྟེ། སྤྱོད་འཇུག་ལ། །དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང༌། །ཞེས་སོགས་མཐའ་ཡས་པར་གསུངས་པ་ལས་ཆ་ཤས་ཙམ་སྔར་བརྗོད་ཟིན་ནོ། །དྲུག་པ་སེམས་མ་བསྐྱེད་པའི་ཉེས་དམིགས་ནི། གཙོ་བོར་འཁོར་བ་དང་ངན་སོང་དུ་ལྟུང་བ་རྒྱུན་

༢༨༢

མི་ཆད་ཅིང༌། ཇི་ལྟར་ཆོས་ལ་འབད་ཀྱང་ཉན་རང་དུ་གོལ་བ་དང༌། དམྱལ་བར་ལྟུང་བ་བྱང་ཆུབ་ཀྱི་གཏན་གེགས་མ་ཡིན་ཀྱང༌། ཉན་རང་དགྲ་བཅོམ་དུ་ལྟུང་བ་ནི་གྲངས་མེད་པའི་བསྐལ་པར་བླ་ན་མེད་པ་རྫོགས་བྱང་གི་གེགས་ཡིན་པའི་ཕྱིར་རོ། །བདུན་པ་ཆོ་གའི་ཁྱད་པར་ནི། སྡོང་པོ་བཀོད་པ་དང༌། ནམ་མཁའི་སྙིང་པོའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པ། འཕགས་པ་འཇམ་དཔལ་ནས་བརྒྱུད་དེ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་རྒྱལ་སྲས་ཞི་བ་ལྷ་སོགས་ཀྱི་ཕྱག་བཞེས་དབུ་མ་ལུགས་སུ་གྲགས་པ་དང༌། བྱང་ཆུབ་སེམས་དཔའི་ས་ཆེན་པོའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པ། མགོན་པོ་བྱམས་པ་ནས་བརྒྱུད་དེ་འཕགས་པ་ཐོགས་མེད་སྐུ་མཆེད་དང༌། སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་དང་ཇོ་བོ་ཨ་ཏི་ཤ་སོགས་ཀྱི་ཕྱག་བཞེས་སེམས་ཙམ་ལུགས་སུ་གྲགས་པ་གཉིས་ཡོད། དེ་དག་ཀྱང་བླང་བྱའི་ཡུལ། ལེན་པ་པོའི་གང་ཟག །ལེན་བྱེད་ཆོ་ག། །མི་ཉམས་པར་སྲུང་ཚུལ་གྱི་ཁྱད་པར་སོགས་ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་རྣམས་ལས་རྟོགས་པར་བྱ་དགོས་ཤིང༌། འདིར་དབུ་མ་ལུགས་ཀྱི་ཆོ་ག་བསྒྲུབ་པར་བགྱི་བ་ཡིན། དེ་ལ་ཐོག་མར་སྡོམ་པ་ལེན་པའི་ཚུལ། བར་དུ་མི་ཉམས་པར་བསྲུང་བའི་ཚུལ་མཐར་ཉམས་ན་ཕྱིར་བཅོས་པའི་ཚུལ་དང་གསུམ་ལས། དང་པོ་ལ་གང་ལས་བླངས་པའི་ཡུལ། གང་གིས་ལེན་པའི་གང་ཟག །ཇི་ལྟར་ལེན་པའི་ཆོ་ག་དངོས་བཤད་པའོ། །དང་པོ་ནི། ཐེག་པ་ཆེན་པོ་ལ་མོས་ཤིང་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ། བྱང་སེམས་ཀྱི་སྡེ་སྣོད་སྤྱི་དང་ཁྱད་པར་བྱང་སྡོམ་འབོགས་པ་དང་བསླབ་བྱ་ལ་དཀྲི་མཁས་ཤིང༌། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་སོགས་དང་བྲལ་བ་སྟེ། སྤྱོད་འཇུག་ལས། །རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །

༢༨༣

བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ༌། །ཞེས་གསུངས་སོ། །ལུགས་འདི་ལ་སེམས་བསྐྱེད་གསར་དུ་ལེན་པ་དང་ཉམས་པ་གསོ་བ་གཉིས་ཀ་སློབ་དཔོན་མ་འབྱོར་ན་རྟེན་གྱི་དྲུང་དུ་བླངས་པས་ཀྱང་རུང་བར་བཤད་དོ། །གཉིས་པ་ནི། གཟུགས་མེད་ཁམས་པ་དང་འདུ་ཤེས་མེད་པའི་ལྷ་མ་གཏོགས་སེམས་ཅན་བརྡ་ཤེས་ཤིང་སྡོམ་པ་ལེན་འདོད་ཡོད་པ་ཀུན་ལ་སྐྱེ་བར་བཤད་པ་དང༌། ཁྱད་པར་ཤེས་རབ་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་བརླབས་པོ་ཆེ་རྣམས་ལ་ལེགས་པར་རྟོགས་ཤིང༌། དེ་དག་ཤིན་ཏུ་སྒྲུབ་དཀའ་བར་ཤེས་ཀྱང༌། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བར་འདོད་ཅིང༌། དེ་ལ་རང་གི་སངས་རྒྱས་ཐོབ་དགོས་པར་ཤེས་ནས། སངས་རྒྱས་ཐོབ་པའི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འདོད་པ་ཞིག་ཡིན་ཏེ། བསླབ་བཏུས་ལས། སེམས་ཅན་ཆེན་པོ་གང༌། དེ་ལྟ་བུ་ཐོས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་དཀའ་བ་ཤེས་རབ་ཀྱིས་རྟོགས་པར་བྱས་ནས། སྐྱེ་བོ་མ་ལུས་པ་སྡུག་བསྔལ་ལས་བསྐྱབ་པར་ཁུར་ཁྱེར་བ་དེས་ནི། ཕྱག་བྱ་བ་དང༌། མཆོད་པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། སངས་རྒྱས་ལ་བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། བྱང་ཆུབ་ཏུ་བསྔོ་བ་བྱས་ལ། དགེ་བའི་བཤེས་གཉེན་ལ་གསོལ་བ་གདབ་སྟེ། དེའི་ཚིག་གིས་རྗེས་སུ་བརྗོད་པའམ། ཡང་ན་རང་ཉིད་ཀྱིས་བརྗོད་པ་ཞེས་གསུངས་སོ། །གསུམ་པ་ཇི་ལྟར་ལེན་པའི་ཚུལ་གྱིས་ཆོ་ག་ལ། །སྦྱོར་བ། དངོས་གཞི་མཇུག་གི་ཆོ་ག་དང་གསུམ་ཡོད། དང་པོ་སྦྱོར་བ་ལའང་བཞི། མན་ངག་ཁྱད་པར་ཅན་གྱི་བློ་བཅོས་པ། ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ། །རྟེན་ཁྱད་

༢༨༤

པར་ལ་སྐྱབས་སུ་འགྲོ་བ། ཐབས་ཁྱད་པར་གྱི་སྒོ་ནས་ཚོགས་བསགས་ཅིང་སྒྲིབ་པ་སྦྱོང་བའོ། །དང་པོ་ལའང༌། སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ། ཞི་བ་མྱང་འདས་ཀྱི་མཐའ་ལ་ཞན་པ་དགག་པ། མཐའ་གཉིས་དང་བྲལ་བའི་ལམ་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པ་གསུམ་གྱི་དང་པོ་ནི། འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། དམྱལ་བ་ལ་རིགས་བཅོ་བརྒྱད་ཡོད་པ་ལས། ཚ་དམྱལ་ནི། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། །ཚ་བ། རབ་ཏུ་ཚ་བ། མནར་མེད་པ་སྟེ་བརྒྱད་ཡིན། དེ་རྣམས་ལ་ཕན་ཚུན་མཚོན་གྱིས་འདེབས་པ་དང༌། སོག་ལེས་འགྲ་བ་དང༌། རི་གཉིས་འདུས་ནས་བཅོམ་པ་དང༌། ལྕགས་མདུང་མེ་འབར་བ་བསྣན་ནས་ལྕགས་སྲེག་གི་ས་གཞི་ལ་བརྡབས་པ་དང༌། ལྕགས་ཀྱི་ཁང་པ་མེ་འབར་བ་སྒོ་མེད་པའི་ནང་དུ་ཆུད་པ་དང༌། ཐབས་ཆེན་པོའི་ནང་དུ་བཟོད་ཐབས་མེད་པའི་ཆུ་ཚན་གྱིས་བཙོས་པ་དང༌། ཕྱོགས་བཅུ་ཐམས་ཅད་མེས་གང་བས་བསྲེག་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་ཅིང༌། དེ་ཐམས་ཅད་མི་དགེ་བ་ཆེན་པོའི་འབྲས་བུ་ཡིན་ཏེ། །བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་བཤུས་པས་ཤིན་ཏུ་ཉམ་ཐག་ཅིང༌། རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ལུས་ལ་བླུགས་གྱུར་ལ། འབར་བའི་རལ་གྲི་མདུང་ཐུང་གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་ལྷགས་ཤིང༌། ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྟུང་བར་མི་དགེ་མང་པོས་འགྱུར། ཞེས་གསུངས། གྲངས་དམྱལ་ནི། ཆུ་བུར་ཅན། ཆུ་བུར་རྡོལ་བ། ཨ་ཆུ་ཟེར་བ། ཀྱེ་ཧུད་ཟེར་བ། སོ་ཏམ་ཏམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་

༢༨༥

གས་པ་སྟེ་བརྒྱད་ཡིན་ལ། དེ་དག་ཤིན་ཏུ་གྲང་བས་ལུས་ལ་ཆུ་བུར་གྱི་ཚོགས་བྱུང་ཞིང་སྨྲེ་སྔགས་འདོན་པ་དང༌། ཤ་རུས་གས་པ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དེ། སློབ་སྤྲིང་ལས། ལྷགས་པ་དཔེ་མེད་རུས་པ་ལ་ཡང་ཐིམ་པ་ཡིས། ལུས་སྦྲེབས་འདར་ཤ་བསྐུར་ནས་ཀུམ་ཀུམ་བོར་འདུག་པ། །ཆུ་བུར་བརྒྱ་བྱུང་རྡོལ་པ་ལས་སྐྱེས་སྲོག་ཆགས་ཀྱིས། རལ་གྲི་དབང་ནས་ཞག་དང་ཆུ་སེར་རྐང་བཅས་འཛག །ཅེས་གསུངས། ཉེ་འཁོར་བ་ནི། མེ་མ་མུར་གྱི་འོབ་ཆེན་པོར་ལྷུང་བ་དང༌། རོ་མྱགས་ཀྱི་འདམ་དུ་ལྷུང་ནས་སྲོག་ཆགས་ཀྱིས་ཤ་རུས་འབིགས་པ་དང༌། སྤུ་གྲི་བརྡལ་བའི་ཐང་ལ་ལུས་གང་རེག་སྤུ་གྲིས་གཅོད་པ་དང༌། རལ་གྲི་ལོ་མའི་ནགས་རླུང་གིས་བསྐྱོད་པས། རལ་གྲི་ཆད་ནས་ལུས་དུ་མ་བུར་གཏོང་བ་དང༌། ཤལ་མལ་རིའི་སྡོང་པོ་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་ཡོད་པ་ལ་འབབ་འཛེགས་བྱས་པས་ལུས་རྒྱུས་པ་བཤད་པ་བཞིན་འགྲོ་བ་དང༌། ཆུ་བོ་རབ་མེད་ཅེས་བྱ་བ་ཆུ་ཤིན་ཏུ་ཚ་བར་ལྷུང་ནས་ལུས་རུས་པར་ཟངས་ཀྱི་ས་གཏོང་བ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་ཅིང༌། དེ་དག་ཚ་བའི་དམྱལ་བའི་ཕྱོགས་བཞིན་ཐམས་ཅད་ཚང་བ་རེ་རེ་ཡོད་དེ། མཛོད་ལས། །དེ་དག་གི་ནི་ངོས་བཞིན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། ཞེས་གསུངས། ཉི་ཚེ་བ་ནི། རྒྱ་མཚོའི་འགྲམ་ལ་སོགས་པ་སྣ་ཚོགས་ན་ཡོད་ཅིང༌། ལུས་ལ་མེ་འབར་བ་དང༌། སྲོག་ཆགས་ཀྱིས་ཟབ་ལ་སོགས་པའི་སྡུག་བསྔལ་ཡོད་པས། དེ་ལྟར་དམྱལ་བ་པ་རྣམས་ལ་སྡུག་བསྔལ་ཤིན་ཏུ་མང་པོ་ཡོད་དེ། །བཤེས་སྤྲིང་ལས། །འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོ་མ་

༢༨༦

ཡང་མི་མཆི་ཆར་ཡང་མི་ཕོད་དོ། །ཞེས་གསུངས། ཡི་དྭགས་རྣམས་ལ་ལོ་ཟླ་མང་པོར་ཟས་སྐོམ་ཅུང་ཟད་ཀྱང་མི་རྙེད་པས། བཀྲེས་སྐོམ་གྱིས་གཟིར་བ་དང༌། ཚ་གྲང་ལ་སོགས་པའི་སྡུག་བསྔལ་ཡོད་དེ། བཤེས་སྤྲིང་ལས། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་གསུངས། དུད་འགྲོ་རྣམས་ལའང་གཅིག་ལ་གཅིག་ཟ་བ་དང༌། བཀོལ་བ་དང༌། ཤ་དང་པགས་པ་ལ་སོགས་པའི་ཆེད་དུ་གསོད་པ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དེ། བཤེས་སྤྲིང་ལས། །དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང༌། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང༌། །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་གྱི་རྡོག་པ་ལག་པ་དང༌། །ལྕགས་དང་ལྕགས་ཀྱུས་བཏབ་པས་བཏབ་སྟེ་བཀོལ། ཅེས་གསུངས། །མི་རྣམས་ལའང་སྐྱེ་རྒ་ན་འཆི་དང༌། །མེད་པ་བཙལ་དུ་མ་རྙེད་པ་དང༌། །ཡོད་པ་བསྲུང་གིས་མ་ཐུབ་པ་དང༌། །དགྲ་སྡང་བ་དང་འཕྲད་པ་དང༌། གཉེན་བྱམས་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་མང་པོ་འདུག་པ་དེ་རང་རེས་མཐོང་བ་འདི་ཡིན། ལྷ་མ་ཡིན་རྣམས་ལ་ལྷའི་དཔལ་འབྱོར་ལ་ཕྲག་དོག་བྱེད་པས་ལུས་བཤག་པ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དོ། ལྷ་མིན་གནས་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ནའང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་གསུངས།

༢༨༧

འདོད་ཁམས་ཀྱི་ལྷ་རྣམས་ལའང་འཆི་ལྟས་བྱུང་བའི་དུས་སུ་ལྷའི་དཔལ་འབྱོར་ལ་ཆགས་ཤིང༌། དེ་ནས་འཆི་བར་ཤེས་ནས་སྡུག་བསྔལ་ཆེན་པོ་འབྱུང་སྟེ། །མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི། །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། ཞེས་གསུངས་སོ། །གཟུགས་དང་གཟུགས་མེད་ཀྱི་ཁམས་ཀྱི་ལྷ་རྣམས་ལ་རེ་ཞིག་སྡུག་བསྔལ་ཀྱི་སྡུག་བསྔལ་མེད་ཀྱང༌། དེ་ནས་ཤི་འཕོས་ནས་ངན་སོང་རྣམས་སུའང་སྐྱེ་བར་འགྱུར་བ་ཡོད་དེ། །ལྷ་ཡུལ་འདོད་པ་དེ་ཤིན་ཏུ་ཆེན་པོ་དང༌། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟན་འཚལ་ལོ། །ཞེས་གསུངས། དེས་ན་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན། མདོ་དྲན་པ་ཉེར་བཞག་ལས། །སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡི་ཉམས། །འཁོར་བ་ཁབ་ཀྱི་རྩེ་རྩམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན། ཞེས་གསུངས་ཤིང༌། མགོན་པོ་བྱམས་པས་ཀྱང་མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། ཅེས་གསུངས། དེས་ན་འཁོར་བ་མཐའ་དག་ལས་སྐྱོ་བ་སྐྱེད་ཅིང་དེ་ལས་ཐར་བར་བྱ་བའི་ཕྱིར་འབད་པར་བྱ་བ་དེ་ལས་དགོས་པ་ཆེ་བ་གཞན་ནི་འགའ་ཡང་མེད། བཤེས་སྤྲིང་ལས། མགོ་བོའམ་གོས་ལ་བློ་བུར་མེ་ཤོར་ན། དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང༌། ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། ཞེས་གསུངས་པས། འཁོར་བ་ལས་ཐར་བར་བྱ་བའི་ཕྱིར་དམ་པའི་ཆོས་ལ་འབད་

༢༨༨

པར་བྱའོ་སྙམ་པའི་བསམ་པ་ཞེ་ཐག་པ་ནས་བསྐྱེད་འཚལ་ལོ། །གཉིས་པ་ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ་ནི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས། དེ་སྤང་ནས་ཉན་རང་གི་ལུགས་ཀྱི་ཕུང་པོ་ལྷག་མེད་ཀྱི་མྱང་འདས་ཐོབ་ན། སྡུག་བསྔལ་གཏན་ནས་མེད་པར་འགྱུར་བས་དེ་ཐོབ་པར་བྱ་བ་ཡིན་སྙམ་ན་མ་ཡིན་ཏེ། དེས་གཞན་དོན་མི་འགྲུབ་ལ། འཁོར་བའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་མར་བྱས་པའི་དྲིན་ཅན་ཡིན་པས། དེ་རྣམས་ཀྱི་དོན་མི་བྱེད་པར་རང་ཉིད་ལྷག་མེད་ཀྱི་མྱང་འདས་སྒྲུབ་པ་ནི། དྲིན་མི་ཤེས་པས་ཁྲེལ་མེད་པའི་སྤྱོད་བར་འགྱུར་ཏེ། སློབ་སྤྲིང་ལས། །ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་ན་ལྟུང་བ་ལྟ་བུར་སྣང་བཞིན་དུ། སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་སང་ན་བཅའ་བ་ཅི་ཡང་མི་ནུས་པ། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་ཟག་འཐུངས་པ། །ངལ་བ་མང་བརྟེན་བྱམས་པ་བརྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཞིག་ནའང་སྤོང་བར་སུ་ཞིག་སྤྲོ། ཞེས་གསུངས་པས། གཞན་དོན་དོར་ནས་རང་ཉིད་གཅིག་པུ་ཞི་བདེ་ཐོབ་པར་འདོད་པའི་བློ་སྤང་འཚལ་ལོ། །གསུམ་པ་མཐའ་གཉིས་དང་བྲལ་བའི་ལམ་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་སྐྱེད་པ་ནི། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྤངས་དགོས་ཤིང༌། སྡུག་བསྔལ་ཐམས་ཅད་སྤངས་པའི་མྱང་འདས་དེའང་ཐོབ་པར་མི་བྱེད་ན། །ཅི་ཞིག་ཐོབ་པར་བྱ་ཡིན་སྙམ་ན། མྱང་འདས་ཕྱོགས་གཅིག་པ་དེ་ཐོབ་བྱ་བ་མ་ཡིན་ཡང༌། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བསལ་ནས། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་རྩེ་བྱང་ཆུབ་ཐབས་བརྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར།

༢༨༩

ཞེས་གསུངས་པ་ལྟར། ཤེས་རབ་ཆེན་པོས་འཁོར་བའི་མཐའ་ལ་མི་གནས། སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པས་ན་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ཐོབ་ན་རང་དོན་དུ་སྤངས་རྟོགས་ཐམས་ཅད་མཐར་ཕྱིན། གཞན་དོན་དུ་འཁོར་བ་མ་སྟོངས་ཀྱི་བར་དུ་ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར་ཕྲིན་ལས་གྲངས་མེད་པ་འབད་མེད་ལྷུན་གྲུབ་ཏུ་མཛད་པས་ན། རང་གཞན་གྱི་དོན་མཐར་ཐུག་པ་ཡིན་པས། དེ་ཐོབ་པར་བྱ་བའི་ཕྱིར་ཡིན་ནོ། །དེ་ཐོབ་བྱེད་ཀྱི་རྒྱུ་དེ་ནི་གཙོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཏེ་རྣམ་སྣང་མངོན་བྱང་གི་རྒྱུད་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ནི་བྱང་ཆུབ་སེམས་སོ་ཞེས་གསུངས་ཤིང༌། མདོ་སྡུད་པ་ལས། །དེ་བཞིན་འདིར་ཡང་བྱང་ཆུབ་སེམས་མེད་བདེ་གཤེགས་ཀྱི། །ཡེ་ཤེས་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང༌། ཞེས་སེམས་བསྐྱེད་མེད་ན་སངས་རྒྱས་མི་འབྱུང་ལ། །ཆུ་ཡིས་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡང་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། ཞེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་སྙམ་པའི་སྤྲོ་བ་ཆེན་པོ་བསྐྱེད་པར་ཞུ། གཉིས་པ་ཡུལ་ཡུལ་ཁྱད་པར་ཅན་ལ་གསོལ་བ་འདེབས་པ་ནི། ཁྱེད་རྣམས་སེམས་བསྐྱེད་ཞུ་བར་འདོད་པས། སློབ་དཔོན་ལ་གསོལ་བ་གདབ་དགོས་པས། སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས། བྱང་ཆུབ་མཆོག་ཏུ་སེམས་སྐྱེད་པ་

༢༩༠

ཞུ་བའི་ཡོན་ཏུ་མཎྜལ་འབུལ་མཛོད། ཅེས་དང་མཎྜལ་ཚོམ་བུ་སོ་བདུན་མ་དང༌། དེང་ནས་བྱང་ཆུབ་སོགས་སམ་ཚིགས་སུ་བཅད་པ་གང་རུང་གིས་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས། ཕྱག་མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་བདག་ཅག་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྩལ་དུ་གསོལ་སྙམ་པའི་འདུན་པ་ཆེན་པོ་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། རིགས་ཀྱི་བུ་བདག་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །གཉིས་པ་རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་ནི། སྐྱབས་སུ་འགྲོ་བའི་ཡུལ། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། ཆོས་ཐེག་པ་ཆེན་པོའི་ལུང་དང་རྟོགས་པ། དགེ་འདུན་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་ཡིན་ལ། དུས་བྱང་ཆུབ་སྙིང་པོའི་བར་དུ། །རྒྱུ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེས་ཀུན་ནས་བསླངས་ནས། ངོ་བོ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བ་ལ་སངས་རྒྱས་ཐོབ་དགོས། སངས་རྒྱས་ཐོབ་པ་དཀོན་མཆོག་གསུམ་ལ་རགས་ལས་པས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པ་དཀོན་མཆོག་གསུམ་པོ་མཁྱེན་སྙམ་པའི་དང་བ་ཆེན་པོ་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། རང་རང་གི་མིང་ནས་སྨོས་ནས། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་

༢༩༡

སུ་མཆི། ཞེས་ལན་གསུམ་གྱིས་སྐྱབས་སུ་སོང་ནས། དེའི་བསླབ་བྱ་ལ་ད་ཕྱིན་ཆད་སངས་རྒྱས་ལ་སྟོན་པ། ཐེག་ཆེན་གྱི་ཆོས་ལ་ལམ། བྱང་སེམས་འཕགས་པ་རྣམས་ལ་ལམ་སྒྲུབ་པའི་གྲོགས་སུ་གཟུང་བར་བྱའོ་སྙམ་པའི་བསམ་པ་མཛོད། གསུམ་པ་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་བསགས་ཅིང་སྒྲིབ་པ་སྦྱང་བ་ནི། ཡན་ལག་བདུན་པ་འབུལ་བའི་ཡུལ། མདུན་གྱི་ནམ་མཁར་བསྟན་པའི་བདག་པོ་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ། འཁོར་ཉེ་བའི་སྲས་བརྒྱད་ལ་སོགས་པས་བསྐོར་བས་གཙོ་བྱས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པར་བསམས་ནས། རང་གི་ལུས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པ་བསམ་ཞིང༌། །དེའི་རྗེས་སུ་སེམས་ཅན་ཐམས་ཅད་ཀྱང་ཁྲིད་དེ། ཐོག་མར་ཕྱག་འཚལ་བར་བསམས་ལ་གནས་ལྔ་ས་ལ་འདུད་པའི་ཕྱག་བྱ་བ་དང་ལྷན་ཅིག་རྗེས་ཟློས་ཀྱི་ཚིག་རྣམས་དལ་ཞིང་དོད་ལ་སྐབས་ཕྱེད་པར་བརྗོད་པ་ཤིན་ཏུ་གནད་ཆེ་བས་འདིའི་རྗེས་ཟློས་ལན་གསུམ་མཛོད། །དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་ནས་ནི་བདག་ཕྱག་འཚལ། ཞེས་ལན་གསུམ་བརྗོད། གཉིས་པ་མཆོད་པ་དབུལ་བ་ལ་བདུན་ལས། དང་པོ་དངོས་སུ་བཤམས་པའི་མཆོད་པ་ནི། འདི་ལྟར་དངོས་སུ་བཤམས་པའི་མཆོད་པ་འདི་རྣམས་ལྷ་རྗས་ལས་གྲུབ་པའི། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ། གཙང་ཞིང་དྭངས་ལ་ཐོགས་པ་མེད་པ་ནམ་མཁའི་ཁམས་ཁེངས་པ་ཙམ་དུ་བསམས་ནས། དེ་དག་དང་གཞན་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་ཡོད་པའི་མེ་ཏོག་ལ་སོགས་པ་རྣམས། བླ་མ་དང་ཕྱོགས་

༢༩༢

བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ་སྙམ་པའི་དམིགས་འདུན་རྩེ་གཅིག་པས་སྔགས་ཚིག་ཕྱག་རྒྱ་རྣམས་ཀྱང་རྗེས་ཟློས་སམ་ལྷན་ཅིག་མཛད་པར་ཞུ། འདིར་གཞུང་རྙིང་ལས་བྱིན་རླབས་མ་བཤད་ཀྱང་ཕྱིས་ཀྱི་ལག་ལེན་ལ་ཀུན་རིག་ལྟར་སྦྱར་བར་མཛད་པས་སྤྲོ་ན་དེ་ལྟར་རམ། མཆོད་པའི་སྤྲིན་གྱི་གཟུངས་སྔགས་ལན་གསུམ་བརྗོད་ཀྱང་འཐུས། འབུལ་ཚིག་ནི། །རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་མཆིས་པ་དང༌། །བདག་གི་གུས་པས་བཤམ་པ་རྣམས། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་པྲ་ཏཱིཙྪ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དང༌། པུཥྤེ་སོགས་སྔགས་དང་འདོན་པ་བསྒྱུར་ཏེ་དབུལ། བསྡུས་པ་བྱེད་ན་སྔགས་རྐྱང་ངམ། ཚིག་བཅད་རྐྱང་པས་ཕུལ་ཡང་ཆོག་གོ། །གཉིས་པ་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི། འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི། རིན་པོ་ཆེའི་རི་བོ། །དཔག་བསམ་གྱི་ཤིང༌། འབྲུ་དང་མེ་ཏོག །སྨན་དང་ནག་ཚལ་ལ་སོགས་པ་ཐམས་ཅད་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལས་འབུལ་བས། བདག་ཅག་གིས་ཚོགས་རྫོགས་པའི་དོན་དུ་ཁྱེད་རྣམས་ཀྱིས་བཞེས་སུ་གསོལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། །རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པར་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་

༢༩༣

ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། ལྷ་སོགས་འཇིགས་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐའ་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་བརྗོད་དོ། །ཡང་བསྡུས་པར་བྱེད་ན། གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། ཞེས་པ་ནས། བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་པའི་བར་བརྗོད། གསུམ་པ་ལུས་དབུལ་བ་ནི། བདག་གི་ལུས་འདི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དུ་འབུལ་ནས། དེ་དག་གི་བྱ་བ་སེམས་ཅན་ཀྱི་དོན་འབའ་ཞིག་བྱའོ་སྙམ་པའི་སྒོ་ནས་རྗེས་ཟློས་མཛོད། །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེངས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །

༢༩༤

སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཞེས་བརྗོད། བཞི་པ་བློས་སྤྲུལ་པའི་མཆོད་པ་ནི། །བདག་གི་ཚིག་ལས་འབྱུང་བའི་ཁྲུས་ཀྱི་ཁང་པ་ཞེས་པ་ལ་སོགས་པ་ལ་སོགས་པ་འདི་རྣམས་ཚིགས་བཅད་ལས་ཇི་ལྟར་འབྱུང་བ་བཞིན་དུ། ལམ་ལམ་བྱུང་བར་བསྒོམས་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་བར་ཞུ། ཞེས་བརྗོད་ནས། རང་གི་ཚིག་དལ་ལ་དོད་པ་སྐབས་ཕྱེད་པས་འདི་རྣམས་བརྗོད་པར་བྱའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོད་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་དབུལ། །གོས་བཟང་སྲབ་ལ་འཇམས་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་དུ་དྲི་ངད་ལྡན་པ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་བྱང་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོག་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མན་དཱ་ར་དང་པདྨ་དང༌། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །གདུག་

༢༩༥

པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་པར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀུན། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །ཞེས་བརྗོད་པར་བྱའོ། །ལྔ་པ་མཆོད་པ་ཡོངས་སུ་བསྔོ་བ་ནི། །དེ་དག་ལས་གཞན་ཡང་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་བྱེད་ཅིང༌། སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱེད་པའི་མཆོད་པའི་ཚོགས། ནམ་མཁའི་ཁམས་ཁྱབ་པར་གནས་པར་གྱུར་ཅིག་སྙམ་དུ་བསམས་ནས་རྗེས་ཟློས་མཛོད། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པ་འབབ་པར་ཤོག །ཅེས་བརྗོད། དྲུག་པ་བླ་ན་མེད་པའི་མཆོད་པ་ནི། །མགོན་པོ་འཇམ་པའི་དབྱངས་ལ་སོགས་པ་སེམས་དཔའ་ཆེན་པོ་རྣམས་ཀྱིས། མཆོད་རྫས་དཔག་ཏུ་མེད་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད་པ་ན། མཆོད་བྱ་མཆོད་བྱེད། མཆོད་པ་རྣམས་བདེན་པར་

༢༩༦

མངོན་པར་ཞེན་པ་མེད་པ་ལྟར། བདག་གིས་ཀྱང་དེ་ལྟར་མངོན་པར་ཞེན་པ་མེད་པའི་སྒོ་ནས། རྒྱལ་བ་སྲས་བཅས་མཆོད་དོ་སྙམ་པའི་བསམ་པས་འདིའི་རྗེས་ཟློས་མཛོད། ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཅེས་བརྗོད་པར་བྱའོ། །བདུན་པ་བསྟོད་པས་མཆོད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ། ཡོན་ཏན་ཚུལ་བཞིན་བརྗོད་པའི་བསྟོད་དབྱངས་རྣམས་ཀྱིས་བསྟོད་དོ་སྙམ་པའི་བསམ་པས་འདིའི་རྗེས་ཟློས་མཛོད། ཡོན་ཏན་རྒྱ་མཚོ་རྣམ་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་བརྗོད་ནས་མདོ་དབྱངས་བྱེད་དུ་གཞུག་གོ །གསུམ་པ་སྡིག་པ་བཤགས་པ་ནི། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་རྣམ་པར་སུན་འབྱིན་པའི་སྟོབས་དང༌། ཕྱིན་ཆད་སྡིག་པ་གཏན་ནས་མི་བྱེད་སྙམ་པ་ཉེས་པ་ལས་བཟློག་པའི་སྟོབས་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་རྟེན་གྱི་སྟོབས་དང༌། སྡིག་པའི་གཉེན་པོ་རྣམས་ཉམས་སུ་ལེན་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། སྟོབས་བཞི་ཚངས་པས་སྡིག་པ་ཐམས་ཅད་འདག་པར་ཆོས་བཞི་བསྟན་པའི་མདོ་ལས་གསུངས་པས། །སྔར་བྱས་ཀྱི་སྡིག་པ་དྲན་ཡུལ་དུ་བྱས་ནས་དེ་ལ་འགྱོད་པ་དྲག་པོ་དང༌། ད་ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པ་མི་བྱེད་སྙམ་པའི་ཞེ་བཅད་ཆེན་པོ་དང༌། ད་ནི་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། རྟེན་དཀོན་མཆོག་གསུམ་ལ་བརྟེན་ནས་སྡིག་པའི་གཉེན་པོའི་ཆོས་རྣམས་ཚུལ་བཞིན་དུ་ཉམས་སུ་བླང་བར་བྱའོ་སྙམ་པའི་བསམ་པ་ཞེ་ཐག་པའི་སྒོ་ནས། སྡིག་བཤགས་ཀྱི་ཚིག་བརྗོད་པས།

༢༩༧

སྡིག་པ་སངས་སངས་དག་པར་བསྒོམ་ཞིང༌། འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་དང༌། །བཅས་པའི་སྡིག་པ་གང་ཡིན་ལས། །གང་ཡང་རུང་བར་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱི་བདག་གི་སྡིག །ནོངས་བ་ལགས་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། ཅེས་ལན་གསུམ་བརྗོད་ནས། སྡིག་པ་བདེན་མེད་ཡིན་པས་སངས་ཀྱིས་དག་པར་བསམ་མོ། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། འཕགས་པ་དང་སོ་སོ་སྐྱེ་བོའི་བདེ་བ་དང་དགེ་བ་ཐམས་ཅད་ལ་ཞེ་ཐག་པ་ནས་དགའ་བའི་བསམ་པས་འདིའི་རྗེས་ཟློས་མཛོད། །སེམས་ཅན་ཀུན་གྱི་ངན་སོང་གི། །སྡུག་བསྔལ་ངལ་གསོའི་དགེ་བ་དང༌། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ༌། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། ངེས་པར་ཐར་ལ་ཡི་རང་ངོ༌། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང༌། །རྒྱལ་སྲས་ས་ལ་ཡི་རང་ངོ༌། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང༌། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །ཞེས་བརྗོད། ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ནས་ཞུ་བ་པོའི་ཚོགས་རྫོགས་པར་བྱ་བ་ལ་སོགས་པའི་

༢༩༨

དོན་དུ་ཆོས་ཀྱི་འཁོར་ལོ་མི་བསྐོར་བའང་ཡོད་པས། དེ་རྣམས་ལ་གདུལ་བྱ་རྣམས་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུ་སྙམ་པའི་བསམ་པ་ཞེ་ཐག་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། ཞེས་བརྗོད། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། །སངས་རྒྱས་འགའ་ཞིག་སངས་རྒྱས་ལ་དཀོན་པའི་འདུ་ཤེས་བསྐྱེད་པ་ལ་སོགས་པའི་དོན་དུ། མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་ཡོད་པ། དེ་རྣམས་ལ་ཞིང་དེ་རྣམས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་མྱ་ངན་ལས་མི་འདའ་བར་ཡུན་རིང་དུ་བཞུགས་སུ་གསོལ་སྙམ་པའི་བསམ་པ་ཞེ་ཐག་པས། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་དགོད་པར། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། ཞེས་བརྗོད། བདུན་པ་བསྔོ་བ་ནི། དེ་ལྟར་ཕྱག་འཚལ་བ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་བ་དང༌། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་འགྲུབ་པའི་རྒྱུར་གྱུར་ཅིག་སྙམ་པའི་སྒོ་ནས་རྗེས་ཟློས་མཛོད། །དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །འགྲོ་བ་ནད་པ་ཇི་སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང༌། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་གྱི་གནོད་པ་བསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་

༢༩༩

བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་དུ་ཉེ་བར་གནས་གྱུར་ཅིག །ཅེས་བརྗོད། གཉིས་པ་དངོས་གཞི་ལ་བློ་སྦྱོང་བ་དང༌། དམ་བཅའ་བ་གཉིས་ལས། དང་པོ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་ཡང་དང་ཡང་དུ་མ་བྱས་པའི་དྲིན་ཅན་ཡིན་ལ། དེ་དག་འཁོར་བ་ན་སྡུག་བསྔལ་དཔག་ཏུ་མེད་པས་གཟིར་འདུག་པས། བདག་ནི་ལུས་དང་ལོངས་སྤྱོད་དང་དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་དེ་དག་ལ་བཏང་ནས། དེ་དག་གི་གནས་སྐབས་དང་མཐར་ཐུག་གི་དོན་གང་དང་གང་དགོས་པ་དེ་འགྲུབ་པའི་རྒྱུད་གཏོར་ཞིང༌། དཀའ་སྤྱོད་དང་སྡུག་བསྔལ་ཐམས་ཅད་དང་དུ་བླང་བར་བྱའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ལུས་དང་དེ་བཞིན་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཐམས་ཅད་ཀྱང༌། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕོངས་པ་མེད་པར་གཏང་བར་བྱ། །ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་བསྒྲུབ། །ཐམས་ཅད་བཏང་བ་ཆབ་གཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །བདག་གི་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །རྟག་ཏུ་གསོད་དང་གཅོད་པ་དང༌། །བརྡེག་སོགས་ཅི་དགར་བྱེད་ལ་རག །བདག་གི་ལུས་ལ་གཙེ་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང༌། །བདག་གི་ལུས་འདི་བྱིན་ཟིན་གྱིས། །འདི་ཡི་ཁ་ཏས་ཅི་ཞིག་བྱ། །དེ་ལ་གནོད་པར་མི་འགྱུར་བའི། །ལས་གང་ཡིན་པ་བྱེད་དུ་ཆུག །བདག་ལ་དམིགས་ནས་ནམ་དུ་ཡང༌། །འགའ་ཡང་དོན་མེད་མ་གྱུར་ཅིག །བདག་ལ་དམིགས་ནས་གང་དག་གིས། །ཁྲོའམ་དད་པའི་སེམས་བྱུང་བ། །དེ་ཉིད་རྟག་ཏུ་དེ་དག་གི། །དོན་ཀུན་གྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། །

༣༠༠

གཞན་དག་གནོད་པ་བྱེད་པའམ། །དེ་བཞིན་ཕྱར་ཁ་གཏོང་ཡང་རུང༌། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང༌། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིང་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །མར་མེ་འདོད་ལ་མར་མེ་དང༌། །གནས་མལ་འདོད་ལ་གནས་མལ་དང༌། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཡིད་བཞིན་ནོར་བུ་བུམ་པ་བཟང༌། །རིགས་སྔགས་གྲུབ་དང་སྨན་ཆེན་དང༌། །དཔག་བསམ་གྱི་ནི་ཤིང་དག་དང༌། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང༌། །ནམ་མཁའ་བཞིན་དུ་རྟག་བར་ཡང༌། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་དུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་གཞིར་ཡང་ཤོག །ཅེས་པའམ། ཡང་ན་ཤོ་ལོ་ཀ་སྔ་མ་དང༌། ས་སོགས་འབྱུང་བ་ཆེན་པོ་དང༌། ཞེས་པ་མན་ཆོད་དེ་ལ་ཤོ་ལོ་ཀ་གསུམ་བརྗོད་པར་བྱའོ། །གཉིས་པ་དམ་བཅའ་བ་ནི། ཆོས་ཐམས་ཅད་དོན་དམ་པར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཡང༌། །ཀུན་རྫོབ་ཏུ་བདག་གཞན་བདེ་སྡུག་ལ་སོགས་པ་སྣ་ཚོགས་སུ་སྣང་ཞིང༌། སྣང་བ་དེ་དག་མདོ་ཏིང་འཛིན་རྒྱལ་པོ་ལས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། ཞེས་གསུངས་པས། ཐམས་ཅད་བདེན་པ་མེད་པ་ཡིན་ཡང༌། སེམས་ཅན་རྣམས་ཀྱིས་དེ་ལྟར་མི་ཤེས་པར་བདེན་པར་བཟུང་བས་འཁོར་བར་

༣༠༡

སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ཞིང༌། དེ་ལྟར་སྡུག་བསྔལ་བའི་སེམས་ཅན་དེ་ཐམས་ཅད་ཐོག་མ་མེད་པ་ནས་ཕན་བཏགས་པའི་དྲིན་ཅན་ཡིན་པས། དེ་ཐམས་ཅད་བདག་གིས་སྡུག་བསྔལ་ལས་བསྒྲལ་དགོས་པར་འདུག །ད་ལྟར་བདག་ལ་དེ་དག་སྒྲོལ་བའི་ནུས་པ་མེད་པས། དེ་ཐམས་ཅད་སྒྲོལ་བ་ལ་སངས་རྒྱས་ཐོབ་དགོས་པར་འདུག་པས། བདག་གི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། བྱང་ཆུབ་སེམས་དཔའི་བསླབ་པ་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་གསུམ་པོ་དེ་ལ། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ཇི་ལྟར་བསླབ་པ་དེ་བཞིན་དུ་བསླབ་པར་བྱའོ་སྙམ་དུ་བསམ་ཞིང༌། དགོངས་སུ་གསོལ་བརྗོད་པ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་གི་བསམ་སྦྱོར་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་གྱིས་ཡོད་པས། མཁྱེན་གྱིན་ཡོད་དེས་སྙམ་དུ་ངེས་པར་བྱས་ནས། སེམས་རྩེ་གཅིག་པའི་སྒོ་ནས་བླ་མ་དཀོན་མཆོག་ལ་དད་པ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་དང༌། དེའི་ཆེད་དུ་བདག་གིས་སངས་རྒྱས་ཐོབ་པར་འདོད་པའི་འདུན་པ་ཆེན་པོ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། རང་གི་མིང་ནས་སྨོས་ཏེ་བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌།

༣༠༢

བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་བ་ལྟར། །དེ་བཞིན་འགྲོལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱིའོ། །ཞེས་བརྗོད། ཇི་ལྟར་སྔོན་གྱིས་སངས་རྒྱས་བྱང་སེམས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སངས་རྒྱས་ཐོབ་པར་བྱའོ་སྙམ་པ་སྨོན་པའི་སེམས་བསྐྱེད་ནས། འཇུག་པ་བྱང་སེམས་ཀྱི་བསླབ་པ། ཚུལ་ཁྲིམས་གསུམ་ལ་རིམ་པ་བཞིན་དུ་བསླབ་པ་ལྟར། བདག་གིས་ཀྱང་སྨོན་པ་དང་འཇུག་པ་གཉིས་ལ་དེ་ལྟར་བསླབ་པར་བྱའོ་སྙམ་པའི་སེམས་ཀྱིས་རྗེས་ཟློས་གཉིས་པ་བརྗོད། བླ་མ་དཀོན་མཆོག་ལ་དད་པ་ཆེན་པོ་དང༌། སེམས་ཅན་ལ་བརྩེ་བ་ཆེན་པོ་དང༌། སངས་རྒྱས་ཐོབ་འདོད་ཀྱི་འདུན་པ་ཆེན་པོ་སྟེ་ཆེན་བོ་གསུམ་དང་ལྡན་སྒོ་ནས། སྔོན་གྱི་སངས་རྒྱས་བྱང་སེམས་རྣམས་ཀྱིས་སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཅིས་ཀྱང་སངས་རྒྱས་ཐོབ་པར་བྱ་ཞིང༌། སངས་རྒྱས་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་གསུམ་པོ་དེ་ལ་ངེས་པར་བསླབ་པར་བྱའོ། །དེའི་དཔང་པོར་བླ་མ་དང་སངས་རྒྱས་བྱང་སེམས་རྣམས་བཞུགས་སོ་སྙམ་པའི་སྒོ་ནས་རྗེས་ཟློས་གསུམ་པ་འདི་ཤིན་ཏུ་གལ་ཆེ་བས་བཤད་པ་རྣམས་བརྡ་འཕྲོད་པ་དང༌། དམ་བཅའི་ཚིག་རྣམས་དལ་ཞིང་དོད་པ་སྐབས་ཕྱེད་པ་བརྗོད་པའི་སྒོ་ནས་རྗེས་ཟློས་གསུམ་པ་བརྗོད། གསུམ་པ་རྗོགས་པ་དང་སྨོན་འཇུག་གི་སེམས་ངེས་པར་སྐྱེ་བ་ཡིན་བས་སྐྱེས་སྙམ་པའི་ཐོབ་ཤེས་ཀྱི་དགའ་བ་བསྐྱེད་པར་ཞུ། ཞེས་བརྗོད་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་གཉིས། དགའ་བ་བསྒོམ་པ་དང༌། གཏོང་རག་འབུལ་བའོ། །དང་པོ་

༣༠༣

རང་དགའ་བ་བསྒོམ་པ་དང༌། གཞན་དགའ་བ་བསྒོམ་དུ་གཞུགས་པ་གཉིས་ཀྱི། དང་པོ་ནི། བདག་གིས་ཐོག་མ་མེད་པ་ནས་ལུས་དཔག་ཏུ་མེད་པ་བླངས་ཀྱང༌། དོན་ཆེན་པོ་མ་གྲུབ་བས་ད་དུང་འཁོར་བར་ལུས་པ་ཡིན་པ་ལ། ད་རེས་རང་གཞན་ཐམས་ཅད་ཀྱི་ཕན་བདེའི་རྒྱུར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུར་ལ་སྐྱེས་པས། དོན་ཆེན་པོ་གྲུབ་སྙམ་པའི་དགའ་བ་བསྒོམ་པར་བྱའོ། །དེ་ཙམ་དུ་དགའ་བ་བསྒོམས་པའི་ཕན་ཡོན་ཅི་ཡོད་ཅེ་ན། ཕན་ཡོན་ཤིན་ཏུ་མང་སྟེ། མིང་དོན་འཕོ་བ། སྡིག་པ་སྟོབས་ཆེན་སྤོང་བ། བསོད་ནམས་རྒྱ་ཆེན་ཐོབ་པ། ཡོན་ཏན་མཐའ་ཡས་ཐོབ་པ། ཕན་ཡོན་དཔེས་བསྟན་པ། སངས་རྒྱས་ཐམས་ཅད་མཆོད་པར་འགྱུར་བ། ཕན་ཡོན་ལུང་དང་སྦྱར་བ་དང་བདུན་གྱི། དང་པོ་མིང་དོན་འཕོ་བ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། །བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བརྩོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། ཞེས་གསུངས་སོ། །གཉིས་པ་སྡིག་པ་སྟོབས་ཆེན་སྤོང་བ་ནི། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང༌། །དཔལ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་པ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །དེ་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གིས་ནི་ངེས་པར་སྲེག་པར་བྱེད། །ཅེས་གསུངས་སོ། །གསུམ་པ་བསོད་ནམས་རྒྱ་ཆེན་ཐོབ་པ་ནི། དཔལ་བྱིན་གྱིས་ཞུས་བའི་མདོ་ལས། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །

༣༠༤

གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཏེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་སོ། །བཞི་པ་ཡོན་ཏན་མཐའ་ཡས་པ་ཐོབ་པ་ནི། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། །རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང༌། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་མེད་དེ། །འདི་དག་མཐའ་ནི་རྒྱལ་བས་མི་གསུངས་ངོ༌། །ཞེས་གསུངས་སོ། །ལྡ་པ་ལ་ཕན་ཡོན་དཔེས་བསྟན་པ་ལ་གསུམ་ལས། དམན་པ་མཆོག་ཏུ་བསྒྱུར་བ་གསེར་འགྱུར་རྩིའི་དཔེས་བསྟན་པ་ནི། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ནས། བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང༌། ཞེས་གསུངས། རྙེད་དཀའ་ཞིང་རིན་ཆེ་བ་རིན་པོ་ཆེའི་དཔེས་བསྟན་པ་ནི། །འགྲོ་བའི་དེད་དཔོན་གཅིག་པུ་ཚད་མེད་བློས། །ལེགས་པར་ཡོངས་སུ་བརྟགས་ནས་རིན་ཆེ་བས། །འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས། །རིན་ཆེན་བྱང་ཆུབ་སེམས་ལེགས་བརྟེན་པར་འགྱུར། ཞེས་གསུངས། འབྲས་བུ་མི་ཟད་ཅིང་འཕེལ་བ་དཔག་བསམ་གྱི་ཤིང་གི་དཔེས་བསྟན་པ་ནི། །དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་སྤྱད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་གསུངས་སོ། །དྲུག་པ་སངས་རྒྱས་ལ་མཆོད་པར་འགྱུར་བ་ནི། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་

༣༠༥

པ་ལ་མཆོད་པ་བླ་ན་མེད་པ་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དམ་པའི་ཆོས་འཛིན་པ་དང༌། སྲོག་ཆགས་རྣམས་ལ་སྙིང་བརྩེ་བའོ་ཞེས་དང༌། ཐབས་ལ་མཁས་པའི་མདོ་ལས་ཀྱང༌། གང་ཞིག་སངས་རྒྱས་ཐམས་ཅད་མཆོད་འདོད་པས། །དེ་ཡིས་བརྟན་པར་བྱང་ཆུབ་སེམས་བསྐྱེད་བྱ། ཞེས་པས་བྱིན་གྱིས་ཞུས་པའི་མདོ་ལས། གངྒའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་སྟེ། །སངས་རྒྱས་རྣམས་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །བསོད་ནམས་འདི་ནི་ཁྱད་པར་འཕགས། །ཞེས་གསུངས་སོ། བདུན་པ་ཕན་ཡོན་ལུང་དང་སྦྱར་བ་ནི། སངས་རྒྱས་ཕལ་པོ་ཆེ་ལས། གཞོན་ནུ་ནོར་བཟང་གིས་འཕགས་པ་འཇམ་དཔལ་གྱི་དྲུང་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཇི་ལྟར་སློབ་པའི་ཚུལ་རྒྱ་ཆེར་ཤེས་པར་བྱ་བའི་ཕྱིར་བླ་མ་ལྔ་བཅུ་རྩ་གཉིས་བསྟེན་ཅིང༌། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་མགོན་པོ་བྱམས་པས་འཁོར་མང་པོ་ལ་ཆོས་བསྟན་པ་དེའི་དྲུང་དུ་ཕྱིན་ཏེ། ཕྱག་འཚལ་ནས། བདག་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་ན། དེའི་བསླབ་པ་རྣམས་ལ་ཇི་ལྟར་སློབ་པའི་ཚུལ་རྣམས་མ་ཤེས་པས། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པའི་ཚུལ་རྣམས་རྒྱ་ཆེར་བསྟན་དུ་གསོལ་ཞེས་ཞུས་པས། བྱམས་པས་རིགས་ཀྱི་བུ་ཁྱོད་ནི། ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་ཏེ། བྱང་ཆུབ་ཀྱི་སེམས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །ཉེས་པར་བྱས་པ་ཐམས་ཅད་

༣༠༦

སྲེག་པས་བསྐལ་པའི་མེ་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་སའི་འོག་ལྟ་བུའོ། །དོན་ཐམས་ཅད་ཡོངས་སུ་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །འཁོར་བའི་ཆུ་ལ་རྒྱུ་བ་འདོན་པས་ལྕགས་ཀྱུ་ལྟ་བུའོ། །ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མཆོད་རྟེན་ལྟ་བུ་སྟེ། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཡོད་པས། བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་དང་ཕན་ཡོན་ཡང་དེ་སྙེད་དོ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་འདི་ལས་བྱུང་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །ཞེས་གསུངས་སོ། །དེ་ལྟར་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་ལ་དགའ་སྤྲོ་དང་ལྡན་ཞིང༌། འདི་ལྟར་འབྱུང་བའི་ཚིག་འདི་རྣམས་དོན་ལ་ཡང་ལེགས་པར་སེམས་ཤིང་དགའ་སྤྲོ་བསྐྱེད་པའི་ངང་ནས་འདིའི་རྗེས་ཟློས་མཛོད། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེབས་ནས། །བདག་ལ་བྱང་ཆུབ་སེམས་འདི་སྐྱེས། །འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩིའི་མཆོག་ཀྱང་འདི་ཡིན་ནོ། །འགྲོ་བའི་དབུལ་བ་སེལ་བ་ཡི། །མི་ཟད་གཏེར་ཡང་

༣༠༧

འདི་ཡིན་ནོ། །འགྲོ་བའི་ནད་རབ་ཞི་བྱེད་པའི། །སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་ལམ་འཁྱམས་ཤིང་དུབ་པ་ཡི། །འགྲོ་བ་ངལ་གསོའི་ལྗོན་ཤིང་ཡིན། །འགྲོ་བ་ཐམས་ཅད་ངན་འགྲོ་ལས། །སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །དམ་ཆོས་འོ་མ་བསྲུབ་པ་ལ། །མར་གྱི་སྙིང་ཁུ་ཕྱུང་བ་ཡིན། །འགྲོ་བའི་མགོན་པོ་སྲིད་པའི་ལམ་རྒྱུ་བའི། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ནས། །སེམས་ཅན་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །ཞེས་བརྗོད། །ཡང་ན་ཚིག་བཅད་དང་པོ་གཉིས་ཙམ་བརྗོད་པས་ཆོག་གོ །གཉིས་པ་གཞན་དགའ་བ་བསྒོམ་དུ་གཞུག་པ་ནི། བདག་གིས་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་པས། ཐམས་ཅད་དགའ་བར་གྱིས་ཤིག་སྙམ་པའི་བསམ་པ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། ཞེས་བརྗོད་དོ། གཉིས་པ་གཏང་རག་གི་མཆོད་པ་འབུལ་བ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ། བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ཡིན་པས། དེའི་དྲིན་ལན་དུ་མཆོད་པའི་བྱེ་བྲག་དང་གཏོར་མ་འབུལ་བ་ཡིན་པས་དངོས་སམ་ཡིད་ཀྱིས་རྗེས་སུ་ཟློས་པར་འཚལ། མཆོད་པ་རྣམས་ཁ་གསོལ། སྤོས་དང་མར་མེ་སོགས་གསར་དུ་འདུ་འབུལ་ལ། བྱིན་རླབས་དང་སྔར་ལྟར་ཚིག་བཅད་དབྱངས་དང་བཅས་ཏེ་འབུལ། རྒྱལ་དང་དེ་སྲས་རྣམས་ལ་

༣༠༨

བདག་གིས་སོགས་ཀྱིས་ལུས་འབུལ་བ་དང༌། མེ་ཏོག་དམ་པ་སོགས་བཟང་སྤྱོད་ལས་བྱུང་བའི་མཆོད་པ་ཤོ་ལོ་ཀ་གསུམ་གྱིས་དབུལ་ལོ། གཏོར་མ་རྣམས་ཆུ་གཙང་གིས་བྲན་ལ། ཨོཾ་ཨ་མྲི་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོང་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་བར་བསམ་ལ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། མདུན་གྱི་ནམ་མཁར་སྔར་བཞུགས་པའི་བླ་མ་དང་དཀོན་མཆོག་གསུམ་ལ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱར་བཅས་ཏེ། ཨོཾ་སརྦ་གུ་རུ་བུདྡྷ་དྷརྨ་སཾ་ག་ཏེ་བྷྱཿས་པ་རི་ཝཱ་རི་ཨོཾ་ཨ་ཀཱ་རོ་བཏགས་པ་གསུམ་མམ་ལྔས་ཕུལ། མཚན་སྔགས་དེ་ཉིད་སྔོན་འགྲོའི་ཨཱརྒྷཾ་སོགས་ཀྱིས་མཆོད། བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་དཔོན་སློབ་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་བོ། །གཏོར་མ་གཉིས་པ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་རྣམས་བདེ་ཞིང་སྐྱིད་པ་དང༌། བདག་ཅག་དཔོན་སློབ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བའི་ཕྲིན་ལས་དང་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་པས་ཕུལ། །གཏོར་མ་གསུམ་པ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་པས་སྦྱན་དྲངས་ལ། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་རི་ཨོཾ་ཨ་ཀ་

༣༠༩

རོ་སོགས་ཀྱིས་གྱིས་མཐར། འཇིག་རྟེན་སྐྱོང་བ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གཏོར་མ་སོགས་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འཕེལ་ཞིང་རྒྱས་པ་ལ་བར་ཆད་མི་འབྱུང་བའི་ཕྲིན་ལས་དང་སྟོང་གྲོགས་རྒྱ་ཆེན་པོ་མཛོད་ཅིག་ཅེས་དང༌། གཏོར་མ་བཞི་པ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་བས་བཀུག་ལ། སྔར་གྱི་མཐརཨ་ཀཱ་རོ་བཏགས་པ་ལན་གསུམ་མི་གྱིས་བསྔོས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གཞི་བདག །གནས་བདག །གྲོང་བདག་དཀོར་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །མཆོད་དོ། །སྟོབ་བོ། །བཞེས་ཤིག །བསྟན་པ་དར་བ་དང༌། འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་ཐམས་ཅད་འབྱུང་བ་དང༌། བདག་ཅག་དཔོན་སློབ་རྣམས་ཀྱིས་བྱང་ཆུབ་སེམས་རིན་པོ་ཆེ་བསྐྱེད་པ་ལ་དགའ་ཞིང་རངས་ནས། བར་དུ་གཅོད་པ་ཐམས་ཅད་སྲུང་བའི་སྟོང་གྲོགས་དམ་པ་མཛོད་ཅིག །སྔགས་ཀྱི་མཐར་གཙྪ་བཏགས་པས་རང་གནས་སུ་གཤེགས་སུ་གསོལ། གཉིས་པ་བར་དུ་མི་ཉམས་པར་བསྲུང་བའི་ཚུལ་ལ་གཉིས། བསླབ་བྱ་ངོས་བཟུང་བ་དང༌། དེ་ཉིད་བསྲུང་ཚུལ་གྱིས་འགག་བསྡུ་བའོ། །དང་པོ་ལ་སྨོན་འཇུག་སྦྱིའི་བསླབ་བྱ་དང༌། བྱེ་བྲག་སོ་སོའི་བསླབ་བྱའོ། །དང་པོ་སྤྱིའི་བསླབ་བྱ་ལ་སྒྲུབ་པར་བྱ་བའི་ཆོས་གསུམ་དང་ཤེས་པར་བྱ་བའི་ཆོས་བཞི་ལས། དང་པོ་ནི། དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་དེ་ལ་འདུན་པ་དང༌། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པ་དང༌། སེམས་ཅན་བློས་མི་འདོར་བའོ། །དེར་མ་ཟད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་མ་ཉམས་པར་བསྲུང་བ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀློག་པ་དང༌། རྒྱུན་དུ་བག་ཡོད་བསྟན་པའོ། །གཉིས་པ་ནི། ལྟུང་བ་དང༌། ལྟུང་བ་མེད་པ་དང༌། ལྟུང་བའི་

༣༡༠

གཟུགས་བརྙན་དང༌། ལྟུང་མེད་ཀྱི་གཟུགས་བརྙན་རྣམས་ལེགས་པར་ཤེས་པར་བྱའོ། །མདོར་ན་བྱང་ཆུབ་སེམས་དཔས་སྒྲུབ་པའི་བསླབ་བྱ་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་གསུམ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའོ། །གཉིས་པ་བྱེ་བྲག་གི་བསླབ་བྱ་ལ་སྨོན་པ་དང༌། འཇུག་པའི་བསླབ་བྱ་གཉིས་ལས། དང་པོ་ལ་སྐྱེས་བུ་དམ་པའི་སྨོན་པ་གསུམ་དང༌། སྤང་བྱ་ནག་པོའི་ཆོས་བཞི་དང༌། སྒྲུབ་བྱ་དཀར་པོའི་ཆོས་བཞི་ལ་བསླབ་པའོ། །དང་པོ་ནི། སེམས་ཅན་གྱི་དོན་དུ་རྫོགས་བྱང་ཐོབ་པར་བྱའོ་སྙམ་པ་འབྲས་བུ་ལ་སྨོན་པ་དང༌། ས་དང་ལམ་ཐམས་ཅད་ལ་བསླབ་པར་བྱའོ་སྙམ་པ་ཐབས་ལ་སྨོན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐང་བར་བྱའོ་སྙམ་པའི་ཕྲིན་ལས་ལ་སྨོན་པའོ། །གཉིས་པ་ནི། བླ་མ་དང་སྦྱིན་གནས་བསླུ་བ་དང༌། ཐེག་པ་ཆེན་པོའི་གང་ཟག་ལ་མི་བསྔགས་པ་བརྗོད་པ་དང༌། སེམས་ཅན་ལ་གཡོ་སྒྱུ་བྱེད་པ་དང༌། འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་སྟེ་ནག་པོའི་ཆོས་བཞི་པོ་དེ་སྤོང་བ་ལ་ནན་ཏན་དུ་བྱའོ། །གསུམ་པ་ནི། སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་རྫུན་མི་སྨྲ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་དེ་དག་གི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང༌། གཡོ་སྒྱུ་སྤངས་ཏེ་ལྷག་པའི་བསམ་པས་གནས་པ་དང༌། གདུལ་བར་བྱ་བའི་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་དགེ་བ་ལ་འགོད་པ་སྟེ། དེ་ལྟར་དཀར་པོའི་ཆོས་བཞི་པོ་དེ་ལ་བསླབས་པས་ནི་ནག་པོའི་ཆོས་བཞི་པོ་དེ་ཡང་ཤུགས་ལ་ཁེགས་པ་ཡིན་ནོ། །གཉིས་པ་འཇུག་པའི་བསླབ་བྱ་ལ། སྤང་བྱ་དང་སྒྲུབ་བྱ་གཉིས། དང་པོ་ལ་རྩ་བའི་ལྟུང་བ་དང་ཡན་ལག་གི་ལྟུང་བའོ། །

༣༡༡

དང་པོ་ལ། བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་དང༌། བློན་པོ་ལ་འབྱུང་ཉེ་བ་ལྔ། ལས་དང་པོ་ལ་འབྱུང་ཉེ་བ་བརྒྱད། ཐུན་མོང་དུ་སྨོན་སེམས་བཏང་བའོ། །ལྟུང་བ་དེ་དག་འབྱུང་བའི་རྟེན་ནི་བྱང་སེམས་ཀྱི་སྡོམ་ལྡན། སྨྱོ་བ་དང་སེམས་འཁྲུགས་པ་དང༌། ཚོར་བས་གཟིར་བ་སོགས་མ་ཡིན་པ་ཞིག་དགོས་ཏེ་སྨྱོ་བ་སོགས་ཀྱི་རྟེན་ལ་རྩ་ལྟུང་གང་ཡང་མི་འབྱུང་ཞིང༌། འདི་དག་ལ་ཀུན་སློང་ཉོན་མོངས་མི་དགོས་ཏེ། བྱ་བར་འོས་པ་དང་མི་འོས་པ་འཇུག་ལྡོག་ལོག་པ་ལས་ལྟུང་བར་འགྱུར་བའི་ཕྱིར་རོ། །དེ་ལ་དང་པོ་རྒྱལ་པོ་ལ་འབྱུང་བར་ཉེ་བ་ལྔ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པའམ་རྐུ་བ་དང༌། དམ་པའི་ཆོས་སྤོང་པའམ་སྤོང་དུ་འཇུག་པ། དགེ་སློང་རབ་ཏུ་བྱུང་བ་ལ་ཡོ་བྱད་འཕྲོག་པ་སོགས་ཀྱི་སྒོ་ནས་གནོད་པ་བྱེད་པ་དང༌། མཚམས་མེད་ཀྱི་ལས་ལྔ་པོ་དག་ལས་གང་ཡང་རུང་བ་བྱས་པ། ལོག་ལྟས་རང་མི་དགེ་བཅུ་ལ་སྤྱོད་ཅིང་གཞན་ཡང་དེ་ལ་འགོད་པ་དང་ལྔ་ཡིན་ཏེ། ནམ་མཁའི་སྙིང་པོའི་མདོར་གསུངས་པའི་དོན་བསླབ་བཏུས་ལས། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་རྒྱལ་བས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང༌། །ངུར་སྨིག་འཕྲོག་དང་རྡེག་པ་དང༌། །བརྩོན་རར་གཞུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་འབབས་པ་དང༌། །སྲོག་འབྲལ་བྱེད་པ་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་པར་ལྟ་བ་འཛིན་པ་དང༌། ཞེས་གསུངས་ཤིང༌། དགེ་འདུན་ལས་འཕྲོག་པ་ནི་རྩ་ལྟུང་དང་པོར་འདུ་བས་གསུམ་པར་དགེ་སློང་ཞེས་བཀར་ཏེ་གསུངས་པའོ། །བློན་པོ་ལ་འབྱུང་ཉེ་བའི་ལྟུང་བ་ལྔ་ནི། སྔ་མ་བཞི་ཐུན་མོངས་པ་དང༌།

༣༡༢

ལོག་ལྟ་འཛིན་པའི་ཚ་བ་ལ། གྲོང་ངམ། གྲོང་ཁྱེར་སོགས་འཇོམས་པར་བྱེད་པ་རྣམས་སྔར་ལྟར་གཅིག་ཏུ་བགྲང་པས་ལྔ་ཡིན་ཏེ། གྲོང་ལ་སོགས་པ་འཇིག་པ་ཡང༌། རྩ་བའི་ལྟུང་བར་རྒྱལ་བས་གསུངས། ཞེས་སོ། །ལས་དང་པོ་པ་ལས་འབྱུང་བར་ཉེ་བ་བརྒྱད་ནི། དང་པོ་རིམ་གྱིས་ཐེག་ཆེན་ལ་བློ་མ་སྦྱངས་པར་སྟོང་པ་ཉིད་བསྟན་པས་སྐྲག་ནས་དེའི་བྱང་སེམས་ཉམས་པར་བྱེད་པ་དང༌། གཉིས་པ་རྫོགས་བྱང་སྒྲུབ་པའི་བསམ་ལ་སྦྱོར་ཞུགས་པ་ལས་ཕྱིར་ལྡོག་པར་བྱེད་པ་དང༌། གསུམ་པ་ཉན་ཐོས་ཀྱི་རིགས་ཅན་སོ་སོར་ཐར་པ་ལ་སློབ་པ་དག་ལ་དགོས་པ་ཁྱད་པར་ཅན་མེད་པར་དེ་སྤངས་ནས་ཐེག་ཆེན་ལ་སྦྱོར་བ་དང༌། བཞི་པ་ཉན་ཐོས་ཀྱི་ཐེག་པས་ཉོན་མོངས་སྤོང་མི་ནུས་པར་རང་ཉིད་འཛིན་ཅིང་གཞན་ཡང་འཛིན་དུ་བཅུག་ནས་དེའི་བཤད་ཉན་འགོག་པ་དང༌། ལྔ་པ་རྙེད་བཀུར་གྱི་ཕྱིར་རྙེད་བཀུར་ཅན་གཞན་ལ་ཕྲག་དོག་གིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང༌། དྲུག་པ་སྟོང་ཉིད་མ་རྟོགས་ཀྱང་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་དུ་སྨྲས་པ་དང༌། བདུན་པ་དགེ་སྦྱོང་དང་རྒྱལ་རིགས་ཕྱེ་ནས་དགེ་སྦྱོང་ལ་ནོར་གྱི་ཆད་པ་གཅོད་དུ་འཇུག་པ་དང་འབྲིལ་བའི་ལྟུང་བ་དང༌། བརྒྱད་པ་ཆོས་ལྡན་གྱི་དགེ་སྦྱོང་ལ་གནོད་པའི་ཁྲིམས་ངན་བཅས་ཏེ་ཞི་གནས་ཀྱིས་མཚོན་པའི་རྣལ་འབྱོར་འདོར་བར་བྱེད་པ་དང༌། དགེ་སློང་ཡང་དག་འཇོག་གི་ནོར་ཕྲོག་ནས་ཁ་ཏོན་པ་ལ་སྟེར་བ་རྣམས་ཏེ། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །ཞེས་པ་ནས། དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོ་རྒྱུ། ཞེས་པའི་བར་ཤོ་ལོ་ཀ་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་པ་རྣམས་སོ། །དེ་ལྟར་ན་རྟེན་གྱི་སྒོ་ནས་བཅོ་བརྒྱད་དུ་གསུངས་ཀྱང་རྫས་ཀྱི་སྒོ་ནས་བཅུ་བཞིར་ངེས་པའོ། །ཐུན་མོང་དུ་སྨོན་སེམས་གཏང་

༣༡༣

བ་ནི་རང་དོན་དུ་ཞི་བདེ་དོན་གཉེར་གྱི་བློ་སྐྱེས་ན་ལྟུང་བའི་ནང་ནས་ལྕི་ཤོས་ཡིན་ཏེ། སྡུད་པ་ལས། གལ་ཏེ་བསྐལ་པ་དུ་མར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་དག་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་འབྱུང་ཚུལ་ཁྲིམས་འཆལ་བ་སྟེ། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། ཞེས་གསུངས་པས་བཅུ་དགུ་དང༌། དེའི་སྟེང་དུ་དཀོན་བརྩེགས་ལས། འཇུག་སེམས་སྤངས་ཏེ་དགེ་ལ་མི་སྦྱོར་བ་དང་ཉི་ཤུ་ཡིན་ནོ། །ཞེས་ཀྱང་འབྱུང་ངོ༌། །གཉིས་པ་ཡན་ལག་གི་ལྟུང་བ་ནི། རྩ་བར་མ་གཏོགས་པའི་ལུས་དང་ངག་དང་ཡིད་ཀྱིས་བསླབ་བྱ་ལས་ཉམས་པ་རྣམས་ཏེ། དང་པོ་ནི། མིག་ཕབ་སྟེ་བལྟ་བར་བྱ་བ་སོགས་བསྒྲུབ་བྱ་དང་དོན་མེད་རྒྱུག་མཆང་སོགས་དགག་བྱ་ལས་ཉམས་པའོ། གཉིས་པ་ནི། ལེགས་པར་འོངས་སོ་ཞེས་བྱ་བ་སོགས་བསྒྲུབ་བྱ་དང༌། བྲེ་མོའི་གཏམ་སྨྲ་བ་སོགས་དགག་བྱ་ལས་ཉམས་པའོ། །གསུམ་པ་ནི། བྱམས་སྙིང་རྗེ་དང་དྲན་ཤེས་བག་ཡོད་བརྟེན་པ་སོགས་བསྒྲུབ་བྱ་དང༌། ཆགས་སྡང་མི་སྤོང་བ་སོགས་དགག་བྱའི་བསླབ་བྱ་ལས་ཉམས་པ་སྟེ་དབང་པོ་འབྲིང་བརྟུལ་གྱི་ཡན་ལག་གི་ཉེས་པ་རྣམས་ཀྱང་དེ་དག་ཏུ་འདུ་བར་བཤད་དོ། །དེ་ཡང་རྩ་ལྟུང་རྣམས་ལ་ཀུན་སློང་ཉོན་མོངས་དྲག་ཞན་སོགས་ཀྱི་དབྱེ་བ་མེད་ཀྱང་རྩ་ལྟུང་དེ་དག་བྱུང་ནས་ཐུན་ཚོད་ལས་འདས་ན་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་ནི་གཏོང་ལ། སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་ནི་ཇི་སྲིད་རྫོགས་བྱང་ལས་བློ་མ་ལོག་པ་དེ་སྲིད་དུ་མི་གཏོང་ངོ༌། །དེས་ན་སྨོན་སེམས་གཏང་བ་རྩ་ལྟུང་དང་སྡོམ་པའི་གཏོང་རྒྱུ་གཉིས་ཀར་འདོད་པ་དབུ་མ་པའི་ལུགས་སོ། །རྩ་ལྟུང་བྱུང་ཡང་ཐུན་ཚོད་ལས་མ་འདས་གང་དུ་འགྱོད་པ་སྐྱེས་ན་སྡོམ་པ་མི་གཏོང་ལ། ཐུན་ཚོད་ནི་ཉིན་ཞག་གཅིག་གི་དྲུག་ཆའི་མཐའ་འོ། །ཉེས་བྱས་ནི་ཉིན་ཞག་གཅིག་འདས་ན་

༣༡༤

ལྟུང་བར་འགྱུར་རོ། །གཉིས་པ་སྒྲུབ་པའི་བསླབ་བྱ་ནི། ཇི་སྐད་བཤད་པའི་ལྟུང་བ་རྣམས་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང༌། །ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་ཚོགས་བསྒྲུབ་པ་ལ་བསླབ་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྒྲུབ་པར་འདོད་པའི་སེམས་ས་བོན་དང་བཅས་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་ཚུལ་ཁྲིམས་གསུམ་པོ་དེ་ལ་ནན་ཏན་དུ་བསླབ་པར་བྱ་སྟེ། ཡུམ་བར་མ་ལས། གང་ཁ་ན་མ་ཐོབ་སྡོམ་པའི་སེམས་དང༌། དགེ་བའི་ཆོས་སྡུད་པའི་སེམས་དང༌། སེམས་ཅན་སྨིན་པར་བྱེད་པའི་སེམས་ཏེ། སེམས་བསྐྱེད་པ་འདི་གསུམ་ལ་ནན་ཏན་དུ་བྱའོ། །ཞེས་དང༌། བྱང་ས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་ནི་གསུམ་པོ་འདི་དག་ཙམ་ཁོ་ནར་ཟད་དེ། ཞེས་བྱང་སེམས་ཀྱི་བསླབ་བྱ་ཐམས་ཅད་དེ་གསུམ་དུ་འདུས་པས་དེའི་སྤང་བྱ་རྣམས་སྤོང་ཞིང༌། བསྒྲུབ་བྱ་རྣམས་ལ་རྩེ་གཅིག་ཏུ་བསླབ་པར་བྱའོ། །གཉིས་པ་དེ་ཉིད་བསྲུང་བ་ལ། ཉེས་དམིགས་བསམ་པ་དང༌། བསྲུང་ཚུལ་དངོས་སོ། །དང་པོ་ལ་ཁས་བླངས་ཉམས་པ། མིང་དོན་ཤོར་བ། ངན་སོང་དུ་ལྟུང་བའོ། །དང་པོ་ནི། སྟོན་པ་སངས་རྒྱས་བསླུས་པས་སངས་རྒྱས་མི་མཉེས། ཡུལ་སེམས་ཅན་བསླུས་པས་སེམས་ཅན་མི་མགུ། རང་ཆེད་དུ་བསླུས་པས་རང་དོན་ཉམས་ཤིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨད་པ་སྟེ། བློ་གྲོས་རྒྱ་མཚོའི་མདོར། བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་བསྐྱེད་ནས་ཇི་སྐད་སྨྲས་པ་བཞིན་མི་བྱེད་ན་ལྷ་དང་བཅས་པའི་འཇིག་རྟེན་བསླུས་པ་ཡིན་ནོ། །ཞེས་སོགས་གསུངས་པ་དང༌། གཉིས་པ་ནི། རྒྱལ་པོ་རྒྱལ་སྲིད་ཤོར་བ་ལྟར་ཚེ་འདིར་བཀྲ་མི་ཤིས་པ་སྣ་ཚོགས་

༣༡༥

འབྱུང་ཞིང༌། འཆི་ཁར་མྱ་ངན་གྱིས་གདུང་བར་མདོ་ལས་གསུངས་སོ། །གསུམ་པ་ནི། ཕྱི་མར་ངན་སོང་དུ་འགྲོ་ཞིང་དེ་ལས་ཀྱང་ཐར་བར་དཀའ་བ་དང༌། རྩ་ལྟུང་གི་ཉེས་པས་ནི་སྔོན་དུ་བསྐྱེད་པའི་བྱང་སེམས་ཀྱི་དགེ་རྩ་ཐམས་ཅད་འཇིག་པ་དང༌། དཀོན་མཆོག་ལྷ་དང་བཅས་པ་བསླུས་པས་སྤྱིར་ངན་འགྲོ་དང༌། ཁྱད་པར་དམྱལ་བར་སྐྱེ་བར་གསུངས་ཏེ། སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ལྟ་བུའི་ཉེས་དམིགས་ཅན་གྱི་ལྟུང་བ་དེ་འབྱུང་བའི་རྒྱུ་ནི། མི་ཤེས་པ་དང༌། བག་མེད་པ་དང༌། ཉོན་མོངས་པ་མང་བ་དང༌། མ་གུས་པའོ། །དེ་ལ་མི་ཤེས་པ་ནི་བསླབ་པ་ལ་འབད་ཀྱང་ལྟུང་བའི་མཚན་ཉིད་མི་ཤེས་པས་ལྟུང་བ་འབྱུང་བ་སྟེ། །དེའི་གཉེན་པོར་བསླབ་བྱ་རྣམས་ཉན་ནས་ཤེས་པར་བྱའོ། །བག་མེད་པ་ནི་ལྟུང་བ་ཤེས་ཀྱང་ཉེས་དམིགས་མ་མཐོང་བའམ། མཐོང་ཡང་དྲན་ཤེས་མེད་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་བླང་དོར་གྱི་དམིགས་རྣམས་མི་བརྗེད་པའི་དྲན་པ་དང་སྒོ་གསུམ་ལ་སོ་སོར་རྟོག་ཅིང་ལེགས་ཉེས་གང་ལ་འཇུག་ལྡོག་ཤེས་པར་བྱེད་པའི་ཤེས་བཞིན་དང༌། བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་ཉེས་པ་ལ་འཛེམ་པའི་ངོ་ཚ་ཤེས་པ་དང༌། གཞན་གྱིས་སྨད་དུ་འོང་སྙམ་ནས་འཛེམ་པའི་ཁྲེལ་ཡོད་དང་ཉེས་སྤྱོད་ཀྱི་རྣམ་སྨིན་ལ་འཇིགས་ནས་བག་ཡོད་ལ་བསླབ་པར་བྱའོ། །ཉོན་མོངས་པ་མང་བ་ནི། འཛེམ་བག་ཅུང་ཟད་སྐྱེས་ཀྱང་དུག་གསུམ་ཤས་ཆེ་བས་ཉོན་མོངས་པ་ལས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་རང་རྒྱུད་ལ་བརྟགས་ཏེ་ཉོན་མོངས་གང་ཤས་ཆེ་བ་ལ་གཉེན་པོ་འབད་ནས་བསྟེན་ཅིང་འདི་ཙམ་འགལ་ཡང་ཉེས་པ་ཆུང་ངོ་སྙམ་པའི་བག་ཡངས་ཀྱི་ཚོད་ཡོད་མི་བྱའོ། །མ་གུས་པ་ནི། ལྟུང་བ་སོགས་ཤེས་ཀྱང་དམན་

༣༡༦

པ་ལ་མོས་ནས་བསླབ་པ་ལ་མི་འཇུག་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་སྟོན་པ་དང༌། དེའི་བཅས་པ་རྣམས་ལ་གུས་པར་བྱའོ། །དེ་ཡང་མི་ཤེས་པ་དང་བག་མེད་པས་ལྟུང་བ་ཆུང་ངུ༌། ཉོན་མོངས་མང་བ་ལ་འབྲིང༌། མ་གུས་པ་ལ་ཆེན་པོ་འབྱུང་ཞིང་བསམ་པའི་ཁྱད་པར་གྱིས་ཅི་རིགས་པར་འགྱུར་བའང་ཡོད་དོ། །དེས་ན་བླང་དོར་གྱི་གནས་རྣམས་ལ་སྲོག་བརྡོས་བྱས་ནས་བསླབ་པ་ལ་ནན་ཏན་དུ་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཁྱིམ་པ་སྐྱ་བོའི་གོས་གྱོན་ལ། ངས་ནི་བསླབ་པ་གང་བཤད་པ། །དེ་ཚེ་དགེ་སློང་དེ་དག་ལ། །བསླབ་པ་དེ་ཡང་མེད་པར་འགྱུར། །ཞེས་དགེ་བསྙེན་ལ་གསུངས་པའི་བསླབ་གཞི་ལྔ་པོ་དགེ་སློང་གིས་ཀྱང་བསྲུང་བ་མེད་པའི་དུས་འདིར་བསླབ་པ་ལ་བརྩོན་པ་ནི་འབྲས་བུ་ལྷག་པར་ཡང་ཆེ་བ་སྟེ། དེ་ཉིད་ལས། གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང༌། །བདེ་གཤེགས་བསྟན་པ་འགག་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་སོ། །གསུམ་པ་ཉམས་པ་ཕྱིར་འཆོས་པ་ལ། ཉེས་པ་གཤགས་པའི་ཚུལ་དང༌། སྡོམ་པ་བཏང་ན་སླར་བླང་པའི་ཚུལ་ལོ། །དང་པོ་ལ་ཐེག་ཆེན་སྤྱི་བའི་ལུགས་དང༌། དབུ་མ་རང་ལུགས་ཀྱི་བཤགས་པའོ། །དང་པོ་ནི། བཤགས་བྱའི་ཡུལ་ལྟུང་བས་མ་གོས་པའི་བྱང་སེམས་སམ། རྟེན་གྱི་དྲུང་དུ་སྔར་བྱས་ཀྱི་ཉེས་པ་ལ་འགྱོད་སེམས་དང༌། ཕྱིན་ཆད་མི་བྱ་བའི་སྡོམ་སེམས་དང་ལྡན་པའི་སྒོ་ནས་བཏུད་དེ། དགོངས་གསོལ་བྱས་ནས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལ་ཉེས་པ་འདི་ལྟ་བུ་ཞིག་བྱུང་སྟེ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བའི་ཉེས་

༣༡༧

པ་དེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་སོ། འཐོལ་ཞིང་བཤགས་ན་བདག་བདེ་བ་ལ་གནས་པར་འགྱུར་གྱི། མ་འཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་རོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །གཉིས་པ་ནི། ངན་སོང་དུ་ལྟུང་བས་འཇིགས་ཏེ་འགྱོད་པ་ཆེན་པོས་འཕགས་པ་ནམ་མཁའི་སྙིང་པོ་མཐོང་བར་ནུས་ན་དེ་ལ་དངོས་སུ་བཤགས་པ་དང༌། དེ་ལྟར་མི་ནུས་ན་ཐོ་རངས་ལངས་ལ་གཙང་སྦྲ་དང་ལྡན་པས་ཤར་དུ་ཕྱོགས་ཏེ་མཆོད་ཅིང་ལྷའི་བུ་སྐྱ་རིངས་ལ་འཕྲིན་གསོལ་ནས། རྨི་ལམ་དུ་དེའི་མདུན་དུ་ལྟུང་བ་བཤགས་པ་དང༌། ཕྱག་བྱ་བ་དང༌། གཟུངས་སྡུགས་བཟླ་བ་སོགས་ཀྱི་སྒོ་ནས་འཕགས་པ་དེ་མངོན་སུམ་དུ་མཐོང་བའམ། སྡིག་པ་དག་པའི་རྟགས་མ་བྱུང་གི་བར་དུ་བཤགས་པ་བྱ་སྟེ། བསླབ་བཏུས་སུ། རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་དང༌། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་འདོན་བྱ་ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ནས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་དང༌། ཆོས་བཞི་བསྟན་པའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའི་སྡིག་པ་ཐམས་ཅད་སྟོབས་བཞིས་འདག་པར་གསུངས་པས་སྐུ་གཟུགས་ལ་སོགས་པའི་སྤྱན་སྔར་ཅི་འབྱོར་པའི་མཆོད་པ་དང་བཅས་པས་སམ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་ནི་རྟེན་གྱི་སྟོབས་དང༌། སྔར་བྱས་ཀྱི་ཉེས་པ་ལ་དུག་འཐུངས་པ་ལྟ་བུའི་འགྱོད་པ་དྲག་པོ་སྐྱེས་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་དང༌། ལྟུང་བའི་གཉེན་པོར་སྐུ་གཟུགས་བཞེངས་

༣༡༨

པ་དང་ཕྱག་མཆོད་བསྐོར་བ་བཟླས་བརྗོད་དང་ཏིང་ངེ་འཛིན་དང་སྟོང་ཉིད་སྒོམ་པ་སོགས་དགེ་བ་ལ་བརྩོན་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ལས་འདི་དག་མི་བྱའོ་སྙམ་དུ་དམ་བཅའ་བརྟན་པར་བྱེད་པ་ལས་ལྡོག་པའི་སྟོབས་སྟེ་བཞི་ཡིན་ནོ། །གཉིས་པ་སྡོམ་པ་བཏང་ན་བླང་བའི་ཚུལ་ནི། རྩ་ལྟུང་བྱུང་ན་ཐུན་ཚོད་ལས་འདས་ན་སྡོམ་པ་གཏོང་བས་ལེན་དགོས་ལ། ལེན་ཡུལ་དགེ་བའི་བཤེས་གཉེན་མ་རྙེད་ན་རྟེན་གྱི་དྲུང་དུ་སྔར་བཞིན་བླངས་པས་སྐྱེ་བ་ཡིན་ནོ། །མདོར་ན་དབུ་མ་ལུགས་ཀྱི་བསླབ་བྱ་ནི། རང་གིས་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་སེམས་ཅན་ཀུན་ལ་བཏང་བ་དང༌། དེ་དག་མི་ཉམས་པར་བསྲུང་བ་དང༌། དྲི་མ་དག་པར་བྱ་བ་དགོངས་ནས་གོང་དུ་སྤེལ་བ་བྱ་བ་རྣམས་བྱ་བ་ཡིན་ཏེ། བསླབ་བཏུས་ལས། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནད་རྣམས་འདིར་རིགས་བྱ། །གནད་ཀྱི་གནད་དེ་གང་ཞེ་ན། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་རྣམས་ལ་གཏོང་བ་དང༌། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་དང༌། དེ་ཐམས་ཅད་ཀྱི་རྩ་བ་ཡང་སེམས་བསྲུང་བ་ལ་ཐུག་སྟེ། སྤྱོད་འཇུག་ལས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམ་ནས་སེམས་བསྲུངས་ཏེ། །ཞེས་གསུངས་ཤིང༌། སེམས་བསྲུང་བའི་ཐབས་ཀྱང་དེ་ཉིད་ལས། །སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོགས་ལ་བབ་ཀྱང་སྲུངས་ཤིག་ཅེས། །དེ་ལྟར་བདག་ནི་ཐལ་མོ་སྦྱོར། །ཞེས་དང༌། རྔ་སྒྲའི་ཚིག་བཅད་ལས་ཀྱང༌། བདག་ནི་ནོར་ནི་གཏང་ལ་ལུས་བསྲུང་ངོ༌། །ནོར་དང་ལུས་ཀྱང་གཏང་ལ་སྲོག་

༣༡༩

བསྲུང་ངོ༌། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང༌། །ཐམས་ཅད་གཏོང་ལ་འདིར་ནི་ཆོས་བསྲུང་ངོ༌། །ཞེས་གསུངས་པ་ལྟར་བསླབ་པ་ལ་འབད་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་རྣམས་ཀྱི་སྒོ་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཆེན། བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་དབུ་མ་ལུགས་ཞེས་ཡོངས་སུ་གྲགས་པའི་བཀའ་སྲོལ་ཆེན་པོ་དེ་ཉིད་ལེགས་པར་ཕུལ་གྲུབ་པ་ཡིན་པས། ཇི་སྐད་བཤད་པའི་བསླབ་བྱ་རྣམས་མི་ཉམས་པར་བསྲུང་བའི་སྒོ་ནས་སེམས་ཅན་གྱི་དོན་ཅི་ནུས་བགྱི་སྙམ་པས་འདིའི་ཅེས་ཟློས་ལན་གསུམ་གྱིས། གཙོ་བོས་ཇི་ལྟར་བཀའ་སྩལ་པ་སོགས་དང༌། མཎྜལ་དང༌། དེང་ནས་སོགས་བརྗོད་ལ། དེ་ལྟར་ན་རང་རེ་རྣམས་ཀྱིས་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ཡང་དག་པར་འབོགས་པ་དང་བླངས་པ་དག་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་གཅིག་ཡོད་པ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་དགོས་པས་བསྔོ་བ་དང་སྨོན་ལམ་གྱི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། ཞེས་མཚམས་སྦྱར་ལ། རྒྱས་པར་ན་མཐུན་འགྱུར་བཅས་པའི་བསྔོ་བ་དང༌། བཟང་སྤྱོད་བྱམས་སྨོན་སོགས་ཐེག་པ་ཆེན་པོའི་སྨོན་ལམ། བཀྲ་ཤིས་བཅས་རྒྱས་པར་བརྗོད། བསྡུ་བ་ན། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་སོགས་དང༌། བྱང་ཆུབ་སེམས་ནི་རིན་པོ་ཆེ། སོགས་ཇི་ལྟར་འོས་པ་དང་ཤིས་བརྗོད་བྱའོ། །འདིར་རྒྱལ་སྲས་ཐོགས་མེད་གསུངས་ལ། སེམས་བསྐྱེད་གཅིག་ལས་གཅིག་གིས་ཐོབ་པའི་བརྒྱུད་པ་ལ་སློབ་དཔོན་ཞི་བ་ལྷ་མེད་ཀྱང༌། དགྲ་ལས་རྣམ་རྒྱལ་ཀྱིས་སེམས་བསྐྱེད་ཀྱིས་ཆོ་ག་སྤྱོད་འཇུག་གི་ལུགས་སུ་མཛད་ཅིང༌། དེ་མན་ཆད་དེའི་རྗེས་སུ་འབྲངས་པ་ཡིན་པས། ཚིག་མི་འདྲ་བའི་

༣༢༠

རིགས་པ་བྱུང་ཡང༌། དོན་སྤྱོད་འཇུག་གི་ལུགས་ཡིན་ཏེ། བླ་མ་གོང་མའི་རྣམ་བཞག་ལས་ཀྱང༌། སློབ་དཔོན་ཆེན་པོ་ཞི་བ་ལྷའི་ལུགས་ཞེས་གསུངས་སོ། །ཡང་དགྲ་ལས་རྣམ་རྒྱལ་གྱིས་སྤྱོད་འཇུག་གི་གཞུང་ཕྲལ་ནས་སྨོན་འཇུག་སྡོམ་པ་རིམ་གྱིས་ལེན་པར་མཛད་ཀྱང༌། སློབ་དཔོན་ནག་པོ་ཞབས་ཀྱིས་དཀའ་འགྲེལ་ནས། སྨོན་འཇུག་སོ་སོར་ལེན་ན་གཞུང་ཕྲལ་ནས་ལེན་ལ། སྟབས་སུ་ལེན་ན་གཞུང་ཇི་ལྟ་བ་བཞིན་ལེན་པར་གསུངས་པས། འདི་ནི་གཞུང་ཇི་ལྟ་བ་བཞིན་སྐབས་སུ་ལེན་པའི་ཆོ་ག་ཡིན་ནོ། །ཞེས་གསུངས། དེ་ལྟར་དབུ་མ་ལུགས་ཀྱི་འདི་ལའང་ཕྱག་ལེན་རྒྱས་འབྲིང་བསྡུས་གསུམ་སྣང་བའི་རྒྱས་པ་ནི་འདིར་བཀོད་པ་ཉིད་མཐར་ཆགས་སུ་བཏང་བ་ཡིན་ཅིང༌། ཉམས་ལེན་ཕྱིར་བཅོས་པའི་ཚུལ་མ་བརྗོད་ཀྱང་ཆོག །འབྲིང་པོ་བྱེད་ན། འོ་སྐོལ་རྣམས་རྙེད་པར་དཀའ་བ་ཞེས་པ་ནས། སེམས་བསྐྱེད་ཀྱི་ཆོ་ག་སྒྲུབ་སྡོང་པོ་བཀོད་པ་སོགས་ནས། དབུ་མ་ལུགས་ཀྱི་ཆོ་ག་བསྒྲུབ་པར་བགྱི་བ་ཡིན། དེ་ལ་ཐོག་མར་ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ་སོགས་སྦྲེལ་ལ། སྦྱོར་བ་གསོལ་གདབ། སྐྱབས་འགྲོ། །ཡན་ལག་བདུན་པ་བཟང་སྤྱོད་ལྟར་བྱས་པས་ཆོག །དངོས་གཞི་སྔར་དང་འདྲ། རྗེས་གཞན་དགའ་བ་བསྐྱེད་པའི་བར་བྱས་ནས་བསྔོ་བ་བྱའོ། །བསྡུས་པ་ནི། ཡན་ལག་བདུན་པ་བྱས་ནས། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། སོགས་དང༌། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། སོགས་སྔར་ལྟར་བརྗོད་པའི་རྗེས་སུ་རང་གཞན་དགའ་བ་བསྐྱེད་པ་སྔར་ལྟར་བྱས་པས་ཀྱང་འགྲུབ་ལ། དེ་དག་གང་གི་ཚེའང་མཐར་བསྔོ་སྨོན་ཚུལ་བཞིན་བྱའོ། །རྒྱུ་རྐྱེན་རྣམ་དག་སེམས་ཀྱི་ས་བོན་ནི། །ལེགས་པར་ཐེབས་ནས་འཕེལ་ཞིང་རབ་རྒྱས་པའི། །བྱང་ཆུབ་ཆེན་པོའི་སྤྱོད་པ་རྒྱལ་བའི་སྲས། །དུས་གསུམ་གཤེགས་པ་ཀུན་ལས་ཆེས་འཕགས་ཤོག །མཁའ་ཁྱབ་འགྲོ་ཀུན་རྒྱུད་ལ་རིན་ཆེན་སེམས། དཀའ་བ་མེད་པར་གཅིག་ཅར་སད་ནས་ཀྱང༌། །བཟང་པོ་སྤྱོད་པ་བརྒྱ་མཚོའི་མཐར་ཕྱིན་ཏེ། །ཀུན་བཟང་རྣམ་ཐར་བསམ་ཡས་འགྲུབ་གྱུར་ཅིག །སློབ་དཔོན་ཆེན་པོ་ཞི་བ་ལྷའི་བཀའ་སྲོལ་གྱི་རྗེས་སུ་འབྲང་བའི་སེམས་བསྐྱེད་ཆོ་ག་

༣༢༡

རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པ་ལས་གོ་བདེ་བའི་ས་བཅད་དང་བསླབ་བྱའི་ཚུལ་སོགས་དམ་པ་གོང་མ་གཞན་དག་གི་ལེགས་བཤད་ཚད་མ་དང་སྦྱར་ཏེ། བློ་དམན་ལ་ཕན་པའི་བསམ་པས་རང་བཟོས་མ་བསླད་པར་རྒྱལ་བའི་སྲས་པོའི་མིང་ཙམ་འཛིན་པ་བློ་གྲོས་མཐའ་ཡས་པའི་སྡེས་ཁམས་ཀྱི་ཟབ་བུ་ལུང་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

སློབ་དཔོན་ཏོག་རྩེ་པས་མཛད་པའི་བསམ་མི་ཁྱབ་ཀྱི་གདམས་པ་གསལ་བར་བྱེད་པ་བཞུགས་སོ

༩༨ ༈ སློབ་དཔོན་རྟོག་རྩེ་པས་མཛད་པའི་བསམ་མི་ཁྱབ་ཀྱི་གདམས་པ་གསལ་བར་བྱེད་པ་བཞུགས་སོ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །རྟ་མཆོག་ལ་སོགས་པ་བརྒྱུད་པ་དགུ་པའི་ རྟ་མཆོག་བཱི་ཎའི་ཞལ་སྔ་དང་། ཨིནྡྲ་བྷཱུ་ཏི་ལེགས་སྨིན་བཅས། །སྒེག་པའི་རྡོ་རྗེ་གུནྡྷེ་རི། །སློབ་དཔོན་པདྨ་སྙིང་རྗེ་ཆེ། །ཆོས་ཀྱི་ཞལ་སྔའི་རིམ་པ་ལ། །བཟང་པོའི་ཞལ་སྔ་འཕྲད་པ་དང་། །ཐམས་ཅད་ཀྱང་ནི་དགོངས་པ་གཅིག །ཞེས་གཞུང་ནས་འབྱུང་སོ་མཐར། ཏོག་རྩེ་པ། བྷཱུ་ཥ་ཎ། དྷ་མ་པ། ཀརྞ་པ། དགེ་སློང་དཔའ་བོ་རྡོ་རྗེའི་བར་དུ་བརྒྱུད་པ་མ་ཆང་པའི་ལུགས་ཀྱིས། རྒྱུ་དུས་སུ་ལྟ་བ་གཏན་ལ་དབབ་པ། ལམ་དུས་སུ་ཏིང་ངེ་འཛིན་སྐྱེད་ཅིང་སྦྱང་བ། འབྲས་བུའི་དུས་སུ་ཡེ་ཤེས་མངོན་ཏུ་འགྱུར་བ་སྟེ་གསུམ་གྱིས་ལམ་དང་འབྲས་བུ་ཐམས་ཅད་བསྡུས་པར་བཞེད་དོ། །དེ་ལ་དང་པོ་རྒྱུ་དུས་སུ་ལྟ་བ་གཏན་ལ་དབབ་པ་ལ། རབ་ཏུ་ཕྱིན་པའི་ཐེག་པ་ལྟར་ན། གཏན་ལ་དབབ་པར་བྱ་བ་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཡིན་པ་ལ། འདི་ལ་གཏན་ལ་དབབ་པར་བྱ་བ་ལུས་ངག་ཡིད་གསུམ་ཡིན་པས་ད་འཁོར་བའི་སྡུག་བསྔལ་ཀྱང་ལུས་ངག་ཡིད་གསུམ་ལ་མྱོང་ལ། ལམ་དུ་ཏིང་ངེ་འཛིན་སྐྱེ་བ་ཡང་ལུས་ངག་ཡིད་གསུམ་པ་སྐྱེ། འབྲས་བུའི་སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་ཀྱང་དེ་གསུམ་ཉིད་འགྱུར་བའི་ཕྱིར། རྟེན་ནམ་གཞི་ཡིན་གསུངས། གདམས་ངག་གི་གཞི་དགོད་པ་བཅུ་གཉིས་ཏེ། གདམས་ངག་གི་རྟེན་བཅའ་བ་ལུས་ངག་ཡིད་གསུམ། དེ་ཤེས་པར་བྱེད་པའི་དུས་གསུམ། འཇལ་བར་བྱེད་པའི་བསམ་པ་གསུམ་གཏན་ལ་འབེབས་པར་བྱེད་པའི་ཚད་མ་གསུམ་མོ། །དེ་ལ་རྟེན་བཅའ་བ་ལུས་ངག་ཡིད་གསུམ་ལ། ལུས་རགས་པ་དབང་རྟེན་ཁོག་པ་དང་བཅས་པ། ཕྲ་བ་རྩ་གསུམ། ངག་རགས་པ་སྨྲ་བ་དང་རྒོད་པ་ལ་སོགས་པའི་ཐ་སྙད། ཕྲ་བ་
༩༩རླུང་ལྡང་འཇུག [97]གནས་པ་གསུམ་དང་། ཡིག་འབྲུ་གསུམ། །སེམས་ལ་རྟེན་དང་བརྟེན་པ་གཉིས་ལས། རྟེན་ཁམས་དགུ་[98]དྭངས་མ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དྭངས་པའི་བདུད་རྩི། བརྟེན་པ་རང་རིག་པའི་ཡེ་ཤེས་གསལ་བའོ། །དེ་ཡང་། ལུས་དང་ངག་དང་ཡིད་དང་གསུམ། གཅིག་ལ་[99]ཡང་ཇི་སྲིད་ལུས་སེམས་མ་བྲལ་གྱི་བར་དུ་ངོ་བོ་གཅིག་ཡིན་པར་བཞེད་དེ། གཅིག་བརྟེན་གཅིག་གི་ངང་། ཡིན་པས། སེམས་གཅིག་པུ་གཏན་ལ་ཕབས་པས་ལུས་ངག་གཉིས་པོ་ཤུགས་ལ་ཕེབས་[100]པར་འགྱུར་ལ། སེམས་གཏན་ལ་དབབ་ན་[101]བསམ་གྱིས་མི་ཁྱབ་རྣམ་པ་ལྔ་སྟེ། [102]མཚན་ཉིད་[103]བསམ་གྱིས་མི་ཁྱབ་པ་མ་འདྲེས་པ་ཡོངས་སུ་རྫོགས། ངོ་བོ་ཉིད་ལ་རྟོགས་ལུགས་མི་འདྲ་བའི་སྒོ་ནས། ཕྱི་རོལ་པའི་དང་སངས་རྒྱས་པའི་ལམ་དང་། གྲུབ་མཐའ་མི་འདྲ་བ་སྣ་ཚོགས་སུ་སྣང་བའོ། །ཡོན་ཏན་[104]བསམ་གྱིས་མི་ཁྱབ་པ་དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའམ་ཉི་མའི་དཀྱིལ་འཁོར་ལྟ་བུ་[105]ནུས་པའི་མཐུ་[106]བསམ་གྱིས་མི་ཁྱབ་པ་མ་པ་ཅིངས་[107]མ་གྲོལ་བ་དཔེ་སྣ་མའི་མེ་ཏོག་དང་[108]མར་ཁུ་ལྟ་བུ། དེ་གསུམ་ནི་བསམ་[109]གྱིས་མི་ལང་བས་ན་བསམ་མི་ཁྱབ་སྟེ་ཐབས་སོ། །རང་
༡༠༠བཞིན་[110]བསམ་མི་ཁྱབ་[111]པ་དཔེ་ནམ་མཁའ་ལྟ་བུ་དེ་ནི་བསམ་པས་[112]མི་རྙེད་པས་བསམ་མི་ཁྱབ་སྟེ་ཤེས་རབ་བོ། །ངོ་བོ་ཉིད་[113]བསམ་[114]གྱིས་མི་ཁྱབ་པ་མ་བྲལ་མི་ལྡན་པ་[115]དེ་ནི་བསམ་དུ་མི་འདོད་པས་བསམ་གྱིས་མི་ཁྱབ་པ་སྟེ་ཟུང་འཇུག[116]བསམ་མི་ཁྱབ་བོ། །དེ་ཤེས་པར་བྱེད་པའི་དུས་གསུམ་[117]ནི། །གྱུར་གནས་པ་[118]སེམས་ཅན་གྱི་དུས་སུ་རྣམ་རྟོག་བསམ་མི་ཁྱབ། ལམ་སྒོམ་པའི་རྣལ་འབྱོར་གྱི་[119]ཏིང་ངེ་འཛིན་བསམ་མི་ཁྱབ། འབྲས་བུ་མཐར་ཐུག་པའི་[120]དུས་སུ་ཡེ་ཤེས་བསམ་གྱིས་མི་ཁྱབ་བོ། །དེ་ཡང་རྒྱུ་དུས་ན་[121]ལུས་ངག་ཡིད་གསུམ་ཀ་རྣམ་རྟོག་གིས་བསྡུས། ལམ་དུས་[122]ན་གསུམ་ཀ་ཏིང་ངེ་འཛིན་གྱིས་བསྡུས་[123]
༡༠༡འབྲས་བུའི་དུས་ན་ཡེ་ཤེས་ཀྱིས་བསྡུས་[124]པའོ། །འཇལ་བར་བྱེད་པའི་བསམ་པ་གསུམ་ནི། །ཐབས་འཇིག་རྟེན་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ[125]་ལ་དམིགས་པའི་བསམ་པས་བཙལ་ན་ཐམས་ཅད་[126]ཤེས་རབ་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་དམིགས་པའི་[127]བསམ་པས་བཙལ་ན་ཐམས་ཅད་ཀྱིས་སྟོང་ཞིང་མེད། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ངོ་བོ་ཉིད་ལ་དམིགས་པའི་བསམ་པས་བཙལ་ན་ཡོད་[128]པ་མིན་ མེད་པའང་[129]མ་[130]ཡིན་ཏེ་ཟུང་འཇུག་གོ །གཏན་ལ་འབེབས་པའི་ཚད་མ་གསུམ་ནི། བདེ་བར་གཤེགས་པའི་བཀའ། [131]ཡང་དག་པ་ལུང་གི་ཚད་མ། བླ་མ་[132]རྡོ་རྗེ་སློབ་དཔོན་ཉམས་ཀྱི་མན་ངག་ཚད་མ། རྣལ་འབྱོར་པ་བདག་ཉིད་ཀྱི་ཉམས་མྱོང་རྗེས་སུ་དྲན་[133]པའི་ཚད་མའོ། དེ་ལྟར་གདམས་ངག་གི་གཞི་དགོད་པ་བཅུ་གཉིས་སོ། །རྒྱུ་དུས་སུ་ལྟ་བ་གཏན་ལ་དབབ་པའི་ཚུལ་བསྟན་ཟིན་ཏོ། །དེ་ལྟར་རྒྱུར་གནས་པ་སེམས་ཅན་གྱི་དུས་སུ་རྟོགས་པའི་ལྟ་བ་གཏན་
༡༠༢ལ་ཕབས་[134]རྗེ་མུ་གུ་ལུང་པ་ཐོག་མར་སེམས་མ་བཟུང་ནས་ལྟ་བ་བསྟན་ཀྱང་མི་གོ་བས། དང་པོ་སེམས་བཟུང་ལ་ལྟ་བ་ཕྱིས་བསྟན་གསུངས་པས་མ་[135]རིག་པའི་དུག་[136] དང་བྲལ་བར་བྱས་ནས། གཉིས་པ་རྣམ་པར་རྟོག་པ་རྩོལ་པའི་དུག་[137]དང་བྲལ་བའི་ཕྱིར་ལམ་དུས་ན་ཏིང་ངེ་འཛིན་བསྐྱེད་ཅིང་སྦྱར་བདོན་བདུན་ཏུ་ཤེས་པར་བྱ་སྟེ། ཐོག་མར་སེམས་[138]བཟུང་། བར་དུ་དེ་ཁོ་ན་ཉིད་ལ་བློ་[139]བཞག །སྤྱོད་ལམ་ཐམས་ཅད་དུ་གོམས་པར་བྱ།[140] བསམ་གཏན་གྱི་གེགས་བྱིང་བ་དང་རྒོད་པ་བསལ།[141] བོགས་འབྱིན་རྣམ་པ་བརྒྱད་ཀྱིས་བོགས་དབྱུང་།[142] སེམས་ཉམས་ཀྱི་དྲོད་རྟོགས་[143]དང་སྦྱར། མཐར་ཕྱག་རྒྱ་[144]ལ་[145]བརྟེན་ཏེ་སྤྱོད་པས་འབྲས་བུ་དང་མཚམས་སྦྱར་བའོ། །དེ་ལ་[146] །དང་པོ་སེམས་བཟུང་བ་ནི། ལུས་གནད་[147]ལ་དབབ། ངག་གནད་ལ་དབབ་[148]སེམས་གནད་ལ་དབབ་[149]བྱང་ཆུབ་[150]ཀྱི་སེམས་བསྒོམ། བླ་མ་བསྒོམ་[151]ལྷག་པའི་ང་རྒྱལ་བསྒོམས་ཏེ་[152]བསམ་གཏན་[153]གྱི་ཡན་ལག་རྣམས་ཚང་བར་བྱས་ལ། ཕྱི་རོལ་ཏུ་དཔེའི་ཚུལ་ཏུ་ནམ་མཁའ་ལ་བསླབ་སྟེ། གཉིས་མེད་ནམ་མཁའ་སྦྱོར་བའི་ཏིང་ངེ་འཛིན་འབྱུང་བས་སོ། །དེའང་ཐུང་དུ་[154]
༡༠༣བསླབ་པའོ། །དེ་དག་རེ་རེ་ལའང་ཚར་བཅད་པའི་ཚུལ་དུ་བསླབ་པ་དང་། ཕན་གདགས་པའི་ཚུལ་དུ་བསླབ་པ་གཉིས་གཉིས་སུ་བསླབ་པའོ། །དེ་ལ་ཐུང་ངུ་བསླབ་པ་ནི། སྣ་རྩེ་ནས་སོར་བཞི་ཚུན་ཆད་ཀྱི་ནམ་མཁའ་རང་གི་ཤེས་པ་ཡོད་པར་དམིགས་པ་ནི། ལུས་སེམས་གཉིས་ཀ་གྲིམ་པར་བྱས་ལ་བསྒོམ། ཚར་བཅད་པའི་ཚུལ་དུ་བསླབ་པའོ། །དེ་ནས་ལུས་སེམས་གཉིས་ཀ་ཀློང་པར་བསྒོམ། ཕན་གདགས་པའི་ཚུལ་དུ་བསླབ་པའོ། །ཡང་སོར་བརྒྱད་ཚུན་ཆད་ཀྱི་ནམ་མཁར་ཡང་ཚུལ་དེ་ཉིད་ཀྱིས་བསླབ། ཡང་སོར་བཅུ་དྲུག་ནས་འདོམ་གང་ཚུན་ཆད་ཀྱི་ནམ་མཁར་ཡང་ཚུལ་དེ་ཉིད་ཀྱིས་བསླབ། སེམས་གནས་པའི་[155]ཉམས་ཅི་བྱུང་ཡང་དེ་བཞིན་ཏུ་བསྐྱང་། ཕལ་ཆེར་རང་བཞིན་སྟོང་ཉམས་སུ་སྐྱེའོ། །དེ་ནས་བོགས་དབྱུང་བའི་ཕྱིར་རིང་དུ་བསླབ་པ་ནི། བསམ་[156]གཏན་གྱི་སྔོན་འགྲོའི་ཡན་ལག་ཚང་བར་བྱས་ཏེ། རང་རིག་པ་སེམས་ཉིད་ཤར་ཕྱོགས་སུའང་མོས་དོ་ལ་སོགས་པ་ནས་བཟུང་སྟེ། ཇི་སྲིད་ནམ་མཁའི་མཐར་ཐུག་གི་བར་དུ་རྟོག་ཏུ་བཏང་། དེ་ཡང་ཕན་གདགས་པ་དང་ཚར་བཅད་པའི་ཚུལ་གྱིས་བསླབ་པས་མཐའ་[157]བྲལ་གྱི་ཉམས། ཤུགས་ཆད་[158]ཆད་ཀྱི་ཉམས། གཟི་ཆག་གི་ཉམས། [159]གསུམ་གང་སྐྱེ་ཡང་དེ་བཞིན་
༡༠༤དུ་བསྐྱང་ངོ་། །དེ་བཞིན་ཡང་བོགས་དབྱུང་བའི་ཕྱིར་ལྷོ་ལ་སོགས་པའི་[160]ཕྱོགས་ཐམས་ཅད་དུ་བསླབ་བོ། །དེ་ལྟར་བསླབས་པས་ཉམས་གསུམ་སྐྱེ་ལ། དེའི་མཐའ་བྲལ་གྱི་ཉམས་ལ་བརྟེན་ནས། དེ་ནམ་མཁའ་[161]སྟོང་པ། [162]ཁྱབ་པ།[163] རྟག་པའི་[164]ཉམས་ཏེ་ཆོས་བཞི་ལྡན་ཏུ་སྐྱེ་བར་འགྱུར་ཏེ་དེ་བཞིན་ཏུ་བསྐྱང་ངོ་། རིང་དུ་བསླབ་པའོ། །དེས་ནི་ཐོག་མར་སེམས་བཟུང་བའོ། །བར་དུ་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། དོན་ནང་དུ་རང་གི་སེམས་ཉིད་ལ་སྦྱར་ནས་ཚུལ་གསུམ་དུ་བསླབ་པས་རྣམ་པར་རྟོག་པ་རྩོལ་བའི་དུག་ལ་འཆིང་བྱེད་བཞི་ལས་དང་པོ་གསུམ་ལས་གྲོལ་བར་བྱེད་དོ། །དེ་ལ་ཚུལ་གསུམ་ནི། སྒོ་ང་རྒྱ་བཅག་[165]པའི་ཚུལ་དུ་མིང་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ། བརྒྱ་དབྲལ་བའི་[166]ཚུལ་དུ་དོན་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ། ཁ་ཆུ་བསལ་[167]བའི་ཚུལ་དུ་ཏིང་ངེ་འཛིན་ཉིད་ཀྱང་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བའོ། །དེ་ལ་དང་པོ་མིང་ནི་[168]གི་འཆིང་པ་ལས་གྲོལ་བར་བྱ་བའི་ཕྱིར། །མིང་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ་ནི། རྣལ་འབྱོར་པ་[169]རང་ཉིད་ཀྱི་མིང་ལ་སོགས་པ་མིང་གང་ཡང་རུང་བ་ལ། མ་སྐྱེས་[170]
༡༠༥སྐྱེ་མེད་ནམ་མཁའ་བཞིན། །སྐྱེས་པ་སྐྱེ་མེད་[171]ནམ་མཁའ་བཞིན་འགགས་པ་སྐྱེ་མེད་ནམ་མཁའ་བཞིན། །ཞེས་བསླབས་པས་[172]མིང་དུ་འཛིན་པའི་རྟོག་པ་སེམས་ཉིད་ལ་ཐིམ་ཞིང་། གསལ་ལ་མི་འགག་པའི་ཉམས་སྐྱེ་སྟེ། དེ་ཉིད་ལ་རྣམ་པར་ཐར་པའི་སྒོ་གསུམ་[173]གྱི་མིང་ཐོབ་གསུང་། དེ་ལྟ་བུའང་གཞུང་ལས། གཉིས་སུ་མེད་པ་མིང་ཙམ་སྟེ། །དེ་ཡང་མིང་ནི་ཡོད་མི་འགྱུར། །གཉིས་མེད་མིང་དུ་བཟུང་པ་ལ། །དེ་ལ་རྣལ་འབྱོར་པས་བཟོད་མཛོད། ཅེས་འབྱུང་བ་དང་། རྒྱལ་བའི་ཡུམ་ལས། རབ་འབྱོར་གཟུགས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ཡང་ཆོས་ཉིད་དེ། ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་དོན་གྱི་འཆིང་བ་ལས་[174]གྲོལ་བར་བྱ་བའི་ཕྱིར། དོན་སྐྱེ་མེད་བསམ་མི་ཁྱབ་པ་ལ་སྦྱར་བ་ནི། རང་རིག་ཉོན་མོངས་པའི་སེམས་ཉིད་འདི་ལ་རྒྱུ་བ་གང་རགས་བརྟགས་ལ། རྒྱུ་བ་རགས་པ་ཞེ་སྡང་ལྟ་བུ་གཅིག་གི་དབང་དུ་བས་ནས་ཐོག་མའི་[175]རྒྱུ་དང་། ད་ལྟར་གནས་པའི་ངོ་བོ་དང་། མཐར་འགགས་པའི་འབྲས་བུ་གསུམ་ཡང་སྐྱེ་མེད་བསམ་མི་ཁྱབ་པ་ནམ་མཁའ་ལྟ་བུར་སྦྱར་ཞིང་བརྟག །ཡང་[176]གནས་[177]རིགས་དང་[178]རང་གི་ངོ་བོ་གསུམ་ལ་[179]བརྟགས་ཏེ་སྐྱེ་མེད་དུ་བསྒོམ།
༡༠༦དེ་ལྟར་[180]བསྒོམས་པས་ཞེ་སྡང་དུ་འཛིན་པའི་རྣམ་རྟོག་སེམས་ཉིད་ལ་ཐིམ་ཞིང་། ཞེ་སྡང་གི་གསལ་བ་མི་བགགས་པའི་ཉམས་སྐྱེའོ། དེའང་གཞུང་ལས། གཉིས་པོ་དག་གི་སྤྱོད་པ་ཡིས། །གཉིས་མེད་ཡེ་ཤེས་འབར་བར་འགྱུར། ཞེས་འབྱུང་ངོ་། །གསུམ་པ་[181]འཆིང་བར་བྱེད་པའི་ཏིང་ངེ་འཛིན་གྱི་འཆིང་བ་ལས་གྲོལ་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་ཉིད་ཀྱང་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ་ནི། ནང་དུ་ཡིད་འཛིན་མེད་དུ་བཞག་པ་དང་། ཕྱི་རོལ་ཏུ་ཤེས་པ་ལྷུག་པར་བཞག་པ་གཉིས་སོ། །དང་པོ་ནི། ལུས་སེམས་ཡང་པར་བྱ། དེ་ནས་ཤེས་པ་ཁ་ནང་དུ་བལྟ་བྱ་ཙམ་དྲན་པར་བྱ། དེས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ། །གལ་ཏེ་ཕྱིར་འཕྲོ་ན་ཡང་སྔར་བཞིན་ཏུ་དྲན་པར་བྱ། གཉིས་པ་ནི། ཡུལ་གང་ལའང་འཛིན་པ་མེད་པར་དབང་པོའི་སྒོ་ལྷུག་པར་བཞག །དེ་ལྟར་བསྒོམ་བྱའི་ཡུལ་ལ་སྒོམ་བྱེད་ཀྱི་ཤེས་པ་གཅིག་གིས་ཆེད་དུ་གཏད་ནས་མི་བསྒོམ་སྟེ། གང་ལྟར་ཡང་མི་བསྒོམ་པའི་ཚུལ་གྱིས་བསྒོམས་པས། བསྒོམ་པའི་ཡུལ་ལ་སོགས་པ་ཞེན་པ་དང་བྲལ་ནས་ཏིང་ངེ་འཛིན་བདེ་སྟོང་མཆོག་ཏུ་སྐྱེ་བར་འགྱུར་རོ། །དེའང་གཞུང་ལས། ཚོར་དང་ཚོར་པོ་མཚོན་བྱ་བྲལ། །རིགས་པོ་དང་རིག་བྱ་སྤང་། [182]ཞེས་འབྱུང་བའོ། །དེ་དག[183]བརྟན་པའི་ཡན་ལག་[184]ཏུ་རྐྱེན་གྱི་འཆིང་བ་ལས་གྲོལ་བར་བྱ་བའི་ཕྱིར་སྤྱོད་ལམ་ཐམས་ཅད་དུ་གོམས་པར་བྱ་བ་ནི། དང་པོ་[185]
༡༠༧གཟུགས་ལྟ་བུ་བསླབ་པའི་དབང་དུ་བྱས་ནས། མིག་ལ་ཉི་མའི་འོད་དང་། རླུང་གི་སེར་བུ་མི་འོང་བར་བྱས་ཏེ། མདུན་ཏུ་མེ་ཏོག་ལ་སོགས་པའི་དངོས་པོ་གཅིག་ཉེ་རིང་རན་པར་བཞག་ལ། དེ་དག་ལ་རྟེན་མི་འགྱུར་[186]བའི་ཡན་ལག །ལུས་མི་གཡོ་བའི་ཡན་ལག །མིག་མི་འཛུམ་པའི་ཡན་ལག །ཡིད་འཛིན་པ་[187]ཡན་ལག་བཞི་ལྡན་ཏུ་བྱས་ནས་བསླབས་པས། ཡུལ་དེ་ལ་མི་དམིགས་པའི་ཏིང་ངེ་འཛིན་སྐྱེ། དེ་ནས་[188]རྟེན་[189]དེ་ཐག་ཇེ་རིང་ཇེ་རིང་བསྲིངས་ལ་བསླབ་སྟེ། གཟུགས་ལས་ཡེ་ཤེས་ངོས་བཟུང་བའོ། །དེ་བཞིན་ཏུ་སྒྲ་ལ་སོགས་པ་ཡང་ཡན་ལག་བཞི་ལྡན་ཏུ་བྱས་ནས་བསླབ་སྟེ། དེ་ལྟར་ཡུལ་ལས་ཡེ་ཤེས་ངོས་བཟུང་བའི་གདམས་ངག་གིས་བསྒོམས་པས། ཐོག་མར་སེམས་ཉམས་ཆུང་ངུ་ལ་སོགས་པ་ཡུལ་རྐྱེན་གྱིས་རེས་གནོད་རེས་ཕན་རེས་བདེ་ཞིང་སྐྱེ་སྟེ་སྣང་བ་ལྷ་མོར་འཆར་བའི་དུས་སོ། འབྲིང་པོ་ལ་ཕན་གནོད་མེད་པའི་དུས། སེམས་ཉམས་ཆེན་པོ་ལ་མེ་འབར་བ་ལ་ཤིང་བསྣན་པ་བཞིན་དུ་ཡུལ་རྐྱེན་གྱི་རྟོག་པ་ཡེ་ཤེས་ཀྱི་གྲོགས་བྱེད་དེ། ཡུལ་རྐྱེན་རབ་[190]འབྲིང་གསུམ་དང་འཕྲད་མ་ཐག་ཏུ། ནང་དུ་དེ་ཁོ་ན་ཉིད་ཀྱི་རྟོགས་པའི་ཡེ་ཤེས་མཆོག་ཏུ་འགྱུར་རོ། །དེ་ནི་སྣང་བར་[191]ཕན་འདོགས་པའི་དུས། སྣང་བ་དགེ་བའི་བཤེས་གཉེན་དུ་འཆར་བའི་དུས།
༡༠༨ཕྱི་[192]ནང་གཉིས་འདྲེས་པའི་དུས། དུག་ལྔ་སྨན་ཏུ་[193]ངོ་ཤེས་པའི་དུས་སོ། དེའང་གཞུང་ལས། མིག་གི་རྣམ་ཤེས་རྟོགས་པ་ཡི། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། ཞེས་འབྱུང་བ་དང་། གཟུགས་མཆོག་ཐ་མ་འབྲིང་པོ་གང་། །གང་ཡང་མིག་གིས་མཐོང་གྱུར་པ། །དོན་དམ་དོན་གྱི་རང་བཞིན་གྱིས། །གཉིས་མེད་དམ་པ་བལྟ་བར་བྱ། ཞེས་བྱ་བ་ལ་སོགས་པ་འབྱུང་བས་བསྟན་ཏོ། །དེ་ནས་བསམ་གཏན་གྱི་གེགས་བྱིང་བ་དང་རྒོད་པ་བསལ་བ་ནི། སྤྱིར་གསུམ་སྟེ། ཆེད་དུ་བྱས་པའི་བྱིང་རྒོད། རྐྱེན་གྱིས་བྱུང་བའི་བྱིང་རྒོད། ཤུགས་ཀྱིས་བྱུང་བའི་བྱིང་རྒོད་བསལ་བའོ། །དེ་ལ་ཆེད་དུ་བྱས་པའི་བྱིང་བ་ནི། མལ་སྟན་ལ་སོགས་པ་བསོད་ནམས་དོན་དུ་གཉེར་བ་ལས་བྱུང་བའོ། །ཆེད་དུ་བྱས་བའི་རྒོད་པ་ནི། ཁ་སྨྲས་ལ་སོགས་པ་འཇིག་རྟེན་པའི་བྱ་བ་དོན་ཏུ་གཉེར་བ་ལས་བྱུང་བའོ། །དེ་བསལ་བ་ནི། ངོ་ཤེས་པར་བྱས་ཏེ་ཞག་གྲངས་ཅི་རིགས་པར་དེ་དག་སྤངས་ལ་ཉིད་ཀྱིས་རང་སེལ་བར་འགྱུར་རོ། །རྐྱེན་གྱིས་བྱིང་བ་ནི། ཧ་ཅང་ཁ་ཟས་བཅུད་ཆེས་པ་དང་། ཆང་མང་བ་དང་། ངལ་དུབ་ལ་སོགས་པའི་རྐྱེན་གྱིས་བྱིང་བའོ། །རྐྱེན་གྱིས་རྒོད་པ་ནི། ཉིན་མོ་སྐྱེ་བོ་རྒྱུན་ལུགས་ཀྱིས་མ་དབེན་པ་དང་། མཚན་མོ་སྒྲའི་ཀླག འདི་དག་ལ་བརྟན་པོ་གཞན་མི་དགོས་ཏེ། ཅོར་གྱིས་མ་དབེན་པ་ལ་སོགས་པས་རྒོད་པའོ། །དེ་དག་ལས་བསལ་བ་ཡང་། རྐྱེན་དེ་དག་ཞག་གྲངས་ཅི་རིགས་པ་སྤངས་པ་ཉིད་ཀྱིས་རང་སེལ་ལོ། རང་ཤུགས་ཀྱིས་བྱུང་བ་དང་རྒོད་པ་ནི། སྔ་མ་གཉིས་པོ་དེ་དག་བསལ་ཀྱང་
༡༠༩རང་ཤུགས་ཀྱིས་འབྱུང་བའོ། དེ་ཡན་ཐུན་སྟོད་ལ་འབྱུང་ངམ། ཐུན་སྨད་ལ་འབྱུང་བ་རྟགས་ལ། ཐུན་སྨད་ལ་བྱུང་ན།[194] ཁམས་ཀྱི་སྐྱོན་ཡིན་པས་བསྐྱུངས་པ་ཉིད་ཀྱིས་རང་སེལ་ལོ། [195] ཐུན་སྟོད་ལ་བྱུང་ན་བསམ་བསྟན་གྱི་གེགས་ཡིན་པས་དེ་བསལ་བ་ནི། སྤྱིར་གསུམ་སྟེ། སྤྱོད་ལམ་གྱིས་བསལ། ཁ་ཟས་ཀྱིས་བསལ། སེམས་ཀྱི་མཐུས་བསལ་བའོ། །དེ་ལ་སྤྱོད་ལམ་གྱིས་བྱིང་བ་བསལ་བ་ནི། སྟན་མཐོ་སར་བསྡད། དེས་མ་སེལ་ན། ས་མཐོ་སར་བསྡད། [196] མིག་རི་ཐང་མཚམས་སུ་བལྟ། ལུས་སེམས་ཧུར་ཕྱུང་བྱའོ། །རྒོད་པ་བསལ་བ་ནི། ས་དམའ་སར་བསྡད། ཅུང་ཟད་ཀོས་ཀོས་བྲང་ནོན་པར་བྱ། མུན་པའི་མཚན་མར་གྱུར་པ་ལ་བསྡད་དོ། །ཁ་ཟས་ཀྱིས་བྱིང་བ་བསལ་བ་ནི། གང་བསམ་བསྟན་གྱི་སྔོན་རོལ་གྱི་ཁ་ཟས་བཅག་པའོ། །རྒོད་པ་བསལ་བ་ནི། བསམ་བསྟན་ལ་འཇུག་ཁར་ཁ་ཟས་དང་བཅས་པའི་ཆང་སྣོད་ཆེ་ཆུང་ཅི་རིགས་པ་གང་བཏང་།[197] གོམ་པ་ལྔ་བཅུར་བཅག།[198] དེས་མ་ཞི་ན་དོ་བཏང་། གོམ་པ་བརྒྱར་བཅག། དེ་ཡང་སྤྱིར་ནད་གཞི་དང་། [199] སྦྱར། ན་ཚོད།[200] དང་སྦྱར། ནམ་ཟླ་དང་སྦྱར་རོ། དེས་ངེས་པར་བྱིང་བ་དང་རྒོད་པ་སེལ་ལོ། །གསུམ་པ་སེམས་ཀྱི་ནུས་མཐུས་བསལ་བ་ནི། བྱིང་བའི་ཚེ་སྟེང་དུ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོའི་འཁོར་ལོ་ལ་བསླབ། སླར་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གནས་སུ་བསླབ་སྟེ། དེ་ནས་ཐོག་མར་རང་གི་
༡༡༠སེམས་རང་གི་སྙིང་གར་[201]དྲན་པར་བྱ། དེ་ནས་ཚངས་པའི་བུ་གར། དེ་ནས་སྤྱི་བོའི་སྟེང་དུ་སོར་བཞི། འདིས་ལྷའི་གནས་མཐོང་བ་ལ་སོགས་པ་འབྱུང་གསུངས། ལ་སོགས་པ་ནས་མཐར་སྟེང་གི་ནམ་མཁའི་མཐར་ཐུག་པར་བཏང་། [202] དེ་ལྟར་སེམས་[203]ཚོད་བཟུང་ཞིང་བསྒོམས་ལ། ཡུན་[204]རིང་ན་ཤེས་པ་མི་བདེ་ཞིང་། སྙིང་རླུང་ལ་སོགས་པར་འགྱུར་བས། སླར་མར་རིམ་གྱིས་བབ་ལ་སྙིང་གར་དྲན་པར་བྱས་ལ་བཞག་གོ། །རྒོད་པའི་ཚེ་ན། འོག་ཏུ་བྱང་ཆུབ་ཀྱི་སེམས་ཨེ་ཆོས་ཀྱི་་་་་འབྱུང་གནས་སུ་བསླབ། སླར་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་དེའི་གནས་སུ་བསླབ་བོ། །དེ་ནི་[205]གཤང་ལམ་དུ་ཆོས་འབྱུང་དམར་སེང་ངེ་བ་ཅིག་བསམས་ལ། དེའི་ནང་ན་མར་སེམས་ཀྱིས་བལྟ། འཇོག་ཙམ་ན་སླར་ཡང་སྙིང་གར་དྲན་པར་བྱའོ། །དེས་ཀྱང་རྒོད་པ་མ་ཞི་ན་འཕྲང་དུ་བཟུང་། རྗེས་སུ་འབྲང་། ཡོངས་སུ་ཤེས་པས་བསལ་ལོ། །དེ་ལ་འཕྲང་དུ་བཟུང་བ་ནི། ལན་ཅིག་འཕྲོས། ལན་གཉིས་འཕྲོས་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་རྒོད་པའི་གྲངས་བཟུང་བས་འཕྲལ་དུ་སེལ། རྗེས་སུ་འབྲང་པ་ནི། ཡུལ་གང་ལ་འཕྲོས་པའི་ཡུལ་དེ་ལ་ཆེད་དུ་གཏད་ཅིང་དམིགས། དེས་ཀྱང་མྱུར་དུ་སེལ། ཡོངས་སུ་ཤེས་པ།[206] ནི་རྒོད་ནས་འདུག་བྱ་བར་ཤེས་པ་ཙམ་གྱིས་སེལ་གསུངས། དེ་དག་གིས་ཀྱང་མ་ཞི་ན། མནན་སྦྱོར། དཔྱང་ཐག །འཕྲང་གཞུར་ཞེས་བྱ་བས་ཀྱང་སེལ་ལོ། །དེ་ལ་མནན་སྦྱོར་ནི། རང་གི་སྤྱི་བོར་ཤིང་བུ་ལྕི་ཡང་རན་པ་གཅིག་གིས་མནན་ཏེ་བསྒོམ། དེས་འཕྲལ་དུ་སེལ། དཔྱང་ཐག་ནི། ས་གཞི་བསྟར་ཞིང་འཐས་པར་བྱས་ལ།
༡༡༡སྟེང་དུ་ཐག་པ་གསུམ་གྱིས་ཤིང་སྟེགས་གཅིག་བཏགས་ཏེ། དེའི་སྟེང་དུ་རང་གི་རྐང་པ་འོག་ཏུ་བརྐྱང་ནས་འདུག་པས། [207] ཤིང་བུ་རིལ་པོ་ནོན་པར་བྱ། [208] ལག་པ་[209]གཉིས་མདུན་གྱི་དཔྱང་ཐག་ལ་འཇུ་བའི་སྦྱོར་བ་བྱ་བའི་མན་ངག་གོ། །འཕྲང་གཞུར་ནི། གཡས་གཡོན་གང་རུང་གཅིག་ཏུ་ཤིང་ཁྲུ་བ་གཅིག་གམ། ཐོ་གཅིག་བཙུགས་ལ། རྡོ་ལ་སོགས་པ་དཀར་པོ་གཅིག་བཞག །དེའི་སྟེང་དུ་ནག་པོ་གཅིག་བཞག་ལ། དེ་དག་སྙུག་མ་ལ་སོགས་པས་གཞུར་ཏེ། མིག་མི་འཛུམ་པར་བྱས་ལ་བལྟ། དེས་ཀྱང་འཕྲལ་དུ་སེལ་གསུངས། བསམ་གཏན་གྱི་གེགས་བྱིང་རྒོད་བསལ་བའོ། །དེ་ནས་བོགས་འབྱིན་རྣམ་པ་བརྒྱད་ཀྱིས་བོགས་དབྱུང་བ་ནི། སྒྲིམ་ཀློད་གཉིས་རེས་འཇོག །དབྲི་བསྐྱེད་གཉིས་རེས་འཇོག་སྟེ་བཞི། ཁ་ཟས་རེས་འཇོག །སྤྱོད་ལམ་བག་ཡང་། སེམས་ཀྱི་གནད་སྣ་ཚོགས་སུ་འཕོ་བ། ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པ་སྟེ། རྣམ་པ་བརྒྱད་ཀྱིས་སེམས་ཉམས་དང་སྦྱར་ཏེ་བོགས་དབྱུང་ངོ་། །དང་པོ་ལ་བཞི། ལུས་སེམས་གཉིས་ཀ་སྒྲིམ་པ་དང་་་་་་་་་་་་ཐུན་དབྲི་བ་སྦྱར། ཀློད་པ་དང་བསྐྱེད་པ་ལ་སྦྱར་ལ། དང་པོར་ཐུན་རེས་འཇོག[210]ཏུ་བྱ། དེ་ནས་ཉི་མ་[211]རེས་འཇོག་ཏུ་བྱ། ཁ་ཟས་[212] །རེས་འཇོག་ཀྱང་ཐུན་དང་ཉི་མ་གཉིས་ཀ་ལ་ཆང་ལ་སོགས་པ་རེས་འཇོག་ཏུ་བྱའོ། །སྤྱོད་ལམ་བག་ཡང་གི་བདུད་རྩི་བསྟེན་པ་གོ་ལ། སེམས་ཀྱི་གནད་སྣ་ཚོགས་སུ་འཕོ་བ་ནི། མདོ་སྡེ་དང་རྒྱུད་སྡེ་ལ་སོགས་པ་རྣམས་ལས་
༡༡༢བསྒོམ་བྱར་གསུངས་པ་ཐམས་ཅད་ལ་རིམ་གྱིས་བསྒོམ་པས་བོགས་དབྱུང་བར་འགྱུར་བའོ། །ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པ་ནི། གཟུགས་སྡུག་པ་རྣམས་ལ་ལོངས་སྤྱོད་པས་རྒྱུད་ཚིམས་པར་འགྱུར་ལ། དེའི་སྟོབས་ཀྱིས་རྟོགས་པ་བོགས་དབྱུང་བར་འགྱུར་རོ། །དེ་ལྟར་བོགས་འབྱིན་བརྒྱད་དོ། །དེ་ལྟ་བུའི་ གར་སྤྱིན་ཀྱི་ཕུང་པོ་ལ་ལག་པས་རེག་པ་བཞིན་དམིགས་པ་བཏང་དུ་མི་འདོད་པའོ། །ཚུལ་གྱིས་བསྒོམ་པས་སེམས་ཉམས་ཀྱི་དྲོད་རྟགས་[213]དབྱུང་བ་ནི་ཐོག་མར་སེམས་གནས། དོན་གྱི་དེ་ཁོ་ན་ཉིད་ལ་ངེས་ཤེས་སྐྱེ། ཅུང་ཟད་ལེ་ལོ་ཆེ། བྱ་བ་གང་ལའང་འཇུག་སྙིང་མི་འདོད། བརྗེད་ངས། བྱ་བ་ཐམས་ཅད་ལ་དྲུག་འཕྲད་ཙམ་བྱེད། སྐབས་སྐབས་སུ་དྲན་པ་གསལ་པོ་ཁྱད་པར་ཅན་འབྱུང་། ཁ་ཟས་ལ་འདོད་པ་ཆུང་། གཉིད་རིམ་གྱིས་སྤང་བར་ནུས། ཉོན་མོངས་བློ་བུར་བ་དྲག་པོ་ཟློག །ཆོས་བརྒྱད་ཀྱི་རྣམ་པར་རྟོག་པའི་བློ་རགས་རིམ་ཟློག །རྨི་ལམ་མངོན་ཤེས་དང་འདྲ་བའི་གསལ་པོ་འབྱུང་། ཕྱི་དང་ནང་གི་སྲིན་བུ་རིམ་རིམ་གྱིས་སྤོང་ནུས། དེ་ཙམ་ན་ངན་སོང་དུ་མི་སྐྱེ་བའི་གདིང་ཐོབ་བོ། །མཐར་སྤྱོད་པས་འབྲས་བུ་དང་མཚམས་སྦྱར་བ་ནི་ཤིན་ཏུ་སྤྲོས་པ་ [214]མེད་པའི་སྤྱོད་པ་དབང་བཞི་པའི་ལམ་ཡིན་ཏེ། དེ་ཡང་གོང་དུ་བསྟན་པའི་ཚུལ་ལྟར་བསྒོམ་པའི་མཐར། སྤྲུལ་པའི་སྐུ་ཞིང་ལས་སྐྱེས་པའི་མཁའ་མགྲོ་མས། ཕྱག་རྒྱ་བུ་མོ་པདྨ་ཅན་[215]ལ་སོགས་པ་ལུང་བསྟན་པ་བྱེད་དེ། སློབ་དཔོན་འདིའི་བཞེད་
༡༡༣པས་ལྷའི་བུ་མོ་ལ་སོགས་པ་ལ་ཡང་འགྲོགས་པའི་ནུས་པ་ཡོད་པར་བཞེད་པས། དེ་ལྟ་བུའི་ལུང་བསྟན་པའི་[216]བུ་མོ་ལ་སོགས་པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་ཏུ་བྱེད་པའི་ཚེ། བདག་དང་ཕྱག་རྒྱ་གཉིས་པོར། རྣམ་སྣང་ལ་སོགས་[217]པ་ལྷ་གང་ལ་མེ་ཏོག་ཕོག་པའི་ལྷའི་འདུ་ཤེས་སུ་བྱ། མཁའ་དང་གསང་བ་བྱིན་གྱིས་བརླབས་ཏེ་སྔགས་ཀྱི་འདུ་ཤེས་སུ་བྱ། ཐབས་ཤེས་སྙོམས་པར་ཞུགས་པ་ལས་མཆོག་གི་དངོས་གྲུབ་མངོན་ཏུ་བྱ་སྙམ་པས་ཆོས་ཀྱི་འདུ་ཤེས་བྱས་ཏེ། དེ་ལྟར་འདུ་ཤེས་གསུམ་དང་ལྡན་པས་ཐབས་ཤེས་རབ་སྙོམས་པར་་་་་་་ཞུགས་པ་ལས། གཉིས་ཀའི་[218]རྩ་གནས་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་ཁམས་དགུའི་དྭངས་མ་རྣམས་རེ་ཞིག་སྤྱི་བོར་ཧྃ་གི་གནས་སུ་འདུ། དེ་ནས་རྩ་གསུམ་འཛོམ་པའི་གནས། སོ་སོའི་རྩ་གསུམ་ནས་དབང་གི་གནས་སུ་འདུ་བའི་བར་དུ་ཡས་བབ་[219][220]འི་དགའ་བ་བཞི་ཉམས་སུ་མྱོང་། དེ་ནས་གནས་མཆོག་གི་ཟེ་བར། ཐིག་ལེ་ཉི་ཟླ་གཟས་ཟིན་པའི་དུས་སུ། ཁམས་དྭངས་མ་དེ་རྒྱ་མཚོའི་ནང་གི་ཉི་མའི་དཀྱིལ་འཁོར་རམ་ཉི་མ་འཆར་ཀའི་འོད་ལྟར་ཁ་དོག་སྣ་ཚོགས་པ་མངོན་ཏུ་བྱེད་ལ། དེའི་ཚེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཐིག་ལེ་གཅིག་པོ་དེའི་ནང་དུ་[221]མཐོང་བར་འགྱུར། དེ་ཉིད་ལས་བཅུ་གཉིས་པ་ཞེས་ཀྱང་མིང་ཐོབ་བོ། །རྒྱུའི་
༡༡༤སྐད་ཅིག་མ་ཟག་བཅས་ཀྱི་བདེ་བ་ཞེས་ཀྱང་བྱའོ། །དེ་ནས་ཐབས་ཤེས་གཉིས་སོ་སོར་རྒྱུད་དག་པར་བྱ་བ་ནི་ཐབས་ཀྱིས་འདྲེན་པའི་བྱེ་བྲག་རིགས་གསུམ་གྱིས་གཡས་ནས་དྲངས། གཡོན་ནས་དྲངས། དབུས་མ་ནས་དྲངས། ཐབས་རྒྱད་དག་པ། དེ་བཞིན་ཏུ་ཤེས་རབ་ཀྱིས། ཤེས་རབ་ཀྱི་རྒྱུད་དག་པ། ཀྱང་དྲངས། དེའི་མཐར་ཁམས་ གཉིས་ཀའི་རྒྱུད་དག་པ། དགུའི་དྭངས་མར་གྱུར་པ་དེ་དལ་བར་རྒྱུ་བའི་རླུང་ཤིན་ཏུ་འབྱོངས་པར་གྱུར་པ་ཡིས་གཉིས་ཀའི་རྩ་དབུ་མ་ནས། ཡར་གྱེན་ལ་སྤྱི་བོའ་ཧྃ་གི་གནས་སུ་ཐིམ་ འོད་ཟེར་གྱི་རྣམ་པར་གྱུར་ནས། པར་གྱུར་ལ། དེའི་དུས་སུ་མས་བརྟན་པའི་དགའ་བ་བཞིའི་ཉམས་མྱོང་སྐྱེ་ལ། དེའི་མཐར་རླུང་སེམས་ཐམས་ཅད་དབུ་མར་ཐིམ་པས་རྒྱུད་གཉིས་དུས་གཉིས་གཅིག་ཏུ་གྲོལ་ཏེ། འབྲས་བུ་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་མངོན་ཏུ་བྱེད་པར་འགྱུར་རོ། །དེའང་གཞུང་ལས། དལ་[222]པར་རྒྱུ་བའི་རིག་པ་ཡི། །བྱེ་བྲག་གསུམ་དུ་འདྲེན་པར་བྱེད། །སྲོལ་[223]གོང་རྡོ་རྗེའི་སྦུ་གུ་རུ། ངེས་པར་འདྲེན་པ་གོང་ན་མེད་པ། ལམ་གྱིས་མཆོག[224] །དྭངས་མའི་བདུད་རྩིས་ཤིན་ཏུ་གང་། །གསུམ་ནས་[225]བྱུང་ཞིང་གསུམ་སོ་སོའི་རྩ་གསུམ། དང་འདྲེས། [226] ཡོན་ཏན་རྫོགས་ཤིང་མངོན་ཤེས་འཆར། [227] ཞེས་བྱུང་བ་ལ་སོགས་པའི་དོན་ཏེ། ལམ་དུས་སུ་ཏིང་ངེ་འཛིན་བསྐྱེད་ཅིང་སྦྱངས་པའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་འབྲས་བུ་ནི་སློབ་དཔོན་འདིས་སྐུ་གསུམ་ཡན་ལག་བདུན་ལྡན་ཏུ་བཞེད་དེ། དེའང་ཆོས་ཀྱི་སྐུ་ལ་རང་བཞིན་མེད་པའི་ཡན་ལག་གཅིག་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡིན་ལ་
༡༡༥གཞུང་ལས། གཉིས་མེད་རྒྱ་མཚོ་དམ་པ་ཉིད། ཞེས་བྱ་བ་དང་། ཡེ་ཤེས་རྒྱ་མཚོ་དམ་པ་ཉིད། ཅེས་བྱ་བས་བསྟན་ཏོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡན་ལག་གསུམ་གྱིས་བསྡུས་ཏེ། ཟག་མེད་ཀྱི་བདེ་བས་ཚིམས་པ་ཁྱད་པར་ཅན་དང་ལྡན་པས་བདེ་ཆེན་གྱི་ཡན་ལག་སྟེ། དེ་ཡང་། བདེ་བའི་དབང་ཕྱུག་ལྟ་བུར་གཞན། ཞེས་བྱ་བ་དང་། ཀུན་ཏུ་འདོད་ཆགས་ཆགས་ཆེན་ལས། ཞེས་པས་བསྟན་ཏོ། །རང་གི་ལམ་བསྐྱེད་རྫོགས་ལ་མཉམ་རྗེས་གཉིས་འདོད་ཡོན་མ་སྤངས་པས་འབྲས་བུ་འདོད་ཡོན་གྱི་སྣང་བ་མི་འགགས་པ། ཡེ་ཤེས་ཀྱི་སྣང་བར་གྱུར་པའི་ཡུམ་དང་བཅས་པའི་ཁ་སྦྱོར་གྱི་ཡན་ལག །མཚན་དཔེ་འབར་བས་ལོངས་སྤྱོད་རྫོགས་པའི་ཡན་ལག་གོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ །སྤྲུལ་པའི་སྐུ་ཡང་ཡན་ལག་གསུམ་ལྡན་ཏེ། རྒྱུའི་ཡན་ལག་སྙིང་རྗེ་ངེས་པར་གང་བ། སེམས་ཅན་སུ་ནི་འདུལ་བའི་དུས་ལ་བབ། སུ་ནི་མ་བབ་ཅེས་པའི་ཚུལ་གྱིས་རྟག་ཏུ་གཟིགས་པ། འབྲས་བུ་ཡན་ལག་ལས་དགག་ཕྱོགས་ཀྱི་[228]ཡན་ལག་འགོག་པ་མེད་པ་དང་། སྒྲུབ་ཕྱོགས་ཀྱི་ཡན་ལག་་་ འདུལ་བྱེད་རྒྱུན་མི་ཆད་པས་དོན་བྱེད་པ་ཁོ་ན་འོ་གསུངས། རྒྱུན་མི་འཆད་པའོ། །དེའང་གཞུང་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་ཀྱི། །མཐའ་ཡས་མཐར་ཐུག་ཐམས་ཅད་དུ། །ཆོས་ཀྱི་འཁོར་ལོ་སྐོར་བསོ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འབྲས་བུ་ཡེ་ཤེས་ཀྱི་དབང་དུ་བྱས་པ་བསྟན་ཟིན་ཏོ། །དེ་ལྟར་ཚིག་ཉེ་བར་བསྡུ་བ་འདི་དག་གིས་བསམ་གྱིས་མི་ཁྱབ་པ་རྣམ་པ་ལ་བརྟེན་ཏེ་ལམ་ཡོངས་སུ་རྫོགས་པའི་གདམས་ངག་གོ །ས་མཱ་སྟི་མི་ཐི།

སྐམ་ལུགས་ཤེར་ཕྱིན་མའི་རྗེས་གནང་

༧༤ ༀ་སྭ་སྟི། བཀའ་བབས་བར་པའི་ནང་ཚན་གསུམ་པ་སྐམ་ལུགས་ནི། ཕ་རོལ་ཏུ་ཕྱིན་པའི་གདམས་པ་ཡིན་པས་དབང་གི་ཆོས་སྒོ་འབྱེད་པ་ལ་མི་ལྟོས་མོད། འོན་ཀྱང་བླ་མ་རྣམས་ཀྱི་ཕྱག་བཞེས་སུ་བཀའ་བབས་དང་པོའ་ལྷ་ལྔའི་ཡ་གྱལ་ཡུམ་ཤེར་ཕྱིན་མའི་རྗེས་གནང་འདིར་མཛད་པ་ལྟར་སྤྲོ་ན། སྟེགས་བུ་དྲིས་ཆག་ཆག་བཏབ་པ་ལ་དཀྱིལ་འཁོར་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཟླ་བའི་དཀྱིལ་
༧༥ འཁོར་ཉ་གང་པ་ལ་དྷཱིཿཡིག་སེར་པོས་མཚན་པ་བྲི། དཀར་གཏོར་དང་མཆོད་པ་ཅི་བདེར་བཤམས་ལ། སྟན་བདེ་བ་ལ་འདུག་ནས། རང་གི་སྙིང་གའི་དྷཱིཿལས་འོད་ཟེར་འཕྲོས་པས་ཡུམ་ཆེན་མོ་ལ་སངས་རྒྱས་དང་བྱང་སེམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སད་པར་བསམ་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱིས་རྒྱུན་བཤགས་བྱ། དེ་ནས་བདག་མདུན་གྱི་མཎྜལ་གཉིས་ཀ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བདག་མདུན་གཉིས་ཀ་པཾ་ལས་པདྨ་དང་ཨཱཿལས་ཟླ་བའི་སྟེང་དུ་དྷཱིཿཡིག་སེར་པོ་དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་བལས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། པུ་སྟི་དང་བཅས་པའི་ཨུཏྤལ་སྔོན་པོའ་སྡོང་བུ་གཡོན་ལོགས་ན་འཛིན་པ། དར་བཟང་པོའ་སྟོད་གཡོགས་དང་ན་བཟས་བརྒྱན་པ། རལ་པའི་བའིཅོད་པན་ལ་བརྟེན་པའི་མི་བསྐྱོད་པས་དབུར་བརྒྱན་པ། ཐུགས་ཀར་ཟླ་བ་ལ་གནས་པའི་དྷཱིཿསེར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་ལ། ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་རང་དང་མདུན་བསྐྱེད་ཀྱི་དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ་པར་བསམ། བདག་མདུན་གཉིས་ཀའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། བདག་མདུན་གྱི་ཐུགས་ཀར་ཟླ་བ་ལ་གནས་པའི་དྷཱིཿཡིག་སྔགས་ཕྲེང་གིས་བསྐོར་བ་རང་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་འོད་ཀྱིས་འཁོར་འདས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ཏེ་རང་ལ་
༧༦ ཐིམ་པས་མི་ཤེས་པའི་དྲི་མ་སངས་པར་མོས་ལ། དྷཱིཿཤྲུ་ཏི་སྨྲི་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་བཟླས། མཐར་མཆོད་གཏོར་རྣམས་བསངས་སྦྱངས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད། གཏོར་མ་རང་སྔགས་ལ་ཨ་ཀཱ་རོ་བཏགས་པས་ཕུལ་ལ། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་སློབ་མ་རྣམས་ཁྲུས་དང་ཕྱག་བྱས་གྲལ་དུ་འཁོད་ལ། སེམས་བསྐྱེད་ཆོས་བཤད་ཇི་ལྟར་རིགས་པ་བཤད་ལ། འདིར་བཀའ་བབས་བར་པ་རྨ་སོ་སྐམ་གསུམ་ལས། འདིར་སྐམ་ལུགས་ཕ་རོལ་དུ་ཕྱིན་པའི་གདམས་པ་འདེབས་པའི་སྔོན་དུ་བླ་མ་རྣམས་ཀྱི་ཕྱག་བཞེས་ལྟར་ཤེར་ཕྱིན་མའི་རྗེས་གནང་ཟབ་མོ་སྒྲུབ་པར་བྱེད་པ་ཡིན། དེ་ལའང་གཉིས་ལས། སློབ་དཔོན་གྱི་སྒྲུབ་མཆོད་གྲུབ་ནས། ད་ཁྱེད་རང་གི་བྱ་བ་ཐོག་མར་མཎྜལ་ཕུལ་མཛོད། དེ་ནས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། ཉོན་མོངས་དྲི་མ་རབ་སྤངས་ཤིང་། །ཡིད་འོང་གསུང་གི་སྒྲ་སྒྲོག་པ། །དམ་པ་ཆོས་ཀྱི་རིན་ཆེན་མཛོད། །བླ་མས་བདག་ལ་སྩལ་དུ་གསོལ། །ཞེས་ལན་གསུམ། དེ་ནས་ཁྱེད་རང་རྣམས་མི་དམིགས་པ་ལས། པད་ཟླར་དྷཱིཿལས་ཡུམ་ཆེན་མོ་གསེར་མདོག་ཆོས་འཆད་དང་པུ་སྟིས་མཚན་པའི་ཨུཏྤལ་བསྣམས་པའི་སྙིང་གར་ཟླ་བ་ལ་དྷཱིཿཡིག་སེར་པོས་མཚན་པར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཕོག་པས་ཡུམ་ཆེན་མོའ་ཐུགས་ཀའི་ཟླ་བ་སྔགས་ཀྱི་ཡིག་འབྲུ་དང་བཅས་པ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན། ཁྱེད་རང་གི་སྙིང་གའི་དྷཱིཿཡིག་ལ་ཐིམ་
༧༧ པས་ཡུམ་ཆེན་མོའ་སྐུ་གསུང་ཐུགས་དང་། ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་བའིམོས་པ་མཛོད། སྟོང་ཉིད་སྙིང་རྗེ་ཡུམ་ཆེན་སྐུ། །བརྗོད་བྲལ་ཕར་ཕྱིན་ཡུམ་གྱི་གསུང་། །ཡེ་ཤེས་གསལ་བ་ཡུམ་གྱི་ཐུགས། །སྒྲུབ་མཆོག་འདི་ལ་གནས་གྱུར་ཅིག །ཅེས་མེ་ཏོག་འཐོར་ཞིང་དྲིལ་བུ་འཁྲོལ། དེ་ནས་མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཕྲེང་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། །སྙིང་གའི་དྷཱིཿཡིག་ལ་ཐིམ་པའི་མོས་པས་འདིའི་རྗེས་ཟློས། དྷཱིཿཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་ལན་གསུམ། དཀྱིལ་འཁོར་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་བུ་གསོལ། །ཞེས་མེ་ཏོག་འདི་ཉིད་བྱིན་གྱིས་བརླབས་ནས་སྤྱི་བོར་ཕུལ་བའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །དེ་ནས་གཙོ་བོས་སོགས་ཀྱིས་དམ་ཚིག་བཟུང་། །གཏོང་རག་གི་མཎྜལ་འབུལ་དུ་གཞུག །བསྔོ་བ་བྱ། ཆོ་གའི་རྗེས་ཆོག་སྔར་ལྟར་བྱའོ། །དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་དབང་ཆོག་བཀླགས་པས་གྲུབ་པ་ལས། བཀའ་བབས་བར་པ་རྨ་སོ་སྐམ་གསུམ་གྱི་གཏོར་དབང་དང་རྗེས་གནང་ལེ་ཚན་ནོ། །དར་རྒྱས་འཕེལ།

}} </onlyinclude>

༄༅། །སྤྲོས་མེད་ཀྱི་དབང་ཆོག་རིན་པོ་ཆེའི་དྲྭ་བ་བཞུགས་སོ། ༎

༣༩ སྤྲོས་མེད་ཀྱི་དབང་ཆོག་རིན་པོ་ཆེའི་དྲྭ་བ་བཞུགས་སོ། །
༤༠ ཡིད་བཞིན་རེ་བ་སྐོང་མཛད་པའི། །ཡོན་ཏན་རྒྱ་མཚོའ་བླ་མ་མཆོག །དད་བརྒྱའི་གཙུག་གི་པདྨོ་ལ། །ཐུགས་རྗེའི་ཞབས་བརྟན་རོལ་པར་མཛོད། །འོད་གསལ་རྡོ་རྗེ་སྙིང་པོ་ཐེག་པའི་མཆོག །སྙིང་ཏིག་གསང་བའི་དབང་བཞིའི་རིམ་པ་ལས། །སྤྲོས་པ་མེད་པའི་དབང་གི་ཆོ་ག་ནི། །ཕྲ་ཏིག་རིན་ཆེན་དག་ལས་གསུང་བཞིན་བྲི། །དེ་ཡང་དབང་གི་གནས་དབེན་ཞིང་ཉམས་དགའ་བར། མཎྜལ་ཁྲུ་དོ་པའི་དབུས་སུ། རྡུལ་ཚོན་གྱི་བུམ་པ་བསྣོལ་མ་དམར་པོ་ཁ་རྒྱན་མགུལ་ཆིངས་དང་ལྡན་པ་འོད་ལྔའི་མུ་ཁྱུད་བྲིས་པའི་མཐར། འོད་ལྔའི་རབས་བསྐོར་བའི་ནང་ཚོན་སྔོན་པོས་འོད་ཟེར་ཐིག་ལེས་བརྒྱན་པ་བྲིལ། དབུས་སུ་རིན་པོ་ཆེའི་བུམ་པར་སྨན་སྤོས་དང་། འོ་མས་བཀང་བའི་ཕྱོགས་བཞིར་ཨ་དཀར་པོ་བཞི་བྲིས་ཏེ། ཁ་རྒྱན་གྱི་གསེབ་ཏུ་མེ་ལོང་གསུམ་དང་། རྨ་བྱའི་མདངས་གསུམ་དང་མེན་ཤེལ་གསུམ་བཙུགས་ཏེ། མགུལ་ཆིངས་དམར་པོས་དཀྲིས་ལ་བཞག་གོ །མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ་དང་། ཚོགས་དང་། གཏོར་མ་དང་། དྲི་དང་འོ་མ་བསྲེས་པའི་ཁྲུས་དང་། །གུ་གུལ་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་ཚོགས་པར་བྱའོ། །དེ་ནས་སློབ་དཔོན་རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་ག་མཉམ་སྦྱོར་སྐྱིལ་ཀྲུང་མཛད་པར་མོས་པས་ཡི་གེ་གསུམ་དང་། ཨཱ་ལི་ཀཱ་ལིའི་བསྙེན་པ་ཅི་འགྲུབ་བྱས་ཏེ་བུམ་པ་སྨན་སྤོས་དང་འོ་མས་གང་བ་ཡེ་ཤེས་ཀྱི་བདུད་རྩིར་བསམས་པའི་ནང་ནས། ཨ་དཀར་པོས་ཁེངས་པར་བསམས་ལ། ཨ་བརྒྱ་རྩ་བརྒྱད་བརྗོད་ལ་སྐྱེ་བ་མེད་
༤༡ པའི་རྒྱས་གདབ་པར་བྱའོ། །དེ་ཡང་སློབ་དཔོན་གྱིས་སྔོན་དུ་སྐུའི་ཡི་གེ་ལ་སྟོང་ཕྲག་བདུན། གསུང་ལ་འབུམ་ཕྲག་གཅིག །ཐུགས་ལ་ཁྲི་ཕྲག་གཅིག །སྐྱེ་མེད་རང་བྱུང་གི་ཡི་གེ་ཨཱ་ལི་ཀཱ་ལི་ལ་འབུམ་ཕྲག་བདུན་བསྙེན་པ་བྱ་བར་གསུངས་ཏེ། སློབ་དཔོན་གྱི་ངག་མ་དག་ན་སློབ་མས་དབང་མི་ཐོབ་པའི་ཕྱིར་རོ། །དེ་ནས་སློབ་མ་རྣམས་ཕྱི་རོལ་ནས་ཁྲུས་བྱས་ཏེ་ནང་དུ་གཞུག་དུས་གུ་གུལ་གྱིས་བདུག་ཅིང་རོལ་མོའ་སྒྲ་དང་། ཁྲོ་བོ་ཆེན་པོའ་ཏིང་ངེ་འཛིན་དྲག་སྔགས་དང་བཅས་པས་བགེགས་བསྐྲད་ལ། སྲུང་བའི་འཁོར་ལོ་མེ་རི་མེ་དཔུང་དང་བཅས་པས་མཚམས་བཅད་དེ་གྲལ་ལ་འཁོད་ནས། མཎྜལ་ཕུལ་ལ་སྔོན་དུ་བློ་བཅོས་པའི་ཆོས་བཤད་དེ། ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་རྙེད། གླིང་མཆོག་ཏུ་གྱུར་པ་འཛམ་བུའི་གླིང་དུ་སྐྱེས། བླ་མ་དམ་པ་དང་ཐེག་པ་ཆེན་པོའ་ཆོས་དང་འཕྲད། ཐར་པའི་ལམ་སྣ་ད་རེས་ཟིན་པའི་དུས་འདིར་དམ་པའི་ཆོས་ལ་འཇུག་དགོས། འཁོར་བ་མཐའ་མེད་དུ་འཁྱམས་པའི་སྡུག་བསྔལ་བཟོད་དཀའ་བ། རྒྱ་མཚོར་གཟིངས་ཐག་ཆད་པའི་ཚོང་པ་ལྟ་བུ། འདབ་ཆགས་སྙིལ་ཟིན་པ་ལྟ་བུ། འཇིགས་བཅས་ཀྱི་སར་ལམ་ནོར་བ་ལྟ་བུ། གཤེད་མའི་དཀྱིལ་དུ་ཚུད་པ་ལྟ་བུ་ལས་ད་རེས་ཐར་བར་བྱ་དགོས། ཐར་པ་ནི་བསིལ་བ། ཞི་བ་འཇིགས་པ་མེད་པ་མཆོག་ཏུ་བདེ་བའོ། །ཞེས་པ་ལ་སོགས་པ་བརྗོད་ནས། དབང་བསྐུར་བ་དངོས་ལ་གསུམ་སྟེ། འཇུག་པ། དབང་། གཟེངས་བསྟོད་པའོ། །དང་པོ་ནི། སློབ་མ་འཇུག་པ་སྟེ། ཁ་
༤༢ ཅིག་ཐུན་མོང་གི་འཇུག་པ་རྣམས་སྤྲོས་བཅས་དང་འདྲེས་པས་འདིར་མི་ཐོབ་པའི་ཕྱིར། ཐུན་མོང་མ་ཡིན་པའི་འཇུག་པ་ནས་མགོ་བརྩམ་ཟེར་ཡང་། །དགོངས་པ་ཅུང་ཟད་མ་ལོན་པར་སྣང་ཏེ། ཕྲ་ཏིག་ལས། སྔོན་དུ་གསོལ་བ་བཏབ་པས་བྱིན་རླབས་འཇུག་པའི་དགོས་པ་ཡོད་དོ། །ཞེས་པ་དང་། སྐུ་གསུང་ཐུགས་དབྱེར་མེད་པའི་དམ་ཚིག་གི་གནང་བ་སྦྱིན་ནོ། །དམ་ཚིག་ཉམས་ན་འཆིང་བར་བྱེད་ལ། མ་ཉམས་ན་དམ་པའི་དོན་ངེས་པར་སྟེར་བར་བྱེད་དོ། །ཞེས་འབྱུང་བས་ཐུན་མོང་གི་འཇུག་པ་གསུངས་སོ། །དེ་ལ་སྐབས་འདིར་བླ་མའི་ཕྱག་བཞེས་ཀྱིས་རྒྱུད་མ་དག་ན་དབང་མི་ཐོབ་པས། ཉམས་ཆགས་བསྐང་བའི་ཕྱིར། སྐོང་གི་རིམ་པ་མདོར་བསྡུས་མཛད་དོ། །དེ་ཡང་བླ་མ་དང་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་བསམས་པའི་སྤྱན་སྔར་རང་གི་ལུས་དཔག་ཏུ་མེད་པར་སྤྲུལ་པས་ཕྱག་དང་བཤགས་པ་ཅི་འགྲུབ་བྱས་ནས་སྤྲོས་པ་མེད་པའི་དཀྱིལ་འཁོར་དུ་འཇུག་པར་བྱེད་དོ། །དེའང་འཇུག་པ་ལ་གཉིས་ཏེ། ཐུན་མོང་གི་འཇུག་པ་དང་། །ཐུན་མོང་མ་ཡིན་པའི་འཇུག་པའོ། །དང་པོ་ལ་ལྔ་ལས། གསོལ་བ་བཏབ་པ་ནི། བླ་མ་རྡོ་རྗེ་འཛིན་པ་ནི། ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །ཐར་པའི་ལམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་སྡུག་བསྔལ་མེ་འབར་བ། །ཐུགས་རྗེའི་བརླན་གྱིས་བསིལ་བར་མཛོད། །ཅེས་པ་གསུམ་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དགོངས་སུ་གསོལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་བདག་ལ་
༤༣ དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསོལ། ངག་བྱིན་གྱིས་བརླབ་ཏུ་གསོལ། སེམས་བྱིན་གྱིས་བརླབ་ཏུ་གསོལ། སྣང་བ་བྱིན་གྱིས་བརླབ་ཏུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། ཅེས་པ་གསུམ་བརྗོད་དོ། །སྡོམ་པ་བཟུང་བ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དགོངས་སུ་གསོལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། དེ་བཞིན་གཤེགས་པའི་རིགས་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །བླ་མ་ལ་ཡང་ཕྱག་འཚལ་ལོ། །བླ་མ་རྡོ་རྗེ་འཛིན་པ་དང་། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །རིགས་ལྔའི་དམ་ཚིག་རྗེས་གཟུང་སྟེ། །རྡོ་རྗེ་དྲིལ་བུ་ལ་སོགས་པ། །དམ་ཚིག་རྫས་རྣམས་གཟུང་བར་བགྱི། །བླ་ན་མེད་པའི་དཀོན་མཆོག་གསུམ། །ནམ་དུ་ཡང་ནི་མི་གཏོང་ངོ་། །རྡོ་རྗེ་སློབ་དཔོན་མི་གཏོང་ངོ་། །རྡོ་རྗེ་སྤུན་སྲིང་རྣམས་ལ་ཡང་། །ནམ་ཡང་སྨད་པར་མི་བྱའོ། །སེམས་ཅན་རྣམས་ལ་འཚེ་བ་སྤང་། །འཕགས་པ་རྣམས་ལ་སྨད་མི་བགྱི། །ཉན་ཐོས་རང་རྒྱལ་རྣམས་ལ་ཡང་། །ཅུང་ཟད་བརྙས་པ་མི་བྱ་ཞིང་། །སྔགས་འཆང་སྤང་པར་མི་བྱའོ། །བསྙེན་སྒྲུབ་ལས་ཀྱི་མཐའ་
༤༤ རྣམས་བྱའོ། །དུས་འདི་ཉིད་ནས་གཟུང་བར་བགྱི། །དམ་ཚིག་སྡོམ་པ་ལ་གནས་ཤིང་། །སྐུ་གསུང་ཐུགས་ལས་མི་འདའ་འོ། །སྲོག་ཆགས་གསད་པར་མི་བྱ་ཞིང་། །དམ་ཆོས་ནམ་ཡང་མི་གཏོང་ངོ་། །བླ་མའི་བྱ་བ་མི་གཏོང་ཞིང་། །འཁྲུལ་པའི་བྱ་བ་མི་བགྱིད་དོ། །སེམས་ཅན་སྨིན་པ་ཉིད་དང་ནི། །མ་གྲོལ་བ་རྣམས་དགྲོལ་བ་དང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །བསྟན་པ་སྨད་པར་མི་བྱ་ཞིང་། །བླ་མ་ལ་ཡང་ཡོན་དབུལ་ལོ། །འཁོར་བ་རིང་དུ་སྤང་བྱ་ཞིང་། །མྱ་ངན་འདས་པ་བླང་བར་བགྱི། །དགེ་སློང་སེམས་སུན་མི་དབྱུང་ཞིང་། །བསམ་གཏན་སྒོམ་པ་དཀྲུགས་མི་བྱ། །ཆོས་དང་གང་ཟག་མི་སྨད་ཅིང་། ཁྱད་པར་དཀྱིལ་འཁོར་བསྒོམ་པར་བགྱི། །རྫོགས་རིམ་སྒོམ་ལས་མི་འདའ་ཞིང་། །ཅི་ལྟར་བླ་མས་གསུངས་པ་ལས། །བདག་གིས་ནམ་ཡང་མི་འདའ་འོ། །ཞེས་པ་གསུམ་བརྗོད་དོ། །དམ་ཚིག་གི་ཆུ་སྦྱིན་པ་ནི། འོ་མ་དང་སྨན་སྤོས་ཀྱི་ཐིགས་པ་རེ་སྙིམས་པར་བླུགས་ལ། ཧཱུྃ། འདི་ནི་དམ་ཚིག་དམྱལ་བའི་ཆུ། །དམ་ཚིག་འདས་ན་དམྱལ་མེས་བསྲེག །བསྐལ་པ་བགྲངས་ཀྱིས་མི་ལོངས་པར། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་བས་དམ་ཚིག་སྲོག་གི་ཆུ། །སྙིང་ལ་བཞག་པས་ཐུབ་པར་གྱིས། །གལ་ཏེ་ཉམས་པར་མ་གྱུར་ན། །འདི་ནི་དམ་ཚིག་དངོས་གྲུབ་ཆུ། །མཆོག་དང་ཐུན་མོང་ལོངས་སྤྱོད་ཅིང་། །རྫོགས་པའི་སངས་རྒྱས་འབྲས་བུ་ཐོབ། །དེ་བས་འདི་ཉིད་ཐུབ་པར་གྱིས། །ཞེས་པ་རེ་རེ་བརྗོད་དོ། །དམ་ཚིག་ཁས་བླང་བ་ནི། སློབ་མས། བདག་ནི་དུས་འདི་ནས་བཟུང་ནས། །བྱང་ཆུབ་མ་ཐོབ་བར་དག་ཏུ། །འཁྲུལ་པའི་བྱ་བ་བྱེད་རེ་ཀན། །བླ་མའི་ཅི་གསུང་མི་ཉན་རེ། །སེམས་ཅན་ཀུན་ལ་འཚེ་
༤༥ རེ་ཀན། །བདེ་ཆེན་ལམ་དུ་མི་སློང་རེ། །འཇིག་རྟེན་འདོད་ཕྱིར་འབྲང་རེ་ཀན། །ལྟ་དང་སྒོམ་དང་སྤྱོད་པ་ནི། །སྲོག་གི་ཕྱིར་ཡང་གཏོང་རེ་ཀན། །དུར་ཁྲོད་ལ་སོགས་དབེན་པའི་གནས། །འདི་ནས་བཟུང་སྟེ་མི་བསྟེན་རེ། །མདོར་ན་འཇིག་རྟེན་བྱ་བ་གཏོང་། །འདས་པའི་བྱ་བ་གཏོང་རེ་ཀན། །ཞེས་པ་གསུམ་བརྗོད་དོ། །དམ་ཚིག་བསྒྲགས་ཏེ་སྡོམ་པ་སྦྱིན་པ་ནི། །ཀྱེ་སྐལ་ལྡན་སེམས་ཀྱི་བུ་གཅིག་ཉོན། །ཕྱི་ནང་གསང་བའི་ཐེག་པ་དང་། །དམ་ཆོས་བསྒྲུབ་པར་དམ་ཆོས་ཤིག །སེམས་ཅན་ཀུན་ལ་བྱམས་པའི་སེམས། །དུས་འདི་ཉིད་ནས་མ་སྤངས་ཤིག །དཀྱིལ་འཁོར་འཁོར་ལོ་བསྒོམས་པ་དང་། །བླ་མ་ནམ་ཡང་མ་སྤངས་ཤིག །རྡོ་རྗེ་མཆེད་ལ་མི་ཁྲོ་ཞིང་། །དཀོན་མཆོག་གསུམ་པོ་བཀུར་བ་དང་། །ཇི་ལྟར་སྔགས་ཀྱི་དམ་ཚིག་དང་། །སྡོམ་པ་ཐམས་ཅད་གཟུང་བར་གྱིས། །བསྟན་པ་ཀུན་ལ་གནོད་པ་སྤོངས། །ཐར་པའི་ལམ་དུ་འགྲོ་བར་གྱིས། །ཀྱེ་སྐལ་ལྡན་རྫོགས་པའི་རང་བཞིན་ཅན། །དབང་བསྐུར་ཆོ་ག་ཇི་ལྟ་བར། །གཞན་པ་བརྗོད་པར་མ་བྱེད་ཅིག །དམ་ཚིག་རྣམས་དང་སྔགས་ཀྱི་ཚིག །དབང་བསྐུར་མ་ཐོབ་མི་རྣམས་ལ། །ནམ་ཡང་བཤད་པར་མ་བྱེད་ཀྭ་ཡེ། །འཁོར་བ་རིང་དུ་སྤང་བར་གྱིས། །གང་གིས་རྡོ་རྗེ་འཛིན་གྱུར་པའི། །དངོས་གྲུབ་རྣམས་ནི་མ་གཏོང་ཞིག །ཅེས་པ་གསུམ་བརྗོད་དོ། །གཉིས་པ་ཐུན་མོང་མ་ཡིན་པའི་འཇུག་པ་ལ་གསུམ་ལས། དང་པོ་གསོལ་བ་གདབ་པ་ནི། མཎྜལ་ཕུལ་ལ། སློབ་མས། བླ་མ་རྡོ་རྗེ་འཛིན་པ་ལ། །བདག་ནི་སྐལ་ལྡན་སྙིང་གི་བུ། །དད་པས་རབ་ཏུ་ཉན་པར་འཚལ། །རང་བཞིན་རྫོགས་པ་ཆེན་པོ་ཡི། །དབང་བསྐུར་ནང་དུ་འཇུག་ལགས་པས། །དཔའ་བོ་རྡོ་རྗེ་བླ་མ་ཡིས། །རང་གི་སེམས་ཀྱི་གནས་ལུགས་ཀྱི། །ཨ་ཏིའི་དཀྱིལ་འཁོར་བསྟན་དུ་གསོལ། །བདག་ནི་ཡང་དག་འདིར་ཞུགས་
༤༦ ནས། །སླར་ཡང་ལྡོག་པར་མི་བགྱིད་དོ། །ཞེས་པ་གསུམ་བརྗོད་དོ། །གཉིས་པ་རྗེས་གནང་སྦྱིན་པ་ནི། ཨེ་མ་བུ་ཁྱོད་སྐལ་བ་བཟང་། །སྐལ་ལྡན་བྱང་ཆུབ་སེམས་ཆེན་པོ། །སྔོན་ཆད་རང་བཞིན་རྫོགས་ཆེན་གྱི། །དབང་བསྐུར་ནང་དུ་མ་ཞུགས་པས། །དོ་ནུབ་སྐལ་ལྡན་བུ་ཁྱོད་ལ། །རྫོགས་ཆེན་དཀྱིལ་འཁོར་བསྟན་པར་བྱ། །སེམས་ཀྱི་རྟོག་པ་ཀུན་སོལ་ལ། །འཇིག་རྟེན་བཅིངས་པ་ཀུན་གྲོལ་གྱིས། །འདི་ལ་སྤངས་བླང་ཐ་སྙད་བྲལ། །རིགས་དང་རྒྱུད་རྣམས་སྦྱངས་པ་ཡིས། །ལུས་ངག་བདེ་བའི་རྟེན་ཡིན་པས། །དེང་ནས་བརྩམས་ཏེ་སླར་མ་ལྡོག །ཅེས་པ་ལན་ཅིག་བརྗོད་དོ། །གསུམ་པ་རིག་པའི་མེ་ཏོག་དོར་བ་ནི། ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་མཐའ་བཞི་དང་བྲལ་བ་ནས་འཇུག་སྟེ། སློབ་མས་སྟོད་གཡོགས་ཕུད་ལ། ཐལ་མོ་སྙིང་གར་སྦྱར་ནས། །བླ་མའི་ཐུགས་ཀར་མིག་གཏད་ལ། ཨཱ་ལི་ཀཱ་ལིའི་ཕྲེང་བས་སྙིང་ནང་དུ་བསྐོར་བར་བསམས་ཏེ། མ་ཡེངས་པར་ལྷན་ནེར་གློད་པས། གང་ལ་ཡང་འཛིན་པ་མེད་པའི་ངང་དུ་གནས་པ་ནི། བསྲེ་པ་ཐུན་མོང་མ་ཡིན་པ་ཞེས་བྱའོ། །དོན་གཉིས་པ་དབང་བསྐུར་བ་དངོས་ལ་གཉིས་ཏེ། ཡི་གེའི་འཁོར་ལོའ་དབང་དང་། ཆོས་ཉིད་དོན་གྱི་དབང་ངོ་། །དང་པོ་ལ་གསུམ་ལས། ཆོས་དབྱིངས་ཡི་གེའི་དབང་ནི། ཨཱ་རིང་པོ་དབྱངས་དང་བཅས་པ་བརྗོད་པས། ལུས་ཀྱི་ནང་ཐམས་ཅད་ཨ་དཀར་པོས་ཤིག་ཤིག་གང་བའི་ཨ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཡར་འཕྲོས་པས། ནམ་མཁའི་དཀྱིལ་ནས་ཀུན་བཟང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་སུ་ཕོག །བདུད་རྩི་འོད་ལྔའི་ཆར་བབས་པས། །རང་གི་སྤྱི་གཙུག་ནས་ལུས་ཀྱི་ཕྱི་ནང་ཀུན་ཁེངས་པ་ལ་བློ་བཞག་ནས། སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ་དྲི་དང་། འོ་མའི་ཐིག་ལེ་བྱས་དུས་ཐིག་ལེ་ཉི་ཟླ་ཁ་སྦྱོར་དུ་དམིགས་པའི་སྟེང་དུ། སངས་རྒྱས་ཀྱི་སྐུ་གསུང་
༤༧ ཐུགས་འོད་ལྔའི་གོང་བུར་གྱུར་པ་སྙིང་ནང་དུ་སོང་བ་འོད་དུ་ཞུ་བས་ལུས་ངག་ཡིད་གསུམ་བདེ་གསལ་མི་རྟོག་པར་སོང་བར་བསྒོམ་མོ། །དེའི་དུས་སུ་རླུང་དལ་བུས་ཨ་བརྗོད་པའི་མཚམས་སུ། རང་རང་གི་གསང་མཚན་བཅུག་ལ་སྐྱེ་མེད་དུ་སྦ་བར་མཛད་དུ་གསོལ། ཅེས་བཟླས་ཤིང་འཕྲོ་གཅོད་དུས་འཁོར་ལོ་བཞིའི་དབུས་སུ་ཨ་རྣམས་བསྡུས་ལ། སྟོང་ཉིད་ཀྱི་ངང་ལ་དར་ཅིག་བསྒོམ་པར་བྱའོ། །སྐྱེ་མཆེད་ཡི་གེའི་དབང་ལ་གཉིས་ལས། ཨཱ་ལི་ནི་དམིགས་པ་གཞན་རྣམས་དེ་དང་འདྲ་བ་ལས། ཁྱད་པར་དུ་རྩ་རྣམས་ཀྱི་ནང་ནས་ཨཱ་ལི་དམར་པོ་འོད་འཕྲོ་བ་ཤིག་ཤིག་བྱུང་བའི་འོད་ཀྱིས་ནམ་མཁའ་ཁྱབ་ཅིང་སྒྲ་སྐད་གྲགས་པར་བསམས་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་རིང་ཐུང་རན་པར་བཟླས་ནས་རྗེས་ལ། མིག་ཕུགས་ཀྱི་རྩ་གཏེམས་ལ་ཐིག་ལེ་བྱ་ཞིང་། ཡི་གེ་རྣམས་འཁོར་ལོ་བཞིར་སྦས་ཏེ། སྐྱེ་མེད་ཀྱི་ངང་ལ་གཞག་གོ །ཀཱ་ལི་ནི་དཀར་པོར་བསམས་ལ་སྔར་བཞིན་བཟླས་ཤིང་། ཁྱད་པར་དུ་ཕྱིར་མངོན་པར་ཁོང་པའི་ནང་ཐམས་ཅད་ཁེངས་པར་བསམ་ཞིང་། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཞེས་བཟླས་པའི་རྗེས་ལ། རྣ་བའི་གཤོང་བུའི་རྩ་གཏེམས་ལ་ཐིག་ལེ་བྱུགས་ཏེ། ཡི་གེ་འཁོར་ལོ་བཞིར་སྦས་ལ་སྟོང་ཉིད་བསྒོམ་མོ། །གསུམ་པ་རང་བྱུང་གི་ཡི་གེའི་དབང་ལ་གསུམ་ལས། སྐུའི་ཡི་གེ་ནི་ཐིག་ལེ་སྤྱི་གཙུག་ཏུ་བྱུགས་ལ། སློབ་མ་རྣམས་ༀ་དཀར་པོ་རེར་བསམས་པའི་འོད་ཟེར་གྱིས་ནམ་མཁའི་དབྱིངས་ཁྱབ་པའི་ཁྲོད་ན་ༀ་དུ་མེ་རེ་རེ་ཡོད་པ་ལས། རང་སྒྲས་འཇིག་རྟེན་ཁྱབ་པར་བསམས་ལ། ༀ་དྲག་ཤུལ་དང་བཅས་པ་བརྗོད་ཅིང་། མགྲིན་པའི་རྩ་གཏེམས་ཤིང་སྟོང་པས་རྒྱས་གདབ་བོ། །གསུང་གི་ཡི་གེ་ནི། ཐིག་ལེ་མགྲིན་པར་
༤༨ བྱས་ཏེ། ཨཱཿདམར་པོ་བསམས་ནས། ཨཱཿབརྗོད་པས། འོད་ཟེར་དང་རང་སྒྲས་ནམ་མཁའ་གང་བར་དམིགས་ལ། མཆན་ཁུང་གི་རྩའམ་བདུད་རྩིའི་ཐེམ་བུའི་རྩ་གཏེམས་ལ་སྟོང་པས་རྒྱས་གདབ་བོ། །ཐུགས་ཀྱི་ཡི་གེ་ནི། ཐིག་ལེ་སྙིང་གར་བྱུགས་ཏེ། ཧཱུྃ་མཐིང་ག་བསམས་ལ། ཧཱུྃ་བརྗོད་ནས། སྐྱེས་པ་ལ་ནུ་མ་གཡོན་པའི་འོག་གི་འཕར་རྩ་གཏེམས་ཞིང་སྟོང་པས་རྒྱས་གདབ་བོ། །གཉིས་པ་ཆོས་ཉིད་དོན་གྱི་དབང་ལ་བཞི་ལས། །བདེ་ཆེན་སྤྱི་བླུགས་ཀྱི་དབང་ནི། སློབ་མའི་སྨིན་མཚམས་སུ་ཐིག་ལེ་ལན་གཉིས་བརྩེགས་མར་བྱུགས་པ་ཉི་ཟླ་ཁ་སྦྱོར་དུ་གྱུར་པས་སེམས་ཉིད་སྤྲོ་བསྡུ་མེད་པའི་ངང་ལ་སྒོམ་དུ་བཅུག་ནས། བུམ་པ་སྤྱི་བོར་བཞག་པའི་ནང་ནས། ཚིག་འདི་དག་རང་བྱུང་དུ་ལྷང་ལྷང་བྱུང་བས་སེམས་ཉིད་ཀྱི་དོན་ངོ་སྤྲོད་པ་ནི། བླ་མས་ཆོས་ཉིད་ཀྱི་ངང་ནས་རིག་པ་རྒྱ་བསྐྱེད་ལ་དབྱངས་སྙན་པོས་བརྗོད་པ་ནི། ཆོས་ཐམས་ཅད་བརྗོད་དུ་མེད་པའོ། །བསམ་དུ་མེད་པའོ། །མཚོན་དུ་མེད་པའོ། །བལྟར་མེད་པའོ། །མཚན་མ་མེད་པའོ། །སྨོན་པ་མེད་པའོ། །སྤྲོས་པ་མེད་པའོ། །སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའོ། །ཞེས་བརྗོད་ལ། ད་ལྟར་གྱི་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཡེ་གྲོལ་ཆེན་པོའ་ངོ་བོ་ལ་རང་མཚན་དུ་ངག་གིས་བརྗོད་དུ་མེད། ཡིད་ཀྱིས་བསམ་དུ་མེད། དཔེས་མཚོན་དུ་མེད། མིག་གིས་བལྟར་མེད། འདིའོ་ཞེས་མཚན་མ་མེད། ངན་རྟོག་གི་སྤྲོས་པ་མེད། ཐོབ་བྱའི་སྨོན་པ་མེད། ཡོད་མེད་ཀྱི་སྤྲོས་པའི་མཐའ་དང་བྲལ་བར་ངོ་ཤེས་པར་གྱིས་ཤིག །ཅེས་བརྗོད་དོ། །དེའི་དུས་སུ་རེ་རེ་བཞིན་གྱི་སྙིམས་པར་བུམ་ཆུ་བླུགས་ལ། ཨ་ཨཱ་ཞེས་བརྗོད་ནས་རོལ་མོ་དཀྲོལ་ལོ། །གཉིས་པ་རྒྱས་གདབ་ཚངས་པའི་དབང་ནི། བླ་མས། ཨེ་མ་ཧོ། །ཆོས་ཉིད་
༤༩ སྤྲོས་དང་བྲལ་བའི་བདེ་ཆེན་དེ། །བལྟར་མེད་བསམ་ཡུལ་འདས་པ་ངོ་མཚར་ཆེ། །གཉིས་མེད་རང་སྣང་ཀུན་ཁྱབ་ཡེ་ཤེས་ཉིད། །རང་རིག་མངོན་དུ་སྣང་བ་ངོ་མཚར་ཆེ། །བྱ་བྲལ་རང་བཞིན་རྫོགས་ཆེན་གནས་ལུགས་ཉིད། །མ་བཙལ་རང་ལས་བྱུང་བ་ངོ་མཚར་ཆེ། །ངོ་བོ་སྤྲོས་བྲལ་རང་བཞིན་རྣམ་དག་ཉིད། །དགེ་སྡིག་མཐའ་ལས་འདས་པ་ངོ་མཚར་ཆེ། །རང་སྣང་སྤྲོས་པ་མེད་པའི་རང་རིག་ཉིད། །ལྟ་སྒོམ་སྤྱོད་པར་སྣང་བ་ངོ་མཚར་ཆེ། །རང་ལས་བྱུང་བའི་འོད་ཀྱི་སྒྲོན་མ་ཉིད། །མངོན་སུམ་ཡུལ་དུ་སྣང་བ་ངོ་མཚར་ཆེ། །ངོ་བོ་རང་བཞིན་ཐུགས་རྗེ་ཕྱོགས་མེད་པའི། །སྐུ་གསུམ་ཡེ་ནས་ཤར་བ་ངོ་མཚར་ཆེ། །བརྗོད་མེད་རྣམ་པར་དག་པའི་ཡེ་ཤེས་ཉིད། །དག་པའི་ལུས་ལ་སྣང་བ་ངོ་མཚར་ཆེ། །མ་རིག་མུན་སེལ་ཐིག་ལེ་སྟོང་པ་ཉིད། །དབང་པོའ་ཡུལ་ལ་སྣང་བ་ངོ་མཚར་ཆེ། །ཞེས་བརྗོད་ནས། ད་ལྟར་གྱི་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་འདི་ཉིད། བལྟར་མེད་ཅིང་བསམ་དུ་མེད་ལ། སོ་སོ་རང་རིག་གི་སྤྱོད་ཡུལ་དུ་སྣང་བ་གཉིས་མི་འགལ་བ་ངོ་མཚར། རང་རིག་གཉིས་སུ་མེད་པ་དང་རང་གི་རིག་པ་གཉིས་མི་འགལ་བ་ངོ་མཚར། རང་བཞིན་རྫོགས་པ་ཆེན་པོ་ཡེ་ནས་བྱ་རྩོལ་དང་བྲལ་བ་དང་། ཐབས་ཀྱིས་རང་ལ་སྣང་བ་མི་འགལ་བ་ངོ་མཚར། རིག་པའི་ངོ་བོ་དགེ་སྡིག་ལས་འདས་པ་དང་། རིག་པ་ཉིད་ལྟ་སྒོམ་སྤྱོད་པར་སྣང་བ་དང་། རང་གདངས་ཆོས་ཉིད་མངོན་སུམ་དང་། སྟོང་གསལ་འཆར་བ་སྐུ་གསུམ་དུ་བྱུང་བ་དང་། བརྗོད་དུ་མེད་པའི་ཡེ་ཤེས་རིག་པའི་ངོ་བོར་སྣང་བ་དང་། ཐིག་ལེ་སྟོང་པའི་སྒྲོན་མ་རྣམས་མིག་ལམ་དུ་མཐོང་བ་རྣམས་ངོ་མཚར་ཆེ་ཞེས་བརྗོད་དོ། །གསུམ་པ་རིག་པ་རྩལ་གྱི་དབང་ནི། བླ་མས། དངོས་པོ་གང་ལའང་
༥༠ རང་བཞིན་མེད་པའོ། །བལྟར་མེད་པའོ། །སྲོག་མེད་པའོ། །སྙིང་པོ་མེད་པའོ། །ཡ་མ་བརླའོ། །ཚིག་མེད་པའོ། །ཡི་གེ་མེད་པའོ། །སྒྲ་མེད་པའོ། །ཐ་སྙད་མེད་པའོ། །བརྗོད་དུ་མེད་པའོ། །ཞེས་བརྗོད་ནས། སེམས་ཉིད་འདི་ལ་ངོ་བོ་མ་གྲུབ་པས་རང་བཞིན་མེད། ངོས་གཟུང་མེད་པས་བལྟར་མེད། ཡོད་མེད་ལས་འདས་པས་སྲོག་མེད། ཡིན་མིན་མེད་པས་སྙིང་པོ་མེད། མེད་ལ་སྣང་ལ་ངོ་བོས་སྟོང་པས་ཡ་མ་བརླ། གང་དུའང་མ་གྲུབ་པས་ཚིག་མེད། དམིགས་བསམ་དང་བྲལ་བས་ཡི་གེ་མེད། ངག་ལས་འདས་པས་སྒྲ་མེད། སྨྲ་བསམ་ལས་འདས་པས་ཐ་སྙད་མེད། བརྗོད་བྱ་ལས་འདས་པས་བརྗོད་དུ་མེད་པའོ། །ཞེས་བཤད་པར་བྱའོ། །བཞི་པ་ཀུན་ཏུ་བཟང་པོ་ཆོས་ཉིད་ལྷུན་གྱིས་གྲུབ་པའི་དབང་ནི། བླ་མས། །ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ལ། །འདོད་ཅིང་ཞེན་པའི་བློ་ནི་ཡོངས་རེ་འཁྲུལ། །ཆོས་ཀྱི་དབྱིངས་ཉིད་སྤྲོས་དང་བྲལ་བ་ལ། །མཚན་མ་ཚིག་ཕྱིར་འབྲངས་པ་ཡོངས་རེ་འཁྲུལ། །སྙིང་པོ་དོན་གྱི་ཡེ་ཤེས་རང་ཤར་ལ། །གཞན་བྱུང་རྩོལ་སྒྲུབ་བྱེད་པ་ཡོངས་རེ་འཁྲུལ། །སེམས་ཉིད་སྐྱེ་ཤི་གཉིས་ལས་འདས་པ་ལ། །སྐྱེ་འགག་གཉིས་སུ་འཛིན་པ་ཡོངས་རེ་འཁྲུལ། །འབྲས་བུ་རང་རྫོགས་སྨོན་ལམ་བྲལ་བ་ལ། །རྣམ་དཔྱོད་དུས་ལ་བལྟས་པ་ཡོངས་རེ་འཁྲུལ། །བདེ་སྡུག་ཐམས་ཅད་རིག་པའི་ཆོ་འཕྲུལ་ལ། །བླང་དོར་གཉིས་སུ་འཛིན་པ་ཡོངས་རེ་འཁྲུལ། །ཀུན་ཏུ་བཟང་པོ་རང་ལ་གནས་པ་ལ། །ཡི་དམ་གཞན་ནས་ཚོལ་བ་ཡོངས་རེ་འཁྲུལ། །བདག་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལ། །ངན་སོང་གསུམ་དུ་འཛིན་པ་ཡོངས་རེ་འཁྲུལ། །འཁོར་བ་ངན་སོང་རོལ་པ་ཡེ་ཤར་ལ། །ཡང་དག་སངས་རྒྱས་འདོད་པ་ཡོངས་རེ་འཁྲུལ། །དུག་ལྔ་མ་སྤངས་རང་བྱུང་ཆེན་པོ་ལ། །ཉོན་མོངས་
༥༡ སྤང་བྱར་འཛིན་པ་ཡོངས་རེ་འཁྲུལ། །འཁྲུལ་པའི་སྣང་བ་ཆོས་སྐུར་རང་ཤར་བ། །དངོས་པོ་བདག་ཏུ་འཛིན་པ་ཡོངས་རེ་འཁྲུལ། །ཐེག་པ་རིམ་དགུ་རང་ལ་ཤར་བ་ལ། །སོ་སོའ་འདོད་གཞུང་འཛིན་པ་ཡོངས་རེ་འཁྲུལ། །ཞེས་པའི་དོན་ནི། ཀྱེ་སྐལ་ལྡན་རྣམས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་སྟོང་ཞིང་བདག་མེད་པས་དགག་སྒྲུབ་བླང་དོར་མེད་པའི་རང་བཞིན་དུ་གནས་པ་ངོ་ཤེས་པར་གྱིས་ཤིག །དེ་ལྟར་མ་ཤེས་ཤིང་གང་ཟག་དང་ཆོས་ཀྱི་བདག་གཟུང་འཛིན་རང་མཚན་དུ་ཞེན་ཅིང་ཆགས་ན་འཁོར་བའི་ཁ་བརྒྱུད་པས་འཁྲུལ་པ་རང་རྒྱུད་པ་ཡིན་ནོ། །ཕྱི་སྣང་བའི་དངོས་པོ་ས་ཆུ་མེ་རླུང་། ནང་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དབྱིངས་སམ། འབྱུང་གནས་ནི། སྤྲོས་པ་མཐའ་དག་དང་བྲལ་བ་ནམ་མཁའ་ལྟ་བུ་ཡིན་པས། སེམས་ཉིད་རང་བྱུང་གི་ཡེ་ཤེས་དངོས་མེད་ཟང་ཐལ་དུ་ཤེས་པར་གྱིས་ཤིག །དེ་ལྟར་མ་ཤེས་པར་སྣང་བ་དང་སེམས་སུ་ཨ་འཐས་ཤིང་། བདེན་ཞེན་གྱི་བློས་ཚིག་དང་ཐ་སྙད་དུ་མར་བཏགས་པའི་ཕྱིར་སེམས་འབྲངས་ནས་འཁྲུལ་ལོ། །སྙིང་པོ་དོན་གྱི་ཡེ་ཤེས་རང་ཆས་ལྷུན་གྲུབ་ཏུ་རང་ལ་ད་ལྟ་ནས་གནས་པ་དེ་ངོ་ཤེས་པར་གྱིས་ཤིག །དེ་ལྟར་མ་ཤེས་པར་ད་ལྟ་རྒྱུ་རྐྱེན་གྱིས་བསྒྲུབས་པས། དུས་ཕྱིས་དག་པའི་ཡེ་ཤེས་རྙེད་པར་འགྱུར་རོ་སྙམ་ནའང་། རང་ངོ་མ་ཤེས་པས་འཁྲུལ་པའོ། །རང་གི་སེམས་ཉིད་དངོས་པོ་ངོས་གཟུང་མེད་པ་ལ། སྐྱེ་ཤི་མེད་པའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེར་མ་ཤེས་ཏེ། སྐྱེ་ཤིར་འཛིན་པས་སྐྱེ་འགག་ཏུ་ཞེན་ན་འཁྲུལ་པའོ། །སྐུ་གསུམ་འདུ་འབྲལ་མེད་པར་རང་ཆས་སུ་ཚང་བས་རིག་སྟོང་ཆོས་སྐུར་ཤེས་པར་གྱིས་ཤིག །མ་ཤེས་ན་འབད་རྩོལ་བྱས་པའི་མཐའ་བསྐལ་པ་དུ་མ་ནས་སངས་རྒྱས་འགྲུབ་པར་འདོད་པ་འཁྲུལ་པ་ཡིན་ནོ། །བདེ་སྡུག་བར་མ་
༥༢ ཐམས་ཅད་རང་གི་སེམས་ལས་ཤར་བར་མཉམ་ཞིང་ངོ་བོ་མེད་པས། ཡེ་གྲོལ་རིག་པའི་ཆོ་འཕྲུལ་དུ་ཤེས་པར་གྱིས་ཤིག །མ་ཤེས་པར་འདོད་པ་བསྒྲུབ། མི་འདོད་པ་འདོར་བ། བདེ་སྡུག་སོ་སོར་ཞེན་ན་གཉིས་མེད་གཉིས་སུ་བཟུང་བས་འཁྲུལ་པའི་རང་བཞིན་ཡིན་ནོ། །རང་གི་རིག་པ་རང་བྱུང་གི་སངས་རྒྱས་ཀུན་ཏུ་བཟང་པོར་ཤེས་པར་གྱིས་ཤིག །མ་ཤེས་པར་མཚན་མ་རྟོག་བསྒོམ་གྱིས་ཡི་དམ་གཞན་ནས་བཙལ་ཀྱང་། རང་གི་ཡིད་དཔྱོད་གོམས་པའི་རྣམ་རྟོག་ལས་གཞན་མེད་པས་འཁྲུལ་ལོ། །རིག་པའི་ངོ་བོ་ལ་ལས་དང་ཉོན་མོངས་པ་ཡེ་ནས་སངས་ཤིང་། །མཁྱེན་པའི་ཡེ་ཤེས་ཡེ་རྒྱས་སུ་ཡོད་པ་ངོ་ཤེས་པར་གྱིས་ཤིག །མ་ཤེས་པར་ངན་སོང་དུ་སོང་གིས་དོགས་ནས་འཇིགས་པའང་ནོར་བའི་བློ་ཡིན་ནོ། །རང་རིག་གི་སྣང་ཚུལ་ལ་མར་འཁོར་བ་འགྲོ་དྲུག་གི་ཞིང་དང་། ཡར་མྱ་ངན་ལས་འདས་པ་སྐུ་གསུམ་གྱི་རོལ་པ་ཡེ་ཤར་ལྷུན་གྲུབ་ཀྱི་སྦུབས་ལ་ཡོད་པ་ངོ་ཤེས་པར་གྱིས་ཤིག །མ་ཤེས་པར་འཁོར་འདས་སོ་སོར་ཞེན་ནས་འཁྲུལ་པ་སྤངས་ཏེ། མ་འཁྲུལ་བ་བདེན་བདེན་མོ་ཞིག་བསྒྲུབ་འདོད་ཀྱི་བློ་ཡང་ནོར་འཁྲུལ་ཡིན་ནོ། །དུག་ལྔར་སྣང་དུས་ཉིད་ནས་རིག་སྟོང་ཡེ་ཤེས་ཀྱི་གདངས་སུ་ཤེས་པར་གྱིས་ཤིག །མ་ཤེས་པར་འཆར་སྒོ་གཅིག་ལ་བློང་དོར་གཉིས་སུ་ཞེན་ནས་དུག་ལྔ་གཏན་སྤངས་སུ་འདོད་ནའང་འཁྲུལ་པའོ། །དེ་ལྟར་གྱི་ཕྱི་ནང་སྣོད་བཅུད་འཁྲུལ་པར་སྣང་བདོ་བ་ནས་གདོད་མ་ནས་གྲུབ་མ་མྱོང་བའི་སྟོང་གཟུགས་ཆོས་སྐུ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །མ་ཤེས་པར་བདག་གཞན་དགག་སྒྲུབ་ཀྱི་དངོས་པོ་རང་ཚན་པར་ཞེན་ནས། བདག་འཛིན་འཁྲུལ་པ་ལ་སྤྱོད་པའང་ནོར་བའོ། །ཐེག་པ་རིམ་པ་དགུ་ལ་སོགས་པའི་གྲུབ་མཐའ་སོ་སོར་ཡང་། རང་རང་གི་བློ་རྟོག་གིས་བཏགས་པ་མ་གཏོགས་པ་སེམས་ཉིད་གཤིས་ཀྱི་གནས་ལུགས་ལ། མཐོ་དམན་དང་
༥༣ གྲུབ་མཐའ་མེད་པའི་སྣང་བཏགས་བློ་རྟོག་གི་རི་མོ་ཙམ་ལས། དོན་ལ་བསམ་བརྗོད་སྤྲོས་པ་ལས་འདས་པའི་ངང་དུ་ངོ་ཤེས་པར་གྱིས་ཤིག །དེ་ལྟར་མ་ཤེས་པར་ཉན་ཐོས་ནས་གསང་སྔགས་ཀྱི་བར། རང་རང་གི་གཞི་ལམ་འབྲས་བུའི་གྲུབ་མཐའ་སོ་སོར་བདེན་ཞེན་དུ་འཛིན་པ་ཐམས་ཅད་འཁྲུལ་པའི་རང་བཞིན་ཡིན་ནོ། །ཞེས་ལེགས་པར་བཤད་ནས་ངེས་ཤེས་བསྐྱེད་དོ། །ཞར་ལ་དག་པ་དང་སྦྱར་ཏེ་ངོ་སྤྲད་པ་ནི། གསེར་གྱི་ཐུར་མའམ་དབྱུག་པ་རིང་པོ་ལ་རྨ་བྱའི་མདོངས་བཏགས་པས་རིམ་པ་ལྟར་ངོ་སྤྲད་དེ། དེ་ཡང་མཎྜལ་ཟླུམ་པོ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་མཚོན་པའོ། །ཁྲུ་དོ་པ་ནི། ཐབས་དང་ཤེས་རབ་སྣང་སྟོང་གཉིས་སུ་མེད་པའོ། །ངོས་མཉམ་པ་ནི་མུ་མཐའ་དང་བྲལ་བའོ། །ཕྱི་རོལ་ཚོགས་མཆོད་དང་མེ་ཏོག་ལ་སོགས་པས་བརྒྱན་པ་ནི། ཚོགས་གཉིས་ལྷུན་གྱིས་རྫོགས་པའོ། །འོད་ལྔའི་ར་བས་བསྐོར་བ་ནི། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡེ་ཤེས་ཀྱི་རང་གདངས། དེའི་ནང་སྔོན་པོ་འོད་ཟེར་ཐིག་ལེས་བརྒྱན་པ་ནི། དབྱིངས་ཀ་དག་ཆེན་པོའ་རང་གདངས་ཡེ་ཤེས་སུ་གནས་པ་འོད་དང་ཐིག་ལེས་བརྒྱན་པའོ། །རྡུལ་ཚོན་གྱི་བུམ་པ་དམར་པོ་འོད་ལྔས་བསྐོར་བ་བསྣོལ་མར་བྱུང་བའི་འོད་ལྔའི་མུ་ཁྱུད་ནི་ཡེ་ཤེས་ལྔའི་གདངས་སོ། །དམར་པོ་ནི་དབང་གི་མཚོན་བྱེད་ཐུགས་རྗེ་ཆེན་པོའོ། །བསྣོལ་མ་ནི་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའོ། །ཁ་རྒྱན་མགུལ་ཆིངས་དང་བཅས་པ་ནི། ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་ཕྲིན་ལས་མཚོན་པའོ། །དེའི་སྟེང་གི་བུམ་པ་དང་གསུམ་གཞི་གཅིག་ལ་སོ་སོར་སྣང་བ་ནི། སྐུ་གསུམ་དབྱིངས་སུ་གཅིག་པ་ཀ་དག་གི་ངང་ན་ཡེ་ཤེས་ལྷུན་གྲུབ་ཏུ་ཡེ་ནས་འདུ་འབྲལ་མེད་པའོ། །རིན་པོ་ཆེའི་བུམ་པ་ནང་རྫས་དང་བཅས་པ་རིན་པོ་ཆེ་ལས་གྲུབ་པ་ནི། རིག་པ་ཉིད་འདོད་དགུའི་འབྱུང་གནས་སུ་ལྷུན་
༥༤ གྱིས་གྲུབ་པའོ། །ནང་སྟོང་པ་ནི་སྟོང་ཉིད་དབྱིངས་ཀྱི་ངོ་བོར་གཅིག་པའོ། །འོ་མ་ནི་སྙིང་པོ་བཅུད་ཀྱི་ཡེ་ཤེས་སོ། །རིན་པོ་ཆེ་ལྔ་ནི་སྐུ་ལྔའོ། །སྤོས་ལྔ་ནི་གསུང་ལྔའོ། །བདུད་རྩི་ལྔ་ནི་ཐུགས་ལྔའོ། །འབྲས་བུ་ལྔ་ནི་ཡོན་ཏན་ལྔའོ། །དྲི་ལྔ་ནི་ཕྲིན་ལས་ལྔའོ། །ཕྱིའི་ཨ་བཞི་ནི་ཕྲིན་ལས་བཞི་དབྱིངས་སུ་གཅིག་པའོ། །སྟེང་གི་ཁ་རྒྱན་ནི་བསམ་གྱིས་མི་ཁྱབ་པའི་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་ཆོས་མ་འདྲེས་པ་བཅོ་བརྒྱད་མཚོན་པའོ། །མགུལ་ཆིངས་ནི་ཞིང་གི་རྒྱན་དང་བཀོད་པ་ཚད་མེད་པའོ། །ཤེལ་དང་རྨ་བྱ་མེ་ལོང་གསུམ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚོན་བྱེད་དོ། །ཡང་མེ་ལོང་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་སོ། །དེ་ལ་དྲིའི་ཐིག་ལེ་བྱས་པ་ནི་ཡེ་ཤེས་ཀྱི་ངོ་བོ་དྲི་མ་མེད་ཅིང་དག་པའོ། །རྨ་བྱ་ནི་ཡེ་ཤེས་ལྔ་དང་དེའི་གདངས་འོད་དང་ཐིག་ལེར་འཆར་བ་མཚོན་པའོ། །མན་ཤེལ་ནི་སྟོང་གསལ་ཆོས་སྐུའི་ཡེ་ཤེས་བསམ་འདས་བརྗོད་མེད་ཆེན་པོ་མཚོན་པའོ། །དེ་ལྟར་ཕྱིའི་མུ་ཁྱུད་ཀྱི་ནང་ན་བུམ་པ་གསུམ་དང་བཅས་པ་གཞི་གཅིག་ལ་འདུ་བ་ནི། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ངང་ནས་སངས་རྒྱས་ཀྱི་སའི་ཆོས་ཇི་སྙེད་པ་ཐམས་ཅད་ལྷུན་གྲུབ་ཏུ་ཡེ་ནས་རིག་པ་ལ་རང་ཆས་སུ་ཚང་བའི་དོན་ཡིན་ནོ། །བུམ་པར་སྣང་བ་ནི། དེ་ལྟ་བུའི་དོན་མཐར་ཐུག་པ་ནི། གཞོན་ནུ་བུམ་པ་སྐུའི་ཞིང་ན་ཀུན་ཏུ་བཟང་པོ་ཡེའི་སྟོན་པ་ཉིད། འཁོར་ཡེ་ཤེས་རྒྱ་མཚོ་བསམ་དུ་མེད་པའི་ཚོགས་ལ། ཆོས་རང་བཞིན་རྫོགས་པ་ཆེན་པོ་ཆོས་ཉིད་ལས་མི་གཡོ་བར་བསམ་གྱིས་མི་ཁྱབ་པའི་དུས་ན་རང་སྣང་བ་ཞེས་བྱའོ། །དེ་དག་ཀྱང་བསྡུ་ན་སྡུ་གསུམ་གྱི་དབྱིངས་རིག་འདུ་འབྲལ་མེད་པར་འདུ་བས། རྡོ་རྗེ་སེམས་དཔའི་མེ་ལོང་དེ་གཏང་ལ་མིག་བཅུག་ནས་བསྟན་ཏེ། ལྟོས་ཤིག་མན་ཤེལ་དྲི་མ་མེད་པ་ནི། དབྱིངས་སྟོང་པའི་ངང་ན་འོད་ལྔ་རང་ཆས་སུ་ཚང་བ་ནི་ཡེ་ཤེས་
༥༥ ལྷུན་གྲུབ་ཏུ་མཚོན་པས་རང་བཞིན་སྤྲུལ་པ་དང་འགྲོ་འདུལ་སྤྲུལ་པ་དང་། སྣ་ཚོགས་སྤྲུལ་པས་ཡེ་ཤེས་གཉིས་ཀྱིས་འགྲོ་དོན་མཛད་པའི་བརྡའོ། །ཡང་ཤེལ་ཉིད་དབྱིངས་ཀྱི་ངང་ན་འོད་ལྔ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔ། སྟུག་པོ་བཀོད་པའི་ཞིང་ན་རང་སྣང་ལྷུན་གྲུབ་ཏུ་ཡོད་པའི་བརྡའོ། །ཡང་ཤེལ་དབྱིངས་ཀ་དག་གི་ངང་ན་འོད་ལྔ་གདོད་མའི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཏུ་གནས་པ་ནང་གསལ་ཆོས་སྐུའི་ངོ་བོ། །གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་མཚོན་པའི་བརྡའོ། །ཞེས་ངོ་སྤྲད་དོ། །གཞན་ཡང་གཞིའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ལམ་གྱི་གསུམ། འབྲས་བུའི་གསུམ་ཡང་ཕྱེ་ལ། རྡུལ་ཚོན་གྱི་བུམ་པ་དང་མན་ཤེལ་ལ་ངོ་སྤྲད་དེ་གདོད་མའི་དབྱིངས་ན་སྐུ་གསུམ་འདུ་འབྲལ་མེད་པ་ནི། ཕྱི་རིམ་འོད་ལྔ་དང་སྔོན་པོས་མཚོན་པའི་ནང་གི་བུམ་པ་གསུམ་མོ། །ལམ་དུས་གཞི་གནས་ཀ་དག་གི་ངང་ན། ངོ་བོ་སྟོང་པ་སྙིང་གར་མི་གཡོ་བའི་གདངས་ཕྱིར་ཤར་བ་ཐོད་རྒལ་དང་རླུང་དང་འདྲེས་པ་ཁྲེགས་ཆོད་གསུམ་ནི། དབྱིངས་སྔོན་པོའ་ནང་ན་བུམ་པ་གསུམ་ལ་ངོ་སྤྲད་དོ། །འབྲས་བུའི་དུས་ན་དབྱིངས་གདོད་མའི་ངང་ན་རིག་པ་སྐུ་གསུམ་རང་ས་ཟིན་པ་ཡང་འོད་སྔོན་པོའ་དབུས་ཀྱི་བུམ་པ་གསུམ་ལ་ངོ་སྤྲད་དོ། །མན་ཤེལ་དྲི་མ་མེད་པས་གཞི་ལམ་འབྲས་བུ་གསུམ་གྱི་ཀ་དག་གི་སྟོང་ཆ་མཚོན་ལ་ནང་འོད་ལྔས་ལྷུན་གྲུབ་ཀྱི་སྣང་ཆ་སྐུ་དང་ཡེ་ཤེས་ཀྱི་རང་གདངས་མཚོན་ལ་ངོ་སྤྲད་དོ། །འདི་དག་ནི་གནད་གལ་པོ་ཆེ་ཡིན་པས་གཟབས་ལ་ངོ་སྤྲད་པ་གནད་དོ། །དོན་གསུམ་པ་གཟེངས་བསྟོད་པ་ལ་གསུམ་ལས། ལུང་བསྟན་པ་ནི། སྤྲོས་པ་མེད་པའི་དབང་ཐོབ་པས། ངག་གི་སྒྲིབ་པ་དག་ནས་མ་འོངས་པའི་དུས་ན་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ། །རྗེས་སུ་གནང་བ་ནི། སྔགས་བཟླ་
༥༦ བ་དང་། རྩ་རླུང་ཐིག་ལེ་བསྒོམ་པ་ནི། ཐིག་ལེ་སྟོང་པའི་སྒྲོན་མ་མངོན་སུམ་རང་གནད་ལ་བསྒོམ་པའི་གནང་བ་ཐོབ་པའོ། །དབང་འདི་ཐོབ་ཕན་ཆད་དམ་ཚིག་ཕུན་སུམ་ཚོགས་པས་འཁོར་བའི་ཁ་མི་བརྒྱུད། ངན་སོང་གི་སྐྱེ་སྒོ་ཁེགས། མ་འབད་ཀྱང་སྐྱེ་བ་ཕྱི་མ་ལས་མི་འགྱངས་པར་གྲོལ་ཞིང་འབད་ན་ཚེ་འདིར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་ནོ། །ཞེས་བརྗོད་དོ། །དེ་ནས་ཚོགས་དང་གཏོར་མ་བྱིན་གྱིས་བརླབས་ལ་དབུལ་ཞིང་ལོངས་སྤྱད་ལ། བླ་མ་དང་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་རྡོ་རྗེའི་གླུ་བླང་བ་དང་། བསྔོ་བ་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་བར་ཚོགས་ཀྱི་འཁོར་ལོའ་ཀུན་ཏུ་སྤྱོད་པ་རྣམས་ཚང་བར་བྱའོ། །དེ་ནས་ལས་ཀྱི་རྗེས་བསྡུས་ལ་མི་མངོན་པར་བྱས་ཏེ། ཤིས་པ་བརྗོད་པས་དབང་གི་གནས་ཁང་བརྒྱན་པར་བྱ་བ་དང་། སང་ཐམས་ཅད་ལ་དགའ་སྟོན་ཡོན་དང་བཅས་པ་བྱའོ། །དེས་ནི་འདི་དང་ཕྱི་མ་ལ་ལས་བཞི་དང་དངོས་གྲུབ་གཉིས་དང་། དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་དོ། །ཆོ་གའི་རིམ་པ་འདི་ནི་སྔར་མཛད་མོད་ཀྱང་། ཅུང་ཟད་འཐོར་བ་དང་། མི་གསལ་བའི་ཕྱིར། ཇི་སྐད་གསུངས་པ་བཞིན་ལག་ལེན་དུ་འདེབས་ཤེས་པ་ཆེར་མ་བྱུང་བས། དབང་གི་པྲ་ཏིག་དང་། ཡང་ཏིག་དང་། གནད་ཡིག་ལ་སོགས་པ་ཕྱོགས་གཅིག་ཏུ་བསྡུས་ཏེ་ལེགས་པར་བཀོད་པ་ཡིན་ནོ། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ནས། །གདོད་མའི་མགོན་དང་རྣམ་དབྱེར་མི་ཕྱེད་པའི། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །རྒྱུད་དོན་རྒྱ་མཚོའ་དབུས་ན་རབ་གསལ་ཞིང་། །མན་ངག་ཡིད་བཞིན་གདེངས་ཀའི་དཔལ་འབར་བ། །བྱིན་རླབས་ཕུད་སྒྲའི་ང་རོས་རང་མཛེས་གད། །གངས་རི་ཐོད་དཀར་མགུལ་དུ་གསལ་བ་ཡིན། །
༥༧ མ་འོངས་སྐལ་ལྡན་ཐར་པར་འདོད་རྣམས་ཀྱིས། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །དབང་ཕྱུག་དམ་པའི་འབྱོར་པས་ཡོངས་གང་ཞིང་། །འགྲོ་ཀུན་དགའ་བསྐྱེད་རྒྱལ་མཚན་འཛིན་པར་བྱེད། །དཔལ་ལྡན་བླ་མ་མཚུངས་མེད་ཆོས་རྗེའི་ཞབས། །གང་ལ་དད་བརྒྱའི་པདྨོས་ལེགས་བཏུད་དེ། །དེ་ཡི་ཚིག་དོན་རྣམ་བཀྲའི་མེ་ཏོག་ཕྲེང་། །སྐལ་བཟང་སྐྱེ་བོ་རྣམས་ལ་གཟིགས་པར་ཕུལ། །རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་དབང་གི་རྣམ་པར་ཕྱེ་བ་ལས། སྤྲོས་པ་མེད་པ་གསང་བའི་དབང་གི་ཆོ་གའི་རིམ་པ་གསལ་བར་བྱེད་པ་རིན་པོ་ཆེའི་དྲ་བ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ། །དགེའོ། ་་་་

མངའ་བདག་མར་པ་ལོ་ཙཱ་བས་དཔལ་ས་ར་ཧ་ལས་གསན་པའི་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་སྙིང་པོ་དོན་གྱི་གདམས་ངག་ཡི་གེ་བཞི་པའི་དོན་རྡོ་རྗེའི་མགུར་དུ་བཞེངས་པ་ནི།

༦༣ ༈ །མངའ་བདག་མར་བ་ལོ་ཙཱ་བས་དཔལ་ས་ར་ཧ་ལས་གསན་པའི་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་སྙིང་པོ་དོན་གྱི་གདམས་ངག་ཡི་གེ་བཞི་པའི་དོན་རྡོ་རྗེའི་མགུར་དུ་བཞེངས་པ་ནི། ༈ །དཔལ་དེ་རིང་བཀྲ་ཤིས་ཡར་གྱི་ངོ་། །དུས་ཁྱད་པར་ཅན་གྱི་ཚེས་བཅུ་ལ། །དཔའ་བོ་དགའ་སྟོན་གྱི་ཚོགས་གྲལ་དུ། །བུ་འགྱུར་བ་མེད་པའི་དམ་ཚིག་ཅན། །ཁྱོད་ཀློག་སྐྱ་ཇོ་སྲས་ཞུ་འབུལ་བ། །སྔར་མ་ཐོས་པའི་གླུ་ལོང་སྐད། །ང་ཤུལ་རིང་ལམ་ལ་གཤར་བ་དེས། །ལུས་ངལ་དུབ་དབང་དུ་སོང་བའི་ཕྱིར། །གླུ་ཡིད་འཕྲོག་སྙན་པོ་མ་མཆིས་ཤིང་། །ཚིག་སྡེབ་སྦྱོར་མཁས་པོ་མི་ཤེས་ཀྱང་། །གྲོགས་ཁྱེད་བས་ངོ་ཆེ་མེད་པའི་ཕྱིར། །ངོ་ཆེ་བའི་དཔྲལ་བ་མི་ལྡོག་པས། །དོན་སྔར་མ་མཐོང་བའི་ཡ་མཚན་ཅན། །རྗེ་བྲམ་ཟེའི་བཞེད་དགོངས་གླུར་ལེན་པས། །ཁྱེད་གདན་གང་བཞུགས་པའི་མདོ་སྔགས་རྣམས། །སྙན་ལྷན་ནེ་གསན་ལ་ཐུགས་དགོངས་འཚལ། ༈ །དུས་ཁ་སང་དཔྱིད་ཟླ་ཐ་ཆུང་ལ། །གཞི་བལ་པོའ་མཐིལ་ནས་འཕགས་པ་ཡི། །གདུགས་དྲོ་ལམ་མཚེས་ཀྱི་ཤུལ་ཁ་ན། །བལ་བོ་ལིང་གི་ཤོ་གམ་རི། །གདོལ་བ་ཅན་གྱི་གྲོང་ཁྱེར་དུ། །མི་བརྡལ་མི་འཇལ་གྱི་ཤོངས་མ་པས། །མགྲོན་ཁ་ཞན་པོ་ཡི་བོད་རྣམས་བསྐྱིལ། །མིངས་ཀྱང་དབང་མེད་ཞག་འགའ་བསྡད། །དགུང་ནུབ་གཅིག་ཐམ་ཐུམ་རྨི་ལམ་ན། །རིགས་ཀྱི་མཚན་ལྡན་ཚངས་སྐུད་ཅན། །བྲམ་ཟེའི་བུ་མོ་
༦༤མཛེས་མ་གཉིས། །ཅུང་ཟད་འཛུམ་ཞིང་ཟུར་མིག་བལྟ། །མི་ཁོ་བོའ་དྲུང་དུ་འོངས་ནས་ཀྱང་། །ལྷོ་དཔལ་གྱི་རི་ལ་འགྲོ་དགོས་སྐད། །ཁོ་བོས་སྔོན་ཆད་ཕྱིན་མ་མྱོང་། །རྒྱུས་མེད་ལམ་ཡང་མི་ཤེས་སྨྲས། །བུ་མོ་གཉིས་ཀྱི་ཞལ་ན་རེ། །ཁྱེད་མིང་པོས་དཀའ་བ་སྤྱད་མི་དགོས། །ངེད་ཀྱི་ཕྲག་ལ་ཁུར་གྱིས་ཟེར། །འདོ་ལི་དར་གྱི་ལྡིང་ཁྲིར་བཅུག །གདུགས་བཞིན་མཁའ་ལ་བཏགས་ནས་ཀྱང་། །གློག་འགྱུ་སྐད་ཅིག་ཡུད་ཙམ་ལ། །ལྷོ་དཔལ་གྱི་རི་ལ་ཕྱིན་པ་རྨིས། །ཤིང་པླཀ་ཤ་ལྗོན་པའི་བསིལ་གྲིབ་ལ། །ཏི་ར་རོ་ཡི་གདན་སྟེང་ན། །རྗེ་བྲམ་ཟེ་ཆེན་པོ་ས་ར་ཧ། །ཞལ་སྔར་མ་མཐོང་བའི་གཟི་མདངས་ཅན། །བཙུན་མོ་གཉིས་ཀྱིས་མཐའ་བརྟེན་ནས། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །དགེས་པའི་ཞལ་རས་འཛུམ་མདངས་ཅན། །བུ་བདེ་བར་འོངས་སམ་ཞེས་ཀྱང་གསུངས། །རྗེ་མཐོང་བ་དགའ་བས་མ་བཟོད་པར། །ལུས་ཀྱི་སྤུ་གཡོས་མཆི་མ་འཁྲུགས། །ལན་བདུན་བསྐོར་ཞིང་བརྐྱང་ཕྱག་འཚལ། །ཞབས་མཐིལ་སྤྱི་བོར་བླངས་ནས་ཀྱང་། །ཕ་ཐུགས་རྗེས་ཟུང་ཞེས་གསོལ་བཏབ་པས། །ལུས་ལ་སྐུ་ཡི་བྱིན་རླབས་པ། །ཕྱག་དབང་སྤྱི་བོར་རེག་ཙམ་གྱིས། །ལུས་ཟག་མེད་བདེ་བས་ར་རོ་བ། །གླང་ཆེན་ཆང་གིས་མྱོས་པ་བཞིན། །གཡོ་འགུལ་མེད་པའི་ཉམས་ཤིག་ཤར། །ངག་ལ་གསུངས་གིས་བྱིན་བརླབས་པ། །སྟོང་ཉིད་སེང་གེའི་ང་རོ་ཡིས། །ཡི་གེ་བཞི་པའི་དོན་གསུངས་པ། །ལྷུག་པས་རྨི་ལམ་རྨིས་པ་བཞིན། །བརྗོད་དུ་མེད་པའི་ཉམས་ཤིག་ཤར། །ཡིད་ལ་ཐུགས་ཀྱིས་བྱིན་བརླབས་པ། །ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །འགྲོ་འོང་མེད་པའི་དོན་རྟོགས་པས། །དུར་ཁྲོད་གནས་པའི་མི་རོ་བཞིན། །བསམ་དུ་མེད་པའི་ཉམས་ཤིག་ཤར། །རྡོ་རྗེས་བདེ་ཆེན་དག་པའི་གསུངས། །རིན་ཆེན་མགུར་གྱི་བུམ་པ་ནས། །ཚངས་པའི་དབྱངས་ཀྱི་བརྡ་སྐད་ཀྱིས། །སྤྲིན་བྲལ་ནམ་མཁའ་སྟོང་པའི་དོན། །གནས་ལུགས་མཚོན་
༦༥པ་རྡོ་རྗེའི་མགུར། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས། ༈ །ན་མོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྒྱུན་ཆད་མེད་པ་གཉུག་མའི་སེམས། །གདོད་ནས་དག་པ་དེ་བཞིན་ཉིད། །ནམ་མཁས་ནམ་མཁའ་སྦྱོར་བ་མཐོང་། །རྩ་བ་ཁྱིམ་ན་གནས་པའི་ཕྱིར། །ཡིད་ཀྱི་རྣམ་ཤེས་བཙོན་དུ་བཟུང་། །སྒོམ་པ་ཤེས་པ་ཕྱི་མ་ཡིས། །སེམས་ལ་ལྷན་པ་གདབ་ཏུ་མེད། །སྣང་སྲིད་སེམས་ཀྱི་རང་བཞིན་ཤེས། །གཉེན་པོས་བཅོས་ཏེ་སྒོམ་དུ་མེད། །སེམས་ཀྱི་གནས་ལུག་དྲན་དུ་མེད། །དེ་ཡང་མ་བཅོས་ངང་ལ་བཞག །དེ་དོན་མཐོང་ན་གྲོལ་བའི་ཕྱིར། །བུ་ཆུང་གདོལ་པའི་སྤྱོད་པ་ལྟོས། །ཤ་ཟ་སྨྱོན་པ་གང་དགར་མཐོང་། །སྙེམས་དང་བྲལ་བའི་སེང་གེ་བཞིན། །སེམས་ཀྱི་གླང་པོ་ཡན་དུ་ཆུག །བུང་བ་མེ་ཏོག་རྒྱུ་བ་ལྟོས། །འཁོར་བ་སྐྱོན་དུ་མི་ལྟ་ཞིང་། །མྱ་ངན་འདས་པ་ཐོབ་བྱར་མེད། །ཐ་མལ་ཤེས་པ་རང་ལུགས་དེ། །མ་བཅོས་སོ་མ་ཉིད་དུ་བཞག །བྱ་བ་རྣམས་ལ་ཁྱོད་མ་རྟོག །ཕྱོགས་དང་ཆ་ལ་མི་གནས་ཤིང་། །སྤྲོས་བྲལ་ནམ་མཁའི་དཀྱིལ་དུ་ལྟོས། ༈ །ཆོས་ཟད་སར་འཁྱོལ་བ་སྙིང་པོའ་དོན། །ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །སེམས་གནད་དུ་བསྣུན་པའི་བརྡ་དོན་ཞིག །བྲམ་ཟེ་ཆེན་པོའ་ཞལ་ནས་ཐོས། ༈ །སྐད་ཅིག་དེ་ལ་གཉིད་ཀྱང་སད། །དེ་མ་བརྗེད་དྲན་པའི་ལྕགས་ཀྱུས་ཟིན། །མ་རིག་གཉིད་ཀྱི་མུན་ཁུང་དུ། །རིག་པ་ཡེ་ཤེས་མཐོང་ཕྱེ་ནས། །སྤྲིན་མེད་མཁའ་ལ་ཉི་ཤར་ལྟར། །འཁྲུལ་པའི་མུན་ནག་སངས་ནས་ཐལ། །དུས་གསུམ་སངས་རྒྱས་ཞལ་མཇལ་ཀྱང་། །ཕྱིན་ཆད་དྲི་རྒྱུ་མེད་དོ་སྙམ། །སེམས་ཁོ་ཐག་ཆོད་པའི་ཉམས་ཤིག་སྐྱེས། །ཡིད་འགྱུ་བ་ཟད་པ་ངོ་མཚར་ཆེ། ༈ །ཨེ་མ། །ཡི་དམ་མཁའ་འགྲོའི་ལུང་བསྟན་དང་། །བླ་མས་གསུངས་པ་ཟབ་མོའ་དོན། །ངག་སྨྲ་རུ་མི་བཏུབ་གསུང་ན་ཡང་། །དགུང་དོ་ནུབ་མི་སྨྲའི་ཐབས་མ་བྱུང་། །དུས་ད་རེས་ཙམ་ཞིག་མ་གཏོགས་པ། །སྔོན་ཆད་ངག་དུ་བརྗོད་མ་མྱོང་། །ད་ཕྱིན་ཆད་བཟླས་སམ་རྣ་བར་ཉོན། །ང་སྔོན་ཆད་ཤུལ་རི་བརྒྱང་
༦༦གི་མི། །མཛའ་བཤེས་གཉེན་མེད་གྲོགས་ཀྱང་མེད། །ལུས་ངལ་དུབ་བཀྲེས་པར་གྱུར་པའི་ཚེ། །བུ་ཁྱོད་ཀྱིས་གང་བྱས་སེམས་ལ་ཡོད། །དེ་མ་བརྗེད་སེམས་ལ་ཤིན་ཏུ་གཅགས། །དྲིན་འཁོར་བར་ཐལ་ལོ་སྙིང་གི་གྲོགས། །རྗེ་གོང་ན་བཞུགས་པའི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་ཆོས་སྐྱོང་རྣམས། །མི་བདག་ལ་བཀའ་བཀྱོན་མི་གནང་འཚལ། །དོན་འཁྲུལ་པར་གདའ་ན་བཟོད་པར་གསོལ། །ཞེས་གསུངས་སོ། །འདིའི་དོན་ནི། །ཡི་གེ་དང་པོ་ཆོས་ཀྱི་སྐུ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ། །ཡི་གེ་གསུམ་པ་སྤྲུལ་པའི་སྐུ། །བཞི་པ་ངོ་བོ་ཉིད་ཀྱི་སྐུ། །ཞེས་མ་ཧཱ་མུ་དྲའི་ཕྱག་རྒྱ་ཆེན་པོ་ཅེས་པ་འདི་ཉིད་ལ་གཞི་ལམ་འབྲས་བུའི་ཆོས་བཞི་བཞི་བཤད་ནས་ལམ་གྱི་སྐབས་སུ། །དང་པོ་སེམས་ཀྱི་གཞི་རྩ་བཅད། །གཉིས་པ་སེམས་ཀྱི་བཞག་ཐབས་བསྟན། །གསུམ་པ་སེམས་ཀྱི་གོ་ལས་སྤོང་། །བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན། །ཅེས་མར་པའི་ཐུགས་བཅུད་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་གྲགས་པ་དེ་ཡིན་ནོ།

@#/_/g.yung ston rdo rje dpal bzang po'i yig cha lags/_sems sde ma bu bco brgyad kyi dgongs pa ngo sprad pa'i thabs rig pa rtsal gyi dbang bco brgyad bskur ba'i chog khrigs bla ma'i zhal gdams zhes bya ba bzhugs so//_//

༡༩༡གཡུང་སྟོན་རྡོ་རྗེ་དཔལ་བཟང་པོའི་ཡིག་ཆ་ལགས། སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲད་པའི་ཐབས་རིག་པ་རྩལ་གྱི་དབང་བཅོ་བརྒྱད་བསྐུར་བའི་ཆོག་ཁྲིགས་བླ་མའི་ཞལ་གདམས་ཞེས་བྱ་བ་བཞུགས་སོ།། །།
༡༩༢བཅོམ་ལྡན་འདས་དཔལ་ཀུན་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཐུབ་དབང་བསྟན་པ་མར་འགྲིབ་ཚེ། །ལས་ཀྱིས་ཚེ་ཐུང་བཀའ་དོན་སྟོར། །བསྟན་གཉིས་གྲུབ་མཐའ་ངན་པས་དཀྲུགས། །གཉེན་པོས་མི་ནོན་སྒྲུབ་བརྩོན་ཞེན། །དེ་ཚེ་དེ་བ་བཟང་སྐྱོང་གིས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །བསྐུལ་ཞིང་གསོལ་བ་འདི་ལྟར་བཏབ། །གསུང་གི་མངའ་བདག་ཐམས་ཅད་ཀྱིས། །རྩོལ་བའི་ཐེག་པ་མཐར་བཏོན་ནས། །རྩོལ་མེད་ཐེག་པ་མི་གསུང་བར། །ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། །སྐལ་ལྡན་གདུལ་བྱ་མཆིས་པས་ན། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་བསྐུལ་བས་སངས་རྒྱས་ཀུན་གྱིས་ཀྱང་། །ཡུལ་དང་འཕྲད་པའི་ཐུགས་རྗེ་ཡིས། །རྩོལ་བྲལ་ཐེག་པ་བསྟན་པ་ཡི། །དུས་ལ་བབ་པར་མཁྱེན་གཟིགས་ནས། །ཐུགས་རྗེའི་རྣམ་འཕྲུལ་གསང་བདག་གིས། །ལྷ་ཕྲུག་ཀུན་དགའ་སྙིང་པོ་ལ། །དུས་མཐའི་སྐད་ཅིག་ཉིད་ལ་ནི། །ཨ་ཏི་རྩ་བའི་རྒྱུད་ཆེན་པོ། །ཀློང་དགུ་བམ་པོ་ཉི་ཁྲི་གསུངས། །སྡེ་གསུམ་ལས་ནི་སེམས་ཀྱི་སྡེ། །ཤན་འབྱེད་ལ་ཟླ་་་་་་་རང་གྲོལ་རྒྱུད། །དེ་དག་ཀུན་གྱི་ངེས་པའི་དོན། །སྐལ་
༡༩༣ལྡན་སྨིན་པར་བྱེད་པའི་ཐབས། །བདག་བརྟགས་ཡེ་ཤེས་ངོས་བཟུང་དང་། །སྤྱི་བླུགས་ཐུག་ཕྲད་ལྷུག་པ་དང་། །ཀློང་རྡོལ་རང་གྲོལ་དོང་སྤྲུགས་དང་། །ཡི་གསལ་བདེ་ཆེན་གྱིན་འདའ་དང་། །མི་གཡོ་རྫོགས་པ་ངང་རང་འཁྲུངས། །བཏང་སྙོམས་རྩེ་གཅིག་ལྷུན་གྲུབ་པ། །རེ་རེ་ལའང་མན་ངག་བཅོ་བརྒྱད་དོ། །དབང་གདིང་སྤྱོད་ཕྲིན་སྐུར་ཐབས་དཔེ། །ངོ་སྤྲད་གདམས་ངག་དགོངས་འགྲེལ་གླུ། །ཉམས་རིན་རིག་དབྱེ་ཐེམ་ཡིག་སྒྲོན། །ལེ་སྐབས་གྲུབ་མཐའ་གཏད་རྒྱའོ། །དབང་རེ་ལའང་མན་ངག་བཅོ་བརྒྱད་དེ། །སུམ་བརྒྱ་ཉི་ཤུ་རྩ་བཞི་ཡིས། །སྐལ་ལྡན་འབད་མེད་གྲོལ་བར་བྱེད། །དེ་དོན་ལག་ཏུ་བླང་བ་ནི། །མཁས་པ་ཉི་ཤུ་རྩ་གཅིག་སོགས། །བླ་མ་བརྒྱུད་པའི་རིམ་པ་རྣམས། །སྙན་ནས་སྙན་དུ་བརྒྱུད་པ་ཡི། །ཞལ་གྱི་གདམས་པ་ཡི་གེར་བཀོད། །འདིར་ཤིན་ཏུ་རྣལ་འབྱོར་གྱི་ཐེག་པའི་ལུགས་ཀྱིས་སྐལ་ལྡན་འབད་མེད་དུ་གྲོལ་བར་བྱེད་པ་ལ། །འབྲེལ་བ་བཞི་དང་ལྡན་པ་གཅིག་དགོས་པར་བཞེད་དེ། བཞི་གང་ཞེ་ན། རྒྱུད་དབང་དང་འབྲེལ་བ། །དབང་གདམས་ངག་དང་འབྲེལ་བ། གདམས་ངག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་
༡༩༤མ་བརྒྱུད་པའི་བྱིན་རླབས་དང་འབྲེལ་བའོ། །དེ་ལ་རྒྱུད་ནི། ལ་བཟླ་བ་རྒྱལ་པོའི་རྒྱུད། ཤན་འབྱེད་པ་བྲམ་ཟེའི་རྒྱུད། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་གི་རྒྱུད་སྡེ་རྩ་བཤད་དང་བཅས་པ་རྣམས་ཡིན་ལ། དེ་ལས་ཀྱང་རྒྱལ་པོའི་རྒྱུད་སྐོར། ཀུན་བྱེད་རྒྱལ་པོ་མ་བུ་དགུ་སྐོར་ལ་སོགས་པ་རྣམས་ཀྱི་ནང་ནས་ཕྱུངས་པ། དཀོལ་བ་དུམ་བུའི་རྒྱུད་དམ། སྙིང་པོ་མན་ངག་གི་རྒྱུད། སེམས་སྡེ་མ་བུ་བཅོ་བརྒྱད་དུ་གྲགས་པ་འདི་རྣམས་ཡིན་ན། །རྒྱུད་དེ་རྣམས་དང་འབྲེལ་བའི་དབང་ནི་བདག་བརྟག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་སྐྱེས་བུ་སྙིང་བཏོན་པ་ལྟ་བུ་ལ་སོགས་པ་རིག་པ་རྩལ་གྱི་དབང་བཅོ་བརྒྱད་པོ་འདི་ཡིན་ནོ། །དབང་དང་འབྲེལ་བའི་གདམས་ངག་ནི། གདིང་སྤྱོད་ལ་སོགས་པ་རྣམས་ཡིན་ནོ། །གདམས་ངག་དང་འབྲེལ་བའི་ཕྱག་བཞེས་ནི་འཆད་པར་འགྱུར་བའི་ཕྱག་བཞེས་ཀྱི་ཡི་གེ་རིས་བླ་མ་བརྒྱུད་པའི་རིམ་པ་ཕྱག་ལེན་བཞིན་བདག་གིས་བསྡེབས་པ་འདི་ཡིན་ནོ། །ཕྱག་བཞེས་འདི་བླ་མ་བརྒྱུད་པའི་བྱིན་རླབས་དང་འབྲེལ་ཚུལ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བདག་ཡན་ཆད་བརྒྱུད་པ་མ་ཆད་ཅིང་མ་ཉམས་པའི་ཕྱིར། བྱིན་རླབས་དང་འབྲེལ་བ་ཡིན་ནོ། །དེ་ཡང་གང་ཞེ་ན། །ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་གསང་བདག་ཕྱག་རྡོར། ཡང་སྤྲུལ་དགའ་རབ་རྡོ་རྗེ། མཁས་པ་ཉི་ཤུ་རྩ་གཅིག །སྒྲ་བསྒྱུར་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། མཁས་པ་ཡེ་ཤེས་གཞོན་ནུ། སོག་པོ་དཔལ་གྱི་ཡེ་ཤེས། །གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཆུང་ཡོན་ཏན་ཡབ་སྲས། མཁས་པ་ཉང་ཆེན་ཤེར་མཆོག །ཉང་བན་ཡེ་ཤེས་འབྱུང་གནས། །ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། སྐྱོ་སྟོན་ཤཱཀྱ་ཡེ་ཤེས། གསང་བདག་མདའ་ཚ་ཧོར་པོ། འགྲོ་མགོན་དམ་པ་ཤཱཀྱ་རྒྱལ། མཁས་པ་ལྕེ་སྟོན་ཡབ་སྲས། དམ་པ་ཤཱཀྱ་རྒྱལ་གྱི་དཔོན་པོ། ལྕེ་སྟོན་ཟུང་ངེ་། སྲས་སྟོན་བཀྲ་ཤིས། བླ་མ་བྲན་སྟོན་འབུམ་མེ། ཆོས་
༡༩༥རྗེ་བླ་སྐྱབས་རྡོ་རྗེ། དྲིན་ཅན་མཁས་པ་ཆེན་པོ། མཁའ་འགྲོ་དཔལ་གྱི་ཡེ་ཤེས། །མ་གཅིག་དྲིན་ཅན་ཟུར་མོ། མཁྱེན་མཆོག འབྱུང་གནས། ཟུར་མོ་དགེ་འདུན་འབུམ། ཟུར་ཧཾ་ཤཱཀྱ་འབྱུང་གནས། སྤྲུལ་སྐུ་ཚེ་དབང་རྒྱལ་པོ། བརྒྱུད་འཛིན་ལེགས་པ་དཔལ་བཟང་། འཇམ་དབྱངས་རིན་ཆེན་རྒྱལ་མཚན། རིག་འཛིན་ལེགས་ལྡན་བདུད་འཇོམས་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། བླ་ཆེན་ཆོས་རྒྱལ་རྡོ་རྗེ། སྤྲུལ་སྐུ་ངག་དབང་འོད་གསལ། གཏེར་ཆེན་འགྱུར་མེད་རྡོ་རྗེ། མཁན་ཆེན་དྷརྨ་ཤྲཱི། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། སྒོམ་རི་པ་ཨོ་རྒྱན་ཀློང་ཡངས། ཀུན་མཁྱེན་འཇིགས་མེད་གླིང་པ། གྲུབ་དབང་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་[229]་་་་་་རིམ་པར་བརྒྱུད་དེ། བྱིན་རླབས་ཀྱི་ན་བུན་མ་ཡལ། དབང་དང་གདམས་ངག་གི་ཆར་རྒྱུན་མ་ཆད། གསོལ་འདེབས་ཀྱི་འབྲུག་སྒྲ་མ་ཆག་པ་ཡིན་ནོ། །བརྒྱུད་རིམ་ཀྱི་རྣམ་ཐར་རྒྱས་པ་རྒྱ་འགྲམ་བོད་འགྲམ་གཉིས་ལས་ཤེས་པར་བྱའོ། །དེ་ལྟར་འབྲེལ་བ་བཞི་ལྡན་གྱི་སྒོ་ནས་སྐལ་ལྡན་སྨིན་པར་བྱེད་པའི་དབང་འདི་ལ་སྤྱི་དོན་གསུམ་གྱིས་སྟོན་ཏེ། སྔོན་འགྲོ་དང་དངོས་གཞི་དང་རྗེས་ཀྱི་བྱ་བའོ། །དང་པོ་སྔོན་འགྲོ་ནི། བླ་མ་མཚན་ཉིད་དང་ལྡན་པས་སློབ་མའི་མཚན་ཉིད་ཡོངས་སུ་བརྟགས་ཏེ། ཡོ་བྱད་གཞུང་བཞིན་དུ་གསོབ་ཏུ་བཅུག་ནས། གནས་མཚན་ཉིད་དང་ལྡན་པར་བཀྲ་ཤིས་པའི་གཟའ་སྐར་ལ་སོགས་པ་འཛོམ་པའི་དུས་སུ་ཨ་ནུ་མན་ཆད་ཀྱི་དབང་གིས་སྨིན་པར་བྱས་པའམ་གཞན་དུ་ན། སྒྱུ་འཕྲུལ་གྱི་བསྲེ་བའི་ཆོ་ག་རྒྱས་པར་བྱ། གནས་ཁང་དང་བསྟུན་པའི་ས་སྟེགས་ཆེ་ཆུང་གང་ཡང་རུང་བ་ལ་དྲི་བཟང་དང་བ་བྱུང་ལྔས་ལེགས་པར་བྱུགས་ལ། ཐིག་ཆེན་བརྒྱད་
༡༩༦བཏབ། དེའང་དཀྱུས་ཐིག་གི་ཆ་སུམ་ཅུ་སོ་གཉིས་སུ་ཕྱེ་སྟེ། ས་སྟེགས་དེའི་བརྒྱད་ཆ་ཕྱིར་དོར་བའི་ཟླུམ་ཐིག་བསྐོར། དེའི་དབུས་སུ་ཚངས་ཐིག་ནས་ཕྱིའི་ཟླུམ་ཐིག་གི་བར་སུམ་ཆ་གསུམ་དུ་བཅལ་བའི་ནང་མ་ལྟེ་བའི་དོན་དུ་ཟླུམ་ཐིག་གཅིག་བསྐོར། ཟླུམ་ཐིག་ཕྱི་ནང་གཉིས་ཀ་ལ་ཡང་པདྨ་ཆེ་ཆུང་དང་བསྟུན་པའི་མུ་ཁྱུད་ཀྱི་དོན་དུ་ནང་ངོས་སུ་ཟླུམ་ཐིག་རེ་རེ་བསྐོར། དེ་ནས་ཚོན་འགྱེད་ལུགས་ནི། པདྨ་འདབ་མ་བཅུ་དྲུག་ཁ་དོག་དམར་པོ་ལ་མུ་ཁྱུད་ནང་མ་འོད་ཟེར་གྱི་ཕྲེང་བ་དང་། ཕྱི་རྡོ་རྗེའི་ཕྲེང་བ་དང་། དེའི་ཕྱི་རོལ་ཏུ་ཤར་ཕྱོགས་སུ་སྙིང་གི་རྩེ་མོའི་རྣམ་པ་དང་། ནུབ་ཕྱོགས་སུ་སྙིང་སྒྲོམ་གྱི་རྣམ་པ་མཐའ་བསྐོར་ལ་སྙིང་ཤུན་སྙིང་ཚིལ་དང་བཅས་པའི་རྣམ་པ་བྲི། དབུས་ཀྱི་ལྟེ་བ་ལ་ཨ་དཀར་པོ་གཉིས་དབུ་ཤར་ནུབ་ཏུ་བསྟན་པ་བྲིས་ལ། རྩ་ཡི་རྣམ་པ་ཁ་དོག་དམར་སྐྱ་ཚོན་གྱིས་སྦྲེལ་བ་པད་འདབ་བཅུ་དྲུག་ལ་ཨ་བཅུ་དྲུག་དབུ་ཕྱིར་བསྟན་དུ་བྲིས་ལ། རྩ་ཡི་རྣམ་པ་དམར་སྐྱའི་ཨ་ཐམས་ཅད་དབུས་ཀྱི་ལྟེ་བ་ལ་སྦྲེལ་ལོ། །དེ་ནི་མཚོན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ནོ། །དེ་ཅིས་མཚོན་ན་སྙིང་རིན་པོ་ཆེ་འབར་བའི་དབུས་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡུལ་དང་བཅས་པ་ཡེ་ནས་དག་ཅིང་ཐམས་ཅད་རྒྱུ་རྐྱེན་མེད་པར་རང་བྱུང་། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པའི་ཀུན་ཏུ་བཟང་པོ་བཅོ་བརྒྱད་རང་ཆས་སུ་གནས་སོ་ཞེས་པའི་བརྡའོ། །དེ་ནས་ཨ་དེ་རྣམས་ཀྱི་སྟེང་དུ་ཁྲིའུའམ་མཉྫི་ལ་གནས་པའི་བུམ་པ་བཅོ་བརྒྱད་དཀར་ཞལ་ནས་བྱུང་ལ། མཆུའི་འོག་ཏུ་ཙིཏྟ་དམར་པོའི་གཟུགས་རེ་ལ་གནས་པའི་ཨ་དཀར་པོ་རེ་བྲིས་ནང་དུ་དྲི་བཟང་པོ་བདུད་རྩི་ལྔ་དང་བཅས་པའི་ཆུས་སུམ་གཉིས་གང་བ་བླུགས་ལ་ངག་ཏུ་ཨ་ཞེས་བརྗོད་པས་ཨ་དཀར་པོ་རེ་རེ་འོད་དུ་ཞུ་ནས་མ་སྐྱེས་པའི་ཆོས་ཉིད་མ་འགགས་པའི་བདུད་རྩིའི་ཆུ། རྒྱུ་རྐྱེན་མེད་
༡༩༧པར་རང་བྱུང་ནས། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པར་མོས་པ་བྱས་ལ། བུམ་པའི་མགུལ་རས་ཟུང་གིས་བཅིངས་ཤིང་འབྲས་བུ་དང་བཅས་པའི་ཤིང་དུག་བྱའི་སྒྲོ་དང་བཅས་པས་ཁ་བརྒྱན་ལ། རྡོ་རྗེའི་གླུ་གསུངས་པའི་རིག་པ་འཛིན་པའི་ཙཀ་ལི་རྣམས་ཀྱིས་ཀྱང་མཚན་པར་བྱའོ། །གལ་ཏེ་དཀྱིལ་འཁོར་ཆུང་ནས་བུམ་པ་མི་ཤོང་ན་བུམ་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་མཐའ་བསྐོར་ཏེ་པད་འདབ་ཀྱི་ཨ་རེའི་ཐད་ཀར་བུམ་པ་རེ་འགོད་དོ། །དེ་ནས་ཇི་ལྟར་འབྱོར་པའི་དཀྱིལ་འཁོར་གྱི་རྒྱན་གྱིས་གནས་ཁང་གཟི་བརྗིད་དང་ལྡན་པར་བྱས། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་དཀྱིལ་འཁོར་གྱི་མཐའ་ནང་གི་མཆོད་པ་སྨན་རཀ་གཏོར་གསུམ་དང་། ཕྱིའི་མཆོད་པ་ཆུ་གསུམ་བཞི་བསྣོལ་དང་བཅས་པས་བསྐོར་བར་བྱའོ། །དེ་ནས་ཡུལ་ལྷ་དང་གཞི་བདག་ལ་སོགས་པ་ལ་གསེར་སྐྱེམས་སམ། ཆ་གསུམ་གྱིས་ཚིམས་པར་བྱས་ལ་བར་ཆད་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་ཕྱི་ནང་གི་མཚམས་བཅད་ལ། བླ་མས་ཁ་ཤར་བལྟས་ཀྱིས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པས་དབང་གི་ཁྲི་ལ་འདུག་ཅིང་། མཆེད་རྣམས་ཀྱང་གྲལ་རིམ་ལ་འཁོད་ནས་ཚུལ་ཕྱག་དང་གྲལ་ཕྱག་བྱ་ཞིང་། རྒྱུད་དག་པར་བྱ་བའི་ཕྱིར་ན་རག་དོང་སྤྲུག་གི་ཆོ་ག་དང་ཚོགས་ཀྱི་འཁོར་ལོ་བྱས་ནས་མ་མགོན་ལྕམ་དྲལ་བསྐང་ཞིང་བར་ཆད་མི་འབྱུང་བའི་ཕྲིན་ལས་བཅོལ་ལ་མཆེད་ལྕམ་དང་བཅས་པ་གཉིད་ཀྱི་བདེ་བས་ཚིམ་པར་བྱའོ། །དེ་དག་ནི་སྔོན་དུ་འགྲོ་བའི་རིམ་པ་སྟེ་སྟ་གོན་གྱི་ཆོ་ག་རྫོགས་སོ། །སྤྱི་དོན་གཉིས་པ་དབང་གི་དངོས་གཞི་ནི། དབང་བཅོ་བརྒྱད་པོ་རེ་རེ་ལ་ཞག་རེ་རེའམ། ཉིན་མཚན་རེ་རེའམ་སྔ་དྲོ་ཕྱི་དྲོ་སྲོད་དང་གསུམ་ལ་དབང་རེ་རེ་བསྐུར་བའང་རུང་སྟེ། དབང་རེ་རེ་ལའང་དོན་ཆིངས་བཅོ་བརྒྱད་ཀྱིས་སྟོན་ཀྱང་། བླ་མ་རྣམས་ཕྱག་
༡༩༨བཞེས་སུ་མཛད་ཙ་ན་དོན་ཆིངས་དགུའི་བར་དུ་ནོར་བུའི་ལུགས་སུ་བསྐུར་ནས། དོན་ཆིངས་བཅུ་པ་མན་ཆད་དབང་ཐམས་ཅད་རྫོགས་པའི་རྗེས་སུ་དོན་ཆིངས་ཐམས་ཅད་ཐུན་མོང་དུ་དབང་གི་གཏད་རྒྱའམ་རྒྱབ་ཆོས་སུ་མཛད་དོ། །དེ་ལ་ཐོག་མར་ཁྱུང་ཆེན་དང་རྗེས་སུ་འབྲེལ་བར་དབང་དང་པོ་བསྐུར་བ་ལ་སྟོད་ཀྱི་དོན་ཆིངས་དགུས་སྟོན་པ་ལས། དང་པོ་དབང་ནི་བདག་བརྟག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་སྐྱེས་བུའི་སྙིང་བཏོན་པ་ལྟ་བུའོ། །གཉིས་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན་མ་འདྲེས་ཡོངས་སུ་རྫོགས་པ་གསལ་བའི་གདིང་ནི་རྒྱ་མཚོའི་རླབས་ལྟ་བུའོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི་རིག་པ་སྣ་ཚོགས་སུ་འཆར་བའི་སྤྱོད་པ་སྣང་འགག་མེད་པས་ཏེ། རྩི་སྨན་སྣ་ཚོགས་ལྟ་བུའོ། །བཞི་པ་དེ་ལྟ་བུའི་གང་ཟག་གི་རྒྱུད་ལ་ཁྱེར་བའི་ཕྲིན་ལས་ནི། སྔོན་དུ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་དོན་དུ་ཚུལ་ཕྱག་ནས་བརྩམས་ཏེ་ཡི་དམ་གང་བྱེད་ཀྱི་ཕྲིན་ལས་གཞུང་བསང་ལ་ཚོགས་ཀྱི་མཆོད་པ་བྱའོ། །དེ་དག་ཀྱང་བསོད་ནམས་ཀྱི་ཚོགས་དེའང་ཡེ་ཤེས་ཀྱི་ཚོགས་སུ་ལ་བཟླ་བའི་དོན་དུ་མཆོད་མཁན་རྣམས་ཀྱིས་ཀུན་བཟང་དོན་གྱི་ཕྲིན་ལས་གཞུང་བསྲང་ཞིང་། བླ་མས་བྱ་རྩོལ་མེད་པའི་ཕྲིན་ལས་གྱི་ངང་ལ་གནས་པར་བྱ་བ་དང་ངག་ཏུ་ཡང་བརྡ་བཀྲོལ་ཏེ་སྟོན་པར་བྱའོ། །དེ་ལ་ཡང་དགུ་སྟེ། མཚམས་བཅད་བཤགས་པ་དཀྱིལ་འཁོར་ལས། །ཕྱག་འཚལ་མཆོད་དང་བཟླས་པ་དང་། །གཏོར་ཚོགས་རྗེས་ཀྱི་སྨོན་ལམ་དགུས། །བྱ་རྩོལ་མེད་པའི་ཕྲིན་ལས་རྫོགས། །ཞེས་པས། དེ་ཡང་དང་པོ་མཚམས་བཅད་པ་ནི། ནམ་མཁའ་ཆེ་ལས། མི་རྟོག་ཡེ་ཤེས་བགེགས་བསལ་ནས། །ཞེས་པས། མཆོད་མཁན་རྣམས་ཀྱིས་དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། དོན་ཡིད་ལ་བསམ་ཞིང་ཚིག་འདི་སྐད་བརྗོད་དེ། དེ་འོག་མ་རྣམས་ལ་ཡང་འགྲེའོ། །ཧཱུྃ། རྗེ་བཙུན་ང་
༡༩༩ནི་རྒྱལ་བ་ཀུན་གྱི་ཡབ། །ཐམས་ཅད་ངར་བརྗོད་རིག་འཛིན་ཡོངས་ཀྱི་རྗེ། །ཐམས་ཅད་ངར་འདུས་རྣལ་འབྱོར་ཡོངས་ཀྱི་དཔོན། །སྲིད་གསུམ་ཆར་ལྟར་བབས་ཀྱང་ང་མི་གཤེར། །ཁམས་གསུམ་ཆུ་ལྟར་འཕྲུག་ཀྱང་ང་མི་ཁྱེར། །རྒྱུད་དྲུག་མེ་ལྟར་འབར་ཀྱང་ང་མི་འཚིག །སྟོང་གསུམ་རླུང་ལྟར་གཡོས་ཀྱང་ང་མི་བསྐྱོད། །དུག་གསུམ་མུན་ལྟར་འཐིབ་ཀྱང་ང་མི་འཐོམས། །ཡེ་ཤེས་ཉི་མ་ཤར་ཡང་གསལ་རྒྱུ་མེད། །མ་རིག་མུན་པ་བྱུང་ཡང་གནག་རྒྱུ་མེད། །སྐྱེ་ཤི་རིས་སུ་བཅད་ཀྱང་འཆི་རྒྱུ་མེད། །ཉོན་མོངས་དུག་གསུམ་གནས་ཀྱང་སྤང་རྒྱུ་མེད། །དངོས་གྲུབ་རྣམ་གསུམ་ཡིན་ཡང་ཆགས་རྒྱུ་མེད། །ཆོས་སྐུ་འགྱུར་མེད་གྲུབ་ཀྱང་བཙལ་བ་མེད། །རང་བྱུང་ཉིད་དུ་གནས་པས་རག་མི་ལུས། །སྙིང་པོ་ལྷུན་གྱིས་གྲུབ་པས་རྟེན་མི་འཆའ། །མཚམས་ཀྱི་རྒྱལ་པོ་མི་རྟོག་ལ་གནས་པས། །བགེགས་ཀྱི་རྒྱལ་པོ་རྟོག་པ་མ་སྤངས་བཅོམ། །ༀ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་ཨཿ ཞེས་བརྗོད་ཅིང་དེ་དག་གི་དོན་བླ་མས་བརྡ་བཀྲོལ་བ་ནི། བགེགས་ལ་སོགས་པའི་བར་ཆད་ཐམས་ཅད་རྒྱུ་རྐྱེན་མེད་པར་རང་བྱུང་བྱེད་པ་པོ་མེད་པས་ལྷུན་གྲུབ་ཏུ་ཐག་བཅད་ལ། བར་ཆད་ཐམས་ཅད་རང་བྱུང་རང་ཞི་རང་བརླག་ཏུ་བསམས་ལ་དེའི་ངང་ལ་བྱ་རྩོལ་མེད་པར་གནས་པར་བྱའོ། །ཞེས་བརྗོད་དོ། །གཉིས་པ་བཤགས་པ་བྱ་བ་ནི། བརྗོད་མེད་ལས། རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། །ཞེས་པས། །མཆོད་མཁན་རྣམས་ཀྱིས་དོན་ཡིད་ལ་བསམ་ཞིང་ཚིག་འདི་སྐད་བརྗོད་དོ། །ཧཱུྃ། ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ། །གཟུང་འཛིན་གཉིས་སུ་བལྟ་བ་ཐང་རེ་ཆད། །དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས། །སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱིའོ། །ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ། །གཙང་རྨེ་གཉིས་སུ་བལྟ་བ་ཐང་རེ་
༢༠༠ཆད། །བཟང་ངན་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཀུན་བཟང་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ། །སངས་རྒྱས་སེམས་ཅན་ལྟ་བ་ཐང་རེ་ཆད། །ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས། །མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི། བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ། །འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད། །སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས། །འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི། །ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ། །གཟུགས་དང་རྫས་སུ་ལྟ་བ་ཐང་རེ་ཆད། །གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཀུན་ནས་ཟླུམ་པའི་ཐིག་ལེ་ཆེན་པོར་བཤགས། །དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས། །ཐོག་མ་ཐ་མར་ལྟ་བ་ཐང་རེ་ཆད། །འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས། །དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པར་བགྱིའོ། །རང་བྱུང་ཡེ་ཤེས་རྩོལ་བ་མེད་པ་ལ། །རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད། །རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །རང་བྱུང་རྩོལ་མེད་ངང་དུ་བཤགས་པར་བགྱིའོ། །རིག་པ་ཡེ་ཤེས་གཟུང་འཛིན་མེད་པ་ལ། །རྟག་ཆད་གཉིས་སུ་ལྟ་བ་ཐང་རེ་ཆད། །གཟུང་འཛིན་གཉིས་སུ་འཛིན་པ་ཉོན་རེ་མོངས། །རིག་པ་ཡེ་ཤེས་ཀློང་དུ་བཤགས་པར་བགྱི། །ཆོས་དབྱིངས་རྣམ་དག་སྤྲོས་པ་མེད་པ་ལ། །ཟུག་རྔུ་གཉིས་སུ་ལྟ་བ་ཐང་རེ་ཆད། །མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་དབྱིངས་རྣམ་དག་ཀློང་དུ་བཤགས་པར་བགྱིའོ། །གཞལ་ཡས་ཁང་ལ་ཡངས་དོགས་མེད་པ་ལ། །ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད། །ཡངས་དོགས་གཉིས་སུ་འཛིན་པ་ཉོན་རེ་མོངས། །གཞལ་ཡས་ཡོངས་དོགས་མེད་པའི་ཀློང་དུ་བཤགས་པར་བགྱིའོ། །ཡུམ་གྱི་མཁའ་ལ་མཐོ་དམན་མེད་པ་ལ། །སྟེང་དང་འོག་ཏུ་ལྟ་བ་ཐང་རེ་
༢༠༡ཆད། །མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས། །བྷ་ག་མཐོ་དམན་མེད་པའི་ཀློང་དུ་བཤགས་པར་བགྱིའོ། །ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པ་ལ། །ཕྱི་ནང་གཉིས་སུ་ལྟ་བ་ཐང་རེ་ཆད། །སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པར་བགྱིའོ། །མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ། །གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་གཟུང་། །གང་ཟག་འཁྲུལ་པའི་སེམས་འདི་ཡོང་རེ་སྡུག །སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་། །སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་པས། །ཟང་ཟིང་ནོར་ལ་སེམས་ཀྱི་ཆགས་པ་སྐྱེས། །འཁོར་བ་རང་བཞིན་མེད་པར་མ་ཤེས་པས། །གཉེན་བཤེས་འཁྲུལ་པའི་གྲོགས་ལ་རྟག་པར་བཟུང་། །མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་སུ་གོལ། །བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན། །སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས། །རང་རིག་དོན་མེད་གཡེང་བའི་ལས་ལ་བརྩོན། །འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ། །དབྱེ་འབྲི་མེད་པའི་ཀློང་དུ་བཤགས་པར་བགྱིའོ། །ཞེས་བརྗོད་ཅིང་དེ་དག་གི་དོན་བླ་མས་བརྡ་བཀྲོལ་ཞིང་འདི་སྐད་བརྗོད། གལ་ཏེ་སྐུ་ཡི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་བཤགས། །གསུང་གི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་བརྗོད་དུ་མེད་པའི་ངང་དུ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་དྲན་རྟོག་མེད་པའི་ངང་དུ་བཤགས། །གསང་བའི་དམ་ཚིག་ཉམས་གྱུར་ན། །གསང་བ་ཆོས་ཀྱི་དབྱིངས་ཀྱི་ངང་དུ་བཤགས། །རྩ་བའི་དམ་ཚིག་ཉམས་གྱུར་ན། །རྩ་བ་བྱང་ཆུབ་སེམས་ཀྱི་ངང་དུ་བཤགས། །ཡན་ལག་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་གཉིས་སུ་མེད་པའི་ངང་དུ་བཤགས། །ཆོས་སྤྱིའི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་ལྷུན་གྱིས་གྲུབ་པའི་ངང་དུ་བཤགས། །ཆོས་ཁྱད་པར་གྱི་དམ་ཚིག་ཉམ་གྱུར་ན། །
༢༠༢མཚན་མ་ཆོས་ཅན་ལྷུན་གྲུབ་ཀྱི་ངང་དུ་བཤགས། །འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆོད་དུ་མི་དགེ་བཅུ་དང་མཚམས་མེད་ལྔ་སོགས་བྱས་པ་ཀུན། རང་བྱུང་ཡེ་ཤེས་རྟོག་པ་མེད་པའི་ངང་དུ་བཤགས་པར་བགྱིའོ། །ཞེས་དོན་དྲན་པར་བྱའོ། །གསུམ་པ་དཀྱིལ་འཁོར་ལས་སུ་བྱ་བ་ནི། མཚོན་བྱེད་དཔེའི་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་པ་འདི་ཡིན་ལ། མཚོན་བྱ་དོན་གྱི་དཀྱིལ་འཁོར་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ན། རྩ་པདྨ་འདབ་མ་བཅུ་དྲུག་པའི་དཀྱིལ་ལམ་ལྟེ་བ་ལ་རྒྱུ་རྐྱེན་མེད་པར་རང་བྱུང་གི་ཀུན་ཏུ་བཟང་པོ་དང་། བྱེད་པ་པོ་མེད་པར་ལྷུན་གྲུབ་ཀྱི་ཀུན་ཏུ་བཟང་མོ་གཉིས་གདོད་ནས་མ་སྐྱེས་པའི་ཆོས་ཉིད་ཡི་གེ་ཨཱའི་རྣམ་པར་གནས་པ་ནི་དཀྱིལ་ཡིན་ལ། པད་འདབ་བཅུ་དྲུག་ལ་རྣམ་ཤེས་ཚོགས་བརྒྱད་ཡུལ་དང་བཅས་པ་གདོད་ནས་དག་པའི་ཀུན་ཏུ་བཟང་པོ་བཅུ་དྲུག་ནི་འཁོར་ཡིན་ནོ། །དེ་ཡང་འཁོར་གྱི་ཀུན་ཏུ་བཟང་པོ་ཞེས་འཁོར་བ་ཡེ་གདལ་གྱི་ངོས་ནས་སྨོས་ལ། དཀྱིལ་ནི་ཁམས་གསུམ་དོང་སྤྲུགས་ཀྱི་རང་བཞིན་ཏེ། དོན་འཁོར་འདས་ཀྱི་ཆོས་ལ་བླང་དོར་མེད་པ་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཏུ་གནས་པའོ། །དེ་ལྟར་གནས་པ་ལ་གནས་པ་ལྟར་བསྒོམ་པ་ནི། ཏིང་ངེ་འཛིན་གསུམ་གྱི་ལྷ་བསྐྱེད་ཅིང་དབང་བསྐུར་བྱིན་རླབས་ལ་སོགས་པ་བྱ་བའི་ཚུལ་ནི། །མཚན་བརྗོད་ལས། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པས། མཆོད་མཁན་རྣམས་ཀྱིས་དོན་ཡིད་ལ་བསམ་ཞིང་ཚིག་འདི་སྐད་བརྗོད་དོ། །ཧཱུྃ་རང་གི་སེམས་ཉིད་གདོད་ནས་མ་དག་ན། །འཕྲལ་དུ་ཕྱོགས་ཙམ་བསྒོམ་པས་དག་མི་འགྱུར། །ཆོས་ཉིད་མ་བཅོས་ཡེ་ནས་ཡིན་ཤེས་ན། །དེ་བཞིན་ཉིད་ཀྱི་ཏིང་འཛིན་མ་བསྒོམ་གསལ། །ཐབས་ཀྱི་རྩ་བ་སྙིང་རྗེ་མ་ཤར་ན། །འཕྲལ་གྱི་ཕྱོགས་ཙམ་ཡོངས་ལ་ཁྱབ་མི་འགྱུར། །བརྡལ་བ་ཆེན་པོ་བློ་ཡིས་ཕྱིར་ཁྱབ་ན། །ཀུན་ཏུ་སྣང་བའི་ཏིང་འཛིན་མ་བསྒོམ་
༢༠༣གསལ། །རྒྱུད་ཉིད་དག་པའི་དོན་ཉིད་མ་ཤེས་ན། །འཕྲལ་གྱི་དམིགས་པས་རང་རིག་གསལ་མི་འགྱུར། །ཡེ་ནས་ཡིན་པར་རང་རིག་གསལ་རྟོགས་ན། །རྒྱུ་ཡི་ཏིང་འཛིན་དེ་ཡང་མ་བསྒོམ་གསལ། །རང་རིག་རྩལ་གྱིས་ཡོངས་ལ་མ་བརྡལ་ན། །འཕྲལ་གྱི་འཕྲོ་འདུས་ཉོན་མོངས་དག་མི་འགྱུར། །སྐད་ཅིག་ཙམ་ལ་རང་བྱུང་ཉི་ཤར་ན། །ཡོངས་སུ་རྫོགས་པའི་ཏིང་འཛིན་མ་བསྒོམ་གསལ། །གཉིས་མེད་ཡུམ་ཆེན་བྷ་ག་མ་རྟོགས་ན། །འཕྲལ་དུ་ཡུམ་མཆོག་བསྐྱེད་པས་སྐུ་མི་རྫོགས། །ཤེས་རབ་ཕ་རོལ་ཕྱིན་པར་དབྱེར་མེད་པས། །སྙིང་རྗེ་ཡུམ་མཆོག་ཐབས་དང་ཤེས་རབ་རྫོགས། །སེམས་ཀྱི་དབང་ཕྱུག་འདོད་དགུར་མ་ཤེས་ན། །འཕྲལ་དུ་ཡེ་ཤེས་ལྔ་ཡི་དབང་མི་ཆགས། །ཀུན་གཞིའི་རྩ་བ་ཕྱོགས་བཅུ་དབང་བསྒྱུར་བས། །ཡེ་འབྱམས་ཆེན་པོའི་དབང་མཆོག་མ་བསྐུར་རྫོགས། །དགོངས་པའི་བྱིན་རླབས་ཐིག་ལེར་མ་བསླབ་ན། །འཕྲལ་གྱི་དགོངས་པས་སྐུ་གསུང་ཐུགས་མི་རློབས། །རང་བྱུང་བདེ་བའི་ཁམས་གསུམ་བྱིན་རླབས་པས། །སྐུ་གསུམ་བྱིན་རླབས་ཆོ་འཕྲུལ་རང་བཞིན་ཚངས། །ཞེས་བརྗོད་དོ། །བཞི་པ་དམ་ཚིག་དང་ཡེ་ཤེས་ཀྱི་ཀུན་ཏུ་བཟང་པོ་ཡེ་ནས་གཡོ་བ་མེད་པ་ལ་ཕྱག་འཚལ་བ་ནི། པཉྩ་ཀྲ་མ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་མི་ཤེས་གང་། །ལེགས་མཐོང་གང་གིས་འདིར་ཕྱག་འཚལ། །ཞེས་པའི་དོན་དྲན་པར་བྱས་ལ། །བྱ་རྩོལ་མེད་པའི་ཕྱག་འཚལ་བ་ནི། སྣང་མེད་སྟོང་མེད་ངོས་བཟུང་མེད་ལ་ཕྱག་འཚལ་ལོ། །དྲན་མེད་རིག་མེད་འགྱུར་བ་མེད་ལ་ཕྱག་འཚལ་ལོ། །བྱར་མེད་ཞེན་མེད་འཛིན་པ་མེད་ལ་ཕྱག་འཚལ་ལོ། །སྐྱེ་མེད་ལྷུན་གྲུབ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་འཚལ་ལོ། །ལྔ་པ་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ལ་མཆོད་པ་འབུལ་
༢༠༤བའི་ཚུལ་ནི། ནམ་མཁའ་ཆེ་ལས། བླ་མ་མཆོད་དང་བསྟོད་པ་ལ། །དེ་བཞིན་བསོད་ནམས་ཐམས་ཅད་ལ། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ནི་འཆིང་བ་ཆེན་པོར་འགྱུར། ཞེས་པས་མཆོད་མཁན་རྣམས་ཀྱི་དོན་ཡིན་ལ་བསམ་ཞིང་འདི་སྐད་བརྗོད་དོ། །ཡིད་ཀྱིས་མཆོད་པས་སྟོང་གསུམ་མ་ཁྱབ་ན། །འཕྲལ་དུ་ཕུལ་བས་རྒྱལ་བ་མཉེས་མི་འགྱུར། །ཡོངས་སུ་ཁྱབ་པས་མཉེས་པ་རྒྱུན་མེད་ན། །མཆོད་པའི་ཆོ་འཕྲུལ་དོན་དུ་མ་བསྒོམ་ཚང་། །ཞེས་པའི་དོན་བླ་མས་བརྡ་བཀྲོལ་ཏེ། །བྱ་རྩོལ་མེད་པའི་མཆོད་པ་འབུལ་བ་ནི། སྤྱིར་འདོད་ཡོན་ལྔའི་མཆོད་པ་དང་། ཁྱད་པར་ཕྱི་ནང་གསང་བའི་མཆོད་པ་ལས། །འདོད་ཡོན་ལྔའི་མཆོད་པ་ནི། གཟུགས་སྣང་བ་དངོས་མེད་ཀྱི་མཆོད་པ། སྒྲ་གྲགས་པ་གཟུགས་མེད་ཀྱི་མཆོད་པ། དྲི་ཚོར་བ་དམིགས་མེད་ཀྱི་མཆོད་པ། རོ་མྱོང་བ་ཚོར་མེད་ཀྱི་མཆོད་པ། རེག་དྲན་པ་འཛིན་མེད་ཀྱི་མཆོད་པ། །ཆོས་སྐྱེ་མེད་བློ་འདས་ཀྱི་མཆོད་པའོ། །དེ་དག་ཀྱང་ཁྱད་པར་ཕྱི་ནང་གསང་གསུམ་དུ་བསྡུས་ནས་མཆོད་པ་ནི། ཕྱི་གཟུགས་སོགས་ཀྱི་སྣང་བ་དངོས་མེད་ཀྱི་མཆོད་པ། ནང་རྣམ་ཤེས་ཀྱི་རིག་པ་འགྱུར་མེད་ཀྱི་མཆོད་པ། གསང་བ་སྐྱེ་མེད་ཀྱི་་་དོན་བློ་འདས་ཀྱི་་་་མཆོད་པས་མཆོད་དོ། །དྲུག་པ་བཟླས་པ་བྱ་བ་ནི། ནམ་མཁའ་ཆེ་ལས། མི་གསུང་མཉམ་བཞག་སྔགས་ཆོག་གོ། །ཞེས་པས་སྔགས་ཀྱི་བཟླ་ཚུལ་ནི། མཆོད་མཁན་རྣམས་ཀྱིས་དོན་ཡིད་ལ་བསམ་བཞིན་འདི་སྐད་དོ། །ཧཱུྃ། དགོངས་པ་ཡིད་ཀྱི་ཏིང་འཛིན་མི་གསལ་ན། །འཕྲལ་གྱི་འཕྲོ་འདུས་རིག་པའི་ལྷ་མི་གསལ། །ཆོས་ཉིད་རང་གསལ་རིག་པའི་གཏིང་གོ་ན། །ཏིང་ངེ་འཛིན་གྱི་ཆོ་འཕྲུལ་མ་བསྒོམ་གསལ། །དོན་གྱི་བསྙེན་པ་ཁོ་ནར་མ་ཤེས་ན། །འཕྲལ་དུ་མཚན་མར་བརྗོད་པས་འགྲུབ་པ་མེད། ཡིད་ཀྱི་བཟླས་བརྗོད་དུས་དང་རྒྱུན་ཆད་མེད། །རྣལ་འབྱོར་བསྙེན་པའི་ཆོ་ག་
༢༠༥ཡང་དག་རྫོགས། །ཧཱུྃ། བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཆགས་མེད་མཆོད་པའི་སྤྲིན་དུ་རབ་སྤྲུལ་ནས། །ཆགས་པ་མེད་པའི་ཚུལ་དུ་འབུལ་ལགས་ན། །བཅོམ་ལྡན་སྤྱི་དཔལ་ཐུགས་རྗེས་བཞེས་སུ་གསོལ། །སངས་རྒྱས་ཁྱེད་ཀྱི་སྐུ་མཆོག་ཅི་འདྲ་བ། །ནམ་མཁའི་དབྱིངས་ལ་ཅིར་ཡང་སྣང་བའི་སྐུ། །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །འདུས་བྱས་འདུས་མ་བྱས་པ་ཐབས་ཀྱི་སྐུ། །སྐུ་མཆོག་ཀུན་བཟང་སྐུ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་གསུང་མཆོག་ཅི་འདྲ་བ། །སྒྲ་སྣང་བརྗོད་མེད་དོན་ལས་མ་གཡོས་ཀྱང་། །ཐུགས་རྗེས་འདུལ་ཕྱིར་གསུང་མཆོག་ཅིར་ཡང་སྒྲོག །བརྗོད་མེད་གསུང་མཆོག་ཤེས་རབ་ཕ་རོལ་ཕྱིན། །གསུང་མཆོག་ཀུན་བཟང་གསུང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་ཐུགས་ནི་ཅི་འདྲ་བ། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །ཡེ་ཤེས་མཁྱེན་ལྡན་ཐམས་ཅད་འདུས་མ་བྱས། །དྲན་བྱེད་རིག་པའི་རྒྱལ་པོ་ཡོངས་སུ་ཤར། །ཐུགས་མཆོག་ཀུན་བཟང་ཐུགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་ཡོན་ཏན་ཅི་འདྲ་བ། །ཆེ་བའི་ཡོན་ཏན་མེད་ལས་ཅིར་ཡང་སྣང་། །སྣང་ཙམ་ཉིད་ལས་ཐིག་ལེའི་ངང་དུ་འདུ། །ལྷུན་རྫོགས་མཐར་ཕྱིན་རྒྱལ་བའི་ཡོན་ཏན་སྐུ། །ཡོན་ཏན་ཀུན་བཟང་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་ཕྲིན་ལས་ཅི་འདྲ་བ། །ཐབས་ཀྱི་ཕྲིན་ལས་འགྲོ་བ་ཡོངས་ལ་ཁྱབ། །སྐྱེ་འགྲོ་མང་པོ་ཐར་པའི་ལམ་མཆོག་འགོད། །ཐབས་མཁས་མཐར་ཕྱིན་རྒྱལ་བའི་ཕྲིན་ལས་སྐུ། །ཕྲིན་ལས་ཀུན་ཏུ་བཟང་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་པས་བསྙེན་ཅིང་བསྟོད། །བླ་མས་བརྡ་བཀྲོལ་ཏེ། བྱ་རྩོལ་མེད་པའི་བསྙེན་པ་ནི། །ཕྱི་སྣང་སྲིད་གཞིར་བཞེངས་སུ་བཟླས། །ནང་སྒོ་ལྔ་གསལ་ལ་རྟོག་མེད་དུ་བཟླས། །གསང་བ་སྐྱེ་མེད་ལྷུན་གྲུབ་ཏུ་བཟླས་ཏེ་མཐར་ཐུག་གི་བཟླས་པའོ། །བདུན་པ་
༢༠༦གཏོར་མ་བཏང་བ་ནི། ནམ་མཁའ་ཆེ་ལས། མི་གཟུང་གཏོང་བས་གཏོར་མ་ཡིན། །བྱ་བ་མེད་པའི་ལས་རྣམས་ཏེ། །ཞེས་པས། །ཧཱུྃ། གཟུགས་སྣང་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །སྐུ་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །སྒྲ་གྲགས་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །གསུང་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །དྲན་རྟོག་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །ཐུགས་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །སེམས་ཉིད་མ་ཤེས་དོན་ཉིད་མ་ཤེས་ན། །ཇི་ལྟར་བརྟགས་པས་སྡུག་བསྔལ་ཉིད་དུ་འགྱུར། །ལྟ་བ་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རྣམ་རྟོག་གཏོར་མའི་མཆོད་པ་བཞེས་སུ་གསོལ། །སེམས་ཉིད་མ་ཡེངས་དོན་ཉིད་མ་ཤེས་ན། །ཇི་ལྟར་བསྒོམ་པས་སྡུག་བསྔལ་ཉིད་དུ་འགྱུར། །ཏིང་འཛིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རྣམ་རྟོག་གཏོར་མའི་མཆོད་པ་བཞེས་སུ་གསོལ། །རང་བྱུང་ལྷུན་གྱིས་གྲུབ་པར་མ་ཤེས་ན། །ཇི་ལྟར་བཙལ་བས་སྡུག་བསྔལ་ཉིད་དུ་འགྱུར། །ཕྲིན་ལས་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །སྲོག་དབུགས་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ཕུང་པོ་རྒྱལ་བའི་སྐུ་རུ་མ་ཤེས་ན། །ཇི་ལྟར་བསྐྱེད་པས་སྡུག་བསྔལ་ཉིད་དུ་འགྱུར། །རང་བཞིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རང་བྱུང་གཏོར་མའི་མཆོད་པ་བཞེས་སུ་གསོལ། །གཟུངས་མ་ཤེས་རབ་ཉིད་དུ་མ་ཤེས་ན། །ཇི་ལྟར་སྤྱད་པས་སྡུག་བསྔལ་ཉིད་དུ་འགྱུར། །དམ་ཚིག་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཐིག་ལེ་གཏོར་མའི་མཆོད་པ་བཞེས་སུ་གསོལ། །རང་བྱུང་གདོད་ནས་དག་པར་མ་ཤེས་ན། །ཇི་ལྟར་སྦྱངས་བས་སྡུག་བསྔལ་ཉིད་དུ་འགྱུར། །རྣམ་དག་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཤ་ཁྲག་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ལོངས་སྤྱོད་སྒྱུ་མ་ཡིན་པར་མ་ཤེས་ན། །ཇི་ལྟར་བསགས་པས་སྡུག་
༢༠༧བསྔལ་ཉིད་དུ་འགྱུར། །སྤྱོད་པ་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཡོ་བྱད་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ཕྱི་ནང་སྣོད་བཅུད་གཏོར་མར་བསྡུས་ནས་ནི། །ཐུགས་རྗེ་ཆེན་པོའི་གཏོར་མར་རབ་སྤྲུལ་ཏེ། །ཡེ་ཤེས་རོལ་པའི་གཏོར་མར་འབུལ་ལགས་ཀྱིས། །ཆོས་ཉིད་དབྱིངས་ཀྱི་གཏོར་མར་བཞེས་སུ་གསོལ། །ༀ་ཤྲཱི་བྷ་དྲ་ཨཱཿ ཞེས་བརྗོད་ཅིང་། བྱ་རྩོལ་མེད་པའི་གཏོར་མ་ནི། བླ་མས་བརྡ་བཀྲོལ་ཏེ། སྣང་སྲིད་འཛིན་པ་མེད་པ་ཕྱིའི་གཏོར་མ། སྒོ་ལྔ་གསལ་ལ་རྟོག་པ་མེད་པ་ནང་གི་གཏོར་མ། སྐྱེ་མེད་མཐར་ཐུག་གི་དོན་གསང་བའི་གཏོར་མ། ཀུན་ཏུ་བཟང་པོ་བཅོ་བརྒྱད་ལ་གཉིས་སུ་མེད་པའི་ཚུལ་གྱིས་དབུལ་བར་བྱའོ། །བརྒྱད་པ་ཚོགས་ཀྱི་མཆོད་པ་ནི། ནམ་མཁའ་ཆེ་ལས། །ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འགྲིབ་པ་མེད། །ལྷུན་གྱིས་གནས་པས་མི་བསྔོ་སྟེ། །གདོད་ནས་དག་པས་བདུད་རྩི་ཡིན། །འདུ་བྱེད་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་བསམ་པས་གཟུང་དུ་མེད། །ཅེས་པས་བྱ་རྩོལ་མེད་པའི་ཚོགས་ཀྱི་མཆོད་པ་བྱ་སྟེ། དེ་ཡང་ཐེག་པ་ཆེན་པོ་འོག་མ་པའི་ཞི་ཁྲོའི་ལྷ་ཚོགས་རབ་འབྱམས་ལ། རྫས་ཤ་ཟན་ཆང་ལ་སོགས་པ་བཟའ་བ་དང་བཏུང་བའི་བྱེ་བྲག་མང་པོ་ཏིང་ངེ་འཛིན་གྱིས་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་ནས་ཕུལ་བ་ཡང་བཟང་མོད་ཀྱི། དེ་བས་ཀྱང་ཨ་ཏིའི་ཐེག་པ་འདིར་རང་བཞིན་གྱིས་ཀུན་ཏུ་བཟང་པོ་བཅོ་བརྒྱད་རྒྱུ་རྐྱེན་མེད་པར་རང་བྱུང་བྱེད་པ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། རྣམ་པར་ཤེས་པ་ཚོགས་བརྒྱད་ཡུལ་དང་བཅས་པ་རང་བཞིན་གྱིས་སྣང་བར་དག་པ་དེ་ལ། མཆོད་རྫས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བླང་དོར་མེད་པའི་ཚུལ་གྱིས་སངས་རྒྱས་ངོས་གཟུང་མེད་པ་ལ། སྣང་སྲིད་ངོས་གཟུང་མེད་པ་སྟེ། བློ་
༢༠༨ངོས་བཟུང་མེད་པར་ཕུལ་ནས་ཡིད་ངོས་གཟུང་མེད་པར་གནས་ན་ཚོགས་གཉིས་རང་རྫོགས་སུ་རྫོགས་སོ། །ནམ་མཁའི་མཐའ་ལྟར་ཀུན་ཏུ་ཐུག་པ་མེད། །ཆོས་སྐུ་འགྱུར་བ་མེད་པའི་ཀློང་ན་བཞུགས། །མ་བཅོས་ཐིག་ལེ་དུར་ཁྲོད་གཅིག་ཏུ་འཁྱིལ། །མི་སྐྱེ་མི་འགག་ཀློང་དུ་ཕྲིན་ལས་རྫོགས། །ཞེས་བརྗོད་དོ། །མདོར་ན་ཕྱི་བསྐྱེད་པའི་རིམ་པ་ཡི་དམ་གང་ཡིན་གྱི་ཕྲིན་ལས་ནི་རྫོགས་པའི་རིམ་པ་ཀུན་བཟང་དོན་གྱི་ཕྲིན་ལས་དོན་བསྐྱེད་རྫོགས་གཉིས་ཀྱི་ཐ་སྙད་ལས་འདས་པས་བྱ་རྩོལ་མེད་པའི་ཕྲིན་ལས་གསུམ་གཞུང་བསྲང་བ་ནི། རིག་པ་རྩལ་གྱི་དབང་བཅོ་བརྒྱད་པོ་ཐམས་ཅད་ལ་སྤྱར་རོ། །དགུ་པ་སྨོན་ལམ་གདབ་པ་ནི། འཆད་པར་འགྱུར་བའི་བུམ་ཆུས་དབང་བསྐུར་བའི་དུས་སུ་བརྗོད་པར་བྱའོ། །ལྔ་པ་བདག་བརྟགས་པའི་མན་ངག་གི་རིམ་པ་རིག་པ་རྩལ་གྱི་དབང་བསྐུར་ཐབས་ནི། ཚོགས་ཀྱི་མཆོད་པའི་རྗེས་དེ་ཉིད་དུ་བླ་མ་དང་སློབ་མ་གཉིས་ཀའི་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅས་ལ་རླུང་རོ་ལན་གསུམ་འབུད། རླུང་དལ་བར་བརྟེན། སེམས་གནད་འདི་ལྟར་སྒོམ་པར་བྱ་སྟེ། དཔོན་སློབ་གཉིས་ཀའི་ཙིཏྟ་རིན་པོ་ཆེ་འབར་བའི་གཞལ་ཡས་སུ་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ་ཨ་དཀར་པོ་ཞལ་སྤྲོད་དང་། འདབ་མ་བཅུ་དྲུག་ལ་ཨ་དཀར་པོ་བཅུ་དྲུག་བསྒོམ་པར་བྱའོ། །དེ་ནས་བླ་མའི་ཐུགས་ལ་གནས་པའི་པདྨའི་ལྟེ་བའི་ཨ་རྒྱབ་མ་འོད་དུ་ཞུ་ནས། འོད་དེ་སོག་མངའ་བཞིན་དུ་དཀར་ནར་གྱིས་སོང་མཚོན་དཔེ་རྡུལ་ཚོན་གྱི་པདྨའི་ལྟེ་བའི་ཨ་རྒྱབ་མ་ལ་ཕོག་པས་དེ་ཡང་འོད་དུ་དཀར་མེར་གྱིས་ཞུ། དེ་ལས་ཀྱང་འོད་དཀར་ནར་གྱིས་འཕྲོས་ནས་སྟེང་གི་བུམ་པའི་ཨ་ལ་ཕོག་པས་དེ་ཡང་འོད་དུ་དཀར་མེར་གྱིས་ཞུ་ནས་འོད་དེ་སློབ་མའི་སྙིང་ག་པདྨའི་ལྟེ་བའི་ཨ་རྒྱབ་མ་ལ་ཕོག་པས་འཁོར་བའི་བག་ཆགས་དང་རྣམ་པར་རྟོག་པ་ཐམས་ཅད་སྦྱངས་ནས་སེམས་ཉིད་དག་པའི་ངོ་བོ་ཨ་དཀར་པོ་དེ་ལ་
༢༠༩ཤེས་པ་མ་ཡེངས་པར་གཏད་ལ་བསྒོམ་དུ་གཞུག་ཅིང་། བླ་མས་རྡུལ་ཚོན་གྱི་པདྨའི་ལྟེ་བ་ལ་གནས་པའི་ཨ་རྒྱབ་མའི་སྟེང་གི་བུམ་པ་བླངས་ལ། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། གོང་གི་ཕྲིན་ལས་ཀྱི་རྗེས་ཀྱི་སྨོན་ལམ་བཏབ་སྟེ། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །བསྒོམ་པ་འདི་དང་མི་འབྲལ་འགྲོགཔར་ཤོག། །སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ་འགྲོགས་པར་ཤོག། །ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་འདི། །འབྲས་བུ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར་གྱུར་ཅིག །ཅེས་བརྗོད་ཅིང་བླ་མས་བུམ་པ་སློབ་མའི་མགོ་ལ་བཞག །སྤྱི་བོར་ཆུ་ཏིག་ཅིང་། བུམ་ཆུ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ། དབང་བརྟན་པར་[230]བྱ་ཞིང་། མཆོད་མཁན་རྣམས་ཀྱིས་སྤོས་དང་རོལ་མོ་སྦྱར་རོ། །རྗེས་ཀྱི་ཤེས་པ་ནི། སློབ་མ་རྣམས་རང་རང་གིས་སྔར་བསྒོམ་པའི་ཨ་ལ་ཤེས་པ་གཏད་ལ། ཨ་དེ་ཡང་འོད་དཀར་པོ་གསལ་ལ་འཚེར་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། སྐྱེས་བུ་སྙིང་བཏོན་པ་ལྟ་བུ་ཞེས་པས། བདག་བརྟག་པའི་མན་ངག་གི་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་མཚོན་པའོ། །བདུན་པ་སྦུབས་མཆུའི་གདམས་ངག་གིས་ངོ་སྤྲད་པ་ནི། གནས་པ་མེད་པའི་ཚུལ་གྱིས་གནས་པའི་སློབ་མ་སོ་སོའི་རྣ་བར་རིན་པོ་ཆེའམ་ཤིང་ལ་སོགས་པའི་ཨུ་མ་བྷི་བཙུགས་ལ། བླ་མས་གཞན་གྱིས་མ་ཐོས་པར། གསེར་གྱི་ཁྱུང་གཤོག་ཅེས་པའི་མན་ངག་ལས། གསལ་ལ་མི་གཡོ་ཐལ་བྱུང་བའོ། །ཞེས་ལན་གསུམ་བརྗོད་དོ། །བརྒྱད་པ་
༢༡༠གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། སྔར་སྦུབས་མཆུའི་མན་ངག་གིས་དབང་དོན་ངོ་སྤྲད་པའི་སློབ་མ་རྣམས་ལ་ཐུན་མོང་དུ་བཤད་པར་བྱ་སྟེ། དེས་དབང་ཀུན་ལ་འགྲེའོ། །དེ་ཡང་འདི་སྐད་བརྗོད་དེ། ཐམས་ཅད་མ་ཡེངས་པར་ཡིད་ལ་ཟུངས་ཤིག །རིག་པ་བྱང་ཆུབ་ཀྱི་སེམས་དེ་ལ་བདག་ཅེས་བྱ་བ་ཡིན་ལ། དེའི་མཚན་ཉིད་མ་བཅོས་པའི་དོན་ཁོང་དུ་ཆུད་པ་ལ་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཞེས་བྱའོ། །ཆོས་དེ་ཉིད་ཆོས་ཐམས་ཅད་ཀྱི་བཅུད་དེ་དཔེར་ན། སྐྱེས་བུའི་སྙིང་ལྟ་བུའོ། །དེ་ལྟར་རྟོགས་པ་དེ་ཁོ་ན་ལས་དུས་གསུམ་དུ་མ་གཡོས་པར་གནས་པ་ལ་འདག་བརྟགས་པའི་མན་ངག་ཅེས་བྱ་སྟེ། གསལ་ལ་མི་གཡོ་བ་ཆེན་པོར་གནས་སོ། །ཐལ་བྱུང་བ་ཞེས་བྱ་བ་ནི། བྱིང་རྒོད་ཡན་པར་བཞག་པའོ། །ཅིའི་ཕྱིར་བཞག་ཅེ་ན་ཐམས་ཅད་ཆོས་ཉིད་ལས་མ་གཡོས་པའི་ཕྱིར་མཉམ་པའི་གཏན་ཚིག་གོ། །དེའི་ཕྱིར་རིག་པའི་ཡེ་ཤེས་ཆེན་པོ་ཉིད་དེ་ལྟར་ཤར་བས་རེ་དོགས་ཀ་ནས་དག་པའོ། །དེ་ཡང་དྲང་སྲོང་བྷ་ཤིས། སེམས་ནི་ཅི་ལ་ཡང་མི་རྟོག་པ། །མ་བཅོས་དེ་ཉིད་རྣལ་མར་ཞོག། །ཅེས་པས་གསལ་ལོ། །དགུ་པ་རིག་འཛིན་དགོངས་ཉམས་ཀྱི་གླུས་བསྐུལ་བ་ནི། །ཁྱུང་ཆེན་གྱི་དགོངས་པ་ཆོས་ཉིད་ཀློང་རྡོལ་གླུ་ཡི་བསམ་གཏན། ཙན་དན་གྱི་ནགས་ཚལ་དུ་ནམ་གྱི་གུང་ལ། རྒྱལ་པོ་དྷ་ཧེ་ན་ཏ་ལོ་འདི་སྐད་ལོ། ཧཱུྃ། །འགྱུར་བ་མེད་པའི་ཆོས་ཉིད་ནི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །སང་བའི་གཟུགས་མེད་བྱང་ཆུབ་སེམས། །ཅི་ལ་མི་སྤྱོད་རྟོག་པས་མི་བཟུང་ཞིང་། །སེམས་ཉིད་རང་བཞིན་བསམ་མེད་མཁའ་འདྲ་ལ། །མ་ཡེངས་མ་བསླད་བཅོས་པ་མེད་པར་བཞག །སྒོམ་དུ་མེད་
༢༡༡པའི་ཆོས་དབྱིངས་ཆེན་པོ་ལ། །བསམ་དུ་མེད་པ་རིག་པ་མ་ཡེངས་ཞོག །དེ་ལས་བསྒོམ་དུ་རྡུལ་ཙམ་མེད་པར་འཁུམས། །སྐྱེ་བ་བརྒྱུད་ནས་རྒྱལ་པོར་བདག་སྐྱེས་ཏེ། །དོ་ཧ་དེ་བླངས་ང་རྒྱལ་བཅག་པ་ལས། །སྔོན་ཆད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སེམས་དང་ཆོས་སུ་འདྲེས་པའི་འཕྲོ་བླངས་ཞིང་། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །རིག་པའི་ཁུ་བྱུག་དང་རྗེས་སུ་འབྲེལ་བ་དབང་གཉིས་པ་བསྐུར་བ་ལ་དགུ་ལས། དང་པོ་ཡེ་ཤེས་ངོས་བཟུང་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན་རིག་པ་རང་ཤར་བའི་སངས་རྒྱས་དང་སེམས་ཅན་གཅིག་ཏུ་རྟོགས་པའི་གདིང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དམུས་ལོང་མིག་ཕྱེ་བ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བཅོས་པ་མེད་པའི་སྤྱོད་པ་ཅི་ཡང་མི་བཙལ་བ་སྟེ། རྒྱལ་པོས་རྒྱལ་ས་བཟུང་བ་ལྟ་བུའོ། །བཞི་པ་གང་ཟག་གི་རྒྱུད་ལ་ཁྱེར་བའི་ཕྲིན་ལས་ནི། དབང་བཅོ་བརྒྱད་པོ་ཐམས་ཅད་མཐུན་ནོ། །ལྔ་པ་ཡེ་ཤེས་ལྔ་ངོས་བཟུང་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ་རླུང་རོ་བུས་ལ་འཇམ་རླུང་བཟུང་། བླ་མ་དང་སློབ་མ་རྣམས་ཀྱི་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ན་གནས་པའི་པདྨའི་ལྟེ་བའི་ཨ་མདུན་མ་སྐྱ་མེར་གྱིས་འོད་དུ་ཞུ་ནས་འོད་དེ་སོག་མདའ་བཞིན་དུ་དཀར་ནར་གྱིས་རྡུལ་ཚོན་གྱི་པདྨའི་ལྟེ་བའི་ཨ་མདུན་མ་ལ་ཕོག་པས་དེའང་འོད་དུ་དཀར་མེར་གྱིས་ཞུ། དེ་ལ་ཡང་འོད་དཀར་ནར་གྱིས་འཕྲོས་ནས་སྟེང་གི་བུམ་པའི་ཨ་ལ་ཕོག་པས་དེ་ཡང་འོད་དུ་དཀར་མེར་གྱིས་ཞུ་ནས། དེ་ལ་ཡང་འོད་དཀར་ནར་གྱིས་འཕྲོས་
༢༡༢ནས་སློབ་མའི་སྙིང་གི་པདྨའི་ལྟེ་བའི་ཨ་མདུན་མ་ལ་ཕོག་པས་ཨ་དེ་ཤིན་ཏུ་དཀར་བ་རང་བཞིན་གྱིས་འོད་གསལ་བར་གྱུར་ཅིང་། ལྟེ་བའི་ཨ་མདུན་རྒྱབ་གཉིས་གཅིག་གི་འོད་གཅིག་ལ་ཕོག་པས་འོད་ཤིན་ཏུ་གསལ་བར་གྱུར་ཏེ། སྙིང་གི་ནང་འོད་ཀྱིས་ཁེངས་ནས་བུམ་ནང་གི་མར་མེ་ལྟ་བུ་སྒོམ་དུ་གཞུག་ཅིང་། བླ་མས་པདྨའི་ལྟེ་བ་ལ་གནས་པའི་ཨ་མདུན་མའི་སྟེང་གི་བུམ་པ་བླངས་ལ་དབང་བསྐུར་ཞིང་བཀྲ་ཤིས་བརྗོད་པ་དང་། ཁྲུས་ལ་སོགས་པ་དབང་སྔ་མ་བཞིན་བྱའོ། །རྗེས་ཀྱི་ཤེས་པ་ནི། སློབ་མ་རྣམས་ཀྱིས་རང་རང་གི་སྔར་བསྒོམས་པ་བཞིན་སྙིང་འོད་ཀྱིས་གསལ་བར་གང་བ་ལ་ཤེས་པ་གཏད་པས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་ཞེས་པས་ཡེ་ཤེས་ངོས་བཟུང་བའི་མན་ངག་གིས་རིག་པ་རྩལ་གྱི་་དབང་ཐོབ་པའི་སྟོབས་ཀྱིས་སེམས་ཟིན་པའི་རྟགས་སུ་ལུས་གཡོ་བ་དང་བྲལ་བ་་་མཚོན་པའོ། །བདུན་པ་སྦུབས་མཆུས་ངོ་སྤྲད་པ་ནི། སློབ་མའི་རྣ་བར་སྦུབས་མཆུ་བཙུགས་ལ་འདི་སྐད་བརྗོད་དེ། བུམ་པ་ཁུངས་གཏོར་ཞེས་བྱ་བའི་མན་ངག་ལས། ཡེ་ཤེས་མ་བཙལ་ཡན་པར་ཞོག །ཅེས་ཚིག་ཕྱི་མ་གཅིག་པུ་ལན་གསུམ་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་ནི། ཆོས་ཐམས་ཅད་ཡེ་ཤེས་སུ་གསལ་བས་ཐམས་ཅད་ཡེ་ཤེས་སུ་ངོས་ཟིན་པར་བྱས་ལ། དེ་ལ་མ་བཙལ་བར་ཉམས་གསུམ་གྱིས་གནས་པར་བྱའོ། །དེ་ཉིད་ཁོ་ན་རུས་སྦལ་མཁར་གཞོང་དུ་བཞག་པ་མི་གཡོ་བར་གནས་པ་དང་འདྲའོ། །ཡན་པར་བཞག་ཅེས་བྱ་བ་ནི་བྱིང་རྒོད་མི་བཅོས་པར་བཞག་པར་བྱའོ། །འོ་ན་གོལ་བ་དང་ཁྱད་ཅི་ཡོད་ཅེ་ན་དེ་ནི་འདི་ལྟར་མ་རྟོགས་པས་གོལ་བ་ཡིན་ལ་རྣལ་འབྱོར་པ་ནི་བྱིང་རྒོད་ཡོད་མེད་མཉམ་པར་རྟོགས་པའོ། །དེའི་ཕྱིར་ཆོ་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤར་བའོ། །དེ་ཡང་ཤྲཱི་སིང་ཧས། ཡེ་ཤེས་སྣ་ཚོགས་
༢༡༣རང་གསལ་བར། །མི་གཡོ་དེ་བཞིན་ཉིད་དུ་ཞོག །ཅེས་པས་གསལ་ལོ། །དགུ་པ་རིག་འཛིན་དགོངས་པ་ཉམས་ཀྱི་གླུས་བསྐུལ་བ་ནི། རིག་པ་ཁུ་བྱུག་གི་དགོངས་པ། རིག་པ་ཀློང་རྡོལ་གླུའི་བསམ་གཏན་ཙནྡན་གོར་ཤི་ཤའི་ཚལ་དུ་ནམ་གྱི་ཆ་སྟོད་ལ་སྲས་ཐུ་བོ་རཱ་ཛ་ཧ་སྟི་འདི་སྐད་ལོ། །ཧཱུྃ་ །ཀུན་གཞི་ཡེ་ནས་མ་བཅོས་དེ་བཞིན་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་མཁའ་འདྲ་མཉམ་པ་ཆེན་པོའི་ངང་། །ཚིག་དང་ཡི་གེའི་སྒྲ་ལས་འདས་པའི་ཀུན་ཏུ་བཟང་། །སེམས་དང་ཆོས་ཉིད་མཉམ་ཞིང་དབྱེར་མེད་ན། །ལུས་ངག་ཡིད་གསུམ་མཚན་མ་ཅིས་བསླད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་མེད་དེ། །རྣམ་རྟོག་སྐྱོན་སྤངས་ཀུན་གཞི་བྱང་ཆུབ་སེམས། །མ་བཅོས་ངང་དུ་བཞག་པ་ལས། །སྒོམ་པ་གུད་ན་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་ང་ལ་ཤར། །གྷི་ཏིམ་ཀོ་ལ་ས་མ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །ནམ་མཁའ་ཆེ་དང་རྗེས་སུ་འབྲེལ་བ། དབང་གསུམ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི་རིག་པ་སྤྱི་བླུགས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ། མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའོ། །གཉིས་པ་དེ་བསྐུར་བས་གདིང་ཅི་ཐོབ་ན། དུས་གསུམ་གཅིག་ཏུ་རྟོགས་པས་རང་སོ་ལ་མི་རྩོལ་བའི་གདིང་་་་་སྐྱེས་བུ་མདུན་དུ་ལྟ་བ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་་་་དེ་ལམ་དུ་སློང་བའི་སྤྱོད་པ་ནི། རེ་དོགས་དང་བྲལ་བས་གང་ལའང་འཇིགས་པ་མེད་པ་སྨྱོན་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་རིག་པ་སྤྱི་བླུགས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། རླུང་གནད་རླུང་རོ་བུས་ནས་དྲག་རླུང་བཟུང་། ཁུག་པ་བདུན་ལ་ཐུན་གཅིག་ཏུ་བྱ་ཞིང་། དེ་དང་བསྟུན་
༢༡༤ལ། སེམས་གནད་ཙིཏྟ་རིན་པོ་ཆེའི་གཞལ་ཡས་སུ་པདྨ་ཨ་བཅོ་བརྒྱད་དང་བཅས་པ་གསལ་བཏབ། བླ་མའི་ཙིཏྟའི་པད་འདབ་མདུན་མའི་ཨ་འོད་དུ་ཞུ་བའི་འོད། དཀྱིལ་འཁོར་གྱི་པད་འདབ་མདུན་མའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བའི་འོད་སྟེང་གི་བུམ་པའི་ཨ་ལ་ཕོག །བུམ་པའི་ཨ་འོད་དུ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མའི་སྙིང་གི་པདྨ་མདུན་མའི་ཨ་ལ་ཕོག་པས་ཨ་འོད་དུ་ཞུ་བའི་འོད་ཀྱིས་སྙིང་འོད་ཀྱིས་གང་བ་ལས་མི་ཚད་པར་ལུས་ཀྱི་ནང་ཐམས་ཅད་ནམ་ལང་བ་བཞིན་དུ་སྐྱ་ཝལ་གྱིས་གང་བ་ལ་སེམས་གཏད་ལ་བསྒོམ་དུ་བཅུག་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པར་བྱ་ཞིང་སྨོན་ལམ་བཏབ་པ་ལ་སོགས་པ་འགྲེ། རྗེས་ཤེས་ལུས་འོད་ཀྱིས་གང་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའོ། །ཞེས་པས། མེ་ལོང་ལ་ཧུས་བཏབ་པས་བ་མོ་་་་རང་སངས་པ་བཞིན། རིག་པ་སྤྱི་བླུགས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་གསལ་ལ་རྟོག་མེད་ཀྱི་ཤེས་པ་དེ་སྒྲིབ་གཡོགས་དང་བྲལ་བར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི་ཉི་མ་ཤར་བ་ལྟ་བུའི་མན་ངག་ལས། རིག་པ་ཅིག་ཆར་ལྷུག་པར་བཞག །ཅེས་པའི་ཚིག་ཕྱི་མ་ལན་གསུམ་སྐྱོར་བ་འཆད་པར་འགྱུར་བའི་དབང་ཀུན་ལ་འགྲེའོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་རིག་པ་ཐམས་ཅད་དུ་རང་ཤར་ཞེས་བྱ་སྟེ་གསལ་ལ་མ་བཅོས་བར་འཛིན་རྟོག་གང་ཡང་མེད་པར་གསལ་བ་སྟེ། དཔེར་ན་མེ་ལོང་ལ་ཉི་མ་ཤར་བས་གསལ་ལ་རྟོག་པ་མེད་པ་ལྟ་བུའོ། །ལྷུག་བར་བཞག་ཅེས་པ་ནི། དབང་པོ་ལྔ་ཡུལ་ལ་ཡན་པའོ། །འོ་ན་སོ་སོ་སྐྱེ་བོ་དང་ཁྱད་པར་ཅི་ཡོད་ཅེ་ན། །དེ་ནི་དེ་ལྟར་མ་རྟོགས་པའི་ཕྱིར། ཡེ་ཤེས་ལ་ཡེ་ཤེས་རོལ་བ་མེད་པའི་ཕྱིར་
༢༡༥རོ། །དེའི་ཕྱིར་རིག་པ་གསལ་ལ་རྟོག་པ་མེད་པའི་ཕྱིར་རོ། །དེ་ཡང་འཕགས་པ་ལྷས། རིག་པ་དེ་ཉིད་དངོས་ཞེན་མེད། །དེས་ན་རྟོག་མེད་གསལ་བར་བཞག་ཅེས་བས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། ནམ་མཁའ་ཆེའི་དགོངས་པ། ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན་མེ་ཏོག་ཨུ་དུམ་འབར་བའི་ཚལ་དུ་ནམ་གྱི་ཆ་སྨད་ལ་སྲས་མོ་སཱ་རཱ་ནིས་འདི་སྐད་ལོ། །ཧཱུྃ་ཀུན་གཞི་མ་བཅོས་ཡེ་ནས་ཆོས་ཀྱི་དབྱིངས། །རྒྱུ་དང་རྐྱེན་གྱིས་མ་སྐྱེས་འཇིག་བྲལ་མེད། །རང་བྱུང་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས། །གཟུངའཛིན་ཡུལ་ལས་འདས་པ་རྡོ་རྗེ་སེམས་དཔའི་ཐུགས། །བདག་གིས་དགོངས་པ་འདི་ལས་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས། གྷི་ཏ་མ་ཀོ་ལ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །ཐིག་ལེ་དྲུག་པ་དང་རྗེས་སུ་འབྲེལ་བ་དབང་བཞི་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་གིས་སྤྲུལ་སྐུ་ཐུག་་་ཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་རལ་གྲི་ཁ་མང་གི་སོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་་་་ཅི་ཐོབ་ན། སྒོ་གསུམ་སྙིང་པོ་གསལ་བའི་དགེ་སྡིག་སྤོང་ལེན་མེད་པའི་གདིང་ཐོབ་པ་ནི་ཁྱི་ཕག་ལམ་དུ་ཞུགས་པ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི་ཐོགས་པ་མེད་པས་སྤྱོད་པ་ཕྱོགས་དང་བྲལ་བ་སྟེ། དཔའ་བོ་གླང་པོ་ཆེ་ཞོན་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་སྤྲུལ་སྐུ་ཐུག་ཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། རླུང་གནད་རླུང་རོ་ལན་གསུམ་བུས་ལ་དྲག་རླུང་བུམ་པ་ཅན་སྔར་བཞིན་བཟུང་ཞིང་ཐུན་ངོ་བོ་གྲངས་ཁམས་ཚོད་དང་སྦྱར་ལ་སྤེལ། སེམས་གནད་ཙིཏྟ་རིན་པོ་ཆེའི་གཞལ་ཡས་སུ་པདྨ་ཨ་བཅོ་བརྒྱད་དང་བཅས་པ་གསལ་བཏབ་
༢༡༦བླ་མའི་ཙིཏྟའི་པདྨ་མདུན་མའི་ཨ་ནས་ཆོས་བསྐོར་གྱིས་པད་འདབ་གཉིས་པའི་ཨ་འོད་དུ་ཞུ་བའི་འོད་དཀྱིལ་འཁོར་གྱི་པད་འདབ་ནུབ་མ་ནས་ཆོས་སྐོར་དུ་པད་འདབ་གཉིས་པའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བས་སྟེང་གི་བུམ་པའི་ཨ་ལ་ཕོག །བུམ་པའི་ཨ་འོད་དུ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མའི་སྙིང་གའི་པདྨ་མདུན་མའི་ཨ་ནས་ཆོས་བསྐོར་དུ་པད་འདབ་གཉིས་པའི་ཨ་ལ་ཕོག་པས་ཨ་འོད་དུ་ཞུ་བའི་འོད་ཀྱིས་ལུས་ནང་གི་འོད་སྔར་བས་ཀྱང་གསལ་དུ་སོང་བའི་ཉི་མ་ཤར་བ་ལྟ་བུ་ལ་སེམས་གཏད་པ་བསྒོམ་དུ་གཞུག་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པར་བྱ་ཞིང་སྨོན་ལམ་གདབ་པ་སོགས་འགྲེ། རྗེས་ཤེས་ལུས་འོད་ཀྱིས་གང་བ་སྔར་བས་ཀྱང་གསལ་བ་ལ་ཤེས་པ་གཏད་ལ་སེམས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། རལ་གྲི་ཁ་མང་གི་སོ་ལྟ་བུ་ཞེས་པ། རལ་གྲི་ཁ་མང་སྟེང་འོག་མདུན་རྒྱབ་གང་དུ་བརྒྱབ་ཀྱང་ཆོད་པ་བཞིན་སྤྲུལ་སྐུ་ཐུག་ཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། སེམས་ལས་སུ་རུང་བས་ཇི་ལྟར་སྤྱད་ཀྱང་གྲོལ་བར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། དབུལ་མོ་གཏེར་འཆང་ཞེས་བྱ་བའི་མན་ངག་ལས། ཐམས་ཅད་སྤྲུལ་པའི་སྐུ་སྟེ་བཏང་སྙོམས་དང་། །ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་སྤྲུལ་པའི་སྐུར་སངས་མ་རྒྱས་པ་གཅིག་ཀྱང་མེད་པས་སངས་རྒྱས་ནང་འབྱམས་ཞེས་བྱ་སྟེ། སྤུ་མ་བརྗེས་མདོག་མ་སྒྱུར་བར་མ་བཅོས་པའོ། །དེའི་ཕྱིར་རྣམ་རྟོག་ཐམས་ཅད་མ་སྤངས་པར་ཞི་བར་བྱེད་པས་རལ་གྲི་ཁ་མང་དང་འདྲའོ། །བཏང་སྙོམས་ངང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་བཏང་སྙོམས་དགག་སྒྲུབ་དང་བྲལ་བའོ། །དེས་ན་བཏང་སྙོམས་ཆེན་པོའི་ངང་ཞེས་བྱ་སྟེ། དེ་ནི་བཙལ་བ་མེད་པར་སངས་རྒྱས་པའོ། །དེ་ཡང་མ་ཁོལ་ལུང་བསྟན་པ་
༢༡༧ལས། ཆོས་རྣམས་ཡེ་ནས་སངས་རྒྱས་པས། །གཞན་ལ་རེ་བཙལ་གཉིས་དང་བྲལ། །ཞེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། ཐིག་ལེ་དྲུག་པའི་དགོངས་པ། བདེ་བ་ཀློང་རྡོལ་གྱི་གླུའི་བསམ་གཏན། སྐྱ་རེངས་དང་པོ་ཤར་ཙམ་ན། རྒྱ་མཚོའི་གཏིང་དུ་ཀླུ་རྒྱལ་འཇོག་པོ་འདི་སྐད་ལོ། །ཧཱུྃ་མཐའ་དང་དབུས་མེད་ནམ་མཁའ་ལྟ་བུ་ལ། །སྨྲ་བསམ་ཡུལ་ལས་འདས་པ་ཆོས་ཀྱི་སྐུ། །སྲིད་གསུམ་སྐྱེ་འགྲོ་རྣམ་པར་དག་བྱ་ན། །མ་བཅོས་རྣམ་པར་དག་པའི་ཀུན་གཞི་བྱང་ཆུབ་སེམས། །མ་བཙལ་མཉམ་པར་གཞག་ན་སྒོམ་པའི་མཆོག །རིག་པ་ཆོས་ཀྱི་དབྱིངས་སུ་མ་བཅོས་ལ། །རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་དེ། །དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཉིད་དཔག་ཅིང་གཞལ་ཡང་འདི་ལས་མེད་པར་མཇལ། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་དབྱེ་བ་མེད་པའི་ས་ལ་མཆིས། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །རྩལ་ཆེན་དང་རྗེས་སུ་འབྲེལ་བ་དབང་ལྔ་པ་བསྐུར་བ་ལ་དགུ་ལས། དང་པོ་ལ་དབང་ནི་ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། འཁོར་འདས་སྙིང་པོ་ཐིག་ལེར་རྟོགས་པས་མཐོ་དམན་དང་རེ་དོགས་མེད་པའི་གདིང་ནི་གསེར་གྱི་རྣམ་པ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི་ལྷུག་པ་ཆེན་པོའི་སྤྱོད་པ་རང་དགར་གནས་པ་སྟེ། མགྲོན་པོ་རང་ཡུལ་དུ་སླེབས་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་ཚོགས་བརྒྱད་ལྷག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ་དྲག་རླུང་བཟུང་། ཙིཏྟའི་དཀྱིལ་འཁོར་སྔར་བཞིན་གསལ་བཏབ། བླ་མའི་པད་འདབ་གསུམ་
༢༡༨པའི་ཨ་འོད་དུ་ཞུ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཨ་གསུམ་པ་ལ་ཕོག །དེ་འོད་དུ་ཞུ་སྟེ་སྟེང་གི་བུམ་པའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བའི་འོད་སྐྱ་ནར་གྱིས་བྱུང་ནས་སློབ་མའི་སྙིང་གི་པད་འདབ་གསུམ་པའི་ཨ་ལ་ཕོག་པས་ལུས་ཀྱི་ནང་གི་འོད་སྔར་བས་གསལ་དུ་སོང་བར་བསམ་པ་ལ་སེམས་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པར་བྱ་བ་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཤེས་ལུས་འོད་ཀྱིས་གང་བ་སྔར་བས་ཀྱང་གསལ་བ་ལ་ཤེས་པ་གཏད་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་རོ། །ཞེས་པས། སྐྱེས་བུ་ནད་ཀྱིས་གདུང་བ་ལུས་ཀྱི་ཟུང་ཤོར་བས་ཁྲེལ་འཛེམ་དང་བྲལ་བ་བཞིན། ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སྒོ་གསུམ་རྩོལ་བ་དང་བྲལ་ནས་ལྷུག་པར་གནས་པར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། མེ་ལོང་ལྟ་བུ་ཞེས་བྱ་བའི་མན་ངག་ལས། སྤྲོས་མེད་བྱང་ཆུབ་ཡན་ལག་གནས། །ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་བྱེད་པ་པོ་དང་བྲལ་བའི་ཕྱིར་ཡན་པ་ལྷུག་པར་མ་བཅོས་པར་གནས་པར་བྱ་སྟེ། མ་བཙལ་མ་བསྒྲུབས་པས་ཆོས་མ་བསླད་མ་བཅོས་པ་ལ་བློས་རིག་པ་ལྷུག་པར་རྒྱ་ཡན་དུ་བཏང་བཟུང་མེད་པར་གནས་པར་བྱའོ། །དེ་ཡང་སྐྱེས་བུ་ནད་ཀྱིས་གདུང་བས་ངོ་ཚ་དང་བྲལ་བ་བཞིན་དུ་གནས་སོ། །ཡན་པར་གནས་ཞེས་བྱ་བ་ནི། བྱིང་རྒོད་ཡན་སྟེ་དགག་སྒྲུབ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ལ་བཟང་ངན་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་ཡན་པ་ལྷུག་པ་མ་བཀག་པར་གནས་པར་བྱའོ། །དེ་ཡང་ཨཱ་དེ་ཝས། བཟང་ངན་བླང་དོར་མེད་པའི་ཡེ་ཤེས་ཟང་ཐལ་ཏེ། །ཡེ་ཤེས་ཉིད་ལ་ཉིད་སྤྱོད་གསེར་གླིང་འདྲ། །ཞེས་པས་གསལ་ལོ།
༢༡༩དགུ་པ་གླུ་ནི། རྩལ་ཆེན་གྱི་དགོངས་པ་བྱང་སེམས་ཀློང་རྡོལ་གླུའི་བསམ་གཏན་སྐྱ་རེངས་གཉིས་པ་ཤར་ཙ་ན། རྒྱ་མཚོའི་གླིང་དུ་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ་འདི་སྐད་ལོ། །ཧཱུྃ། ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ངང་། །གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས། །མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པ་མི་འགྱུར་མ་བསླད་མཉམ་གཞག་ན། །ཅི་ལ་ཡང་མི་རྟོག་གང་ལའང་མི་བསམ་སྟེ། །མཆོག་ཏུ་གསང་བའི་རྨད་བྱུང་སེམས་ཉིད་འདི། །རྣ་བས་ཉན་པ་ལ་སོགས་སྤྱོད་ཡུལ་ཡོད་མ་ཡིན། །ཀུན་གཞི་མི་འགྱུར་དབྱིངས་ཆེན་ལ། །རིག་པ་མི་འགྱུར་མ་ཡེངས་བཞག །སྒོམ་པ་འདི་ལས་མེད་པར་འཁུམས། །ཁམས་གསུམ་རང་སར་གྲོལ་བས་བཙལ་ཞིང་སྒྲུབ་མི་དགོས། །རེ་ཞིང་དོགས་པ་མེད་པའི་བདག་ཉིད་སངས་རྒྱས་ཡིན། །གྷི་ཏ་མ་ཀོ་ལ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །སེམས་སྒོམ་དང་རྗེས་སུ་འགྲེལ་བ་དབང་དྲུག་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། ཆོས་ཉིད་ཀློང་རྡོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ཆུ་བོ་ཆེན་པོའི་མགོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། འཁོར་བ་བདེ་ཆེན་དུ་རྟོགས་པས་གཙང་རྨེ་དང་བླང་དོར་རེ་དོགས་མེད་པའི་གདིང་ནི། སྔགས་པ་དུག་ཟ་བ་ལྟ་བུའོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བདེ་ཆེན་འགྱུར་མེད་ཀྱི་སྤྱོད་པ་གཅིག་ཏུ་མི་གནས་པ་སྟེ། ངོ་མཚར་དུ་མ་སྟོན་པའི་མི་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་དཀྱིལ་འཁོར་གསལ་བཏབ། བླ་མའི་ཙིཏྟའི་པད་འདབ་བཞི་པའི་ཨ་
༢༢༠འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཨ་བཞི་པ་ལ་ཕོག་པས་དེ་འོད་དུ་ཞུ། འོད་དེ་སྟེང་གི་བུམ་པའི་ཨ་ལ་ཕོག །འོད་དེ་དཀར་ནར་གྱིས་བྱུང་ནས་སློབ་མ་རང་རང་གི་པད་འདབ་བཞི་པ་ལ་གནས་པའི་ཨ་ལ་ཕོག་པས་ལུས་ཀྱི་ནང་གི་འོད་སྔར་བས་ཀྱང་ཆེས་གསལ་དུ་སོང་བ་ལ་སེམས་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་བུམ་དབང་སྨོན་ལམ་དང་བཅས་དབང་བརྟན་པར་བྱེད་པ་འགྲེ། རྗེས་ཤེས་ལུས་འོད་ཀྱིས་གང་བས་སྔར་བས་ཀྱང་ཆེས་གསལ་དུ་སོང་བ་ལ་ཤེས་པ་གཏད་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ཆུ་བོ་ཆེན་པོའི་མགོ་ལྟ་བུའོ། །ཞེས་པས་ཆུ་བོ་ཆེན་པོའི་མགོ་ལ་རང་རྡོལ་དུ་བྱུང་བ་བཞིན། མ་བྱས་པའི་ཆོས་ཉིད་རྐྱེན་གྱིས་མ་སྐྱེས་པར་རང་བྱུང་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཐིག་ལེ་ཆེན་པོ་ཞེས་བྱ་བའི་མན་ངག་ལས། ཆོས་ཉིད་བདེ་ཆེན་ངང་དུ་གསལ། །ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་ཆོས་ཉིད་དུ་གསལ་བས། འགྲེ་ལོག་སྤྱི་ཚུགས་གར་སྐྱེས་ཀྱང་ཆོས་ཉིད་ལས་མ་གཡོས་པར་བདག་གཞན་ནམ་སྣང་སྲིད་ཐམས་ཅད་ཆོས་ཉིད་དུ་གསལ་བ་བཞིན་དུ་སེམས་ཉིད་དུ་ཤར་བས་ཀློང་རྡོལ་ཞེས་བྱ་སྟེ། དཔེར་ན་ཆུ་བོའི་མགོ་ནས་ཆུ་རང་རྡོལ་དུ་བྱུང་བ་བཞིན་ནོ། །ངང་དུ་གསལ་ཞེས་བྱ་བ་ནི་བྱིང་རྒོད་ཆོས་ཉིད་དུ་རྟོགས་པས་མཉམ་པའི་ངང་ངོ། །དེའི་ཕྱིར་ཐམས་ཅད་ཆོས་ཉིད་དུ་གསལ་བ་དེ་ལ་དུས་གསུམ་དུ་གནས་པར་བྱའོ། །དེ་ཡང་ཤེལ་ཕྲེང་དཀར་པོ་ཞེས་བྱ་བའི་མན་ངག་ལས། སྣང་སྲིད་ཐམས་ཅད་ཆོས་ཉིད་ཡེ་ནས་ཡིན། །དེས་ན་ཆོས་ཉིད་དེ་ཉིད་དེ་ལ་སྤྱོད། །ཞེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། སེམས་སྒོམ་གྱི་དགོངས་པ་དབྱིངས་ཀློང་རྡོལ་གླུ་ཡི་བསམ་གཏན།
༢༢༡རྒྱན་ཆག་དཔལ་གྱི་རིའི་གནས་སུ་སྐྱ་རེངས་གསུམ་པ་ཤར་ཙམ་ན། ནཱ་ག་རྫུ་ན་འདི་སྐད་ལོ། །ཧཱུྃ་སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ། །རིག་པ་འཕོ་འགྱུར་མེད་པའི་ངར་བཏབ་ནས། །དབྱིངས་ཉིད་མི་འགྱུར་རིག་པས་མི་བསླད་དེ། །མ་ཡེངས་མི་འགྱུར་མཁའ་ལྟར་དག་པ་ལས། །མ་ཡེངས་མ་བཅོས་ཡོངས་ཀྱི་འོད་གསལ་ལ། །སྒོམ་པ་མིང་དུ་བཏགས་པ་གུད་ན་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །རྨད་བྱུང་དང་རྗེས་སུ་འབྲེལ་བ་དབང་བདུན་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི་དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་རྨ་བྱ་དུག་གིས་འཚོ་བ་ལྟ་བུའོ། །གཉིས་པ་དབང་བསྐུར་བས་གདིང་ཅི་ཐོབ་ན་གཟུང་འཛིན་སྐྱེ་མེད་དུ་རྟོགས་པས་སྤྱད་ཀྱང་མི་གོས་པའི་གདིང་ནི་པདྨ་འདམ་ནས་སྐྱེས་པ་ལྟ་བུའོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བག་ཡངས་ཆེན་པོས་སྤྱོད་པ་ཅི་སྤྱད་ཀྱང་མི་བརྫི་བ་ནི། སེང་གེ་རྩལ་རྫོགས་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་བཟུང་། ཙིཏྟའི་པདྨ་གསལ་བཏབ། བླ་མའི་ཙིཏྟའི་པད་འདབ་ལྔ་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་ལྔ་པའི་ཨ་ལ་ཕོག་པས་དེ་ཡང་འོད་དུ་ཞུ། འོད་དེ་སྟེང་གི་བུམ་པའི་ཨ་ལ་ཕོག །བུམ་པའི་ཨ་ཞུ་བའི་འོད་དེ་དཀར་ནར་གྱིས་བྱུང་ནས་སློབ་མ་རང་རང་གི་སྙིང་གའི་པདྨ་ལྔ་པའི་ཨ་ལ་ཕོག་པས། ལུས་ནང་འོད་ཀྱིས་གང་བདེ་སྔར་བས་ཀྱང་ཤིན་ཏུ་གསལ་བར་སྒོམ་དུ་གཞུག་ཅིང་། བླ་མས་བུམ་དབང་སྨོན་ལམ་དང་བཅས་པས་དབང་བརྟན་པར་བྱེད།
༢༢༢རྗེས་ཤེས་ལུས་འོད་ཤིན་ཏུ་གསལ་བ་ལ་ཤེས་པ་གཏད་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། རྨ་བྱ་དུག་གིས་འཚོ་བ་ལྟ་བུ་ཞེས་པས་རྨ་བྱས་དུག་ཟོས་པས་སླར་གྱིས་ལང་ཚོ་རྒྱས་པ་བཞིན་དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་སྟོབས་ཀྱིས་ཉོན་མོངས་པའི་རང་ངོ་ཡེ་ཤེས་སུ་གསལ་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སེང་གེ་འགྱིང་བ་ལྟ་བུ་ཞེས་བྱ་བའི་མན་ངག་ལས། ཉོན་མོངས་ལྔ་ཉིད་ཡེ་ཤེས་ལྔ་རུ་གསལ། །ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་ནི། ཉོན་མོངས་གང་རུང་སྐྱེས་པའི་དུས་སུ། དཔེར་ན་སྒྲས་སྒྲ་གཅོད་པ་དང་འདྲ་སྟེ། ཉོན་མོངས་པ་དེ་ཉིད་ཀྱིས་ཉོན་མོངས་པ་གཞན་ཞི་སྟེ་ཟིལ་གྱིས་མནན་ཏེ། ཉོན་མོངས་དེ་ཉིད་ལས་ཐབས་གཉིས་ཀྱིས་གནས་པར་བྱ་སྟེ། དབང་པོ་རྟུལ་པོ་ལྟ་བུ་གསལ་བར་གནས་པ་དང་། རྣོན་པོ་ཡེ་ཤེས་སམ་ཆོས་ཉིད་དུ་གསལ་བར་བྱས་ལ་བཙལ་བ་མེད་པའི་ཚུལ་དུ་གནས་པར་བྱ་སྟེ། དཔེར་ན་རྨ་བྱ་དུག་གིས་འཚོ་བ་བཞིན་ཏེ། དེ་ཉིད་ཁོ་ན་བདུད་རྩིའམ་སྨན་དུ་གྱུར་པའོ། །ཡེ་ཤེས་ལྔ་རུ་གསལ་བ་ཞེས་བྱ་བ་ནི་རྣམ་རྟོག་ཡེ་ཤེས་སུ་གསལ་བས་སྤུ་མ་བརྗེས་མདོག་མ་སྒྱུར་བར་རང་སར་གྲོལ་བའོ། །དེའི་ཕྱིར་ཉོན་མོངས་ཐམས་ཅད་ཡེ་ཤེས་སུ་གསལ་བས་ཤིན་ཏུ་རྣལ་འབྱོར་ལ་གནས་པ་རྣམས་ཀྱིས་ཉོན་མོངས་པ་མི་སྤོང་ཞེས་བྱའོ། །དེ་ཡང་རྡོ་རྗེ་བརྩེགས་པ་ལས། རྣམ་རྟོག་ཡེ་ཤེས་ངང་དུ་གསལ། །དེས་ན་མ་སྤངས་རང་ཞིར་ཞོག །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། རྨད་བྱུང་གི་དགོངས་པ་འབྱུང་ལྔ་ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན་དམར་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་འགྲམ་དུ་ཁྱིའི་རྒྱལ་པོ་ཕྱི་མ་འདི་སྐད་ལོ། །ཧཱུྃ། ཆོས་ཉིད་བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ། །མ་བཅོས་རང་བཞིན་གསལ་བས་མཁའ་ལྟར་
༢༢༣གནས། །འགྲོ་བའི་གཟུང་འཛིན་བསྲེགས་པས་མེ་ལྟར་གནས། །དམིགས་མེད་གདོད་ནས་དག་པས་རླུང་ལྟར་གནས། །གཟུང་འཛིན་སྐྱོན་དང་བྲལ་བས་ཆུ་ལྟར་གནས། །ཅིས་ཀྱང་སྐྱོན་མེད་སྲ་བས་ས་ལྟར་གནས། །འབྱུང་བ་ལྔ་ཉིད་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས། །གདོད་ནས་དག་པས་ནམ་མཁའ་འདྲ་བ་ལ། །དམིགས་པ་མེད་པ་མ་ཡེངས་གནས་པ་ལས། །སྒོམ་པ་འདི་ལས་མེད་པར་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆིས། །གྷི་ཏ་མ་ཀོ་ལ་ས་ཧ་ཨ་ཧོ། ཞེས་གླུ་བླངས་སོ། ༈ །ཡིད་བཞིན་ནོར་བུ་དང་རྗེས་སུ་འབྲེལ་བ་དབང་བརྒྱད་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི་འཁོར་བ་དོང་སྤྲུགས་ཀྱིས་རིག་པ་རྩལ་གྱི་དབང་བསྐུར་བ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། བདེ་བ་ཆེན་པོའི་རྟོགས་པས་ཁྱད་པར་འཕགས་པའི་གདིང་ཉི་ཟླ་དུས་གཅིག་ལ་ཤར་བ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི་ཅི་འགྱུར་ཐབས་མཁས་ཀྱི་སྤྱོད་པ་ཕྱོགས་རིས་མེད་པ་སྟེ། །གར་མཁན་གྱི་འདུ་བྱེད་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་འཁོར་བ་དོང་སྤྲུགས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་པདྨ་གསལ་བཏབ། བླ་མའི་ཙིཏྟའི་པདྨ་དྲུག་པ་ལ་གནས་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་པད་འདབ་དྲུག་པའི་ཨ་ལ་ཕོག །ཨ་འོད་དུ་ཞུ་བའི་འོད་སྟེང་གི་བུམ་པའི་ཨ་ལ་ཕོག །ཨ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མ་རང་རང་གི་པད་འདབ་དྲུག་པའི་ཨ་ལ་ཕོག་པས་ཨ་འོད་དུ་ཞུ་ནས་ལུས་གང་བ་སྔར་བས་ཆེར་སོང་བ་ལ་སེམས་གཏད་ལ་བསྒོམ་དུ་གཞུག་ཅིང་། བླ་མས་བུམ་དབང་སྨོན་ལམ་
༢༢༤དང་བཅས་པས་དབང་བརྟན་པར་བྱེད་པ་འགྲེ། རྫས་ཤེས་ལུས་འོད་ཀྱིས་གང་བ་སྔར་བས་ཆེར་འཕེལ་བ་ལ་སེམས་གཏད་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའོ། །ཞེས་པས། དཔའ་བོ་གོ་མཚོན་དང་བཅས་པས་གཞན་གྱི་གཡུལ་བཟློག་པར་བྱེད་པ་བཞིན། འཁོར་བ་དོང་སྤྲུག་གི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་འཁོར་བའི་གཡུལ་ངོ་བཟློག་པ་ལྟ་བུའོ། །ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། མཁའ་ལྡིང་ཆེན་པོ་ཞེས་བྱ་བའི་མན་ངག་ལས། འཁོར་བ་མ་བཙལ་ཡེ་ནས་སངས་རྒྱས་ཡིན། །ཞེས་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཁམས་གསུམ་འཁོར་བ་འདི་ཉིད་ཡེ་ཤེས་ཆེན་པོ་སྐྱོང་བའི་ཐབས་སུ་གྱུར་པས་ཁམས་གསུམ་སྐུ་གསུང་ཐུགས་སུ་རྟོགས་པའོ། །དེའི་ཕྱིར་འཁོར་བ་དོང་སྤྲུག་ཅེས་བྱ་སྟེ། འཁོར་བ་ཉིད་བདེ་གནས་སུ་རྟོགས་པ། དེའི་ཕྱིར་བདག་གཞན་དུ་སྣང་ལ་མི་དམིགས་པས་དེ་ལ་གནས་པར་བྱའོ། །ཡེ་ནས་སངས་རྒྱས་ཡིན་ཞེས་བྱ་བ་ནི། །མཉམ་གཞག་གི་དུས་སུ་རྟོག་པ་ཅི་འགྱུར་བ་ཡེ་ཤེས་སུ་གསལ་བས་དཔའ་བོ་གཡུལ་དུ་ཞུགས་པ་ཉམ་ང་མེད་པ་དང་འདྲའོ། །དེའི་ཕྱིར་འཁོར་བ་མ་སྤངས་པར་རང་སར་གྲོལ་བ་ཞེས་བྱའོ། །དེ་ཡང་རཱ་ཧུ་ལ་ཆེན་པོས། འཁོར་བ་མ་སྤངས་ངང་གིས་གསལ་བ་ལ། །ཡེ་ཤེས་ཉི་མ་དེ་ནི་ཚུར་དུ་འཆར། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། ཡིད་བཞིན་ནོར་བུའི་དགོངས་པ་དངོས་གྲུབ་ཀློང་རྡོལ་གླུའི་བསམ་གཏན་དམར་རེངས་གཉིས་པ་ཤར་ཙམ་ན་གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་ལོ། །ཧཱུྃ་ཆོས་ཉིད་བྱང་ཆུབ་སེམས་ལ་བླང་ཞིང་བལྟ་མེད་དེ། །བལྟ་བའི་གཟུགས་སུ་ད་ཡོངས་ལ་སྣང་། །ཅིས་ཀྱང་བཅོས་སུ་མེད་ལ་སྤྱད་དུ་མེད། །སེམས་ཀྱི་རང་
༢༢༥བཞིན་ཅི་ལའང་མི་གནས་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན། །ཇི་ལྟར་བསླད་ཀྱང་དབྱིངས་ལ་འགྱུར་བ་མེད། །དབྱིངས་ཉིད་རིག་པས་མི་བཙལ་ཏེ། །སེམས་ཉིད་མཁའ་ལྟར་དག་པའི་དངོས། །མ་བཅོས་རང་བཞིན་མེད་པ་ལས། །སྒོམ་པ་འདི་ལས་མེད་པར་བདག་གིས་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །རྩེ་མོ་བྱུང་རྒྱལ་དང་རྗེས་སུ་འབྲེལ་བའི་དབང་དགུ་པ་བསྐུར་བ་ལ་དགུ་ལས། དང་པོ་ནི། ཡེ་ཤེས་གསལ་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ཉི་མའི་དཀྱིལ་འཁོར་ཆེན་པོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། སྣང་སྲིད་ཐམས་ཅད་ནམ་མཁར་གཅིག་པས་རེ་དོགས་ཐམས་ཅད་མེད་པའི་གདིང་ནི་ས་ཐོབ་པ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཐིག་ལེ་ཆེན་པོའི་སྤྱོད་པ་གཅིག་ལས་མ་འདས་ཏེ། འཕྲུལ་གྱི་མེ་ལོང་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་ཡེ་ཤེས་གསལ་བའི་མན་ངག་གིས་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་གདབ། བླ་མའི་ཙིཏྟའི་པད་འདབ་བདུན་པ་ལ་གནས་པའི་ཨ་དང་། དཀྱིལ་འཁོར་གྱི་པད་འདབ་བདུན་པ་ལ་གནས་པའི་ཨ་འོད་དུ་ཞུ་བ་ལ་སོགས་པ་ཨ་བཞི་བསྐོར་གྱི་དམིགས་པ་སྤྱིར་འགྲེ། ཁྱད་པར་གྱི་དམིགས་པ་ལུས་འོད་ཀྱིས་གང་བ་ཇེ་ཆེར་སོང་བ་ལ་སེམས་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་བུམ་དབང་སྨོན་ལམ་དང་བཅས་པས་བརྟན་པར་བྱེད་པ་འགྲེ། རྗེས་ཤེས་ལུས་འོད་ཆེར་འཕེལ་བ་ལ་ཤེས་པ་གཏད་ནས། གནས་པ་མེད་པའི་ཚུལ་གྱིས་གནས་པར་ཀུན་ལ་འགྲེའོ། །དྲུག་པ་དབང་གི་
༢༢༦དཔེ་ནི། ཉི་མའི་དཀྱིལ་འཁོར་ཆེན་པོ་ལྟ་བུའོ། །ཞེས་པས་ཉི་མའི་དཀྱིལ་འཁོར་ཆེན་པོ་ལ་གསལ་འགྲིབ་མེད་པ་བཞིན། ཡེ་ཤེས་གསལ་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། ཏིང་ངེ་འཛིན་བྱིང་རྒོད་དང་བྲལ་བས་གསལ་འགྲིབ་མེད་པར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཡེ་ཤེས་ཕྲེང་བ་ཞེས་བྱ་བའི་མན་ངག་ལས། སྣང་སྲིད་ཡེ་ཤེས་ངང་དུ་གསལ། །ཞེས་སོ། །བརྒྱད་པ་མན་ངག་གི་དགོངས་འགྲེལ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པས་སངས་རྒྱས་ཉིད་ལས་གཞན་པ་ངང་གིས་མེད་པས་འཁོར་བ་ཀ་ནས་དག་པས་ཐམས་ཅད་ཡེ་ཤེས་སུ་གསལ་བར་ཁོང་དུ་ཆུད་པའི་སངས་རྒྱས་དགོངས་པའི་ཞེ་ཕུག་རྟོགས་པ་ཞེས་བྱའོ། །དེའི་ཕྱིར་ན་ཉི་མའི་དཀྱིལ་འཁོར་འོད་ཀྱང་ངོ་བོར་འཆར་བ་དང་མཚུངས་སོ། །ངང་དུ་གསལ་ཞེས་པ་ནི། ཉི་མ་དང་འོད་དབྱེར་མེད་པ་དང་འདྲ་སྟེ། མི་རྟོག་པ་དང་རྟོག་པ་དབྱེར་མེད་དུ་རྟོགས་པས་དག་གོ །དེའི་ཕྱིར་གསལ་ལ་རྟོག་པ་མེད་པ་ཞེས་བྱའོ། །དེ་ཡང་གུ་རུ་ཆེན་པོས། ཐམས་ཅད་ཡེ་ཤེས་གསལ་པའི་ངང་། །དེ་ལྟར་རྟོགས་པས་དག་པ་ཡིན། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། རྩེ་མོ་བྱུང་རྒྱལ་གྱི་དགོངས་པ། རྩོལ་མེད་ཀློང་རྡོལ་གླུའི་བསམ་གཏན་ཤིང་ནལ་བྱི་ས་ལའི་རྩར། དམར་རེངས་གསུམ་པ་ཤར་ཙམ་ན་སྨད་འཚོང་མ་བྷུདྡྷ་མ་ཏི་འདི་སྐད་ལོ། །ཨེ་མ་ཧོ་ཆོས་ཉིད་བྱང་ཆུབ་སེམས། །བརྟག་ཏུ་མེད་དེ་སྤྱད་དུ་མེད། །བཙལ་ཞིང་གཉེན་པོས་བཅོས་སུ་མེད། །སེམས་ལས་སངས་རྒྱས་ལོགས་ན་མེད། །བཙལ་བས་མི་རྙེད་སེམས་ལས་སངས་རྒྱས་མེད། །སེམས་ཀྱི་རང་བཞིན་མ་བཅོས་སངས་རྒྱས་ཡིན། །གདོད་ནས་མ་བཙལ་བྱང་ཆུབ་སྙིང་པོ་ལ། །ཏིང་
༢༢༧འཛིན་མ་བསླད་ངང་གིས་གསལ་བ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །སྤྱི་གཅོད་དང་རྗེས་སུ་འབྲེལ་བ་དབང་བཅུ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། བདེ་བ་ཆེན་པོས་རིག་པ་རྩལ་གྱི་དབང་བསྐུར་བ་ལྷ་བདུད་རྩིས་འཚོ་བ་ལྟ་བུའོ། །གཉིས་པ་དབང་བསྐུར་བས་གདིང་ཅི་ཐོབ་ན། རིག་པ་ཕྱོགས་བྲལ་རྟོགས་པས་གོལ་སྒྲིབ་ཀྱི་གཡང་ས་མེད་པའི་གདིང་ནི། འཕྲུལ་གྱི་སྐྱེས་བུ་བགྲོད་པ་ལྟ་བུ་ཐོབ་བོ། གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། དབྱེ་བ་མེད་པ་ཀུན་ལ་སྤྱོད་པ་སྟེ། ཀུན་ཏུ་རྒྱུ་འཇིགས་པ་མེད་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་བདེ་བ་ཆེན་པོས་རིག་པ་རྩལ་གྱི་དབང་སྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་པདྨ་གསལ་གདབ། པད་འདབ་བརྒྱད་པའི་ཨ་བཞི་བསྐོར་གྱི་དམིགས་པ་འགྲེ། བུམ་དབང་སྨོན་ལམ་དང་བཅས་པས་དབང་བརྟན་པར་བྱེད་པ་འགྲེ། རྗེས་ཤེས་རྟོག་པ་ཡེ་ཤེས་སུ་རྒྱས་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ལྷ་བདུད་རྩིས་འཚོ་བ་ལྟ་བུའོ། །ཞེས་པས་ལྷ་ལུས་ཟག་པ་དང་བྲལ་ཞིང་བདེ་ཉམས་དང་ལྡན་པ་བཞིན་དུ་རྟོག་པ་ཡེ་ཤེས་སུ་རྒྱས་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སེམས་ཀྱི་འཁོར་ལོ་ཞེས་བྱ་བའི་མན་ངག་ལས། སེམས་ཀྱི་བདེ་ཆེན་ཉམས་མྱོང་གསལ། །ཞེས་སོ། །བརྒྱད་པ་མན་ངག་གི་དགོངས་འགྲེལ་ནི། སྣང་སྲིད་ཐམས་ཅད་ཡེ་ཤེས་སུ་གསལ་བ། སེམས་བདེ་བ་ཆེན་པོར་གསལ་བས་དེ་བཞིན་དུ་ཉམས་སུ་མྱོང་བའི་རྣལ་འབྱོར་པའི་ཉམས་ནི། ལྐུགས་པས་
༢༢༨མར་མྱོང་བ་དང་འདྲ་བས་གཉིས་ས་མེད་པའི་བདེ་བ་ཆེན་པོ་མ་བཅོས་མ་བསླད་པར་ཉམས་སུ་མྱོང་བའོ། །དེས་ན་ལྷའི་ལུས་བདུད་རྩིས་རྒྱས་པས་བདེ་བ་དང་ལྡན་པའོ། །གསལ་ཞེས་བྱ་བ་ནི། བྱིང་རྒོད་བདེ་བ་ཆེན་པོར་གསལ་བའོ། །དེས་ན་བྱིང་རྒོད་མ་བཅོས་པར་ཡན་པའོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་བདེ་བ་ཆེན་པོ་ལས་མ་གཡོས་པར་རྟོགས་པའོ། །དེ་ཡང་ལུང་ཕྱི་མ་ལས། ཉམས་སུ་མྱོང་བའི་བདེ་ཆེན་ནི། །ཐམས་ཅད་གསལ་བ་ཞེ་ཕུག་ཉིད། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། སྤྱི་གཅོད་ཀྱི་དགོངས་པས་གསང་བ་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནྱ་གྲོ་དྷའི་རྩར་སྲོད་གྱི་ཐུན་ལ་འཇམ་དཔལ་བཤེས་གཉེན་ཕྱི་མ་འདི་སྐད་ལོ། །ཧཱུྃ་ཀུན་གཞི་ཡངས་པའི་དབྱེ་ཐང་ལ། །དག་པའི་ཀློང་ནས་ཉི་མ་ཤར། །ཤར་བའི་དུས་ན་ནུབ་པ་མེད། །ཤར་ནས་མ་བཅོས་གསལ་བ་ལས། །སངས་རྒྱས་ཆོས་ཉིད་སྔ་ཕྱི་གསུམ། །གང་དུ་བཙལ་ཡང་རྙེད་ཐབས་མེད། །ཀུན་གཞི་ཡངས་པའི་ཆོས་ཉིད་ལ། །རིག་པ་སེམས་ཀྱི་ཉི་ཤར་བ། །མ་བཅོས་ནུབ་པ་མེད་པ་ལས། །སྒོམ་དུ་འདི་ལས་མེད་པར་འཁུམས། མྱོང་ན་སེམས་ཀྱི་བདུད་རྩི་མྱོང་། །བལྟ་ན་རིག་པའི་ཡེ་ཤེས་ལྟོས། །པདྨ་ཀོ་ལ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །སྤྱི་ཆིངས་དང་རྗེས་སུ་འབྲེལ་བ་དབང་བཅུ་གཅིག་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། སེམས་གྱིན་འདའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ། དྲོང་སྲོང་རླུང་ནད་ཅན་སྨན་པའི་ངག་ཉན་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། སྣ་ཚོགས་སྐྱེ་མེད་དུ་འགྱུར་བ་དེ་ལས་མི་འགྱུར་བར་རྟོགས་པས་ཉོན་མོངས་པ་མི་སྤོང་བའི་གདིང་མགྲོན་པོ་འཁྲུལ་པ་སྤོང་བ་ལྟ་བུའོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བཀག་མེད་ཡོངས་རྫོགས་ཀྱི་སྤྱོད་པ་སྣ་ཚོགས་གཅིག་ཏུ་མཛད་པ་སྟེ་ལན་ཚྭའི་
༢༢༩རྒྱ་མཚོ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་སེམས་གྱིན་འདའི་མན་ངག་གིས་རིག་པ་རྩལ་གྱི་དབང་སྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་པདྨ་གསལ་གདབ། པད་འདབ་དགུ་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཤེས་རྟོག་པ་ཡེ་ཤེས་ཀྱི་དབང་དུ་འདུ་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དཔེ་ནི། དྲོང་སྲོང་རླུང་ནད་ཅན་སྨན་པའི་ངག་ལ་ཉན་པ་ལྟ་བུའོ། །ཞེས་པས་རླུང་ནད་ཅན་སྨན་པ་མཁས་པའི་ངག་ལ་མཉན་པས་འབད་མེད་དུ་གྲོལ་བ་བཞིན། སེམས་གྱིན་འདའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པས་དུག་ལྔའི་ནད་འབད་མེད་དུ་གྲོལ་བའོ། །ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སྒྲོན་མ་གསལ་བ་ཞེས་བྱ་བའི་མན་ངག་ལས། སེམས་ཉིད་གྱིན་འདའ་རྣལ་མར་ཞོག །ཅེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་སེམས་གྱིན་འདའ་མ་གཏོགས་པ་སྐྲའི་ཚལ་པ་བརྒྱར་གཤགས་པ་ཙམ་ཡང་མེད་པས། གྱིན་འདའ་མ་བཅོས་པ་རྣལ་མམ་བསླད་པ་ལ་གཞུག་པར་བྱ་སྟེ། ནམ་མཁའ་དང་སེམས་དང་ཆོས་ཉིད་ལ་སྦྱར་རོ། །དེས་ན་དྲོང་སྲོང་རླུང་ནད་ཅན་སྨན་པའི་ངག་ལ་ཉན་ནས་ལུས་ངག་ཡིད་གསུམ་གྱིན་འདར་གནས་པ་ལྟ་བུའོ། །རྣལ་མར་བཞག་ཅེས་བྱ་བ་ནི། ལུས་ངག་ཡིད་གསུམ་མ་བཅོས་པར་བཞག་པའོ། །དེའི་ཕྱིར་ན་ཆོས་ཐམས་ཅད་ནི་མ་བཅོས་པའོ། །ཞེས་གསུངས་པ་དང་འདྲའོ། །དེས་ན་གྱིན་འདར་གནས་པར་གྱིས་ཤིག །དེ་ཡང་ལུང་གི་རྒྱལ་པོ་ལས། སེམས་ཀྱི་དེ་ཉིད་མ་བཅོས་གསལ། །དེ་ལྟར་ཡིན་པའི་རྟོག་པ་མེད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། སྤྱི་ཆིངས་ཀྱི་དགོངས་པ་ནམ་མཁའ་ཀློང་རྡོལ་གླུའི་བསམ་
༢༣༠གཏན། དཔག་བསམ་ཤིང་གི་གྲིབ་མ་ལ། ཐོ་རེངས་ཁར་ཨཱ་པ་ལོ་འདི་སྐད་ལོ། ཧཱུྃ་བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། །ཕྱི་དང་ནང་མེད་ཀུན་ལ་གསལ་བར་སྣང་། །གདོད་ནས་དག་པས་ནམ་མཁའི་ཀློང་འདྲ་ལ། །རྣམ་རྟོག་སྲེག་བའི་ཡེ་ཤེས་མངོན་ཤར་བས། །སྐྱེ་འགག་ཡངས་དོག་རང་བཞིན་མེད་པ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཟ་ན་སེམས་ཉིད་བདུད་རྩི་ཟོ། །གོན་ན་ཆོས་ཉིད་གོས་སུ་གྱོན། །ཨེ་མ་ཀོ་ལ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །བདེ་བ་ཕྲ་བཀོད་དང་རྗེས་སུ་འབྲེལ་བ་དབང་བཅུ་གཉིས་པ་བསྐུར་ཐབས་ལ་དགུ་ལས། དང་པོ་ནི་རིག་པ་མི་གཡོ་བས་རིག་པ་རྩལ་གྱི་དབང་བསྐུར་བ་རྒྱ་མཚོ་ཆེན་པོའི་གཏིང་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། སྒོ་གསུམ་དཀྱིལ་འཁོར་དུ་འདུ་ཤེས་པས། སྒོ་གསུམ་གྱི་འཁྲུལ་པས་མི་འཇིགས་པའི་གདིང་ཐག་པ་ལ་སྦྲུལ་ཞེན་གྱི་ཞེན་པ་ལོག་པ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཡེ་ཤེས་རང་ཤར་གྱི་སྤྱོད་པ་ཀུན་ཏུ་མཛེས་པ་སྟེ། རིན་པོ་ཆེས་མགུལ་མཛེས་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་སེམས་མི་གཡོ་བས་རིག་པ་རྩལ་གྱི་དབང་སྐུར་ཐབས་ནི། ལུས་གནད་བཅའ། དྲག་རླུང་བུམ་པ་ཅན་བཟུང་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པདྨ་བཅུ་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་སྐོར་སྒོམ་ཞིང་བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཤེས་བདེ་ལ་མི་རྟོག་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དཔེ་ནི། རྒྱ་མཚོ་ཆེན་པོ་ལྟ་བུའོ། །ཞེས་པས་རྒྱ་མཚོ་ཆེན་པོ་ཁ་ཅུང་ཟད་རླུང་གིས་གཡོས་ཀྱང་གཏིང་གཡོ་བ་མེད་པ་བཞིན། རིག་པ་མི་གཡོ་བའི་མན་ངག་གིས་རིག་པ་རྩལ་
༢༣༡གྱི་དབང་ཐོབ་པས་ཏིང་ངེ་འཛིན་ལ་བྱིང་རྒོད་ཀྱི་སྐྱོན་གྱིས་མི་གནོད་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སྐྱེས་བུ་གྱད་ཀྱི་རྩལ་འཆང་ཞེས་བྱ་བའི་མན་ངག་ལས། རིག་པ་མི་གཡོ་རྒྱ་མཚོ་བཞིན་དུ་གནས། ཞེས་བརྗོད་དོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་རིག་པ་ཆེན་པོར་གསལ་བས་རེ་དོགས་ངང་གིས་མེད་དོ། །དེ་བས་ན་རིག་པ་འོད་གསལ་བར་གནས་པས་རིས་མེད་ནམ་མཁའ་དང་འདྲ་སྟེ། ཕྱོགས་བཅུ་གར་ཡང་ནམ་མཁའ་ལས་མ་འདས་པ་དང་འདྲ་བར་རྟོགས་པའི་རིག་པ་དང་ལྡན་པའི་རྣལ་འབྱོར་པས་དུས་གསུམ་དུ་རིག་པ་རང་བཞིན་གྱིས་འོད་གསལ་བའོ། །དེ་ཉིད་རྒྱ་མཚོ་ཆེན་པོ་གསལ་ལ་མི་གཡོ་བ་དང་འདྲའོ། །རྒྱ་མཚོ་བཞིན་དུ་གནས་ཞེས་བྱ་བ་ནི། ཆུ་ཕྲན་ཐམས་ཅད་རྒྱ་མཚོར་རོ་གཅིག་པ་དང་འདྲ་བས། ཆོས་ཐམས་ཅད་རིག་པ་འོད་གསལ་བར་རོ་གཅིག་པའོ། །དེས་ན་རྣམ་རྟོག་ཐམས་ཅད་ཡེ་ཤེས་སུ་རོ་གཅིག་པས་མི་སྤོངས་པའོ། །དེ་ཡང་རྒྱ་ལུང་ཆེན་མོ་ལས། སེམས་ཉིད་མི་རྟོག་ནམ་མཁའི་ངང་དུ་གསལ། །དེས་ན་མ་བཅོས་རྟོག་མེད་ངང་དུ་ཤར། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། བདེ་བ་ཕྲ་བཀོད་ཀྱི་དགོངས་པ། ཕྲིན་ལས་ཀློང་རྡོལ་གླུའི་བསམ་གཏན་རིན་པོ་ཆེའི་གླིང་ན་ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེ་འདི་སྐད་ལོ། །ཧཱུྃ་སེམས་ཉིད་སངས་རྒྱས་ཡིན་པ་ལ། །སེམས་ལས་སངས་རྒྱས་ལོགས་ན་མེད། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལ། །རིག་པ་མི་འགྱུར་རང་བཞིན་མེད་པ་འདི། །ཟབ་མོའི་ཆོས་དབྱིངས་མི་བརྗེད་དོན་དམ་གསལ། །རྒྱ་མཚོ་ཆེ་ལྟར་ཆོས་དབྱིངས་ཟབ་མོ་ལས། །རིག་པ་མི་འགྱུར་བཟོད་ཅིང་ནང་ནས་འཆར། །ཀུན་གཞི་གཏན་ནས་སྦྱོང་བའི་ཉི་ཆེན་པོ། །མཁའ་ལྟར་དག་པས་ཡོངས་ལ་ཁྱབ་པར་གདལ།
༢༣༢ཆོས་ཉིད་ཡེ་ནས་དག་པས་སྦྱང་དུ་མེད་པ་ལ། །རིག་པ་མི་འགྱུར་གདོད་ནས་གསལ་བར་གནས། །ཕྱིན་ཅི་ལོག་གིས་མ་བསླད་གསལ་བར་གནས། །བདེ་བར་གཤེགས་པའི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་ནམ་མཁའ་ཆེན་པོ་ལ། །རྣལ་འབྱོར་ཁྱུང་ཆེན་གཤོགས་པ་ལྡིང་། ཀརྨཱ་ཀོ་ལ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ སྲོག་གི་འཁོར་ལོ་དང་རྗེས་སུ་འབྲེལ་བ་དབང་བཅུ་གསུམ་པ་སྐུར་ཐབས་ལ་དགུ་ལས། དང་པོ་དབང་ནི། སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ནོར་བུ་རིན་པོ་ཆེ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། སྣང་སྲིད་ཡེ་ཤེས་སུ་རྟོགས་ཏེ། དེ་ཉིད་གདོད་ནས་བཅོས་སུ་མེད་པའི་གདིང་མཁའ་ལ་ཉི་མ་ཤར་བ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། སྒོ་གསུམ་ཆིག་ཆོད་དུ་གསལ་བའི་སྤྱོད་པ་རིག་པ་དུས་གཅིག་ཏུ་གསལ་བ་སྟེ། རོ་གསུམ་མ་འདྲེས་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་སྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་སྒོམ་དུ་གཞུག །ཙིཏྟའི་པདྨ་གསལ་གདབ། པདྨ་བཅུ་གཅིག་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་སྐོར་བསྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལུས་ཀྱི་འོད་རྫིང་དུ་རྡོ་བསྐྱུར་བའི་གཉེར་མ་ལྟར་མཆེད་ནས་ཡུལ་ཁམས་འོད་ཀྱིས་དཀར་མེར་ཁེངས་པ་ལ་རིག་པ་གཏད་ལ། བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་ནི་འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཞེས་པས། ནོར་བུ་རིན་པོ་ཆེ་ལས་མ་གཡོས་བཞིན་དུ་བསོད་ནམས་ཀྱི་དབང་གིས་དགོས་འདོད་
༢༣༣འབྱུང་བ་བཞིན། སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལས་མ་གཡོས་པར་དངོས་གྲུབ་གཉིས་ལྷུན་གྲུབ་ཏུ་འབྱུང་ངོ་། །ཞེས་མཚོན་པའོ། བདུན་པ་སྦུབས་མཆུ་ནི། ལྷ་མོ་མཁའ་ལྡིང་ཞེས་བྱ་བའི་མན་ངག་ལས། འཁོར་འདས་སེམས་ལ་རྫོགས་པར་ལྷུན་གྱིས་གྲུབ། །ཅེས་སོ། །བརྒྱད་པ་དགོངས་འགྲེལ་ནི། སེམས་ཀྱི་དེ་ཁོ་ན་ཉིད་ལ་སྣང་སྲིད་འཁོར་འདས་ཐམས་ཅད་ལྷུན་གྱིས་གྲུབ་པས། རྫོགས་པ་ཆེན་པོ་ཞེས་བྱ་སྟེ། དཔེར་ན་རི་བོ་ལྷུན་པོའི་ཁ་རུ་ཕྱིན་པས་གསེར་གྱི་རི་བདུན་ལས་ཕྱིའི་ལྕགས་རི་མན་ཆད་བཙལ་བ་མེད་པར་གསལ་བ་དང་འདྲ་བར་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་ན་ཆོས་ཐམས་ཅད་བཙལ་བ་མེད་པར་རྟོགས་པས་ཡོན་ཏན་ཐམས་ཅད་རྫོགས་པ་ཞེས་བྱའོ། །དཔེར་ན་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེས་ན་འདོད་པ་ཐམས་ཅད་འབྱུང་བའོ། །ཞེས་བྱའོ། །ལྷུན་གྱིས་གྲུབ་ཅེས་པ་ནི། བྱིང་རྒོད་ཡེ་ཤེས་ལྷུན་གྲུབ་ཏུ་གནས་པས་མི་འགལ་བའོ། །དེ་ཡང་ཀློང་ཆེན་འཁྱིལ་པ་ཞེས་བྱ་བའི་མན་ངག་ལས། སེམས་ལས་ཐམས་ཅད་རྫོགས་པར་ལྷུན་གྲུབ་སྟེ། །བཅོས་བསླད་དགག་སྒྲུབ་མེད་པར་ཡེ་ཤེས་གསལ། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། སྲོག་གི་འཁོར་ལོའི་དགོངས་པ། རང་བྱུང་ཀློང་རྡོལ་གླུའི་བསམ་གཏན། ནྱ་གྲོ་དྷའི་དགོན་པར་སྲོད་ཡོལ་བའི་དུས་སུ་དྲོང་སྲོང་བྷི་ཤ་ཏི་འདི་སྐད་ལོ། །ཧཱུྃ་མ་བཅོས་མཁའ་ལ་གཟའ་སྐར་ཀུན་འཕྱོ་བས། །གདོད་ནས་དག་པའི་མཁའ་ནི་མི་བརྗོད་དེ། །བྱང་ཆུབ་སེམས་ནི་མཁའ་ལྟར་དག་པ་ལ། །མཚན་མའི་རྣམ་རྟོག་སྒྱུ་མས་ཅི་བསླད་ཀྱང་། །རྣམ་དག་སེམས་ཉིད་དབྱིངས་ལ་འཕོ་འགྱུར་མེད། །ཆོས་དབྱིངས་བརྡལ་བ་ཆེན་པོའི་དཀྱིལ་འཁོར་ལ། །རིག་པ་ཡེ་ཤེས་དུར་ས་བཏབ་པ་ནི། །གསང་བའི་འོད་ཀྱི་དཀྱིལ་འཁོར་
༢༣༤གསལ་བར་འཆར། །ཤར་བ་ཉིད་ཀྱི་དོན་དེ་མ་ཡེངས་ལས། །སངས་རྒྱས་རྣམས་ལ་དགོངས་པ་འདི་ལས་མེད། །རིག་པ་ཡེ་ཤེས་རླུང་ཆེན་གྱིས། །རྣམ་པར་རྟོག་པའི་མུན་པ་གཡེངས། །ཨ་ཀ་ཤ་ཀོ་ལ་མ་དྷཱ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །རིན་པོ་ཆེ་ཀུན་འདུས་དང་རྗེས་སུ་འབྲེལ་བ་དབང་བཅུ་བཞི་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། གཉིས་མེད་ངང་གི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་མར་མེའི་འོད་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། འབྲས་བུ་དུས་གཅིག་ལ་རྟོགས་པས་རྒྱུ་ལ་ལྟོས་པ་མེད་པའི་གདིང་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། རྟོག་པ་རང་སོར་གཅོད་པ་ཇི་ལྟར་གནས་པ་ལྟར་བདེ་བ་སྟེ། ནམ་མཁའ་ལ་ཆར་བབས་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་གཉིས་མེད་ངང་གི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་བཟུང་། ཙིཏྟའི་པདྨ་གསལ་གདབ། པད་འདབ་བཅུ་གཉིས་པའི་ཨ་བཞི་བསྐོར་གྱི་དམིགས་པ་སྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལུས་ཀྱི་འོད་རྫིང་དུ་རྡོ་བསྐྱུར་བ་ལྟར་མཆེད་པ་དེ་ཆེར་མཆེད་ནས། འཇིག་རྟེན་གྱི་ཁམས་འོད་ཀྱིས་དཀར་མེར་ཁེངས་པ་ལ་སེམས་གཏད་ལ། བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་ནི་འཁོར་བ་ཡེ་བརྡལ་གྱི་དགོངས་པ་གསལ་ལ་རྟོག་མེད་ཀྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། མར་མེའི་འོད་ལྟ་བུའོ། །ཞེས་པས་མར་མེ་རང་གིས་རང་གསལ་བ་ལྟར། གཉིས་སུ་མེད་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སེམས་ཉིད་རང་གསལ་རྟོག་པ་མེད་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། མན་ངག་ཡེ་ཤེས་
༢༣༥འཁྱིལ་པ་ལས། །གཉིས་མེད་ཡེ་ཤེས་ངང་དུ་རོ་གཅིག་པས། ཞེས་སོ། བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་གཉིས་སུ་མེད་པར་གསལ་བ་རྟོགས་པས་ཐག་ཆོད་པར་བྱས་ལ། དེ་ནས་ཉམས་གསུམ་ལ་བཅོས་ཐབས་དང་བཅས་པས་གནས་པར་བྱ་སྟེ། གཉིས་མེད་ངང་ལས་མ་གཏོགས་པའི་ཆོས་ཏིལ་འབྲུ་ཙམ་ཞིག་མ་རྙེད་པས་གསལ་ལ་རྟོག་པ་མེད་པར་མར་མེ་རླུང་མེད་པ་ལྟར་གནས་པར་བྱས་ལ། དེ་ཉིད་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། རོ་གཅིག་པས་ཞེས་པ་ནི། བྱིང་རྒོད་གཉིས་མེད་དུ་རོ་གཅིག་པས་དགག་སྒྲུབ་དང་བྲལ་བའོ། །དེ་ཡང་བདུད་རྩི་འཁྱིལ་བ་ལས། ཐམས་ཅད་གཉིས་སུ་མེད་པའི་བྱང་ཆུབ་སེམས། །ཡིན་པར་བདག་ཅག་རྣམས་ཀྱིས་རྟོགས། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། རིན་པོ་ཆེ་ཀུན་འདུས་ཀྱི་དགོངས་པ་སྐྱེ་མེད་ཀློང་རྡོལ་གླུའི་བསམ་གཏན། རྒྱལ་བའི་དགོན་གནས་སུ་ནམ་སྨད་ལ་སྲས་མོ་གོ་མ་དེ་ཝཱི་འདི་སྐད་ལོ། ཧཱུྃ། སངས་རྒྱས་ཀུན་གྱི་ཐུགས་ཉིད་ཡི་གེ་ཨ་ཡིན་ཏེ། །ཨ་ཡི་རང་བཞིན་ཡེ་ནས་དངོས་པོ་མེད། བདེ་གཤེགས་ཀུན་གྱི་འབྱུང་གནས་ཨ་ཡིན་ཏེ། །བདེན་གཉིས་ལ་སོགས་སྣང་སྲིད་ཅིར་སྣང་ཡང་། །ཨ་ཡི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས། །འཕོ་འགྱུར་འདུ་འབྲལ་བརྟགས་ན་སངས་རྒྱས་ཏེ། །སྨྲ་བསམ་ཡུལ་ལས་འདས་པའི་བྱང་ཆུབ་དབྱིངས་ཉིད་ལ། །ཨ་ལྟར་སྐྱེ་བ་མེད་པའི་བྱང་ཆུབ་སེམས། །མ་བཅོས་མ་ཡེངས་མཉམ་པར་གཞག་པ་ལས། །བདག་གི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་དབྱེ་ཐང་ཆེན་པོ་ལ། །རིག་པ་ཡེ་ཤེས་རྟ་ཕོ་རྒྱུག །ཀ་པ་ལ་ཀ་མ་པ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ སྐྱེ་མེད་རང་རིག་དང་རྗེས་སུ་འབྲེལ་བ་དབང་བཅོ་ལྔ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། རྡོ་རྗེ་རང་འཁྲུངས་ཀྱི་
༢༣༦མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ཆུ་བོ་ཆེན་པོའི་གཞུང་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། སྣང་སྲིད་སྐྱེ་མེད་དུ་གསལ་བའི་འཁྲུལ་མ་འཁྲུལ་བླང་དོར་མེད་པའི་གདིང་རྨི་ལམ་གྱི་སྒྲ་སྙན་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི་སྒོ་གསུམ་རླུང་ཞུགས་ཀྱི་སྤྱོད་པ་ནི་དམ་ལས་མི་འདའ་བ་སྟེ། རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་རྡོ་རྗེ་རང་འཁྲུངས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་སྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་བཟུང་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པད་འདབ་བཅུ་གསུམ་པའི་ཨ་ཞུ་བའི་དམིགས་པ་བཞི་བསྐོར་སྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལུས་འོད་ཤིན་ཏུ་ཆེ་བར་མཆེད། ཨ་ནམ་མཁའི་མཐའ་ཀླས་པ་འོད་ཀྱི་རང་བཞིན་དུ་གྱུར་ནས་གཞོན་པའི་སེམས་མེད་པ་ལ་རིག་པ་གཏད་ལ། བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་འཁོར་བ་ཡེ་བརྡལ་གྱི་དགོངས་པ། །གསལ་ལ་རྟོག་མེད་ཀྱི་འཛིན་པ་རང་དག་གི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། །ཆུ་བོ་ཆེན་པོའི་གཞུང་ལྟ་བུ་ཞེས་པས། ཆུ་བོ་ཆེན་པོའི་གཞུང་ལ་རྒྱུན་ཆད་མེད་པ་བཞིན་དུ་རྡོ་རྗེ་རང་འཁྲུངས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། གསལ་ལ་རྟོག་མེད་ཀྱི་ཤེས་པ་དེར་འཛིན་དང་བྲལ་བ་དེ་རྒྱུན་ཆགས་སུ་གནས་སོ། །ཞེས་མཚོན་པའོ། བདུན་པ་སྦུབས་མཆུ་ནི། ཐིག་ལེ་ཉི་ཤར་ཞེས་པའི་མན་ངག་ལས། གཉིས་མེད་རྡོ་རྗེ་ཡེ་ཤེས་གསལ། །ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་རྡོ་རྗེ་རང་འཁྲུངས་སུ་སངས་རྒྱས་པས་སངས་མ་རྒྱས་པའི་ཆོས་ནི་གཅིག་ཀྱང་ཡོད་པ་མ་ཡིན་པས། ཐམས་ཅད་རིག་པའི་ཡེ་ཤེས་སུ་གསལ་བ་ཞེས་བྱ་སྟེ། དེས་ན་འཁོར་འདས་ཀྱི་
༢༣༧ཆོས་ཐམས་ཅད་ཡེ་ཤེས་ཀྱི་ཉི་མ་ཤར་བ་ཞེས་བྱ་སྟེ། དེ་ལས་གཞན་པ་ངང་གིས་མེད་དོ། །དེ་ལྟར་རྟོགས་ན་སངས་རྒྱས་ཞེས་བྱའོ། །དེ་བས་ན་ཆུ་བོའི་གཞུང་ཆེན་པོ་མི་འགྱུར་བ་དང་འདྲའོ། །རིག་པ་གསལ་བ་ཞེས་བྱ་བ་ནི། མཉམ་པའི་ངང་ལ་བཟང་ངན་གྱི་འདུ་ཤེས་དང་བྲལ་བའོ། །དེའི་ཕྱིར་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ལ་བློའི་རིག་པ་མ་བཅོས་པར་འཆར་རོ། །དེ་ཡང་གླང་པོ་རབ་འབོག་ལས། གཉིས་མེད་བདེ་ཆེན་ངང་གིས་གསལ། །དེ་བཞིན་མ་བཅོས་རྣལ་མར་ཞོག །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། སྐྱེ་མེད་རང་རིག་གི་དགོངས་པ། ཆོས་སྐུ་ཀློང་རྡོལ་གླུའི་བསམ་གཏན་ཙནྡ་ན་སྡོང་པོའི་རྩར་གུང་ཐུན་ལ། ཁ་ཆེའི་རྒྱལ་པོ་རབ་སྣང་འདི་སྐད་ལོ། ཧཱུྃ། བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ། །མཁའ་དང་འདྲ་བར་ཀུན་ལ་ཁྱབ་པར་སྣང་། སྣང་བ་ཉིད་ཀྱང་སྟོང་པ་སྟེ། །སྟོང་པའི་ཆོ་འཕྲུལ་ཅིར་སྣང་བ། །བསམ་དུ་རྡུལ་ཙམ་མེད་པ་ལ། །བརྗོད་དུ་མེད་པར་མ་ཡེངས་ཞོག །ཆོས་ཉིད་སེམས་ཀྱི་བདུད་རྩི་ཡིས། །ཁམས་གསུམ་འཁོར་བའི་ནད་པ་གསོས། ཀ་པ་ལ་ཀོ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །བདེ་འབྱམས་དང་རྗེས་སུ་འབྲེལ་བ་དབང་བཅུ་དྲུག་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་འདུན་མ་ལ་མོས་པའི་སྐྱེས་བུ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། གཉིས་སྣང་གི་ངོ་བོ་གཉིས་མེད་དུ་རྟོགས་པས་གཉིས་འཛིན་ཀུན་དང་བྲལ་བའི་གདིང་རང་སོར་གནས་པའི་ཤེས་པ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། འགྱུར་བ་མེད་པའི་སྤྱོད་པ་རྐྱེན་གྱིས་མི་འཕྲོག་པ་སྟེ། མ་ཧཱ་དེ་ཝའི་གདིང་ལྟ་བུ། བཞི་པ་ཕྲིན་ལས་འགྲེ། ལྔ་པ་བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱི་དབང་སྐུར་བའི་
༢༣༨ཐབས་ནི། ལུས་གནད་བཅའ་རླུང་གནད་དལ་བར་བརྟན། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པདྨ་འདབ་མ་བཅུ་བཞི་པའི་ཨ་ཞུ་བའི་དམིགས་པ་བཞི་བསྐོར་བསྒོམ་ཞིང་། ཁམས་གསུམ་དོང་སྤྲུག་གི་དགོངས་པ་འཇིག་རྟེན་གྱི་ཁམས་འོད་ཀྱིས་ཁྱབ་པ་ཐམས་ཅད་ཀྱང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ནས་ཐིག་ལེ་ཆེན་པོའི་རང་བཞིན་གསལ་བ་ཡུལ་གྱིས་མི་འཕྲོག་པ་ལ་རིག་པ་གཏད་ལ། སྒོ་གསུམ་ཁོང་ནས་ཀློད་དུ་བཅུག་ལ། དབང་བརྟན་བྱེད་ཀྱི་བུམ་དབང་སྨོན་ལམ་དང་བཅས་པ་ཡང་འགྲེ། རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུག་གི་དགོངས་པ་ཕྱི་རོལ་ཡུལ་གྱི་སྣང་བ་བློའི་ཡུལ་ལས་འདས་ནས་ཇི་ལྟར་སྣང་ཡང་། སྣང་ལ་ངོས་བཟུང་མེད་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། འདུན་མ་ལ་མོས་པའི་སྐྱེས་བུ་ལྟ་བུའོ། །ཞེས་པས་གཙོ་བོ་གཟུ་བོར་གནས་པའི་བློ་ཅན་ཞལ་ལྕེ་དྲང་པོར་གཅོད་པ་བཞིན། བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་རིག་པ་འཁྲུལ་ཕྱིར་དུ་མི་འབྲང་བར་ཕྱོགས་རིས་ཀྱི་འཛིན་པ་ལས་གྲོལ་ལོ་ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཆོས་ཉིད་ནམ་མཁའ་ལྟར་ཡངས་པ་ཞེས་བྱ་བའི་མན་ངག་ལས། བླང་དོར་མེད་ཅིང་མཉམ་པའི་ངང་དུ་གསལ། ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། སྣང་སྲིད་ཐམས་ཅད་མཉམ་པའི་ངང་དུ་གསལ་བ། དེ་ཡང་རང་བྱུང་ཡེ་ཤེས་ལྔ་རུ་རང་བྱུང་རང་ཐིམ་ལ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སངས་རྒྱས་པས། །སངས་རྒྱས་གཞན་ནས་བཙལ་དུ་མེད་དོ། །དེས་ནས་དགྲ་ཟུན་མཉམ་པའི་སྐྱེས་བུ་ལྟ་བུའོ། །དང་དུ་གསལ་ཞེས་པ་ནི་རྟོག་པ་ཐམས་ཅད་མཉམ་པའི་ངང་དུ་རོ་གཅིག་པས་དུག་ལྔ་མ་སྤངས་པར་རང་སར་དག་པའོ། །དེའི་ཕྱིར་མཉམ་
༢༣༩པའི་ངང་ལ་བློ་མ་བཅོས་པར་གནས་པའོ། །དེ་ཡང་དྲི་མེད་བཤེས་གཉེན་གྱི་མན་ངག་ལས། །དུག་ལྔ་ཡེ་ཤེས་ལྔ་རུ་གསལ། །དེ་ལྟར་རྟོགས་ན་རིག་མཆོག་ཡིན། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། བདེ་འབྱམས་ཀྱི་དགོངས་པ། སྐུ་གསུམ་ཀློང་རྡོལ་གླུའི་བསམ་གཏན་གྲོང་ཁྱེར་དཔལ་ཡོན་དུ་སྲོད་ཀྱི་དུས་སུ་རྒྱལ་པོ་དེ་ཝ་རཱ་ཛ་འདི་སྐད་ལོ། ཧཱུྃ། །སྣང་སྲིད་ཆོས་རྣམས་མངོན་དུ་ལྟོས་པ་རྣམས། །ཡང་དག་ཉིད་དུ་འདི་ལྟར་བསྒོམ་པར་བྱ། སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་པོའི་ངང་། །འདི་ལས་གཞན་མེད་མ་ཡེངས་མཉམ་བཞག་པས། །སྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་ནི་སྒྱུ་མའི་ཕུང་པོ་མིང་ཙམ་སྟེ། །སེམས་ནི་ཡེ་ཤེས་ཆེན་པོར་སོན། །ཙནྡྲ་དེ་བ་ཀོ་ས་ལ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །ནམ་མཁའ་རྒྱལ་པོ་དང་རྗེས་སུ་འབྲེལ་བ་དབང་བཅུ་བདུན་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་སྐྱེས་བུ་འདོད་ཆགས་ཀྱིས་གདུང་བ་ལྟ་བུའོ། གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། རང་བྱུང་དམ་ཚིགས་གསལ་བས་ཉམས་པའི་རྟོག་པས་མི་འཇིགས་པའི་གདིང་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྲན་གྱི་ཆད་པས་མི་འཇིགས་པ་ལྟ་བུ་ཐོབ་པོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། དམིགས་པ་མེད་པའི་སྤྱོད་པ་གང་དུ་ཡང་མི་རྟོག་པ་སྟེ། ནམ་མཁའ་ལ་ལྟ་བའི་སྐྱེས་བུ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་སྐུར་བའི་ཐབས་ནི་ལུས་གནད་བཅའ། འཇམ་རླུང་དལ་བ་བརྟེན། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པད་འདབ་བཅོ་ལྔ་པའི་ཨ་ཞུ་བའི་དམིགས་པ་བཞི་སྐོར་
༢༤༠སྒོམ་ཞིང་། ཁམས་གསུམ་དོང་སྤྲུག་གི་དགོངས་པ། འཇིག་རྟེན་གྱི་ཁམས་འོད་ཀྱིས་ཁྱབ་པ་ཐམས་ཅད་ཀྱང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ནས། ཐིག་ལེ་ཆེན་པོའི་རང་བཞིན་ཤིན་ཏུ་ཕྲ་ཞིང་གསལ་བ་ལ་རིག་པ་གཏད་ལ་སྒོ་གསུམ་ཁོང་ནས་ཀློང་དུ་གཞུག །དབང་བརྟན་བྱེད་བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུག་གི་དགོངས་པ། ནང་ཡིད་ཀྱི་རྟོག་པ་སྔ་ཕྱི་བློའི་ཡུལ་ལས་འདས་ནས། ཇི་ལྟར་འགྱུ་ཡང་ངོས་བཟུང་ལས་འདས་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། སྐྱེས་བུ་འདོད་ཆགས་ཀྱིས་གདུང་བ་ལྟ་བུ་ཞེས་པ། འདོད་ཆགས་ཀྱིས་གདུང་བའི་སྐྱེས་བུ་དེ་འདོད་ཞེན་ལས་གཞན་དུ་མི་གཡོ་བ་བཞིན་སེམས་རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་བློ་བྲལ་གྱི་རིག་པ་ཡུལ་ཕྱིར་དུ་མི་འབྲང་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། །ཡེ་ཤེས་ཆེན་པོ་ཞེས་པའི་མན་ངག་ལས། གང་ནས་བལྟས་ཀྱང་ཡེ་ཤེས་རྩེ་གཅིག་འཆར། ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། །ཆོས་ཐམས་ཅད་ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བས་ཡེ་ཤེས་ཟང་ཐལ་ཏེ། ཕྱི་ནང་སྒོ་ཕུགས་མེད་པར་གསལ་ལ་རྟོག་པ་མེད་པར་འཆར་རོ། །དེས་ན་གང་ལྟར་ཡང་ཡེ་ཤེས་རྩེ་གཅིག་པ་ཞེས་བྱ་སྟེ། སྐྱེས་བུ་འདོད་པས་གདུང་བ་སེམས་གཞན་དུ་མི་གཡོ་བ་བཞིན་ནོ། །རྩེ་གཅིག་འཆར་ཞེས་པ་ནི། བྱིང་རྒོད་གཉིས་ཡེ་ཤེས་རྩེ་གཅིག་པའི་སྐུལ་མ་ཡིན་ཏེ། ཤིང་བསྣོན་པའི་མེ་བཞིན་ནོ། །འཕགས་པ་དྲང་སྲོང་མིག་གི་མན་ངག་ལས། །ཡེངས་མེད་རྩེ་གཅིག་བསམ་དང་བྲལ། །དེས་ན་ཡེ་ཤེས་ཟང་ཐལ་ཡིན།
༢༤༡ཞེས་པས་གསལ་ལོ། །དགུ་པ་གླུ་ནི། ནམ་མཁའི་རྒྱལ་པོའ་དགོངས་པ་གྲོལ་བ་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། རཱ་ཛ་འདི་སྐད་ལོ། །ཧཱུྃ་སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལས། །གང་ལྟར་རྟོགས་ཤིང་ཇི་ལྟར་སྣང་བ་ཀུན། །འབྱུང་འཇུག་འབྱུང་བ་ཐམས་ཅད་མེད་ན་ཀུན་ཏུ་བཟང་། །གཉིས་སུ་མེད་པའི་རིག་པ་དེ། །ཀུན་ཏུ་བཟང་པོའ་སེམས་ལ་གནས། །རིག་པའི་དབྱིངས་ལས་མ་བསླད་པས། །སྒོམ་ཞིང་གནས་པ་འདི་ལ་མེད། །ཀྱེ་མ་མ་རྟོགས་སྙིང་རེ་རྗེ། །བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། དྷོ་ཧ་ཀོ་ས་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། ༈ །རྗེ་བཙུན་དམ་པ་དང་རྗེས་སུ་འབྲེལ་བ་དབང་བཅོ་བརྒྱད་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། མ་བཅོས་ལྷུན་གྱིས་གྲུབ་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་གཡོ་སྒྱུ་དང་བྲལ་བའི་མི་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། བདག་ཉིད་འབྲས་བུར་ཤར་བས་འབྲས་བུ་གཞན་ནས་མི་འཚོལ་བའི་གདིང་རྙེད་པ་ལྟ་བུའི་གདིང་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། གཉེན་པོ་མེད་པའི་སྤྱོད་པ་གང་ལྟར་སྤྱོད་ཀྱང་སྐྱོན་གྱིས་མི་གོས་པ་སྟེ། འཕྲུལ་གྱི་སྐྱེས་བུའི་མཛད་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་མ་བཅོས་ལྷུན་གྱིས་གྲུབ་པའི་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་དལ་བ་བརྟེན། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པད་འདབ་བཅུ་དྲུག་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་སྐོར་བསྒོམ་ཞིང་། ཁམས་གསུམ་དོང་སྤྲུག་གི་དགོངས་པ་འཇིག་རྟེན་གྱི་ཁམས་འོད་ཀྱིས་ཁྱབ་པ་ཐམས་ཅད་ཀྱང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ནས་ཐིག་ལེ་ཆེན་པོའི་རང་བཞིན་དུ་གསལ་བ་དེ་ཐིག་ལེ་ཤིན་ཏུ་ཕྲ་བ་ལ་འདུས་
༢༤༢ནས་དེ་ཡང་ཡལ་གྱིས་ཡལ་བ་ལ་རིག་པ་གཏད་ལ་ཅི་ཡང་ཡིད་ལ་མི་བྱ་བའི་ངང་ལ་རང་ལུགས་སུ་གློད་ལ། དབང་བརྟན་བྱེད་བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུག་གི་དགོངས་པ་གཟུང་འཛིན་གྱི་དྲི་མ་མཐའ་དག་དང་བྲལ་ནས། འགགས་མེད་ཀྱི་རང་རྩལ་འཁོར་འདས་ཀྱི་སྣང་བ་ཅིར་སྣང་ཅི་སྲིད་ཅི་ཤར་ཡང་ངོས་བཟུང་ལས་འདས་པའི་རང་རིག་ཡུལ་མེད་རང་གསལ་གྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དཔེ་ནི། གཡོ་སྒྱུ་དང་བྲལ་བའི་མི་ལྟ་བུ་ཞེས་པ་དཔེར་ན་མི་ཟོལ་མེད་གཡོ་སྒྱུ་དང་བྲལ་བས་མི་བསླུ་ངེས་པ་བཞིན་དུ། མ་བཅོས་ལྷུན་གྲུབ་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ཐོབ་པའི་སྟོབས་ཀྱིས་བསླུ་མི་སྲིད་དེ། གནས་ལུགས་རང་ངོ་ཤེས་རང་ས་ཟིན་རང་སར་གྲོལ་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ནམ་མཁའ་སྤྲིན་དང་ལྡན་པ་ཞེས་བྱ་བའི་མན་ངག་ལས། ཆོས་རྣམས་མ་བཅོས་ལྷུན་གྱིས་གྲུབ་པའི་ངང་། །ཞེས་ཚིག་ཕྱི་མ་ལན་གསུམ་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བཅོས་བསླད་དང་བྲལ་བ་རྣལ་མ་མ་བཅོས་པ་ལ། བློ་དེ་བཞིན་རྣལ་མར་གནས་པས་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྟན་པས་གསལ་བ་ལ། ཐམས་ཅད་ཀྱི་དངོས་གཞིའི་ཞེས་བྱའོ། །དེ་ཉིད་གཡོ་སྒྱུ་དང་བྲལ་བས་མི་མ་བཅོས་པ་དང་འདྲའོ། །ངང་ཞེས་པ་ནི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་ངང་ལས་མ་གཡོས་པའོ། །དེས་ན་བྱང་ཆུབ་ཀྱི་སེམས་ཀྱི་ཀློང་ལ་གནས་པ་ཞེས་པའོ། །དེས་བྱང་ཆུབ་སེམས་ཀྱི་ཀློང་ལ་གནས་ཞེས་བྱའོ། །དེ་ཡང་སྒོམ་ལུང་ཆེན་མོ་ལས། བཅོས་བསླད་མེད་པར་ཀ་ནས་དག་པ་
༢༤༣ལ། །གཉིས་སུ་འཛིན་པ་ཡང་ཡེ་ངང་གིས་མེད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། རྗེ་བཙུན་དམ་པའི་དགོངས་པ། ཤེས་རབ་ཀློང་རྡོལ་གླུའི་བསམ་གཏན། དབེན་པ་ཆེན་པོའི་གནས་སུ་བུདྡྷ་གུཔྟ་དི་སྐད་ལོ། །ཧཱུྃ་ཆོས་རྣམས་ཐམས་ཅད་མ་བཅོས་ཀུན་ཏུ་བཟང་པོ་ལ། །གསལ་ལ་འགྱུར་བ་མེད་པ་བྱང་སེམས་ངང་དེ་ལ། །མཚན་མའི་རྣམ་པར་རྟོག་པས་མ་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞིར་གནས་པ་ལས། །སྒོམ་པ་འདི་ལས་གུད་དུ་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་བལྟས་ན། །རྣམ་རྟོག་དྲི་མས་གོས་ཏ་རེ། །པྲཛྙཱ་ཀོ་ས་ལ་ཨ་ཧོཿ ཞེས་རྡོ་རྗེའི་ཀླུ་བླངས་སོ། ༈ །འདི་ལྟར་དབང་བཅོ་བརྒྱད་པོ་ཡང་སེམས་འཛིན་གྱི་དམིགས་པ་ལྔ་ལ་བརྟེན་ནས་ངོ་སྤྲད་པ་ཡིན་ཏེ། དམིགས་པ་དང་པོ་ཨ་དཀར་པོ་འོད་འཕྲོ་བ་ལ་སེམས་བཟུང་། གཉིས་པ་སྙིང་འོད་ཀྱི་གོང་བུ་ལ་སེམས་བཟུང་སྟེ་རླུང་རོ་བུས་ནས་འཇམ་རླུང་རྩོལ་མེད་དུ་འཛིན་པ་ཡིན་ནོ། །དམིགས་པ་གསུམ་པ་ལུས་འོད་ཀྱི་གོང་བུ་ལ་སེམས་བཟུང་སྟེ། དབང་གསུམ་པ་ནས་བཅུ་གཉིས་ཀྱི་བར་དུ་དྲག་རླུང་བུམ་པ་ཅན་བསྒོམ་ཞིང་། དེ་ཡང་དབང་ལྔའི་བར་དུ་ཐུན་གྱི་ངོ་བོ་དང་གྲངས་གཉིས་ཀར་འཕེལ། དེ་ནས་དབང་ལྔའི་བར་དུ་ཐུན་གྱི་ངོ་བོ་འཕེལ་གྲངས་འགྲིབ་བོ། །དེ་ནས་དམིགས་པ་བཞི་པ་འཁོར་བ་ཡེ་གདལ་ལ་སེམས་བཟུང་སྟེ། དབང་བཅུ་གསུམ་པ། བཅུ་བཞི་པ། བཅོ་ལྔ་པ་གསུམ་ལ་འཇམ་རླུང་བུམ་པ་ཅན་དུ་བྱས་ལ་ཐུན་གྱི་གྲངས་མི་བཟུང་ངོ་བོ་འཕེལ་ལོ། །དེ་ནས་དམིགས་པ་ལྔ་པ་ཁམས་གསུམ་དོང་སྤྲུག་ལ་སེམས་བཟུང་སྟེ། དབང་བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ་གསུམ་ལ་འཇམ་རླུང་རྩོལ་མེད་ཐུན་མཚམས་མེད་པར་ཉམས་སུ་བླངས་ཏེ། ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་
༢༤༤བྱའོ། །དེ་ལྟར་བསྒོམ་བྱ་སྒོམ་བྱེད་བྲལ་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པས། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལུས་ལ་གནས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་གནས་པའི་རང་བཞིན་གྱི་ཀུན་ཏུ་བཟང་པོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འདུས། དེ་ཡང་མཚན་དང་དཔེ་བྱད་བརྒྱད་ཅུ་རྩ་གཉིས་ཀྱི་རང་བཞིན་ཀུན་ཏུ་བཟང་པོ་བརྒྱད་ཅུ་རྩ་གཉིས་སུ་འདུས། དེ་ཡང་ཡེ་ཤེས་ཀྱི་རྩ་བཞི་བཅུ་རྩ་གཉིས་ལ་གནས་པའི་རང་བཞིན་གྱི་ཀུན་ཏུ་བཟང་པོ་ལྷ་བཞི་བཅུ་རྩ་གཉིས་སུ་འདུས། དེ་ཡང་སྙིང་གི་རྩ་འདབ་བཅུ་དྲུག་ལྟེ་བ་དང་བཅས་པ་ལ་གནས་པའི་རང་བཞིན་གྱི་ཀུན་ཏུ་བཟང་པོ་བཅོ་བརྒྱད་དུ་འདུས། དེ་ཡང་རྒྱུ་རྐྱེན་མེད་པར་རང་བྱུང་ཞིང་། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པས། བླང་བ་མེད་ཅིང་དོར་བ་མེད་པའི་ཕྱིར། ཀུན་ཏུ་བཟང་པོ་ཞེས་ཐ་སྙད་དུ་བཏགས་ཏེ། རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་སྒྲ་ཇི་བཞིན་པ་མ་ཡིན་པ། དོན་ཐུན་མོང་མ་ཡིན་པ། དགོས་ཆེད་ཀྱི་དབང་གིས་ཇི་ལྟར་བཏགས་ཀྱང་། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་བཞིན་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཐག་ཆོད་ན་དབང་ཐམས་ཅད་རྫོགས་པ་ཡིན་ནོ། །རྟེན་གྱི་གང་ཟག་ལས་དང་པོ་པ་རྟོག་པའི་ངང་ལ་མི་གནས་པ་བྱིང་རྒོད་ཀྱི་སྐྱོན་གང་བྱུང་ཡང་། བཅོས་པའི་ཐབས་གཉིས་ཏེ། སེང་གེའི་སྒྲ་ལྟར་བཅོས་པ་དང་། སེང་པ་ག་ལ་ལྟར་བཅོས་པའོ། །སེང་གེའི་སྒྲ་ལྟར་བཅོས་པ་ནི། གཅན་གཟན་གྱི་རྒྱལ་པོ་སེང་གེ་ནགས་ན་ཉལ་བ་ལ། །གཅན་གཟན་གཞན་གྱིས་ཐོ་འཚམས་པར་རྩོམ་ན། སེང་གེས་ངར་སྐད་བཏོན་པ་ཙམ་གྱིས་གཅན་གཟན་ཐམས་ཅད་ཟིལ་གྱིས་ནོན་ནས་འཐབ་པའི་རྩོལ་བ་མི་དགོས་པ་བཞིན། རིག་པ་རྩལ་གྱི་དབང་བཅོ་བརྒྱད་པོའི་དོན་དྲན་པ་ཙམ་གྱིས་བྱིང་རྒོད་དབྱིངས་སུ་ཡལ་ནས་ཐབས་སམས་རྟེན་འབྲེལ་ལ་རག་མ་ལུས་པར་ཤེས་པར་བྱའོ། །བཅོས་
༢༤༥ཐབས་གཉིས་པ་སེང་པ་ག་ལ་ལྟར་བཅོས་པ་ནི། སེང་པ་ག་ལའི་ཡན་ལག་ལ་མདུན་རྒྱབ་མེད་ཅིང་ལུས་ཀྱི་མཐའ་ཡན་ལག་གིས་འཁོར་བས། མགོ་འཕངས་གཡས་གཡོན་གང་གིས་ཀྱང་འགྲོས་ཤེས་པ་བཞིན། རིག་པ་རྩལ་གྱི་དབང་བཅོ་བརྒྱད་ཀྱི་དོན་དྲན་པ་ཙམ་གྱིས་ལམ་དུ་མ་འགྱུར་པ་གང་ཡང་མེད་དེ། འགལ་རྐྱེན་ལྟར་སྣང་བ་ཐམས་ཅད་ཀྱང་རང་བྱུང་གི་ཡེ་ཤེས་རང་ཆས་སུ་གནས་པ་དེ། རང་སྣང་བ་ལས་གཞན་པའི་སེམས་མེད་པས་ཐག་ཆོད་པ་བྱིང་རྒོད་དབྱིངས་སུ་ཡལ་ཞིང་འཁྲུལ་སྣང་རང་སར་གྲོལ་ནས་འགལ་རྐྱེན་གྲོགས་སུ་འཆར་རོ། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ནི། ཐོག་མར་གཏང་རག་གཏོང་སྟེ། སྤྱིར་གྱི་དབང་བཅོ་བརྒྱད་པོ་རེ་རེའི་རྗེས་སུ་ཡང་། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ཅི་འབྱོར་པའི་ཡོན་དངོས་སུ་འབུལ་བའམ། མཎྜལ་འགྲིམ་སྡུད་བྱས་ནས་ཡིད་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་དབུལ་བར་བྱ་ཞིང་། སྐབས་འདིར་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བྱ། ཆོས་སྐྱོང་ལ་གཏང་རག་གཏོང་། སྐྱེ་བོར་སྦྱིན་གཏོང་བྱ། བླ་མར་འཁོར་གསུམ་ཡོངས་དག་གི་གཏང་རག་གིས་མཉེས་པར་བྱས་ལ། སློབ་མ་རྣམས་ཀྱིས་རྟོགས་པ་འབུལ་ཞིང་། དེའི་ལན་དུ་བླ་མས་ཀྱང་སེམས་སྡེ་སྤྱིའི་དགོངས་པ་རིན་པོ་ཆེ་ཀློང་རྡོལ་གླུའི་བསམ་གཏན་ཤྲཱི་སིཾ་ཧས། བསམ་གཏན་གྱི་ཁང་པར་ཚོགས་ཀྱི་མཆོད་པའི་དུས་སུ་གླུ་བླངས་པ་བཞིན་དུ། རྡོ་རྗེའི་གླུ་བླངས་པར་བྱ་སྟེ་འདི་སྐད་ལོ། །ཧཱུྃ་ཇི་ལྟར་བསམས་ཀྱང་བསྒོམ་དུ་མེད། །ཇི་ལྟར་སྨྲས་ཀྱང་སྤྱད་དུ་མེད། །ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལས། །བཙལ་བ་མེད་པར་འོད་ཤར་ཏེ། །བསམ་དུ་མེད་པའི་ཆོས་ཉིད་ལ། །ཡེངས་པ་མེད་པར་མཉམ་པར་གཞག །སྒོམ་པ་འདི་ལས་མེད་པར་འཁུམས། །རིག་པ་ཡེ་ཤེས་མདུང་རྩེ་ཡིས། །རྣམ་རྟོག་དགྲ་བོ་རྡུལ་དུ་རློག །རཏྣ་ཀོ་ས་ལ་ཨ་ཧོཿ ཞེས་རྡོ་
༢༤༦རྗེའི་གླུ་བླངས་སོ། །དེ་ནས་བུམ་པ་དང་རྡུལ་ཚོན་རྣམས་བསྡུ་ཞིང་བུམ་ཆུ་དང་རྡུལ་ཚོན་དོན་དུ་གཉེར་བ་ཡོད་ན་སྦྱིན། མེད་ན་རི་བོའི་རྩེའམ་ཆུ་བོ་ཆེན་པོའི་རྒྱུན་ལ་བསྐྱལ་བས་རླུང་དང་ཆུ་རྒྱུན་ཕོག་པའི་སེམས་ཅན་རྣམས་འབད་མེད་དུ་གྲོལ་བར་བསམ། བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་བཏབ་ལ། མཇུག་བཀྲ་ཤིས་ཀྱིས་བསྡུ། ཞག་གཅིག་གནས་སྲུང་བའི་ཆོ་ག་བྱ་ཞིང་། ཉམས་དང་རྟོགས་པ་ཅི་འཕེལ་དུ་བསྐྱོངས། སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲད་པའི་ཐབས་རིག་པ་རྩལ་གྱི་དབང་བཅོ་བརྒྱད་པ་སྐུར་བའི་ཆོག་ཁྲིགས་འདི་སྔ་རབས་པ་འགའ་ཞིག་ལ་ཕྱག་ལེན་ཅུང་ཟད་མི་འདྲ་བར་སྣང་ཡང་། རྒྱ་གར་མཁས་པ་ཉི་ཤུ་རྩ་གཅིག་རིམ་པར་བརྒྱུད་པའི་གདམས་ངག་དང་། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་འདྲ་འབག་དང་། བོད་ཀྱི་བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་ཀྱི་ཡི་གེའི་རིགས་རྣམས་དང་། དྲིན་ཅན་ཟུར་མོའི་ཕྱག་ལེན་རྣམས་གུང་བསྒྲིགས་ནས་ལག་ཏུ་བླང་བདེ་བའི་ཕྱིར་སེམས་སྡེའི་རྒྱུད་འགྲེལ་མན་ངག་དང་བཅས་པ་རྣམས་དང་མི་འགལ་བར་བསྡེབས་པ་འདི་ནི་བྱ་བཏང་གི་སྦྲང་པོ་རྡོ་རྗེ་དཔལ་བཟང་པོས། ཆུ་བོ་ཆེན་པོ་པཀྵུའི་གཡས་འགྲམ་ཆོས་ལྡིང་ཞེས་བྱའི་རི་ཁྲོད་དུ། མཚན་ལྡན་ཞིག་པོ་རིན་པོ་ཆེའི་ཆོས་བརྒྱུད་དྲི་མ་མེད་པར་འཛིན་པའི་དགེ་བའི་བཤེས་གཉེན་ར་དུང་བྲག་པས་སྦྱིན་བདག་བགྱིས་ནས་ལྕགས་མོ་སྦྲུལ་གྱི་ལོ། དབྱར་ཟླ་ཐ་ཆུང་གི་ཡར་ངོ་ལ་ཡི་གེར་བཏབ་པའོ། །འདིས་སེམས་ཅན་དཔག་ཏུ་མེད་པ་རྩོལ་བྲལ་རྫོགས་པ་ཆེན་པོའི་དོན་རྟོགས་ནས་འཁྲུལ་སྣང་རང་སར་གྲོལ་བའི་རྐྱེན་བྱེད་པར་གྱུར་ཅིག །ངེས་དོན་མཐར་ཐུག་རྫོགས་ཆེན་གྱི། །སྙན་བརྒྱུད་ཞལ་གྱི་གདམས་པ་འདི། །ཡི་གེར་བཀོད་པར་མི་འོས་ཀྱང་། །བརྡ་དོན་བརྒྱུད་པའི་དོན་ཆེད་དུ། །
༢༤༧བརྟོན་པ་བཞི་ཡི་རྗེས་འབྲང་ནས། །རིག་པའི་རྩལ་དབང་བཅོ་བརྒྱད་ཀྱི། །ངོ་སྤྲོད་དབང་གི་ཕྱག་ལེན་འདི། །ལྷག་པའི་བསམ་པས་ཡི་གེར་བཀོད། །འདི་ལ་ནོངས་པའི་ཚོགས་མཆིས་ན། །བླ་མ་ཡི་དམ་བཀའ་སྲུང་གིས། རང་གཞན་དོན་ལ་དགོངས་མཛད་ནས། །ཐུགས་རྗེས་ཉེ་བར་བཟུང་བར་རིགས། །གལ་ཏེ་བདག་གི་ངལ་བ་འདི། །དོན་ཡོད་སྲིད་ན་དགེ་བ་དེས། །མ་ལུས་སེམས་ཅན་ཐམས་ཅད་ཀུན། །བླ་མེད་བྱང་ཆུབ་ཐོབ་པར་སྨོན། །མ་བཅོས་རང་སྣང་རོལ་པ་དང་། །འཁྲུལ་ཤེས་ཡུལ་དང་བཅས་པ་དག་བྱེ་བྲག་མ་ཕྱེད་གཏི་མུག་བློས། །ཉམས་དང་རྟོགས་པར་རློམས་པ་དང་། །མཁས་པ་མངོན་པའི་ང་རྒྱལ་ཅན། །ངེས་པའི་དོན་ལ་སྐུར་འདེབས་ཤིང་། །ཆོས་སྤོང་ལས་ཀྱི་ཁུར་འཁུར་བས། །མནར་མེད་གནས་སུ་སྙེགས་པ་དང་། །ཁ་འབྱམས་ལྟ་བའི་རྫོང་བཟུང་ནས། །བསླུ་མེད་རྒྱུ་འབྲས་ཁྱད་གསོད་ཅིང་། །གཟུ་བོར་གནས་པའི་བློ་བོར་ནས། བདག་བསྟོད་གཞན་ལ་སྨོད་པ་དང་། །མཁས་པའི་བླ་མ་མ་བསྟེན་ཅིང་། །རྣམ་དག་གཞུང་ལུགས་མ་སྦྱོངས་པས། །གནས་ལུགས་དྲི་མེད་རྟོགས་དཀར་ཡང་། །མུ་ཅོར་སྨྲ་བའི་བླུན་པོ་རྣམས། །རེ་ཞིག་ཐུགས་རྗེའི་ཡུལ་མིན་ཡང་། །རང་བྱུང་རིག་པའི་བྱིན་རླབས་ཀྱིས། །རྩོལ་བྲལ་ཐེག་པའི་སྣོད་གྱུར་ནས། །ཡང་དག་དོན་ལ་འཇུག་པར་ཤོག །ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ། །བཀྲ་ཤིས་དང་བདེ་ལེགས་ཀྱིས་ཁྱབ་པར་གྱུར་ཅིག །དགེའོ།། །།

༄༅། ཁྲིད་བརྒྱའི་མཚན་ཐོ་དམིགས་བསལ་ནི། །

༣༦༣ ཁྲིད་བརྒྱའི་མཚན་ཐོ་དམིགས་བསལ་ནི།། །
༣༦༤ ཚེ་འདིར་འབད་པ་དུ་མ་ཡིས། །གྲོག་མཁར་སྦྲང་རྩིའི་དཔེ་ཇི་ལྟར། །བླ་མའི་གསུང་ལས་ཐོས་པའི་ཆོས། །ཁྲིད་བརྒྱའི་མཚན་ཐོ་འདི་ལྟར་ལགས། །ཞེན་པའི་གཞི་རྩ་བློ་སྦྱོང་མཚོན་ཆས་དྲལ། །རྟེན་འབྲེལ་སྙིང་པོས་སྐྱིད་སྡུག་ལམ་དུ་ཁྱེར། །སུམ་པའི་བློ་སྙོམས་སེམས་སྦྱོང་གཅོད་ཀྱིས་བཅད། །སྙིང་པོའ་དོན་ལ་རང་སེམས་ངལ་སོ་བསྟེན། །སྐྱེས་བུ་གསུམ་ལ་བསྟན་རིམ་སོ་སོར་སྟོན། །སྲིད་ཞི་མཉམ་ཉིད་དབུ་མ་ཆེན་པོའ་ངང་། །བཀའ་གདམས་ལྐོག་ཁྲིད་ལྷ་བཞིའི་གཟེར་བུ་ཅན། །དཔེ་ཆོས་སྦྱར་ནས་སྙིང་གི་ཐིག་ལེ་འཆད། །བཀའ་བབས་དྲུག་དང་ཞི་བྱེད་རྨོས་གླང་བསྡེབས། །བསྒོམ་རིམ་སྒོ་འཕར་བྱམས་ཆོས་འཕྲུལ་གྱིས་འབྱེད། །རང་གཞན་སྟོང་པའི་ལྟ་ཁྲིད་ཟུང་དུ་འབྲེལ། །སྦས་དོན་ཁྲིད་མུན་ཀུན་གྱི་སྣང་གསལ་ཕྱེད། །ཚེ་གྲངས་དཔག་མེད་ཨ་མ་སྒྲོལ་དཀར་གྱི། །ཚེ་གཏེར་དཀར་པོའ་སྒྲུབ་བྱང་མི་ཏྲས་བརྙེས། །སྨར་ཁྲིད་རིགས་བཞིའི་ཆུ་རྒྱུན་སོ་སོར་འབབ། །བདེ་ཀྱེའི་སྨར་ཁྲིད་དགའ་རབ་རྡོ་རྗེའི་གཞུང་། །འཁོར་
༣༦༥ ཆེན་མེ་འོད་གཏུམ་པོ་ཧཱུྃ་སྒྲ་སྒྲོག །ཀུརྨ་སྒྱུ་སྣང་ཀུལླེ་སྣང་སྲིད་གཡོ། །སྦྱོར་དྲུག་གསལ་སྣང་སྡུག་གོམས་ངང་ནས་འཆར། །སྙན་བརྒྱུད་ལོང་འགྲོས་བསྙེན་སྒྲུབ་ལམ་ལ་ཁྲིད། །ལམ་དང་འབྲས་བུའི་གསང་བ་བསམ་མི་ཁྱབ། །ཟབ་པའི་ཚུལ་དགུ་ལྷན་ཅིག་སྐྱེས་པས་གྲུབ། །གཏུམ་མོ་ལམ་རྫོགས་ཡོན་པོ་སྲོང་བའི་སེམས། །ཐག་ཆོད་ཕྱག་རྒྱའི་ལམ་ལ་ཡི་གེ་མེད། །མདོ་རྒྱུད་གཉིས་བསྲེས་བར་ཆད་རྣམ་གསུམ་སེལ། སྡུག་བསྔལ་གསུམ་སེལ་གཉུག་མའི་དྲན་གསལ་ལྟོས། །དག་པ་གསུམ་ཞབས་རང་བྱིན་རླབས་དང་སྦྱར། །སྦས་ཏེ་བཤད་པས་བརྡའ་དོན་གསལ་བར་གྱིས། རིམ་ལྔའི་སྐས་འཛེགས་གྲོལ་བའི་ཐིག་ལེ་སོགས། །སྤྲོས་མེད་དབྱིངས་ནས་རྣལ་འབྱོར་བཞི་རིམ་འཆར། །རྭ་རྩེ་སེམས་འཛིན་མཚན་རྒྱུ་གྱེན་དུ་ཕྱོགས། །ཡབ་ཀྱི་འཕྲུལ་ལས་ཡུམ་གྱི་དབུ་མའང་ཐོན། །རིམ་ལྔ་རིམ་བཞིའི་ལམ་ནས་མཁའ་སྤྱོད་སྙོག །བདེ་མཆོག་དཀར་པོ་བྱང་ཆུབ་སྒྲུབ་པའི་ལྷ། །གདན་བཞི་མཆན་ཁུང་མཱ་ཡ་དབྱིབས་ཆོས་དང་།
༣༦༦ བོང་བུའི་ཕྲ་ཐིག་ཕག་མོ་སྒོམ་དྲུག་མཚར། །ནཱ་རོ་ཆོས་དྲུག་ཀ་དཔེས་ཞུས་དག་འཚོལ། །ནཻ་གུ་ཆོས་དྲུག་ཉམས་ལེན་སྙིང་པོའ་བཅུད། །གའུའི་ནང་ནས་ལམ་ཁྱེར་འཆི་མེད་ཐོན། །སུ་ཁའི་ཆོས་དྲུག་ལྟེ་སྤྲུལ་གཟེར་བུས་བསྡམས། །ལྷན་གཅིག་སྐྱེས་སྦྱོར་ལྔ་ལྡན་ཡི་གེ་བཞི། །སྐུ་གསུམ་ངོ་སྤྲོད་རླུང་སེམས་དབྱེར་མེད་འདྲེས། །མར་པའི་སྲས་མཁར་རྡོག་པའི་བསྲེ་འཕོས་གསོས། །སྙན་གྱི་ཤོག་དྲིལ་རྣམ་བཞིའི་ཀ་ཆེན་བཙུགས། །མི་ལའི་ཞལ་གདམས་རས་ཆུང་སྙན་ནས་བརྒྱུད། །ཞང་གི་ཟབ་བརྒྱར་་ལོའ་གསང་གཏམ་བྲིས། །ཕག་གྲུའི་དགོངས་པ་འབྲི་སྟག་སོ་སོར་ལེན། །འབྲུག་པའི་བླ་སྒྲུབ་རྟེན་འབྲེལ་རོ་སྙོམས་འཛོམ། །ལོ་རས་ཐུབ་པ་ལྔ་ལྡན་ཁྱད་ཆོས་འཛིན། །ཡང་དགོན་རི་ཆོས་ནོར་བུ་མིག་གསུམ་འདྲ། །སྐེད་ཆིངས་བསེབས་ནས་ཕྱག་བཞིའི་སྲོག་ཐིག་བྱུང་། །གུར་ལའང་འདྲ་ཅོག་ཡར་ལུང་པ་ཡིས་སྦྱར། །དོ་ཧའི་སྒྲོམ་ནས་གྲུབ་ཐོབ་ཆོས་དྲུག་ཕྱུང་། །པདྨའི་གསང་ལམ་རྒྱལ་པོའ་བཀའ་ཡིས་ཕྱེ། །མ་ནོར་བུ་སྨད་མཐོང་གྲོལ་ལམ་ཞུགས་ཏེ། །སེམས་ཁྲིད་ཡིད་བཞིན་ནོར་བུའི་གླིང་དུ་ཕྱིན། །སྤྱི་སྡོམ་ཁྲིད་ཚུལ་བརྒྱ་དང་བརྒྱད་ཀྱི་གྲངས། །གྲོལ་མཆོག་གི་བློ་མཚོ་ལས་སོ། །མངྒ་ལཾ།། ༈ །།མགོན་བརྒྱའི་མཚན་ཐོ། །ཚེ་འདིར་འབད་པ་དུ་མ་ཡིས། །གྲོག་མཁར་སྦྲང་རྩིའི་དཔེ་ཇི་ལྟར། །བླ་མའི་གསུང་ལས་ཐོས་པའི་ཆོས། །མགོན་བརྒྱའི་མཚན་ཐོ་འདི་ལྟར་ལགས། །གུར་བ་རི་ལུགས། ག་ཡ་དྷ་རའི་ལུགས། ཤྲཱིའི་ལྕམ་དྲལ། ལྷ་བརྒྱད། ལྷ་ལྔ། བཅུ་གཉིས་མ། བཅུ་བདུན་མ། ཡུམ་ཅན་མ། ཕུར་བུ་ཕྱི་ནང་གསང་བ། རུ་མཚོན། ཞལ་མགོན། བསྙེན་སྒྲུབ་ལས་སྦྱར། བྲམ་ཟེའི་རིག་གཏད། གདོང་བརྙན་ཅན། སྔོ། སེར། དམར། ལྗང་། དཀར་
༣༦༧ པོ། བྲམ་ན་གཤན་པ་དྲུག་སྐོར། ཕྱག་བཞི་པ་དཔའ་རྐྱང་། གཙོ་འཁོར་གསུམ། ལྷ་ལྔ། ལྷ་དགུ། ལྷ་བཅུ་གཉིས་མ། དཀར། དམར། བུམ་དབང་བཅུ་གཅིག་དབང་བཞི་རྫོགས། དར་དམར་མ། སེང་གདོང་མ། སེང་ཞལ་འབར་མ། ཕྱག་དྲུག་པ་བར་ཆད་ཀུན་སེལ། བླ་མ་མགོན་པོ་དབྱེར་མེད། གནད་དབབ་མཆིན་ཁ། གྲིབ་སེལ། སྔོ། དཀར། སེར། དམར། ལྗང་། རྒྱན་ཆེན། རྒྱན་ཆུང་། ཕྱག་སྟོང་སྤྱན་སྟོང་། ལྷ་མོ། །འཁོར་བཞི། རྣམ་སྲས་དཀར། སེར། དམར། ལྗང་། ནག །གར་མཁན་མཆོག །མདུང་དམར་ཅན། གསང་སྒྲུབ། རྡོ་རྗེ་བདུད་འདུལ། ཕྱི་ནང་གསང་བ། མི་ཏྲའི་གནོད་སྦྱིན་གཉིས། ཚོགས་བདག་དཀར་དམར། ཛམ་ལ། དཀར། དམར། སྲུང་མ་དྲུག་ཅུ། དཀར་པོ་བརྒྱད་ཅུ། སྒྲོལ་མ་བཅུ་གཉིས། བརྟན་མ་བཅུ་གཉིས། ཕུར་སྲུང་བཅུ་གཉིས། དཀར། བདུད། ལེགས་ལྡན་གསུམ། གྲི་གུག་ལྷ་ལྔ། མགོན་པོ་བཞི་སྦྲག་ཞལ་དམར་ཅན། བེར་ནག་ཅན། མ་ནིང་། ཨ་གྷོ་ར། སྟག་ཞོན། ། ཁྱི་ཞལ་ཅན། འབྲོང་ཞལ་མ། བེག་གདོང་། གྱིང་ལྔ། གཟའ་གདོང་། བཙན་བཀྲ། ལས་གཤིན། དུར་ཁྲོད་བདག་པོ། སྙན་བརྒྱུད་མགོན་པོ། རང་བྱུང་རྒྱ་ལ་མོ། དུད་སོལ། དམག་ཟོང་ཙནྟྲི་ཀ །དཔལ་ལྷ། དཔལ་ལྡན་མ། ཚེ་རིང་མ། རྒྱལ་ཐང་། ཝ་རུ་ཎ། མཆོག་སྦྱིན། སྔགས་བདག །ཨ་པ་ར་ཙིཏྟ། ཧ་རི་སིདྡྷི། ཛམ་སེར་ནག་བིང་དམར། ལྷ་མོ་ནམ་མཁའི་གོས་ཅན་མའོ། །དེ་ནས་རིགས་མཐུན་དུ་བསྡུས་ན། གུར་ཞལ། རྣམ་སྲས། ཞལ་ཕྱག་བཞི་དྲུག །ལེགས་ལྡན། མ་ནིང་། ཨ་གྷོ་ར། སྟག་ཞོན་། རྡོ་རྗེ་བདུད་འདུལ། ཚོགས་བདག །ཛམ་དམར། སྲུང་མ་དྲུག་ཅུ།
༣༦༨ དཀར་བདུད། ཕུར་སྲུང་། དུར་ཁྲོད་པ་དག་པོ། བེར་ནག་ཅན། ཞལ་དམར་བ། ལས་གཤིན། བིག་གདོང་། གཟའ་གདོང་། དུད་སོལ། དམག་ཟོར། ཞིང་སྐྱོང་། དཔལ་ལྷ། ཚེ་རིང་མ། རྒྱལ་ཐང་དཀར་པོ་རྣམས་སོ། གྲོལ་མཆོག་གེ་བཀའ་སྲུང་ངོ་། །མངྒ་ལཾ།། ༈ །།དབང་བརྒྱའི་མཚན་ཐོ་ངེས་གནས་ཡིན། །ཚེ་འདིར་འབད་པ་དུ་མ་ཡིས། །གྲོག་མཁར་སྦྲང་རྩིའི་དཔེ་ཇི་ལྟར། །བླ་མའི་གསུང་ལས་ཐོབ་པའི་ཆོས། །དབང་བརྒྱའི་ངེས་གནས་འདི་ལྟར་ལགས། དེ་ཡང་ཐོག་མར་རྒྱུད་ཐམས་ཅད་ཀྱི་བླ་མར་གྱུར་པ་ཟབ་པ་གཉིས་སུ་མེད་པ་དགེས་པ་རྡོ་རྗེ་མན་ངག་ལུགས་ཀྱི་རྡུལ་ཚོན་དང་། རས་བྲིས་ལ་བརྟེན་པའི་དབང་བཟླས་པ་ལན་ཉི་ཤུ་རྩ་གཅིག་ཞུས་ཤིང་། རྗེ་ཀུན་དགའ་མཆོག་གྲུབ་ལ་ལན་བདུན། གློ་བོ་མཁན་ཆེན་རིན་པོ་ཆེ་ལ་ལན་བདུན། རྗེ་སངས་རྒྱས་རིན་ཆེན་ལན་གཅིག །ལྷ་མཆོག་སེང་གེ་ལ་གསུམ། རྡོ་རིངས་ཀུན་སྤངས་ལ་གཅིག །འཕགས་ཆེན་དཔལ་ལྡན་བཀྲ་ཤིས་ལ་གཅིག་གོ །ཀྱེ་རྡོ་རྗེ་ཌོམྦྷི་ལུགས། གློ་བོ་མཁན་ཆེན་ལས་ཐོབ། ཀྱེ་རྡོ་རྗེ་མཚོ་སྐྱེས་ལུགས། གློ་བོ་མཁན་ཆེན་ལས་སོ། །ཀྱེ་རྡོ་རྗེ་ནག་པོ་ལུགས་ལ་སྐུ་གསུང་ཐུགས་སྙིང་པོ་ཀྱེ་རྡོ་རྗེར་ཕྱེ་བའི་དཀྱིལ་འཁོར་བཞི། གློ་བོ་མཁན་ཆེན་རིན་པོ་ཆེ་ལས། རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔ་མའི་རྡུལ་ཚོན་རས་བྲིས་ལ་བརྟེན་པའི་དབང་བཟླས་པ་ལན་བདུན་ཐོབ་ཅིང་། རྗེ་ཀུན་དགའ་མཆོག་གྲུབ་ལ་གཅིག །གློ་བོ་མཁན་ཆེན་རིན་པོ་ཆེ་ལ་ལན་བདུན། རྗེ་སངས་རྒྱས་རིན་ཆེན་ལ་གཅིག །ལྷ་མཆོག་སེང་གེ་ལ་གསུམ། རྡོ་རིངས་ཀུན་སྤངས་པ་ལ་གཅིག །འཕགས་ཆེན་དཔལ་ལྡན་བཀྲ་ཤིས་ལ་གཅིག་གོ །ཀྱེ་རྡོ་རྗེ་དྲག་པོ་གློ་བོ་མཁན་རིན་པོ་ཆེ་ལས། གདན་ཅན། རྐྱ་སྒོམ་ལེགས་པ་རྒྱལ་མཚན་ལས། ལྷ་བཅུ་བདུན་མའི་དབང་ངང་། བདག་མེད་ལྷ་མོ་ཉེར་གསུམ་མའི། རབ་གསལ་ཟླ་བ་མགོན་པོ་ལས་།།།་དབང་། ཀྱེ་རྡོར་མཚོན་ཆ་ཅན་ལྷ་བཅུ་གསུམ་མའི་དབང་། རྡོ་རྗེ་གུར། གློ་བོ་
༣༦༩ མཁན་ཆེན། སཾ་བུ་ཊི་གཉིས་ཀྱི་དབང་། རྔོག་ལུགས་ཀྱི་ཀྱེ་རྡོ་རྗེའི་དབང་། རྔོག་ལུགས་རྔོག་གདུང་བརྒྱུད་བློ་གྲོས་དཔལ་བཟང་ལས། བདག་མེད་ལྷ་མོ་བཅོ་ལྔ། རྔོག་ལུགས་རྡོ་རྗེ་གུར་གྱི་དབང་། གུར་ནས་གསུངས་རབ་གསལ་ཟླ་བ་མགོན་པོ་ལས། པའི། །རྡོ་རྗེ་སྒྲོལ་མའི་དབང་། གློ་བོ་མཁན་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་ཐོབ། ཀུ་རུ་ཀུལླེ་ལྷ་ལྔའི་དབང་སྟེ་ཀྱཻ་རྡོར་སྐོར་ལ་དབང་རྣམས་གྲང་བཅོ་བརྒྱད་ཐོབ། རྒྱ་ཆེ་བ་གཉིས་སུ་མེད་པ་དུས་ཀྱི་འཁོར་ལོའ་སྐོར་ལས། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དུ་བྱིས་འཇུག་བདུན། མཆོག་དབང་བཞི། བདག་པོ་ཆེན་པོ་སྟེ་དུས་འཁོར་ཡོངས་རྫོགས་བཟླས་པ་ལན་གསུམ་རྡུལ་ལོ་ཆེན་ལས་བུ་ལུགས། པཎ་ཆེན་ཤེས་རབ་བཀྲ་ཤིས་ལས་ཇོ་ནང་པའི་ལུགས། མུས་པ་དཀོན་མཆོག་གྲགས་ལས་དཔལ་ལྡན་བླ་མའི་ལུགས་རྣམས། མངོན་དཀྱིལ་སོ་སོའ་སྟེང་ནས་ཞུས་ཤིང་། པཎ་ཆེན་ཤེས་བཀྲས་པ་ལས་རྡུལ་ཚོན་གཞན་གཉིས་ལས་རས་བྲིས་སོ། །ཚོན་རས་བྲིས་ལ་བརྟེན་པ་ཐོབ་ཅིང་། དུས་འཁོར་ནས་གསུང་པའི་རྒྱུད་འཁོར་ལོས་སྒྱུར་བ་དྲུག་ལ། གསང་བ་འདུས་པ་ལྷ་དགུ་མ། ལྷ་བཅུ་གསུམ་མ། ལྷ་བཅུ་དགུ་མ། ལྷ་ཉེར་ལྔ་མ། ལྷ་སོ་གཉིས་མ། ལྷ་སོ་བཞི་མ་རྣམས་ཀྱི་དབང་། མ་རྒྱུད་།།།་གདོང་ཐམས་ཅད་མཁྱེན་པའི་མངོན་དཀྱིལ་སྟེང་ནས། ཟལ་མོ་གྲག་པ་གྲགས་པ་ཡེ་ཤེས་ལས་ཐོས་སོ། །གློ་བོ་མཁན་ཆེན་ཞབས་དྲུང་དུ་པཎྜི་ཏ་གྲགས་པ་རྒྱལ་མཚན་པའི་ཡི་གེའི་སྟེང་ནས་ཐོབ་ཅིང་། འཁོར་ལོ་སྡོམ་ཆེན། པཎ་ཆེན་ཤེས་རབ་བཀྲ་ཤིས་ལ་བདག་ཆེན་རྣམ་རྒྱལ་གྲགས་པའི་ཡི་གེའི་སྟེང་ནས་ཞུས། སྡོམ་ཆུང་རིགས་ལྡན་ཁྱབ་འཇུག་སྦས་པའི་ལུགས་ཀྱི་ཕག་མོ་བཅུ་གསུམ་མའི་དབང་། སྒྱུ་འཕྲུལ་དྲ་བ་ལྷ་ཞེ་གསུམ་མ། ཞེ་ལྔ་མ། ཞེ་དགུ་མ་སྟེ་དུས་འཁོར་ལ་དབང་བཅུ་གསུམ། ཕ་རྒྱུད་གསང་བ་འདུས་པའི་སྐོར་ལ། འཕགས་ལུགས་མི་སྐྱོད་པ་ལྷ་སུམ་ཅུ་སོ་གཉིས་མའི་དབང་བཟླས་པ་ལན་གཉིས་
༣༧༠ རབ་གསལ་ཟླ་བ་མགོན་པོ་ལ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའ་མངོན་དཀྱིལ་གྱི་སྟེང་ནས་དང་མཁན་ཆེན་བཀྲ་ཤིས་རྣམ་རྒྱལ་བ་ལས་བུ་སྟོན་གྱི་མངོན་དཀྱིལ་གྱི་སྟེང་ནས་ལན་རེ་ཞུས་སོ། །ཡེ་ཤེས་ཞབས་ལུགས་ཀྱང་བཟླས་པ་ལན་གཉིས་ཞུས། རབ་གསལ་ཟླ་མགོན་ལས་ཟར་བྱང་ཕུག་པའི་ཟིན་བྲིས་སྟེང་ནས་དང་མཁན་བཀྲས་རྣམ་པ་ལས་བུ་སྟོན་གྱི་ཡི་གེ་ལས་ལན་རེ་ཐོབ། འཇིག་རྟེན་དབང་ཕྱུག་གི་ལན་གཅིག་ཞུས། ཧོར་བཀའ་བཞི་པ་སེངྒེ་རྒྱལ་མཚན་གྱི་མངོན་དཀྱིལ་སྟེང་ནས་བཀླགས་ཆོག་མཛད་དེ་ལོ་ཆེན་ལས་ནོས་སོ། །བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཞང་ལུགས་ཞེ་དགུ་མའི་དབང་། གློ་བོ་མཁན་ཆེན་ལས་སོ། །འཇིགས་བྱེད་སྐྱོ་ལུགས། གློ་བོ་མཁན་ཆེན་རིན་ཆེན་ལས་ཐོབ། བཅུ་བདུན་མའི་དབང་། པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་ལས་སོ། །འཇིགས་བྱེད་ས་ལུགས་རོ་ལངས་བརྒྱད་བསྐོར་གྱི་དབང་། གློ་བོ་མཁན་ཆེན་རིན་ཆེན་ལས་སོ། །འཇིགས་བྱེད་རྭ་ལུགས་།།།་གློ་བོ་མཁན་རིན་པོ་ཆེ་ལས་སོ། །ལྷ་བཅུ་གསུམ་མའི་དབང་། འཇིགས་བྱེད་རྭ་ལུགས་རོ་ལངས་།།།་པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་ལས་སོ། །བརྒྱད་བསྐོར་གྱི་དབང་། འཇིགས་བྱེད་ཤངས་པའི་ལུགས། རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལས་སོ། །ལྷ་བཅུ་གསུམ་མའི་དབང་། འཇིགས་བྱེད་གཉོས་གོ་རིག་དུང་བརྒྱུད་པ་བསྟན་པའི་རྒྱལ་མཚན་ལས་སོ། །ལུགས་ལྷ་དགུ་མའི་དབང་། དགྲ་ནག་རྭ་ལུགས་ལྷ་བཅུ་གློ་བོ་མཁན་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་ཞུས། གསུམ་པའི་དབང་། གདོང་དྲུག་ཉེར་གཅིག་འདི་ཡང་གློ་བོ་མཁན་ཆེན་རིན་ཆེན་ལས་སོ། །གཤེད་དམང་ལྷ་ལྔའི་དབང་བཟླས་པ་ལན་བཞི་དང་། རྗེ་བཙུན་ཀུན་དགའ་མཆོག་གྲུབ་ལས་གློ་བོ་ལོ་ཙཱ་བ་ལས་བརྒྱུད་པ་རྡུལ་ཚོན་མ་གློ་བོ་མཁན་ཆེན་རིན་པོ་ཆེ་དང་ངོར་ཆེན་ལྷ་མཆོག་སེངྒེ་ལས་ཆགས་ལུགས་མཁན་ཆེན་བཀྲ་ཤིས་རྣམ་རྒྱལ་ལས་དཔྱལ་ལུགས་རྣམས་སོ། །གཤེད་དམར་བཅུ་གསུམ་གློ་བོ་མཁན་ཆེན་རིན་པོ་ཆེ་ལས་སོ། །མའི་དབང་སྟེ་ཕ་རྒྱུད་དབང་བཅུ་བཞི། མ་རྒྱུད་བདེ་མཆོག་
༣༧༡ འཁོར་ལོའ་སྐོར་ལ། བདེ་མཆོག་ནག་པོའ་དབང་རྡུལ་ཚོན་དང་རས་བྲིས་ལ་བརྟེན་པ་ལན་གསུམ། གློ་བོ་མཁན་ཆེན་རིན་པོ་ཆེ་ལས་རྡུལ་ཚོན་དང་པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་དང་མཁན་ཆེན་བཀྲ་ཤིས་རྣམ་རྒྱལ་ལ་རས་བྲིས་སུ་ཞུས། ལུ་ཡི་པ་རྗེ་སངས་རྒྱས་རིན་ཆེན་ལས་ཐོབ། དྲིལ་བུ་ལུས་དཀྱིལ་ལན་གསུམ། གློ་བོ་པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་རབ་གསལ་ཟླ་བ་མགོན་པོ་རྣམས་ལ་ལན་རེ་ཞུས། དྲིལ་ཆུང་ལྷ་ལྔ། གློ་བོ་རིན་པོ་ཆེ་ལས་སོ། །ལྭ་ཝ་པའི་འདི་ཡང་གློ་བོ་མཁན་ཆེན་རིན་པོ་ཆེ་ལས་སོ། །བཅུ་གསུམ་མ། མཻ་ཏྲི་པའི་བཅུ་གསུམ་མ། འདི་གཉིས་སྟག་ལུང་སྤྲུལ་སྐུ་རིན་པོ་ཆེ་ལ་ཞུས། དེའི་ཡུམ་བཀའ་ཕག་མོ་ལྷ་བཅུ་གསུམ་མ། གློ་བོ་མཁན་ཆེན་རིན་པོ་ཆེ་ལས་སོ། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ། རྒྱལ་སྟོན་དབང་ཕྱུག་དབང་རྒྱལ་ལས་སོ། །སངས་རྒྱས་ཐོད་པ་ཉེར་ལྔ་མ་དང་། གློ་བོ་མཁན་ཆེན་རིན་པོ་ཆེ་ལས་སོ། ཉེར་།།།་རབ་གསལ་ཟླ་བ་མགོན་པོ་ལས་སོ། །དགུ་མ་མ་ཧཱ་མ་ཡ་ལན་གཉིས། གློ་བོ་རིན་པོ་ཆེ་དང་རྔོག་པ་ལའོ། །རྡོ་རྗེ་གདན་བཞི་ཡབ་འདི་གཉིས་རྔོག་པ་གདུང་བརྒྱུད་བློ་གྲོས་དཔལ་བཟང་ལས་སོ། རྣལ་འབྱོར་ནམ་མཁའ་དང་། ཡུམ་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་མ། བདེ་མཆོག་སྙན་རྒྱུད་ཡབ་བཀའ་ལྷ་དྲུག་ཅུ་རྩ་གཉིས་དང་། འདི་གཉིས་ལོ་ཆེན་ལས་དབང་ཆོག་བཀླགས་ལུང་དུ་ཐོབ། ཡུམ་བཀའ་ལྷ་མོ་བཅོ་ལྔ་མ། བདེ་མཆོག་འཁྲུལ་སྤོང་ལྷ་དྲུག་ཅུ་རྩ་གཉིས། འདི་གཉིས་རབ་གསལ་ཟླ་བ་མགོན་པོ་ལས་སོ། །ཡུམ་བཀའ་ཕག་མོ་སོ་བདུན་མ། མངོན་འབྱུང་ཡབ་བཀའ་འདི་གཉིས་ཟལ་མོ་བྲག་པ་གྲགས་པ་ཡེ་ཤེས་ལས་སོ། །དེའི་ཡུམ་བཀའ། བདེ་མཆོག་སེར་པོ་དྲུག་ཅུ་རྩ་གཉིས་མ་འདི་གཉིས་ཀྱང་རབ་གསལ་ཟླ་བ་མགོན་པོ་ལས་སོ། །ཡུམ་ཕག་མོ་སེར་མོ་སོ་བདུན་མ། བདེ་མཆོག་སྡོམ་འབྱུང་ལྷ་བཅུ་གསུམ་མ། མཁས་པ་ཆེན་པོ་སངས་རྒྱས་འོད་ཟེར་ལས་སོ། །བདེ་མཆོག་བོང་ཞལ་ཅན། གློ་བོ་མཁན་རིན་ཆེན་ལས་སོ། །བདེ་མཆོག་རབ་གསལ་ཟླ་བ་མགོན་པོ་ལས་སོ། འཁོར་ལོས་སྒྱུར་དྲུག །བདེ་མཆོག་འཇམ་པའི་
༣༧༢ རྡོ་རྗེ་ལྷ་མཁས་པ་སངས་རྒྱས་འོད་ཟེར་ལས་སོ། །སོ་བདུན་མ། དཔལ་བདེ་རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལས་སོ། །མཆོག་ནམ་མཁའ་དང་མཉམ་པ་ལྷ་ལྔ་རིགས་འདུས་ཏེ་མ་རྒྱུད་སྐོར་ལ་དབང་ཉེར་བདུན། མི་གཡོ་བླ་མེད་ལྷ་དགུ་མ་མཁས་པ་སངས་འོད་ལས་སོ། །སྒྲོལ་མ་བླ་མེད་ལྷ་བཅུ་བདུན་མ། ངོར་ཆེན་ལྷ་མཆོག་པ་ལས་སོ། །སྒྲོལ་མ་ལུས་དཀྱིལ་མཁས་པ་སངས་འོད་ལས་སོ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད། གློ་བོ་མཁན་རིན་པོ་ཆེ་ལས་སོ། །ཕྱག་རྡོར་གཏུམ་པོ་ལྷ་ཉེར་གཅིག་རབ་གསལ་ཟླ་བ་མགོན་པོ་ལས་སོ། །རྡོ་རྗེ་ཕུར་པ་དཔལ་རྒྱལ་སྟོན་བྱང་ཆུབ་དབང་རྒྱལ་ལས་སོ། །ཡང་དག་མེ་དགུ། སྤྱན་རས་གཟིགས་འགྲོ་འདུལ། ཡིག་དྲུག་པ་ཤེས་རབ་དཔལ་འབྱོར། ཚེ་དཔག་མེད་གྲུབ་པའི་རྒྱལ་མོ་ལྷ་མངས་ལྷ་སོ་བཞི་མ། རྒྱལ་མཁར་ཆོས་རྫོང་བ་རྗེ་བཤེས་གཉེན་བཀྲ་ཤིས་དཔལ་བཟང་པོ་ལས་སོ། །གྲུབ་པའི་རྒྱལ་མོ་ལྷ་བཅུ་གསུམ་མ། དགེ་འདུན་སྒང་པའི་མཁན་པོ་རིན་ཆེན་བཀྲ་ཤིས་ལས་སོ། བདག་ཆེན་ངག་གི་དབང་ཕྱུག་ལས་སོ། །གྲུབ་པའི་རྒྱལ་མོ་ལྷ་ལྔ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་སྟེ། པཎ་ཆེན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལས་སོ། །ཟུར་བཀའ་བཅུ་གཉིས་ཀྱང་ཐོས་སོ། །རྣལ་འབྱོར་རྒྱུད་ལ་རྡོར་དབྱིངས་དཔལ་ལྡན་རབ་གསལ་ཟླ་བ་མགོན་པོ་ལས་སོ། །བླ་མའི་ལུགས། ཀུན་རིགས་རྗེ་བཙུན་ཀུན་དགའ་མཆོག་གྲུབ་ལས་སོ། །ལུགས། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ། ཡིག་དྲུག་ཤེས་རབ་དཔལ་འབྱོར་ལས་སོ། །འཇམ་དཔལ་རྔོག་བ་ལས་མོ། གསང་ལྡན་ནོ། །བྱ་སྤྱོད་སྐོར་ལ་སྤྱན་རས་གཟིགས་ཞལ་གློ་བོ་མཁན་རིན་པོ་ཆེ་ལས་སོ། །བཅུ་གཅིག་དཔལ་མོ་ལུགས་ཀྱི་ལྷ་མང་། རྣམ་འཇོམས་མ་ཎི་བཛྲ་བཅུ་དགུ་མ། འདི་ཡང་གློ་བོ་མཁན་ཆེན་རིན་ཆེན་ལས་སོ། །གཟུངས་ཆེན་གྲ་ལྔ། གློ་བོ་མཁན་ཆེན་རིན་ཆེན་ལས་སོ། །གཙུག་ཏོར་གདུགས་དཀར་ཅན་ལྷ་མང་། གློ་བོ་མཁན་རིན་ཆེན་ལས་སོ། །ཚེ་དཔག་མེད་ཛེ་ཏཱ་རིའི་ལུགས་བླ་མ་བཅུ་བདུན་ལས་བརྒྱ་ཚར་ཙམ་ཞུས། ཀྱི་ལྷ་དགུ་མ། མི་འཁྲུགས་པ་ལྷ་གློ་བོ་
༣༧༣ མཁན་ཆེན་དང་ཡིག་དྲུག་ཤེར་དཔལ་ལས་སོ། །དགུ་ལན་གཉིས། འཇམས་དབྱངས་ཨ་ར་པ་ཙ་ན་ལྷ་ལྔ་གློ་བོ་མཁན་ཆེན་རིན་ཆེན་ལས་སོ། །འོད་ཟེར་ཅན་མ་ལྷ་ལྔ་གློ་བོ་མཁན་ལས་སོ། །གཟའ་ཡུམ་ཟུར་བཀའ། ཐུབ་པ་དམ་ཚིག་གསུམ་བཀོད་རྣམ་སྣང་མངོན་བྱང་། འདི་གཉིས་བྱམས་པ་དཀོན་མཆོག་དཔལ་བཟང་པོ་ལས་སོ། །རིགས་གསུམ་སྤྱི་གློ་བོ་མཁན་ཆེན་རིན་ཆེན་ཞབས་དྲུང་དུ་ཞུས་སོ། །དབང་སྟེ་རྒྱུད་སྡེ་འོག་མ་བཅུ་དྲུག་སྟེ་དབང་བརྒྱ་ལེགས་པར་ཐོས་སོ། །རྣལ་འབྱོར་རྒྱུད་ཀྱི་དབང་ཆེན་རྣམས་ཞུ་ཕྱིར། ཞ་ལུ་བ་དྲུང་བསོད་ནམས་དཔལ་འབྱོར་པའི་སྤྱན་སྔར་ཕྱིན་ནས་སྙན་གསན་བཏབ། ཞལ་གྱིས་བཞེས་ཏེ་སྣེ་སེལ་དུ་བུ་སྟོན་རིན་པོ་ཆེ་ལ་ཐུགས་སྲས་ལོ་ཙཱ་བས་བསྟོད་པའི། དཔལ་གང་དྲིན་མའི་ལུང་དང་། དཔལ་ལྡན་ལྷ་མོ་ཞལ་འདྲེ་མའི་སྲོག་དབང་ཞུས་པ་ལས། ཆོས་རྗེ་དགེ་སློང་བ་གཤེགས་ནས་སླར་ཞུ་བའི་ཡུལ་མ་རྙེད། གཞན་དབང་ཕྲན་བུ་ལ། རྒྱལ་སྟོན་བྱང་ཆུབ་དབང་རྒྱལ་བའི་དྲུང་དུ་གཏེར་བཏོན་ཆོས་དབང་ལུགས་ཀྱི་གུ་རུ་གུ་རུ་ཟླུམ་པོ་བཞིའམ། རྣམ་པ་ཉི་ཤུ་པའི་དབང་། བདག་ཆེན་ཨ་ཚེས་པ་ལ་གུ་རུ་དྲག་དམར་མངའ་བདག་མྱང་ལུགས་ཀྱི་དབང་། མར་ལུང་པ་བྱམས་པ་དཀོན་མཆོག་དཔལ་བཟང་བའི་དྲུང་དུ་ཚེ་རྟ་སྒྲག་མ། རྟ་མགྲིན་ཡང་གསང་ཁྲོས་པ་ལྷ་དགུའི་དབང་། ཞུ་བན་སྤྱན་གཅིག་པ་ལ་རྟ་མགྲིན་དྲེགས་པ་ལྔ་དྲིལ་གྱི་དབང་། རྒྱལ་སྟོན་བྱང་དབང་པ་ལས། རས་ཆེན་དཔལ་འབྱོར་བཟང་པོ་ལ། ཨུ་རྒྱན་པདྨ་འབྱུང་གནས་ཀྱིས་ཙཱ་རི་ཟིལ་ཆེན་ཕུག་ཏུ་དངོས་སུ་གནང་པའི་ཚེ་དཔག་མེད་བཅུ་བདུན་མ་ལྟས་དང་ཆོ་འཕྲུལ་དངོས་སྟོན་གྱི་དབང་། ཡར་ལུང་པ་ནོར་བུ་རིན་ཆེན་ལ། གདམས་པ་ནོར་བུ་མཐོང་གྲོལ་གྱི་ཞིང་ཁམས་ངོ་སྤྲོད་ཐོས་གྲོལ་ཡིད་བཞིན་ནོར་བུའི་དབང་རྣམས་དང་། ས་ཀར་གྱི་བླ་མ་བཅོ་བརྒྱད་ཙམ་ཚེ་དབང་གྲུབ་རྒྱལ་མ་ལྷ་གཅིག་བུམ་གཅིག་ནི་
༣༧༤ བརྒྱ་ཚར་ཙམ་དུ་ཡང་ཡང་ནོས་སོ། མགོན་པོ་ལ་བརྟེན་པའི་དབང་བཞི་ཡོངས་རྫོགས། གུར་ཕྱག་བཞི་དྲུག ། རྣམས་ལ་བརྟེན་པ་ཐོབ་པ་ནི་བཀའ་སྲུང་གི་སྐབས་ཉིད་ན་གྲངས་སུ་བགྱིས་ལྟར་རོ། །བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །མངྒ་ལཾ། གྲོལ་མཆོག་གིས་སོ།།

།ཇོ་བོ་ལ་རྣལ་འབྱོར་མ་གཉིས་ཀྱིས་སེམས་སྦྱོངས་ཤིག་ཅེས་གདམས་པའོ།

།ཇོ་བོ་ལ་རྣལ་འབྱོར་མ་གཉིས་ཀྱིས་སེམས་སྦྱོངས་ཤིག་ཅེས་གདམས་པའོ

་༩༨།ཇོ་བོ་ལ་རྣལ་འབྱོར་མ་གཉིས་ཀྱིས་སེམས་སྦྱོངས་ཤིག་ཅེས་གདམས་པའོ། །ན་མོ་རཏྣ་གུ་རུ། ཇོ་བོ་རྗེ་ཉིད་དུས་ཁྱད་པར་ཅན་གཅིག་ལ་བྱང་ཆུབ་ཀྱི་སེམས་སྦྱོང་ཞིང་བསྐོར་བ་མཛད་པ་ན། རྡོ་རྗེ་གདན་གྱི་ཤར་ཕྱོགས་ཀྱི་ནམ་མཁའ་ལ་བུད་མེད་མིའི་ལུས་ལས་ནི་འདས། ལྷའི་ལུས་སུ་ཅུང་མ་སླེབས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཉིས་འདུག་པ་ལ་གཞོན་པ་ལ་རྒན་པ་དེས་དྲི་བའི་ཚུལ་མཛད་ནས། མྱུར་དུ་སངས་རྒྱ་བར་འདོད་པས་ཐབས་གང་ལ་བསླབ་པར་བྱ་ཞེས་ཞུས་པས། མྱུར་དུ་སངས་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོང་ཞེས་གསུངས་ནས་གསང་སྔགས་ལུགས་འདི་གསུངས་སོ། །བུད་མེད་གཉིས་སྒྲོལ་མ་དང་ཁྲོ་གཉེར་ཅན་གཉིས་ཡིན་སྐད། ཇོ་བོས་དགེ་བཤེས་སྟོན་པ་ལ་གནང་། དེ་སྤྱན་སྔ་བ་ལ། དེས་བྱ་ཡུལ་བ། །དེས་གཙང་པ་རིན་པོ་ཆེ། དེས་གླང་ལུང་པ། དེས་སངས་རྒྱས་སྒོམ་པ། ཟེམ་ཚེ་རིན་སངས་པ། དེས་སངས་རྒྱས་སྒོམ་པ་བྱང་ཆུབ་སྐྱབས། ཡེ་ཤེས་ཞབས་ཤཱི་ལ་བཛྲ་ལ། དེས་དོན་ཞབས་ལ། བུདྡྷ་རཏྣ་ལ་ལོའ་དགོན་པར་གནང་། དེས་ཀཱིརྟྟི་ཤཱི་ལ་ལ། དེས་ཛ་ཡ་བྷ་དྲ། དེས་པུཎྱེ་རཏྣ་ལ། དེས་གཞོན་ནུ་རྒྱལ་མཆོག་དཀོན་མཆོག་འབངས་ལའོ།

༄༅། །དཔལ་འཁོར་ལོ་བདེ་མཆོག་སྙན་བརྒྱུད་དྭགས་པོ་ལུགས་ཀྱི་མན་ངག་གི་རྩ་བ་བརྗེད་བྱང་མ་ཞེས་བྱ་བ་བཞུགས་སོ༎ ༎བསྡུས་པའོ༎

༡༤༧དཔལ་འཁོར་ལོ་བདེ་མཆོག་སྙན་བརྒྱུད་དྭགས་པོ་ལུགས་ཀྱི་མན་ངག་གི་རྩ་བ་བརྗེད་བྱང་མ་ཞེས་བྱ་བ་བཞུགས་སོ།། །།བསྡུས་པའོ། །
༡༤༨ན་མོ་གུ་རུ། བཀའ་བརྒྱུད་བླ་མ་རྣམས་དང་ཡི་དམ་ལྷ། །རྡོ་རྗེ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་གསུང་སྒྲོས་རྒྱ་མཚོ་ལྟ་བུ་ལས། །བདག་བློའི་ནུས་པས་ཆུ་ཐིགས་ཙམ་པ་སྟེ། །བརྗེད་ཀྱིས་དོགས་ནས་དྲན་པ་གསོ་ཕྱིར་བྲིས། །བླ་མ་རིན་པོ་ཆེའི་ཞལ་ནས། །དཔལ་ནཱ་རོ་པ་ཆེན་པོའ་གདམས་པ། རྗེ་བཙུན་ལ་ཞུས་པའི་དུས་སུ། བླ་མ་རྗེ་བཙུན་གྱི་ཞལ་ནས། བླ་མ་ཆེན་པོ་ནཱ་རོ་པས། །གསང་སྔགས་རྒྱལ་པོ་ཡི་གེ་བདུན། །འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིས། །ས་རྣམས་གཡོ་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་ངོས་ཀྱི་ཏཻ་ལོ་པའི། །ཞལ་སྔར་གདམས་ངག་མནོས་པ་ནི། །དངོས་པོའ་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པ་དེ་ལ་གནད་རྣམ་པ་གསུམ། ལུས་ཀྱི་གནད། ཡུལ་གྱི་གནད་དང་། དུས་ཀྱི་གནད་དོ། །དེ་ལ་ལུས་ཀྱི་གནད་བཤད་པ། རྐང་པ་རེ་མིག་ལྟར་བསྣོལ་བ། །རྒལ་པ་ཆུ་ཤིང་སྙིང་པོ་ལྟར་དྲང་བ། མགྲིན་པ་ལྕགས་ཀྱུ་ལྟར་དགུག་པ། །མཉམ་བཞག་གི་ཕྱག་རྒྱ་ལྟེ་བའི་འོག་ཏུ་ཤིན་ཏུ་བཙིར་བ། དཔུང་པ་མཁའ་ལྟར་ཡངས་པའོ། །ཡུལ་གྱི་གནད་ནི། སྤྱིར་མང་ཡང་། འཁོར་ལོ་
༡༤༩བཞི་ལ་གཏད་པའམ། ཆགས་ཅན་ཡིན་ན་ལས་ཀྱི་ཕྱག་རྒྱ་ལ་གཏད་པ་ཡང་ལུགས་གཅིག་ཡིན། བླ་མ་ནི། ལྟེ་བའི་འོག་སོར་བཞིར་མར་འཇལ་བའི་སར། རྩ་གསུམ་འདུས་པའི་མདོར་གཏུམ་མོ་ཁབ་ཙམ་ལ་ཤེས་པ་གཏད་པའམ། ཡང་ན་ཤེས་པ་ཕྱག་རྒྱ་ཆེན་པོ་ལ་གཏད་ནས། རླུང་བསྒོམ་པ་ཡིན་གསུང་། དུས་ཀྱི་གནད་ནི། ཐ་མལ་གྱི་དུས་ལྟེ་བར་ཤེས་པ་གཏད། གཉིད་ཀྱི་དུས་སྙིང་གར་གཏད། །རྨི་ལམ་གྱི་དུས་སུ་མགྲིན་པར་གཏད། སྙོམས་འཇུག་གི་དུས་སྤྱི་བོར་ཤེས་པ་གཏད། ཐ་མལ་གཏུམ་མོ་བསྒོམ་པའི་དུས་སུ། ལུས་གནད་བཅས་ནས། རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་པ་བཞི། །དེ་ལ་རྔུབ་པ་ནི། སྣ་བུག་གཉིས་རླུང་གིས་ནོན་པ་ཡིན། དགང་བ་ནི། རྩ་གཡས་གཡོན་གཉིས་དགང་བ་ཡིན། གཞིལ་བ་ནི། རྩ་གཡས་གཡོན་གཉིས་ཀྱི་རླུང་ལྟེ་བའི་འོག་སོར་བཞི་འཇལ་བའི་ས་ན་ཡར་སོང་བར་བསམས་ནས་ཐུབ་ཚད་མནན་ནོ། །མི་ཐུབ་ན། སེ་གོལ་བཏོགས་པ་ཙམ་རེ་གཏོང་བ་ཡིན། ལང་ན་གཞིལ་པ་ནི། ཚ་ན་བྱུང་ན་ཉི་མ་གཉིས་གཉིས་ཙམ་གློད་པ་ཡིན་གསུང་། དེ་ནས་རླུང་མདའ་ལྟར་འཕང་བ་ནི། དྷཱུ་ཏི་
༡༥༠ནས་ཚངས་བུག་ན་ཡར་རྒྱངས་ཀྱིས་སོང་བར་སེམས་པ་ཡིན། ཡང་ན་ལྕགས་ཀྱུ་ལྟར་དགུག་པར་བྱ་བ་རྩ་གཉིས་ཀྱི་རླུང་ཆིར་གྱིས་མནན་ནས། རྩ་གསུམ་འདུས་པའི་རྩར་སོང་ནས་དྷཱུ་ཏིའི་ནང་ན་ཡར་སོང་བར་བསམས་ནས་གནོན་པ་ཡིན། ཡང་ཐུན་སྟོད་ལ་མེ་ལ་དམིགས་པ་གཏད་ནས། ཐུན་སྨད་ལ་ཕྱག་རྒྱ་ཆེན་པོ་ལ་གཏོད་པ་ཡིན་གསུང་། དེ་ལ་བུམ་པ་ཅན་རབ་འབྲིང་ཐ་མ་གསུམ། །རབ་ཀྱིས་མགྲིན་པ་མན་ཆད་གནོན་པ་ཡིན། །འབྲིང་སྙིང་ག་མན་ཆད། ཐ་མ་ལྟེ་བ་མན་ཆད་གནོན་པ་ཡིན། །ཐིག་ལེ་འཆོར་ན་འོག་སྒོ་འཐེན་པ་ཡིན། །བདེ་བ་ཤས་ཆེ་འདོད་ན་ཡང་འོག་སྒོ་འཐེན་པ་ཡིན། །རླུང་བསྒོམས་པས་མགོ་བོ་ལ་སོགས་པ་ན་ན། །ལྟེ་བ་མན་ཆད་སྟོང་སང་ངེ་བཞག་ནས། །དེ་མན་ཆད་གནོན་པ་ཡིན། རླུང་བྱང་ནས། རེས་སྟེང་རླུང་གནོན། རེས་འོག་རླུང་འཐེན་ན། བདེ་བ་དང་མི་རྟོག་པ་ཤས་ཆེ་བ་ཡིན། དེ་ལྟར་བསྒོམས་པས་རྟགས་ལྔ། ཕན་ཡོན་བརྒྱད། ཡེ་ཤེས་གསུམ་ལ་སོགས་པ་འབྱུང་སྟེ། བྱུང་ཡང་སེམས་ཉིད་མ་བཅོས་པ་ལ་ངེས་ཤེས་མ་སྐྱེས་ན། དེ་རྣམས་ཀྱིས་མི་ཕན་ཏེ། སོ་སོར་བརྟགས་མིན་གྱི་འགོག་པ་གར་སྐྱེ་ཆ་མེད་པ་ཡིན། བླ་མ་རྗེ་བཙུན་གྱི་ཞལ་ནས། སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོགས་མེད་མིན། །གསུང་། འོད་གསལ་ལ་ངེས་ནས་གཏུམ་མོ་ཡང་ཕྱག་རྒྱ་ཆེན་པོ་དང་མ་བྲལ་བར་བསྒོམ་སྟེ། ལུས་གནད་བཅས་ནས། ཤེས་པ་མ་བཅོས་པར་བཞག་སྟེ་རླུང་བསྒོམ་པ་ཡིན། །གཏུམ་མོ་ཞལ་གྱི་གདམས་པ་ལས། །གཞན་ཕན་བསམ་པས་བརྗེད་བྱང་བྲིས། །བླ་མ་མཁའ་འགྲོས་བཟོད་པར་གསོལ། །དགེ་རྩ་བགྱིས་པ་འདི་དག་གིས། །འགྲོ་བའི་དོན་རྣམས་འགྲུབ་པར་ཤོག ༈ །ན་མོ་གུ་རུ། རྗེ་རིན་པོ་ཆེའི་ཞལ་ནས། རྨི་ལམ་ལ་དོན་བཞི་ཡིན། རྨི་ལམ་བཟུང་བ་དང་། སྦྱང་བ་དང་། སྒྱུ་མར་བྱིན་གྱིས་བརླབས་པ་དང་། དེ་ཁོ་ན་ཉིད་བསྒོམ་པའོ། །
༡༥༡དེ་ལ་བཟུང་བ་ནི། དོ་ནུབ་རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་སྟེ། དེ་ཡང་ངོ་མཚར་ཅན་གྱི་རྨི་ལམ་རྨི་བར་བྱ། ཡི་དམ་གྱི་ཞལ་མཐོང་བའམ། སངས་རྒྱས་ཀྱི་ཞིང་ཁམས་མཐོང་བའམ། སུམ་ཅུ་རྩ་གསུམ་དུ་འགྲོ་བའམ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ་ལ་སོགས་པ་ངོ་མཚར་ཅན་གྱི་རྨི་ལམ་རྨི་བར་བྱའོ། །སྙམ་པའི་འདུན་པ་དྲག་པོ་བཏང་ལ། དེ་ནས་མགྲིན་པར་པདྨ་འདབ་མ་བཞི་པ་ཅིག་གི་དབུས་སུ་ༀ་བསམ་ལ། དེ་ལ་ཤེས་པ་མ་ཡེངས་པར་གཏད་ལ་གཉིད་ལོག །ཡང་ན་སྨིན་ཕྲག་ཏུ་ཐིག་ལེ་ལ་ཤེས་པ་གཏད་ལ་གཉིད་ལོག །དེ་ནས་གཉིད་སད་པ་དང་། ད་ཅི་ཡང་རྨི་ལམ་ལ་རྨི་ལམ་དུ་ངོ་མ་ཤེས། ད་རེས་ནི་ཅིས་ཀྱང་ངོ་ཤེས་པར་བྱ་སྙམ་དུ་བསམས་ལ་གཉིད་ལོག་གོ་།ཉིན་མོ་བསྒོམ་པའི་དུས་ན་ཡང་། རྨི་ལམ་ན་བསྒོམ་པ་ཡིན་སྙམ་རྨི་ལམ་དུ་སེམས་ཤིང་། མིག་གིས་གཟུགས་མཐོང་བ་ལ་སོགས་པ། སྣང་སྲིད་འདི་རྣམས་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་པོ་བཏང་ནས་བསྒོམས་པས། མཚན་མོ་རྨི་ལམ་ཟིན་པའི་རྟགས་སུ་ཆུ་ཆེན་པོ་ལ་མཆོངས་པ་དང་། གཡང་ལ་འགྲོ་བ་དང་། ཁྱིས་དེད་པ་དང་། རང་གི་ལུས་ལ་འོད་འབྱུང་བ་ལ་སོགས་པའི་རྨི་ལམ་འབྱུང་ངོ་། །དེ་ལྟར་བྱུང་ན་རྨི་ལམ་ཟིན་ནས་འདུན་པ་མ་བཏང་བར་ཐམས་ཅད་རྨི་ལམ་དུ་ཤེས་པ་འབྱུང་བ་ནི་རྨི་ལམ་ཟིན་པའོ། །དེ་ནས་རྨི་ལམ་སྦྱང་བ་ནི། རྨི་ལམ་དུ་ཆུ་ཆེན་པོ་ལ་སོགས་པ་མི་འཚམས་པ་སྣ་ཚོགས་འབྱུང་སྟེ། ཆུ་ལ་བརྒལ་བ་དང་། མེར་མཆོངས་པ་དང་། རི་ལ་སོགས་པ་ལ་ཐོགས་པ་མེད་པར་འགྲོ་བ་དང་། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་བལྟ་བ་དང་། སུམ་ཅུ་རྩ་གསུམ་དུ་ཕྱིན་ནས་དེར་བསྒོམ་པ་དང་། མགོན་པོ་བྱམས་པའི་ཞལ་ལྟ་བ་དང་། རྒྱ་གར་ཐམས་ཅད་ལྟ་བ་དང་། ཉི་ཟླ་རྡོག་པས་གནོན་པ་ལ་སོགས་པ་རང་གི་སེམས་ལ་ཅི་བསམ་པ་ཐམས་ཅད་བྱའོ། །དེ་ལྟར་ཆུར་མཆོངས་པ་ལ་སོགས་པ་ལ་ཉམ་ང་བག་ཚ་བྱུང་
༡༥༢ན། རྨི་ལམ་ཡིན། སྒྱུ་མ་ཡིན། མི་བདེན་པས་ཅི་ལྟར་བྱས་པས་བཏུབ་པ་ཡིན་སྙམ་པས་སེམས་ཀྱི་ཅི་བསམ་པ་ཐམས་ཅད་བྱའོ། །དེ་ལྟར་རྨི་ལམ་ཡིན་པས་རྣམ་པར་རྟོག་པ་ཡིན་སྙམ་དུ་སེམས་བསྐྱེད་བསྒོམ་མོ། །དེ་ཡང་རྟོགས་པ་མེད་པའི་གང་ཟག་གིས་ཀྱང་མོས་པ་བྱེད་པ་ཡིན་ནོ། །དེ་ལྟར་རྨི་ལམ་སྦྱངས་པས་གང་ཟག་ཁ་ཅིག་རྨི་ལམ་གྱི་སྒོ་ནས་སངས་རྒྱ་བ་དེ་ལམ་གཅིག་ཡིན་ནོ། །རྨི་ལམ་ལམ་དུ་འཁྱེར་བའི་གདམས་ངག་གོ་༈ །བླ་མ་དང་མཁའ་འགྲོ་རྣམས་ལ་གུས་པས་སྤྱི་བོས་ཕྱག་འཚལ་ལོ། །བར་དོ་རྣམ་པ་གསུམ་ལ་སྐྱེ་ཤི་བར་དོ་ནི། སྐྱེས་ནས་མ་ཤི་བར་དེ་ཡིན། རྨི་ལམ་བར་དོ་ནི། རྨི་ལམ་རྨིས་ནས་མ་སད་ཀྱི་བར་དེ་ཡིན། སྲིད་པ་བར་དོ་ནི། ཤི་ནས་མ་སྐྱེས་ཀྱི་བར་དེ་ཡིན། སྐྱེ་ཤི་བར་དོར་བསྐྱེད་རྫོགས་གཉིས་གོམས་པར་བྱས་པས་རྨི་ལམ་བར་དོ་བརྟན་ནས་འོང་། དེ་ནས་སྲིད་པ་བར་དོ་ནི། བར་དོ་དང་པོར་འོད་གསལ་ངོས་བཟུང་བ་དང་། གཉིས་པ་སྒྱུ་ལུས་སྦྱང་བ་དང་། གསུམ་པ་མངལ་སྒོ་འགེགས་པའོ། །དེ་ལ་དང་པོ་འོད་གསལ་ངོས་བཟུང་བ་ནི། དང་པོ་འབྱུང་བ་བཞི་ལས་བསྐྱེད་པའི་ལུས་འདི་ནི་འཇིག་པའི་དུས་སུ་འབྱུང་བ་རིམ་གྱིས་བསྡུས་ཏེ། འོད་གསལ་ལ་གོམས་པ་ཅིག་གིས། དེའི་དུས་སུ་འོད་གསལ་ལ་མ་ཡེངས་པར་བྱས་ལ། ཐམས་ཅད་སེམས་སུ་ཤེས་པར་བྱ། དང་པོ་ས་ཆུ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་ཟུངས་མི་ཐུབ། །ཆུ་མེ་ལ་ཐིམ་པའི་དུས་སུ་ཁ་སྣ་སྐོམ། མེ་རླུང་ལ་ཐིམ་པའི་དུས་སུ་ལུས་ཀྱི་ཡན་ལག་ཚུར་དྲོད་འཆོར། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ་ནང་དབུགས་འཆད། དེ་ཙ་ན་སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་འོད་གསལ་ཏེ། དེ་ལ་སྣང་བའི་རྟགས་སུ་ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་དུ་བ་ལྟ་བུའོ། །སྣང་བ་མཆེད་པའི་དུས་སུ་ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུའོ། །སྣང་བ་ཐོབ་པའི་རྟགས་སུ་ཕྱི་རྟགས་
༡༥༣མུན་འཐིབས་པ་ལྟ་བུ། ནང་རྟགས་མར་མེ་ལྟ་བུའོ། །སྣང་བ་ཉེ་བར་ཐོབ་པའི་རྟགས་སུ་ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུའོ། །ནང་རྟགས་སྤྲིན་མེད་པའི་ནམ་མཁའ་སྟོང་པ་ལྟ་བུའོ། །དེ་འོད་གསལ་བའོ། །དེ་ལྟར་འོད་གསལ་གཉིས་འདྲེས་པས། གང་ཟག་དབང་པོ་རབ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བའོ། །དེ་ལྟར་ཡིན་པར། འོད་གསལ་བ་ནི་རྒྱུན་པར་གནས། །བར་དོའ་གྲོང་ཁྱེར་དེས་མི་མཐོང་། །ཞེས་གསུངས་སོ། །བར་དོ་གཉིས་པ་སྒྱུ་ལུས་ལ་གཉིས། དག་པའི་སྒྱུ་ལུས་དང་། མ་དག་པའི་སྒྱུ་ལུས་སོ། །ཤི་ནས་ཞག་ཕྱེད་དང་བཞི་ཚུན་ཆད། དང་པོའ་ལུས་དེ་ཉིད་ཀྱི་འདུན་པ་དང་མ་བྲལ་བས་དེ་ལ་བརྟེན་ནས་འོད་གསལ་བསྒོམ་པ་ནི་མ་དག་པའི་སྒྱུ་ལུས་སོ། །དེ་གཉིས་ཀ་ཡང་སྦྱོང་བྱེད་འོད་གསལ་གྱི་ཡེ་ཤེས་ཀྱིས། སྦྱང་གཞི་བག་ཆགས་སྦྱོང་བའི་འདུན་པ་དང་བཅས་པ་དེ་སློབ་པའོ། །དེའི་དུས་སུ་བག་ཆགས་སྦྱོང་བའི་འདུན་པ་མེད་པར་འོད་གསལ་གྱི་ངང་དུ་སོང་བ་དེ་ནི་མི་སློབ་པའོ། །དེ་གཉིས་ཀ་ཞག་བཞིའམ་བདུན་ཚུན་ཆད་དུ་དཀའ་བ་ཡིན་གསུང་། ལར་ཞག་བཞི་བཅུ་རྩ་དགུ་ཚུན་ཆད་འོད་གསལ་དེ་ལྟར་བསྒོམ། ཞག་བདུན་བདུན་ན་རྣམ་རྟོག་རེ་རེ་ལྡངས་པས་དེའི་དུས་སུ་འདུན་པ་དྲག་པོ་བསྒོམ། དེ་བཞིན་ཏུ་བྱས་པས་སངས་རྒྱའོ། །གསུམ་པ་མངལ་གྱི་གྲོང་ཁྱེར་དགག་པ་ནི། དེར་རྣམ་པར་རྟོག་པ་བྱུང་ནས་ལུས་ལེན་པའི་དུས་སུ། ཕ་མ་གཉིས་ལ་ཆགས་སྡང་གཉིས་ཀྱིས་ལུས་ལེན་པས། ཕ་དེ་ད་ལྟའི་རྡོ་རྗེ་སློབ་དཔོན་དུ་བསྒོམ། མ་དེ་རྡོ་རྗེ་སློབ་དཔོན་གྱི་ཇོ་མོར་བསྒོམ། རང་དེའི་དུས་སུ་ཡི་དམ་གྱི་ལྷར་བསྒོམ་ལ་འོད་གསལ་གྱི་ངང་ལ་བཞག་གོ་།དེས་ཀྱང་མི་ཁེགས་པ་འདྲ་ན་རྨི་ལམ་ཡིན། སྒྱུ་མ་ཡིན་ཆགས་སུ་ཅི་ཡོད་སྙམ་དུ་བསྒོམ་མོ། །དེས་འབྲིང་བར་དོར་སངས་རྒྱ་བའོ། །དེ་ལ་བླ་མའི་ཞལ་ནས། བཞི་བཅུ་རྩ་དགུ་ཁེགས་པ་ན། །འཁོར་བའི་སྲིད་པ་ཁེགས་པ་ཡིན། །ཞེས་གསུངས། དེས་ཀྱང་མི་ཁེགས་ན། ད་ཅིས་ཀྱང་ལུས་ལེན་པར་
༡༥༤འདུག་ན། དེའི་དུས་སུ་སེམས་ལ་དབང་ཐོབ་པ་ལྟ་བུ་འོང་བ་ཡིན་པས་ལུས་གདམས་ཏེ། པཎྜི་ཏ་དང་འཁོར་ལོ་སྒྱུར་རྒྱལ་ལ་སོགས་པ། སེམས་ཅན་གྱི་དོན་ནུས་པ་ཞིག་གི་ལུས་བླངས་ལ་སྔར་གྱི་འོད་གསལ་བསྒོམ་མོ། །དེ་ནི་སྐྱེ་བ་བརྒྱུད་པས་སངས་རྒྱ་བའི་དབང་དུ་བྱས་པའོ། ༈ །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཕོ་བ་ལ་གསུམ། རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་བསྐྱེད་རིམ་གྱིས་འཕོ་བའོ། །དེ་ལ་འོད་གསལ་གྱི་འཕོ་བ་ནི། རང་ལ་འོད་གསལ་གྱི་རྟོགས་པ་ཡོད་པ་ཞིག་འཆི་བའི་དུས་སུ། རང་གིས་བསྒོམས་པའི་འོད་གསལ་ལ་མ་ཡེངས་པར་བྱས་ནས་འཆི་བ་ཡིན་ཏེ་དེ་ལ་འཕོ་རྒྱུ་མེད་ཀྱང་འཕོ་བར་མིང་བཏགས་པ་ཡིན། འབྲིང་སྒྱུ་ལུས་ཀྱི་འཕོ་བ་ནི། དེ་ལྟར་བསྒོམས་པའི་དུས་སུ་རང་གི་གནས་འདི་སུམ་ཅུ་རྩ་གསུམ་ཨར་མོ་ལིག་ཀའི་རྡོ་ལེབ་ཀྱི་སྟེང་ཡིན་པར་བསམས་ལ། དེ་ནས་བསྒོམ་པར་བྱའོ། །གཉིད་ཀྱི་དུས་སུ་ཡང་སུམ་ཅུ་རྩ་གསུམ་དུ་ཕྱིན་ལ་དེར་བསྒོམ་པའི་འདུན་པ་བྱའོ། །དེ་ལྟར་བྱས་པས། རྨི་ལམ་དུ་སུམ་ཅུ་རྩ་གསུམ་དུ་བསྒོམ་པ་རྨི། མངོན་པར་དགའ་བའི་འཕོ་བ་བྱ་བ་ཡིན་པས། དེ་འཆི་བའི་དུས་སུ་སུམ་ཅུ་རྩ་གསུམ་གྱི་གནས་ཨར་མོ་ལིག་ཀའི་རྡོ་ལེབ་ཞེས་བྱ་བ། མནན་ན་ནེམ་བྱེད་པ། བཏེག་ན་འཕར་བྱེད་པ་བཅོམ་ལྡན་འདས་ཀྱི་ཞབས་ཀྱིས་བཅགས་པ། བྱིན་གྱིས་བརླབས་པའི་གནས་དེར་ཕྱིན་ལ། དེར་ཕྱག་རྒྱ་ཆེན་པོ་བསྒོམ་སྙམ་པའི་འདུན་པ་དྲག་པོ་བཏང་བས། ཤེས་པ་སུམ་ཅུ་རྩ་གསུམ་དུ་འཕོས་ནས་དབུགས་འགགས་ལུས་བཞག་པའོ། །དེར་བསྒོམས་པས་ཕྱག་རྒྱ་ཆེན་པོའ་དངོས་གྲུབ་ཐོབ་པའོ། །ཐ་མ་བསྐྱེད་རིམ་གྱིས་འཕོ་བ་ནི། རང་ཡི་དམ་ལྷར་བསམས་ལ། ལྟེ་བར་ཨ། སྙིང་གར་ཧཱུྃ། ཚངས་བུག་ཏུ་ཀྵྻུཾ་བསམས་ལ། དེ་ནས་རླུང་བུམ་པ་ཅན་དུ་བྱས་ཏེ། ཨ་དེ་ཡར་སོང་ཧཱུྃ་ལ་བསྟིམ། ཧཱུྃ་ཡར་སོང་བས། ཀྵྻུཾ་དེ་འབུར་འབུར་འཕུལ་བར་
༡༥༥བསམ། དེ་ནས་ཡང་མར་ལ་ཕབ་ལ་སོ་སོར་བཞག །དེ་ལྟར་བྱང་བར་བྱས་ལ། ནམ་འཆི་རྟགས་བྱུང་བ་དང་། དེར་འཕོ་བའི་དུས་སུ་མདུན་གྱི་ནམ་མཁའ་ལ་བླ་མ་ཡི་དམ་ལྷ་བསམས་ལ། ཨ་ཡར་ཧཱུྃ་ལ་བསྟིམ་ལ། སྤྱི་བོའ་ཀྵྻུཾ་གསལ་ལ་ཚངས་བུག་ཧར་གྱིས་སོང་བར་བསམས་ལ། ངག་ཏུ་ཨ་ཧིཀ་དྲག་ཏུ་བརྗོད་ལ། ཧཱུྃ་དེ་ཡར་ལ་ཚེགས་མེད་དུ་བཏོན་ལ། ཡི་དམ་ལྷའི་ཐུགས་ཀར་ཐིམ་པར་བསམ། དེ་ལྟར་ཡང་ཡང་བྱས་པས་ངེས་པར་འཕོ་བའོ། །དེ་ནི་རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་བསྐྱེད་རིམ་གྱིས་འཕོ་བ་གསུམ་མོ། །ད་ནི་བཙན་ཐབས་ཀྱིས་འཕོ་བ་ལ། པུས་མོ་གཉིས་ས་ལ་བཙུགས། ལག་པ་གཉིས་ལྟག་ཁུང་དུ་སྦྲེལ། རྐེད་པ་དབྱུག་པ་ལ་བཀལ་ལ། སྙིང་གྱེན་ལ་ལོག་གིས་ལོག་པར་བསམས་ལ་ངག་ཏུ་ཧིཀ་དྲག་ཏུ་བརྗོད་པས་ངེས་པར་བདེ་བ་ཅན་དུ་འཕོ་གསུང་། ཡང་སྙིང་མ་ཟློག་པར་སྙིང་གར་ཧཱུྃ་གཅིག་བསམས་ལ། ཚངས་བུག་གོང་བཞིན་བསམས་ལ། དེ་ནས་ཧཱུྃ་དེ་ལྟར་གྱིས་ཐོན་ནས་ཡི་དམ་ལྷའི་ཐུགས་ཀར་ཐིམ་པར་བསམས་པའམ། ཡང་ན་བདེ་བ་ཅན་དུ་སོང་བར་བསམས་ནས་ངག་ཏུ་ཧིཀ་དྲག་ཏུ་བརྗོད་པས་འཕོ་གསུང་ངོ་། །རླུང་སྦྱང་བའི་ཐབས་ནི། སྟན་བདེ་བ་ལ་སེམས་དཔའི་སྐྱིལ་ཀྲུང་བཅའ། སྒལ་པ་བསྲང་། ཨོས་ཀོ་བཀུག །ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་བའི་འོག་ཏུ་བཞག་སྟེ། དང་པོ་ཕྱིར་འགྲོ་ནང་འགྲོ་ཁ་ཅིག་བྱས་ནས། རླུང་གནས་སུ་བཞག་སྟེ། དེ་ནས་རླུང་ནང་དུ་རྫོགས་པར་བླངས་ལ་ཐུབ་ཚད་བཟུང་ངོ་། །དེ་ནས་ཞག་བཅོ་ལྔ་ཉི་ཤུའི་བར་དུ་བསྒོམས་པས། རླུང་ནང་དུ་ཡུན་རིང་དུ་ཐུབ་པ་སྙམ་བྱེད་ན། རང་གིས་རླུང་བཟུང་སྟེ་གྲོགས་ཅིག་རྩར་བཞག་ལ། ཕྲེང་བ་ལ་ཁོའ་རླུང་བགྲང་དུ་བཅུག་སྟེ། དེ་ནས་རང་གི་རླུང་མ་ཐུབ་ན་བཏང་བ་དང་མཉམ་དུ་གྲོགས་ཀྱིས་ཀྱང་ཕྲེང་བ་བཞག་སྟེ། ཕྲེང་བ་དེ་ལ་དྲུག་ཅུ་རྩ་དྲུག་ཐེམས་འདུག་ན་དེས་ཆོག །ལྷག་ན་སྐྱོན་མེད། ཚད་ནི་ཞག་གཅིག་གཉིས་ཤིག་བསྒོམ།
༡༥༦དེ་ལྟར་རླུང་སུམ་ཅུ་རྩ་དྲུག་ཁེགས་པ་དང་འཕོ་བ་སྦྱང་། དེ་ནི་རླུང་སྦྱང་བའི་མན་ངག་རྫོགས་སོ།། །།དེ་ནས་རླུང་འབྱོངས་ནས། ཡང་ལུས་བཅོས་ནས། རང་ལྷ་སྐུར་གསལ་བའི་སྤྱི་བོར་ཚངས་བུག་ཏུ་ཀྵྻུཾ་མིག་གཉིས་སུ་ཧཱུྃ། སྨིན་མཚམས་སུ་ཧཱུྃ། རྣ་བ་གཉིས་དང་། སྣ་བུག་གཉིས་སུ་ཡྃ་རེ་རེ། ཁར་སུཾ། ལྟེ་བར་ཧཱུྃ། གཤང་གཅིའི་ལམ་དུ་ཀྵྻུཾ་ཡི་གེ་རྣམས་ཁ་དོག་དཀར་པོར་བསམ་སྟེ། དེ་ལྟར་སྒོ་དགུ་ཡི་གེ་དགུས་བཀག་ནས་རླུང་ནང་དུ་བསྟིམ་སྟེ། ལྟེ་བ་ན་སེམས་ཀྱི་རྒྱལ་པོ་ཨར་གནས་ཏེ། ཧིཀ་ཉི་ཤུ་རྩ་གཅིག་བརྗོད་པས། ཧིཀ་རེ་རེ་ལ་དེ་ཡར་བྱུང་བས་ཀླད་པའི་སྟེང་། ཐོད་པའི་འོག་ཏུ་ཡར་དྲང་ངོ་། །དེ་ཡང་ཕྲེང་རྡོག་ཉི་ཤུ་རྩ་གཅིག་ལ་བགྲང་སྟེ། དེ་ལ་ཐ་མ་མི་འཆོས། དེ་ནས་ཡང་རླུང་བསྟིམ་སྟེ། ཕྲེང་བ་ལ་ཧིཀ་ཉི་ཤུ་རྩ་གཅིག་བརྗོད་པས། ལྟེ་བར་ཨ་དེ་མར་དབབ་བོ། །དེ་ནས་ཡང་རླུང་བཏང་སྟེ་ངལ་ཨན་ཅིག་གསོའོ། །དེ་ཀ་བཞིན་ཡར་འདྲེན་པ་ལྷག་པར་ཡང་ཡང་བསྒོམ་མོ། །ཐུན་འཇོག་ན་སྤྱི་བོར་མི་བཞག་པར་ལྟེ་བར་ཕབ་ལ། དེ་ནས་ཐུན་མཚམས་བྱའོ། །དེ་འདྲ་ཞག་བདུན་བསྒོམས་པས་འཕོ་བ་འབྱོངས་ཏེ། འབྱོངས་པའི་རྟགས་ལྔ་ནི། ལྟོ་ཆེ་བ། དཔྲལ་བ་ན་ཕར་ཚ་བའམ། རྡུལ་ཚ་བ་འཆར་བ་འབྱུང་ངོ་། །མཚོག་མ་ཏོག་སྟེ་འགྲོ་བ་ལྟ་བུ་བྱུང་ན་འབྱོངས་པ་ཡིན། ཞེས་བླ་མ་གསུང་སྟེ། དེ་མི་དགོས་པས་རླུང་བསྟིམ་ལ་བདེ་མོར་ཡར་འགྲོ་མར་འགྲོ་འོངས་ནས་འབྱོངས་པ་ཡིན། དེ་ལྟར་འབྱོངས་པ་དེ་ལོ་ཉི་ཤུ་ཙམ་ན་བྱས་ནས། དེ་ནས་བཞག་སྟེ། ལོ་ལྔ་བཅུ་དྲུག་ཅུ་ཙམ་ན། འཆི་བའི་དུས་འཕོས་པས་ཆོག་གསུང་། དེ་ལྟར་གདན་བཞི་ལས། རྔུབ་པ་སྔོན་དུ་བརྩམས་ནས་ནི། །ཐམས་ཅད་དུ་ནི་དགག་པར་བྱ། །ཅེས་པ་ནས། ཉི་ཤུ་རྩ་གཅིག་དབུགས་དག་གིས། །གནས་ནས་དྲག་ཏུ་དྲངས་ནས་སུ། །ཚིགས་གཅིག་ནས་ནི་ཚིགས་གཅིག་གོ་།ཚིགས་དགུ་གོང་མའི་བར་དུའོ། །ཡར་ལྡཽག་མར་ལྡོག་ས་བོན་
༡༥༧གྱིས། །སྦྱང་བྱའི་ཡི་གེ་ཕྱེད་དང་གཉིས། །ང་རོ་དྲག་ཏུ་བརྗོད་པ་ཡིས། །ཤེས་གསུངས་པའི་དོན་ཡིན་ནོ། །འཕོ་བ་འབྱོངས་ནས། ཕྱིས་འཆི་བའི་དུས་སུ་འཕོ་བ་བྱ་སྟེ། དེ་ཡང་གདན་བཞི་ལས། འཆི་བའི་མཚན་མ་མཐོང་ནས་ནི། །འཆི་བར་གྱུར་བའི་དུས་བྱུང་ནས། །རིམས་ལ་སོགས་པ་མ་ཕོག་པར། །འཕོ་བ་སྦྱོང་བ་མཆོག་ཡིན་ནོ། །ཅེས་གསུངས་པའི་དོན། གནས་ཁང་ཡིད་དང་མཐུན་པར། ཡི་དམ་ལྷའི་སྐུ་ལུགས་མའམ་རས་བྲིས་བཞུགས་སུ་གཞུག་མེ་ཏོག་ལ་སོགས་པ་ཅི་འབྱོར་བ་དང་གཏོར་མ་བཤམས་ལ། ཏིང་ངེ་འཛིན་གྱིས་ཀྱང་ཡི་དམ་ལྷ་དང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ། དེ་རྣམས་ལ་མཆོད་པ་དང་། གཏོར་མ་ཅི་འབྱོར་བ་ཕུལ། དེ་ནས་རང་སྟན་བདེ་བ་ལ་སྐྱིལ་ཀྲུང་བཅས་ལ་རྒལ་པ་བསྲང་། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱ་སྟེ་ལྷའི་སྐུར་བསྒོམ། སྒོ་དགུ་ཡི་གེ་དགུས་དགག །དེར་རླུང་བསྟིམ་མི་དགོས། ལྟེ་བའི་ཨ་དེ་གོང་བཞིན། ཧིཀ་ཉི་ཤུ་རྩ་གཅིག་གིས་ཡར་དྲང་། དེ་ནས་ཡང་མར་ལྟེ་བར་དབབ། དེ་ནི་ཉམས་སད་པའོ། །དེས་ན་སྤྱི་བོའ་ཀྵྻུཾ་དེ་གསལ་ཏེ། སྤྱི་བོར་ཧར་གྱིས་སོང་བར་བསམས་ལ། དེ་ནས་རྐང་མཐིལ་གཉིས་སུ་ཡི་ཡིག་རེ་རེ་བསམ། དཀུ་གཡས་གཡོན་གཉིས་དང་། མཆན་ཁུང་གཉིས་སུ་ཡཾ་རེ་རེ། སྙིང་གར་ཡང་ཡཾ་བཞིས་བསྐོར་བར་བསམ། དེ་ནས་ཡཾ་དེ་རྣམས་ལས་རླུང་གི་དཀྱིལ་འཁོར་བཅུ་གཞུའི་དབྱིབས་སུ་འདུག་པ་འུར་སྒྲ་དང་བཅས་པས་སེམས་ཀྱི་རྒྱལ་པོ་ཨ་བཏེག་སྟེ་འདུག་པར་བསམས་ལ། ཧིཀ་ཉི་ཤུ་རྩ་གཅིག་གིས་ཤིན་ཏུ་དྲགས་པར་དྲངས་ཏེ། སྤྱི་བོ་ན་ཨ་དེ་རྒྱངས་ཀྱིས་སོང་བར་བསམས་ལ། ཡི་དམ་ལྷའི་ཐུགས་ཀར་ཤེས་པ་གཏད། དེས་མི་འཕོ་ན་ཧིཀ་ཉི་ཤུ་རྩ་གསུམ་རྩ་བཞི་རྩ་ལྔ་བརྗོད་པས་མི་འཕོ་མི་སྲིད་དོ། །དེ་ཡང་གདན་བཞི་ལས། ལུས་ལ་རླུང་གི་ཁ་དོག་དང་།
༡༥༨ཧཱུྃ་གི་ས་བོན་དྲུག་པ་རུ། །རླུང་གི་མཐའ་ཡི་རྩ་བར་ནི། །ས་བོན་སེམས་ཀྱིས་དྲངས་པར་བྱ། །ཞེས་གསུངས་པ་དང་། བཤད་རྒྱུད་ལས་ཀྱང་། ཧཱུྃ་གི་ང་རོ་དྲག་པོ་ཡིས། །ལུས་ཅན་རྣམས་ནི་བཀོལ་བར་བྱ། །ཅེས་གསུངས་སོ། །དེ་ལྟར་འཕོས་པས་རླུང་སེམས་ཚངས་པའི་བུ་ག་ནས་ཕྱུ་རུ་རུ་འབྱུང་གསུང་ངོ་། །དེས་ནི་བར་དོར་སངས་རྒྱའོ། །དེ་ཡང་གདན་བཞི་ལས། དེ་བཞིན་འདས་པའི་ལུས་དག་ལས། །ཡེ་ཤེས་ལྔ་ནི་རང་དགར་འབྱུང་། །ཞེས་གསུངས་སོ། །སྦྱངས་ནས་འཕོ་བའི་མན་ངག་གོ་༈ །ན་མོ་གུ་རུ། གཉིད་འོད་གསལ་དུ་གཞུག་པ་ནི། དོ་ནུབ་རྨི་ལམ་མི་རྨི་བར། གཉིད་ཀྱི་དུས་སུ་འོད་གསལ་བསྒོམ་དགོས་སྙམ་ནས། རང་གི་སྙིང་གར་པདྨ་འདབ་མ་བཞི་པའི་ལྟེ་བར་ཧཱུྃ་བསམས་ནས། དེ་ལ་ཤེས་པ་གཏད་ནས་གཉིད་ལོག་གོ་།གཉིད་སད་པ་དང་། ད་ཅི་ཡང་གཉིད་འོད་གསལ་དུ་མ་ཚུད་པར་འདུག །ད་ཅི་ནས་ཀྱང་གཉིད་འོད་གསལ་དུ་བསྒོམ་དགོས་སྙམ་ནས། གཉིད་ལོག་པས་གཉིད་དུས་སུ་འོད་གསལ་ངོས་ཟིན་ནས། གཉིད་ལོག་མ་ལོག་མེད་པར་འོད་གསལ་དུ་འབྱུང་ངོ་། །དེ་ཡང་བླ་མའི་ཞལ་ནས། ཡང་ན་འོད་གསལ་བ་ལ་བཞག་བྱ་བ་གཉིད་མི་ལོག་པའི་དུས་རང་ནས་འོད་གསལ་ལ་བཞག་ནས་བསྒོམ་པ་ལུགས་གཅིག་ཡིན་ནོ། །དེ་ནས་གཉིད་ལོག་མ་ལོག་མེད་པར་འོད་གསལ་དུ་འབྱུང་བ་ཡིན་ཏེ། གང་ཟག་གཅིག་གཞན་གང་ལ་ཡང་མི་རྟེན་པར་གཉིད་ཀྱི་སྒོ་ནས་སངས་རྒྱའོ། །གཉིད་འོད་གསལ་དུ་གཞུག་པའི་མན་ངག་གོ། ༈ །ན་མོ་གུ་རུ། མངལ་དུ་སེམས་ཅན་ཆགས་པ་ནི། ཕ་མ་གཉིས་ཀྱིས་སྔར་དེ་ཆགས་པའི་ལས་བསགས་པའི་ལས་ལྷག་མ་དེ་དུས་དང་ལྡན་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་གཉིས་འདོད་ཆགས་ལངས་ནས་འཕྲད་པ་དང་། དྲི་ཟ་ཉེ་བར་འཁོར་བ་ལས་མངལ་ཆགས་པར་ཆོས་མངོན་པ་ནས་བཤད་དོ། །སྔོན་་ཕྱི་མའི་ལུས་ཀྱི་སྣང་བ། བྱུང་
༡༥༩སྲིད་པའི་ཤ་གཟུགས་ཅན། དབང་པོ་[231]ཀུན་ཚང་[232]ཐོགས་མེད་རྒྱུ། །རིགས་མཐུན་ལྷ་མིག་དག་པས་མཐོང་།[233] །ཟས་སུ་དེ་ནི་དྲི་[234]ཟའོ། །བློ་ནི་[235]ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་[236]སའི་ཡུལ་དུ་འགྲོ། །ཞེས་སློབ་དཔོན་དབྱིག་གཉེན་གྱིས་གསུངས་སོ། ༈ །ན་མོ་གུ་རུ། སྒྱུ་ལུས་སྦྱང་པ་འདི་ལྟར་བྱ་སྟེ། གཉིད་སད་པའི་དུས་སུ། རྗེས་ཐོབ་ལ་བདག་བྱིན་གྱིས་བརླབ་པ་ནི། རང་དང་སྣང་བ་ཐམས་ཅད་མཉམ་བཞག་རྨི་ལམ་གྱི་དུས་སུ་སྣང་བ་བཞིན། ཐམས་ཅད་སྒྱུ་མའམ་ཆུ་ཟླ་ལྟ་བུར་བྱས་ཤིང་བསྒོམ། དེ་ལ་དེ་བཞིན་བསྒོམས་པས་ཡེ་ཤེས་འཆར་རོ། །ཡང་གཉིད་སད་ནས་རྗེས་ཐོབ་ལ་འདི་ལྟར་བསྒོམས་ཏེ། རང་ཐ་མལ་གྱི་ལུས་མེ་ལོང་ལ་གསལ་བ་ལྟར་བལྟས་ལ། མེ་ལོང་མདུན་དུ་རང་ལ་བསྟན་ནས་ཡིད་ཡུལ་དུ་བལྟ་ཞིང་གསལ་བར་བསྒོམ་མོ། །དེ་གསལ་པོར་བརྟན་ནས་ཡོན་ཏན་མང་དུ་བརྗོད་དེ་བསྟོད་པས་དེ་ལ་དགའ་བའི་སེམས་མི་འབྱུང་སྟེ། སྒྱུ་ལུས་ཡིན་པས་སོ། །ཡང་སྐབས་སུ་དེ་ལ་ངན་གྱི་བྱེ་བྲག་མང་དུ་བརྗོད་དེ་སྨད་པས། དེ་ལ་མི་དགའ་བའི་སེམས་མི་འབྱུང་ངོ་། །དེ་ལྟར་ལན་མང་དུ་བསྒོམ་ཞིང་ཤིན་ཏུ་བརྟན་ནས། ཡང་དེ་རང་གི་ལུས་ལ་གཞུག་ཅིང་། རང་ཉིད་སྒྱུ་མའི་ལུས་ལ་བསྟོད་པས་དགའ་བ་མེད། སྨད་པས་མི་དགའ་བ་མེད་པའི་ལུས་སུ་བསྒོམ། དེ་ལ་གསལ་དུ་མ་འདོད་ན་མདུན་དུ་ཡང་བསྒོམ་ལ། ཡང་ལུས་ལ་གཞུག་ཅིང་བསྒོམ་མོ། །རང་ཡི་དམ་གྱི་ལྷར་བྱས་ལ་བསྟོད་ར་མང་དུ་བཏང་ངོ་། །དེ་ལ་དགའ་བ་མི་སྐྱེ་ན་རང་གི་ལུས་ལ་གཞུག་གོ །དེ་ནི་ངེས་པར་སྒྱུ་མའམ་ཆུ་ཟླ་ལ་སོགས་པའི་ལུས་སུ་མཐོང་བ་འོང་ལ། རང་གི་མངོན་ཞེན་ལོག་ནས་སྣང་བ་ཐམས་ཅད་ཀྱི་ཞེན་པ་ལྡོག་པ་ལ་ཚེགས་མེད་ཅིང་། སྣང་བ་ཐམས་ཅད་
༡༦༠ཀྱང་སྒྱུ་མའི་རྣམ་པར་ལོང་ལོང་མཐོང་བར་འགྱུར་རོ། །ཐ་མལ་གྱི་སྣང་བ་ཐམས་ཅད་དུ་མི་འགྱུར་རོ། །དེ་དུས་སྣང་བ་ཐམས་ཅད་སྒྱུ་མར་གྲུབ་པ་ཇི་ལྟར་ཡང་བསྒྱུར་དུ་འདོད་དེ། གཉིད་ཀྱི་དུས་སུ་སད་པའི་དུས་ཉིད་དང་དབྱེར་མེད་དུ་ཕྲིལ་ལེ་གནས་པ་ནི་གཉིད་ལོག་མ་ལོག་དབྱེར་མེད་པས་བྱའོ། །སྒྱུ་ལུས་ཀྱི་མན་ངག་གོ། །བཀྲ་ཤིས་སོ། ༈ །ན་མོ་གུ་རུ། གྲོང་འཇུག་འཕོ་བའི་མན་ངག་ལ། གནས་དབེན་པར་མཎྜལ་ལ་སོགས་པ་བྱས་ལ། ཐོད་པ་གཅིག་ལ་སྣག་ཚལ་སོགས་པའི་རྩི་ནག་པོ་ཞིག་ལེགས་པར་བྱུགས་ལ། དེ་ལ་ཧཱུྃ་དཀར་པོ་གཅིག་བྲིས་པ་རས་བལ་གྱིས་གཡོགས་པ་མཎྜལ་གྱི་ཁར་བཞག །དེ་ནས་རང་གི་སྙིང་གར་ཧཱུྃ་ཞིག་བསམས་ལ་དེ་བརྟན་པ་དང་། ཧཱུྃ་དེ་ཕར་འཕོས་ཐོད་པའི་ཧཱུྃ་ལ་བསྟིམ་ལ། དེ་ལ་ཤེས་པ་གཏད་ལ་བསྒོམ། དེ་ལྟར་བསྒོམས་པས་ཐོད་པའི་ཧཱུྃ་ལ་ཤེས་པ་ཟིན་པའི་རྟགས་ཐོད་པ་འགྲོ་བའམ། འགུལ་བའམ། འཚེག་པའམ་རས་བལ་འགུལ་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟར་བྱུང་ནས་སྲོག་ཆགས་ཕྲ་མོ་རེའུ་ལུག་གུའམ། བྱ་ལ་སོགས་པའི་རོ་རྨ་མེད་པ་མ་རུལ་བ་ཅིག་བླངས་ལ། དེའི་སྙིང་གར་ཧཱུྃ་བསམས་ལ་དེ་ལ་ཤེས་པ་གཏད་ལ་བསྒོམ། དེ་ལྟར་བསྒོམས་པས་རོ་དེ་འགུལ་བ་དང་ལྡངས་ནུས་པ་བྱུང་ན། གྲོང་འཇུག་ནུས་པ་ཡིན་པས། ཡུལ་ཁམས་གཞན་ཅིག་ཏུ་ཕྱིན་ལ་རྒྱལ་པོའ་བུའམ། གཞོན་ནུ་དར་ལ་བབས་པ་ཞིག་གི་རོ། །རུལ་སངས་དང་རྨ་མེད་པ། འཁྲུགས་པས་ཤེ་བ་མ་ཡིན་པ། སྐྱུགས་ནས་ཤི་བ་མ་ཡིན་པ། རིམས་ལ་སོགས་པས་ཤི་བ་མ་ཡིན་པའི་རོ་བླངས་ལ་ཁྲུས་ལེགས་པར་བྱས་ལ། ཙནྡན་ལ་སོགས་པའི་དྲི་བཟང་པོས་བྱུགས། རས་ལ་སོགས་པའི་གོས་བཟང་པོ་བཀོན། གསེར་གཡུ་ལ་སོགས་རྒྱན་བཟང་པོས་བརྒྱན་ལ་ཡིད་འཇུག་པར་བྱས་ལ། མཎྜལ་གྱི་དབུས་སུ་བཞག་ནས་རང་དང་ཁ་སྤྲད་དེ། རོའ་སྣ་བུག་གཡས་པ་དང་། རང་གི་སྣ་བུག་གཡོན་པ་གཉིས་སྤྲད་ལ། རོའ་སྙིང་གར་ཧཱུྃ་བསམས་ལ་ཤེས་པ་གཏད་ལ་བསྒོམ། རང་གི་ལུས་རྒས་པ་དེ་ལ་མི་བསམ། ཡང་ཡང་རོ་ལ་ཤེས་པ་མ་ཡེངས་པར་བསྒོམ། དེ་ལྟར་ཡུན་རིང་དུ་བྱས་པས་རོ་ལ་ཤེས་པ་
༡༦༡ཆགས་ནས་ལངས་ནས་སྔར་གྱི་ལུས་རྒས་པ་ལ་སོགས་པ་དེ་བསྡུ་བ་སོགས་བྱས། དེ་ནས་སེམས་ཅན་གྱི་དོན་བྱ་བ་ཡིན་གསུང་ངོ་། ༈ །ན་མོ་གུ་རུ། སྤྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལས་སྐྱེས་པ་ལ། དང་པོ་རྨི་ལམ་ཡོངས་སུ་བཟུང་བ་དང་། རྨི་ལམ་སྤེལ་བ་དང་། རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ། ཐམས་ཅད་ཡང་བ་སྤངས་ཏེ་རྟོགས་པ་ཕུལ་དུ་དབྱུང་བའོ། །དེ་ལ་སྐྱོན་བཞི་འབྱུང་སྟེ། འབྱམས་པ་གོལ་པའི་ཚད། ཉོན་མོངས་ལྡང་བའི་རོ། །ཡེ་ཤེས་སུ་སླེབས་པའི་ཚད། འཁོར་བར་ལྡོག་པའི་དུས་སོ། །དེ་ལ་དང་པོ་ནི། ཞག་གྲངས་ཅི་རིགས་པར་བྱ་བ་ཐམས་ཅད་བཏང་། ངལ་དུབ་སྤང་། ཁ་ཟས་ཆ་མཉམ་པར་བྱ། ཉིན་པར་བསྒོམ་ཞིང་བདག་གིས་དོ་ནུབ་རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་ཏུ་བྱ། ཉལ་ཁར་མི་བཏང་བར་མགྲིན་པར་པདྨ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། འདབ་མ་རྣམས་ལ་ཨ་ནུ་ཏ་ར་ཞེས་པའི་ཡིག་འབྲུ་དཀར་པོ་གཡོན་བསྐོར་དུ་བཀོད་ནས་ཅུང་ཟད་ཅིག་ཡི་གེ་ལྔ་ལ་ཤེས་པ་གཏད། མཐར་ༀ་ལ་གཏད། དེ་ནས་གཉིད་ལོག །དེ་བཞིན་དུ་ཞག་གྲངས་ཅི་རིགས་པ་བྱའོ། །གཡང་དང་ཆུ་ལ་སོགས་པའི་འཇིགས་པ་དང་། དགྲས་དེད་པ་རྨི་ན་ཟིན་འདོད་པའི་རྟགས་སོ། །གནད་ཟིན་ནས་གཡང་ལ་སོགས་པ་རྨི་བ་འདི་ནི་རྨི་ལམ་ཡིན་སྙམ་དུ་ངོ་ཤེས་པ་འབྱུང་སྟེ། དེ་ནི་རྨི་ལམ་ཟིན་པ་ཡིན་ནོ། །དེ་ནས་ཆེར་ཟིན་ནས་སེམས་ལ་དགའ་བ་ལུས་ལ་བདེ་བ་རྒྱས་པ་འོང་སྟེ། རྨི་ལམ་ལྟ་བུ་ཞག་འགའ་འབྱུང་བ་ཡང་ཡོད་དོ། །གནད་དང་པོ་དེ་རུ་མ་ཟིན་ན། འབྱམས་པ་གོང་བ་བྱ་བ་ཡིན་པས། སྔོན་འགྲོ་རྣམས་འདྲ་བར་བྱས་ལ་མི་བཟུང་བར་མཛོད་པུར་ཐིག་ལེ་དཀར་པོ་ཞིག་ལ་ཉལ་ཁར་ཤེས་པ་གཏད། དེ་མ་ཟིན་ན། ཐིག་ལེ་ནག་པོར་བསྒྱུར་ཏེ་དེ་ལ་གཏད་ནས་བཟུང་། དེས་མ་ཟིན་ན་ཆེར་འབྱམས་པ་བྱ་བ་ཡིན་པས། གཉིད་ཆེ་ན་ཟས་ཅུང་ཟད་དབྲི། གོས་
༡༦༢བསྲབ། རྨི་ལམ་འོང་ཡང་མི་ཟིན་ན་ཉིན་པར་ལུང་སྟོང་ཉམས་དགའ་བ་མི་མེད་པའི་སར་ཕྱིན་ལ། གཅེར་བུར་རྒྱུག་ཅིང་སྐད་ཆེན་པོ་འབོད། དེ་ལྟར་ཉིན་རེ་ལན་གསུམ་བཞི་བྱ། དེ་ནས་གཡང་ཡོད་པའི་སར་འཇིགས་སུ་གཞུག །དེ་ནས་མཚན་མོ་རང་གི་གནས་སུ་འདུག་སྟེ། ཉལ་ཁར་ལུས་འདི་ཕྱིན་ཅི་ལོག་ཏུ་འདུག་སྟེ། མཛོད་པུར་ཐིག་ལེ་ནག་པོ་བསྒོམས་ལ། དེ་ལ་ཤེས་པ་གཏད། ནུབ་དང་པོ་ཉིད་ནས་ཟིན། ཤིན་ཏུ་སྦྱང་དཀའ་ན་ཡང་ནུབ་གསུམ་ནས་ཟིན་ནོ། །དེ་ནས་ཞག་གྲངས་ཅི་རིགས་པར་སྦྱང་། དེར་ངོ་ཤེས་ཤིང་མི་འཚམ་པ་སྣ་ཚོགས་བྱུང་ན་སྤེལ་ཏེ། ཁྱི་ལྟ་བུ་རྨི་ན་ཁྱི་བརྒྱ་ཕྲག་གམ། ཁྱི་རེ་རེ་ལ་ཡང་དཔག་ཏུ་མེད་པར་བསམས་ལ། བདག་གི་ལུས་ཀྱང་མང་པོར་བྱ་སྟེ་རེས་འགའ་ཉི་ཟླ་རྡོག་པས་མནན་ཅིང་། རྒྱ་མཚོའི་གཏིང་དུ་འགྲོ་བ་དང་། རི་རབ་ཀྱི་རྩེ་མནན་པ་སོགས་དུ་མ་བྱའོ། །དེ་ནི་རྨི་ལམ་སྤེལ་ཏེ་ཏིང་ངེ་འཛིན་དེས་ཆོས་ཐམས་ཅད་སེམས་སུ་རྟོགས་པ་དང་། སེམས་ཉིད་ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་པ་འབྱུང་ངོ་། །དེ་ལྟར་ཡིན་ཀྱང་བདེ་སྟོང་གི་ཉམས་སུ་ཆུང་ན། སྲིད་པ་ལས་མི་གྲོལ་ཞིང་དེ་ཉིད་ལ་ཞེན་པ་སྐྱེ་བས་རྨི་ལམ་གྱིས་རྒྱས་བཏབ་སྟེ་ཉལ་ཁར་མཛོད་པུར་ཐིག་ལེ་དཀར་བ་གསལ་བ། བདེ་བའི་ཉམས་དང་ལྡན་པ་ཞིག་བསྒོམས་ལ། དེ་རྩ་དབུ་མ་ཁ་དོག་དམར་པོའ་ནང་དུ་བསྒྱུར་བར་བྱའོ། །སྐབས་སུ་དབང་གསུམ་པའི་ཉམས་མྱོང་ཡང་དྲན་པར་བྱའོ། །དེས་བདེ་བ་ཤུགས་ཆེར་འབར་ཞིང་། ཏིང་ངེ་འཛིན་གྱིས་བརྒྱལ་བ་འབྱུང་བས། འདི་ཉིད་བསམ་གཏན་རོ་ལ་ཡོན་ཏན་ལྡན། །ཞེས་ཀྱང་བྱའོ། །དེ་ལ་ཆགས་ན་ཉོན་མོངས་པ་གཞན་ཡང་སྐྱེལ། ལས་ཀྱང་བསགས་ནས་འཁོར་བར་སྐྱེ་བས། ཉོན་མོངས་པ་ལྡང་བའི་རོ་ཡིན་ནོ། །དེ་ཡང་ཁང་པ་ཅུང་ཟད་ཡངས་པ་ནག་པར། རང་གི་སྙིང་གར་ཁུ་ཚུར་གཉིས་བཅིངས་ཏེ། མིག་འབྲས་གྱེན་ལ་ལྡོག །ཤེས་པ་ལྷུག་པར་བཞག་ལ། བདེ་བ་ལ་སྟོང་པས་རྒྱས་ཐེབས་ན་ཕྱག་རྒྱ་ཆེན་པོ་མཆོག་
༡༦༣རྟོགས་སོ། །སྐབས་སུ་ཚངས་པའི་སྒོ་ཡི་བུ་ག་ཤིན་ཏུ་ཕྲ་བར་ཅུང་ཟད་ཙམ་རེ་སེམས་གཏད་དེ། མིག་ཀྱང་ནང་དུ་བཟློག །དེས་ཀྱང་བདེ་སྟོང་མཆོག་སྐྱེའོ། །འདི་ནི་ཡེ་ཤེས་སླེབ་པའི་ཚད་ཅེས་བྱ་བ་ཡིན་ནོ། །དེ་ཙ་ན་ཆོས་ཐམས་ཅད་སེམས་སུ་ཤེས་ཤིང་། དེ་ཡང་སྒྱུ་མའམ་རྨི་ལམ་ལྟ་བུར་ཤེས་ལ། དེ་ཡང་བདེ་སྟོང་མཆོག་མ་རྟོགས་པར་ད་དུང་ཡང་འཁོར་བར་སྐྱེས་ཀྱིས་དོགས་ཏེ་ཡ་ང་བ་དང་། ཐར་པ་མ་ཐོབ་ཀྱི་དོགས་པ་དང་མ་བྲལ་བས་དེའི་ཡ་ང་བ་སྤང་ཞིང་། རྟོགས་པ་མཆོག་ཏུ་བྱ་བ་ནི་སྤྱོད་ལམ་དང་བསྲེ་བ་ཡིན་ཏེ། གཟུགས་ལ་སོགས་པ་གང་མཐོང་བ་ཐམས་ཅད་ལ། བདག་ཉིད་ཀྱི་ཉམས་དེ་དྲན་པར་བྱ་སྟེ། ཡུལ་སྣ་ཚོགས་པ་ལ་གཡེང་ཞིང་གོམས་པར་བྱའོ། །མཐར་མཉམ་རྗེས་མེད་པར། མཉམ་བཞག་གི་ཉམས་དང་རྟོགས་པ་ཕུལ་དུ་ཕྱིན་པ་འབྱུང་ངོ་། །དེ་ལྟ་བུའི་ཏིང་ངེ་འཛིན་བརྟན་ཡང་། འཆི་བའི་རྐྱེན་བྱས་ནས་བར་དོར་ལུས་ལེན་སྲིད་དེ། གལ་ཏེ་ལུས་བླངས་ན་ནི། འཁོར་བར་ལྡོག་པའི་དུས་ཤེས་བྱ་བ་ཡིན། འདི་ཡི་གནད་ནི། དང་པོ་འཕང་ཞིང་འདུ་ཤེས་བཏང་། །ཞེས་པ་ཡིན་ཏེ། བར་དོར་སྒྱུ་ལུས་ལ་སྒྱུ་ལུས་ངོ་ཤེས་པར་བྱ་སྙམ་པ་སྐབས་སུ་བཏང་ཞིང་། རྨི་ལམ་ཉིད་དོན་དུ་གཉེར་ཏེ། རྨི་ལམ་སྤེལ་བ་སོགས་ཇི་ལྟར་འདོད་པ་བཞིན་འོང་ལ། དེ་མཉམ་རྗེས་མེད་ན། བར་དོ་སྒྱུ་ལུས་ཐོབ་སྟེ། བར་དོ་ཉིད་མཆོག་གི་ལུས་ཏེ། ལོངས་སྐུ་འགྲུབ་པར་བཞེད་དོ། །འདི་ཉིད་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྒྱུ་ལུས་ལ་བསྟོད་པ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཅེས་སོགས་ཆེ་བའི་ཡོན་ཏན་གྱི་བཤད་པ་ཡང་མཛད། དེ་ལྟར་རྨི་ལམ་དང་། སྒྱུ་ལུས་ཀྱི་མན་ངག་གིས་བསྡུས་པ་ཡིན་ནོ། །ཡིག་ཐོ་ལས་ནི། གནད་མ་འཁྲུལ་པ་བྱ་ཙམ་ལས་མ་གསུངས་སོ། ༈ །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །
༡༦༤འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་མྱུར་འགྲུབ་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །མངྒ་ལཾ་བྷ་ཝནྟུ།། །།

༄༅། །སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་འཁོར་བ་འཕྲང་སྒྲོལ་གྱི་རྗེས་གནང་བཞུགས་སོ༎ ༎

XXX སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་འཁོར་བ་འཕྲང་སྒྲོལ་གྱི་རྗེས་གནང་བཞུགས་སོ། །
XXX འཇིགས་པ་བརྒྱད་ལས་རབ་སྒྲོལ་བཅོམ་ལྡན་མ། །འཇིག་རྟེན་ཐོབ་པས་བདུད་དཔུང་འཇོམས་མཛད་མ། །འཁོར་བའི་མཚོ་ལས་སྒྲོལ་བའི་དེད་དཔོན་མ། །བདག་སོགས་འགྲོ་ཀུན་སྐྱོབས་ཤིག་རྗེ་བཙུན་མ། །དེ་ཉིད་རྗེས་གནང་ཟབ་མོའི་གདམས་པ་ནི། །སྙན་ནས་སྙན་དུ་བརྒྱུད་པའི་ཡི་གེར་བཀོད། །རྗེས་གནང་འདི་ལ་དོན་ནི་བཅུ་ཡིན་ཏེ། །བཀོད་པ་བཤམས་དང་མངོན་རྟོགས་བདག་འཇུག་བླངས། །སློབ་མ་རྗེས་གནང་སྐུ་གསུང་ཐུགས་རྗེས་གནང༌། །ཡོན་ཏན་ཕྲིན་ལས་རྗེས་ཆོག་བཅུ་ཡིན་ནོ། །དང་པོ་མཎྜལ་ཟླ་བཞི་ལྟེ་བ་ལྗང༌། །ཤར་སྔོ་ལྷོ་སེར་ནུབ་དམར་བྱང་དཀར་པོ། །དབུས་སུ་ཏཱཾ་མམ་ཡང་ན་ལྷ་ཚོམ་བཀོད། །མཐའ་མར་མཆོད་གཏོར་ལས་བུམ་བཅས་པ་བཤམས། །གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན། །ཚད་མེད་བཞི་ལྡན་སྟོང་པར་རབ་སྦྱངས་ནས། །སྟོང་པའི་ངང་ལས་ཞིང་ཁམས་དག་པའི་དབུས། །སྲུང་འཁོར་བསྒོམ་ཞིང་གཞལ་ཡས་ཁང་མཆོག་བསྐྱེད། །དེ་དབུས་མཚོ་སྔོན་ན་གསེང་ཏོག་བཅས་དབུས། །ཨུཏྤལ་ཟླ་རྒྱས་སྟེང་ན་སྒྲོལ་མ་ནི། །མ་རྒད་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། །གཡས་བརྐྱང་གཡོན་བསྐུམ་དར་གྱིས་སྨད་གཡོགས་ཅན། །ཕྱག་གཡས་མཆོག་སྦྱིན་ཨུཏྤལ་རྒྱས་པ་འཛིན། །གཡོན་པས་ཨུཏྤལ་ཡུ་བ་ཐུགས་ཀར་འཛིན། །སྙན་གྱི་ཐད་དུ་འདབ་མ་རབ་ཏུ་རྒྱས། །འཛུམ་བཅས་སྤྱན་དཀྱུས་སྨིན་དཀྱུས་རིང་པོས་བརྒྱན། །དབུ་སྐྲ་ལྕང་ལོ་རིན་ཆེན་རྩེ་ཕྲན་ཅན། །སྙན་ཆ་མགུལ་རྒྱན་ཕྱག་གདུབ་ཞབས་གདུབ་དང༌། །སྣ་ཚོགས་དར་གྱི་ཅོད་པན་མཛེས་པར་བརྒྱན། །དཀར་འཛིན་རྒྱས་ཤིང་བཅུ་དྲུག་གཞོན་ནུའི་ཚུལ། །སྣང་ལ་རང་བཞིན་མེད་པ་མེ་ལོང་གཟུགས། །གསལ་བར་བསྐྱེད་ནས་ཡེ་ཤེས་ལྷ་མོ་བསྟིམ། །དབང་བསྐུར་ཡེ་ཤེས་རྒྱས་གདབ་བདག་བསྐྱེད་དོ། །ཐུགས་ཀར་པད་ཟླ་ཏཱཾ་གྱི་མཐའ་མར་ནི། །
XXX སྔགས་ཕྲེང་ལས་ནི་འོད་ཀྱིས་སྣོད་བཅུད་སྦྱངས། །ཚུལ་འདི་མདུན་བསྐྱེད་བསྒྲུབ་ཅིང་མཆོད་ཅིང་བསྟོད། །གསུམ་པ་མདུན་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། །མཎྜལ་གསོལ་བཏབ་ཏིང་འཛིན་དབང་བསྐུར་བླངས། །བཞི་པ་སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་དང༌། །ཡན་ལག་བདུན་པའི་སྡོམ་པ་སྦྱིན་པ་བྱ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱི་སྐྱབས་འགྲོའི་སྡོམ་པ་བྱིན། དེ་ནས་སེམས་བསྐྱེད་ཀྱི་སྡོམ་པ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བ་དང༌། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་སེམས་བསྐྱེད་དོ། །དེ་ནས་ཡན་ལག་བདུན་པ་བྱ་བ་ནི། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་སྒྲོལ་མ་ལ་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བརྗོད། ལྔ་པ་དཀྱིལ་འཁོར་ལྷ་དང་བླ་མ་གཉིས། །དབྱེར་མེད་བྱུང་ལ་མཎྜལ་ཕུལ་བྱས་ནས། །གསོལ་བ་བཏབ་ཅིང་རྗེས་གནང་རིམ་པ་ནི། བླ་མ་སྒྲོལ་
XXX མའི་སྐུ་ལ་འོད་འཕྲོས་པས། །སློབ་མའི་ལུས་ལ་དཔག་མེད་ཐིམ་པ་ཡིས། །སྒྲོལ་མའི་སྐུ་ཐོབ་བྱིན་རླབས་ཞུགས་པར་བསམ། །ཨོཾ་ཏཱ་རུ་ཏུཏྟ་རེ་ཛཿཧཱུྃ་བ་ཧོཿཞེས་བརྗོད། དེ་ནི་སྒྲོལ་མའི་སྐུའི་རྗེས་གནང་ངོ༌། །འདིའི་ཕན་ཡོན་གནས་སྐབས་མཐར་ཐུག་གཉིས། །གནས་སྐབས་ལུས་ཀྱི་སྡིག་སྒྲིབ་ཀུན་བྱང་ཞིང༌། །མཐར་ཐུག་མཚན་དང་དཔེ་བྱད་ལྡན་པ་ཡི། །སྒྲོལ་མའི་སྐུ་ཐོབ་པ་ཡི་དགོས་པ་ཡོད། །དྲུག་པ་གསུང་གི་རྗེས་སུ་གནང་བ་ནི། །མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། ཀྱེ་སྟོན་པ་ཐུགས་རྗེའི་མངའ་བདག་སྒྲོལ་མ་ཡུམ། །ཞེས་སོགས་སམ། ཡང་ན། རྗེ་བཙུན་འཕགས་པ་སྒྲོལ་མ་དང༌། །མི་ཏྲ་ཉིད་ལ་རྗེས་གནང་ལྟར། །དེ་བཞིན་བླ་མ་ཁྱོད་ཀྱིས་ཀྱང༌། །བདག་ལ་སྐུའི་རྗེས་གནང་སྩོལ། །དེ་བཞིན་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་ལའང་འགྲེས་དེད་དོ། །ཏིང་ངེ་འཛིན་ནི། བླ་མ་སྒྲོལ་མའི་ཐུགས་ཁར་པད་ཟླའི་སྟེང༌། །ཏཱཾ་ཡིག་མཐའ་མར་སྔགས་ཕྲེང་འཕྲོས་པ་ཡི། །བླ་མའི་ཞལ་ནས་སློབ་མའི་ཞལ་དུ་ཞུགས། །ཐུགས་ཁར་ཏཱཾ་ལ་ཐིམ་པར་བསམ་བྱས་ལ། །ཕྲེང་བ་བཟུང་ལ་སྔགས་ཚར་ཉེར་གཅིག་བཟླ། དེ་ནི་གསུང་གི་རྗེས་སུ་གནང་བའོ། །འདི་ལ་གནས་སྐབས་མཐར་ཐུག་རྣམ་པ་གཉིས། །གནས་སྐབས་སྔགས་ཀྱི་ནུས་པ་ཆེ་བ་དང༌། །ངག་ནི་འཆད་རྩོད་རྩོམ་གསུམ་ལ་མཁས་ཤིང༌། །མཐར་ཐུག་ངག་གི་བདེན་པས་ཚིག་འགྲུབ་ཅིང༌། །སངས་རྒྱས་གསུང་དབྱངས་ཡན་དྲུག་ཅུ་ཡི། །དབྱངས་དང་ལྡན་པར་འགྱུར་ཞེས་རྟོགས་པ་བརྗོད། །བདུན་པ་ཐུགས་ཀྱི་རྗེས་སུ་གནང་བ་ནི། །མཎྜལ་ཕུལ་ལ་གསོལ་ལ་གདབ་པར་བྱ། །མདུན་གྱི་ནམ་མཁར་ཏཱཾ་ཡིག་ལྗང་ཁུ་ལས། །རང་སེམས་ལུས་དང་བཅས་པ་འོད་དུ་ཐིམ། །སྟོང་གསལ་སྐྱེ་མེད་ངང་ལ་མཉམ་པར་
XXX བཞག །དེ་ནི་ཐུགས་ཀྱི་རྗེས་སུ་གནང་བའོ། །འདི་ལ་གནས་སྐབས་མཐར་ཐུག་ཕན་ཡོན་གཉིས། །གནས་སྐབས་ཏིང་འཛིན་ཁྱད་འཕགས་རྒྱུད་ལ་སྐྱེ། །མཐར་ཐུག་ཆོས་ཉིད་ཇི་ལྟ་བ་དང་ནི། །ཆོས་ཅན་ཇི་སྙེད་མཁྱེན་པའི་དགོས་པ་ཡོད། །བརྒྱད་པ་ཡོན་ཏན་རྗེས་སུ་གནང་བ་ནི། །བླ་མ་སྒྲོལ་མའི་ཕྱག་གི་ཨུཏྤལ་ལ། །རང་ལ་གཏད་པས་རང་གི་ཕྱག་མཚན་གྱུར། །སྒྲོལ་མའི་ཡོན་ཏན་མཐའ་དག་ཐོབ་པར་བསམ། །དེ་ནི་སྒྲོལ་མའི་ཡོན་ཏན་རྗེས་གནང་ངོ༌། །འདི་ཡི་ཕན་ཡོན་གནས་སྐབས་མཐར་ཐུག་གཉིས། །གནས་སྐབས་ལམ་གྱི་ཡོན་ཏན་མཐའ་དག་འགྲུབ། །མཐར་ཐུག་སྒྲོལ་མའི་སྐུ་དང་གསུང་དང་ཐུགས། །ཡོན་ཏན་མཐའ་དག་ཐོབ་པའི་དགོས་པ་ཡོད། །དགུ་པ་ཕྲིན་ལས་རྗེས་སུ་གནང་བ་ནི། །རང་ཉིད་སྒྲོལ་མར་གསལ་བའི་གནང་ལྔ་པོར། །སྒྲོལ་མའི་རིགས་ལྔ་གསལ་བར་བསྐྱེད་པར་བྱ། །དེ་ནས་གསང་གནས་སྒྲོལ་མ་ལྗང་ཁུ་ནི། །ལྟེ་བའི་སེར་མོ་ལ་ཐིམ་སེར་མོ་ཡང༌། །སྙིང་ཁའི་སྔོན་མོར་ཐིམ་ཞིང་སྔོན་མོ་ཡང༌། །མགྲིན་པའི་དམར་མོ་ལ་ཐིམ་དམར་མོ་ཡང༌། །སྤྱི་བོའི་དཀར་མོ་ལ་ཐིམ་ཐམས་ཅད་ཀུན། །མཁའ་ལ་འཇའ་ཚོན་འཁྲིགས་ལྟར་གསལ་སྟོང་གི །ངང་ལ་མ་བཅོས་མཉམ་པར་བཞག་པ་ནི། །ཕྲིན་ལས་རྗེས་སུ་གནང་བའི་རིམ་པའོ། །འདི་ཡི་ཕན་ཡོན་གཉིས་ཏེ་གནས་སྐབས་སུ། །ཕྲིན་ལས་བཞི་འགྲུབ་སེམས་ཅན་ཐམས་ཅད་ལ། །ཕན་པ་རྒྱ་ཆེན་འབྱུང་དང་མཐར་ཐུག་ཏུ། །སངས་རྒྱས་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ། །འབྱུང་བའི་དགོས་པ་ཡོད་ཅེས་རྟོགས་པ་བརྗོད། །བཅུ་པ་མཆོད་ཅིང་བསྟོད་ལ་གསོལ་བ་བཏབ། །གཤེགས་ཤིང་གསོལ་གདབ་བསྔོ་བ་བཀྲ་ཤིས་བརྗོད། །དེ་དག་སྒྲོལ་མའི་རྗེས་གནང་རིམ་པའོ། །ཚུལ་འདི་བླ་མའི་ཞལ་ལས་གསུངས་པ་ཡི། །མན་ངག་སྙིང་པོ་ཡི་གེར་བཀོད་པའོ། །དགེ་བས་འགྲོ་བ་དག་ནི་ཐམས་ཅད་ཀུན། །བཅོམ་ལྡན་སྒྲོལ་མའི་གོ་འཕང་མཆོག་ཐོབ་ཤོག། །།དགེ་ལེགས་འཕེལ།

མཁའ་སྤྱོད་དམར་མོའི་སྒྲུབ་ཐབས་བཞུགས་སོ།

༡༧ ༈ མཁའ་སྤྱོད་དམར་མོའ་སྒྲུབ་ཐབས་བཞུགས་སོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་སྐུ། །རྣལ་འབྱོར་མ་ལ་གུས་བཏུད་
༡༨ ནས། །མཁའ་སྤྱོད་གནས་སུ་ཁྲིད་བྱེད་པའི། །ཡན་ལག་ལྔ་བསྡུའི་སྦྱོར་བ་བཤད། །དེ་ལ་རྗེ་བཙུན་མཁའ་སྤྱོད་མ་བསྒོམ་པར་འདོད་པས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །དེ་ནས་མའི་མངལ་སྟོང་པ་གཅིག་གི་ནང་དུ་ཧཱུྃ་སྔོན་པོའམ། ཐིག་ལེ་སྔོན་པོ་གཅིག་བསམ། དེ་ལྟེམ་གྱིས་ཞུ་བ་ལས། བདག་ཉིད་དགྱེས་མཛད་དམ། བདེ་མཆོག་འོད་ཟེར་ལྔ་འཕྲོ་བ་གཅིག་ཏུ་བསྐྱེད་དོ། །དེ་ནས་རང་གི་མདུན་དུ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ། བདེ་བར་རྒྱུ་ཞིང་བདེ་བར་འཆར་བ་འོད་ཀྱི་རང་བཞིན་ཅན་གཅིག་བསྒོམ། དེའི་ནང་དུ་མི་རོ་དཀར་པོ་མགོ་བོ་གཡོན་དུ་བསྟན་པའི་སྟེང་དུ། རྗེ་བཙུན་མཁའ་སྤྱོད་མ་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་དམར་མོ་རུས་པའི་རྒྱན་ལྔས་སྤྲས་པ། གཅེར་བུ་སྐྲ་གྲོལ་བ། ཐོད་སྐམ་ལྔས་དབུ་བརྒྱན་པ། སྤྱན་གསུམ་གྱེན་ལ་ཧྲིག་ཧྲིག་གཟིགས་པ། མཆེ་བ་ཅུང་ཟད་གཙིགས་ཤིང་བཞད་པ། ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱར་སྟབས་སུ་བསྣམས་ཤིང་། གཡོན་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ། །རྡོ་རྗེ་ཁ་ཊཾ་ག་མཆན་ཁུང་དུ་བཅུག་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། གཞོན་ནུ་དར་ལ་བབ་པ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཡེད་ཡེད། །འཕར་ལ་ཁད་པ་གཅིག་བསམ་མོ། །དེ་ནས་རང་དགྱེས་མཛད་དམ། བདེ་མཆོག་ཏུ་གནས་པའི་ལྟེ་བར་ཐིག་ལེ་དཀར་པོ་ཨ་ཡི་ངོ་བོར་གནས་པ་གཅིག་བསམ། འོད་ཟེར་ལྔ་འཕྲོས་པས་བདག་གཞན་གྱི་མངལ་གྱི་དྲི་མ་སྦྱངས་པར་བསམ་མོ། །དེ་ནས་ཨ་དེ་ལྟེ་བ་ནས་མས་ཡར་དཀར་ཡེར་ཡེར་བྱུང་སྟེ། སྣ་བུག་གཡོན་ནས་ཕྱིར་ཐོན་ཏེ། རྗེ་བཙུན་མའི་ཐུགས་ཀར་ཐིམ་པས་རང་ལུས་སྟོང་པར་བསྒོམ། རྗེ་བཙུན་མ་དེ་ཡང་ཏོག་གིས་ཡར་ཏེ། མཁའ་སྤྱོད་ལ་མདའ་འཕངས་པ་བཞིན་དུ་རྒྱངས་ཀྱིས་སོང་བར་བསམ། དེ་འདྲ་བ་ཐེབས་བདུན་བསྒོམ་པར་བྱའོ། །དེའི་རྗེས་
༡༩ ལ་རྗེ་བཙུན་མཁའ་སྤྱོད་ནས་མར་བྱོན་ཏེ། རང་གི་སྤྱི་བོར་ཞབས་གཉིས་བསྒྲད་ནས་བཞུགས་པར་བསྒོམ། དེའི་པདྨ་ནས་བྱང་ཆུབ་ཀྱི་སེམས་དམར་བ་ལ་དཀར་བའི་མདངས་ཆགས་པ། བདེ་ཁྲི་ལི་ལི་བབས་ཏེ། སྤྱི་བོའ་ཚངས་བུག་ནས་མར་སོང་བས། ལུས་ཐམས་ཅད་བྱང་སེམས་ཀྱིས་མེར་ཏེ་ཁེངས་པ་དང་། དབང་བཞི་ཐོབ་ནས་ཟག་པ་མེད་པའི་བདེ་བ་ཆིལ་ཆིལ་རྒྱས་པར་བསམས་ལ། དེ་ལ་སེམས་དར་ཅིག་བཞག་གོ །དེ་ནས་རྗེ་བཙུན་མ་སྤྱི་བོ་ནས་མར་ཐིམ་ནས་ལྟེ་བར་སླེབས་པ་དང་། །བདེ་བ་ལ་སྟོང་པས་ཁྱབ་པས། བདེ་སྟོང་གཉིས་སུ་མེད་པའི་ཉམས་སིང་སྐྱེས་པར་བསམ། དེའི་ངང་ལ་སེམས་མ་བཅོས་པར་བཞག་གོ །དགེ་བ་བྱང་ཆུབ་ཏུ་བསྔོའོ། །དེ་ལྟར་ཡུན་རིང་དུ་བསྒོམ་པ་གཅིག་གིས། །འཆི་རྟགས་རྣམས་བྱུང་ནས་འཆི་བར་ངོ་ཤེས་པའི་དུས་སུ། ལུས་དང་ལོངས་སྤྱོད་ལ་ཆགས་པ་མེད་པའི་སྦྱིན་པ་བཏང་། འདུ་འཛིའི་གཡེང་བ་ཕྱིར་བསྐྱེད་ལ། རང་གི་བླ་མ་དང་དཀོན་མཆོག་ལ་གསོལ་བ་གདབ། སྨོན་ལམ་རྣམ་པར་དག་པ་ཡང་དག་གདབ། དེ་ནས་སྔར་བཞིན་དུ་བསྒོམ་སྟེ། རང་གི་ལྟེ་བའི་ཐིག་ལེ་དེ་རྗེ་བཙུན་མར་བསམས་ལ། རྗེ་བཙུན་མ་རྣམ་པར་ཤེས་པའི་ངོ་བོ་དེ། །མས་ཡར་ལྟེ་བ་ན་རྒྱངས་ཀྱིས་སོང་སྟེ། སྤྱི་བོའ་ཚངས་བུག་ནས་ཡར་དོན་ཏེ། མཁའ་སྤྱོད་དུ་གཤེགས་པ་དང་། སྐྱེ་མེད་ཕྱག་རྒྱ་ཆེན་པོའ་ངང་དུ་བཞག་གོ །དེས་མཁའ་སྤྱོད་དུ་འགྲོ་བར་འགྱུར་རོ། །སྐྱེ་གནས་ལྔ་གཅིག་ཅར་དུ་དག་པ་ཐིག་ལེའི་འཕོ་བ་ཞེས་བྱ་བ་བླ་མ་རཱ་ཧུ་ལའི་གདམས་པ་རྫོགས་སོ།

༄༅། །བླ་མ་ཕྱི་ནང་གསང་བར་སྒྲུབ་པའི་གཞུང་བཞུགས་སོ། །

༡༣༡ བླ་མ་ཕྱི་ནང་གསང་བར་སྒྲུབ་པའི་གཞུང་བཞུགས་སོ།། །
༡༣༢ རྒྱ་གར་སྐད་དུ། གུ་རུ་ནོ་པི་ཀ །བོད་སྐད་དུ། །བླ་མ་སྒྲུབ་པའི་ཐབས། །རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་བ་ཚེ་འདིར་ཐོབ་འདོད་པས། །ལམ་གྱི་མཐར་ཐུག་བླ་མ་དམ་པའི་ལམ། །མོས་གུས་མཐར་ཐུག་བླ་མའི་མོས་གུས་ཡིན། །སྒྲུབ་པ་ཟབ་མོ་བླ་མའི་སྒྲུབ་པ་སྟེ། །དམ་ཚིག་ཟབ་མོ་བླ་མའི་དམ་ཚིག་ལ། །རྟེན་འབྲེལ་ཟབ་མོ་བླ་མའི་རྟེན་འབྲེལ་མཆོག །འབྲས་བུས་མཐར་ཕྱིན་བླ་མའི་འབྲས་བུའོ། །དེ་ཕྱིར་བླ་མ་བསྟེན་ལ་མཁས་པར་བྱ། །བླ་མས་གཞིའི་རང་བཞིན་ལ། །རྒྱུ་དང་མི་རྒྱུས་བསྟེན་པར་བྱེད། །བླ་མ་ཡེ་ཤེས་མེ་ཆེན་གྱིས། །སྒྲིབ་གཉིས་བག་ཆགས་སྲེག་པར་བྱེད། །བླ་མ་བྱིན་རླབས་རླུང་གིས་ནི། །ཡོན་ཏན་གོང་དུ་གཡོ་བར་བྱེད། །བླ་མ་ཐུགས་རྗེའི་ཆུ་བོ་ལས། །འགྲོ་བ་གཉིས་ཀྱི་གསོ་སྐྱེད་མཛད། །བླ་མ་ཤེས་རབ་ཟླ་བ་ཡིས། །མ་རིག་མུན་པ་སེལ་བར་བྱེད། །བླ་མ་ཐབས་ཀྱི་ཉི་མ་ཡིས། །ཉོན་མོངས་རླན་རྣམས་སྐེམ་པར་བྱེད། །བླ་མ་མཁའ་
༡༣༣ ལྟར་དག་པ་ལས། །ཆགས་འཛིན་ཐམས་ཅད་འཇིག་པར་བྱེད། །བླ་མ་བྱིན་རླབས་སྨན་གྱིས་ནི། །ནད་རྣམས་ཐམས་ཅད་སེལ་བར་བྱེད། །བླ་མ་དཔག་བསམ་ཤིང་བཞིན་དུ། །འདོད་པའི་འབྲས་བུ་སྟེར་བར་བྱེད། །བླ་མ་ལྷ་ཡི་ཤེལ་བཞིན་དུ། །མཆོག་དང་ཐུན་མོངས་དངོས་གྲུབ་འབྱུང་། །བླ་མ་ཡིད་བཞིན་ནོར་བུ་ལྟར། །ཕུན་སུམ་ཚོགས་པ་བསྐྱེད་པར་བྱེད། །དེ་ཕྱིར་དེ་ལ་དམ་པར་བྱོས། །བླ་མ་ཕྱི་ལྟར་སྒྲུབ་པའི་མན་ངག་རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོས་པས་མཛད་པའོ།། །རྒྱ་གར་སྐད་དུ། །གུ་རུ་སིངྒྷི་ནཱ་མ། བོད་སྐད་དུ། བླ་མ་སྒྲུབས་པ་ཞེས་བྱ་བ། །རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ་སངས་རྒྱས་སྐུ་གསུང་ཐུགས། །ཨེ་མ་ཧོ་མཁའ་འགྲོ་གསང་བའི་སྐད། །གསང་བའི་མཛོད་བརྟོལ་བླ་མ་སྒྲུབ་པ་བྲི་བར་བྱ། དུས་གསུམ་སངས་རྒྱས་དང་ནི་ཡི་དམ་ཕྱི་ནང་ལྷ། །རྒྱལ་སྲས་རྣམས་དང་དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །འདི་བསྒྲུབས་པས་
༡༣༤ ནི་ཀུན་གྱི་དངོས་གྲུབ་མ་ལུས་ཐོབ། །དུར་ཁྲོད་རི་ཁྲོད་གནས་དང་ཞིང་རྣམས་དང་། །མཁའ་འགྲོ་མ་རྣམས་འདུ་བའི་གནས་དག་དང་། །བཀྲ་ཤིས་གནས་སུ་དམ་ཚིག་རྫས་རྣམས་གསག །ནང་གི་ཁྲུས་བྱས་འབོལ་བའི་སྟན་དག་ལ། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བསྒོམ། །ཛཿཧཱུྃ་བྃ་ཧོཿས་དཀྱིལ་འཁོར་སྤྱན་དྲངས་ལ། །མཱ་གུ་རུ་ན་མ་སྟེ་ན་མཱ་མི་ན་མོ། །ཆུ་གསུམ་སྡོན་སོང་ཕྱི་ཡི་མཆོད་པས་མཆོད། །ཤ་ལྔ་བདུད་རྩི་ནང་གི་མཆོད་པས་མཆོད། །གསང་བའི་མཆོད་པས་དགྱེས་པར་མཛད་ནས་ནི། །ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་བྱ། །ༀ་སརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོ་྅ཧཾ། །ཆོས་ཀྱི་དག་པ་རྣམ་པར་དྲན་པར་བྱ། །དག་པ་ལུས་ཀྱི་དཀྱིལ་འཁོར་བསྒོམ་བྱ་སྟེ། །ཆུ་སྐྱེས་ཉི་མ་ཟླ་བའི་གདན་ལ་ནི། །ཞལ་གཅིག་ཕྱག་གཉིས་འགྱིང་བའི་སྐུ་མངའ་ཞིང་། །སྒེག་ཅིང་དཔའ་ལ་ཞི་བའི་ཚུལ་འཛིན་པ། །རུས་པའི་རྒྱན་སྤྲས་གར་གྱི་ཉམས་དགུ་ལྡན། །རྡོ་རྗེ་དྲིལ་འཛིན་ཕག་མོ་ལ་ནི་འཁྱུད། །གར་གྱི་རོལ་པས་རྣམ་པར་བཞུགས་པར་བསམ། །རྡོ་རྗེ་ཕག་མོ་མཚན་ཉིད་ཇི་ལྟར་བསམ། །རྡོ་རྗེ་མ་ནི་སྔོ་ཞིང་རྡོ་རྗེ་འཛིན། །རིན་ཆེན་མ་ནི་སེར་ཞིང་རིན་ཆེན་འཛིན། །པདྨའི་རིགས་ནི་དམར་ཞིང་པདྨ་འཛིན། །ལས་ཀྱི་རིགས་ནི་ལྗང་ཞིང་རྒྱ་གྲམ་འཛིན། །བདེ་གཤེགས་རིགས་ནི་དཀར་ཞིང་འཁོར་ལོ་འཛིན། །སྣ་ཚོགས་རིགས་ནི་སྣ་ཚོགས་ཕྱག་མཚན་འཛིན། །འོག་ཏུ་བཀོད་ལ་མཆོད་པ་བྱེད་པར་བསམ། །ཀུན་ཀྱང་བཅུ་དྲུག་ལོ་ལོན་གཅེར་བུ་ལ། །མདོག་གསལ་དྲི་ཞིམ་དམར་སེར་གྱེན་དུ་བརྫེས། །ཐུར་དུ་འཕྱང་ཞིང་ཧི་ཧེའི་སྒྲ་སྒྲོག་ཅིང་། །ཧ་ཧ་རྒོད་ཅིང་ཌ་རུའི་སྒྲ་ཡང་འབྱིན། །ཕྱག་རྒྱ་ལྔ་དང་ལྡན་པ་རྣམ་པར་བསྒོམ། །ཡི་གེ་
༡༣༥ ཕྱག་རྒྱ་བཞི་ཡི་སྦྱོར་བ་ཡིས། །སངས་རྒྱས་པ་ན་རབ་ཏུ་བཞུགས་པ་རྣམས། །ལྷ་མོ་རྣམས་ལ་དགུག་དང་གཞུག་པར་བྱ། །དེ་རྗེས་ལྷ་མོ་རྣམས་ལ་དབང་བསྐུར་ཞིང་། །རིགས་ཀྱི་བདག་པོས་རྣམ་པར་བརྒྱན་བྱས་ཏེ། །ཕྱི་ནང་གསང་བས་རྡོ་རྗེ་འཛིན་པ་མཆོད། །དེ་རྗེས་བསྟོད་པ་དག་གིས་བསྟོད་པར་བྱ། །བདུད་རྩི་མྱང་ཞིང་ལྷ་མོ་མྱོས་པར་བྱ། །མེ་ལོང་གཟུགས་བརྙན་བཞི་རྫོགས་གནས་པར་བྱ། །མཁའ་འགྲོ་གསང་བའི་སྐད་ནི་བསྒྲག་པར་བྱ། །ༀ་ཨཱཿགུ་རུ་སིདྡྷི་ཧཱུྃ། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཕཊ་སྲཱ་ཧཱ། ༀ་ཨཱཿཧཱུྃ་བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། བུདྡྷ་ཌཱ་ཀི་ནཱི། བི་ཤྭ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཤནྟིང་ཀུ་རུ་ཡེ། པུཥྚིཾ་ཀུ་རུ་ཡེ། པ་ཤཾ་ཀུ་རུ་ཡེ། མཱ་ར་ཡ་ཕཊཿ དི་རི་དི་རི། ཧྲིཾ་ཧྲིཾ། ཕེཾ་ཕེཾ། ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊཿཕཊཿསྭཱ་ཧཱ། ཡི་གེའི་ཕྲེང་བ་མིག་གིས་བལྟས་ནས་ནི། །བློ་དང་ལྡན་པས་གསང་སྔགས་བཟླས་ན་ནི། །སངས་རྒྱས་སྲོག་འཕྲོག་དཔའ་བོ་མཁའ་འགྲོ་འདུ། །ས་རྣམས་གཡོ་ཞིང་དངོས་གྲུབ་ཆར་ཀྱང་འབབ། །དུས་དང་བསམ་པ་དམིགས་པ་བྱེད་པ་ལས། །རྡོ་རྗེ་མཁའ་འགྲོས་ཞི་བའི་ལས་རྣམས་བསྒྲུབ། །རིན་ཆེན་མཁའ་འགྲོས་རྒྱས་པ་པདྨས་དབང་། །འཇིག་རྟེན་མཁའ་འགྲོས་དྲག་པོའི་ལས་བྱེད་ཅིང་། །མངོན་སྤྱོད་ལས་དང་བདེ་གཤེགས་བྱང་ཆུབ་འཐོབ། །ཀ་པཱ་ལ་ནི་དམ་ཚིག་རྫས་ཀྱིས་དགང་། །སྦྱང་ཞིང་ཡི་གེ་རྣམས་ཀྱིས་བྱིན་གྱིས་བརླབས། །གོང་གི་ཕྲེང་སྔགས་ཀྱིས་ནི་དབུལ་བར་བྱ། །དེ་རྗེས་འདོད་པའི་དོན་ལ་གསོལ་བ་གདབ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལས། །རྩ་བའི་དམ་ཚིག་ལྔ་ནི་བསྲུང་བར་བྱ། །ཕམ་པ་ལྟུང་བ་སྦོམ་པོ་ཉེས་བྱས་ཕྲ་མོ་བསྲུང་། །སྤང་
༡༣༦ སྤྱད་སྒྲུབ་དང་ཤེས་པར་བྱ་བའི་དམ་ཚིག་བསྲུང་། །ཉམས་ན་ཚེ་འདིར་སྡུག་བསྔལ་ཕྱི་མ་དམྱལ་བར་ལྟུང་། །དམ་ཉམས་དེ་ཡི་རྫི་ཕྱོགས་སུ་ཡང་མི་འགྲོའོ། །དབང་བསྐུར་ཚོགས་འཁོར་སྦྱིན་སྲེག་འབུམ་ཕྲག་བདུན། །མེ་ཏོག་ཚོམ་བུ་གསང་སྔགས་བྱེ་བ་བཟླ། །སྲོག་ཆགས་བྱ་བའི་ཚེ་སྐྱབས་བཤགས་པའོ། །ལུས་ལ་ཁྲག་ཕྱུང་མཎྜལ་བརྒྱ་རྩ་དབུལ། །རྟག་མཐོང་གནད་ཐོབ་བསྐང་བ་ཆད་སྐྱོལ་ཉེས་པ་དག །དུས་གསུམ་སངས་རྒྱས་བས་ཀྱང་བླ་མ་དམ་པ་ལྷག །རྡོ་རྗེ་འཆང་དང་གཉིས་སུ་མེད་པར་བསྒོམས་བྱས་ན། །བསྐལ་བ་བཟང་པོའི་རྒྱལ་བ་ཐམས་ཅད་བསྒོམས་པར་འགྱུར། །བླ་མ་བསྒྲུབ་ཤིང་རིགས་པ་འདི་བཟླས་ན། །རྒྱལ་བ་ཀུན་གྱི་དངོས་གྲུབ་དེ་ཡིས་ཐོབ། །དེ་ཡི་སྐུ་མཐོང་རྒྱལ་བའི་དཀྱིལ་འཁོར་མཐོང་། །གསུང་ཐོས་པས་ནི་རྒྱུད་སྡེ་ཐོས་མཚུངས་ཤིང་། །དྲན་པས་སེམས་ཀྱི་སྒྲིབ་བྱང་ཡོན་ཏན་འཕེལ། །སྐུ་གསུང་ཐུགས་ནི་དྲག་པོའི་ཚུལ་བཟུང་ན། །ལུས་ངག་ཡིད་གསུམ་སྒྲིབ་པ་དེ་ཡིས་འདག །སྤྱི་གཙུག་ཞབས་བཞག་བུམ་དབང་རབ་ཏུ་ཐོབ། །དེ་བཞིན་གསང་དབང་ཤེས་རབ་བཞི་པ་དང་། །མཆོག་གི་དབང་བསྐུར་བློ་ལྡན་གྱིས་ནི་ཞུ། །དམ་པ་དེ་མཆོད་བདེར་གཤེགས་མ་ལུས་མཆོད། །ལུས་ངག་ཡིད་ཀྱིས་ཞབས་ཏོག་ལྔ་བྱའོ། །སྒྲིབ་པ་སྦྱོང་དང་ཚོགས་གསོག་དམ་པར་འགྱུར། །མི་ཉམས་བྱེད་དང་ཉམས་ན་བཤགས་པའི་མཆོག །མཁའ་འགྲོ་མི་འཁུ་མི་ལྡོག་དབང་དུ་འདུ། །དངོས་གྲུབ་མ་ལུས་འགྲུབ་ཅིང་ཉམས་མི་འགྱུར། །གྲུབ་པ་བརྒྱད་དང་ཕྲ་མོ་མངོན་དུ་འགྱུར། །ཕྱག་རྒྱ་ཆེན་པོའང་དེ་ལ་མངོན་དུ་འགྱུར། །ཨེ་མ་ཧོ་འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བརྙས་ན་ནི་སངས་རྒྱས་ཀུན་བརྙས་ཤིང་། །དེ་མཉེས་ན་ནི་སངས་རྒྱས་ཀུན་མཉེས་འགྱུར། །སྲོག་
༡༣༧ བས་གཅེས་གཟུང་མིག་འབྲས་ལྟ་བུར་བཙའ། །གཙུག་གི་ནོར་བུ་ལྟ་བུར་གསོལ་བ་གདབ། །དེས་ནི་ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར། །དུས་གསུམ་སངས་རྒྱས་ཀུན་གྱི་ཞབས་ཏོག་ཏུ། །རྡོ་རྗེ་འཛིན་བའི་སྒྲུབ་ཐབས་འདི་བྱས་པས། །རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཤོག །དྲི་མ་དང་བཅས་སྣོད་མིན་སྤེལ་བྱས་ན། །རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་འཇིག་བྱེད་ཅིང་། །ལོག་འདྲེན་གཏུམ་པོས་བསད་ནས་དམྱལ་བར་འགྲོ། །རིན་ཆེན་ལྟ་བུའི་གང་ཟག་གིས་ནི་བསྒྲུབ་པར་བྱ། །བླ་མ་སྒྲུབ་པ་ཆེན་པོ་བླ་མ་ནཱ་རོ་པས་མཛད་པའོ། །རྒྱ་གར་སྐད་དུ། གུ་རུ་གུ་ཧྱ་སིདྡྷི་ནཱ་མ། བོད་སྐད་དུ། བླ་མ་གསང་བར་སྒྲུབ་པ་ཞེས་བྱ་བ། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །དེ་བཞིན་མར་ལ་མར་བཞག་བཞིན། །བླ་མས་མཚན་པའི་སྐུ་གསུམ་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཨེ་གསང་ཆོས་ཀྱི་འབྱུང་གནས་སུ། ཝཾ་རྐྱེན་སྦྱོར་བས་འབྱུང་བཞི་གྲུབ། །རྐང་པ་རླུང་ལ་སུམ་མདོར་མེ། །ལྟོ་ཆུ་བྲང་ས་སྒལ་ཚིགས་རི། །དབང་ཆེན་པོ་ཡི་དཀྱིལ་འཁོར་ལས། །གསང་བ་མཆོག་གི་དགྱེས་པ་གྲུབ། །རླུང་ལྔ་རིན་ཆེན་ལྔ་ཡི་རྩིག །འདོད་ཡོན་དབང་པོ་ལྔ་ཡིས་མཛེས། །དེ་བཞིན་རིན་ཆེན་ཕ་གུ་སྣ། །རྩ་རྣམས་དྲྭ་བ་ཕྱེད་པས་ཏེ། །བྲེ་ཕག་སོ་ཡི་འཕྲེང་བས་བརྒྱན། །མི་མཉམ་མེད་པ་གྲུ་བཞི་སྟེ། །དྲན་དང་དབང་པོ་སྒོ་བཞིར་སྣང་། །རྣམ་ཤེས་ཚོགས་བརྒྱད་དུར་ཁྲོད་བརྒྱད། །གནས་ཀྱི་བྱེ་བ་རབ་བསྟན་པ། །མདོར་བསྡུས་ནས་ནི་བཤད་པར་བྱ། །མ་ཚོགས་མ་བུལླི་རམ་ལ། །སྤྱི་གཙུག་ཛཱ་ལེནྡྷར་དང་། །རྣ་བ་གཡས་པ་ཨུ་རྒྱན་དང་། །སྤྱི་བོའི་རྒྱབ་ནི་ཨཱ་ཏ། །གོ་དཱ་ཝ་རི་རྣ་བ་གཡོན། །རཱ་མེ་ཤྭ་ར་སྨིན་མའི་དབུས། །མིག་གཉིས་དེ་ཝཱི་ཀོ་ཊི་དང་། །མ་ལ་ཝ་ནི་དཔུང་པའི་
༡༣༨ རྩ། །ཀཱ་མ་རུ་ནི་མཆན་ཁུང་གཉིས། །ཨོ་ཊི་སྠ་ནི་ནུ་མ་གཉིས། །ཀོ་ས་ལ་ནི་ལྟེ་བར་ཤེས། །ཏྲི་ཤ་ཀུ་ནེ་སྣ་ཡི་རྩེ། །ཁ་ཡི་པདྨ་ཀ་ལིང་ཀ །མགྲིན་པ་ལམ་བ་ཀ་ནི་བརྗོད། །སྙིགས་ནི་ཀ་ཉ་ཙིར་ཤེས་པར་བྱ། །ཧི་མ་ལ་ཡ་འདོམས་སུ་ཤེས། །མཚན་མ་གྲི་ཧ་དེ་ཝ་དང་། །པྲེ་ཏ་པཱུ་རི་བཤང་བའི་ལམ། །བརླ་གཉིས་སུ་ཝརྣ་དྭཱི་པ་སྟེ། །སོ་སོ་རཥྚ་ད་ནི་བྱིན་པ་གཉིས། །རྐང་པའི་བོལ་ནི་སིནྡྷཱུའི་ཡུལ། །སོར་མོ་རྣམས་ལ་ན་ག་ར། །མཐེ་བོ་གཉིས་ནི་མ་རུར་ཤེས། །ཀུ་ལུ་ཏྲཱ་ནི་རྐང་པའི་མཐིལ། །དེ་ལྟར་གནས་ནི་རྣམ་དག་པ། །ས་བཅུ་པར་ནི་དག་པ་ཉིད། །རྩ་རྣམས་དཔའ་བོའི་རང་བཞིན་ཏེ། །བདེ་བ་དཔའ་མོའི་རྣམ་པར་རྒྱུ། །རྩིབས་མ་རྡོ་རྗེའི་རྭ་སོགས་སྲུང་། །བ་སྤུ་མཚོན་ཆའི་དྲྭ་བར་འགྱུར། །སེན་མོ་མ་རི་འབར་བས་སྲུང་། །སྐུ་ཡི་དཀྱིལ་འཁོར་ལེགས་པར་གྲུབ། །ཐིག་ལེ་ཟླ་བའི་རང་བཞིན་ལ། །རྣམ་ཤེས་ཨ་ཐུང་གཟུགས་དང་འགྲོགས། །སིཧླ་ཉི་མའི་རང་བཞིན་གནས། །ཞུ་བདེ་སྤྲོ་དང་བྲལ་བར་འགྱུར། །དེ་ཚེ་རིགས་ཀྱི་ཕྱག་མཚན་འཛིན། །མགོན་པོ་སྐུ་ཡི་རྡོ་རྗེར་བཞེངས། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་རྣམས་རིམ་བཞིན་བཞུགས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་ཡང་དག་བཞུགས། །རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །མཆོད་པ་ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོ་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །ཡང་འདིའི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་མོ། །སྐྱོད་པ་ལ་སོགས་རླུང་ཁམས་ལ།
༡༣༩ བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །གཤེར་བ་ལ་སོགས་ཆུ་ཁམས་ལ། །བཅོམ་ལྡན་རྡོ་རྗེ་མཱ་ཀཱི་བཞུགས། །ཡུལ་ལྔ་རྣམ་པར་དག་པ་ལ། །མངོན་པའི་ལྷ་མོ་ལྔ་རུ་གྱུར། །དེ་ཡི་མིག་གི་དབང་གཉིས་ལ། །དེ་བཞིན་གཤེགས་པ་སའི་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེར་གཤེགས་ཕྱག་ན་རྡོ་རྗེ་བཞུགས། །དེ་ཡི་སྣ་ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་ནམ་མཁའི་སྙིང་། །དེ་ཡི་ལྕེ་ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཇིག་རྟེན་དབང་། །ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཤེས་བྱ་བར་བཏགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བའི། །དེ་བཞིན་གཤེགས་པ་དེ་བཞུགས་པའོ། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། །ལུས་ཀྱི་ཚིགས་རྣམས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང་། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པའོ། །ལག་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་གཞན་མི་ཐུབ། །ཁ་ཡི་པདྨར་བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱུག་སྔོན་ནོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོས་བསྒྱུར། །རྐང་པའི་འོག་ཏུ་བཞུགས་
༡༤༠ པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་པོ། །ལུས་ནི་འདི་ཉིད་ཀུན་ལ་ཡང་། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ། །རྡོ་རྗེ་སེམས་དཔའི་དབྱེ་བ་ཡིས། །རྫོགས་པའི་སངས་རྒྱས་མ་ལུས་འདི། །ལུས་པ་མེད་པས་སངས་རྒྱས་སྐུ། །སྐྱེ་བ་འདི་ལ་རྣལ་འབྱོར་པ། །མྱ་ངན་འདས་ལ་འཇུག་པར་འགྱུར། །མྱ་ངན་འདས་པ་མྱུར་དུ་ཐོབ། །ཁྱེད་ཀྱི་དགེ་བ་ཡོངས་སུ་སྨིན། །དེ་བས་རྡོ་རྗེ་སློབ་དཔོན་ནི། །མཐོང་ན་དོན་ནི་ཡོད་དོ་ཀྱེ། །ཕྱི་མའི་དུས་ཀྱི་སེམས་དཔའ་ཆེ། །དེས་ན་སེམས་ཅན་ཐམས་ཅད་ཀྱིས། །ལྷ་ལ་མཆོད་པའི་ཡོ་བྱད་ཀྱིས། །རབ་ཏུ་འབད་པས་བླ་མ་མཆོད། །དེ་ནས་མཐོང་བ་དོན་ཡོད་བཅས། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །དགའ་ཞིང་གུས་ནས་ཕྱག་བྱས་ཏེ། །བཅོམ་ལྡན་འདས་ལ་མཆི་མ་བླང་། །གསང་དང་ཐུགས་ཀྱི་དཀྱིལ་འཁོར་ཞུས། །ལེགས་སོ་བྱ་བ་བྱིན་ནས་ནི། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ དབྱངས་དང་གསལ་བྱེད་རང་བཞིན་ཏེ། །ཀ་ཙ་ཊ་ཏ་པ་ཡི་སྡེ། །ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། །གསུང་གི་དཀྱིལ་འཁོར་ཆེན་པོ་ཞེས། །ངག་ཀུན་རབ་ཏུ་སྤྲོ་བས་འདོན། །ཇི་ལྟར་འོ་མའི་ཁྱད་པར་ནི། །མར་གསང་གནས་པར་གྱུར་པར་ཡིན། །དེ་བཞིན་གོས་དཀར་ལ་སོགས་པ། །སྔགས་ཀྱི་རྒྱལ་པོར་རབ་ཏུ་གནས། །ཀློག་དང་བསམ་ཏན་མེད་མོད་ཀྱང་། །འོན་ཀྱང་བཟླས་བར་བཤད་པ་ཡིན། །འགོག་པའི་བཟླས་པར་རབ་ཏུ་གནས། །དེ་རིང་ངག་ནི་རབ་ཏུ་སྨིན། །ཐུགས་ཀྱི་དཀྱིལ་འཁོར་བཀའ་སྩལ་པ། །རང་བྱུང་གསལ་བས་ཀུན་མཁྱེན་པ། །ང་ནི་མི་གནས་དབྱིངས་སུ་དག །གཉིས་མེད་བདེ་བའི་རྒྱན་གྱིས་བརྒྱན། །ད་ནི་ལྷན་ཅིག་སྐྱེས་པའོ།
༡༤༡ གང་ཤར་བ་ནི་ང་ཡི་རྩལ། །ང་ནི་སྤྲོས་དང་བྲལ་བ་ཡིན། །ཡུལ་དྲུག་སྣང་བ་ང་ཡི་མདངས། །གང་ཡང་གཉིས་སུ་མེད་པའོ། །རྒྱུ་འབྲས་རྐྱེན་གྱི་བདག་ཉིད་ཅན། །དགེ་བ་རྡོ་རྗེ་ང་ཡི་སྲོག །ང་ཡི་རྒྱན་ནི་ཡེ་ཤེས་ལྔ། །བདེ་བར་གཤེགས་པ་ཀུན་ལ་མཛེས། །སྲིད་དང་ཞི་ལ་ང་ཡིས་ཁྱབ། །མི་གནས་པ་ནི་རྡོ་རྗེའི་ཐུགས། །བསྐྱེད་དང་རྫོགས་པ་གཉིས་སུ་གསལ། །གྲོལ་བའི་གཙོ་བོར་འཚང་རྒྱའོ། །ཉོན་མོངས་ལྔ་དང་ཡེ་ཤེས་ལྔ། །དབྱེར་མེད་རྡོ་རྗེ་ཞེས་བྱ་བ། །འཆང་བ་འཛིན་པ་ཞེས་གྲགས་ཡིན། །རྣམ་ཤེས་རྡོ་རྗེ་འཆང་དུ་འདོད། །ཁྱོད་ཀྱི་དགེ་བ་རབ་ཏུ་སྨིན། །བདག་དོན་གཞན་དོན་འབྲས་བུར་བཅས། །དེ་རིང་སངས་རྒྱས་སྲས་སུ་གྱུར། །གཙོ་བོའི་དབང་བསྐུར་རབ་ཏུ་ཐོབ། །དེ་ཡི་དགོངས་པ་རབ་ཏུ་རྟོགས། །རྣལ་འབྱོར་དབང་ཕྱུག་ཆེན་པོར་གྱུར། །མྱ་ངན་འདས་ལ་རབ་ཏུ་ཞུགས། །མི་གནས་རྡོ་རྗེ་ཁྱོད་ལ་སྨིན། །དེ་སྐད་ཅེས་ནི་ཐོས་པ་དང་། །རྡོ་རྗེ་འཛིན་པ་རབ་དགའ་བས། །ནམ་མཁའ་མཉམ་པར་རྒྱལ་བ་མཆོད། །རྗེས་སུ་ཡི་རང་གུས་ཕྱག་འཚལ། །འཁོར་ལོ་སྒྱུར་བའི་གཙོ་བོ་ཡིས། །རྡོ་རྗེ་འཛིན་ལ་གསལ་བར་བསྟན། །སྡུད་པ་པོ་ལས་བདག་གིས་ཐོས། །ཏེ་ལོ་པ་ཡིས་མི་བརྗེད་བཟུང་། །འཕགས་པ་ལྷ་ཡིས་མངོན་པར་བྱས། །བླ་མ་གསང་བར་སྒྲུབ་པ་ཀླུ་སྒྲུབ་སྙིང་པོས་མཛད་པའོ། །པཎྜི་ཏ་བི་བྷཱུ་ཏི་ཙནྟྲས་བསྒྱུར་བའོ།། །།

ཐུན་མོང་མ་ཡིན་པའི་ལེའུ་ལག་བརྒྱད་པ་བཞུགས་སོ།

༡༤༠ ༈ ཐུན་མོང་མ་ཡིན་པའི་ལེའུ་ལག་བརྒྱད་པ་བཞུགས་སོ། །བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །ཨ་མ་ཇོ་མོའ་གདམས་པ་ཐུན་མོང་མ་ཡིན་པའི་ལེ་ལག་འདི་ལ་བརྒྱད་དོ། །མཚན་དོན་གྱི་ལེ་ལག་དང་གཅིག །གནད་བསྟན་པའི་ལེ་ལག་དང་གཉིས། དབང་པོ་དང་སྦྱར་བའི་ཉམས་བསྟན་པའི་ལེ་ལག་དང་གསུམ། གེགས་སེལ་བསྟན་པའི་ལེ་ལག་དང་བཞི། གོལ་ས་བསྟན་པའི་ལེ་ལག་དང་ལྔ། གཡེལ་བ་ཁ་བསྡུས་པའི་ལེ་ལག་དང་དྲུག །ན་ཚ་བྱུང་ན་ཉམས་སུ་ཇི་ལྟར་བླང་བའི་ལེ་ལག་དང་བདུན། འཐས་ན་བོགས་དབྱུང་བའི་ལེ་ལག་དང་བརྒྱད་དོ། །དང་པོ་མཚན་དོན་གྱི་ལེ་ལག་ལ། གཅོད་ཞེས་པ་ཅི་གཅོད་ཞེ་ན། ལུས་ཀྱི་ཞེན་པ་གཅོད་པས་གཅོད། །སེམས་ཀྱི་རྩ་བ་གཅོད་པས་གཅོད། །གཞི་ལ་ཕྱོགས་ཆ་གཅོད་པས་གཅོད། །ལམ་ལ་བླང་དོར་གཅོད་པས་གཅོད། །འབྲས་བུ་རེ་དོགས་གཅོད་པས་གཅོད། ཐམས་ཅད་ནས་ཐམས་ཅད་དུ་རྣམ་རྟོག་རང་སར་གཅོད་པས་ན་གཅོད་ཅེས་བྱའོ། །གཉིས་པ་གནད་བསྟན་པའི་ལེ་ལག་ལ་བཞི་སྟེ། གཉན་ཐོག་ཏུ་གཉན་དབབ་པ་མེ་བཙའ་ལྟ་བུའི་གནང་དང་། ལྷ་འདྲེ་ཟིལ་གྱིས་མནན་པ་ཉི་མ་ལྟ་བུའི་གནད་དང་། ལྷ་འདྲེ་ལ་ཉེ་རིང་སྤང་པ་ཕ་མ་ལྟ་བུའི་གནད་དང་། ཇི་ལྟར་བྱས་ཀྱང་བར་ཆད་རྩོམ་ན་རི་དྭགས་མཐའ་ལ་གཏད་པ་ལྟ་བུའི་གནད་དང་བཞིའོ། །གཉན་ཐོག་ཏུ་གཉན་དབབ་པ་མེ་བཙའ་ལྟ་བུའི་གནད་ནི། དཔེར་ན་ལུས་ཀྱི་ཆ་ཤས་འགའ་ཞིག་ཏུ་རྩ་འབྲུམ་ལྟ་བུའི་ནད་གཅིག་བྱུང་ན་བྱུང་ས་དེ་ཉིད་དུ་མེ་བཙའ་བྱས་པས་ནད་དེ་རང་ཞེརཞིར་འགྲོ་བ་ལྟར།
༡༤༡ རྣལ་འབྱོར་པ་ཉམས་སྐྱོང་བར་བྱེད་པ་ལ་གཉན་ཁྲོད་འགྲིམ་དགོས། དེ་ལ་གང་གཉན་ན་འཇིག་རྟེན་ན་ཀླུའི་ཕོ་བྲང་གཉན་པས་གང་གཉན་པར་བྱེད་པ་དེ་ཉིད་དུ་ཕྱིན་ལ། རྣལ་འབྱོར་པའི་རང་སེམས་སྟོང་ཉིད་དུ་ལྷན་གྱིས་ཕེབ་པའོ། །ཡང་ན་འདི་ལྟར་བྱ་སྟེ། གང་གཉན་སར་བྱེད་པ་དེ་ཉིད་དུ་ལྷན་ཏེ་བསྡད་ལ། །སྤྱིར་མི་མ་ཡིན་པ་ཐམས་ཅད་གཉན་ཞིང་ནུས་པ་ཆེ་ཡང་། དེ་བས་དཀོན་མཆོག་གསུམ་གཉན་ཞིང་ནུས་པ་ཆེ་ལ། དཀོན་མཆོག་གསུམ་གྱི་ངོ་བོ་རང་གི་རྩ་བའི་བླ་མ་ཡིན་ཞིང་། དེ་དུས་གསུམ་སངས་རྒྱས་བས་གཉན་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཆང་གི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། ཞེས་པ་དང་། བསལ་པ་འབུམ་གྱི་སངས་རྒྱས་བས། བླ་མ་གཉེན་སར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་བྱོན། ཞེས་བཤད་པས། རང་གི་སྤྱི་བོར་ཉི་ཟླ་པདྨའི་གདན་ལ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་རྣམས་བསྟིམས་ལ། བླ་མ་དེ་བླ་མ་ཐམས་ཅད་ཀྱི་ངོ་བོར་བཞུགས་པ། གྲུབ་པ་ཐོབ་པའི་ཆ་བྱད་ཅན། གཡས་ཌཱ་མ་རུ། གཡོན་ཁ་ཾ་ག་བསྣམས་པ། སྐུ་གཅེར་བུ་ལ་རུས་པའི་རྒྱན་དྲུག་གསོལ་བ། སྣང་སྲིད་འདི་མནན་ན་ནེམ་པ། བཏེགས་ན་ཐེག་པ། བར་ཆད་ཐམས་ཅད་སེལ་ཞིང་དངོས་གྲུབ་ཐམས་ཅད་སྟེར་ནུས་པ། གཟི་བརྗིད་དང་ལྡན་པ་ཞིག་བསྒོམ། དེ་ནས་བླ་མ་དེ་ལ་སེམས་མ་ཡེངས་པར་བྱས་ལ། བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བདག་གི་སྡིག་སྒྲིབ་དང་སྡུག་བསྔལ་དང་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ་བྱས་ལ། རིག་པ་ཁྱབ་བདལ་ཆེན་པོའ་ངང་ལ་གློད་ལ་བསྡད་དོ། །གཉིས་པ་ལྷ་
༡༤༢ འདྲེ་ཟིལ་གྱིས་མནན་པ་ཉི་མ་ལྟ་བུའི་གནད་ནི། དཔེར་ན་ཐོ་རངས་ཀྱི་སྐར་ཆེན་ཐམས་ཅད་ནམ་ལངས་པ་དང་འདི་ཇེ་ཆུང་ལ་འགྲོ། ཉི་མ་ཤར་བ་དང་ཉི་མའི་འོད་ཀྱིས་ཟིལ་གྱིས་མནན་ཏེ་མི་སྣང་བ་བཞིན་དུ། རྣལ་འབྱོར་པས་རང་སེམས་ཁྱབ་བདལ་ཆེན་པོའ་ངང་དུ་བཞག་པས། གདོན་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཆོས་ཉིད་ཀྱི་ཟིལ་གྱིས་ནོན་ནས་ལྡང་མི་ནུས་པའོ། །གསུམ་པ་ལྷ་འདྲེ་ལ་ཉེ་རིང་མེད་པ་ཕ་མ་ལྟ་བུའི་གནད་ནི། དཔེར་ན་རང་གི་ཕ་མ་གཉིས་པོ་བདེ་བར་འདོད་ཅིང་སྡུག་བསྔལ་བར་མི་འདོད་པ་བཞིན་དུ་ལྷ་འདྲེ་གཉིས་ལ་ཉེ་རིང་མི་བྱ་སྟེ། ལྷ་བཟང་པོ་ལོགས་ན་མཆོད་དུ་མེད་ཅིང་། འདྲེ་ངན་པ་ལོགས་ན་བརྡུང་དུ་མེད། འཁོར་འདས་ཐམས་ཅད་ལོགས་ན་སྤང་བླང་མེད་པར་རང་གྲོལ་དུ་རྟོགས་པས། དེ་ལ་ལྷས་ཕན་བཏགས་པ་མེད་ཅིང་འདྲེས་གནོད་པ་བསྐྱལ་བ་མེད་དེ། གཉིས་ཀ་སེམས་ཉིད་དུ་གཅིག་པས་མཉམ་པ་ཉིད་ཡིན་ནོ། །དེ་ལྟར་ཡང་མདོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཞེས་བཤད་དོ། །བཞི་པ་ཇི་ལྟར་བྱས་ཀྱང་བར་ཆད་རྩོམ་ན་རི་དྭགས་མཐའ་ལ་གཏད་པ་ལྟ་བུའི་གནད་ནི། དཔེར་ན་རི་དྭགས་བཤོར་བའི་རྔོན་པ་དག་གིས། ཐང་ལྟ་བུ་ལ་རི་དྭགས་ཇི་ལྟར་བྱས་ཀྱང་མ་ཟིན་པ་ལ་བྲག་ལ་སོགས་པའི་མཐའ་གཅིག་ལ་གཏད་ནས་དེད་པས། །མཐའ་དེར་ཚུད་པས་གང་དུ་ཡང་འགྲོ་ས་མེད་པས་ཟིན་པ་བཞིན། གཉན་ཁྲོད་དུ་རྣལ་འབྱོར་བ་ལ་གནོད་ཕཔ་ཅུང་ཟད་བྱས་ཏེ། ན་ཚ་བག་རེ་བྱུང་ན། དེ་ནས་བྱོལ་བ་དང་། ཡས་སྟགས་བྱིན་པས་མི་ཕན་པས། སླར་ཁོ་གནས་པའི་ས་གཉན་བརྐོ། ཆུ་གཉན་དཀྲུགས། ཤིང་གཉན་བཅད། ཐབ་གཞོབ་ཆེན་པོ་བཏང་ལ། དེ་ཉིད་དུ་གློད་ལ་བསྡད་པས། སླར་གདོན་དེ་ཉིད་འབྱེར་ནས་གནོད་མི་ནུས་སོ། །གསུམ་པ་དབང་པོ་དང་སྦྱར་བའི་ཉམས་ལེན་བསྟན་པའི་ལེ་ལག་ལ། གང་
༡༤༣ ཟག་དབང་པོ་རབ་ཀྱིས་ལུས་རོ་ལྟ་བུ། ངག་ལྐུགས་པ་ལྟ་བུ། སེམས་ཆུ་རྡོ་ལྟ་བུར་སྨྲ་བསམ་བརྗོད་མེད་དུ་བཞག་པས། ཆོ་འཕྲུལ་རང་ཞི་རང་དག་ལ་གྲོལ་ནས་བློ་བདེ་འབོལ་གྱིས་འགྲོ། །བག་དྲོ་འུར་གྱིས་འགྲོ། །ཉམས་དགའ་ཡལ་གྱིས་འགྲོ་བས་རྗེས་ལ་ཉམས་རྟོགས་ཁྱད་པར་ཅན་འབྱུང་བའོ། །འབྲིང་གིས་གཉན་སར་ཆོ་འཕྲུལ་དེ་རྣམས་རང་གི་སེམས་ཀྱི་སྣང་བ་ཡིན་ཞིང་། སེམས་སྐྱེ་བ་མེད་པ་ཆོས་སྐུ་ཡིན་པས། ཆོ་འཕྲུལ་དེ་དག་སེམས་ཀྱི་རྩལ་ལམ་རོལ་པ་རྒྱན་དུ་ཤེས་པས་བྱུང་ཡང་སེམས་ཀྱི་ཆོ་འཕྲུལ་དུ་བྱུང་སྣང་ཡང་སེམས་ཀྱི་ཆོ་འཕྲུལ་དུ་སྣང་། ཡིན་ཡང་སེམས་ཀྱི་ཆོ་འཕྲུལ་ཡིན། ཞི་ཡང་སེམས་སུ་ཞི་བས། སེམས་ལས་ཐ་དད་པའི་དོན་མེད་ལ། སེམས་སྐྱེ་མེད་ཡིན་པས་དེའི་ངང་ལ་གློད་ལ་བཞག་གོ །དབང་པོ་ཐ་མས་ལུས་སེམས་ཕྲལ་ལ་ལུས་བློས་ལིངས་ཀྱིས་བཏང་ལ། རིག་པ་རྟེན་མེད་རྗེན་པར་ཉམས་སུ་བླངས་པས། ཆོ་འཕྲུལ་ཞི་ནས་ཤེས་པ་བདེ་སངས་པའམ། ཉམས་དགའ་ཡལ་གྱིས་འོང་ཞེད་རྗེས་ལ་ཉམས་རྟོགས་འཕེལ་བར་འགྱུར་རོ། །དེ་ལྟར་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་ཉམས་ལེན་བསྐྱངས་པས། མི་མ་ཡིན་གྱིས་སྟོང་གྲོགས་ལ་སོགས་བྱུང་ཡང་དགའ་བའི་བློ་མི་སྐྱེ། །དགའ་བྲོད་ཀྱི་བདུད་འཇུག་པ་ལ་ཚེགས་མེད་པ་ཡིན། ལར་དབེན་པ་བསྟེན་ནམ། ཚོགས་པ་སྐྱོང་ངམ། གྲོང་ཡུལ་དུ་སྡོད་དམ། མི་གསེབ་ཏུ་འགྲོ་བ་ལ་སོགས་པ་གང་ལ་ཡང་ཚུལ་འཆོས་དང་ཁེ་རྔམ་ལ་སོགས་བདུད་འཇུག་པའི་རྒྱུ་ཡིན་པས་མི་བྱའོ། །སྟོང་ཉིད་སྙིང་རྗེ་བླ་མའི་མོས་གུས་གསུམ་ནམ་དུའང་མི་འབྲལ་བར་བྱ། གྲོང་ཡུལ་ལ་སོགས་པར་ཡུན་རིང་ན་ཉམས་ཡལ་འགྲོ་བས། གྲོང་ཡུལ་དུ་ཡུན་རིང་བར་མི་བསྡད། །རོ་སྙོམས་ལྡོམ་བུ་ཡང་ཡུན་རིང་དུ་མི་བྱ། ལྟོ་ཕྱིར་འཆོར། ཚོགས་པའང་
༡༤༤ ཡུན་རིང་དུ་མི་བསྐྱང་། ཚིག་དང་ལོང་གཏམ་དང་ཡེང་སམ་ལམ་ལ་ཡན་ནས་འགྲོ་བས་རྟག་ཏུ་དབེན་པ་རི་ཁྲོད་དུ་ཉམས་བསྐྱང་ངོ་། རི་ཁྲོད་དུ་སྡོད་པའི་དུས་སུའང་། རི་དྭགས་ཀྱི་ཐེད་ལ་སོགས་པ་ལའང་གདུང་སེམས་དང་རྔམས་སེམས་མི་བྱ། དེ་ཀུན་མི་མ་ཡིན་གྱིས་བྱེད་པ་ཡིན་ཏེ། བྱམས་དང་སྙིང་རྗེ་ལ་ཚོད་ལེན་བྱེད་པ་ཡིན། ཡུལ་པའི་དད་ཟས་ལའང་གདུང་བའི་སེམས་མི་བསྐྱེད། བྱུང་ཡང་ཚོགས་འཁོར་དང་བླ་མའི་ཕྱོགས་སུ་མ་ལུས་པར་གཏོང་། དབེན་པ་བརྟེན་འདོད་པས་ཀྱང་། །དང་པོར་གནས་དེར་ཕྱིན་པ་དང་། དང་པོ་ནས་སྤྲོ་ཞིང་དགའ་བར་བྱུང་ནས། འདྲིས་ཤིང་དང་མི་སྤྲོ་བར་སོང་ན། བར་ཆད་འོང་བས་གཞན་དུ་འཕོ། དང་པོ་ནས་འཇིགས་ཤིང་ཉམ་ང་བར་བྱུང་ནས། བསྡད་ཅིང་དང་སྤྲོར་སོང་ན་དགེ་སྦྱོར་འཕེལ་བའི་གནས་ཡིན་ནོ། །དེ་ལྟ་བུའི་གནས་དབེན་པར་མི་མ་ཡིན་གྱིས་ཉམས་ཚད་བྱུང་ནའང་བྱམས་པ་དང་སྙིང་རྗེ་བསྒོམས་པས་ཞི་ནས་འགྲོ་བ་ཡིན། དེས་མ་ཞི་ན་ཕུང་པོ་གཟན་དུ་བསྐྱུར་བས་ཞི་བ་ཡིན། འཇམ་པོར་གཅོད་པ་ལས་དྲག་རྩུབ་བྱ་བ་མ་ཡིན་ནོ། །སྙིང་རྗེ་དང་བྱམས་པ་བྱང་ཆུབ་ཀྱི་སེམས་ཀྱིས་བདག་གཞན་ཐམས་ཅད་ཐར་པའི་ལམ་ལ་འགོད་པར་བྱའོ། །བཞི་པ་གེགས་སེལ་བསྟན་པའི་ལེ་ལག་ལ། །འགོ་བའི་ནད་དང་ལྷོག་པའམ། མཛེ་པོ་དང་། དམེ་པོ་དང་། ཉམས་བག་ཅན་ལ་སོགས་པ་རྣམས་ལ་བཅད་པས་སྙེམས་ཞུགས་པའམ། སྔར་གྱི་ཉམས་ཤོར་ནས་སྔར་མི་གཙང་བ་ལ་སྙད་བཏགས་ནས་ཤེས་པ་བྱིང་རྨུགས་སམ། ལུས་སྐྲངས་པ་དང་ནད་འགོས་པ་ལ་སོགས་པ་བྱུང་ན། ཉམས་ལེན་གྱི་གེགས་ཡིན་པས། །སྔར་བསྟན་པའི་གཉེན་པོ་དང་ལྡན་པས་གང་གིས་ལེན་པ་དེ་ཀ་དང་སྤྱོད་ལམ་བསྲེས་པས་མྱུར་དུ་ཞི་ནས་འགྲོ་བའོ། །མི་གཙང་བ་ལ་སོགས་པ་བྱུང་ན། ཁྲུས་ཀྱི་དོད་པོར་རོ་བག་དང་མཛེ་ཅན་ལ་སོགས་དང་ཁ་བསྲེས་ལ་ཐོག་བརྫིས་བྱ། ཕྱོགས་
༡༤༥ ངན་དང་གཟའ་སྐར་ངན་པ་ལ་སོགས་པ་ལ་དོན་ཆེད་ཀྱིས་ཕྱིན་ལ་ཐོག་བརྫིས་བྱ། ཡེ་ནས་སྐྱེ་མེད་ཡིན་པས་བྱ་རྩོལ་དང་བྲལ་སྙམ་དུ་བསམ་ཏེ་དབྱིངས་རིག་པ་འདྲེས་པར་བསྲེས། དབྱིངས་དང་རིག་པ་མ་བསྲེས་པར་ཁྱད་དུ་གསོད་ན་ལྟ་བའི་གེགས་ཡིན་པས། ཆོས་སྤྱོད་ཡན་ལག་བདུན་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དང་ཡང་དུ་དབྱིངས་དང་རིག་པ་བསྲེ་ཞིང་རྐྱེན་ཐོག་ཏུ་རྩལ་སྦྱང་ངོ་། །ཡང་འདྲེ་གཅོད་ལྟ་བུ་ལ་བཅད་སླ་བར་ཆོད་པ་དང་། དེ་ཉིད་ཀྱིས་གོ་ཆོད་པར་བྱས་ན་རྩལ་ཕྱོགས་མེད་དུ་མི་འབྱོང་སྟེ། དེ་ཉིད་སྤྱོད་པའི་གེགས་ཡིན་པས། དེ་ལ་བརྟེན་ནས་རྟོག་པ་ཆེར་སྐྱེ་ཞིང་བཅད་དཀའ་བ་དེ་དག་ལ་བརྟེན་ལ། ཡང་དང་ཡང་དུ་རྩལ་སྦྱང་ཞིང་བོགབོགས་དབྱུང་ངོ་། །དེ་ཡང་ལན་ཅིག་ངོ་འཕྲོད་ཙམ་གྱིས་སངས་རྒྱས་འདི་ཀ་ཡིན། ཐོབ་བྱ་འདི་ཀ་ཡིན་སྙམ་ན། འབྲས་བུའི་གེགས་ཡིན་པས། ཆོས་ཉིད་ངང་ནས་རེ་དོགས་མེད་པའི་བློ་ཡིས་ཕྲིན་ལས་ཕུན་སུམ་ཚོགས་པའི་རྐྱེན་ཐེག་པ་ཆེན་པོའ་སྨོན་ལམ་རྒྱ་ཆེན་པོ་གདབ་བོ། །ལྔ་པ་གོལ་ས་བསྟན་པའི་ལེ་ལག་ལ་གསུམ་སྟེ། གཅོད་མོ་སྨན་དུ་ཤོར་བ་དང་། གཅོད་འདོད་ཡོན་དུ་ཤོར་བ་དང་། གཅོད་དྲག་སྔགས་སུ་ཤོར་བའོ། །གཅོད་མོ་སྨན་དུ་ཤོར་བ་ནི། གཉན་ཁྲོད་འགྲིམ་ཞིང་ཉམས་ལེན་བསྐྱངས་པས། རིག་པ་དྭངས་སྙིགས་ཕྱེད་པས་གསལ་སྣང་ཅུང་ཟད་སྐྱེས་པས། །འདྲེ་གནོད་མི་གནོད་དང་། ནད་ལྟ་བུ་ལ་ཕན་མི་ཕན་ཤར་ཏེ་གཞན་ལ་བཟླས་པས། ཐམས་ཅད་ཀྱིས་ཚོར་ནས་ཡང་དང་ཡང་དུ་འདྲིར་འོང་བ་དེ་ནི་གཅོད་མོ་སྨན་དུ་ཤོར་བའོ། །གཅོད་འདོད་ཡོན་དུ་ཤོར་བ་ནི། དགའ་བྲོད་དམ། གཡེང་བའམ། བསོད་ནམས་སྣ་ཚོགས་བྱུང་བས། གཉན་ཁྲོད་ལ་སོགས་ཕན་ཚུན་དུ་འཕོ་མི་སྲིད་པར་ཟང་ཟིང་དང་གཡོག་འཁོར་དང་སྙན་གྲགས་ལ་སེམས་ཡེངས་ནས། རང་གི་ཉམས་མྱོང་ཤོར་ཏེ་འདོད་ཡོན་རང་གར་སྤྱོད་པ་ནི་གཅོད་འདོད་ཡོན་དུ་ཤོར་བ་ཞེས་བྱའོ། །གཅོད་དྲག་
༡༤༦ སྔགས་སུ་ཤོར་བ་ནི། ཉམས་མྱོང་བསྐྱངས་པས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་ནད་གདོན་གྱིས་ཟིན་པའི་སར་ཕྱིན་ནས་བྱིན་རླབས་བྱས་པས། སངས་སོང་པ་ཐམས་ཅད་ཀྱིས་བོས་ཤིང་གྲོང་ཁ་འགྲིམ་པས་ཉམས་རྟོགས་འགྲིབ་པས་བྱིན་རླབས་ཤོར་ཏེ། དྲག་སྔགས་ཀྱིས་འདྲེ་ནད་འདུལ་དགོས་པ་འོང་བས། དེ་ནི་གཅོད་དྲག་སྔགས་སུ་ཤོར་བ་ཞེས་བྱ་བ་ཡིན་ནོ། །དྲུག་པ་གཡེལ་བ་ཁ་བསྡུ་བའི་ལེ་ལག་ལ་གསུམ་སྟེ། ཉམས་ལྟེངས་པ་སྤང་བ་དང་། འཐོར་བ་སྡུད་པ་དང་། །གྲིམ་པ་གློད་པ་དང་གསུམ་མོ། །ལྟེང་སྤ་སྤང་བ་ནི། གཉན་ཁྲོད་ལ་སོགས་པར་ཕྱིན་པའི་དུས་སུ་ཆོ་འཕྲུལ་དང་དྲོད་རྟགས་གང་ཡང་མེད་ན། རང་གི་ཉམས་ལེན་གྱི་སྟོབས་ཆུང་བས་གདོན་མ་སློངས་ཏེ་གཅོད་ལྟེ་བས་ཡིན་པས། དེ་སློང་བའི་ཐབས་ལ་ཏིང་ངེ་འཛིན་གྱིས་མཐའ་གཏང་བྱ། དེས་མ་སློང་ན་གཅེར་བུར་བུད་ལ། མི་ལྤགས་ཀྱི་གཡང་གཞི་གོན། མི་རྐང་གི་གླིང་བུ་འབུད། ཌཱ་མ་རུ་དཀྲོལ་ཞིང་། རྒྱ་དཀར་ནག་བལ་པོ་ལ་སོགས་པའི་ལྷ་འདྲེའི་མིང་ནས་ཐོན་ཚད་བོས་ལ། ངས་གཅོད་བྱེད་པ་ཡིན་པས་ཐམས་ཅད་འདིར་འདུས་ཤིག་པས་ལ། སྔོན་དུ་དཀར་གཏོར་ཅིག་བྱིན། དེ་ནས་དམར་གཏོར་བྱིན་ཏེ། རང་གི་ལུས་སེམས་ཕྲལ་ལ་ལུས་ཤ་ཁྱེར་ཁྲག་ཁྱེར་དུ་བྱིན་པས་བསོད་ནམས་ཀྱི་ཚོགས་རྫོགས། སེམས་ནམ་མཁའི་ཚུལ་དུ་རྟེན་མེད་དུ་བཞག་པས་ཡེ་ཤེས་ཀྱི་ཚོགས་རྫོགས། ལན་ཅིག་ཆོ་འཕྲུལ་ཟིང་ཟིང་པ་གཅིག་བྱུང་ནའང་གནས་ལུགས་ཀྱི་ངང་ལ་སྙེམས་ཐག་རྦད་ཀྱིས་ཆོད་པས་ཉམས་རྟོགས་ལྷག་པར་འཆར་བར་འགྱུར་རོ། །འཐོར་བ་བསྡུ་བ་ནི། བློ་རྩེ་གཉིས་སུ་མི་བཏང་། ཤེས་པ་ཁ་འཚམས་སུ་མི་གཞུག །ཤེས་པ་ཡབ་ཡོབ་ཏུ་མི་བཏང་བས། ཤེས་པ་བག་ཕེབཕེབས་པར་བྱས་ལ། ཤེས་པ་བདལ་ལ་བཞག་
༡༤༧ གོ །བསྒྲིམ་པ་གློད་པ་ནི། སྒོམ་སྒོམ་པོ་དང་འདོད་འདོད་པོར་མ་སོང་བར་ཤེས་པ་ལྷོད་ཀྱིས་གློད་ནས་ཡེངས་ཐབས་སུ་འཇོག་གོ །བདུན་པ་ན་ཚ་བྱུང་ན་ཇི་ལྟར་ཉམས་སུ་བླངས་པའི་ལེ་ལག་ལ་བཞི་སྟེ། གཉན་ཁྲོད་འགྲིམ་ལ་བཅད་པ་དང་། འབྱུང་བཞི་ཆ་སྙོམས་པ་དང་། ནད་ཐོག་ཏུ་ནད་དབབ་པ་དང་། ལས་ཀྱི་མཐའ་བསྟན་པའོ། །གཉན་ཁྲོད་འགྲིམ་ལ་བཅད་པ་ནི། རང་ལ་ན་ཚ་བྱུང་ན་ཐབས་གཞན་མི་བཙལ་བར་གཉན་ཁྲོད་གཅིག་ཏུ་ཕྱིན་ལ། །ལུས་འདི་ལ་ཞེན་པའི་རྟོག་པ་བཅད་ལ། གདོན་དེ་ལ་ལིངས་ཀྱིས་བྱིན་ལ་འདི་སྐད་བྱ། ཁྱོད་དང་བདག་གཉིས་སྨོན་ལམ་གཅིག་པས་ད་ལྟ་འབྲེལ་བ་ཡིན། དེ་བས་ཀྱང་བདག་གི་ལུས་འདི་ཁྱོད་ལ་འབུལ་གྱིས། ཁྱོད་འདིར་སྡོད་ཅིག །ང་ལ་སྙན་བརྒྱུད་ཟབ་མོ་ཡོད་པས་རང་ཅག་གཉིས་ཀའི་སྡིག་པ་སྦྱོང་བའི་དོན་དུ་ཡང་དག་པའི་དོན་བསྒོམ་གྱི་བྱས་ལ། ལུས་སེམས་ཕྲལ་གནས་ལུགས་དོན་ལ་བློ་ལྷོད་ཀྱིས་བཞག་པས་ནད་གང་ཡིན་པ་རང་ཞིར་འགྲོའོ། །ནད་པ་གསོ་ན། དེའི་ལུས་རི་རབ་ཙམ་དུ་བསམས་ལ། ཡུའུ་ཅག་གསུམ་གནས་སྐབས་ཀྱི་སྨོན་ལམ་གཅིག་ཡིན་པས། ཁྱོད་གཞན་དུ་མ་འགྲོ་བར་འདིར་སྡོད་ཅིག །འོ་ཅག་གསུམ་གྱི་སྡིག་སྒྲིབ་སྦྱང་བར་བྱ་བའི་ཕྱིར་ངས་ཡང་དག་པའི་དོན་བསྒོམ་གྱི་བྱས་ནས། ནད་པའི་ལུས་ཁོ་ལ་ལྟོས་མེད་དུ་བྱིན་ལ་གནས་ལུགས་ཀྱི་ངང་ལ་ལྷན་གྱིས་བཞག་གོ །ཡང་གང་ན་སར་སྟོང་ཉིད་ཀྱི་ངང་ནས་བྱ་བ་བྱ་ཞིང་། བདེན་པའི་ཚིག་བརྗོད། རང་གི་རིག་པ་ཡང་སྟོང་པ། ནད་དང་གདོན་ཡང་སྟོང་པ། ནད་པའི་ལུས་དང་སེམས་ཡང་སྟོང་པ། སྟོང་པ་ལ་སྟོང་པས་གླགས་མི་རྙེད་པས་སྟོང་སངས་སངས་སོང་བར་བསམས་ལ། གནས་ལུགས་ཀྱི་སྟེང་དུ་ལྷན་གྱིས་བཞག་གོ །འབྱུང་བཞི་ཆ་མཉམ་པ་ནི། སྦྱིར་རྣལ་འབྱོར་པ་ལ་ན་ཚ་ཅི་ཡོད་ཀྱང་ཉམས་ལེན་གྱི་སྟེང་
༡༤༨ དུ་བཞག་ནས་ལུས་ལ་ལུས་སུ་མི་བཟུང་བར་གང་དགར་བཞག་པས་གྲོལ་ནས་འགྲོ་བ་ཡིན་པ་ལ། དེ་ལྟར་བྱས་ཀྱང་དྲག་ཏུ་མི་འདོད་ན། །ལུས་འདི་ཡང་འབྱུང་བ་བཞི་ལས་གྲུབ་པ་ཡིན་ལ་ནད་ཀྱང་འབྱུང་བ་བཞིས་བསྐྱེད་པ་ཡིན་ཀྱང་། །ལུས་ཕྱིན་ན། ཕྱིའི་འབྱུང་བ་ཆེན་པོ་བཞི་ནང་གི་འབྱུང་བ་ཆེན་པོ་བཞི་ལ་བསྟིམས་ལ། གང་ན་བ་དེ་འོག་ཏུ་བཅུག་ལ་ལུས་ཁང་སྟོང་ལྟར་དུ་ཁྲེས་ཀྱིས་བསྐྱུར་ལ། སེམས་ནམ་མཁའི་ངང་དུ་རྟེན་མེད་དུ་ཁྲེས་སེ་བཞག་གོ །ལུས་ཀྱི་ནང་དུ་ན་ན། །ནང་གི་ལུས་འབྱུང་བ་བཞི་པོ་འདི་ཕྱིའི་འབྱུང་བ་བཞི་ལ་ཕར་བསྟིམས་ལ། སེམས་ན་བུན་ཡལ་བ་ལྟར་ཡལ་དུ་བཅུག་སྟེ། གློད་པས་ཞི་ནས་འགྲོ་བ་ཡིན་ནོ། །ཡང་ན་ཕྱིའི་འབྱུང་བ་བཞི་ནང་གི་འབྱུང་བ་བཞི་ལ་བསྟིམ། ནང་གི་འབྱུང་བ་བཞི་གསང་བ་བྱང་ཆུབ་སེམས་ལ་བསྟིམས་ལ། སེམས་སྐྱེ་མེད་སྟོང་པའི་ངང་ལ་ཁྲེས་སེ་བཞག་གོ །ནད་ཐོག་ཏུ་ནད་དབབ་པ་ལ། ནད་ཚད་པར་འདུག་ན། ཚད་པ་མེ་ནང་དུ་ཞི་བར་བྱ་བ་དང་། ནད་གྲང་བར་འདུག་ན་སྐོམ་ཐག་ཆུ་ནང་དུ་བཅད་པའོ། །དེ་ལ་ནད་ཚད་པར་འདུག་ན། ཚད་པ་ལ་གང་གནོད་པའི་ཟས་དང་སྤྱོད་ལམ་བསྟེན་ལ། ད་བདག་ཤི་ན་རེ་དགའ། ད་ལྟ་ཉིད་དུ་འཆི་བ་དོན་དམ་པའི་བདེན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངང་དུ་སངས་རྒྱས་ཡོད་པས། དེ་ངོས་བཟུང་དགོས་སྙམ་དུ་བསམ་ཞིང་། ཚེ་འདི་ལ་མ་ཆགས་པར། ཕཊ་བྱས་ལ་བེམ་རིག་ཤག་གིས་ཕྲལ་ལ་བློ་རེ་དོགས་མེད་པར་ལྷོད་ཀྱིས་གློད་ལ། བློ་རྒྱ་བསྐྱེད་ལ། རིག་པ་ཁྱབ་བདལ་ཆེན་པོའ་ངང་དུ་ཡིད་ལ་མི་བྱེད་པར་བཞག་གོ །ཨ་མ་རྩིར་བཞག །ནམ་ཀྱང་མེད་དུ་བཞག །གར་སོང་གར་ལེགས་ཏུ་བཞག་གོ །དེ་ལྟར་བཞག་པས་ནད་འཛིན་དང་ནམ་བྲལ་ཚེ་སོས་ནས་འོང་། སོས་ཀྱང་དགའ་བའི་སེམས་མེད་པར་གཏད་མེད་དུ་བཞག་གོ །གྲང་བའི་ནད་དེ་ལ་གང་
༡༤༩ གནོད་པའི་ཟས་དང་སྤྱོད་ལམ་བྱས་ལ། ལྷོད་ཀྱིས་གློད་ལ་འཛིན་མེད་ཀྱི་ངང་དུ་ཕཊ་བྱས་ལ་ཉལ་བསྡད་དོ། །དེ་ལྟར་སྙེམས་དང་ཕྲལ་ནས་འཇོག་པ་ལས་བསྒོམ་དུ་ཅི་ཡང་མེད་དོ། །མི་བསྒོམ་པ་དེ་ཀ་བསྒོམ་པ་ཡིན། །དེས་ཤི་ཡང་ལེགས་ཏེ་ཆོས་དབྱིངས་སུ་གྲོལ་བ་ཡིན། མ་ཤི་ན་ཡང་གལ་མེད་དོ། །རང་རིག་པའི་ཡེ་ཤེས་འགག་པ་མེད་པས་སོ། །དོན་གོ་སེམས་ལ་འཆི་རྒྱུ་མི་འདུག་པས་གར་སོང་གར་ལེགས་སུ་འཇོག་པ་ཡིན། གཞན་ཡང་ཤེས་པ་མི་དགའ་འམ། འགྲོ་འདོད། དུ་འདོད། །ཚིག་པ་ཟ་བ་སོགས་བྱུང་ན། ཤེས་པ་རང་རྒྱུད་པར་མི་བཏང་བར། མཁན་པོ་རྩད་བཅད་ཅིང་རྩ་བྲལ་ངོས་ཟིན་པར་བྱས་ལ་གློད་ལ་བཞག་གོ །ལས་ཀྱི་མཐའ་བསྟན་པ་ལ། གཞན་ལ་བྱིན་རླབས་ལ་སོགས་བྱེད་ན། ཀུན་རྫོབ་ཀྱི་བདེན་པ་ལ་མི་འགེགས་པས། སེམས་ཅན་སྡུག་བསྔལ་གྱི་ནད་པ་རྣམས་ལ་བྱམས་པ་དང་སྙིང་རྗེ་བསྒོམ། །སྐྱབས་འགྲོ་དང་བྱང་ཆུབ་ཏུ་སེམས་བསྐྱེད། བརྒྱུད་པའི་བླ་མ་ལ་གསོལ་བ་གདབ། ཡི་དམ་ལ་བདེན་པ་བདར། ནད་གདོན་ཐམས་ཅད་ཞི་བར་བྱིན་གྱིས་བརླབ། དོན་དམ་པར་ན་བདག་དང་ནད་པ་དང་ཡི་དམ་གསུམ་ཆོས་ཉིད་སྟོང་པའི་དབྱིངས་སུ་ངོ་བོ་གཅིག་ཏུ་ཀྲུག་གིས་བསྲེས་ལ་ལྷོད་ཀྱིས་གློད་ནས་མི་གཡོ་བར་འཇོག་པ་ཡིན། དེ་ཙམ་སྔོན་ལ་བསྒོམ་མ་སྙམ། ཤེས་པ་སྡུག་ཐུམ་མ་བྱེད། དམིགས་པ་ཕྱོགས་གཅིག་ཏུ་མ་གཏད། དམིགས་མེད་བསམ་བྲལ་གྱི་ངང་ལ་བསྲན་བསྐྱེད། ཕན་དུ་རེ་བ་དང་མ་ཐུང་། སོས་ཀྱང་རློམས་སེམས་མ་བྱེད། ཉམས་དང་བྱིན་རླབས་ཡེངས་སུ་ཆུག །དེ་ནི་ཆོས་ཉིད་དོན་དམ་པའི་བདེན་པ་ཡིན་པས་ནད་ཐམས་ཅད་སྒྲོན་མེ་བཏེགས་པས་མུན་པ་སངས་པ་བཞིན་རང་དེངས་སུ་འགྲོ་བ་ཡིན། སྡུད་པ་ལས། བདེན་པའི་བྱིན་རླབས་ཀྱིས་མེ་ཡི་ཕུང་པོ་ཞི། ཞེས་སོ། །སྲིའུ་གསོན། །གཉན་སར་ཁྱེར་ལ་ཤ་ཁྲག་གནོད་
༡༥༠ བྱེད་ལ་ལིངས་ཀྱིས་བྱིན་ལ། སེམས་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་བོ། ན་ན་ཏིང་ངེ་འཛིན་གྱི་མཐའ་གཏད་བྱ། གོས་ཚུལ་བཀྲུས་ལ་བྲག་ཤིང་ལ་སོགས་པ་ལ་གཏོར། བུ་ཆུང་གི་རི་ལ་མེ་བསྲེག་ལ་དུད་པ་བཏང་ལ་མེ་དེ་ལ་བུ་ཆུང་བསྲོ། མཛེ་ཀླད་བྱུག །མཛེ་ཅན་གྱི་ཁ་འཕྲོ་བླུད་སྣམ་ཕྱིན་ལྟ་བུ་ལ་མཛེ་ཅན་གྱི་དྲོད་ལ་ཕབ་ནས་བཀོན་པས་འཚོ་ངེས་སོ། །གཉན་སར་ཁྱེར་བམ་གྲུབ་ན། གཉན་སའི་ཤིང་དང་རྡེའུ་ལ་སོགས་བཏགས་བས་འགྲུབ་བོ། །ཆར་པ་འབེབས་ན། ཀླུ་ཡོད་ངེས་པའི་ཆུ་མིག་ཏུ། བ་སུ་ཀི་དང་། །དཀར་གསུམ་མངར་གསུམ་གྱི་གཏོར་མ་བྱིན་ལ་ཆར་པ་བསླང་ངོ་། དེས་མ་ཕེབས་ན། མཛེ་ཁྲག །མཛེ་ཀླད། དོར་རྟ་ལ་སོགས་པ་བསྲེགས་ནས་ཆུ་མིག་ཏུ་བླུགས་པས་ཕེབ་པར་འགྱུར་རོ། །བསྟན་པ་འཇིགས་པའི་དགྲ་བྱུང་ན། དེའི་དྲི་མ་མིང་རུས་བྲིས་ལ་གླང་རུར་བཅུག་ནས་གཉན་སར་བྲས་ལ་སྦ། གཟུ་དཔང་གསོལ་ཞིང་ལས་འདི་གྱིས་ཤིག་བྱའོ། །སེར་བ་འབེབས་ན། དུག་ཁྲག་སྣ་ཚོགས་ཡུགས་སའི་དོར་རྟར་བཏུམ་ལ་གཉན་སར་སྦས་ནས། ཏིང་ངེ་འཛིན་གྱིས་མཐའ་གཏང་དྲག་པོ་བྱས་པས་འོངས་ངེས་སོ། སེར་སྲུང་བྱེད་ཀྱང་སྟོང་པའི་ངང་ལ་དམིགས་པ་བྱའོ། །བརྒྱད་པ་འཐས་ན་བོགས་དབྱུང་བའི་ལེ་ལག་ལ། རྩོལ་བ་དྲག་ཏུ་བྱས་ཀྱང་ཉམས་ལ་ཡར་སྐྱེད་མེད་ན་འཐས་པ་ཡིན་པས་བོགས་དབྱུང་བ་ལ་གསུམ་སྟེ། སེམས་ཅན་ལ་སྙིང་རྗེ་བསྒོམ་ལ་བོགས་བྱུང་བ་དང་། བླ་མ་ལ་མོས་གུས་བསྒོམ་ལ་བོགས་དབྱུང་བ་དང་། རྐྱེན་དྲག་པོ་ལ་ཐོག་འགེལ་བྱས་ལ་བོགས་དབྱུང་བའོ། །ཡོད་ན་སྔོན་དུ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ལ་གཏོར་ཚོགས་བཏང་ལ། དེ་ནས་འདི་བཞིན་བསམ་པར་བྱ། སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་སྙིང་རེ་རྗེ། ཁྱད་པར་དུའང་ལྟར་བདག་ལ་གནོད་པར་བྱེད་པའི་དགྲ་འདྲེ་འདི་རྣམས་སྙིང་རེ་རྗེ། སེམས་ཅན་འདི་རྣམས་ཀྱིས་བདག་གི་ཕ་དང་མ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ཤིང་ཕན་མེདམང་
༡༥༡ པོ་བཏགས་གནོད་པ་མང་པོ་བསལ་ཞིང་། རང་གི་སྲོག་བསྐྱེད། བུ་ཚ་ལ་གཅེས་པར་བྱས་ཤིང་བསྐྱངས་པ་ཡིན་པས། ཤིན་ཏུ་དྲིན་ཆེ་བར་འདུག་ཨང་སྙམ་དུ་ཡང་ཡང་བསམ། བདག་གི་ཕ་མ་དྲིན་ཅན་འདི་རྣམས་བདེ་བར་འདོད་ཀྱང་བདེ་བ་མ་མྱོང་གི་སྟེང་དུ་སྡུག་བསྔལ་འབའ་ཞིག་མི་འདོད་བཞིན་དུ་དབང་མེད་པར་མྱོང་བ་འདི་རྣམས་སྙིང་རེ་རྗེ་ན་སྙམ་དུ་བསམ། དེ་ཡང་དང་པོ་སྡུག་བསྔལ་དངོས་ལ་གནས་པ་ལ་བསྒོམ། དེ་བས་སྡུག་བསྔལ་གྱི་རྒྱུ་ཚབ་ཆེན་པོ་སྤྱོད་པ་རྣམས་མཆི་མ་ཀོ་ཐུལ་བྱུང་དུ་བསྒོམ། དེ་ཡང་སྡུག་བསྔལ་བ་རྣམས་བསམ་ཞིང་ཕྲེང་བ་བགྲངས་ལ། སྙིང་རེ་རྗེ་ན་ཞེས་པ་ལ་སོགས་པ་བརྒྱ་རྩ་བརྒྱད་ལ་སོགས་པ་བསྒོམ། དེ་ལྟར་ངལ་གསོ་ཞིང་ཐུན་བཞིར་བསྒོམས་པས། མཇུག་ཏུ་སྙིང་རྗེ་རང་བབས་སུ་སྐྱེ་བ་འབྱུང་ལ། །དེ་སྐྱེས་པ་དེའི་དབང་གིས་སྡིག་སྒྲིབ་ཐམས་ཅད་དག་ནས་དགེ་སྦྱོར་གྱི་བོགས་རང་བཞིན་གྱིས་འབྱུང་བས། གནས་ལུགས་སྟོང་པ་ཉིད་རྒྱུད་ལ་སྐྱེ། དེ་རྒྱུད་ལ་སྐྱེས་ཙ་ན་བསྒོམ་མི་དགོས་པར་རང་ཤུགས་ཀྱིས་སེམས་ཅན་ལ་སྙིང་རྗེ་སྐྱེ་བའོ། །གཉིས་པ་བླ་མའི་མོས་གུས་བསྒོམ་པས་བོགས་དབྱུང་བ་ནི། ལམ་ལ་འབད་རྩོལ་དྲག་ཏུ་བྱས་ཀྱང་བློ་ལ་ཡར་སྐྱེད་མེད་ན་བླ་མའི་བྱིན་རླབས་མ་ཞུགས་པས་ལན་ལ། བྱིན་རླབས་མི་འཇུག་པ་དེ་ཅིས་ལན་ན། གསོལ་བ་བཏབ་ཀྱང་མོས་གུས་དྲག་པོ་མ་སྐྱེས་པས་ལན། །དེ་ལ་སྡུག་བཙིར་གྱིས་བསྒོམ་ཀྱང་མི་ཕན་པས། ཆོས་ཀྱི་བྱ་བ་གཞན་ཐམས་ཅད་ལིངས་ཀྱིས་བཞག་ལ། ཉིན་མཚན་ཐུན་བཞིར་བཅད་ལ། གདམས་པ་དང་བྱིན་རླབས་ཀྱིས་རང་ལ་ཕན་གདགས་པའི་རྩ་བའི་བླ་མ་བཀའ་དྲིན་ཅན་གང་ཡིན་པ་དེ་ལ་སངས་རྒྱས་ཀྱི་འདུ་ཤེས་པ་སྐྱེད་ལ། བླ་མའི་རྣལ་འབྱོར་དང་ལྡན་པས་གསོལ་བ་དྲག་པོ་ཡང་ནས་ཡང་དུ་བཏབ་པས། མོས་གུས་ནམ་ཆུད་པ་དང་བྱིན་རླབས་ཞུགས་ཏེ། ཉམས་རྟོགས་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ཡིན་པས། རང་
༡༥༢ སྟན་བདེ་བ་ལ་སྤྱོད་ལམ་བདེ་བར་བསྡད་ལ། སྔོན་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པར་བསྒོམས་ལ། དེ་ནས་རང་ཐ་མལ་དུ་ཡོད་པའི་སྤྱི་བོའ་སྟེང་དུ་ཉི་ཟླ་པདྨའི་གདན་ལ་གདམས་པ་དང་བྱིན་རླབས་ཀྱིས་རང་ལ་ཕན་ཐོགས་པའི་རྩ་བའི་བླ་མ་བཀའ་དྲིན་ཅན་གང་ཡིན་པ་དེ་ཤིན་ཏུ་གསལ་བར་བསྒོམ་ལ། གདུང་སེམས་དུང་བ་གཅིག་བསྐྱེད་དེ། དེ་ནས་བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུ་དུས་གསུམ་རྣམས་ན་བཞུགས་པའི་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་མ་དང་བཅས་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཀྱི་རྣམ་པར་བྱོན་ནས་བླ་མ་དང་གཉིས་སུ་མེད་པར་ཐིམ་པས། འོད་དང་གཟི་བརྗིད་དང་བཅས་ཏེ་མངོན་སུམ་བཞིན་བཀྲ་ལམ་མེ་བཞུགས་པར་བསམ། ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་བར་སྣང་དང་ས་གཞི་ཐམས་ཅད་ཁེངས་ཏེ་བར་ཆད་ཐམས་ཅད་སེལ་བར་བསམས་ལ། མོས་གུས་དྲག་པོ་དང་བཅས་ཏེ་ཡིད་ཀྱིས་ཕྱག་འཚལ་ཞིང་། རེ་ས་གཞན་ན་མེད་སྙམ་དུ་ཞེ་མནའ་བསྐྱལ། ལུས་དང་ལོངས་སྤྱོད་ཐམས་ཅད་ལིངས་ཀྱིས་མཆོད་པར་ཕུལ་ལ་གསོལ་བ་གདབ་སྟེ། བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཉམས་མྱོང་དང་རྟོགས་པ་ཁྱད་པར་དུ་འཕགས་པ་བདག་གི་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བདག་གི་སྡིག་སྒྲིབ་དང་སྡུག་བསྔལ་དང་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་ཡང་དང་ཡང་དུ་འབོད་དོ། །གདུང་སེམས་གཏིང་ནས་སྐྱེས་ན་ཚིག་ཏུ་མ་བཏོན་ཡང་འགལ་བ་མེད་དོ། །བླ་མའི་ཐུགས་ཉིད་ནམ་མཁའ་ལྟ་བུའི་ཀློང་ནས་བྱིན་རླབས་ནམ་མཁའ་ལྟ་བུ་དེ། རང་གི་སེམས་ཉིད་ནམ་མཁའ་ལྟ་བུ་ལ་འཇུག་པ་ལ་ཐེ་ཚོམ་ག་ལ་སྲིད་སྙམ་དུ་གཤའ་མར་ཡིད་ཆེས་པར་བྱ་ཞིང་།
༡༥༣ གསོལ་བ་རུས་པའི་གཏིང་ནས་གདབ་པར་བྱའོ། །དེ་ལྟར་བྱས་ན་བྱིན་རླབས་མི་འཇུག་མི་སྲིད་པ་ཡིན་ནོ། །དེ་ལྟར་ཉིན་མཚན་ཐུན་བཞིར་ལོང་པར་གསོལ་བ་བཏབ་ལ། ཐུན་འཇོག་ཁར་བླ་མ་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་མར་ཐིམ་པས་རང་སེམས་དང་དབྱེར་མེད་དུ་འདྲེས་པར་བསམ་ལ་རིག་པ་ཁྱབ་བདལ་ཆེན་པོའ་ངང་ལ་ལྷུག་གི་བཞག་གོ །རྗེས་སྤྱོད་ལམ་རྣམ་བཞིའི་དུས་སུ་དུང་ཙམ་དྲན་པར་བྱ། མོས་གུས་དུང་པ་རེ་བྱའོ། །དེ་ཀ་ལྟར་ཡང་ནས་ཡང་དུ་བསྐྱངས་པས་མོས་གུས་ཆུད་པ་དང་བྱིན་རླབས་ཞུགས་ཏེ་ཉམས་མྱོང་དང་རྟོགས་པ་འཆར་བར་འགྱུར་བ་ཡིན་ནོ། །གསུམ་པ་རྐྱེན་དྲག་པོ་ལ་ཐོག་འགེལ་བྱས་ལ་ཕོགས་དབྱུང་བ་ནི། སྤྱིར་ཡིད་ཡུལ་ན་གོ་བ་ཡོད་པ་ཙམ་གྱིས་མི་ཆོག་སྟེ། དགག་སྒྲུབ་ཀྱི་གནས་ལ་ཡང་ནས་ཡང་དུ་བསྲེ་ཞིང་རྩལ་ཕྱོགས་མེད་དུ་སྦྱང་དགོས། དེ་ལྟར་མ་སྦྱངས་ན་རྐྱེན་དྲག་པོ་དང་འཕྲད་ཙམ་ན། དགྲ་བྱུང་དུས་སྐྱེལ་མས་བོར་བ་ལྟར་བློ་ཐ་མལ་དུ་ལུས་པས། འགལ་རྐྱེན་བྱུང་དུས་ཉིད་དུ་ཐོག་འགེལ་བྱས་ལ་སེམས་དང་ཆོས་སུ་བསྲེ་དགོས་སོ། །འདྲེས་པ་ཙམ་གྱིས་ཀྱང་མི་ཆོག་སྟེ། རྩལ་ཕྱོགས་མེད་དུ་མ་སྦྱངས་ན། ཟག་མེད་ཀྱི་ཡོན་ཏན་ཕྱོགས་མེད་དུ་མི་འཆར་བས། འགལ་རྐྱེན་སྣ་ཚོགས་ཐོག་འགེལ་བྱས་ཤིང་ཕྱོགས་མེད་དུ་རྩལ་སྦྱངས། རྩལ་སྦྱོང་བ་ལ་ཁྲིག་ཁམ་བཤིགས་ན་ཚུལ་འཆོས་ཀྱིས་འཆིང་བས་གང་བྱུང་གི་སྣང་བ་ཐད་ཀར་གཅོད་ཅིང་སྤྱོད་པ་ཅི་ཐོད་ཐོད་དུ་སྤྱད་དགོས་པས། འདི་ལྟར་བསམ་པར་བྱ། བདག་སངས་རྒྱས་མ་འདོད་པ་འདི་འཁོར་བ་ཐོག་མ་མེད་པ་ནས་སྣང་བ་ལ་བདེན་པར་ཞེན་ནས། བླང་དོར་འགའ་ཞིག་བྱས་ཏེ་རོ་མ་སྙོམས་པས་ལེན་འདུག །སེམས་ཉིད་གནས་ལུགས་ལ་སྐྱེ་འཆི་དང་། གཙང་རྩོག་དང་། དགྲ་གཉེན་ལ་སོགས་པ་གང་ཡང་གྲུབ་པ་མི་འདུག་པ་ལ་
༡༥༤ ངས་གྲུབ་གྲུབ་པོར་བཟུང་ནས། བསྐྱུར་མ་ནུས། བསྲེ་མ་ནུས་པས་ལེན་འདུག །ད་ཁྱེར་རང་ཇི་ལྟར་སོང་བར་སོང་སྙམ་དུ་བསམ་ཞིང་། གཉིས་སུ་འཛིན་པའི་རྟོག་པ་རྒྱངས་ཀྱིས་བསྐྱུར་ཏེ། ཕཊ་ཕཊ་བྱས་ལ། གང་ལ་ཡང་ཉམ་ང་ཞིང་བག་ཚ་བ་དེ་དང་བསྲེས་ལ་སྙེམས་དང་མ་བྲལ་གྱི་བར་དུ་ཡང་དང་ཡང་དུ་རྩལ་སྦྱང་ངོ་། །དེ་ཡང་དང་པོ་རིག་པ་ལ་ངར་བཏགས་ལ་ལྟ་བའི་རྦད་ཁམས་བསྐྱེད་ལ། དགྲ་སྡང་བ་དང་། བུ་གཉེན་དང་། ཟས་སྐོམ་ཞིམ་མི་ཞིམ། མཛེ་ཅན་དང་། ནད་རིམས་དང་། རོ་བག་དང་། རྣམ་སྣང་ལྟ་བུ་སྐྱུག་བྲོ་བ་དང་། ཉམ་ང་བ་དང་། སྐྱོ་འཇིགས་ཐམས་ཅད་ལ་རྩིས་གདབ་མེད་པར་མི་ཕོད་བརྫི། འཁྲི་བ་བཅད། སྐྱོན་ངོས་བཟུང་། མཚངས་ཡུལ་ནས་བཏོན་ལ། བློས་རྩིས་གདབ་མེད་པར་བསྲེས་ལ་གློད་ནས་བཞག་གོ ངུ་བ་དང་། རྒོད་པ་དང་། འོ་དོད་འབོད་པ་ལ་སོགས་པ་སྨྱོན་པའི་སྤྱོད་པ་བྱས་ལ། ཁྲིག་ཁ་བསྒྱུར་ཏེ། མི་ཁྱུ་ནས་ཕུད་ལ་བཞག་གོ །དེ་ལྟར་བྱས་ཤིང་འདོད་པའི་བློ་གང་ཡང་ཕུགས་སུ་མི་གཞུག་པར། རྐྱག་གཏད་མེད་པར་གཡས་མེད་དུ་བཞག་གོ དེ་ལྟར་ཡང་དང་ཡང་དུ་རྩལ་སྦྱངས་པས། །འཁྲུལ་པ་བཙན་ཐབས་སུ་འཇིག །ཞེན་པ་རང་ལོགས་སུ་འགྲོ། །མོས་གུས་ཤུགས་འབྱུང་དུ་སྐྱེ། མཚན་མ་རང་གྲོལ་དུ་འགྲོའོ། །དེས་འབྲས་བུ་སྐུ་གསུམ་ཐོབ་བམ་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཤིང་མངོན་དུ་གྱུར་པ་ནི་ཆོས་ཀྱི་སྐུའོ། །དེའི་ངང་ནས་སྨོན་ལམ་གྱི་སྟོབས་ཀྱིས་འགྲོ་དོན་ཅི་ཡང་འབྱུང་བ་ནི་སྤྲུལ་པའི་སྐུའོ། །འགྲོ་དོན་ཕྱོགས་བཞིན་དུ་རྟོགས་པ་མེད་པ། རྟོག་པ་མེད་བཞིན་དུ་འགྲོ་དོན་འབྱུང་། དེ་གཉིས་སུ་མེད་པར་ལོངས་སྤྱོད་པ་ནི། ལོངས་སྤྱོད་རྫོགས་པའི་སྐུའོ། །སྐུ་གསུམ་པོ་དེ་དབྱེར་མེད། ངོ་བོ་བསམ་བརྗོད་ལས་འདས་པ་གཅིག་ཏུ་རྟོགས་པ་ནི་ངོ་བོ་ཉིད་ཆོས་ཀྱི་སྐུའོ། །ཐུན་མོང་མ་
༡༥༥ མ་ཡིན་པའི་ལེ་ལག་བརྒྱད་བརྫོགས་སོ།།

༄༅། །ཆོས་དྲུག་བདུད་རྩི་ཉིང་ཁུའི་སྔོན་འགྲོ་དངོས་གྲུབ་མྱུར་སྩོལ་བཞུགས་སོ། །

༡༨༥ ཆོས་དྲུག་བདུད་རྩི་ཉིང་ཁུའི་སྔོན་འགྲོ་དངོས་གྲུབ་མྱུར་སྩོལ་བཞུགས་སོ། །
༡༨༦ ༀ་སྭ་སྟི་སིདྡྷི་ཧཱུྃ། རབ་འབྱམས་དཀྱིལ་འཁོར་ཀུན་བདག་འཁོར་ལོའ་མགོན། །རྡོ་རྗེ་འཆང་དབང་དཔལ་ལྡན་ཀརྨ་པ། །རྣམ་ཀུན་འབྲལ་མེད་རིགས་ཀྱི་བདག་པོར་བརྟེན། །དགོངས་པ་འགྲོལ་ཞིང་རྗེས་སུ་གནང་བར་གསོལ། །དེ་ལ་འདིར་རྒྱལ་བ་ཀུན་གྱི་ཐུགས་བཅུད་རྡོ་རྗེ་ཐེག་པའི་ཉེ་ལམ་རྨད་དུ་བྱུང་བ་ཟབ་མོ་ནཱ་རོ་ཆོས་དྲུག་ཅེས་གྲུབ་པའི་དབང་ཕྱུག་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་གང་ཟག་ལས་དང་སྐལ་བར་ལྡན་པ་དག་གིས་ཉམས་སུ་ལེན་པའི་རིམ་པ་ལ། དང་པོ་ཐུན་མོང་གི་སྔོན་འགྲོ་དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་དྲན་པ། ལས་འབྲས་རྣམ་པར་སྨིན་ཚུལ། འཁོར་བའི་ཉེས་དམིགས་ལ་བློས་གཞིགས་པ་བཅས་ངེས་འབྱུང་གི་བསམ་པ་བརྟན་པོ་སྔོན་དུ་བཏང་། དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ཐོག་མར་སྐྱབས་སེམས་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། ཞེས་པས་གཟུང་འཛིན་སྣང་ཞེན་གྱི་ཆོས་རྣམས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཁམས་གསུམ་གྱི་ས་བོན་ནཱ་ད་སུམ་བརྩེགས་སྟེང་མ་དཀར་པོ་མར་མེ་མི་གཡོ་
༡༨༧ བ་ལྟ་བུ། བར་པ་དམར་པོ་རྩེ་མོ་ཕྱོགས་བཅུར་གཡོ་བ་སྲིན་བུ་སད་པ་ལྟ་བུ། འོག་མ་སྔོན་པོ་ནས་འབྲུ་ལྟ་བུའི་དབྱིབས་ཤིན་ཏུ་གཡོ་ཞིང་སྒྲ་དང་བཅས་པར་གསལ་བའི། སྟེང་མ་བར་པ་ལ་ཐིམ་པས་རང་གི་སྤྱི་བོ་ནས་སྐྲ་མཚམས་ཡན་གྲུབ། འོག་མ་བར་པ་ལ་ཐིམ་པས་སྙིང་ག་ནས་རྐང་མཐིལ་གྱི་བར་གྲུབ། བར་པ་ལན་གསུམ་གཡོས་པས་སྐྲ་མཚམས་ནས་སྙིང་གའི་བར་གྲུབ་པར་བསྒོམ་ལ། སྟོང་ལས་ཁམས་གསུམ་ངོ་བོ་ནཱ་དའི་གཟུགས། །དཀར་དམར་སྔོ་བརྩེགས་ཡས་མན་འདུས་པ་ལས། །སྐྲ་མཚམས་ཡན་དང་སྙིང་ག་ཕྱིན་ཆད་གྲུབ། །བར་པ་གཡོས་པས་དེ་བར་གྲུབ་པའི་མདུན། །ཞེས་གསལ་གདབ། མདུན་དུ་རིན་པོ་ཆེའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་དབུས་སུ། སེང་གེའི་ཁྲི་པདྨ་ཉི་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་དུ་པད་ཉི་ལ་ཡི་དམ་འཁོར་ལོ་སྡོམ་པར་རྒྱུད་སྡེའི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་པད་ཟླ་ལ་སངས་རྒྱས་ཤཱཀྱ་ཐུབ་པར་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། རྒྱབ་ཏུ་པད་ཟླ་ལ་ཤེར་ཕྱིན་མར་ཆོས་དཀོན་མཆོག་གིས་བསྐོར་བ།
༡༨༨ གཡོན་དུ་པད་ཟླ་ལ་རྒྱལ་སྲས་དཔའ་བོ་རྣལ་འབྱོར་མ་སྲུང་མའི་ཚོགས་བཅས་བཞུགས་པར་བསྒོམས་ལ། གཞལ་མེད་ཁང་དབུས་དཀོན་མཆོག་ལྔ་ཚོམ་གསལ། །དེ་ལ་རྩེ་གཅིག་གུས་པས་སྐྱབས་འགྲོ་བྱ། །བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་བར། །དུས་གསུམ་གཤེགས་པའི་རྒྱན་འཁོར་ལྔ། །གཅིག་བསྡུས་ཆོས་ཕུང་བརྒྱད་ཁྲི་དང་། །བཞི་སྟོང་འབྱུང་གནས་འཕགས་པ་ཡི། །དགེ་འདུན་བདག་ཉིད་རྩ་བརྒྱུད་ཀྱི། །བླ་མ་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །དཔའ་བོ་དང་ནི་དཔའ་མོའི་ཚོགས། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །ཞེས་ལན་མང་དུ་བརྗོད། དེ་ནས་སེམས་བསྐྱེད་པ་ནི། ༀ་བཛྲ་ས་ཏྭ་ༀ། ཞེས་བརྗོད་པས། རང་ཉིད་རྡོ་རྗེ་སེམས་དཔའི་སྐུར་གྱུར། ༀ་བཛྲ་ས་ཏྭ་ཨཱཿ ཐུགས་ཀར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གསལ་བར་གྱུར། །དེ་ནས་ཐུན་མོང་མིན་པའི་ཚངས་གནས་བཞི་འདོན་སྒོམ་སྦྲག་པ་ནི། ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་ཆགས་པས་རྗེས་སུ་ཆགས་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་བསྡམ་པས་རྗེས་སུ་བསྡམ་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་བདེ་བ་ཆེན་པོས་ཡང་དག་པར་མྱོས་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་སྦྱོར་བས་རྗེས་སུ་གྲོལ་བར་གྱུར་ཅིག །ཅེས་མང་དུ་བརྗོད། ༀ་བཛྲ་ས་ཏྭ་ཧཱུྃ། ཟླ་གདན་གྱི་སྟེང་དུ་དོན་དམ་བྱང་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བའི་རྣམ་པར་གྱུར། དེ་ནས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་གྱི་དམ་ཚིག་ཆེ། །ཨེ་ཝཾ་རང་བཞིན་འབའ་ཞིག་པ། །རྡོ་རྗེ་སྙིང་པོར་བདག་བསྐྱེད་དོ། །ཞེས་མང་དུ་བརྗོད་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ༴
༡༨༩ སོགས་དགེ་བསྔོ་བྱའོ། །རྡོར་སེམས་ནི། རང་གི་སྤྱི་བོར་ཟླ་གདན་གྱི་སྟེང་འོད་ཀྱི་གུར་ཁང་གི་དབུས་སུ་བླ་མ་རྡོ་རྗེ་སེམས་དཔའ་འོད་ཀྱི་སྐུ་ཅན་ཁ་དོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་ཀྱིས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་པས་དྲིལ་བུ་དཀུར་བརྟེན་པ་འགྱིང་བ་དང་བཅས་པས་བཞུགས་པ་ལ་མོས་གུས་དུར་བྱས་པས། དེའི་སྐུ་ལས་བདུད་རྩིའི་རྒྱུན་འོ་མ་ལྟ་བུ་བྱུང་རང་གི་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་གང་བས་རྣམ་སྨིན་གྱི་ཕུང་པོ་གདོས་བཅས་ཀྱི་ཆ་སྦྲུལ་གྱི་ཤུན་པ་བརྗེས་པ་ལྟར་སོང་། ལུས་ཕྱི་ནང་སྒྲིབ་མེད་ཤེལ་གོང་ཕྱིས་པ་ལྟར་གྱུར། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་པར་མོས་ལ་ངག་ཏུ། སྤྱི་བོར་ཟླ་གདན་འོད་ཀྱི་གུར་ཁང་དབུས། །བླ་མ་རྡོ་རྗེ་སེམས་དཔའ་རབ་དཀར་བ། །དེ་ལ་མོས་གུས་བྱས་པས་བདུད་རྩི་བབས། །རྣམ་སྨིན་ལུས་སྦྱངས་སྡིག་སྒྲིབ་དག་པར་གྱུར། །ཅེས་བརྗོད་པས་གསལ་བཏབ་ནས་ཡི་གེ་བརྒྱ་པ་མང་དུ་འདོན། མཐར་རྡོ་རྗེ་སེམས་དཔའ་རང་ཉིད་ལ་ཐིམ་པར་མོས་ཏེ་ཐུན་བསྡུའོ། །དེ་ནས་ཚོགས་གཉིས་རྫོགས་བྱེད་མཎྜལ་ནི། གནས་ཁང་མཛེས་པར་བརྒྱན། སྟེགས་ཀྱི་ཁར་རིན་པོ་ཆེ་སོགས་ཀྱི་མཎྜལ་སྐྱོན་མེད་ལ་དྲི་བཟང་དང་བཅས་པའི་མེ་ཏོག་ཚོམ་བུ་སོ་བདུན་མ་ལག་ལེན་ལྟར་བཀོད་པ་དང་། མཆོད་པ་ཅི་འབྱོར་ཡང་བཤམ། རང་ཉིད་ཧེ་རུ་ཀ་དཔའ་བོ་གཅིག་པའི་སྐུར་བསྒོམས་པའི་མདུན་དུ། སྐྱབས་ཡུལ་གྱི་སྐབས་ལྟར་དཀོན་མཆོག་ལྦ་ཚོམ་སྤྱན་དྲངས་ཏེ་བཞུགས་པར་མོས་པའི་དྲུང་དུ། སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་མའི་ངོ་བོ་ལྷ་མོ་བཅུ་དྲུག་ཏུ་གྱུར་པས། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོས་མཆོད་པར་བསམ་ལ། དེ་ཉིད་གསལ་གདབ་པ་ནི། རང་ཉིད་ཧེ་རུ་ཀར་གསལ་
༡༩༠ མདུན་གྱི་མཁར། །དཀོན་མཆོག་རྒྱ་མཚོ་སྤྱན་དྲངས་བཞུགས་པའི་དྲུང་། །ཕྱི་ནང་གསང་བའི་མཆོད་པ་དང་རབ་འབྱམས་ཀྱིས། །འགྲོ་ཀུན་མཆོད་ལྷར་གྱུར་པས་མཆོད་པར་གྱུར། །སངས་རྒྱས་ཀུན་འདུས་བླ་མའི་དྲུང་། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱད་པ། །བྱེ་བ་འབུམ་དང་དུང་ཕྱུར་བཅས། །མཎྜལ་གཅིག་ཏུ་བསྡུས་ནས་ན། །མོས་བློས་གོང་མ་རྣམས་ལ་འབུལ། །འགྲོ་ཚོགས་སྒོ་གསུམ་ལོངས་སྤྱོད་དང་། །དགེ་ཚོགས་འབུལ་གྱིས་བཞེས་སུ་གསོལ། །ཁང་བཟང་རྟ་བབས་བསིལ་ཁང་རང་། །ཁྲུས་ཁང་བསྲོ་ཁང་ལྡུམ་པ་དང་། །སྐྱེད་ཚལ་གདན་ཁྲི་བླ་བྲེ་གདུགས། །རྒྱལ་མཚན་བ་དན་རྔ་བསིལ་ཡབ། །ཆུ་བཞི་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་མཆོག །རོལ་མོ་སྐུ་ཁྲུས་ན་བཟའ་བརྒྱན། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །གཟིམས་མལ་བང་མཛོད་གཏེར་ལོ་ཏོག །རྫིང་བུ་བ་མཆོག་དཔག་བསམ་ཤིང་། །བཞོན་པ་རྩེད་འཇོ་བཀྲ་ཤིས་བརྒྱད། །རིན་ཆེན་སྣ་བདུན་བཅས་པ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །སྟོང་ཆེན་རྟོགས་པར་བྱེད་པའི་རོ། །དྲི་ཆུ་དྲི་ཆེན་་དང་། །ཁུ་ཀླད་བདེ་ཆེན་འབར་བའི་རོ། །མི་རྟ་ཁྱི་བ་གླང་པོའ་ཤ་།ཡེ་ཤེས་བདུད་རྩིར་དག་པ་ཅན། །དཔལ་ལྡན་བླ་མ་མཆོག་ལ་འབུལ། །ཞེས་གྲངས་ཅི་རིགས་བརྗོད་ཅིང་། ཚོམ་བུ་ཁ་གསོ། །དེ་ནས་བདུན་རྣམ་དག་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་
༡༩༡ གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག །ཅེས་བརྗོད། ཚོགས་ཞིང་འོད་ཞུ་བདག་དང་དབྱེར་མེད་ཅིང་། །དགེ་བས་བདེ་ཆེན་རྡོ་རྗེའི་གནས་ཐོབ་ཤོག །ཅེས་བྱའོ། །དེ་ནས་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་གྱི་རིམ་པ་སོགས་གཞུང་དུ་གསལ་བ་ལྟར་ཉམས་སུ་ལེན་པར་བྱའོ། །དེ་ལྟར་སྔོན་འགྲོའི་རིམ་པ་རྣམ་འདྲེན་དཔའ་བོ་རིན་པོ་ཆེའི་བཀས་བསྐུལ་ལྟར། རྗེ་ཆོས་ཀྱི་འབྱུང་གནས་ཀྱིས་བསྒྲིགས་པ་སོར་བཞག་ལ། སླར་ཡང་དང་པོའ་ལས་ཅན་རྣམས་འཇུག་བདེའི་ཕྱིར་ཅུང་ཟད་གསལ་བར་བཀོད་པ་པོ་ནི་སི་ཏུ་པདྨ་ཉིན་བྱེད་དབང་པོའོ།། །།མངྒ་ལཾ། །

ཤངས་པའི་གསེར་ཆོས་ཁྲིད་ཆེན་རྣམ་ལྔ་ལས། མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་ཉམས་ལེན་དབུ་མའི་མདུད་འགྲོལ་ཅེས་བྱ་བ་བཞུགས་སོ

༢༥༡ ཤངས་པའི་གསེར་ཆོས་ཁྲིད་ཆེན་རྣམ་ལྔ་ལས། མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་ཉམས་ལེན་དབུ་མའི་མདུད་འགྲོལ་ཅེས་བྱ་བ་བཞུགས་སོ།། །།
༢༥༢ ན་མོ་གུ་རུ་བཛྲ་བཱ་ར་ཧཱི་ཡཻ། །རྒྱལ་བ་མ་ལུས་འབྱུང་བའི་ཆོས་ཀྱི་དབྱིངས། །བདེ་ཆེན་འོད་འབར་ཕྱོགས་ཀྱི་ན་བཟའ་འཆང་། །ཟླ་བ་ཉིན་བྱེད་མདངས་ཅན་དེར་བཏུད་ནས། །ཟབ་མོའ་རྣལ་འབྱོར་གྲུབ་པའི་ལུང་བཞིན་འཆད། །མཁས་གྲུབ་ཀྱི་རྒྱལ་པོ་ཁྱུང་པོ་རྣལ་འབྱོར་ཞབས་ཀྱིས་ཡེ་ཤེས་ཀྱི་ཌཱ་ཀི་ནི་གུ་མ་ལས་མཁའ་སྤྱོད་གཉིས་ཀ་དང་། གྲུབ་ཐོབ་ནག་པོ་རཱ་ཧུ་ལ་ལས་དམར་མོ། དཔལ་ལྡན་ཨ་ཏི་ཤ་ལས་དཀར་མོའ་སྨིན་གྲོལ་གདམས་སྐོར་རྫོགས་པར་གསན་པས་ལུགས་སྲོལ་དེ་དག་གི་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་གྱུར་བའིཔའི་ཉམས་ལེན་གྱི་རྩ་བ་མཁའ་སྤྱོད་དཀར་མོའ་བསྐྱེད་བཟླས་ཀྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་ཁྱད་པར་བ་ཆོས་དྲུག་ལྟར་ཚིག་མཐའ་བསྒྱུར་བའམ། ཡང་ན་སྤྱི་མཐུན་སངས་རྒྱས་ཆོས་ཚོགས་ལན་གསུམ་དང་ཚད་མེད་བཞི་བསྒོམ་པ་སྔོན་ཏུདུ་འགྲོ་བས། ༀ་སྭ་བྷཱ་བ་ཤུདྡྷཿསརྦ་ཿསྭ་བྷཱ་བ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་ཏུ་གསལ་པའི་མདུན་གྱི་ནམ་མཁར་ཆོས་འབྱུང་གྲུ་གསུམ་དཀར་པོ་འོད་ཟེར་འཕྲོ་བ། བདེ་བར་རྒྱུ་ཞིང་བདེ་བར་འཆར་བ། དེའི་དབུས་སུ་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་
༢༥༣ སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་ལ་ཡིད་ཙམ་དམར་བའི་མདངས་ཀྱིས་མཛེས་པ། སྒེག་ཅིང་ལང་ཚོ་ལ་བབ་པ་འཛུམ་ཁྲོ་ཆགས་པའི་ཉམས་ཅན་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། དབུ་སྐྲ་ནག་པོ་སིལ་བུར་གྲོལ་བས་སྐུ་སྟོད་ཁྱབ་པ། དམར་ལ་བཀྲ་བའི་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་འཕྲུལ་བས་གཟིགས་པ། ཐོད་སྐམ་ལྡའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཕྱག་གཡས་གྲི་གུག་འཕྱར་སྟབས་དང་གཡོན་ཐོད་པ་ཁྲག་གང་ཕྱིར་བསྟན་ཏུ་འཛིན་པ། ཞབས་གཉིས་རྒྱབ་ངོས་ནས་ཕྲག་པར་བཀལ་བས་ཆུ་སྐྱེས་ཟེའུ་འབྲུ་ལྷག་གེར་བཞད་པ། རྐེད་སྐབས་ཕྲ་ཞིང་བརླ་དང་སྐྱེ་གནས་ནུ་འབུར་མཐོ་ལ་བདེ་བ་རྒྱས་པའི་སྐུ་ཕྱག་རྒྱ་ལྔས་བརྒྱན་པ། མེ་རི་དཀར་པོ་རྩེ་མོ་གསུམ་པའི་དབུས་ན་བཞུགས་པའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པའོ། །རང་གི་སྙིང་ཁ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱི་མཆོད་པར་གྱུར། ༀ་བཛྲ་པུཥྤེ་ནས་ཤཔྟ་ཨཱཿཧཱུྃ་གི་
༢༥༤ བར་གྱིས་མཆོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མོས་གུས་ཤུགས་ཀྱིས་གསོལ་བ་བཏབ་པས། རྗེ་བཙུན་མའི་གནས་གསུམ་གྱི་ༀ་ཨཱཿཧཱུྃ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་འོད་ཟེར་དཀར་དམར་མཐིང་གསུམ་སྤྱན་དྲངས་ཡིག་འབྲུ་གསུམ་ལ་ཐིམ། འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་གཅིག་ལ་གཅིག་འཁྲིལ་བའི་ཚུལ་དུ་བྱོན། དབུ་མའི་ལམ་བརྒྱུད་བྷ་ག་ནས་ཐོན། རང་གི་གནས་གསུམ་དུ་ཐིམ། སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་དག །རང་གི་ལུས་ངག་ཡིད་གསུམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་ངོ་བོ། །དེ་ལྟར་ན་འཁོར་ལོ་སྡོམ་པ་དང་རྡོ་རྗེ་རྣལ་འབྱོར་མ་སོ་སོར་སྣང་ཡང་ཐབས་ཤེས་དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། ཏིང་ངེ་འཛིན་དེ་ལ་ཡིད་རྩེ་གཅིག་ཏུ་གཏད་ཅིང་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་བརྞ་ནཱི་ཡཻ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་འབུམ་ཕྲག་སུམ་བཅུ་རྩ་གཉིས་ལ་སོགས་པ་ཅི་ནུས་བཟླའོ། །ཐུན་འཇོག་པ་ན་གོང་བཞིན་མཆོད་བསྟོད་བྱས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་ལ་འོག་ནས་འབྱུང་བའི་འཕོ་བའི་དམིགས་པ་བསྒོམ་པའམ། དཀྱུས་ཙམ་ལ། རྗེ་བཙུན་མ་འོད་དུ་ཞུ་ནས་རང་གི་སྤྱི་བོར་ཐིམ་པས་ལུས་ཀྱི་ནང་བདུད་རྩིས་བདེ་ཆིལ་གྱིས་གང་། སྐུ་གསུང་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་པར་གྱུར་བར་མོས་ལ་འོད་གསལ་ཕྱག་རྒྱ་ཆེན་པོའ་ངང་དུ་མཉམ་པར་བཞག །དེ་ལས་ལྡང་བ་ན་དགེ་བ་བྱང་ཆུབ་དུ་བསྔོ། །ཐུན་མཚམས་རྣམས་སུ་སྣང་བ་ལྷ་སྐུ་སྒྱུ་མ་ལྟ་བུའི་རྣམ་པར་ལམ་དུ་ཁྱེར། ཟས་སྐོམ་ཡེ་ཤེས་ཀྱི་བདུད་
༢༥༥ རྩིར་ཤེས་པས་ལོངས་སྤྱོད། འདོད་ཡོན་ཐམས་ཅད་ལྷ་སྐུ་བདེ་བ་ཆེན་པོར་རང་སྣང་ངོ་། །སྐབས་སུ་གཏོར་མ་འབུལ་བར་སྤྲོ་ན་འོག་ནས་འབྱུང་བ་ལྟར་རོ། །འདི་ལ་ལུས་བྱིན་གྱིས་བརླབ་པ་ཞེས་བྱ་བ་རྫོགས་རིམ་དང་འབྲེལ་བའི་རྗེས་གཞིག་ཟབ་མོ་ནི། རྗེ་བཙུན་མ་སྤྱི་བོར་བསྒོམས་པའི་གསང་གནས་པདྨ་ནས་བྱང་ཆུབ་ཀྱི་སེམས་དམར་པོའ་ཚུལ་དུ་འཕྲོས་ཏེ་བྱུང་། རང་གི་ཚངས་བུག་ནས་ཞུགས། ལུས་གང་བས་འོད་ཀྱི་རང་བཞིན་དམར་ལྟེམ་ལྟེམ་དུ་སོང་བས་རྒྱུད་ལ་བདེ་བ་ཁྱད་པར་ཅན་སིང་སིང་བ་སྐྱེས། དེ་ཡང་མེ་ལོང་གི་རླངས་པ་བཞིན་མཐའ་ནས་འོད་དུ་ཡལ། སྙིང་ཁའི་བར་དུ་བསྡུས། མཐར་སྟོང་པ་ཉིད་ཀྱི་ངང་ལ་ལྷོད་དེ་ཀློད། །རིག་པ་དྭང་སིང་ངེར་འཇོག །སླར་བདེ་མཆོག་གམ་རྗེ་བཙུན་མའི་སྐུར་ལྡངས། ཡང་གསང་བ་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི། རང་གི་ནོར་བུའི་རྩེ་མོར་མཁའ་སྤྱོད་མ་དཀར་མོ་གསལ་བཏབ། འོད་དུ་དམར་ལྟེམ་གྱིས་ཞུ་རྡོ་རྗེའི་ལམ་བརྒྱུད་ལུས་ཀྱི་ནང་མེར་གྱིས་གང་། ཉོན་མོངས་པ་འདོད་ཆགས་སངས་ཀྱིས་དག །ལུས་འོད་ཀྱི་རང་བཞིན་དམར་ལྟེམ་ལྟེམ་དུ་འཇུག་པ་སོགས་གོང་བཞིན་བསྒོམ། འདོད་ཆགས་ལ་ལྷག་པར་བསྔགས་སོ། །ཡང་འདི་ལ་བརྟེན་ནས་དམ་ཚིག་ཉམས་ཆགས་གསོ་བའི་ཐབས་ནི། མཆོད་པ་ཅི་འབྱོར་པབ་བཤམ། བྱང་ཆུབ་ཏུ་སེམས་སྐྱེད། རང་གི་མདུན་ཏུདུ་པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་སྐུ་བཀྲག་མདངས་ཞལ་འཛུམ་བག་དང་ལྡན་པ་འོད་ལམ་མེར་བཞུགས་པར་མོས། དངོས་བཤམ་དང་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེར་སྤེལ་ཏེ་ཏིང་ངེ་འཛིན་ཁོ་ནའི་སྟོབས་ཀྱིས་སམ་ཚིགས་བཅད་གང་ཡང་རུང་བས་མཆོད། དད་གུས་དྲག་ཏུ་བསྒོམ་ལ་གསོལ་བ་དྲག་པོར་བཏབ། མདོར་བསྡུས་སྤྱི་ཙམ་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྡལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་གྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནས་བདག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་བ་དང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་སྩོལ་བར་མཛད་དུ་གསོལ། ཞེས་དང་། སྤྱི་
༢༥༦ བཤགས་བླ་མ་རྡོར་འཛིན་མ་ལྟ་བུའམ། ཁྱད་པར་རང་གི་རྩ་བའི་བླ་མ་ལ་མ་གུས་པ་ལ་སོགས་པའི་དམ་ཚིག་ཉམས་ཆགས་ཡིད་ལ་དྲན་པ་དེ་དང་མིང་ནས་སྨོས་ལ་བཤགས། དེ་ནས་བླ་མའི་སྨིན་མཚམས་སུ་མཁའ་སྤྱོད་མ་དཀར་མོ། །དེའི་གསང་གནས་ནས་འོད་ཟེར་དཀར་པོ་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག །སྐུ་མཉེས་པའི་མཆོད་པ་ཕུལ་བས་དེ་དག་གི་སྨིན་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་པོ་བྱུང་། བླ་མའི་སྤྱི་བོར་ཞུགས་པས་སྐུ་ལ་ཟག་མེད་ཀྱི་བདེ་བ་སྐྱེས། སླར་མཁའ་སྤྱོད་མའི་གསང་བ་ནས་འོད་ཟེར་དཀར་ནར་གྱིས་བྱུང་། རང་གི་སྨིན་མཚམས་སུ་ཞུགས། བླ་མའི་སྐུ་ལ་དམ་ཚིག་ཆགས་ཉམས་སུ་གྱུར་པ་ལ་སོགས་པའི་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་གྱུར། ༀ་གསུམ་མ་བརྒྱ་རྩ་བརྒྱད་བཟླ། མཐར་མཁའ་སྤྱོད་མ་རྒྱངས་ཀྱིས་བྱོན་ནས་རང་གི་སྨིན་ཕྲག་ཏུ་ཐིམ་པར་མོས། དེས་འགྲེས་ཏེ། བླ་མའི་མགྲིན་པར་མཁའ་སྤྱོད་མ་དམར་མོ། །འོད་ཟེར་དམར་པོ། །གསུང་མཉེས། མགྲིན་པ་ནས་བདུད་རྩི་དམར་པོ། །བླ་མའི་མགྲིན་པར་ཞུགས། འོད་ཟེར་དམར་པོ་རང་གི་མགྲིན་པར། གསུང་ལ་དམ་ཚིག་ཆགས་ཉམས། ༀ་གསུམ་མ་བརྒྱ་རྩ། མཁའ་སྤྱོད་མ་མགྲིན་པར་ཐིམ། དེ་བཞིན་ཏུ། བླ་མའི་ཐུགས་ཀར་མཁའ་སྤྱོད་མ་སྔོན་མོ་དང་འོད་ཟེར་སྔོན་པོ་་ༀ་གསུམ་མམ་བརྒྱ་རྩ། མཐར་རང་གི་སྙིང་གར་ཐིམ། ལྷ་སྐུ་ཕྱག་རྒྱ་ཆེན་པོའ་དང་དུ་སིང་གིས་བཞག་ལ་ཡུན་རིང་དུ་བསྐྱང་། མཐར་དགེ་བ་བྱང་ཆུབ་ཏུ་བསྔོ། །བསྙེན་པ་ཚད་ལྡན་གྲུབ་པའི་རྣལ་འབྱོར་པས་མཁའ་སྤྱོད་ཀྱི་རིལ་བུ་བསྒྲུབ་པ་སོགས་རྩ་བའི་གཞུང་ལས་རྟོགས་པར་བྱའོ། །ཡན་ལག་གི་རྣལ་འབྱོར་མྱུར་ལ་མ་འཕོ་བའི་གདམས་པ་རིང་བརྒྱུད་ཐུན་མོང་བ་ནི་ཡིག་རྙིང་ལྟར་ལ། འདིར་ཉེ་བརྒྱུད་ཐུན་མོངས་མ་ཡིན་པ་ལྟར་ན། གོང་གི་བསྒོམ་བཟླས་གསོལ་འདེབས་བཅས་གྲུབ་མཐག་པར་རམ། འདི་ཉིད་སྒེར་དུ་བྱེད་ན་སྐྱབས་སེམས་སྔོན་དུ་འཕྲོ་བས། རང་ཐ་མལ་དུ་གནས་པའི་ལུས་གྱི་ནང་དུ་རྩ་དབུ་མ་མདའ་སྨྱུག་ལྟར་དྲང་
༢༥༧ བ། ཁ་དོག་དཀར་པོ་དྭངས་གསལ་འོད་ཀྱི་རང་བཞིན་ཅན། མར་སྣེ་གསང་གནས་དང་ཡར་སྣེ་ཚངས་བུག་ཏུ་ཟུག་པའི་སྤྱི་བོར་མཁའ་སྤྱོད་དཀར་མོ་གཞོན་ཤ་ཅན་ཡིད་དུ་འོང་ཞིང་བདེ་བ་ཆེན་པོ་ལྷག་པར་རྒྱས་པ། ཆ་ལུགས་སྤྱི་དང་མཚུངས་པ་ཞིག་གི་ཆུ་སྐྱེས་དང་དབུ་མའི་ཡར་སྣེ་འཕྲད་པ་ཤིན་ཏུ་གསལ་བར་བལྟས་ལ། དེ་ནས་རང་གི་སྨིན་མཚམས་ཡན་གྱི་ཐོད་པ་འོད་དུ་ཞུ་ཕྱག་གི་བྷཉྫ་དང་འདྲེས། རང་ལུས་ལྟེ་བ་ཡན་གྱི་གདོས་བཅས་ཤ་ཁྲག་རྣམས་ཐོད་པའི་ནང་དུ་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་གསོལ་བས་མཉེས། ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་རང་གི་རླུང་སེམས་གཅིག་འདུས་ཀྱི་ངོ་བོ་ཨ་དཀར་པོ་འོད་འབར་བ་ཡར་ལ་ཁང་པ། རྡོ་རྗེའི་རྩེ་མོར་ཧཱུྃ་སྔོན་པོ་མགོ་གྱེན་བསྟན་ཞིག་གསལ་གདབ། གསོལ་བ་དྲག་ཏུ་གདབ། འཇམ་རླུང་ཅུང་ཟད་བཟུང་། ཡིད་ཀྱིས་ༀ་གསུམ་མ་བཟླ། རྒྱུ་ཞབས་འུབས་ཀྱིས་འཐེན་ལ་རླུང་ཕྱིར་བསལ་བའི་ཚེ་ཏི་ཀྲ་དང་པོ་བརྗོད། དམིགས་པ་ཧཱུྃ་གི་རླུང་ཤུགས་ཀྱིས་ལྟེ་བའི་ཨ་དེང་གིས་འབུལ། དབུ་མའི་ནང་ནས་སྐར་མདའ་ཆད་པ་ལྟར་རྒྱངས་ཀྱིས་སོང་། རྗེ་བཙུན་མའི་གསང་བ་ནས་ཞུགས། ཐུགས་ཀར་སླེབ། རང་སེམས་དང་རྡོ་རྗེ་རྣལ་འབྱོར་མ་དང་སྟོང་ཉིད་གསུམ་དབྱེར་མེད་དུ་བསྲེས་ལ་མཉམ་པར་འཇོག །ཡང་ཨ་དང་ཧཱུྃ་གསལ་གདབ་པ་སོགས་དམིགས་པ་དེ་ཉིད་ལན་བདུན་ཙམ་བསྐྱར། དེ་ནས་རང་སེམས་དང་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དབྱེར་མེད་པ་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ་གསང་བའི་སྒོ་ནས་བྱོན། རང་གི་སྤྱི་བོ་ནས་ཞུགས། འཁོར་ལོ་བཞི་གང་། དབང་བཞི་ཐོབ། །མཐར་ལུས་ཐམས་ཅད་བྱང་སེམས་ཀྱིས་གང་བས་ཉམས་བདེ་བས་ཁྱབ་པ་ལ་མཉམ་པར་བཞག །དེ་ཐུན་ཆུང་གཅིག་ཡིན། སླར་རྩ་དབུ་མ་གསལ་འདེབས་པ་ནས་བསྐྱར་ཏེ་ཐུན་རེ་ལ་དེ་འདྲ་ཚར་གྲངས་གང་འགྲོ་བསྐྱར་ཏེ་སྦྱང་། །འཕྲོ་འཇོག་པ་ན་རྗེ་བཙུན་མའང་འོད་དུ་ཞུ། སྤྱི་བོ་ནས་རང་ལ་ཐིམ། ཚངས་བུག་གསེར་གྱི་རྡོ་རྗེ་རྒྱ་གྲམ་ཧཾ་ཡིག་དང་བཅས་པས་བཀག་པར་མོས། དམིགས་པ་བསྡུ་ན་གསོལ་འདེབས་ཀྱི་རྗེས་སུ་ཧི་ཀ་ཞེས་ལྟེ་བའི་དབུ་མ་ནས་ཨ་ཡིག་འབར། རྗེ་བཙུན་མའི་གསང་བར་ཞུགས། ཐུགས་ཀར་སླེབ། མཁའ་སྤྱོད་དུ་འཕུར། སླར་བྱོན། ཨ་
༢༥༨ ཡིག་ཀ་ཞེས་སླར་ལྟེ་བའི་དབུ་མར་བབ། དེ་ལྟར་ལན་གྲངས་བསྐྱར། མཐར་ཨ་བདུད་རྩིའི་རྣམ་པར་ཞུ། རང་ལུས་སྔར་བཞིན་གསལ་བའི་སྤྱི་བོ་ནས་ཞུགས། ལྟེ་བར་ཨ་བརྗིད་དང་ལྡན་པའི་ངོ་བོར་གྱུར། ཚངས་བུག་བཀག །མཁའ་སྤྱོད་མ་གཤེགས་པའང་ལུགས་གཅིག་སྟེ། དེ་ལྟར་རྟགས་མ་ཐོན་བར་དུ་སྦྱང་། རང་ཉིད་འཆི་ཁར་ལས་ལ་སྦྱར་བའམ། ཤི་བའི་འཕོ་བ་གཞན་ལ་འདེབས་ན་རྣམ་ཤེས་ཕྱིར་མི་འབེབས་པར་རྟགས་མ་ཐོན་པར་བསྐྱར་ནས་སྦར། མཐར་རྗེ་བཙུན་མའང་མཁའ་དབྱིངས་ཇེ་མཐོར་གཤེགས་པར་མོས་ལ་སྤྲོས་བྲལ་གྱི་རང་ངོ་བསྐྱང་བར་བྱའོ། །རྗེ་བཙུན་མ་འདི་ལ་ཡི་དམ་མ་ཆགས་པར་བྱས་ཤིང་ཡར་མར་གྱི་ཚེས་བཅུའི་མཆོད་པ་དང་གསོལ་འདེབས་ལ་འབུངས་ན་མཁའ་སྤྱོད་དུ་འགྲོ་བ་ལ་ཐེ་ཚོམ་མེད་ཅེས་གསུངས་སོ། །ཡང་མཁའ་སྤྱོད་མ་དམར་མོའ་རྣལ་འབྱོར་ཉམས་སུ་ལེན་པར་སྤྲོ་ན། བསྐྱེད་བཟླས་ཀྱི་རིམ་པ་ལ་ཐོག་མར་སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། །ༀ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་རང་ཉིད་བདེ་མཆོག་ལྷན་སྐྱེས་འོད་ལྔ་འཕྲོ་བར་གསལ་བའི་མདུན་ཏུདུ་ཆོས་འབྱུང་གཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ། བདེ་སྟོང་དུ་འཆར་ཞིང་རྒྱུ་བའི་དབུས་སུ་པདྨ་ཉི་མ་མི་རོའ་གདན། དེ་ཡི་སྟེང་དུ་བཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་ལི་ཁྲིའི་མདངས་ཅན། དམར་ཞིང་བཀྲ་བའི་སྤྱན་གསུམ་གཡོ་བ། མཆེ་བའི་མྱུ་གུ་གཙིགས་ཅིང་ཁྲོ་གཉེར་ཡིད་ཙམ་བསྡུས་པ་གཏུམས་པའི་ཉམས་ཅན། གཞོན་ནུ་མ་ལང་ཚོལ་བབས་པ་རྐེད་སྐབས་ཕྲ་ཞིང་བརླ་དང་སྐྱེ་གནས་ནུ་འབུར་མཐོ་ལ་རྒྱས་པ། གཅེར་བུ་དབུ་སྐྲ་སིལ་བུར་གྲོལ་བས་སྐུ་སྟོད་ཁེབས་ཤིང་མཛེས་སྡུག་ཡིད་དུ་འོང་བ། ཕྱག་གཡས་རྡོ་རྗེ་མཐུར་དུ་བསྣུན་ཅིང་གཡོན་ཐོད་ཁྲག་སྟེང་དུ་བཟུང་བ་ལ་ཞལ་རས་ཕྱོགས་པས་བདེ་བའི་རྒྱུན་གསོལ་བ། གྲུ་མོ་གཡོན་པར་ཐབས་ཀྱི་རང་བཞིན་ཁ་ཊྲཱཾ་ག་དཀར་པོ་འཆང་བ། ཐོད་སྐམ་ལྡའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། ཞབས་གཡས་པ་རྒྱངས་པས་མི་རོའ་སྙིང་གར་བརྫིས་ཤིང་གཡོན་ཕྲག་བར་བགལ་
༢༥༩ བ། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པར་གྱུར། སྤྲོ་ན། ༀ་བཛྲ་པུཥྤེ་སོགས་ཀྱིས་མཆོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཀྱིས་བསྟོད། མཆོད་བསྟོད་མ་བྱས་ཀྱང་ཆོག །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། རང་གི་ལྟེ་བའི་ཨ་ཐུང་གི་འོད་ཟེར་ཆོས་འབྱུང་ལ་ཕོག །བག་ཆགས་ཐམས་ཅད་སྦྱངས། རྗེ་བཙུན་མའི་གསང་བའི་ཆུ་སྐྱེས་ལས་འོད་ཟེར་འཕྲོས། རང་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་གྱུར། ཞེས་མོས་ལ་ༀ་གསུམ་མ་བཟླ། ཐུན་འཇོག་པའི་ཚེ་མཆོད་བསྟོད་གསོལ་འདེབས་དང་། མདུན་བསྐྱེད་ཀྱི་རྣལ་འབྱོར་མ་འོད་དུ་ཞུ་ནས་རང་ལ་ཐིམ་པ། དགེ་བསྔོ། ཐུན་མཚམས་རྣལ་འབྱོར་སོགས་མཁའ་སྤྱོད་དཀར་མོའ་སྐབས་བཞིན་བྱ། འདིའི་རྫོགས་རིམ་ཐུན་མོང་མ་ཡིན་པ་ནི། རང་རྡོ་རྗེ་རྣལ་འབྱོར་མའི་སྟོང་ར་ལེགས་པར་གསལ་བའི་ལྟེ་བར་པདྨ་དམར་པོ་འདབ་མ་བརྒྱད་པ་འོད་ཟེར་སྣ་ལྔ་འཕྲོ་བའི་ཟེའུ་འབྲུལ་མར་མེ་སོར་བཞི་པ་གསལ་གདབ། ལུས་གནད་རླུང་བུམ་ཅན་སྦྱོར་བ་བཞི་ལྡན་སྤྱི་མཐུན་ལ་ལྟ་སྟངས་སྣ་རྩེར་དབབ། རླུང་གཏོང་ཁར་མིད་པའི་སྦྱོར་བ་བྱེད་ལ་གཏུམ་མོའ་བདེ་དྲོད་སྦར། དེ་སྒྱུ་མའི་ཉམས་དང་བསྲེས་པས་སྒྱུ་ལུས་རང་ཤར་འབྱུང་། དེ་མགྲིན་པར་བཞག་པས་རྨི་ལམ། སྙིང་ཁར་འོད་གསལ། གསང་གནས་སུ་བཞག་ནས་ཐུར་སེལ་དབང་དུ་བྱེད། དབང་དུ་གྱུར་ན་ལས་རྒྱ་དང་ཡེ་རྒྱའི་གཏུམ་མོ་བསྒོམ། དེ་ནས་དཀར་མོའ་སྐབས་སུ་བསྟན་པ་ལྟར་རྗེས་གཞིག་གི་འོད་གསལ་བསྒོམས་པས་བདེ་སྟོང་ཟུང་འཇུག་མཐར་ཐུག་གི་འོད་གསལ་འགྲུབ་པར་གསུངས་ཏེ་རཱ་ཧུ་ལ་དང་ཨ་ཏི་ཤའི་དགོངས་པའོ། །འདིའི་འཕོ་བ་བསྒོམ་ན། མངལ་གྱི་རང་བཞིན་ཆོས་འབྱུང་སྔོན་པོའ་ནང་དུ་རང་སེམས་ཧཱུྃ་མཐིང་ཁ་ལས་འོད་ཟེར་འཕྲོས། མངལ་གྱི་སྒྲིབ་པ་དང་སྐྱེ་གནས་ཀྱི་བག་ཆགས་སྦྱངས། ཧཱུྃ་ཡོངས་སུ་གྱུར་པ་ལས་རང་ཉིད་བདེ་མཆོག་དཔའ་བོ་གཅིག་པ་སྣང་ལ་རང་བཞིན་མེད་པ་འོད་ཟེར་ལྔ་འཕྲོ་བར་བསྒོམ། གོང་གི་བསྐྱེད་བཟླས་དང་སྤྲེལ་ན་མཆོད་བསྟོད་གསོལ་འདེབས་གྲུབ་པ་དང་མདུན་གྱི་རྗེ་བཙུན་མ་རང་གི་སྤྱི་བོར་བྱོན་པར་མོས། སྒེར་དུ་བྱེད་ན་སེམས་བསྐྱེད་
༢༦༠ སྔོན་ཏུདུ་འགྲོ་བས་རང་བདེ་མཆོག་གི་སྤྱི་བོར་རྗེ་བཙུན་མ་སྐད་ཅིག་གིས་གསལ། སྔར་ལྟར་རང་གི་དཔུང་པ་གཉིས་ཀྱི་སྟེང་དུ་ཞབས་བཞག །གསང་གནས་པདྨ་དམར་པོ་ཁ་བྱེ་བ་ལྟ་བུ་ཚངས་བུག་ཏུ་སྤྲད། རང་གི་ལྟེ་བར་རླུང་སེམས་ཀྱི་ངོ་བོ་ཨ་དཀར་པོ་འཕུར་ལ་ཁད་པ་ནང་རླུང་གིས་ཡམ་ཡམ་བསྐྱོད་བཞིན་པ་དེས་གྱེན་ཏུ་བལྟས་པས་ཚངས་བུག་སྐྱ་ཧ་རེ་བ་དེ་ནས་རྡོ་རྗེ་རྣལ་འབྱོར་མའི་གསང་གནས་མཐོང་བས་དེར་འགྲོ་བའི་འདུན་པ་དྲག་པོ་དང་བཅས་གསོལ་བ་ལན་གསུམ་བཏབ་པས། ཐུགས་ཀ་ནས་བ་ཐག་ལྟ་བུའི་འོད་ཟེར་དཀར་པོ་ནར་གྱིས་བྱུང་། ལྟེ་བའི་ཨ་ལ་རེག་པས་ཁབ་ལེན་དང་ལྕགས་འཕྲད་པ་ལྟར་ཐག་གིས་འཐེན་ཏེ་ཚངས་བུ་ག་ནས་ཐོན། བྷ་གར་ཞུགས། ཐུགས་ཀར་སླེབ་པ་དང་ཏོག་སྒྲ་དང་བཅས་རྣལ་འབྱོར་མ་ནམ་མཁའ་ལ་ཡེར་གྱིས་བྱོན། ཇེ་མཐོར་སོང་ནས་མཁའ་སྤྱོད་དུ་ཕེབ་པ་དང་འཇའ་ལྟར་ཡལ་བར་བསམ་ལ་རིག་པ་བློ་བྲལ་དུ་འཇོག །ཡང་ནམ་མཁའ་ལས་སྤྲིན་བརྡོལ་བ་ལྟར་རྣལ་འབྱོར་མ་ལམ་གྱིས་བྱོན་ཏེ་སྔར་བཞིན་རང་བདེ་མཆོག་ཏུ་གསལ་བའི་དཔུང་པ་གཉིས་ལ་ཞབས་བཞག་སྟེ་བཞུགས་པའི་ཐུགས་ཀ་ནས་རང་སེམས་ཨ་ཡིག་ཆད་དེ་ལྟེ་བར་སླེབ་པ་དེས་གྱེན་ཏུ་ལྟ་བ་སོགས་བསྐྱར། འདིའི་སྐབས་སུ་འཇམ་རླུང་བཟུང་བ་གནད་དུ་ཆེ་ཞིང་སྤྱི་ལྟར་ཧི་ཀྲ་ངག་གམ་ཡིད་ཀྱིས་བགྲང་ཡང་ཆོག་གོ །ཐུན་མཐར་ཨ་ལྟེ་བར་ཕབ་བའི་རྗེས་སུ་རྡོ་རྗེ་རྣལ་འབྱོར་མ་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཐིམ་པ་ཙམ་མམ། དེའི་པདྨ་ནས་བྱང་སེམས་དཀར་དམར་བདེ་ཁྲི་ལི་ལི་བབས། རང་ལུས་འཁོར་ལོ་བཞི་གང་། དབང་བཞི་ཐོབ། ཟག་པ་མེད་པའི་བདེ་པས་ཁྱབ། རྗེ་བཙུན་མ་སྤྱི་བོ་ནས་ལྟེ་བར་བྱོན། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྐྱེས་པར་མོས་ལ་མཉམ་པར་བཞག །མཐར་ཚངས་བུག་སྲ་མཁྲེགས་རྡོ་རྗེའི་རང་བཞིན་ཏུ་མོས། ལས་སྦྱོར་ནི་དཀར་མོ་དང་འདྲའོ། ༈ །མཁའ་སྤྱོད་དཀར་དམར་གཉིས་ཀ་ལ་ཐུན་མཚམས་སུ་གཏོར་མ་འབུལ་བར་སྤྲོ་ན། བཟའ་བཏུང་སྣ་ཚོགས་ཀྱི་གཏོར་མ་ལག་མཐིལ་གཡོན་པར་བཞག །གཡས་པའི་མཐེབ་སྲིན་གྱིས་བཟུང་ལ་བསང་སྦྱང་། སྟོང་བའི་ངང་ལས་ཨ་དཀར་པོ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ་བྷྲཱུཾ་ༀ་ཛྲིཾ་ཁཾ་རྣམས་
༢༦༡ ཀྱིས་མཚན་པའི་ཤ་ལྡལྔ་དང་བདུད་རྩི་ལྔས་ཡོངས་སུ་གང་བར་གྱུར། །ༀ་ཨཱཿཧཱུྃ། ལན་གསུམ། དམ་ཚིག་གི་བདུད་རྩིར་གྱུར། ༀ་ཨཱ༔ཧཱུྃ། ལན་གསུམ། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། མདུན་གྱི་ནམ་མཁར་རྗེ་བཙུན་མཁའ་སྤྱོད་མ་ལ་འཁོར་ཡེ་ཤེས་ཀྱི་ཌཱ་ཀི་མ་དཔག་ཏུ་མེད་པས་བསྐོར་ནས་བྱོན་པར་གྱུར། ཕེཾ། རྗེ་བཙུན་མ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བས་ཟག་པ་མེད་པའི་བདེ་བས་དགྱེས་པར་གྱུར། ༀ་གསུམ་མ་ལ་འབྲུ་གསུམ་བཏགས་པ་ལན་གསུམ་གྱིས་ཕུལ། ཨཱརྒྷཾ་སོགས་ཀྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཕྲིན་བཅོལ་སྤྱི་ལྟར་བྱ། ཡིག་བརྒྱ་དང་བཟོད་གསོལ་བྱས་ནས། རྗེ་བཙུན་མ་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། སྤྲོ་ན་ཕྲིན་བཅོལ་གྱི་རྗེས་སུ་ཆོས་སྐྱོང་སྤྱི་གཏོར་ཡང་བྱ། གཏོར་མ་གཙང་སར་གཤེགས། ༈ །ཚེས་བཅུའི་མཆོད་པ་སོགས་ཀྱི་སྔོན་ཏུདུ་ལག་མཆོད་སྤྲོ་ན། ནང་མཆོད་གཏོར་མ་ལྟར་བྱིན་བརླབ། ལག་པ་གཡོན་པའི་མཐིལ་དུ་པདྨ་འདབ་མ་ལྔ་པར་གསལ། ནང་མཆོད་ཐིག་ལེ་དབུས་དང་འདབ་མ་རྣམས་ལ་གཡོན་བསྐོར་དུ་བཀོད་དེ། ༀ་བཾ། ཧཾ་ཡཾ། ཧྲིཾ་མཾ་ཧྲིཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཡིག་འབྲུ་དེ་རྣམས་ཡོངས་སུ་གྱུར་བ་ལས་གོ་ཆའི་དཔའ་མོ་དྲུག་གི་སྐུར་གྱུར། ༀ་བཛྲ་པུཥྤེ་སོགས་དང་། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ལག་པའི་འབྱུང་བ་ལྔ་རིགས་ལྔའི་རང་བཞིན་ཏུདུ་བྱིན་གྱིས་བརླབས། ལྷ་རྣམས་འོད་དུ་ཞུ་ནས་ལག་པར་ཐིམ། མཆོད་པ་བྱིན་རླབས་སྤྱི་ལྟར་རམ། ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་པ་ཙམ་གྱིས་ཡིད་ཀྱིས་བྱིན་བརླབ། ལག་པ་གཡོན་པའི་མཁྲིགས་མར་ཆོས་འབྱུང་སོགས་ལྷ་བསྐྱེད། ༀ་བཛྲ་ཡོ་གཱི་ནཱི་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ། བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཀྱིས་ཕྱི་མཆོད་དང་། འབྲུ་གསུམ་གྱིས་ནང་མཆོད་ཕུལ། འོག་ནས་འབྱུང་བ་ལྟར་རྐང་བརྒྱད་ཀྱིས་བསྟོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་ཁྱད་
༢༦༢ པར་དུ་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཡིག་བརྒྱ་དང་བཟོད་གསོལ་བྱས་ལ། དཔྲལ་མཚམས་འཁྱུད་རྒྱ་བཅིངས་ཏེ། ༀ་ཡོ་ག་ཤུདྡྷཿསརྦ་དྷ་རྨ་ཡོ་ག་ཤུདྡྷོ྅ཧཾ། ལྷ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། ༈ །ལུགས་འདིའི་ཐུན་མོངས་མ་ཡིན་པའི་ཆང་མཆོད་དམ་ཕྱག་མཆོད་དམ་གྲིབ་ཀུན་སེལ་ནི། ཀ་པཱ་ལ་མཚན་ལྡན་ཆང་གིས་བཀང་། རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ༀ་བརྗོད་བཞིན་ཏུདུ་སྲིན་ལག་གཡོན་པས་དཀར་མོ་ལ་ཆོས་འབྱུང་རྐྱང་པ། དམར་མོ་ལ་ཉིས་རིམ་གཡོན་ཏུདུ་འབྲི་ཚུལ་བྱ། ཐོད་པ་ཆོས་འབྱུང་གི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་ཆང་ཐམས་ཅད་སྔགས་ཀྱི་ཡིག་འབྲུར་དཀར་ཧྲམ་མེ་གསལ་བའི་སྟེང་དུ་ཧྲཱི་ཡིག་དཀར་པོ་སོགས་དང་། དམར་མོ་ལ། བཾ་ཡིག་དམར་པོ་སོགས་བསྐྱེད་ཆོག་མཆོད་བསྟོད་ཀྱི་བར་དུ་བྱ། ༀ་གསུམ་མའི་སྔགས་འབྲུ་རྣམས་ལ་དོ་ཤལ་རེག་གེ་བཞུགས་པར་མོས་ལ་རེག་ཏུ་བཏུབས་པ་ལྟ་བུར་གསལ་གདབ། སྐུ་ལུས་དཀར་མོས་དམར་སྒྱུར། དང་སྔགས་འབྲུ་ལས་འོད་ཟེར་བདུད་རྩིའི་རང་བཞིན་བྱོན། ཁྱད་པར་བྷ་ག་ནས་རང་བྱུང་བྱང་སེམས་དེ་ཁྲི་ལི་བབས་པས་ཐོད་པ་ཁེངས་པར་བསམ་ལ་བཟླས་པ་ཅི་ནུས་བྱ། མཐར། ལྷ་དང་སྔགས་བདུད་རྩིའི་རང་བཞིན་ཏུདུ་ཞུ་ནས་ཐོད་པ་ཁེངས་པར་གྱུར། ༀ་གསུམ་མ་སོ་སོར་བརྗོད་ལ་འདོན་བསྒོམ་དང་མཐུན་པའི་ཐིགས་གཏོར་བྱ་བཞིན་ཏུདུ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཉེས་ནས་སྐུ་གསུང་ཐུགས་ཟག་པ་མེད་པའི་བདེ་བས་དགྱེས་པར་གྱུར། རང་གི་གནས་གསུམ་དུ་རྗེ་བཙུན་མ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་སིབ་སིབ་ཐིམ་པས་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ལ་སོགས་པ་སང་སང་དག་པར་གྱུར། གནས་ཁང་རྗེ་བཙུན་མས་མེར་གྱིས་ཁེངས་ནས་སྔགས་ཀྱི་རང་སྒྲ་དི་རི་རི་སྒྲོག་པར་གྱུར། རང་ཉིད་ལྷ་སྐུ་སྒྱུ་མ་ལྟ་བུར་ལྷག་པར་གསལ་བས་རོལ་པས། སྐུ་གསུང་ཐུགས་ཀྱི་དམ་
༢༦༣ ཚིག་ཆགས་ཉམས་དང་ལས་ངན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པར་མོས། །དེ་ལྟར་ཉམས་སུ་བླངས་པས་ཡི་དམ་གྱི་ཞལ་མྱུར་དུཏུ་མཐོང་ཞིང་ལྷན་ཅིག་སྐྱེས་པའི་རྟོགས་པ་སྐྱེ་བར་འགྱུར་གསུངས་སོ། །ཆད་མཆོད་དེ་ཉིད་ཚོགས་གཏོར་སོགས་ལ་འཐོར་ཞིང་རང་ལ་ཁྲུས་ཀྱང་བྱ། དམ་མེད་ཀྱིས་མ་མཐོང་བར་གསང་བ་གལ་ཆེ། གཞན་གྱི་གྲིབ་སེལ་བྱ་ཚུལ་ནི་འགྲོ་མགོན་སྟོན་པའི་གསུང་ལས་ཤེས་སོ། ༈ །ཡར་མར་གྱི་ཚེས་བཅུའི་མཆོད་པ་མདོར་བསྡུས་པ་ནི། སྟེགས་བུ་གཙང་མ་བའི་རྣམ་ལྔས་བྱུགས་པའི་སྟེང་དུ། དཀར་མོ་ལ་དཀྱིལ་འཁོར་ཆོས་འབྱུང་དཀར་པོ་མེ་རི་དཀར་པོས་བསྐོར་བའི་དབུས་སུ་ཐིག་ལེའམ་ཚོམ་བུ་དཀར་པོ་གཅིག་བཀོད། དེ་སྟེང་ཁིའུར་མེ་ལོང་ལ་སུམྦྷ་ནི་བརྗོད་བཞིན་ཏུདུ་ཆང་གིས་བྱུགས་ཤིང་སིནྡྷཱུ་ར་བརྡལ་བར་གསེར་གྱི་སྨྱུ་གུ་ལག་གཡོན་པར་ཐོགས་ཏེ་སྙིང་པོ་བཟླ་བཞིན་པས་རྡོ་རྗེ་ཆོས་འབྱུང་གི་དབུས་སུ་ༀ་གསུམ་མ་ཕྲེང་དུ་བྲིས་ཏེ་བཀོད། དམར་མོ་ལ་གཞན་ངོ་དང་འདྲ་བ་ལས་དཀྱིལ་འཁོར་ཆོས་འབྱུང་དམར་པོ་གཉིས་བརྩེགས་ཀྱི་མཐར་བེ་བཱ་དཀར་པོ་ཉིས་རིམ་དུ་བསྐོར་བའི་ལྟེ་བར་རྡོ་རྗེས་མཚན་པའི་སྟེང་དུ་མེ་ཏོག་གི་ཚོམ་བུ་ལྔ་བཀོད། མེ་ལོང་ཆོས་འབྱུང་གཉིས་བརྩེགས་དབུས་སུཾ་བཾ་ལ་ༀ་གསུམ་མས་བསྐོར་བའི་མཐའ་མར་ཨཱཿཡིག་བདུན། ཟུར་དྲུག་ལ་གོ་ཆའི་སྔགས། ལོགས་དྲུག་ཏུ་དགའ་བ་འཁྱིལ་བ་དྲུག་བྲི། སྟེང་དུ་མེ་ཏོག་གི་ཚོམ་བུ་བདུན་བཀོད། གཉིས་ཀ་ལ་དཀྱིལ་འཁོར་རས་བྲིས་བྱས་ནས་རྒྱུན་ཏུདུ་འཆང་བསྟབསབ་སྟབས་བདེ་ལ། མེ་ལོང་འབྲི་སྤྱད་གསེར་སྨྱུག་སོགས་ཀྱང་མ་འབྱོར་ན་དེར་མོས་པ་ཙམ་གྱིས་འཐུས། དཀྱིལ་འཁོར་རས་བྲིས་རྡུལ་ཚོན་གང་ཡང་མི་འབྱོར་བའི་སྐབས་སུ་ནི་མཎྜལ་ལ་ལག་མཆོད་ཆང་གིས་མཚོན་བྱེད་བྲིས་ཏེ་འབྲུའི་ཚོམ་བུ་བཀོད་པས་ཆོག་གོ །གང་ལྟར་དེའི་མདུན་ཏུདུ་ཁ་ཟས་བཟང་དགུ་ལས་བྱས་པའི་གཏོར་མ། ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པ་གང་འབྱོར་གཡོན་བསྐོར་ཆོས་འབྱུང་གི་ཚུལ་དུ་བཀོད། གཡས་སུ་ཚོགས་ཀྱི་ཡོ་བྱད་ཅི་འབྱོར། གཡོན་ཏུདུ་ཆོས་སྐྱོང་དང་སྤྱི་གཏོར་གཉིས་བཤམ།
༢༦༤ རང་གི་མདུན་ཏུདུ་ནང་མཆོད་སྔོན་གཏོར་སོགས་མཁོ་བའི་ཡོ་བྱད་འདུ་བྱས་ལ། སྔོན་གཏོར་སུམྦྷ་ནིས་བསང་། སྭ་བྷ་བས་སྦྱང་། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབ། ཕེཾ། བཛྲ་ཨཱ་ར་ལླི་ཧོཿཛཿཧཱུྃ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་མགྲོན་འགུགས། ༀ་ཁ་ཁ་ཁཱ་ཧི་སོགས་ལན་གསུམ། ཨརྒྷཾ་ནས་ཤབྡའི་བར། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །གསང་སྤྱོད་དོན་དུ་གཏོར་མ་འདི། །འབུལ་གྱིས་ཡང་དགེ་བཞེས་ནས་ཀྱང་། །རྣལ་འབྱོར་བདག་ཅག་སོགས་ཕྲིན་ལས་བཅོལ། སུམྦྷ་ནིས་བགེགས་བསྐྲད། གནས་ཡོ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ། བྷྲཱུཾ་ལས་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། ༀ་ཨཱཿཧཱུྃ་ལས་བྱུང་བའི་རྡོ་རྗེའི་མཆོད་པའི་སྤྲིན་ཕུང་ཟག་མེད་ཀྱི་བདེ་བ་སྐྱེད་པར་བྱེད་པ་ཡུལ་དུས་ཆད་པ་མེད་པར་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ༀ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་་ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ནས་་ཤབྡའི་བར། ༀ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་བྱིན་བརླབ། དེ་ནས་རྒྱས་པར་སྤྲོ་ན་རྒྱུད་སྡེ་ལྔ་གཙོ་བསྡུས་སམ། བདེ་མཆོག་བདག་བསྐྱེད་བཟླས་པ་བསྡུ་ལྡང་གི་བར་དུ་བྱ། བསྡུ་ན། སྐད་ཅིག་གིས་རང་ཉིད་དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྐུར་གྱུར། ཡིག་བདུན་བརྒྱ་རྩ་ཙམ་བཟླ། གོང་སྨོས་ལག་མཆོད་དང་ཆང་མཆོད་བྱ། མདུན་གྱི་མཎྜལ་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའ་ཆོས་འབྱུང་སོགས་ནས་ལྷ་བསྐྱེད་དང་། དཀར་མོ་ལ་གནས་གསུམ་བྱིན་རླབས་བར། ཐུགས་ཀ་ནས་འོད་ཟེར་འཕྲོས། ཨོ་རྒྱན་གྱི་གནས་དང་མཁའ་སྤྱོད་རྡོ་རྗེའི་གྲོང་ཁྱེར་ཆེན་པོ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཕེཾ། ཆོས་སྐུ་སྤྲོས་བྲལ་དག་པ་ལས། །ལོངས་སྐུ་སྒྱུ་མའི་ཚུལ་སྟོན་པ། །མཁའ་འགྲོའི་ཚོགས་བཅས་རྣལ་འབྱོར་མ། །ཕྱག་རྒྱ་ཆེན་
༢༦༥ པོའ་དབྱིངས་ནས་བཞེངས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ༀ་བཛྲ་ཨཱ་ར་ལླི་ཧོཿསོགས། རྗེ་བཙུན་མཁའ་སྤྱོད་མ་ལ་ཡེ་ཤེས་ཀྱི་ཌཱ་ཀི་སྡེ་ལྔ་སོགས་རིགས་བཞིའི་མཁའ་འགྲོ་མའི་འཁོར་བྱེ་བ་རྡུལ་སྙེད་ཀྱིས་བསྐོར་བ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། བར་ན་ཡི་དམ་གྱི་ལྷ་ཚོགས། འོག་ཏུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་ཆོས་སྐྱོང་དམ་ཅན་རྒྱ་མཚོས་བསྐོར་བ་སྤྱན་དྲངས། མདུན་བསྐྱེད་དང་གཉིས་སུ་མེད་པར་བཞུགས་པར་གྱུར། ཛཿཧཱུྃ་བཾ་ཧོཿ གོང་ལྟར་མཆོད་བསྟོད་གསོལ་བ་གདབ། དམིགས་གནད་བཅས་བཟླས་པ་ཅུང་ཟད་བྱ། སླར་མཆོད་པ་ཁ་བསོས་ལ་བྱིན་བརླབ། དྭངས་ཤིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ༀ་ཤྲཱི་བཛྲ་ཡོ་གི་ནཱི་ས་པཱ་རི་བཱ་ར་ཨརྒྷཾ་པྲ་་ཧཱུྃ་སྭཱ་ཧུཾ། དེ་བཞིན་ཏུ་ཡོན་ཆབ་དང་ཨརྒྷཾ་གྱི་གནས་སུ། ཞབས་བསིལ་དང་མ་སྦྱར། མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་རྣམས། །བདག་གིས་དད་པས་ཁྱེད་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། སྔགས་གོང་ལྟར་ལ། བཛྲ་༔པུཥྤེ་ནས་་ཤབྡ་ཨཱཿཧཱུྃ། སྤྲོ་ན། ཡང་དག་དགའ་བའི་མེ་ཏོག་སོགས་ཚང་བར་བརྗོད། སྲབ་འཇམ་ཡང་བ་སོགས་ཀྱིས་གོས་ཟུང་འབུལ། རང་གི་སྙིང་ག་ནས་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿརྣམས་སྤྲོས་པ་ལས་མཆོད་པའི་ལྷ་མོ་བཅུ་དྲུག་ནམ་མཁའ་གང་བར་གྱུར། ༀ་བཱི་ཎི་བཛྲི་ཎཱི་ཧུཾ་ཧཱུྃ་ཕཊ། དེ་བཞིན་ཏུདུ། བཾ་ཤེ །མྲྀ་དཾ་གེ །མུ་ར་ཛེ། ཧཱ་སྱ། ལཱ་སྱ། གཱི་ཏཱི། ནྲྀ་ཏཱི། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། རཱུ་པ། ར་ས། སྤེ། དྷརྨ་དྷཱ་ཏུ་བ་ཛི་ཎཱི། ཞེས་སྦྱར་བས་རིག་མ་བཅུ་དྲུག་གིས་མཆོད། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་རྗེ་བཙུན་མ་ལ་བདག་འབུལ་ན། །བཞེས་ནས་བླ་
༢༦༦ མེད་གྲུབ་མཆོག་སྩལ་དུབསྩལ་ཏུ་གསོལ། །སྔགས་མཐར། རཱུ་པ་ཤབྡ་གནྡྷེ་ར་ས་སྤེ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱི་འབུལ། སཔྟ་མ་ཧཱ་རཏྣ། ནང་མཆོད་བྱིན་བརླབས་ལ་ཐིགས་གཏོར་འབུལ་ཞིང་། ༀ་གསུམ་མ་ལ་འབྲུ་གསུམ་བཏགས་པ་དང་། །རྒྱལ་བ་ཀུན་ཡུམ་རྗེ་བཙུན་མཁའ་སྤྱོད་མ། །རིགས་ལྔ་མཁའ་འགྲོའི་ཞལ་དུ་ༀ་ཨཱཿཧཱུྃ། །རྡོ་རྗེ་འཆང་སོགས་ནམ་མཁའི་དབྱིངས་གང་བའི། །རྩ་བརྒྱུད་བླ་མའི་ཞལ་དུ་ༀ་ཨཱཿཧཱུྃ། །འཁོར་ལོ་སྡོམ་པ་ལ་སོགས་ཡི་དམ་ལྷ། །བར་སྣང་ཁྱབ་པའི་ཞལ་དུ་ༀ་ཨཱཿཧཱུྃ། །མ་མགོན་ལྕམ་དྲལ་དམ་ཅན་ཆོས་སྐྱོང་བ། །ས་གཞི་ཁྱབ་པའི་ཞལ་དུ་ༀ་ཨཱཿཧཱུྃ། །སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་སེམས་ཅན་ཀུན། །རྣལ་འབྱོར་མར་གསལ་ཞལ་དུ་ༀ་ཨཱཿཧཱུྃ། །འབྲུ་གསུམ་གྱིས་བདུད་རྩི་མྱང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་བ་་ཀོ྅ཧཾ། །འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་པའི་དོན་ལ་མཉམ་བར་བཞག་པ་རྣམས་ཀྱིས་མཆོད། མཆོད་ཕྲེང་རྒྱས་པར་སྤྲོ་ན་རིགས་མཐུན་གཞན་ནས་བླང་བར་བྱས། །དེ་ནས་བསྟོད་པ་རྐང་བརྒྱད་ནི། རོལ་མོ་དང་ཅང་ཏེའུའི་སྒྲར་སྦྱར་བས། །ༀ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །གཞན་གྱིས་མི་ཐུབ་འཇིག་རྟེན་གསུམ་ཡུམ་རིག་མ་སྟེ། །དབང་ཕྱུག་འབྱུང་པོའ་འཇིགས་པ་ཀུན་སེལ་རྡོ་རྗེ་ཆེ། །རྡོ་རྗེའི་གདན་མ་མི་ཕམ་དབང་མཛད་གཞན་མི་རྒྱལ། །སྤྱན་འཕྲུལ་དུག་སྐེམ་དྲག་མོ་ཁྲོ་མོ་མཆེ་གཙིགས་མ། །སྐྲག་བྱེད་གསོད་བྱེད་འཇོམས་བྱེད་རྣམ་རྒྱལ་གཞན་ལས་རྒྱལ། །རྨུགས་བྱེད་རྨོངས་བྱེད་རེངས་བྱེད་རྡོ་རྗེ་ཕག་མོ་ནི། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་མོ་མཁའ་འགྲོར་འདུད། །ཧཱུྃ་ཧཱུྃ་ཕཊ། ཞེས་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ།
༢༦༧ སོགས་ཤློ་ཀ་གཅིག །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིངསའཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། ལྟེ་བའི་དབུས་གནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །ཞེས་པ་ཙམ་མམ། ནུས་ཤིང་སྤྲོ་ན་ཇོ་བོ་རྗེས་མཛད་པའི་མཁའ་སྤྱོད་དཀར་མོའ་བསྟོད་པ་སོགས་གཉིས། དམར་མོའ་བསྟོད་པ་གཞན་དག་ནས་འབྱུང་བ་ཅི་རིགས་པས་བསྟོད། སླར་ཡང་། རྒྱལ་བ་རྒྱ་མཚོའ་ཡུམ་གྱུར་བཅོམ་ལྡན་མ། །ཆོས་དབྱིངས་ཤེས་རབ་ཕ་རོལ་ཕྱིན་མའི་དངོས། །ཟག་མེད་བདེ་སྟོང་ལྷན་ཅིག་སྐྱེས་མའི་སྐུ། །རྡོ་རྗེ་བཙུན་མོའ་ཞབས་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་འབུལ། །ཉེས་བྱས་ཐམས་ཅད་སྙིང་ནས་སོ་སོར་བཤགས། །ཡི་རང་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་ཏུ་བཞུགས་གསོལ་དགེ་བ་བྱང་ཆུབ་བསྔོ། །ཇི་སྲིད་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བླ་མེད་ཐེག་པར་བདག་གིས་སེམས་བསྐྱེད་དོ། །དབང་བཞི་མནོས་ཤིང་དམ་ཚིག་ལམ་ལ་གནས། །བྱིན་རླབས་རྒྱུད་སྦྱངས་རིམ་པ་གཉིས་ལ་སྒོམ། །ངོ་མཚར་སྤྱོད་པ་གསུམ་གྱིས་རོལ་བ་སོགས། །མཐའ་དག་ལམ་རྣམས་བདག་གིས་བསྟེན་པར་བགྱི། །ཏིང་འཛིན་བརྟན་ཅིང་ཕྲིན་ལས་ཐོགས་མེད་འགྲུབ། །ཕོ་ཉ་གསུམ་འདུས་གྲུབ་པ་བརྒྱད་སོགས་ཐོབ། །འགྲོ་བའི་དོན་སྤྱོད་མཐུ་དང་ལྡན་པ་ཡི། །ཚེ་འདིར་ཧེ་རུ་ཀ་དཔལ་ཐོབ་པར་ཤོག་ཅེས་བསྟོད། སྐབས་འདིར་གཏོར་འབུལ་གོང་དུ་སྨོས་པ་ལྟར་བྱིན་བརླབས། རྗེ་བཙུན་མ་འཁོར་དང་བཅས་པའི་སོགས་ནས། མཆོད་བསྟོད་བྲིན་ལས་བཅོལ་བར་བྱ། དེ་ནས་ཚོགས་ཀྱི་མཆོད་པ་ནི། བདེ་མཆོག་ལྷ་ལྔའི་ཚོགས་མཆོད་ཕྲིན་ལས་ཡར་འཕེལ་ལྟར་ལ།
༢༦༨ བྱིན་རླབས་བེབསའབེབ་པའི་ཐོག་མར། ༀ་མི་གཡོ་འོག་མིན་ཉམས་དགའི་ཞིང་། །དག་པ་བདེ་སྟོང་མཁའ་སྤྱོད་ན། །ཤེས་རབ་ཕ་རོལ་ཕྱིན་མ་ལ། །རྡོ་རྗེ་རྣལ་འབྱོར་མ་ཞེས་གྲགས། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སློབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཞེས་སྦྱར། འདི་ཉིད་མདོར་བསྡུས་པའི་དབང་གིས། འདིར་རྣམས་ཆོས་རྣམས་སོགས་བརྡ་དང་བརྡའི་འབུལ་ལེན་མ་བྱས་ཀྱང་རུང་། །ལྷག་མ་བྱིན་གྱིས་བརླབ། ༀ་ཁ་ཁ་སོགས་དམན་ལྷག་ཁོ་ནས་འཐུས། རྗེས་མཆོད་པ་ཁ་གསོས་ལ་བྱིན་བརླབ། སྔགས་ཙམ་གྱིས་ཕྱི་མཆོད་དང་། སྙིང་པོའ་མཐར་འབྲུ་གསུམ་བཏགས་པའི་ནང་མཆོད་བུལ། རྐང་བརྒྱད་ཀྱིས་བསྟོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་བ་དང་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། །ཞེས་སོགས་འདོད་པའི་དོན་ལ་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་དང་། སྔགས་དམན་པ་དང་ཆོ་ག་དམན། །བྱ་བ་དམན་པ་གང་གྱུར་པ། །ཐབས་དང་མཆོག་གི་བདག་ཉིད་གཙོ། །ལྷ་མོ་དེ་དག་བཟོ་མཛད་རིགས། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སོགས་སྨོན་ལམ་བྱ་ཞིང་རྟེན་ཡོད་ན་མདུན་བསྐྱེད་ཀྱི་ཡེ་ཤེས་པ་རྣམས་བརྟན་བཞུགས་བྱ། དམ་ཚིག་པ་རང་གི་སྤྱི་བོ་ནས་ཞུ་སྟེ་ཐིམ་པ་སོགས་བདག་བསྐྱེད་ལྟར་བྱ་ཞིང་དགེ་བ་བསྔོ། །རྟེན་མེད་ན་དམ་ཡེ་གཉིས་ཀ་རང་ལ་བསྟིམ། མགྲོན་ཐབས་ཀྱི་ལྷ་རྣམས་སརྦ་གཙྪས་རང་གནས་སུ་གཤེགས། བཀྲ་ཤིས་བཀའ་རྒྱ་མའམ་ཞལ་ནས་གསུངས་པའི་ཚིག་ཕྲེང་ཅི་རིགས་བརྗོད་པས་བདེ་ལེགས་སུ་བྱའོ། །ཤངས་ཆོས་རྩ་བ་གསེར་ཆོས་ལྔའི་ཡ་གྱལ་མེ་ཏོག་མཁའ་སྤྱོད་དཀར་དམར་ཞེས་ཡོངས་སུ་གྲགས་ཀྱང་། །བྱིན་རླབས་ཀྱི་བཀའ་གསུམ་དང་ཡིག་རྙིང་ཁ་ཤས་ཞིག་གི་ལུང་རྒྱུན་འཕོ་བའི་ཁྲིད་སྲོལ་ཙམ་ལས་ཡིག་ཆ་ཕལ་
༢༦༩ ཆེར་གྱི་རྒྱུན་མ་བཞུགས་པ་དང་། སྐབས་འདིར་ནི་གྲུབ་མཆོག་གོང་མ་དག་གིས་མཛད་པའི་ཡིག་ཆ་ཅི་རིགས་བཞུགས་པར་ངེས་པའང་བཀའ་ལུང་ལྟ་ཅི་སྨོས། དཔེ་ཙམ་ཡང་སྤྱད་ཡུལ་དུ་མ་གྱུར་བས། ཟབ་ཆོས་འདི་ཉིད་ཉམས་ལེན་གྱི་རྒྱུན་ནུབ་པར་ཕོངས་ཏེ། རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་རབ་རྩ་བར་བཟུང་། ཡིག་རྙིང་གི་དགོངས་བཅུད་བསྡུས། རིགས་མཐུན་འོས་ཤིང་འཐད་པས་ཟུར་བརྒྱན་ནས་འདུས་གསལ་དུ་བཀོད་པའོ། །ཆོས་འདིར་དད་ཅིང་གཞན་ལ་ཕན་འདོད་བློས། །འོས་པར་བསམ་ཞིང་འཐད་པར་སྦྱར་རློམས་ཀྱང་། །དོན་ཟབ་གནས་ལ་བྱིས་བློ་རྣམ་པར་འཁྱམས། །དེ་བས་འགལ་འཁྲུལ་བླ་མ་ལྷ་ལ་བཤགས། །འགྲོ་ཀུན་རྡོ་རྗེ་བཙུན་མོས་རྗེས་བཟུང་སྟེ། །མཁའ་སྤྱོད་ཐར་པའི་ཕོ་བྲང་ཉམས་དགའ་བར། །ཚོགས་ཀྱི་དབང་ཕྱུག་སྙིང་རྗེའི་སྟོབས་ཅན་ཏུ། །གྱུར་ནས་མཁའ་ཁྱབ་འགྲོ་ཀུན་འདྲེན་བྱེད་ཤོག །ཅེས་པའང་ཟབ་ཆོས་འདི་ལ་མི་ཕྱེད་པའི་འདུན་པ་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་རྫོགས་པར་སྦྱར་བ་དགེ་ལེགས་འཕེལ།། །།

༄༅། །བླ་མེད་སྔགས་ཆོས་ཀྱི་སྙིང་པོའི་བཅུད་ལེན་ལམ་ཟབ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ༎ ༎

༣༡༥ ༄༅། །བླ་མེད་སྔགས་ཆོས་ཀྱི་སྙིང་པོའ་བཅུད་ལེན་ལམ་ཟབ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།། །།
༣༡༦ ༄༅། །ན་མོ་གུ་རུ་ཤྲཱི་ཀཱ་ལ་ཙཀྲ་ཡེ། མི་འགྱུར་བདེ་ཆེན་སྟོང་གཟུགས་ཕྱག་རྒྱ་ཆེ། །ཟུང་འཇུག་ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྣམ་ཀུན་མཆོག་ལྡན་རྣམ་པ་ཐམས་ཅད་མཁྱེན། །དཔལ་ལྡན་བླ་མ་དུས་ཀྱི་འཁོར་ལོར་འདུད། །བླ་མེད་སྔགས་ལམ་ཉིང་ཁུ་མཆོག །སྨིན་འཕེལ་བྱང་ཆུབ་ཆེན་པོའ་བར། །རིམ་པ་ལམ་ཟབ་ཅེས་བྱ་བ། །བླ་མའི་མན་ངག་བཞིན་བཤད་བྱ། རྣལ་འབྱོར་པབ་བདེ་བའི་གདན་ལ་མཉམ་པར་བཞག་སྟེ་བདུད་རྩི་མྱང་ནས། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བདག་གི་ཕུང་པོ་ཁམས་སྐྱེ་མཆེད། །ཡུལ་བཅས་མ་དག་འཛིན་པའི་ཆ། །སྤྲོས་བྲལ་རང་བཞིན་རྣམ་དག་པ། །གདན་གསུམ་ཚང་བའི་དཀྱིལ་འཁོར་དངོས། །རང་སྣང་དག་པ་སྤྱི་བོའ་གཙུག །བདེ་བ་ཆེན་པོའ་སྙིང་གི་དཀྱིལ། །ཁམས་ལྔ་ལྡན་པ་ལག་གི་མཐིལ། །ཕྱོགས་བྲལ་ཁྱབ་བརྡལ་ནམ་མཁའི་
༣༡༧ དབྱིངས། །འབྱུང་ལྔ་འོད་ཀྱི་འཁོར་ལོའ་དབུས། །པདྨ་ཟླ་ཉི་སྒྲ་གཅན་སྟེ། །རིག་པ་ཧཱུྃ་ལས་ཀུན་རྫོབ་དུས། །དོན་དམ་འཁོར་ལོའ་བདག་ཉིད་ཆེ། །དཔལ་མཆོག་དང་པོའ་སངས་རྒྱས་ནི། །དཔལ་ལྡན་རྩ་བའི་བླ་མ་དངོས། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀ །ཀུན་བྱེད་རྒྱལ་པོ་ཀུན་ཏུ་བཟང་། །སྔོ་སངས་དེ་བཞིན་གཤེགས་པའི་སྐུ། །ཞི་ཁྲོ་འདྲེས་པ་ཆགས་པའི་ཉམས། །སྤྱན་གསུམ་མཆེ་བཞིའི་མྱུ་གུ་མཛེས། །རྡོ་རྗེའི་རྒྱན་དང་སྟག་ཤམ་ཅན། །དབུ་སྐྲ་བུང་བ་ལྟར་གནག་ཅིང་། །འཚོགས་མར་སྣ་ཚོགས་རྡོ་རྗེའི་ལྟེར། །རིགས་བདག་བསྐྱེད་མཛད་རྒྱལ་བས་བརྒྱན། །ཐོར་ཅོག་གཡོན་དུ་ཟླ་ཚེས་དང་། །རྩེ་མོར་ནོར་བུའི་འོད་འབར་བ། །ལྟ་བས་མི་ཚུགས་བསམ་མི་ཁྱབ། །ཕྱག་གཉིས་སོར་མོ་མཐེ་བོང་ནས། །བརྩི་རིམ་སེར་དཀར་དམར་ནག་ལྗང་། །ཕྱག་སོར་རྩ་བ་ནས་བརྩམས་ཏེ། །ཚིག་ཕྲེད་རིམ་གསུམ་ནག་དམར་དཀར། །ཕྱག་མཐིལ་པདྨ་ལྟར་དམར་ཞིང་། །ཕྱག་མཚན་རྡོ་རྗེ་དྲིལ་བུ་བཅས། །ཡུམ་
༣༡༨ ལ་རྣམ་རོལ་ཕྱག་རྒྱས་འཁྱུད། །ཞབས་གཡོན་དཀར་པོ་གཡས་དམར་པོ། །བསྐུམ་དང་བརྐྱང་བའི་འོག་ཏུ་ནི། །དཀར་པོ་དབང་ལྡན་མིག་གསུམ་པ། །རྩེ་གསུམ་ཐོད་པ་འཛིན་ཁ་སྦུབ། །དམར་པོ་འདོད་ལྷ་མེ་ཏོག་གི་།མདའ་ལྔ་གཞུ་འཛིན་གན་རྐྱལ་མནན། །དབང་ལྡན་འདོད་ལྷའི་ཆུང་མ་ཡིས། །གུས་པས་ཞབས་སོར་དཔྲལ་བཏུད་དེ། །ལག་གི་བརྟེན་ཡང་གཡོ་མེད་པར། །རི་དབང་ལྟར་བརྗིད་དེར་འཁྱུད་པའི། །སྣ་ཚོགས་ཡུམ་གྱུར་གསེར་གྱི་མདོག །སྤྱན་གསུམ་ཁྲོ་འཛུམ་དབུ་སྐྲ་གྲོལ། །ཕྱག་རྒྱ་ལྔས་སྤྲས་གྲི་ཐོད་འཛིན། །གཡས་བསྐུམ་གཡོན་བརྐྱང་མཉམ་པར་རོལ། །རྡོར་པད་ཨེ་ཝཾ་ཟུང་འཇུག་སྙོམས། །མཚན་དཔེ་ཡོངས་རྫོགས་ཡབ་ཡུམ་སྐུ། །འོད་ཟེར་ཡེ་ཤེས་མེ་ལྔ་འབར། །དེ་ལྟར་གསལ་བའི་སྐུ་ཡི་གནས། །སྤྱི་མགྲིན་ཐུགས་ལྟེ་གསང་གཙུག་ཏོར། །ༀ་ཨཱཿཧཱུྃ་ཧོ་སྭཱ་ཧཱ་དྲུག །དཀར་དམར་ནག་སེར་ལྗང་མཐིང་མདོག །ཡིག་འབྲུ་རྣམས་ལས་འོད་ཟེར་ནི། །མཁའ་ཁམས་ཇི་སྲིད་ཀུན་ཁྱབ་སྟེ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །རབ་འབྱམས་རྒྱུད་སྡེ་བཞི་དྲུག་གཾ །ཡི་དམ་རབ་འབྱམས་རྒྱ་མཚོ་དང་། །སངས་རྒྱས་བྱང་སེམས་ཉན་རང་འཕགས། །དཔའ་བོ་རྣལ་འབྱོར་ཞིང་སྐྱོང་བ། །ཆོས་སྲུང་དམ་ཅན་ཚོགས་བཅས་ཀུན། །མདུན་གྱི་ནམ་མཁར་སྤྱན་དྲངས་ཤིང་། །དེ་རྣམས་ལ་ནི་མཆོད་པའི་སྤྲིན། །ཉེར་སྤྱོད་འདོད་ཡོན་ཤ་བདུད་རྩི། །སྙོམས་འཇུག་བདེ་ཆེན་མཉམ་པ་ཉིད། །མཆོད་དགྱེས་དཀོན་མཆོག་རྩ་གསུམ་ཚོགས། །བླ་མ་དུས་ཀྱི་འཁོར་ལོར་ཐིམ། །དབྱེར་མེད་དུ་མ་རོ་གཅིག་པས། །ཀུན་འདུས་ཡིད་བཞིན་ནོར་བུར་གྱུར། །
༣༡༩ དེ་ནས་གུས་པའི་ཡིད་ཀྱིས་རྩ་གཅིག་པས་སངས་རྒྱས་དུས་ཀྱི་འཁོར་ལོ་རྩ་གསུམ་འདུས་པའི་ངོ་བོར་ཕུར་ཚུགས་སུ་གསོལ་བ་བཏབ་པ་ནི། གང་ལ་རྒྱུ་དང་མཚན་ཉིད་མེད། །གཡོ་དང་དེ་བཞིན་རིས་མེད་པས། །ཀ་ལ་ཙཀྲར་མངོན་བརྗོད་པ། །གཉིས་མེད་དེ་ལ་གསོལ་བ་འདེབས། །དེ་བཞིན་དུས་འཁོར་བདེ་ཆེན་པོ། །སྐུ་གསུམ་མཆོག་དང་དཀྱིལ་འཁོར་གསུམ། །རྡོ་རྗེ་གསུམ་མཆོག་རྡོ་རྗེའི་དབྱིངས། །འགྱུར་བ་མེད་ལ་གསོལ་བ་འདེབས། །ཕྲ་རགས་རྡུལ་གྱི་ཆོས་ཉིད་འདས། །བྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཕྱག་རྒྱ་ཆེན་མོར་གསོལ་བ་འདེབས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །རྩ་བའི་བླ་མར་གསོལ་བ་འདེབས། །ཁྱོད་ནི་འགྲོ་བའི་བླ་མ་ཡང་། །ཕ་མ་གཉེན་དང་གྲོགས་བཟང་པོ། །ཁྱོད་ནི་སྡིག་འཕྲོག་ཕན་བྱེད་མགོན། །ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས། །ཁྱོད་མཆོག་འབའ་ཞིག་ཡོན་ཏན་གནས། །སྐྱོན་བཅོམ་དམན་རྣམས་མགོན་གྱུར་ཁྱོད། །ཡིད་བཞིན་ནོར་བུ་རྒྱལ་བའི་གཙོ། །བླ་མར་བདག་ནི་སྐྱབས་སུ་མཆིའོ། །སྐྱེ་རྒ་འཆི་དང་ན་བ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །མི་ཟད་འཁོར་བའི་རྒྱ་མཚོ་ལས། །མགོན་པོས་བདག་ནི་བསྒྲལ་དུ་གསོལ། ཞེས་པས་གསོལ་བ་ནན་ཏན་དུ་གདབ། དེ་ལྟར་ཚིག་ཤཤོ་ལོ་ཀ་བདུན་ལ་སྔ་མ་གསུམ་ནི་འཕགས་འགྲེ་ལའགྲེལ་དྲི་མེད་འོད་ན་གནས་པ་རྒྱུད་ཚིག་དར་ཕྱི་མ་གཅིག་པོ་ཡང་འགྱུར་ཆད་ཀྱིས་འཕགས་འགྲེལ་ལ་ལར་མི་གསལ་ཡང་། དུས་འཁོར་རྒྱུད་ལས་ཕྱུང་བ་ཞིག་དང་། བཞི་པ་སྒྱུ་འཕྲུལ་དྲྭ་བའི་ཚིག་དང་། ལྔ་པ་དྲུག་པ་
༣༢༠ ཟུང་ནི་དུས་འཁོར་བསྡུས་རྒྱུད་ནང་ལེའི་མཐར་དང་། འཇམ་དཔལ་ཞལ་ལུང་ཚིག་སྒྲོས་མཐུན་པ་ལས་བླངས་པ་སྟེ་རྒྱུད་ཚིག་ཤ་སྟག་གོ །དེ་མཐར་ཐལ་མོ་སྦྱར་ཏེ། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་དེ་འགྱུར་མེད་གང་། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་ད་ནི་བཀའ་དྲིན་མཛོད། །ཅེས་པ་ལན་གསུམ་དུ་གསོལ་བ་གཏབ། དཔལ་ལྡན་བླ་མ་དུས་འཁོར་ལོ། །ཡབ་ཡུམ་མཛོད་སྤུ་ནས་འོད་དཀར། །ཟླ་ཞུན་འདྲ་བྱུང་བདག་དཔྲལ་ནས། །ཞུགས་ཤིང་ཕྱི་ནང་ལུས་ཀུན་སྦྱངས། །དབྱིབས་སྣང་དགའ་བ་བུམ་དབང་གི། སྨིན་གྲོལ་སྦྱང་ཐོབ་ལས་ཀུན་བྱས། །བླ་མ་ཡབ་ཡུམ་སྦྱོར་མཚམས་ནས། །དཀར་དམར་འདྲེས་པ་ཐིག་ལེའི་རྒྱུན། །བདག་ལྕེ་སྟེང་བབས་ལྕེ་ཆུང་ནས། །དབུ་མའི་ནང་བརྒྱུད་ལུས་ཀུན་ཁེངས། །སྔགས་མཆེད་ཁྱད་དགའ་གསང་དབང་གིས། །སྨིན་གྲོལ་སྦྱངས་ཐོབ་ལས་ཀུན་བྱས། །བླ་མ་ཡབ་ཡུམ་ཐུགས་ཀ་ནས། །ལྔ་ལྡན་འོད་ཟེར་སྲང་བུ་བཞིན། །བདག་གི་སྙིང་གར་ཡོངས་ཐིམ་ནས། །ཕྱི་ནང་འོད་ཟེར་དྲྭ་བས་གཡོགས། །ཆོས་ཐོབ་མཆོག་དགའ་ཤེར་དབང་གིས། །སྨིན་གྲོལ་སྦྱངས་ཐོབ་ལས་ཀུན་བྱས། །བླ་མ་ཡབ་ཡུམ་སྙིང་དབུས་ནས། །གསལ་དོང་རབ་མཚེར་རྒྱལ་བའི་སྐུ། །མི་འགྱུར་བདེ་བར་མཆོན་གང་བ། །བདག་གི་གཙུག་ནས་སྙིང་གར་ཐིམ། །ཉེར་ཐོབ་ལྷན་དགའ་དབང་བཞི་
༣༢༡ པའི། །སྨིན་གྲོལ་སྦྱངས་ཐོབ་ལས་ཀུན་བྱས། །དེ་ལྟར་ཏིང་ངེ་འཛིན་དབང་ཡིད་རྩེ་གཅིག་ཏུ་མཉམ་པར་བཞག་ནས་ཅི་ནུས་སུ་བླང་བར་བྱའོ། །དེ་ནས་བླ་མ་དུས་འཁོར་ལོ། །ཡབ་ཡུམ་རང་གི་སྤྱི་བོར་བྱོན། །འོད་ཞུ་བདག་གི་སྒོ་གསུམ་དང་། །དུས་འཁོར་སྐུ་གསུང་ཐུགས་མཉམ་པས། །རང་ཉིད་དཀྱིལ་འཁོར་འཁོར་ལོའ་བདག །དང་པོའ་སངས་རྒྱས་དུས་འཁོར་ལོ། །མེ་ལོང་སྔགས་ཀྱི་པྲ་ཕབ་བཞིན། །རྡུལ་བྲལ་ཡེ་ཤེས་སྐུ་རུ་གྱུར། དེ་ལྟར་ལྷ་སྐུ་ཆ་མེད་རྣམ་པ་གསལ་བ་ལ་རྣམ་རྟོག་གཞན་སྤངས་ཏེ་ཅི་གནས་སུ་མཉམ་པར་བཞག་ཅིང་། གལ་ཏེ་རྣམ་རྟོག་འཕྲོ་བ་སེལ་ཕྱིར་རང་སྔགས་བཟླ་བར་སྤྲོ་ན། དུས་འཁོར་ཐུགས་ཀ་ནས་འོད་འཕྲོས། །སྣང་བ་དག་པ་འོད་གསལ་ཞིང་། །འགྲོ་ཀུན་དུས་ཀྱི་འཁོར་ལོའ་སྐུ། །ཡེ་ཤེས་རོལ་བ་ཆེན་པོར་གྱུར། །ཞེས་སྣང་སྲིད་དག་པར་བལྟས་ཏེ་མཉམ་པར་བཞག་གོ །ཡང་ༀ་།།།སྭཱ་ཧཱ། ཞེས་པ་ཟླ་སྐྱོན་ལྔ་སྤངས་ཏེ་ངག་བཟླས་སམ་ཡིད་བཟླས་སོགས་ཇི་ལྟར་འདོད་པ་བྱའོ། །མཐར་ཐུན་བསྡུ་ན། སྣང་སྲིད་ཞིང་ཁམས་ལྷ་ཚོགས་ཀུན། །འོད་ཞུ་རང་ཉིད་ཡུམ་ཀྱང་ཡབ། །རབ་ཕྲའི་ཐིག་ལེར་གྱུར་ཡལ་སྟོང་། །སྤར་ཡང་རང་ཉིད་ལྷ་སྐུར་ལྡང་། །དེ་ལྟར་རྫོགས་རིམ་བསྒོམ་པར་འདོད་ན་སྐབས་འདིར་ཡན་ལག་དྲུག་གང་རིགས་བསྒོམ་པར་བྱའོ། །དེ་ཡང་འདིར་ཡན་ལག་དྲུག་སྙིང་པོའ་དོན་དུ་གནད་དུ་དྲིལ་ནས་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པ་ནི། བསམ་སྟནགཏན་གྱི་གདན་ལ་ལུས་དྲང་ཞིང་སྐྱིལ་ཀྲུང་ཁུ་ཚུར་བརླ་བཞག་སོགས་བྱེད་པ་ཅིང་གནང་དང་ལྡན་པས་རླུང་རོ་ལེགས་པར་བསལ་ཏེ་སོ་བར་ནས་འབྲས་ཐར་ཙམ་དུ་བྱས་ཏེ་
༣༢༢ རླུང་རེ་ཞིག་རང་བབས་སུ་བཞག །མིག་ཧ་ཅང་གི་བཟློག་པ་མ་ཡིན་པར་སྨིན་ཕྲག་ཐད་དུ་འབྱེད་བཙུམ་རན་བཔ་མི་གཡོ་བར་ནམ་མཁའི་མུན་པ་ནག་ཐིང་ངེ་བར་གཏད་ལ་སེམས་རྣམ་རྟོག་གི་སྤྲོས་པ་དང་བྲལ་བར་དེ་ལྟར་གཡོ་མེད་གསུམ་ལྡན་དུ་བཞག་པར་བྱ་སྟེ། སོར་སྡུད་སྐབས་སྟོང་གཟུགས་ཤར་རུང་དེ་ལ་ཆེད་གཉེར་མེད་པ་ནམ་མཁའ་ལ་གཙོ་བོ་དང་། བསམ་གཏན་ནི་སྟོང་གཟུགས་མི་ཤར་ཚེ་ནམ་མཁའ་དང་ཤར་ཕྱིན་སྟོང་གཟུགས་གཙོ་བོར་བྱས་ཏེ་གནས་གཞན་གཅིག་པ་ཉིད་དོ། །དེ་ཡང་དུ་བ་སྨིག་རྒྱུ་མེ་ཁྱེར་མར་མེ་མཁའ་སྣང་སེར་དཀར་དམར་ནག་དང་གློག་འོད་ཐིག་ལེ་ཐིག་ལེ་ཆེན་པོར་གྲགས་པའི་རྟག་པ་སྣང་ཀུན་སྟོང་གཟུགས་ཞེས་སེམས་ལ་སེམས་མ་མཆིས་པའི་སྟོང་ཉིད་རང་བཞིན་འོད་གསལ་གྱི་རང་མདངས་འཁྲུལ་ཤེས་ཀྱིས་མ་བསླད་པའི་མ་འཁྲུལ་བའི་རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་པ་སྟེ། དེ་ནི་དང་པོའ་སངས་རྒྱས་ཀྱི་ཆོས་སྐད་ཡང་དག་པའོ། །དེ་ལྟར་སོར་བསམ་ལ་གོམས་པའམ་མ་གོམས་ཀྱང་རུང་། ཐོག་མ་དབུགས་རང་བབས་ལ་བརྡའབརྡ་འགྱུར་རྡོ་རྗེའི་བཟླས་པ་ཅི་ནུས་སུ་འབད་ཅིང་དེ་ནས་དལ་གྱིས་རླུང་ཇི་ནུས་འགོག་ཀྱིན་རྡོར་བཟླས་སྦྱར་ལ་དེ་ལྟས་མཐར་བུམ་པ་ཅན་རང་གྲུབ་ཏུ་ཡོང་བར་བཞེད་ལ། རླུང་འགོག་པའི་རྡོར་བཟླས་ནི་འགོག་བཟླས་ལྟ་བུ་མ་ཡིན་གྱི་རྔུབ་དགང་བཏང་གསུམ་པ་སྡོམས་པར་འབྲུ་གསུམ་ཚར་གཅིག་དང་སྦྱར་བ་ལས་མང་མི་དགོས་ཤིང་། དྲག་རླུང་བུམ་པ་ཅན་སོགས་ལ་གཞིལ་ཞེས་འབྱུང་བ་རང་དང་དགོང་པ་དང་བཏང་བའི་བར་མཚམས་སུ་ལས་ཁྱད་པར་ཅན་བྱེད་རུང་། ངོ་བོ་ནི་དགོང་པ་ལས་ལོགས་སུ་མེད་ཅིང་། དེ་ལྟར་རྡོར་བཟླས་དང་།
༣༢༣ སྦྱར་བའི་རླུང་སྦྱོར་ནི་སྲོག་རྩོལ་དངོས་དང་སྟོང་གཟུགས་དང་བསྲེ་བ་ན་ཐུན་མོང་མ་ཡིན་པའོ། །དེ་ལྟར་སྲོག་རྩོལ་གྱི་ནུས་པས་རླུང་དབུ་མར་ཞུགས་གནས་ཐིམ་པའི་བྱ་བ་ལྟེ་བ་མན་ཁྱད་གྲུབ་ནས། སླར་འཁོར་ལོ་གོང་མ་རྣམས་དང་གསང་བ་བཅས་པར་བཞུགས་གནས་ཐིམ་གསུམ་ཁྱད་པར་ཅན་གྱིས་དབྱིད་ཐིག་ཁ་སྦྱོར་ལ་བྱང་ནས་ཡས་བརྟན་པས་དང་པོའ་ས་ཐོབ་པར་བྱེད་པ་ནི་འཛིན་པ་སྟེ་དེའི་མན་ངག་ཟུར་དུ་བྱས་པ་ཡོད་ཀྱང་གྲུབ་པའི་སློབ་དཔོན་ཕལ་ཆེས་ནི་མན་ངག་སྲོག་རྩོལ་ཁོ་ནས་རུང་ལ་དེས་གྲུབ་བའི་འབྲས་བུ་འཛིན་པ་ཡིན་པར་བཞེད་དོ། །དེ་ནས་རྗེས་དྲན་དངོས་ནི། ཕྱག་རྒྱ་གསུམ་ལ་བརྟེན་ཡས་བརྟེན་གྱི་དགའ་བ་བཞི་པའི་མཐར་ཐུག་རྗེས་དྲན་བཅུ་དྲུག་གི་ཡོན་ཏན་ཡོངས་སུ་གྲུབ་ནས། དེའི་འབྲས་བུའི་ཚུལ་དུ་ཏིང་ངེ་འཛིན་མས་བརྟེན་གྱི་དགའ་བ་བཅུ་དྲུག་ཡོངས་སུ་རྫོགས་པ་ཡན་ལག་བདུན་དབང་ཕྱུག་བརྒྱད་ཟུང་འཇུག་ཉེར་གསུམ་གྱི་ཡོན་ཏན་གྲུབ་པ་རྡོ་རྗེ་སེམས་དཔའི་གནས་ཐོབ་པ་རྣམས་དངོས་གནས་ཀྱི་སྦྱོར་བ་ཡན་ལག་དྲུག་གི་རིམ་པ་དང་། དེ་ཡན་ལག་ཕྱི་མ་གསུམ་མོས་པ་ལམ་དུ་བྱེད་པའི་དེའི་རྒྱུ་ཚོགས་ཁྱད་པར་ཅན་སྒྲུབ་པར་གཏུམ་མོའ་རྣལ་འབྱོར་ལ་འབད་པར་བསྔགས་ཏེ། དེ་ཡང་རང་ཉིད་དུས་འཁོར་ཡབ་ཡུམ་དུ་གསལ་བཏབ་པའི་རང་གིས་ལུས་དབུས་སུ་རྩ་དབུ་མ་མཚན་ཉིད་བཞི་ལྡན་མདའ་སྨྱུག་ཙམ་ལྟེ་བ་མན་ལྗང་གུ་དེ་ཡན་ཆད་མཐིང་ག་གཡས་གཡོན་རོ་རྐྱང་དཀར་དམར་དབུ་མ་ལས་འདབ་འགྱུར་ཕྲ་བ་ཡས་སྣ་སྣ་བུག་གཡས་གཡོན་དང་མས་ནད་དབུ་མར་ཆུད་པ་སྟེ་དབུ་མའི་ལྟེ་འོག་སོར་བཞིའི་མཚམས་ཚངས་པའི་མེ་དབྱུག་པའི་དབྱིབས་ཅན་ལྟེ་བར་ཧོཿསེར་སྙིང་གར་ཧཱུྃ་སྔོན་ཡས་སྣར་ཧཾ་ཅན་བ་ནུ་ལྟ་བུ་སྟེ།
༣༢༤ དེ་ཡང་ཟར་མའི་འབྲས་བུ་ལྟར་ཟླུམ་པའི་དབུས་བ་ནུ་ལྟར་ཅུང་ཟད་ནར་རེ་འཕྱངས་པས་དབུ་མའི་ཡས་སྣར་བཀབ་པའོ། །དེ་ནས་རླུང་རོ་བསལ། རླུང་སྦྱོར་བ་བཞི་ལྡན་ལ། དམིགས་པ་རོ་རྐྱང་རླུང་རྒྱུད་དབུ་མའི་མས་སྣ་རླུང་ཞུགས་ཚངས་པའི་མེ་འབར། ཧོ་ཡིག་ལ་རེག་ཧོཿཡིག་ལས་མེ་སེར་ཤས་ཆེ་བའི་ཁ་དོག་དྲུག་པ་འབར། རིམ་པས་ཇེ་མཐོར་སོང་སྟེ་སྙིང་གའི་ཧཱུྃ་བསྲེག་སྤྱི་བོའ་ཧཾ་ཅན་ལ་རེག་བདུད་རྩི་ཟླ་ཞུན་ལྟར་དཀར་འཚེར་འོད་ཟེར་འཕྲོ་བའམ་སྙིང་གའི་ཧཱུྃ་གསོས་ཏེ་ལྟེ་བའི་ཧོཿལ་ཐིམ་ཞིང་། དེ་ཡང་མེ་བདུན་ལ་ཧོཿཅན་ལ་རྩེ་རེག་ཙམ་བར་མི་ཆད་དང་ཐིག་ལེ་རྒྱབ་ནས་ཧོཿཡིག་བར་མི་ཆད་པར་བབ་སྟེ་ཐིམ་པ་འབར་འཛག་སྐྲ་ཤད་འཛིངས་པ་ལྟར་བྱ་སྟེ། དེ་ལྟར་ཉམས་སུ་བླངས་པའི་ཐུན་མགོར་རླུང་རོ་ལེགས་པར་བསལ། བར་རླུང་བཏང་བའི་སྐབས་ཀུན་ཏུ་རླུང་ཞབས་འཛིན་པ་དང་། མཐར་ཐུན་བཞག་སྐབས་ལུས་གཡས་སུ་གཅུད་དེ་ཐིག་ལེ་དཀར་ཆ་ཀུན་སྤྱི་བོར་ཧཾ་ལ་ཐིམ། གཡོན་དུ་གཅུད་དམར་ཆ་ཀུན་ལྟེ་བའི་ཧོཿལ་ཐིམ། དེ་ནས་ཐིག་ལེ་དཀར་དམར་འདྲེས་པར་བསམ་ལ་རླུང་གི་དུག་འདོན་ཧག་སྤུག་ཡང་དག་པར་བྱས་རྗེས་དམིགས་མེད་དང་། རླུང་ཞབས་པར་རླུང་དུ་འཛིན་པ་རྣམས་བླ་མའི་མན་ངག་བར་མ་ཆད་པ་ཡིན་ལ། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་ཡང་ཤིན་ཏུ་གལ་ཆེ་བར་རྗེ་བཙུན་མི་ལས་མཉམ་མེད་སྒམ་པོ་བར་ངེད་ཀྱི་ཨ་ཐུང་འདི་བསྒོམ་དང་ད་བཟོད་ངོ་བོ་མཐོང་གསུང་བས་ཀྱང་ངེས་པར་མཚོན། ལྷག་ཏུ་ལྷ་སྐུ་གཏུམ་མོ་འབར་འཛག་ཀུན་སྟོང་གཟུགས་དང་བསྲེ་བ་ནི་དང་པོའ་སངས་རྒྱས་ཀྱི་རྫོགས་རིམ་ཁྱད་ཆོས་ཕུལ་དུ་བྱུང་བའོ། །དེ་ནས་ཐུན་མཚམས་ལ་
༣༢༥ འཇུག་པར་འདོར་ཚེ། དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྙོན་མེད་དུས་ཀྱི་འཁོར་ལོ་སྟོན། །བླ་མ་ལ་གུས་སྙིང་བརྩེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཛིན། །ཟབ་མོའ་ཆོས་ནི་ཀློག་པ་དང་། །བཙུན་མོའ་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་སོགས་སྨོན་ལམ་ཅི་རིགས་པ་བྱ་ལ་དེ་ལྟར་རྫོགས་རིམ་བསྒོམས་པའི་མཐའ་འམ་མི་བསྒོམ་ཡང་རུང་། ཐུན་ལས་ལྡང་བར་འདོད་ཚེ་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་སྨོན་ལམ་གྱི་རྒྱས་བཏབ་པ་ཡང་ངེས་པར་མ་ཆད་པར་གཅེས་སོ། །དེ་ལྟར་བླ་མེད་རྡོ་རྗེ་ཐེག་པ་མཐའ་དག་གི་ཉིང་ཁུ་ལམ་ཟབ་ཁྱད་པར་ཅན་འདི་རྩ་བའི་ཁུང་འཕགས་ཡུལ་གྱི་གྲུབ་པའི་སློབ་དཔོན་རྡོ་རྗེ་གདན་པ་འཇིག་རྟེན་འབྱུང་གནས་སྦས་བའི་མན་ངག་དཔལ་་ལོ་དང་། རྒྱལ་བ་ཞང་། ཡང་དགོན་པ་རྣམས་ཀྱི་ཐུགས་དམ་ཡང་སྙིང་ཞང་གི་བཀའ་འབུམ་དང་། ཡང་དགོན་པའི་རི་ཆོས་སུ་ཆེ་ཐང་དུ་མ་མཛད་པ་ཉིད་གཞིར་བཞག །དེ་ཡང་ཞང་གི་རྩ་བའི་བླ་མ་འཁོར་ལོས་བསྒྱུར་བའི་ཆོས་ཅན་དང་། རྡོ་རྗེ་འཆང་དུ་བྱས་པ་གདམས་སོ་ཅན། རི་ཆོས་སུ་བདེ་མཆོག་ཏུ་བྱས་པ་ཡོད་ཀྱང་འདིར་དུས་འཁོར་དུ་བྱས་པ་དང་། དུས་འཁོར་ལྷན་སྐྱེས་རོལ་པའི་རྡོ་རྗེའི་གཞུང་རྗེ་བཙུན་སྒྲོལ་མགོན་གྱི་ཁྲིད་རིམ་དུ་དྲངས་པའི་དོན་བཞིན་ལ་རྒྱུད་ཀྱི་ཤེས་པས་བླ་མའི་མན་ངག་རྒྱུད་དོན་མ་འཁྲུལ་བས་ཁ་ཅུང་ཟད་བསྐངས་ཏེ་བྱས་པས་ནོར་འཁྲུལ་མེད་ལ་
༣༢༦ ཞལ་ལུང་རྒྱུན་མ་ཆད་པས་བྱིན་རླབས་མ་ཉམས་པ་དང་། སྦྱོར་དྲུག་གདན་ཐོག་གཅིག་པའི་མྱོང་ཁྲིད་ཀྱི་སྲོལ་ཀ་མ་ཉམས་པ་བྱུང་བའོ། །དེ་ལྟར་རྒྱལ་བའི་དབང་ཕྱུག་གི། བཀའ་གསང་རྒྱུད་སྡེ་ཀུན་མཐར་ཐུག །ཐུགས་ཀྱི་ཕྲིན་ལས་ཕུལ་བྱུང་ཆོས། །ལམ་ཟབ་ཤིང་རྟའི་སྲོལ་འདི་རྨད། །ཚུལ་འདིར་བདག་གིས་འབད་བགྱིས་དགེ་མཆིས་ཀུན། །འགྲོ་མགོན་བླ་མ་དགྱེས་མཛད་མཁའ་མཉམ་འགྲོར། །ཡོངས་བསྔོ་རེ་མཐུ་ཚེ་དབང་རྒྱལ་བ་ཡིས། །གོ་འཕང་ཡིད་བཞིན་ནོར་བུའི་གནས་ཐོབ་ཤོག །ཅེས་བླ་མེད་སྔགས་ཆོས་ཀྱི་སྙིང་པོའ་བཅུད་ལེན་ལམ་ཟབ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་འདི་ནི་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་ལྡན་འབྲུག་པ་ཞེས་སྙན་པའི་བ་དན་སྲིད་རྩེར་འཕྱོ་བ་གང་གི་སྤྱི་ཕུད་ཡོངས་ཀྱི་འདྲེན་པ་འཇིག་རྟེན་དབང་ཕྱུག་གི་སྒྱུ་འཕྲུལ་འགོག་པ་མེད་པའི་རང་གདངས་རྗེ་འགྲོ་མགོན་རིན་པོ་ཆེ་སྤྲུལ་པའི་སྐུ་མཆོག་ཀུན་མཁྱེན་རྒྱལ་དབང་བཀའ་བརྒྱུད་ཕྲིན་ལས་ཤིང་རྟའི་ཞལ་སྔ་ནས་གོང་གི་བཀའ་སྩལ་དགྱེས་པ་བསྒྲུབ་པའི་སླད་དུ་རང་གི་ཉམས་ལེན་སྙིང་པོ་དང་མཐུན་པར་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་རྔ་ཆེན་གྱི་ལོ་ས་ག་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུ་མཁའ་འགྲོ་འདུ་བའི་དུས་བཟང་པོར་ཀོང་ཡུལ་ཟང་ཁ་ལྕུགས་རི་འོད་གསལ་ལྡིང་དུ་རྣལ་འབྱོར་པ་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་སྦྱར་བ་སརྦ་མངྒ་ལཾ།། །།

༄། །ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱང་ཆུབ་སེམས་དཔའི་ལམ་བཟང་ཞེས་བྱ་བ་བཞུགས་སོ༎

༣༢༣

ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱང་ཆུབ་སེམས་དཔའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །

༣༢༤

ཕུན་ཚོགས་སྲིད་ཞིའི་ཕན་བདེ་ཇི་སྙེད་རྫོགས་པའི་སངས་རྒྱས་མཐུ་ལས་བྱུང༌། །སངས་རྒྱས་རྒྱལ་བའི་སྲས་པོ་ཉིད་དང་དེ་ཡང་བྱང་སེམས་ལས་འཁྲུངས་ཕྱིར། །རིན་ཆེན་རིན་ཐང་མེད་པའི་མཆོག་སྦྱིན་དགེ་བའི་བཤེས་ལ་གུས་བཏུད་ནས། །ཤིན་ཏུ་རྒྱས་པའི་སེམས་བསྐྱེད་ཆོ་ག་གཞན་ལ་ཕན་ཕྱིར་གསལ་བར་བཤད། འདི་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་མཐའ་དག་གི་འབྱུང་གནས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བླ་མ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ། གཅིག་ཏུ་སྐྱོན་གྱི་དྲི་མ་བག་ཆགས་དང་བཅས་པ་གཏན་ནས་སྤངས་ཤིང༌། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྒྱ་མཚོ་ཉམས་པ་མེད་པ་ལ་དབང་འབྱོར་པ། ཡིད་ཅན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་གཅིག་པུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་འདོད་པས། དེ་ཡི་ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་འཇུག་དགོས། དེའང་ཐོག་མར་སྡོམ་པའི་ཆོ་ག་ལ་ལྟོས་པས། ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱིས། རིགས་དང་སྐལ་བར་ལྡན་པའི་སློབ་མ་རྣམས་བྱང་ཆུབ་ཆེན་པོའི་ལམ་དུ་གཞུག་པའི་ཕྱིར། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱེད་པར་འདོད་པས་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། གནས་གཙང་ཞིང་ཡིད་དུ་འོང་བར། སྟོན་པ་ཐུབ་པའི་དབང་པོ་ཤཱ་ཀྱ་སེང་གེའི་སྣང་བརྙན་གཙོ་བོར་གྱུར་པའི་རྟེན་ཁྱད་པར་ཅན་གྱི་དྲུང་དུ། ཉེར་སྤྱོད་སྤྱི་དང༌། ཁྱད་པར་སྤོས། མར་མེ་ཞལ་ཟས་རྣམས་ཀྱི་ཕྲེང་བ་ཚར་དུ་དངར་བས་མཚོན་ཅི་འབྱོར་བའི་མཆོད་པ་རྣམ་གཙང་ཞིང་བཀོད་པས་མཛེས་པ་དང༌། གཏོར་མ་འབུལ་བར་འདོད་ན། ཟླུམ་གཏོར་དཀར་པོ་གཉིས་དང༌། གཞི་བདག་གི་གཏོར་མའང་བཤམས། དེ་ནས་སློབ་དཔོན་རང་ཉིད་ཁྲུས་བྱ། གྲུབ་ན་སེམས་བསྐྱེད་དང་སྡོམ་པ་བླང༌། །

༣༢༥

གང་ལྟར་ཡང་ལྟུང་བཤགས་སོགས་ཆོས་སྤྱོད་ཀྱི་རིམ་པ་ཇི་ལྟར་རིགས་པར་བྱ། དེ་ནས་སྟན་མཐོན་པོ་ལ་འདུག་སྟེ། སློབ་མ་རྣམས་ཕྱི་རོལ་ཏུ་ཁྲུས་བྱས། ནང་དུ་རང་རང་གི་སྟན་དཔའ་བར་མེ་ཏོག་དང་བཅས་ཏེ་གུས་པའི་ཚུལ་གྱིས་འཁོད་དུ་གཞུག་གོ །གཉིས་པ་དངོས་བཞི་ནི། །སློབ་དཔོན་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་དང༌། སེམས་ཅན་ཐམས་ཅད་ཕན་བདེ་ལ་འགོད་པར་འདོད་པའི་བརྩེ་བ་དང༌། ཁྱེད་པར་སློབ་མ་རྣམས་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་འདོད་པའི་བསམ་པ་བཟང་པོ་དང་ལྡན་པས། གསལ་ཞིང་སྙན་པའི་ངག་གིས་འདི་སྐད་ཅེས་བརྡ་སྤྲོད་པར་བྱའོ། འོ་སྐོལ་རྣམས་ཀྱི་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། འཁོར་འདས་ཀྱི་འདམ་ག་རང་དབང་ཡོད་པའི་དུས་འདིར་དལ་འབྱོར་ལ་སྙིང་པོ་ལེན་པའི་ཆོས་རྣམ་པར་དག་པ་ཞིག་ལ་ཅི་ནས་ཀྱང་འབད་དགོས་ཏེ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང༌། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་ང་འབྲས་མཆིས་པར་མཛོད། །ཞེས་གསུངས་ཤིང༌། དམ་ཆོས་ཀྱི་ནང་ནས་ཀྱང༌། རང་གཞན་ཐམས་ཅད་སྡུག་བསྔལ་ཆ་དང་བཅས་པ་ལས་སྒྲོལ་ཞིང་གནས་སྐབས་དང༌། མཐར་ཐུག་གི་བདེ་བ་ཐམས་ཅད་ཐོབ་པར་བྱེད་པའི་རྒྱུ་བསོད་ནམས་དང་ཡོན་ཏན་མཐའ་ཡས་པའི་གཏེར་དུ་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ། སློབ་དཔོན་ཆེན་པོ་

༣༢༦

ཞི་བ་ལྷས། སྡུག་བསྔལ་མཐར་འབྱིན་འདོད་པ་དང༌། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ནས། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་དང༌། སློབ་དཔོན་ཆེན་པོ་ཙནྡྲ་གོ་མཱིས། ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས། །བསོད་ནམས་ཀུན་གྱི་གཏེར་གྱུར་གང༌། ཞེས་གསུངས་པས་མཚོན་རྒྱལ་བ་སྲས་དང་བཅས་པས་བསྒྲོད་པ་གཅིག་པའི་ལམ་དུ་བསྔགས་པར་མཛད་པ་བྱང་ཆུབ་ཀྱི་སེམས་དེ་ཡང་ཀུན་རྫོབ་ཆོ་ག་ལས་ཐོབ་པ་དང༌། དོན་དམ་བསྒོམ་པའི་སྟོབས་ཀྱིས་སྐྱེས་པ་གཉིས་ལས། དང་པོ་ལ། བསྐྱེད་བྱ་སེམས་ཀྱི་མཚན་ཉིད་ནི། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་ཐེག་ཆེན་སློབ་པའི་སེམས་གང་ཞིག་བྱང་འཕགས་ཀྱི་མཉམ་བཞག་གི་ངོ་བོར་གྱུར་པའི་སེམས་བསྐྱེད་རྣམ་པར་བཅད་པའོ། །མཚན་གཞི་ནི། །ཐེག་ཆེན་ཚོགས་སྦྱོར་བའི་རྒྱུད་ཀྱི་སེམས་བསྐྱེད་རྣམས་དང་བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་ལྟ་བུའོ། །དབྱེ་ན། གྲོགས་དགེ་བའི་བཤེས་གཉེན་གྱི་སྟོབས་དང༌། རྒྱུ་རིགས་སད་པའི་སྟོབས་དང༌། འབྲས་བུ་དགེ་རྩ་རྒྱས་པའི་སྟོབས་དང༌། ལམ་ཐེག་ཆེན་གྱི་སྡེ་སྣོད་ཐོས་པའི་སྟོབས་དང༌། ཐོས་པ་དེ་ཉིད་མང་དུ་གོམས་པས་བསྐྱེད་པ་དང་ལྔ་ལས། དང་པོ་ནི། གྲོགས་ལ་རག་ལས་པས་མི་བརྟན་པའི་སེམས་བསྐྱེད་དང༌། ཕྱི་མ་བཞི་ནི་མི་མཐུན་ཕྱོགས་ཀྱིས་ཉམས་དཀའ་བས་བརྟན་པའི་སེམས་བསྐྱེད་དེ། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། ཅེས་གསུངས་པ་ལྟར། གཙོ་བོར་གཞན་གྱི་མཐུ་ལས་བྱུང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལའང་མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག །ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ། ཉམས་ན་ཕྱིར་བཅོས་པ་རྣམས་སུ་འདུ་བ་ལས། འདིར་དང་པོ་མ་ཐོབ་པ་ཐོབ་པར་བྱེད་པ་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བགྱིད་པའི་སྐབས་སུ་བབས་པ་

༣༢༧

ལགས། དེ་ཡང་འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱི་གསུངས་ལས། སེམས་བསྐྱེད་ལ་དབུ་མ་ལུགས་དང༌། སེམས་ཙམ་ལུགས་གཉིས་ཡོད། དབུ་མ་ལུགས་ནི་སྡོང་པོ་བཀོད་པ་དང༌། ནམ་མཁའི་སྙིང་པོས་ཞུས་པ་ལ་སོགས་པའི་མདོའི་རྗེས་སུ་འབྲངས། འཕགས་པ་འཇམ་དཔལ་གྱིས་གསུངས། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ནས་བརྒྱུད། སློབ་དཔོན་ཆེན་པོ་ཞི་བ་ལྷ་ཡི་ལུགས། སློབ་དཔོན་ཆེན་པོ་དགྲ་ལས་རྣམ་རྒྱལ་ལ་སོགས་པའི་ཕྱག་ལེན། བསྟན་པའི་མངའ་བདག་ཆེན་པོ་དཔལ་ལྡན་ས་སྐྱ་པ་ལ་སོགས་པས་མཛད་པ་འདི་ཡིན། སེམས་ཙམ་ལུགས་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པའི་མདོའི་རྗེས་སུ་འབྲངས། འཕགས་པ་བྱམས་པས་གསུངས། འཕགས་པ་ཐོགས་མེད་ནས་བརྒྱུད། སློབ་དཔོན་ཆེན་པོ་ཙནྡྲ་གོ་མཱིའི་ལུགས། ཇོ་བོ་ཆེན་པོ་རྗེ་ཡི་ཕྱག་ལེན། དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱིས་མཛད་པ་འདི་ཡིན། འདི་གཉིས་ལ་བླང་བའི་ཡུལ། ལེན་པ་པོའི་གང་ཟག །ལེན་པའི་ཆོ་ག། བླངས་ནས་སྲུང་ཚུལ། ཉམས་ན་ཕྱིར་བཅོས་པ་རྣམས་ལ་མི་འདྲ་པའི་ཁྱད་པར་མང་དུ་ཡོད་ཅེས་གསུངས་ཤིང༌། ཡང་མཁས་པ་འགའ་ཞིག་དེ་གཉིས་ཀྱི་དབྱེ་བ་དང་ཁྱད་པར་ལ་སོགས་པ་མི་འཐད་ཅེས་གསུངས་ཀྱང༌། འདིར་དེ་ལྟ་བུའི་དགག་སྒྲུབ་ཀྱི་རིམ་པ་རྣམས་བཏང་སྙོམས་སུ་བཞག་ནས། །སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་དང༌། ངོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་གསུང་རབ་ལས་འབྱུང་བ་ལྟར། ཡང་དག་པར་རྫོགས་པའི་སངས་རྒྱས་ནས། བདག་ཅག་གི་ཡོངས་སུ་འཛིན་པ་ཆེན་པོའི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པའི་ཕྱག་ལེན་བཞིན་འབུལ་བ་ལ་དོན་རྣམ་པ་གསུམ་སྟེ་སེམས་བསྐྱེད་དང་སྡོམ་པའི་རྟེན་ངེས་པར་བྱ་བ་དང༌། སྦྱོར་བ་རྗེས་སུ་སྒྲུབ་པ་དང༌། རང་བཞིན་གཏན་ལ་དབབ་པའོ། །དང་པོ་རྟེན་ངེས་པར་བྱ་བ་ལ་གསུམ་སྟེ། སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ་དང༌། ཞི་བ་མྱང་

༣༢༨

འདས་ཀྱི་མཐའ་ལ་ཞེན་པ་དགག་པ་དང༌། མཐའ་གཉིས་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པའོ། །དང་པོ་སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ་ནི་འདི་ལྟར་ངེས་པར་བྱ་སྟེ། འོ་སྐོལ་རྣམས་ཀྱིས་དལ་འབྱོར་གྱི་མི་ལུས་ཐོབ་པའི་སྐབས་འདིར། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་ཞིང༌། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་འབད་དགོས། དེ་ཡི་རྒྱུ་མཚན་ཡང་དོན་དེ་གཉིས་རྟེན་འདི་ལ་སྒྲུབ་ནུས་ཤིང་གཞན་གྱིས་མི་ནུས་པའི་ཕྱིར་ཏེ། སློབ་སྤྲིང་ལས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཞིང༌། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང༌། སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང༌། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་སོ། །དལ་འབྱོར་དེའང་རྙེད་པར་དཀའ་སྟེ། སྡོང་པོ་བཀོད་པ་ལས། མིར་གྱུར་པའང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པའང་རྙེད་པར་དཀའ། ཞེས་གསུངས་ཤིང༌། སློབ་དཔོན་ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་ཡིས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས། །རྙེད་པ་དེ་ཡང་དུས་རིང་དུ་མི་གནས་ཏེ། འཕགས་པ་ཀླུ་སྒྲུབ་གྱིས། ཚེ་འདིར་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་ཉིད་ཀྱིས་ལོག་པ་ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པས། མྱུར་དུ་དགེ་བ་ལ་འབད་དགོས། དེ་ལ་མ་འབད་པར་སྡིག་པ་བྱས་ན་ངན་འགྲོར་ལྟུང་སྟེ། ཞི་བ་ལྷས། དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་

༣༢༩

བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། ཞེས་གསུངས་ཤིང༌། ངན་སོང་དུ་སྐྱེས་ན་དམྱལ་བ་ལ་ཚ་གྲང་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དེ། འཕགས་པ་ཀླུ་སྒྲུབ་ཀྱིས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་ཉེ་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །ཡི་དྭགས་ལ་ཡང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དེ། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་དལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་གསུངས་སོ། །དུད་འགྲོ་ལ་ཡང༌། གཅིག་ལ་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་ཡོད་དེ། །དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང༌། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། ཞེས་གསུངས་པས་སྡིག་པ་སྤོང་བ་ལ་འབད་དགོས་ཤིང༌། དགེ་བ་ཡང་ཐར་པའི་ལམ་དུ་འགྱུར་བར་མ་སྒྲུབ་ན་བསོད་ནམས་དང་མི་གཡོ་བའི་ལས་ཀྱིས་བདེ་འགྲོར་སྐྱེས་ཀྱང་དེ་དག་ཁ་ཅིག་ལ་སྡུག་བསྔལ་ཆེན་པོ་ཡོད་ཅིང༌། དེ་མེད་པ་རྣམས་ཀྱང་དེ་ནས་ཤི་འཕོས་ནས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང༌། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་འགྱུར་བ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་གསུངས་སོ། །མདོར་ན་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཏེ། མགོན་པོ་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ལ་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་

༣༣༠

བཞིན། ཅེས་གསུངས་པས་དེ་ལ་ཐར་བའི་ཐབས་ལ་འབད་དགོས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཟློག་ཕྱིར་བགྱི་བ་བཏང་ནས་ཀྱང༌། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། ཞེས་གསུངས་པས། འཁོར་བ་ལས་ཐར་བར་བྱ་བའི་ཕྱིར་དམ་པའི་ཆོས་ལ་འབད་པར་བྱའོ་སྙམས་པའི་བསམ་པ་ཞེ་ཐག་པ་ནས་བསྐྱེད་བར་ཞུ། །གཉིས་པ་ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ་ནི། རང་ཉིད་འཁོར་བ་ལས་ཐར་ཀྱང་གཞན་གྱི་དོན་རྒྱུན་ཆད་པའི་ཕུང་པོ་ལྷག་མེད་ཀྱི་མྱང་འདས་དོན་དུ་གཉེར་བ་ནི། མ་ཆུས་ཁྱེར་བ་མཐོང་ཞིང་གདོན་པའི་ནུས་པ་ཡོད་བཞིན་དུ་དེ་མི་འདོན་པར་རང་ཉིད་སྐམས་ན་ཡིད་བདེ་བར་གནས་པ་ལྟར་ཤིན་ཏུ་མི་རིག་པའི་ཕྱིར་ཐེག་ཆེན་པས་དོན་དུ་གཉེར་བྱ་མ་ཡིན་ཏེ། སློབ་དཔོན་ཆེན་པོ་ཙནྡྲ་གོ་མཱིས། ཉེ་དུ་འཁོར་བའི་རྒྱ་མཚོའི་ནང་དུ་ཆུད་གྱུར་བ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སོང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་ཁོན་མེད། །བྱིས་པ་པང་ན་བཙས་པ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་ཟག་འཐུངས་པ། །ངལ་བ་མང་བསྟེན་བྱམས་པས་བསྟེན་བདེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤང་བར་སུ་ཞིག་སྤྲོ། ཞེས་གསུངས་པས། གཞན་དོན་དོར་ནས་རང་ཉིད་གཅིག་པུ་ཞི་བདེ་ཐོབ་པར་འདོད་པའི་བློ་སྤང་འཚལ་ལོ། །གསུམ་པ་མཐའ་གཉིས་དང་བྲལ་པའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པ་ནི། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་ནས། །སེམས་ཅན་སྲེད་ཕྱིར་བློ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་རྩེ་བྱང་ཆུབ་ཐབས་བསྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདས་མི་འགྱུར། །ཞེས་པ་ལྟར་འཁོར་འདས་གཉིས་ལ་མི་གནས་པའི་མྱང་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་སྒྲིབ་པ་

༣༣༡

བག་ཆགས་དང་བཅས་པ་སྤངས། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མངོན་སུམ་དུ་མཁྱེན། ཕྲིན་ལས་ཚད་ལས་འདས་ཤིང་རྒྱུན་མི་འཆད་པར་འབད་མེད་ལྷུན་གྲུབ་ཏུ་མཛད་པ་དེ་ཐོབ་པར་བྱ་བ་ཡིན་ལ། དེའི་རྒྱུའང་བྱང་ཆུབ་ཀྱི་སེམས་ཡིན་ཏེ། མདོ་སྡུད་པ་ལས། ཆུ་ཡི་ཐིག་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེགས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་གསུངས་ཤིང༌། རྣམ་སྣང་མངོན་བྱང་ལས་ཀྱང༌། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། །ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས། སྡོང་པོ་བཀོད་པ་ལས་ཀྱང༌། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པས་ས་བོན་ལྟ་བུའོ། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་སྙམས་པའི་འདུན་པ་དྲག་པོ་དུང་པ་རེ་བསྐྱེད་མཛོད། གཉིས་པ་སྦྱོར་བ་རྗེས་སུ་སྒྲུབ་པ་ལ་གཉིས་ཏེ། སྨོན་པ་དང་འཇུག་པའོ། །དང་པོ་ལའང་སྦྱོར་དངོས་རྗེས་གསུམ་གྱི་སྦྱོར་བ་ལ་གསུམ་སྟེ། ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ་དང༌། རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་དང༌། ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་བསགས་པའོ། །དང་པོ་ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ་ནི། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས། ཕྱག་དང་མཆོད་པ་ཕུལ་ཏེ་དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་ལ་ཕྱག་དང་མཎྜལ་ཕུལ་ནས་འདི་ལྟར་གསོལ་བ་གདབ་པར་བྱ་སྟེ། ཞེས་འབྱུང་བས། ཐོག་མར་ཁྱེད་རང་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མོས་གུས་གདུང་ཤུག་དྲགས་པོས་

༣༣༢

གསོལ་བ་བཏབ་པས་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་བྱོན་པ་ལ་ཕྱག་དང་མཆོད་པ་ཕུལ་བའི་ཡིད་ཀྱིས་ཡན་ལག་མ་ལྔ་ས་ལ་གཏུག་པའི་ཕྱག་དང་བཅས་ཏེ་འདི་གསུང་བར་ཞུ། ཇི་སྙེད་སུ་དག །སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །བར་ལན་གཅིག །སླར་ཡང་དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་དེ་ཕྱག་གསུམ་མཛད་བར་ཞུ། ཞེས་བརྗོད་ལ་ཕྱག་གསུམ་འཚལ་དུ་གཞུག །དེ་ནས་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། མཎྜལ་ཚོམ་བུ་བདུན་མ་སྤྱི་ལྟར། མ་ཚང་བ་མེད་པ་འདི་ཉིད་བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་གྲོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཞུ་བའི་ཡོན་དུ་སོགས་སྦྱར་ལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམས་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས། དང་པོར་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། རང་རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བ་ཡང༌། སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཞེས་ལན་གསུམ་བརྗོད་དོ། །གཉིས་པ་རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་ནི། ཐུན་མོང་གི་སྐྱབས་འགྲོ་ལས་ཁྱད་པར་གསུམ་གྱིས་ཁྱད་པར་དུ་འཕགས་པའི་ཐེག་ཆེན་གྱི་སྐྱབས་འགྲོ་བྱེད་པ་ཡིན་ཏེ། དུས་ཀྱི་ཁྱད་པར་ནི་བྱང་ཆུབ་སྙིང་པོའི་བར་ཡིན་ལ། ཡུལ་གྱི་ཁྱད་པར་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། རྟོགས་པའི་ཆོས་ཐེག་ཆེན་གྱི་འགོག་ལམ་དང༌། ལུང་གི་ཆོས་ཐེག་ཆེན་གྱི་གསུང་རབ། དགེ་འདུན་ནི་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་ཡིན་ནོ། །བསམ་པའི་ཁྱད་པར་ནི། །སེམས་ཅན་ཐམས་

༣༣༣

ཅད་ཀྱིས་ཐོག་མ་མེད་པ་ནས་ལན་གྲངས་དཔག་ཏུ་མེད་པར་ཕན་བཏགས་པས་དྲིན་ཆེ་ལ། དྲིན་ཆེན་དེ་རྣམས་འཁོར་བ་སྡུག་བསྔལ་དྲག་ལ་ཡུན་རིང་བས་གཙེས་ཤིང་ལས་དང་ཉོན་མོངས་པའི་འཆིང་བས་བཅིངས་པས་ཐར་པའི་ཐབས་མེད་པས་རེ་སྙིང་རྗེ་སྙམ་དུ་བསམས་ལ། འདི་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་བདག་གིས་བྱེད་དགོས་པ་ལ། ད་ལྟ་བདག་ལ་དེའི་ནུས་པ་མེད་ཅིང༌། དེ་ལྟར་ནུས་པ་སངས་རྒྱས་ཁོ་ན་ཡིན་པས་བདག་གིས་སངས་རྒྱས་ཐོབ་པར་བྱེད་དགོས། དེའང་དཀོན་མཆོག་ལ་རགས་ལས་པས། བདག་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ནུས་ཀྱི་སངས་རྒྱས་ཐོབ་པའི་དོན་དུ་དཀོན་མཆོག་ལ་སྐྱབས་ཤིང་བློ་གཏོང་བས་བདག་དེ་ལྟར་འགྱུར་བར་དཀོན་མཆོག་མཁྱེན་སྙམ་པའི་འདུན་པ་དྲག་པོ་བྱ་སྟེ། མདོ་སྡེ་རྒྱན་ལས། དེ་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིག་བྱ། ཞེས་གསུངས་པས་ད་ལྟ་བདག་ལ་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་མི་འདུག་པས། མ་ལག་ཞ་མའི་བུ་ཆུས་ཁྱེར་བ་གཞན་ལ་རབ་མདའ་ཟློག་ཟེར་བ་ལྟར་དྲིན་ཅན་སེམས་ཅན་རྣམས། སྡུག་བསྔལ་དང་ཀུན་འབྱུང་གི་ཆུས་ཁྱེར་རོ་རབ་མདའ་ཟློག་ཟེར་བའི་ཚུལ་དུ་བྱེད་པ་ཡིན་གསུང༌། དེས་ན་ད་ལྟ་སེམས་ཅན་རྣམས་སྡུག་བསྔལ་ལས་སྒྲོལ་བ་དང༌། མ་འོངས་པ་ན་བདག་ལ་སེམས་ཅན་ཐམས་ཅད་སྒྲོལ་བའི་ནུས་པ་ཡོད་པ་དཀོན་མཆོག་མཁྱེན་སྙམས་པའི་བསམ་པ་ཁྱད་པར་ཅན་དང་ལྡན་པས། བདག་ཀྱང་རྨི་ལམ་དང་སྒྱུ་མ་ལྟར་བདེན་པ་མེད་པར་ཤེས་པར་བྱས་ནས། སེམས་གཞན་དུ་མ་ཡེངས་པར་རྩེ་གཅིག་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་ལན་གསུམ་གནང་བར་ཞུ། སློབ་དཔོན་དགོངས་སུ་གསོལ། རང་རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་

༣༣༤

མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། སློབ་དཔོན་དགོངས་སུ་གསོལ། །རང་རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱིད་པ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། །རང་རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པས་སྐྱབས་སུ་སོང་ནས། དེ་ཡི་བསླབ་བྱ་ལ། དེང་ཕྱིན་ཆད་སངས་རྒྱས་ལ་སྟོན་པ། ཐེག་ཆེན་གྱི་ཆོས་ལ་ལམ། བྱང་སེམས་འཕགས་པ་རྣམས་ལ་ལམ་སྒྲུབ་པའི་གྲོགས་སུ་བཟུང་བའི་བསམ་སྦྱོར་བརྟན་པོ་བསྐྱེད་དགོས་པ་ལགས། གསུམ་པ་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་གསོག་ཅིང་སྒྲིབ་པ་སྦྱོང་བ་ནི། འགའ་ཞིག་ཕྱག་དང་མཆོད་པ་ཙམ་ལས་མི་མཛད་ནའང༌། ཇོ་བོ་ཆེན་པོས་ཡན་ལག་བདུན་ཚང་བར་བྱེད་པར་བཤད་པས། ཐོག་མར་ཡན་ལག་བདུན་པ་འབུལ་པའི་ཡུལ་གསལ་གདབ་པ་ནི། མདུན་གྱི་ནམ་མཁར་བསྟན་པའི་བདག་པོ་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ། འཁོར་ཉེ་བའི་སྲས་བརྒྱད་ལ་སོགས་པས་བསྐོར་བས་གཙོ་བྱས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པར་བསམ་ལ། དེ་རྣམས་དང་སློབ་དཔོན་ལྷན་ཅིག་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་པའི་མོས་པས། རྗེས་ཟློས་ཀྱི་ཚིག་རྣམས་དལ་ཞིང་དོད་ལ་སྐབས་ཕྱེད་པར་བརྗོད་པ་ཤིན་ཏུ་གལ་ཆེ་བས། ཡན་ལག་མ་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས་སྟེ་འདིའི་རྗེས་ཟློས་ལན་གསུམ་མཛོད།

༣༣༥

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་ཚིག་བཅད་རེ་དང་ཕྱག་རེ་སྦྲག་པ་ལན་གསུམ་བྱེད་དུ་གཞུག །དེ་བཞིན་དུ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་ཕྱག་དང་བཅས་ཏེ་བྱར་གཞུག་གོ །དེ་ལྟར་བླ་མ་དང་དཀོན་མཆོག་ལ་ཕྱག་འཚལ་བ་སྔོན་དུ་སོང་ནས། གཉིས་པ་མཆོད་པ་འབུལ་བ་ལ་ལྔ་ལས། དང་པོ་དངོས་སུ་བཤམས་པའི་མཆོད་པ་ནི། ཐོག་མར་སློབ་དཔོན་གྱིས་སོ་སོའི་རིག་པས་བྱིན་གྱིས་བརླབས་པར་བྱ་བ་ཡིན་ཏེ། ཞེས་མཚམས་སྦྱར་ལ། སློབ་དཔོན་གྱིས། རིན་པོ་ཆེ་ལ་སོགས་པའི་སྣོད་ཕུན་སུམ་སོགས་པར་དངོས་སུ་བཤམས་པའི་མཆོད་པ་རྣམས་སོ་སོའི་རིག་པས་བྱིན་གྱིས་བརླབས་པའི། ལྷ་རྫས་ཀྱི་མཆོད་ཡོན། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨཱརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྡའི་བར་སྦྱར་བས་བྱིན་གྱིས་བརླབ། དེ་ལྟར་བྱིན་གྱིས་བརླབས་ནས། དངོས་སུ་བཤམས་པའི་མཆོད་པ་རྣམས་རྒྱུར་བྱས་པ་ལས་བྱུང་བའི་ལྷ་རྫས་ཀྱི་མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁམས་ཁྱབ་པར་གྱུར་པ་དང༌། གཞན་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་ཡོད་པའི་མེ་ཏོག་ལ་སོགས་པ་རྣམས། བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་འབུལ་ལོ་སྙམས་པས་འདི་གསུང་བར་ཞུ། ཨོཾ་སརྦ་ཏ་ཐཱ་ག་ཏ་

༣༣༦

ཨཱརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃཿ དེ་བཞིན་དུ། པུཥྤེ་ནས། ཤབྡའི་བར་སྦྱར་བས་མཆོད་དུ་གཞུག །སྤྲོ་ན། མཆོད་ཡོན་ཕལ་ཆེར་སོགས་ཚིག་བཅད་ཇི་ལྟར་རིགས་དང་སྦྲེལ་ནས་བྱས་ཀྱང་རུང་ངོ༌། །གཉིས་པ་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི། །ཕྱོགས་བཅུ་རབ་འབྱམས་མུ་མཐའ་མེད་པའི་འཇིག་རྟེན་ཀྱི་ཁམས་ཇི་སྙེད་ན། བདག་པོས་ཡོངས་སུ་མ་བཟུང་བའི་རིན་པོ་ཆེའི་རི། དཔག་བསམ་གྱི་ཤིང༌། འབྲུ་དང་མེ་ཏོག །སྨན་དང་ནགས་ཚལ་ལ་སོགས་པ་ཐམས་ཅད་རབ་ཏུ་དང་བའི་བློས་བླངས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ན། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཚོགས་རྫོགས་པའི་དོན་དུ་ཁྱེད་རྣམས་ཀྱིས་བཞེས་སུ་གསོལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། མེ་ཏོག་འབྲས་བུ་ཇི་སྙེད་མཆིས་པ་དང༌། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་ཏུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་གང༌། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང༌། །ངང་པ་ར་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁར་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་འདི་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །གསུམ་པ་ལུས་འབུལ་པ་ནི། །བདག་གི་ལུས་འདི་སངས་རྒྱས་དང་བྱང་ཆུབ་

༣༣༧

སེམས་དཔའ་རྣམས་ཀྱི་བྲན་དུ་ཕུལ་ནས། དེ་དག་གི་བྱ་བ་སེམས་ཅན་གྱི་དོན་འབའ་ཞིག་བྱ་སྙམས་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་འབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བཞི་པ་བློས་སྤྲུལ་པའི་མཆོད་པ་ནི། བདག་གི་ཚིག་ལས་བྱུང་བའི་ཁྲུས་ཀྱི་ཁང་པ་ཞེས་པ་ལ་སོགས་པ་འདི་རྣམས་ཚིགས་བཅད་ལས་ཇི་ལྟར་བྱུང་བའི་རིམ་པ་བཞིན་དུ་ལམ་ལམ་བྱུང་བར་མོས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་བར་ཞུ། ཞེས་བརྡའ་སྦྱར་ནས་རང་གིས་ཚིག་དལ་པ་དོད་པ་སྐབས་ཕྱེད་པས་འདི་རྣམས་བརྗོད་པར་བྱའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲིར་བ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་པ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་པདྨ་དང༌། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་

༣༣༨

མཆོག་ཡིད་འཕྲོག་དྲི་ངང་ཁྱབ་པ་ཡི། བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཆུས་བྱུག་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། ལྔ་པ་མཆོད་པ་ཡོངས་སུ་བསྔོ་བ་ནི། དེ་དག་ལས་གཞན་ཡང་མཆོད་པའི་བྱེ་བྲག་མཐའ་ཀླས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མཉེས་པར་བྱེད་ཅིང༌། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པའི་ཚོགས་ནམ་མཁའི་ཁམས་ཁྱབ་པར་གནས་ཤིང་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་འབབ་པར་གྱུར་ཅིག་སྙམས་པས་འདིའི་རྗེས་ཟློས་མཛོད། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་ལན་གཅིག་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མར་དྷ་ནེ། ཏ་ཐ་ག་ཏ་ཡ་ཨཱརྷ་ཏེ། སམྱ་ཀྶཾ་བུདྡྷ་ཡ། །ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བིདྱཱ་བོདྷིཾ་ཙིཏྟ་བཛྲེ། མ་ཧཱ་བོདྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལེན་གསུམ་བརྗོད་དུ་གཞུག་གོ །དེ་ནས་སྐབས་འདིར་གཏོར་མ་འབུལ་བར་སྤྲོ་ན། དེ་རྣམས་ཀྱིས་མཆོད་པའི་ཡན་ལག་དངོས་གཞི་གྲུབ་ནས། རྗེས་འབྲེལ་དུ་གཏོར་མ་འབུལ་བ་ཅི་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། ཞེས་མཚམས་སྦྱར་ལ། གཏོར་མ་རྣམས་

༣༣༩

ལ་ཆབ་བྲན། སློབ་དཔོན་གྱིས། རིན་པོ་ཆེ་ལ་སོགས་པའི་གཏོར་སྣོད་ཀྱི་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་ངོ་བོར་གྱུར་པའི་གཏོར་མ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བརླབས་ནས། གཏོར་མ་དང་པོ། ཨོཾ་སརྦ་གུ་རུ་བུདྡྷ་དྷརྨ་སངྒ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་གསུམ་མམ་ལྔས་བླ་མ་དང་དཀོན་མཆོག་གསུམ་ལ་ཕུལ་ནས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་དཔོན་སློབ་རྣམས་ཀྱི་རྒྱུད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་སྐྱེ་བ་དང༌། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་གཉིས་པ། ཨོཾ་དྷརྨ་པཱ་ལ་ས་པ་རི་ཝ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལེན་གསུམ་གྱིས་ཆོས་སྐྱོང་སྤྱི་ལ་ཕུལ་ནས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་རྣམས་དང༌། དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་རྣམས་མཆོད་སྦྱིན་གྱིས་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང༌། བདག་ཅག་དཔོན་སློབ་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བ་དང༌། བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་དང་སྡོང་གྲོགས་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། གཏོར་མ་གསུམ་པ། གཉུག་མར་གནས་པའི་གཞིའི་བདག་པོ་རྣམས་མདུན་དུ་མངོན་སུམ་བཞིན་འཁོད་པར་བསམ་ལ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱི་བསྔོས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གཞི་བདག །གནས་བདག །གྲོང་བདག །དཀོར་བདག །གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །མཆོད་དོ། །སྟོབ་བོ། །བཞེས་ཤིག །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་ཐམས་ཅད་འབྱུང་བ་དང༌།

༣༤༠

བདག་ཅག་དཔོན་སློབ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་ལ་དགའ་ཞིང་རྗེས་སུ་ཡི་རང་ནས། བར་དུ་གཅོད་པ་ཐམས་ཅད་སྲུང་བའི་སྟོང་གྲོགས་དམ་པ་མཛོད་ཅིག །ཅེས་ཕྲིན་ལས་གཞོལ། གསུམ་པ་སྡིག་པ་བཤགས་པ་ནི། རང་གཞན་ཐམས་ཅད་ཀྱིས་རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་ཤིང༌། བྱེད་པ་པོ་སྒོ་གསུམ་དང་རྗེས་སུ་འབྲེལ་པས་སྔར་བསགས་པའི་སྡིག་ལྟུང་ཐམས་ཅད་དྲན་ཡལ་དུ་བྱས་ནས་དེ་ལ་འགྱོད་པ་དྲག་པོ་བསྐྱེད་པ་དང༌། ད་ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པ་མི་བྱེད་སྙམས་པའི་ཞེ་བཅད་ཆེན་པོ་དང༌། ད་ནི་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་རྟེན་དཀོན་མཆོག་གསུམ་ལ་བརྟེན་ནས་སྡིག་པའི་གཉེན་པོའི་ཆོས་རྣམས་ཚུལ་བཞིན་དུ་ཉམས་སུ་བླང་བར་བྱའོ་སྙམ་པའི་བསམ་པ་ཞེ་ཐག་པའི་སྒོ་ནས་སྡིག་བཤགས་ཀྱི་ཚིག་བརྗོད་པས་སྡིག་པ་ཐམས་ཅད་སངས་སངས་དག་པའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །བཞི་པ་དགེ་བ་ལ་རྗེས་སུ་ཡི་རང་བ་ནི། །འཕགས་པ་དང་སོ་སོ་སྐྱེ་བོའི་བདེ་བ་དང་དགེ་བའི་རྩ་བ་ཐམས་ཅད་ལ་ཞེ་ཐག་པ་ནས་དགའ་བའི་བསམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་སངས་རྒྱས་ནས་ཞུ་བ་པོའི་ཚོགས་རྫོགས་པར་བྱ་བ་ལ་སོགས་པའི་དོན་དུ་ཆོས་ཀྱི་འཁོར་ལོ་མི་བསྐོར་བའང་ཡོད་པས། དེ་རྣམས་ལ་གདུལ་བྱ་རྣམས་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུ་སྙམ་པའི་བསམ་

༣༤༡

པ་ཞེ་ཐག་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་འགའ་ཞིག་སངས་རྒྱས་ལ་དཀོན་མཆོག་པའི་འདུ་ཤེས་བསྐྱེད་པ་ལ་སོགས་པའི་དོན་དུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པའང་ཡོད་པས། དེ་རྣམས་ལ་ཞིང་དེ་རྣམས་ཀྱི་གདུལ་བྱའི་དོན་དུ་མྱ་ངན་ལས་མི་འདའ་བར་ཡུན་རིང་དུ་བཞུགས་སུ་གསོལ་སྙམ་པའི་བསམ་པ་ཞེ་ཐག་པས་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། བདུན་པ་བསྔོ་བ་ནི། དེ་ལྟར་ཕྱག་འཚལ་བ་ལ་སོགས་པའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་དང༌། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་འགྲུབ་པའི་རྒྱུར་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བགྱིའོ་སྙམས་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །དེ་རྣམས་ཀྱིས་སྦྱོར་བའི་རིམ་པ་གྲུབ་ནས། གཉིས་པ་དངོས་གཞི་ནི། ཇི་སྐད་དུ། དེ་ལ་དང་པོའི་རིགས་ནུས་ལས། །སྙིང་རྗེའི་ས་བོན་རབ་སད་ཅིང༌། །སྦྱོར་དང་བསམ་པ་ཕུན་ཚོགས་པས། །བྱང་ཆུབ་སེམས་ནི་ཡོངས་སུ་བཟུང༌། ཞེས་འབྱུང་བས། སེམས་བསྐྱེད་དེ་

༣༤༢

རང་སྟོབས་དང༌། གཞན་སྟོབས་དང༌། སྦྱོར་བའི་སྟོབས་ལས་སྐྱེ་བ་ལས། དང་པོ་ནི། རང་ལ་ཐེག་ཆེན་གྱི་རིགས་ཡོད་པ་ཡིན་ཏེ། ཁྱེད་རྣམས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་འདོད་པའི་བློ་བྱུང་བས་དེ་ཡོད་པར་གྲུབ། གཉིས་པ་ནི། སངས་རྒྱས་ཀྱི་ཡོན་ཏན་དང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཐོས་པ་དང༌། ཐེག་ཆེན་གྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་སོགས་པས་སྐྱེ་བ་ཡིན་ཏེ། དེ་དག་ཀྱང་ཅི་རིགས་པར་ཚང༌། གསུམ་པ་ནི། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་དང༌། རང་ལ་རྨི་ལམ་སྒྱུ་མ་ལྟ་བུའི་འདུ་ཤེས། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་འདུ་ཤེས་བྱེད་པ་སྟེ། དང་པོ་ནི། བླ་མ་འདིས་བདག་ལ་སངས་རྒྱས་ཀྱི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པས་ན་སངས་རྒྱས་དངོས་ཡིན་སྙམ་པ་བྱ། དེ་ལྟར་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་ན་ཤིན་ཏུ་ལེགས། དེ་མ་སྐྱེས་ན་ལང་སེམས་བསྐྱེད་ཀྱི་སློབ་དཔོན་དུ་འོས་པའི་བྱང་ཆུབ་སེམས་དཔའ་ཡིན་སྙམས་པའི་བསམ་པ་ངེས་པར་བསྐྱེད་དགོས་སོ། །གཉིས་པ་ནི། །ཕུང་པོ་ལྔ་ལ་བདག་ཅེས་བཏགས་ཤིང་བློ་འཁྲུལ་པས་བདག་ཏུ་བཟུང་བ་མ་གཏོགས་བདག་བདེན་པར་མ་གྲུབ་པས་སྒྱུ་མའམ་རྨི་ལམ་ལྟ་བུ་ཡིན་སྙམ་དུ་བསམ་མོ། །གསུམ་པ་ནི། དབུ་མ་སྙིང་པོ་ལས། བྱམས་པ་དང་ནི་སྙིང་རྗེ་དང༌། །ཤེས་རབ་ཆེན་པོས་བརྒྱན་པ་ཡི། །སངས་རྒྱས་ས་བོན་བྱང་ཆུབ་སེམས། །དེ་ཕྱིར་མཁས་པས་དེ་མི་བཏང༌། །ཞེས་པ་དང༌། མདོ་སྡེ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། ཅེས་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་ལས། འདི་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་མངོན་པར་མོས་པའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །ཞེས་གསུངས་པས་འདི་ལྟར་ངེས་པར་བྱ་སྟེ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ལན་གྲངས་དཔག་ཏུ་མེད་པར་བདག་གི་མ་བྱས་ཤིང་གནོད་པ་ལས་བསྐྱབས། ཕན་པ་བསྒྲུབས། རང་བས་ཀྱང་གཅེས་པའི་

༣༤༣

འདུ་ཤེས་ཀྱིས། རང་གི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་ང་ལ་ཕན་པ་སྣ་ཚོགས་བྱས། ང་བདེ་བ་དང་ལྡན་ཞིང་བདེ་བ་དང་མེ་འབྲལ་བའི་དོན་དུ་ཚ་གྲང་བཀྲེས་སྐོམ་ངལ་དུབ་ལ་སོགས་པ་དང་ལྡན་པའི་འབད་རྩོལ་ཆེན་པོ་གྲངས་མེད་པར་བྱས་ཤིང༌། ང་ན་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མ་བཟོད་ནས་ངུས་པའི་མཆི་མ་བསགས་ཀྱང་རྒྱ་མཚོ་ཆེན་པོ་བས་ཀྱང་ལྷག་པ་ཡོད་དེ། དེ་ལྟར་གནོད་པ་ལས་བཟློག་ཅིང་ཕན་པ་བསྒྲུབ་པས་འདི་རྣམས་ཤིན་ཏུ་དྲིན་ཆེ་སྙམ་དུ་ལེགས་པར་བསམས་ལ། འདི་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལྡན་ན་ཅི་མ་རུང་སྙམས་པ་དང༌། དེ་ལ་བདག་གིས་དགོད་པར་བྱའོ་སྙམ་པའི་བྱམས་པ་དང༌། འདི་རྣམས་བདེ་བར་འདོད་ཀྱང་སྡུག་བསྔལ་དང་ལྡན་ཏེ། དམྱལ་བ་ལ་ཚ་གྲང༌། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གཅིག་ལ་གཅིག་ཟ་བ་ལ་སོགས་པ་དང༌། མི་ལའང་སྐྱེ་རྒ་ན་འཆི་ལ་སོགས་པ་དང༌། ལྷ་མ་ཡིན་ལ་འཐབ་རྩོད་ལ་སོགས་པ་དང༌། འདོད་ཁམས་ཀྱི་ལྷ་ལ་འཆི་ལྟས་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་ལ། ཁམས་གོང་མ་དག་ཏུའང་དེ་ལས་ཉམས་ནས་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་བས་མཚོན་སྡུག་བསྔལ་ཁོ་ན་ལས་མ་འདས་པའི་ཚུལ། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐམ་པས་ཉམས། དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང༌། གཞན་ཡང་མདོ་ལས། འདོད་པའི་ཁམས་ཀྱང་སྐྱོན་དང་བཅས་པ་སྟེ། །གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་པའོ། །དེ་བཞིན་གཟུགས་མེད་ཁམས་ཀྱང་སྐྱོན་མང་བཅས། ཞེས་དང༌། འདུལ་བ་ལུང་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་སྟེ། །འགྲོ་བ་ལྔ་པོ་

༣༤༤

དག་ཏུ་མི་མཁས་འཁོར། དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་པ་འཁོར་བ་བཞིན། ཞེས་གསུངས་པ་ལྟར། མདོར་ན་གནས་ཁམས་གསུམ་དུ་རྟེན་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནས་དུས་རྟག་ཏུ་སྡུག་བསྔལ་བར་འགྱུར་བའི་སེམས་ཅན་དེ་དག་སྡུག་བསྔལ་དེ་ལས་ཐར་བར་འདོད་ཀྱང༌། ལས་དང་ཉོན་མོངས་པའི་འཆིང་བ་དམ་པོས་བཅིངས། དགེ་བའི་བཤེས་གཉེན་གྱིས་མ་ཟིན། ཐར་པར་འགྲོ་བའི་གྲོགས་བཟང་པོ་དང་བྲལ། འཕགས་པ་རྣམས་ཀྱི་གདུལ་བྱར་ཡང་མ་གྱུར་པས་སྡུག་བསྔལ་ལས་ཐར་པའི་ཐབས་མི་འདུག་པས་རེ་སྙིང་རྗེ་སྙམ་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རང་ཐོག་ཏུ་བབས་པ་ཙམ་དུ་བསམ་ལ། འདི་རྣམས་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དང་བྲལ་ན་ཅི་མ་རུང༌། དེ་དང་བྲལ་བར་བདག་གིས་བྱའོ་སྙམ་པའི་སྙིང་རྗེ་དྲག་ཏུ་བསྒོམས་པ་དང༌། དེ་ལྟར་འདི་རྣམས་བདེ་བ་ལ་དགོད་ཅིང་སྡུག་བསྔལ་ཐམས་ཅད་ལས་སྒྲོལ་བའི་ཁུར་ངལ་བབ་ཅིང་སྤྲོ་ཡང་ད་ལྟ་དེའི་ནུས་པ་མེད་པར་མ་ཟད། དེ་བས་ལྷག་པའི་ཚངས་པ་དང་བརྒྱ་བྱིན། དེ་བས་ལྷག་པའི་ཉན་རང་དགྲ་བཅོམ་པ་ལ་སོགས་པ་ལ་ཡང་མེད། དེ་ལྟར་སུས་ནུས་ན་དོན་གཉིས་ཕུན་སུམ་ཚོགས་པ་རྫོགས་པའི་སངས་རྒྱས་ཁོ་ནས་ནུས་པས་དེ་ཐོབ་པར་བྱ། དེའི་རྒྱུའི་གཙོ་བོ་སེམས་བསྐྱེད་ཡིན་པས་དེ་བླང་པར་བྱ་སྙམ་དུ་ཞེ་ཐག་པ་ནས་བསམ་ལ། སེམས་བསྐྱེད་ནས་དེ་ལ་བསླབ་བྱ་རྣམས་ལ་བསླབ་པས་བདག་གིས་གདོན་མི་ཟ་བར་སངས་རྒྱས་ཐོབ་དེས། དེ་ཐོབ་ནས་སེམས་ཅན་རྣམས་སྡུག་བསྔལ་གྱི་ཆུ་བོ་ལས་བསྒྲལ། ལས་དང་ཉོན་མོངས་པའི་འཆིང་བ་ལས་སྒྲོལ། གནས་སྐབས་སུ་སྡུག་བསྔལ་ལས་དབུགས་དབྱུང་བ། མཐར་ཐུག་མྱ་ངན་ལས་བཟླ་སྙམ་དུ་བསམ་

༣༤༥

ལ། མདུན་གྱི་ནམ་མཁར་ཐུབ་པ་ཆེན་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མངོན་སུམ་དུ་བཞུགས་པར་མོས་པ་དང་བཅས་ཏེ་དགོངས་སུ་གསོལ་ཞེས་བརྗོད། བརྗོད་པའི་ཚེ་འདི་རྣམས་ཀྱི་ཡེ་ཤེས་དང་ཐུགས་རྗེས་ངེས་པར་གཟིགས་སྙམ་དུ་བསམ་པ་ཤུགས་དྲག་ཏུ་བསྐྱེད། པུས་མོ་གཡས་པའི་ལྷང་ས་ལ་བཙུགས་པའི་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་ནས་དོན་དྲན་བཞིན་པས་སེམས་རྩེ་གཅིག་ཏུ་བྱས་ཏེ། ཆོ་ག་འདི་རྣམས་ཀྱི་རྗེས་སུ་བཟླས་པ་ལན་གསུམ་གྱི་སྒོ་ནས་སེམས་བསྐྱེད་དགོས་པས་རྗེས་ཟློས་དང་པོ་གནང་བར་ཞུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། སོ་སོ་རང་རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང་སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རངས་པའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ཞེས་ལན་གཅིག་བརྗོད་དུ་གཞུག །དེས་རྗེས་

༣༤༦

ཟློས་དང་པོ་སོང་ནས། གཉིས་པ་དང་གསུམ་པའང་ལན་རེ་རེ་ཞིང་བློ་སྦྱོང་ཞིང་བྱ་བར་གསུངས་པས་ན་བསམ་པ་འདི་བཞིན་དུ་མཛོད། ནམ་མཁའ་ལ་མཐའ་མེད་པ་བཞིན་སེམས་ཅན་གྱི་ཁམས་ལའང་མཐའ་མེད། མཐའ་མེད་པའི་སེམས་ཅན་རེ་རེས་ཀྱང་རང་ཉིད་ཀྱི་ཕ་མ་གྲངས་མེད་པ་བྱས་ཤིང་བྱས་རེས་བཞིན་དུ་ད་ལྟའི་ཕ་མ་དང་མཚུངས་པར་ཕན་པ་ཚད་མེད་པ་བཏགས། གནོད་པ་ལས་ཅི་ནུས་ཀྱིས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན་པས་བདག་གིས་ཀྱང་དེ་རྣམས་ལ་དྲིན་བཟོ་བའི་སླད་དུ་ཕན་པ་བསྒྲུབ་ཅིང༌། གནོད་པ་ལས་ཟློག་པར་བྱ། དེ་ཡང་གང་གིས་ཕན་ན་བདེ་བས་དངོས་སུ་ཕན་ཞིང༌། དགེ་བས་བརྒྱུད་ནས་ཕན་པའི་ཕྱིར་མ་དྲིན་ཅན་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམས་པའི་བྱམས་པ་དང༌། སྡུག་བསྔལ་གྱིས་དངོས་སུ་གནོད་ཅིང་སྡིག་པས་བརྒྱུད་ནས་གནོད་པའི་ཕྱིར་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་ཚུལ་དེ་ཐམས་ཅད་ཀྱང་བདག་ཁོ་ནས་བགྱིའོ་སྙམ་དུ་ཁུར་ཁྱེར་བ་ལྷག་པའི་བསམ་པ་རྣམ་པར་དག་པ་སྔོན་དུ་འགྲོ་བས། དེ་ལྟར་སེམས་ཅན་ཐམས་ཅད་ཕན་བདེ་མཐའ་དག་ལ་དགོད་ནུས་པ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཁོ་ན་ལ་རག་ལས་པའི་ཕྱིར། བདག་གིས་ཀྱང་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཅི་ནས་ཀྱང་ཐོབ་ངེས་པ་ཞིག་བྱ། དེ་ཡང་རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས། རྒྱུ་རྐྱེན་གྱི་གཙོ་བོ་རྣམ་པ་ཀུན་ཏུ་དགེ་བའི་རྩ་བ་ཇི་སྙེད་ཅིག་བསགས་པའི་མཐུ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ཅིང་རྒྱལ་བའི་སྲས་ཀྱི་ལམ་ལས་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱས་ཏེ། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཆུ་གཏེར་ལས་བསྒྲལ་ཞིང་ཀུན་འབྱུང་གི་འཆིང་བ་ལས་སྒྲོལ་བ་དང༌། སྲིད་པའི་ཁམས་ལས་དབུགས་དབྱུང་ཞིང་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོར་དགོད་པར་བགྱིའོ་

༣༤༧

སྙམ་པའི་མོས་པ་ཤུགས་དྲག་ཏུ་བསྐྱེད་ཅིང་ཚིག་ཏུ་བརྗོད་པ་ན་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་གཟིགས་པ་དམ་པས་མངོན་སུམ་དུ་མཁྱེན་ངེས་སྙམས་པའི་དད་གུས་ཀྱི་སེམས་རྩེ་གཅིག་པ་དང་བཅས་པས་རྗེས་ཟློས་གཉིས་པ་མཛད་པར་ཞུ། ཕྱོགས་བཅུ་ན་བཞུགས་པའི། ནས། བཟླ་བར་བགྱིའོ། །བར་ལན་གཅིག །སླར་ཡང་འདི་ལྟར་ངེས་པར་བྱ་སྟེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཚད་མེད་པའི་མོས་གུས་བསྐྱེད་པ་སྔོན་དུ་འགྲོ་བས། བདག་དང་སེམས་ཅན་ཐམས་ཅད་དོན་དམ་པར་བདེན་པར་མ་གྲུབ་ཀྱང༌། ཀུན་རྫོབ་ཏུ་ང་དང་ང་ཡིར་འཛིན་པའི་དབང་གིས་སྒྱུ་མ་དང་རྨི་ལམ་ལྟར་བདེ་སྡུག་སྣ་ཚོགས་པ་ཉམས་སུ་མྱོང་བའི་སྐབས་འདིར། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་རྣམ་པ་ཀུན་ཏུ་མཚུངས་པས་ན། གནས་སྐབས་སུ་བདག་གི་བདེ་བ་དང་དགེ་བའི་རྩ་བ་ཅི་མཆིས་པ་རྣམས་མར་གྱུར་དྲིན་ཅན་ཐམས་ཅད་ལ་ཕོངས་པ་མེད་པར་གཏོང་ཞིང༌། དེ་རྣམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པར་རང་ཉིད་ཀྱིས་དང་དུ་བླངས་པར་བགྱིའོ་སྙམས་པ་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་བ་དང༌། སེམས་ཅན་ཐམས་ཅད་ལ་རེ་རེ་ཞིང་ཕན་པ་དང་བདེ་བ་མཐའ་དག་བསྒྲུབ་པར་བགྱི། དེའི་ཆེད་དུ་རྒྱལ་བ་སྲས་དང་བཅས་པའི་བགྲོད་པ་གཅིག་པའི་ལམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པར་བགྱིའོ་སྙམས་པ་སྟེ། མདོར་ན་བླ་མ་དང་དཀོན་མཆོག་ལ་དད་པ་ཆེན་པོ་དང༌། སེམས་ཅན་ལ་བརྩེ་བ་ཆེན་པོ་དང༌། སངས་རྒྱས་ཐོབ་འདོད་ཀྱི་འདུན་པ་ཆེན་པོ་སྟེ་ཆེན་པོ་གསུམ་དང་ལྡན་པའི་སྒོ་ནས་རྗེས་ཟློས་གསུམ་པ་འདི་ཤིན་ཏུ་གལ་ཆེ་བ་ལགས་པས་བཤད་པ་བརྡ་འཕྲོད་པ་དང༌། དམ་བཅའི་ཚིག་རྣམས་ངལ་ཞིང་དོད་ལ་སྐབས་ཕྱེད་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་ནས། བཟླ་བར་བགྱིའོ། །བར་ལན་གཅིག །དེས་ཁྱེད་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཏུ་སྨོན་པའི་སེམས་ཁྱད་པར་ཅན་སྐྱེ་བ་ཡིན་པས་སྐྱེས་ངེས་སྙམ་

༣༤༨

པའི་ཐོབ་ཤིས་ཀྱི་དགའ་བ་བསྐྱེད་པར་ཞུ། གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ་ལས། དང་པོ་སེམས་གཟེངས་བསྟོད་པ་ནི། བདག་གིས་ཐོག་མ་མེད་པ་ནས་ལུས་དཔག་ཏུ་མེད་པ་བླངས་ཀྱང༌། དོན་ཆེན་པོ་མ་གྲུབ་པས་འཁོར་བར་ལུས་པ་ཡིན་པ་ལ། ད་རེས་རང་གཞན་ཐམས་ཅད་ཀྱི་ཕན་བདེའི་རྒྱུ་གཅིག་པུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པས། དལ་འབྱོར་གྱི་རྟོན་འཚོ་བ་དང་བཅས་པ་དོན་ཡོད་ཅིང༌། རྒྱལ་བའི་སྲས་སུ་གྱུར་པས་དོན་ཐམས་ཅད་གྲུབ་སྙམས་པ་དང༌། ཇི་ལྟར་འབྱུང་བའི་ཚིག་རྣམས་ཀྱི་དོན་ལ་ཡང་ལེགས་པར་སེམས་ཤིང་དགའ་སྤྲོ་ཁྱད་པར་ཅན་བསྐྱེད་བཞིན་པའི་ངང་ནས་འདིའི་རྗེས་ཟློས་མཛོད། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེ། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་ལན་གཅིག་བརྗོད་དུ་གཞུག །གཉིས་པ་བསླབ་བྱ་བསྟན་པ་ལ་རྣམ་པ་ལྔ་ཡོད་པ་ནི། ཚིག་འདི་རྣམས་ལ་གསན་པས་ཁྱབ་པར་གདའ་སྟེ། དེ་ཡང་དང་པོ་ཡང་དང་ཡང་དུ་སེམས་བསྐྱེད་པར་གདམས་པ་ནི། མདོ་ལས། ཁྱོད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ། །ཇི་ལྟར་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། །ཞེས་གསུངས་ཤིང༌། དགེ་བའི་བཤེས་གཉེན་ཤར་བའི་ཞལ་ནས་ཀྱང༌། བྱང་ཆུབ་ཀྱི་སེམས་ཏིང་ངེ་འཛིན་དུ་ཅི་འོང་བྱ། ཐེག་ཆེན་བསམ་གཏན་གྱི་དམིགས་པ་ཡང་འདི་ཁོ་ན་ཡིན་གསུང་སྐད། དེས་ན་ཡན་ལག་བདུན་པ་དང་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་བསྡུས་ཅི་རིགས་པའི་སྒོ་ནས་ཡང་དང་ཡང་དུ་སེམས་བསྐྱེད་ཅིང༌། བྱང་ཆུབ་ཀྱི་སེམས་འཕེལ་བར་བྱ་བའི་ཕྱིར་ཐ་ནའང་ཉིན་ལན་གསུམ་མཚན་ལན་གསུམ་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པས་ཞེ་

༣༤༩

ཐག་པ་ནས་སེམས་བསྐྱེད་པར་བྱའོ། །གཉིས་པ་ཚོགས་གཉིས་བསགས་པ་ལ་བསླབ་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་བློས་སྦྱིན་པ་ལ་སོགས་པའི་དགེ་བ་ལ་མྱུར་དུ་འབད་པར་བྱ་སྟེ། ཇོ་བོའི་ཞལ་ནས། དགེ་བ་ཐམས་ཅད་ལ་ཚུལ་སྣ་ཚོགས་ནས་འབད་པར་བྱ་ཞིང་འཕྲལ་ཐམས་ཅད་མཁྱེན་པར་བསྔོ། དེ་ལྟར་བྱས་ན་བསོད་ནམས་ཀྱང་ཡེ་ཤེས་དང༌། ཡེ་ཤེས་ཀྱང་བསོད་ནམས་ཀྱི་ཚོགས་སུ་འགྲོ་བས་ཚོགས་གཉིས་ཐ་མི་དད་དུ་བྱ་སྟེ། ཐམས་ཅད་མཁྱེན་པ་ཚོགས་གཉིས་ཀྱི་འབྲས་བུ་ཡིན་པས་སོ། །ཞེས་གསུང་སྐད། གསུམ་པ་ཆོས་བཞིའི་སྤངས་བླང་ལ་བསླབ་པ་ནི། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས་བཞི་སྤངས་ནས། མི་ཉམས་པར་བྱེད་པའི་ཆོས་བཞི་ལ་སློབ་པར་བྱེད་པ་ཡིན་ཏེ། དེ་དག་ཀྱང་སྤང་གཉེན་དུ་བླ་མ་རྣམས་བཞེད་པས། དེ་ལ་བླ་མ་དང་མཆོད་པར་འོས་པ་བསླུ་བ་ནི། ལྟུང་བ་གླེང་བ་ན་བྱུང་བཞིན་དུ་མ་བྱུང་ཞེས་སྨྲ་བའམ། དགེ་བ་བསྒྲུབ་པའི་ནས་པ་ཡོད་བཞིན་དུ་མེད་ཅེས་པ་ལྟ་བུ་རྫུན་གྱིས་བསླུ་བ་ཡིན་ལ། དེའི་གཉེན་པོར་སྲོག་གི་ཕྱིར་ཡང་བསམ་བཞིན་དུ་རྫུན་མི་སྨྲ་བ་ལ་བསླབ་པར་བྱའོ། །གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་ནི། སྤྱིར་དགེ་བ་ལ་ཞུགས་པ་དང༌། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་ཞུགས་པ་ལ་འགྱོད་པ་བསྐྱེད་པ་ཡིན་ཏེ། དེའི་གཉེན་པོར་སེམས་ཅན་འགའ་ཞིག་དགེ་བ་ལ་དགོད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་མ་ཡིན་ནོ། །ཞེས་པའི་དོན་ལ་བསླབ་པར་བྱའོ། །སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པའི་གཉེན་པོར། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་ཕྱོགས་བཅུར་ཡང་དག་པ་རི་ཡོན་ཏན་བརྗོད་པ་ལ་བསླབ་པར་བྱ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། ཉིན་དང་དེ་བཞིན་

༣༥༠

མཚན་མོ་ལན་གསུམ་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་མགོས་ཕྱག་འཚལ། །རྟག་ཏུ་འདོད་བཞིན་སྤྱད་པ་སྤྱོད་པ་ན། །དེ་དག་འཁྲུལ་པ་ཙམ་ཡང་མི་བཙལ་ལོ། །ཞེས་གསུངས་པ་ལྟར་བྱའོ། །སེམས་ཅན་ཐམས་ཅད་ལ་སྒྱུ་དང་གཡོས་སྤྱོད་པའི་གཉེན་བོར། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པར་བྱ་ཡི། གཡོ་དང་སྒྱུ་མ་ཡིན་པ་ལ་བསླབ་པར་བྱའོ། ལྷག་པའི་བསམ་པ་ནི། སེམས་ཅན་ཐམས་ཅད་ཕན་བདེ་ལ་སྦྱོར་བར་འདོད་པའོ། །བཞི་པ་སེམས་ཅན་བློས་མི་སྤང་བ་ལ་བསླབ་པ་ནི། སེམས་ཅན་ཁྱུ་རིལ་དུ་སྤངས་པ་ནི་སེམས་ཅན་གྱི་སྐྱོན་མཐོང་བའམ། ཐེག་ཆེན་གྱི་ལམ་སྒྲུབ་དཀའ་བ་ལ་སོགས་པའི་རྒྱུས་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བློས་སྤངས་བ་སྟེ། དེ་བྱུང་ན་ཐར་པ་གཏན་མི་འདོད་དམ་ཉན་རང་གི་ཐར་པ་འདོད་ཀྱང་རུང༌། སྨོན་འཇུག་གཉིས་ཀ་གཏོང་སྟེ། མདོ་སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། ཞེས་གསུངས་སོ། །ཉི་ཚེ་བ་སྤོང་བ་ནི། སེམས་ཅན་འགལ་ཞིག་ལ་བདག་གིས་ཕན་གདགས་དགོས་ཤིང་ནུས་ཀྱང་མི་གདགས་སྙམས་དུ་བློས་འདོར་བ་སྟེ། དེས་ཀྱང་སེམས་ཅན་ལ་དམིགས་པའི་སེམས་བསྐྱེད་གཏོང་བས་ཐུན་ཚོད་ཀྱི་ནང་དུ་གང་བློས་སྤངས་བ་དེ་ཕན་སེམས་ཀྱིས་བློས་བཟུང་ལ། དེ་ལ་དངོས་སུ་ཕན་མ་ཐོགས་ཀྱང་རང་གི་བློ་མ་གནོད་པར་བྱ་གསུང༌། དེས་ན། གཞན་ཕན་ལས་ལ་མཐུ་མེད་ཀྱང༌། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་པས་སེམས་ཅན་ཐམས་ཅད་ལ་ཕན་སེམས་བསྐྱེད་པར་བྱའོ། །ལྔ་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པར་བྱ་བ་ནི། སྡོང་པོ་བཀོད་པའི་མདོ་ལས། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་

༣༥༡

དང༌། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང༌། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཡོད་པ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཡང་དེ་སྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་འདི་ལས་བྱུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་འབྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །ཞེས་གསུངས་པ་ལ་སོགས་པའི་ཕན་ཡོན་རྣམས་ཡང་དང་ཡང་དུ་དྲན་པར་བྱའོ། །གཞན་ཡང་གཞུང་ལས། །ཁྱད་པར་དུ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལ་བསླབ་པར་བྱའོ། །ཞེས་འབྱུང་བས། །མདོ་དེའི་དོན། རྣམ་རྟོག་གིས་ཀྱང་འདོད་པ་མི་བསྟེན་ན། དབང་པོ་གཉིས་སྤྲོད་པ་ལྟ་ཅི་སྨོས་ཤིང་རྨི་ལམ་དུའང་མི་དགེ་བའི་བཤེས་གཉེན་ལ་མི་བསྟེན་པ་དང༌། བྱ་དང་འདྲ་བར་སེམས་ཀྱིས་ཡོངས་སུ་འཛིན་པ་མེད་པ་དང༌། ཐབས་ཤེས་གཉིས་ལ་མཁས་ཀྱང་ང་རྒྱལ་མེད་པ་དང༌། དངོས་པོར་འཛིན་པ་སྤངས་ནས་སྟོང་ཉིད་ཀྱི་རྣམ་ཐར་བརྟེན་པར་བྱ་བ་དང༌། ཡང་དག་པར་བདེན་པ་མ་ཡིན་པས་སྒྱུ་མ་དང་འདྲ་བའི་ཤེས་པས་སྤྱད་པ་དང༌། སེམས་ཅན་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པ་དང༌། རྒྱུ་དང་འབྲས་བུ་ལ་སྐུར་པ་མི་གདབ་པ་སྟེ་ཆོས་བདུན་པོ་དེ་བསྟན་པས་དེ་དག་ལ་བསླབ་པར་བྱའོ། །ཡང༌། ནག་པོའི་ཆོས་བཞི་དང༌། སེམས་ཅན་བློས་སྤོངས་པའི་ལྟུང་བ་བྱུང་ནས་ཉིན་ཞག་གཅིག་གི་དྲུག་ཆའི་ཐུན་ཚོད་ལས་འདས་ན་སེམས་བསྐྱེད་གཏོང་བས་བཤགས་བསྡམས་བྱས་ལ་སླར་བླང༌། ཐུན་ཚོད་ཀྱི་ནང་དུ་གཉེན་པོ་སྐྱེས་ན་བཤགས་དུས་སྔ་ཕྱི་འདྲ་ཞིང༌། བཤགས་ཡུལ་བྱང་ཆུབ་སེམས་དཔའ་འམ། མ་རྙེད་ན་སོ་ཐར་གྱི་དགེ་བསྙེན་ཡན་ཆད་ཀྱི་མདུན་དུ་ལྟུང་བ་འདི་བྱུང་སྟེ་ཞེས་དངོས་པོ་བརྗོད་ནས་བཤགས་པར་བྱ་གསུངས་སོ། །སྨོན་པ་སེམས་

༣༥༢

བསྐྱེད་ཀྱི་སྐོར་འདི་རྒྱལ་བ་བྱམས་པ་ནས་ཇོ་བོའི་བར་དུ་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ་ཁོ་ན་ལས་བྱོན་པ་ཡིན། འདིའི་བློ་སྦྱོང་དང༌། ཆོ་ག་དང༌། བསླབ་བྱ་དང་བཅས་པ་འདི་གཞུང་གཞན་ན་མི་བཞུགས་པས་འདི་དང་སྐྱབས་འགྲོ་ཁོ་ན་ཇོ་བོ་བོད་ལ་བཀའ་དྲིན་ཆེ་བ་ཡིན། དེས་ན་སྨོན་པ་སེམས་བསྐྱེད་སྐོར་དང་བཅས་པ་འདི་ཇོ་བོའི་གདམས་ངག་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ་གསུངས་ཤིང༌། འདི་ལ་སློབ་མའང་ངེས་པ་མེད་པས་ཐམས་ཅད་ལ་གནང་བ་ལགས། གསུམ་པ་གཏོང་རག་གི་མཆོད་པ་འབུལ་བ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ཡིན་པས། དེའི་དྲིན་ལན་དུ་སྔར་སྦྱོར་བའི་སྐབས་སུ་ཇི་སྐད་བཤད་པའི་དམིགས་པ་རྣམས་ཡིད་ལ་དྲན་བཞིན་པས་དངོས་སུ་བཤམས་པའི་མཆོད་པ་དང༌། ལུས་དབུལ་བའི་མཆོད་པ་དང༌། །དེ་ལས་གཞན་ཡང་བློས་སྤྲུལ་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་པ་རྣམས་རིམ་བཞིན་དུ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། དངོས་སུ་བཤམས་པའི་མཆོད་པ་རྣམས་ཁ་གསོས་ལ། སློབ་དཔོན་གྱིས་སྦྱོར་བའི་སྐབས་ལྟར་བྱིན་གྱིས་བརླབ་ནས། དཔོན་སློབ་ཐུན་མོང་དུ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་སོགས་ཀྱིས་མཆོད། ལུས་འབུལ་བའི་མཆོད་པ། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། སོགས་ཤོ་ལོ་ཀ་གཅིག་དང༌། གཞན་ཡང༌། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། སོགས་ཤྩོ་ཀ་གསུམ་རྣམས་ཚར་རེ་བརྗོད་དུ་གཞུག་གོ །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་སྨོན་པ་སེམས་བསྐྱེད་ཀྱི་ཆོ་ག་ཡན་ལག་དང་བཅས་པ་ལེགས་པར་ཕུལ་གྲུབ་ནས། གཉིས་པ་འཇུག་པའི་སེམས་བསྐྱེད་ནི་བྱང་ཆུབ་སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ནས་གསུངས་ཤིང༌། དེའི་ཆོ་ག་ཡང་གསལ་པོར་གསུངས་པ་བཞིན་དུ། ཇོ་བོ་ཆེན་པོས་ཆོ་གའི་གཞུང་མཛད་པའི་ཚུལ་ལྟར་འདིར་སྡོམ་པ་འབོག་པའི་ཆོ་ག་ལ་གསུམ། ལེན་པ་པོའི་གང་ཟག །བླང་བའི་ཡུལ། བླང་བའི་ཆོ་གའོ། །དེ་ལ་དང་པོ་ལེན་པོའི་གང་ཟག་ནི། སྨོན་པའི་སེམས་སྐྱེས་ཤིང་བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་གསུམ་ལ་ངེས་པར་སློབ་པར་འདོད་པའི་འདུན་པ་དང་

༣༥༣

ལྡན་བ་སྟེ། བྱང་ས་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་འདི་དག་ལ་བསླབ་པར་འདོད་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་ཞེས་གསུངས་ཤིང༌། སོ་སོ་ཐར་པ་རིགས་བདུན་གང་རུང་གི་སྡོམ་པ་དང་ལྡན་དགོས་ཏེ། ཇོ་བོས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། ཞེས་གསུངས་སོ། །གཉིས་པ་གང་ལས་བླང་བའི་ཡུལ་ནི། རང་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་ཞིང༌། སྡོམ་པའི་ཆོ་ག་ལ་མཁས་པ། སློབ་མས་གོ་བར་ནུས་པའི་ཚིག་གི་སྒོ་ནས་སྡོམ་པ་འབོགས་པར་ནུས་པ་སྟེ། སྡོམ་པ་ཉི་ཤུ་པ་ལས། །བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་གསུངས་སོ། །གསུམ་པ་ཇི་ལྟར་བླང་བའི་ཚུལ་ལ་སྦྱོར་བ། དངོས་གཞི། མཇུག་གི་ཆོ་གའོ། །དང་པོ་ལའང་ལྔ། གསོལ་བ་གདབ་པ་དང༌། བསམ་པ་བརྟག་པ་དང༌། མྱུར་དུ་སྦྱིན་པར་གསོལ་བ་གདབ་པ་དང༌། བར་ཆད་དྲི་བ་དང༌། བསླབ་པའི་གནས་གོ་བར་བྱས་ནས་སྤྲོ་བ་དྲི་བའོ། །དང་པོ་གསོལ་བ་གདབ་པ་ལ། ཐོག་མར་སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་ཕྱག་གསུམ་མཛད་པར་ཞུ། ཞེས་ཕྱག་གསུམ་འཚལ་དུ་གཞུག །དེ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་པར་སྦྱར་ལ་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས། ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་ཁྱོད་ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལེན་པར་འཚལ་གྱིས། དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ། །ལན་གསུམ།

༣༥༤

གཉིས་པ་བསམ་པ་བརྟག་པ་ལ་གསུམ་ལས། དང་པོ་བློ་རྩལ་ལ་བརྟག་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པ་ལ་ངས་མི་འགྲུབ་པའམ། མི་ནུས་པ་གང་ཡང་མེད་སྙམ་པའི་བློ་རྩལ་དགོས་པས། སྣོད་དུ་བྱེད་པའི་ཆོས་བཞི་བརྗོད་ལ་བརྟག་པར་བྱ་བར་གསུངས་པས་ངེད་ཀྱིས་དྲིས་པའི་ཚིག་འདི་རྣམས་ལ་ལན་དྲངས་པོར་ཐོབ་མཛོད། ཅེས་བརྡ་སྦྱར་ལ་སློབ་དཔོན་གྱིས། འདི་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྨིན་པར་བྱེད་དགོས་ལ། དེ་ལ་བསླབ་པ་གྲངས་མེད་པ་ལ་བསླབ་དགོས་ན། སེམས་ཅན་ཐམས་ཅད་སྨིན་པར་བྱེད་པའི་བསླབ་པ་རྣམས་ལ་སློབ་པར་ནུས་སམ། ཞེས་དྲིས་ལ། སློབ་མས། ནུས་ལགས། ཞེས་བརྗོད་པས་ཁས་བླང་ངོ༌། །དེ་བཞིན་དུ། སློབ་དཔོན་གྱིས། བྱང་ཆུབ་སེམས་དཔའ་ཞིང་ཁམས་གྲངས་མེད་པ་སྦྱོང་བ་དང༌། སངས་རྒྱས་གྲངས་མེད་པ་མཉེས་པར་བྱ་དགོས་ན། ཞིང་ཁམས་གྲངས་མེད་པ་སྦྱང་བ་དང་སངས་རྒྱས་གྲངས་མེད་པ་མཉེས་པར་བྱེད་པ་ལ་སློབ་པར་ནུས་སམ། ཞེས་དྲིས་ལ། སློབ་མས་ནུས་ལགས་ཞེས་བརྗོད་པས་བས་བླང་ངོ༌། །སློབ་དཔོན་གྱིས། བྱང་སེམས་ཀྱི་སྡོམ་པ་དེ་ཉམས་ན་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པར་དམ་བཅས་ནས་དེ་དག་ཐམས་ཅད་བསླུས་པར་འགྱུར་ཏེ། ཇི་སྐད་དུ། སྤྱོད་འཇུག་ལས། དངོས་པོ་ཕལ་པ་ཅུང་ཟད་ལའང༌། །ཡིད་ཀྱིས་སྦྱིན་ཞེས་བསམ་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པ། །དེ་ཡང་ཡི་དྭགས་རྒྱུར་གསུངས་ན། །བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཅི་ག་འགྲོར་འགྱུར་ངམ། ཞེས་གསུངས་པས། །སེམས་ཅན་ཐམས་ཅད་བསླུས་བའི་རྣམ་སྨིན་གྱིས་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་བའི་ཉེས་དམིགས་ཆེན་པོ་ཡོད་ན། ཉེས་དམིགས་དེས་མི་འཇིགས་སམ། ཞེས་དྲིས་པ་ལ། ཉམས་ན་ཉེས་དམིགས་ཆེ་ཡང་མ་ཉམས་པ་བྱས་པས་ཆོག་སྙམ་དུ་གོ་བ་བསྐྱེད་ལ་ལན་ཐོབ་མཛོད། ཅེས་བརྗོད་ལ། སློབ་མས། མི་འཇིགས་

༣༥༥

ལགས། ཞེས་བརྗོད་ཅིང་ཁས་བླང་ངོ༌། །ཡང་སློབ་དཔོན་གྱིས། བསླབ་པ་དེ་མ་ཉམས་པར་བསྲུངས་ན། སྤྱོད་འཇུག་ལས། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང༌། ཞེས་གསུངས་པ་ལྟར་བསོད་ནམས་རྒྱུན་མི་འཆད་པར་འབྱུང་བ་ལ་སོགས་པའི་ཕན་ཡོན་ཆེན་པོ་ཡོད་ན་ཕན་ཡོན་ཆེན་པོ་དེ་ཐོབ་པར་འདོད་པས་བསླབ་པ་དེ་ལ་སློབ་པར་སྤྲོའམ། ཞེས་དྲིས་པ་ལ། སློབ་མས། སྤྲོ་ལགས། ཞེས་བརྗོད་པས་ཁས་བླང་ངོ༌། །གཉིས་པ་ཤེས་རབ་ལ་བརྟག་པ་ནི། སློབ་དཔོན་གྱིས། རིགས་ཀྱི་བུ། ཞེས་བརྗོད་པ་སྔོན་དུ་འགྲོ་བས། སློབ་མ་སོ་སོའི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ཐོས་སམ། ཞེས་དྲིས་ལ། སློབ་མས། ཅུང་ཟད་ཐོས་སོ། །ཞེས་ལན་བཏབ། དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ཤེས་སམ། ཞེས་དྲིས་ལ། ཅུང་ཟད་ཤེས་སོ། །ཞེས་ལན་བཏབ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལ་དད་དམ། ཞེས་དྲིས་ལ། ཤིན་ཏུ་དད་དོ༌། །ཞེས་ལན་བཏབ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལས་གསུངས་པའི་བསླབ་པའི་གཞི་རྣམས་པ་སྲུང་བར་ནུས་སམ། ཞེས་དྲིས་ལ། བསྲུང་བར་ནུས་ལགས། ཅེས་ཁས་བླང་དུ་གཞུག་གོ །གསུམ་པ་འདུན་པ་ལ་བརྟག་པ་ནི། ཐོག་མར་འདི་ལྟར་ངེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བརྟེན་ནས། བདག་ཉིད་སངས་རྒྱས་ཐོབ་ཅིང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པས་དེ་ལ་འཇུག་པར་བྱའོ་སྙམ་པའི་འདུན་པ་རྩེ་གཅིག་ཏུ་བསྐྱེད་ལ་ངེད་ཀྱིས་དྲིས་པའི་ཚིག་འདི་རྣམས་ལ་ལན་ཐོབ་མཛོད། ཞེས་བརྡ་སྦྱར་ལ། སློབ་དཔོན་གྱིས། རིགས་ཀྱི་བུ་ཁྱོད་ཉོན་ཅིག །ཁྱོད་འདི་

༣༥༦

ལྟར་སེམས་ཅན་མ་བསྒྲལ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམ་དགྲོལ་བ་དང༌། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་བཟླ་བ་དང༌། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། ཞེས་དྲིས་ལ། སློབ་མས། འདོད་ལགས། ཅེས་ལན་བཏབ་པ་ལ། སློབ་དཔོན་གྱིས། དེ་ལ་ཁྱེད་ཀྱིས་སེམས་བསྐྱེད་བརྟན་པ་དང༌། ཡི་དམ་བརྟན་པར་བྱའོ། །ཞེས་གདམས། ཡང་སློབ་དཔོན་གྱིས། གཞན་དང་འགྲན་པའི་ཆེད་དུ་མ་ཡིན་ནམ། ཞེས་དྲིས་ལ། སློབ་མས་། མ་ཡིན་ལགས། ཅེས་ལན་བཏབ། གཞན་གྱིས་ནན་གྱིས་ལན་དུ་བཅུག་པ་མ་ཡིན་ནམ། ཞེས་དྲིས་ལ། མ་ཡིན་ལགས། ཅེས་ལན་བཏབ་བོ། །གསུམ་པ་མྱུར་དུ་སྦྱིན་པར་གསོལ་བ་གདབ་པ་ལ། མཆོད་པ་འབུལ་བ་ཕྱག་འཚལ་བ་སྔོན་དུ་འགྲོ་བའི་སྒོ་ནས་གསོལ་བ་གདབ་པར་གསུངས་པས། ཐོག་མར་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་བཞུགས་པར་བསམ་ལ། དེ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཚད་མེད་པ་རྗེས་སུ་དྲན་པས་དང་འདོད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་ཏུ་བསྐྱེད་བཞིན་པའི་ངང༌། དངོས་སུ་བཤམས་པའི་མཆོད་པ་དང༌། ལུས་དབུལ་བའི་མཆོད་པ་དག་རིམ་བཞིན་དུ་གནང་བར་ཞུ། ཞེས་བརྡ་སྦྱར་ལ། མཆོད་པ་གསར་དུ་བཤམས་པ་རྣམས་སློབ་དཔོན་གྱིས་སྔར་ལྟར་བྱིན་གྱིས་བརླབས། དེ་ནས་དཔོན་སློབ་ཐུན་མོང་དུ། མཆོད་ཕྲེང་ཚིགས་བཅད་དང་བཅས་རྒྱས་པར་བྱ་བའམ། བསྡུ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པཱུཥྤེནས། ཤབྡའི་བར་སྦྱར་བ་དང༌། །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། སོགས་ཤློ་ཀ་གཅིག་བརྗོད་དུ་གཞུག །སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་དེ་ཕྱག་གསུམ་མཛད་པར་ཞུ། ཞེས་ཕྱག་གསུམ་འཚལ་ཟིན་པ་དང༌། རང་རང་གི་གྲལ་ལ་ཙོག་པུར་འཁོད་དེ་ཕྱག་སྙིམ་པ་མེ་ཏོག་དང་བཅས་

༣༥༧

པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་མྱུར་དུ་སྩལ་དུ་གསོལ། ལན་གསུམ། བཞི་པ་བར་ཆད་དྲི་བ་ནི། སྡོམ་པའི་རྟེན་དུ་བྱང་སེམས་ཀྱི་རིགས་ལ་གནས་ཤིང་སྨོན་པའི་སེམས་སྐྱེས་པ་དགོས་པས་དེ་ལྟ་བུའི་རིགས་ཅན་ཡིན་ནམ་ཞེས་དྲིས་པ་འདི་ལ་ལན་ཐོབ་མཛོད། རིགས་ཀྱི་བུ། མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། ཞེས་དྲིས་ལ། ཡིན་ལགས། ཞེས་ལན་བཏབ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། ཞེས་དྲིས་ལ། བཏབ་ལགས། ཅེས་ལན་བཏབ་བོ། །ལྔ་པ་བསླབ་པའི་གནས་གོ་བར་བྱ་ཞིང་སྤྲོ་བ་དྲི་བ་ལ། དང་པོར་བསླབ་པའི་གནས་གོ་བར་བྱ་བ་ནི། མི་ཟད་པ་དཔག་ཏུ་མེད་པ་བླ་ན་མེད་པའི་བསོད་ནམས་ཀྱི་གཏེར། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། བྱང་ཆུབ་སེམས་དཔའི་སྡོམ་པ་མྱུར་དུ་ཐོབ་པར་འགྱུར་རོ་སྙམ་དུ་དགའ་བ་ཁྱད་པར་ཅན་བསྐྱེད་པ་དང་བཅས་ཚིག་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། མི་དགེ་བ་མཐའ་དག་སྤོང་བའི་སེམས་པ་ས་བོན་དང་བཅས་པ་སྡོམ་པའི་ཚུལ་ཁྲིམས། ཕར་ཕྱིན་དྲུག་ལ་སོགས་པའི་དགེ་བ་སྒྲུབ་འདོད་ཀྱི་སེམས་པ་ས་བོན་དང་བཅས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འདོད་པའི་སེམས་པ་ས་བོན་དང་བཅས་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་ཞིང༌། དེ་དག་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་དང་ཚུལ་ཁྲིམས་ཡིན་ནོ། །ཞེས་གོ་བ་བསྐྱེད་ནས། དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་དང༌། ཚུལ་ཁྲིམས་དེ་དག་བདག་ལས་ལེན་པར་འདོད་དམ། ཞེས་སྤྲོ་བ་དྲིས་པ་འདི་ལ་ལན་ཐོབ་མཛོད། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་རྣམས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་དེ་དག་ཅི་བདག་

༣༥༨

ལས་ལེན་པར་འདོད་དམ། ཞེས་དྲིས་ལ། སློབ་མས། ལེན་པ་རང་ཚལ་ལོ། །ཞེས་ལན་བཏབ། གཉིས་པ་དངོས་གཞི་ནི། སྤྱིར་བསླབ་པ་ནོད་པར་ལན་གསུམ་དུ་ཁས་བླངས་པ་ཉིད་ཀྱིས་སྡོམ་པ་སྐྱེ་བ་ཡིན་ནའང༌། ཐོག་མར་བསམ་པ་འདི་ལྟར་ངེས་པ་གལ་ཆེ་སྟེ། ཆོས་ཐམས་ཅད་དོན་དམ་པར་ཡོད་མེད་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང༌། ཀུན་རྫོབ་ཏུ། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་སྣང་བ་ཐམས་ཅད་སྣང་ཡང་བདེན་པ་མེད་པར་ཤེས་པར་བྱས་ནས། དེ་ལྟ་བུའི་དོན་མ་རྟོགས་པར། གཟུང་འཛིན་ལ་བདེན་པར་ཞེན་པའི་དབང་གིས་ཁམས་གསུམ་གྱི་འཁོར་བའི་གནས་སུ་བདེ་བ་འདོད་བཞིན་དུ་བདེ་བ་དང་ནི་བྲལ། སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་དང་ནི་ལྡན། བདེ་བ་སྒྲུབ་ཅིང་སྡུག་བསྔལ་འདོར་བའི་ཐབས་མི་ཤེས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ཡང་ནས་ཡང་དུ་བདག་གི་ཕ་མ་བྱས་ཏེ། ཕན་བདེ་སྒོ་དུ་མ་ནས་ནི་བསྒྲུབས། གནོད་འཚེ་ཐམས་ཅད་ལས་ནི་ཅི་ནུས་ཀྱིས་བསྐྱབས། བསམ་རྒྱུ་དང་དྲན་རྒྱུ་ནི་བདག་ལས་མེད་པ་བྱས་ཤིང༌། བདག་གི་ཆེད་དུ་ལུས་སྲོག་ཀྱང་གྲངས་མེད་པར་བཏང་པའི་དྲིན་ཅན་ཤ་སྟག་ཡིན་པས། དེ་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཞིང་བདེ་བ་ལ་འགོད་པར་བྱ་དགོས་ནའང༌། ད་ལྟ་བདག་ལ་དེའི་ནུས་པ་མེད་ཅིང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་ལ་སྒྲོལ་ཞིང་བདེ་བ་ལ་འགོད་ནུས་པ་སངས་རྒྱས་ཁོ་ན་ཡིན་པས་དེ་བདག་གིས་ཐོབ་པར་བྱ། དེའང་རྒྱུ་མེད་པར་མི་ཐོབ་ཅིང༌། དེའི་རྒྱུའི་གཙོ་བོ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པས། དེ་བདག་གིས་བླངས་ནས། བསླབ་པ་གསུམ་ཀ་ཡུལ་ཐམས་ཅད་དུ། དུས་ཐམས་ཅད་ཀྱི་ཚེ་ཚེ་རབས་རབས་ཐམས་ཅད་དུ་བསྲུང་

༣༥༩

བར་བྱ་སྙམ་དུ་བསམ་ནས། བླ་མ་ལ་སངས་རྒྱས་དང༌། རང་ལ་སྒྱུ་མ་ལྟ་བུར་ཤེས་པ་དང་ལྡན་པས། སེམས་རྩེ་གཅིག་ཏུ་གྱིས་ལ་ལན་ཐོབ་མཛོད། ཅེས་བརྗོད་ནས། སློབ་དཔོན་གྱིས། རིགས་ཀྱི་བུ། མིང་འདི་ཞེས་བྱ་བ་ཁྱོད། བདག་བྱང་ཆུབ་སེམས་དཔའ་ སློབ་དཔོན་རང་ཉིད་ཀྱི་མིང་ནས་སྨོས་ལ་མིང་འདི་ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་བ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་བ་གང་ཡིན་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པའི་བསླབ་པའི་གཞི་གང་དག་དང༌། ཚུལ་ཁྲིམས་གང་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པར་གྱུར་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་དག་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམས་ནོད་དམ། ཞེས་བརྗོད་ལ། སློབ་མས། ནོད་ལགས། ཞེས་པས་བླང་ངོ༌། །དེས་བས་བླངས་པ་དང་པོ་སོང་ནས། ལན་རེ་རེ་བཞིན་བློ་སྦྱོང་བསྒོམ་ཞིང་བྱ་བར་གསུངས་པས་བསམ་པ་འདི་བཞིན་དུ་མཛོད། མཐའ་ཡས་པའི་མར་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་ལས་སྒྲོལ་བའི་སླད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཅི་ནས་ཀྱང་ཐོབ་པ་ཞིག་བྱ། དེ་ཡང་རྒྱུ་མེད་རྐྱེན་མེད་པ་ལས་མི་འབྱུང་བས། རྒྱུ་རྐྱེན་གྱི་གཙོ་བོ་དུས་

༣༦༠

གསུམ་དུ་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་བྱ་བའི་གཞི། ཚུལ་ཁྲིམས་རྣམ་པ་གསུམ་ཡང་དག་པར་བླང་ཏེ། ཕྱོགས་དང་དུས་དང༌། གནས་སྐབས་ཐམས་ཅད་དུ་བསྲུང་བ་དང་བགྱིའོ། །སྙམ་དུ་སྡོམ་པ་བཟུང་བ་ལ་མཆོག་ཏུ་སྤྲོ་བའི་ཡིད་ཀྱིས་དྲི་བ་གཉིས་པའི་ལན་ཐོབ་མཛོད། ཅེས་བརྡ་སྦྱར་ལ། དྲི་བ་དང༌། ཁས་བླང་པ་གོང་བཞིན་བྱ། སླར་ཡང་འདི་ལྟར་ངེས་པར་བྱ་སྟེ། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་བཅས་ཏེ་དཀོན་མཆོག་གསུམ་ལ་མི་བསླུ་བའི་སྐྱབས་སུ་ངེས་པའི་དད་པ་ཆེན་པོ་དང༌། བདག་དང་སེམས་ཅན་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མ་གྲུབ་ཀྱང༌། ཀུན་རྫོབ་སྒྱུ་མ་དང་རྨི་ལམ་ལྟར་འཁྲུལ་སྣང་གི་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པ་རྣམས་ཕན་བདེ་ལ་འགོད་པར་འདོད་པའི་བརྩེ་བ་ཆེན་པོ་དང༌། དེའི་ཆེད་དུ་མཐའ་གཉིས་ལ་མི་གནས་པ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་འདོད་པའི་འདུན་པ་ཆེན་པོ་སྟེ་ཆེན་པོ་གསུམ་དང་ལྡན་པའི་སྒོ་ནས། སངས་རྒྱས་ཐོབ་པའི་རྒྱུའི་གཙོ་བོ། རྒྱལ་སྲས་རྣམས་ཀྱི་བསླབ་པར་བྱ་བའི་གཞི། བསོད་ནམས་དང་ཡོན་ཏན་མཐའ་ཡས་པའི་གཏེར་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྡོམ་པ་ཉིད་ཡང་དག་པར་བླངས་ཏེ། རྣམ་པ་ཀུན་ཏུ་བསླབ་པར་བགྱིའོ་སྙམས་པའི་འདུན་པ་རྩེ་གཅིག་པས་དྲི་བ་གསུམ་པའི་ལན་ཐོབ་མཛོད། ཅེས་བརྗོད་ལ། དྲི་བ་ཁས་བླངས་བ་སྔར་བཞིན་བྱ། ད་ལྟར་ལན་གསུམ་གྱི་བར་དུ་དྲིས་ཤིང་ཁས་བླངས་པས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་སེམས་ཀྱི་དངོས་གཞི་ངེས་པར་སྐྱེ་བ་ཡིན་པས་སྐྱེས་ངེས་སྙམ་དུ་ཐོབ་ཤེས་ཀྱི་དགའ་བ་ཁྱད་པར་ཅན་བསྐྱེད་མཛོད། ཅེས་བརྗོད་པར་བྱའོ། །གསུམ་པ་མཇུག་གི་ཆོ་ག་ལ། མཁྱེན་པར་གསོལ་བ་དང༌། ཕན་ཡོན་བསྟན་པ་དང༌། གསང་བར་གདམས་པ་དང༌། བསླབ་བྱ་བསྟན་པ་དང༌། གཏོང་རག་དབུལ་བ་སྟེ་རྣམ་པ་ལྔར་ཡོད་པ་ལས། དང་པོ་མཁྱེན་པར་

༣༦༡

གསོལ་བ་ནི་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། ཞེས་བརྡའ་སྦྱར་ལ། སློབ་མ་རྣམས་ཙོག་ཙོག་པུར་འཁོད་དུ་གཞུག །སློབ་དཔོན་རང་ཉིད་ཁྲི་ལས་བབས་ཏེ། རྟེན་རྣམས་ཀྱི་དྲུང་དུ་ཞལ་ཤར་དུ་ཕྱོགས་པས་འཁོད་པའི་མདུན་དུ། མེ་ཏོག་སིལ་མས་བཀང་བའི་སྣོད་དང༌། བདུག་སྤོས་ཀྱི་རེང་བུའམ་སྤོས་ཕོར་དག་བཤམས། དེ་ནས་ཤར་ཕྱོགས་སུ་ཕྱག་གསུམ་འཚལ་ལ། ཕྱག་རེ་རེ་ལ། ཤར་ཕྱོགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་ལན་རེ་བརྗོད་པའི་མཐར་མེ་ཏོག་སྙིམ་པ་གང་ཤར་ཕྱོགས་སུ་གཏོར་ཞིང༌། བདུག་སྤོས་ཀྱང་འབུལ་བའི་ཚུལ་བྱ། ཡིད་ཀྱིས་ཤར་ཕྱོགས་འཇིག་གྱི་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་ཕབ་པར་བསམ། ཚུལ་དེ་བཞིན་གྱིས་རིགས་འགྲེ་པས། ལྷོ་ཕྱོགས་སོགས་ཕྱོགས་ལྷག་མ་གསུམ་དང༌། མཚམས་བཞི་དང༌། འོག་ཕྱོགས་ཀྱི་དོད་དུ་ནུབ་དང༌། སྟེང་ཕྱོགས་ཀྱི་དོད་ཤར་རྣམས་སུ་ཕྱག་དང་མཆོད་པ་འབུལ་བ་རྣམས་གོ་རིམ་མ་འཁྲུལ་བར་བྱས་པའི་མཐར། རྟེན་ལ་ཞལ་ཕྱོགས་པས་པུས་མོ་ལ་ཡས་པའི་ལྷང་ས་ལ་བཙུག །མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར། མདུན་དུ་སྤོས་བཏུལ་ལ་འདུན་པ་རྩེ་གཅིག་པས་མཁྱེན་པར་གསོལ་བ་ནི། བྱང་ཆུབ་སེམས་དཔའ་སློབ་མ་སོ་སོའི་མིང་ནས་སྨོས་ལ། མིང་འདི། ཞེས་བྱ་བས་བདག་བྱང་ཆུབ་སེམས་དཔའ། རང་གི་མིང་ནས་སྨོས་ལ། །ཞེས་བྱ་བ་ལས། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ལན་གསུམ་གྱི་བར་དུ་ཡང་དག་པར་མ་ནོས་པ་ལགས་ཏེ། བྱང་ཆུབ་སེམས་དཔའ་སློབ་མའི་མིང་ནས་སྨོས་ལ། ཞེས་བགྱི་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག་རང་གི་མིང་སྨོས་ལ། །ཞེས་བགྱི་བ་དཔང་དུ་གྱུར་པས་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མཐའ་གཏུགས་པའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ཞེས་མེ་ཏོག་འཐོར་བ་དང་བཅས་པས་ལན་གསུམ་དུ་བརྗོད་པ་ན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་

༣༦༢

ཅད་ཀྱིས་ཡེ་ཤེས་གཟིགས་པས་མངོན་སུམ་མཁྱེན་ཅིང་རྗེས་སུ་བརྩེ་བས་དགོངས་པར་བསམ་མོ། །དེ་ནས་སློབ་དཔོན་གྱིས། དེ་དག་གིས་མཁྱེན་པར་གསོལ་བའི་དངོས་གཞི་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་བའི་མོས་པ་དང་བཅས་སློབ་དཔོན་དང་ལྷན་ཅིག་ཏུ་ཕྱག་གསུམ་མཛད་པར་ཞུ། ཞེས་བརྡ་སྦྱར་ལ། སློབ་དཔོན་རང་ཉིད་ཀྱིས་བསྐུལ་ཏེ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། ཞེས་པའི་བརྡ་བརྗོད་ནས་རྟེན་ལ་ཕྱག་གསུམ་བཙལ། དེ་ལྟར་ཕྱག་འཚལ་ནས། སླར་ཡང་བདག་དང་སེམས་ཅན་ཐམས་ཅད་འཁོར་བ་ལས་ལངས་པར་བསམས་ལ་ཀེར་གྱིས་ལངས་ཏེ་ཐལ་མོ་སྤྱི་བོར་སྦྱར་བར་ཞུ། ཞེས་བརྗོད་ལ་དེ་ལྟར་བྱེད་དུ་གཞུག་གོ །དེ་ནས་སློབ་དཔོན་དང༌། སློབ་མ་གཉིས་ཀ་འགྲེང་བཞིན་དུ། སློབ་དཔོན་གྱིས་ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཚུལ་དང་བཅས་ཏེ། འདི་སྐད་དུ། དེས་མཁྱེན་པར་གསོལ་བ་ཡན་ལག་དང་བཅས་པ་གྲུབ་ནས། གཉིས་པ་ཕན་ཡོན་བསྟན་པ་ནི། འདི་ལ་གསན་པས་ཁྱབ་པར་གདའ་སྟེ། བྱང་ཆུབ་སེམས་དཔའ་ཞེས་སྔོན་དུ་འགྲོ་བས་སློབ་མ་རྣམས་ཀྱི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །འདི་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལས། དེ་ཚེ་དེ་ལ་དགེ་བའི་ཕྱིར། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱིས་རྟག་པར་ཡང༌། །བུ་སྡུག་འདྲ་བར་དགོངས་པར་འགྱུར། ཞེས་གསུངས་པ་ལྟར། འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་ལས་བརྗོད་པ་རྫོགས་པའི་ཚེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་ལྟས་འབྱུང་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་ལྟ་བུ་ཞིག་ན། བྱང་ཆུབ་སེམས་དཔའ། སློབ་མའི་མིང་

༣༦༣

ནས་སྨོས་ལ། མིང་འདི་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་རང་གི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་མནོས་ཞེས་ཡང་དག་པར་མཁྱེན་པར་འགྱུར་རོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཆོས་ཀྱི་བརྩེ་བས་བུ་དང་སྤུན་ཟླའི་ཚུལ་དུ་དགོངས་པར་མཛད་ལ། དེ་ལྟར་དགོངས་པར་མཛད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་རོ། །ཞེས་བརྗོད་པར་བྱའོ། །དེ་ནས་དཔོན་སློབ་གཉིས་ཀ་འདུག་ནས། སློབ་དཔོན་གྱིས། གསུམ་པ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་འདི་ཉིད་དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ། །ཞེས་གསང་བར་གདམས་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ། མིང་འདི། ཞེས་བྱ་བ་ཁྱོད་ཉོན་ཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་འདི་དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་ཏེ། གང་གི་ཕྱིར་དད་པ་མེད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ན་དད་པ་མེད་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་མ་དད་པས་སྤོང་བར་བྱེད་དེ། དེས་ན་ཇི་སྲིད་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པས་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པ་དེ་སྙེད་ཀྱི་བསོད་ནམས་མ་ཡིན་པའི་ཕུང་པོ་དེ་སྙེད་དང་ལྡན་པར་འགྱུར་རོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་བསྲུང་བར་བྱ་བ་ཡིན་པས་སྡིག་པ་ལས་བཟློག་པར་བྱ་སྟེ། །དེའི་ཕྱིར་མཆོག་ཏུ་དགེ་བའི་བྱང་ཆུབ་སེམས་དཔས་གསང་བར་བྱ་བ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །བཞི་པ་བསླབ་བྱ་བསྟན་པ་ནི། དེ་ལྟར་སྡོམ་པ་བླངས་པ་ཙམ་གྱིས་མི་ཆོག །དེའི་མི་མཐུན་པའི་ཕྱོགས་སྤང་བྱ་རྣམས་སྤང་ཞིང༌། མཐུན་པའི་ཕྱོགས་བསླབ་བྱ་རྣམས་ལ་སློབ་དགོས། །དེའང་སྤང་བླང་གི་ཡུལ་ངོ་ཤེས་པ་ལ་རགས་ལས་པས། དེའི་ཚུལ་རྒྱས་པར་ན། །ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་རྣམས་ལས་རྒྱ་ཆེར་འབྱུང་བ་ལྟར་ཤེས་པར་

༣༦༤

བྱ་བ་ཡིན་ནའང༌། འདིར་དེ་དག་གི་སྙིང་པོ་མདོར་བསྡུས་ཏེ་གདམས་པའང་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། དེ་ལ་སྤང་བྱ་ནི། སློབ་དཔོན་ཙནྡྲ་གོ་མཱིས་སྡོམ་པ་ཉི་ཤུ་པ་ལས། །རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ན་གཞན་ལ་འཚོག་པ་དང༌། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་པའི་ཆོས་བཞི་ཕོ་འདི་ལ་ཀུན་ནས་དཀྲིས་པ་ཆེ་འབྲིང་ཆུང་གསུམ་དུ་ཡོད་དེ། འཕགས་པ་ཐོགས་མེད་ཀྱིས་བྱང་ས་ལས། ཕམ་པའི་གནས་ལྟ་བུ་བཞི་པོ་འདི་དག་ནི་ཀུན་ནས་དཀྲིས་པ་ཆུང་ངུ་དང༌། འབྲིང་གིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་བྱང་ཆུབ་སེམས་དཔས་བཏང་བར་མི་འགྱུར་རོ། །ཀུན་ནས་དཀྲིས་པ་ཆེན་པོས་ནི་བཏང་བར་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག་རྒྱུན་མི་འཆད་པར་ཀུན་ཏུ་སྤྱད་པ་དང༌། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་བསྐྱེད་པ་དང༌། དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང༌། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་ནི་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པས་ཡན་ལག་གསུམ་པོ་དེ་ཚང་ན་ཀུན་ནས་དཀྲིས་པ་ཆེན་པོ་ཞེས་བྱའོ། །ཡང་བྱང་ས་ལས། མདོར་བསྡུས་ན་རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང༌། ཕམ་པའི་གནས་ལྟ་བུའི་ཆོས་ཀུན་ནས་དཀྲིས་པ་ཆེན་པོས་ཀུན་ཏུ་སྤྱོད་པའོ། །ཞེས་གསུངས་ཤིང༌། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དེ་གཏོང་བ་ནི་མདོར་བསྡུ་ན་རྒྱུ་བཞིས་འགྱུར་ཏེ། ཡང་དག་པར་ལེན་པའི་སེམས་ཀྱིས་མི་འདྲ་བར་ངེས་པའི་སེམས་བསྐྱེད་པར་བྱེད་པ་དང༌། མི་བརྡ་འཕྲོད་པའི་དྲུང་དུ་འབུལ་བ་དང་ལྡན་པའི་ཚིག་བརྗོད་པར་བྱེད་

༣༦༥

པ་དང༌། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་དེ་དག་ལས་ཐམས་ཅད་དམ་རེ་རེའི་ཉེས་པ་འབྱིན་པ་དང༌། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་ཐམས་ཅད་དམ་རེ་རེ་ལ་ཀུན་ནས་དཀྲིས་པ་ཆེན་པོའི་ཉེས་པ་འབྱིན་པར་བྱེད་ན་བྱང་ཆུབ་སེམས་དཔའི་སྡོམ་པ་བཏང་བར་བརྗོད་པར་བྱའོ། །ཞེས་གསུངས་པས་སྨོན་པ་བཏང་བ་དང༌། ཀུན་ནས་དཀྲིས་པ་ཆེན་པོས་ཕམ་པའི་གནས་ལྟ་བུའི་ཆོས་བཞི་གང་རུང་སྤྱད་པ་དང༌། ཀུན་ནས་དཀྲིས་པ་འབྲིང་པོ་ཡན་ཆད་ཀྱིས་བཞི་ཀ་ཚང་བར་སྤྱད་པ་དང༌། བྱང་སེམས་ཀྱི་སྡོམ་པ་ལས་བཟློག་པའི་སྡོམ་མིན་སྐྱེས་པ་དང༌། བསླབ་པ་ཕུལ་བ་དང་ལྔས་སྡོམ་པ་བཏང་བས། དེ་དག་བྱུང་ན་བཤག་བསྡམས་དང་བསགས་སྦྱང་བྱས་ལ་སྡོམ་པ་སླར་ཡང་བླང་བར་བྱ་སྟེ། སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། ཞེས་གསུངས་སོ། །ཀུན་ནས་དཀྲིས་པ་འབྲིང་དང་ཆུང་ངུས་བཞི་པོ་གང་རུང་སྤྱད་པ་ནི། ཉེས་བྱས་སུ་གཏོགས་ལ་དེ་ཡང་ཆོས་གང་རུང་དེ་ལ་ངོ་ཚ་དང་ཁྲེལ་ཡོད་ཅུང་ཟད་སྐྱེ་ཞིང་གཞན་གྱིས་གསོལ་བ་བཏབ་ན་ལྡོག་པ་ནི་འབྲིང་ཡིན་ལ། དེ་ནི་གང་ཟག་གསུམ་ཡན་ཆད་ལ་བཤགས་པར་བྱ་སྟེ། སྔ་མ་ལས། ཟག་པ་འབྲིང་ནི་གསུམ་ལ་བཤགས། ཅེས་སོ། །ཆོས་གང་རུང་དེ་ལ་ངོ་ཚ་ཆེར་བསྐྱེད་ཅིང་གཞན་གྱིས་མ་བཟློག་ཀྱང་རང་ཉིད་མྱུར་དུ་དེ་ལས་ལྡོག་པ་ནི་ཆུང་ངུ་ཡིན་ལ། དེ་དང་འོག་ནས་འབྱུང་བའི་ཉེས་བྱས་བཞི་བཅུ་རྩ་བཞི་པོ་རྣམས་ནི་གང་ཟག་གཅིག་ཡན་ཆད་ལ་བཤགས་པར་བྱ་སྟེ། དེ་ཉིད་ལས། གཅིག་གི་མདུན་དུ་ལྷག་མ་རྣམས། ཞེས་སོ། །དེ་བཞིན་དུ་སྡོམ་པ་ཉི་ཤུ་པ་ལས། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། ཅེས་པ་ལ་སོགས་པ་ཉེས་བྱས་བཞི་བཅུ་རྩ་བཞི་པོ་ཀུན་སློང་གི་དབང་གིས་ཉོན་མོངས་ཅན་དང༌། ཉོན་མོངས་ཅན་མ་ཡིན་པ་དང༌། ལྟུང་མེད་དུ་འགྱུར་བའང་ཡོད་ལ། དེ་དག་ནི་བཤགས་ཡུལ་མེད་ན་རང་གི་སེམས་ཀྱིས་བཤགས་པས་འདག་སྟེ། སྔ་མ་ལས། ཉོན་མོངས་མི་མོངས་བདག་སེམས་བཞིན། ཞེས་སོ། །ཡང་

༣༦༦

བྱམས་དང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་གཞན་ལ་ཕན་པ་ཆེན་པོར་འགྱུར་ངེས་པར་མཐོང་ནས་སྤྱད་ན་ཕལ་ཆེར་ལྟུང་མེད་དུ་འགྱུར་ཏེ། དེ་ཉིད་ལས། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། ཅེས་གསུངས་སོ། །བསླབ་བྱ་ནི། ཚུལ་ཁྲིམས་གསུམ་པོ་ཡིན་ཏེ། བྱང་ས་ལས། ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ཀྱང་མདོར་བསྡུ་ན། བྱང་ཆུབ་སེམས་དཔའི་བྱ་བ་རྣམ་པ་གསུམ་བྱེད་དེ། སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་གནས་པར་བྱེད་དོ། །དགེ་བའི་ཆོས་སྡུད་པས་ནི་བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱ་བ་ནི་གསུམ་པོ་དེ་དག་ཏུ་ཟད་དེ། འདི་ལྟ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་སེམས་གནས་པར་བྱ་བ་དང༌། ལུས་དང་སེམས་དུབ་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་དེ་དག་ཏུ་ཟད་དོ། །ཅེས་གསུངས་པས། བྱང་ཆུབ་སེམས་དཔའི་བསླབ་བྱ་ཐམས་ཅད་གསུམ་པོ་དེར་འདུས་པས་གསུམ་པོ་དེ་ལ་འབད་དེ་བསླབ་པར་བྱའོ། །ཡང་རང་དང་གཞན་ལ་ཚེ་འདིར་སྡུག་བསྔལ་ཡང་ཕྱི་མ་ཕན་ཆད་དུ་ཕན་པར་འགྱུར་བའི་དགེ་བ་ནི་བསྒྲུབ་ཅིང་སྒྲུབ་ཏུ་གཞུག་པར་བྱའོ། །འདི་དང་ཕྱི་མ་གཉིས་ཀར་ཕན་པ་དང་བདེ་བར་འགྱུར་ན་བསྒྲུབ་ཅིང༌། འདིར་བདེ་ཡང་ཕྱི་མ་ཕན་ཆད་དུ་སྡུག་བསྔལ་གྱི་རྒྱུར་འགྱུར་བ་ནི་འདོར་ཞིང་འདོར་དུ་གཞུག་པར་བྱ་སྟེ། སྡོམ་པ་ཉི་ཤུ་པ་ལས། གཞན་རྣམས་དང་ནི་བདག་ལའང་རུང༌། སྡུག་བསྔལ་ཡིན་ཡང་གང་ཕན་པ། །ཕན་དང་བདེ་བ་རྣམས་བྱ་སྟེ། །དེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་སོ། །དེ་ལྟར་སྤང་བྱ་དང་བསྒྲུབ་བྱ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་ལས་ལེགས་པར་ཤེས་པར་བྱས་ཏེ། གནས་སྐབས་ཐམས་ཅད་དུ་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ནས་བསླབ་

༣༦༧

པར་བྱ་སྟེ། སློབ་དཔོན་ཆེན་པོ་ཞི་བ་ལྷས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམ་སྟེ་སེམས་བསྲུང་བྱ། ཞེས་པ་དང༌། སེམས་བསྲུང་འདོད་པ་རྣམས་ཀྱིས་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། ཅེས་གསུངས་པས་དྲན་པ་ཤེས་བཞིན་དང་ལྡན་པས་བསླབ་པ་རྣམས་ལ་ལེགས་པར་བསླབ་པར་བྱའོ། །ལྔ་པ་གཏོང་རག་འབུལ་བ་ནི། དེ་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བ་ཐོབ་པ་དེ་ཉིད་བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ལས་བྱུང་བས་ན། གཏོང་རག་གི་སླད་དུ་ཕྱག་དང༌། མཆོད་པས་བསྙེན་བཀུར་བ་སྐབས་སུ་བབས་པ་ཡིན་པས། ཐོག་མར་གནས་ལྔས་ལ་གཏུགས་པའི་ཕྱག་དང་བཅས་ཏེ་འདི་གསུང་བར་ཞུ། ཇི་སྙེད་སུ་དག །སོགས་ཤློ་ཀ་བཞི་ཚར་གཅིག །དེ་ནས་མཆོད་པ་གསར་བ་ཐད་དུ་བཤམས་ལ། སློབ་དཔོན་གྱིས་སྔར་བཞིན་བྱིན་གྱིས་བརླབས་ཟིན་པ་དང༌། དེ་ནས་མཆོད་པ་འབུལ་བ་ལ། དངོས་སུ་བཤམས་པའི་མཆོད་པ་དང༌། ལུས་དབུལ་བའི་མཆོད་པ་དང༌། དེ་ལས་གཞན་ཡང་མཆོད་པའི་སྤྲིན་རབ་འབྱམས་ཀྱིས་མཆོད་པ་དང་གསུམ་པོ་སྔར་ཇི་སྐད་བཤད་པའི་དམིགས་པ་རྣམས་ཡིད་ལ་དྲན་བཞིན་པའི་སྒོ་ནས་རིམ་བཞིན་དུ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་སོགས་སྔགས་རྐྱང་པའམ་ཚིགས་བཅད་དང་སྤེལ་བ་ཇི་ལྟར་རིགས་པས་དངོས་བཤམས། རྒྱལ་དང་དེ་སྲས་རྣམས་ལ་སོགས་ཤྩོ་ཀ་གཅིག་གིས་ལུས་དབུལ་བ། མེ་ཏོག་དམ་པ་སོགས་ཤྩོ་ཀ་གཅིག་གིས་ཡིད་སྤྲུལ་གྱི་མཆོད་པ་རྣམས་འབུལ་དུ་གཞུག་གོ །དེ་རྣམས་ཀྱིས་སྤྱིར་བླ་མ་དང་དཀོན་མཆོག་ལ་ཕྱག་དང་མཆོད་པ་ཕུལ་ནས། ཁྱད་པར་སློབ་དཔོན་ལ་བཀའ་དྲིན་རྗེས་སུ་དྲན་པས་གུས་པའི་འདུ་ཤེས་བསྐྱེད་དེ་ཕྱག་གསུམ་མཛད་པར་ཞུ། ཞེས་ཕྱག་གསུམ་འཚལ་དུ་བཅུག་ཟིན་པ་དང༌། འགྲོང་སྟེ་འདུད་པ་དང་བཅས་པས། བཀའ་དྲིན་ཆེ་ལགས། ཅེས་བརྗོད་དུ་གཞུག་གོ །སྤྱི་དོན་གསུམ་པ་རང་བཞིན་གཏན་ལ་དབབ་པ་ནི། སྨོན་འཇུག་གི་སེམས་དེ་དག་གང་ལས་སྐྱེ་བའི་རྒྱུ་དང༌། རང་གི་

༣༦༨

ངོ་བོ་དང༌། དེ་ཡི་རབ་ཏུ་དབྱེ་བ་དང༌། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འབྱིན་པའི་ཕན་ཡོན་ལ་སོགས་པ་ཡིན་ནའང༌། སྔ་མ་རྣམས་ནི་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམས་དང༌། རྒྱལ་བའི་སྲས་པོ་མ་ཕམ་པའི་མདོ་སྡེའི་རྒྱན་དང༌། འཕགས་པ་ཐོགས་མེད་ཞབས་ཀྱི་བྱང་ཆུབ་སེམས་དཔའི་ས་དང༌། སློབ་དཔོན་ཆེན་པོ་ཙནྡྲ་གོ་མཱིས་སྡོམ་པ་ཉི་ཤུ་པ་སོགས་ལས་རྒྱ་ཆེར་གསུངས་པས་དེ་རྣམས་སུ་གཟིགས་པས་ཁྱབ་ཅིང༌། ཕན་ཡོན་ནི། ཆོ་ག་ཤིན་ཏུ་རྒྱས་པར་བྱེད་ན་ཆོ་གའི་སྐབས་སུའང་བཤད་པར་བྱ་བ་ཡིན་པས། འདིར་ཅུང་ཟད་བརྗོད་པར་བྱ་སྟེ། བྱམས་པའི་སྨོན་ལམ་གྱི་མདོ་ལས། ངན་འགྲོ་ཐམས་ཅད་ཟློག་བགྱིད་ཅིང༌། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས། དཔས་བྱིན་གྱིས་ཞུས་པ་ལས། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་དེ་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས་ཤིང༌། དེ་ལྟར་བསོད་ནམས་མཐའ་ཡས་པ་འབྱུང་བའི་གཏན་ཚིག་ཀྱང༌། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས། །བློ་གྲོས་རྒྱ་མཚོས་ཞུས་པ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང༌། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་མེད་དེ། །འདི་དག་མཐའ་ནི་རྒྱལ་བས་མི་གསུང་ངོ༌། །ཞེས་གསུངས། སེང་གེས་ཞུས་པ་ལས། སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། །བྱང་ཆུབ་དོན་དུ་སེམས་བཏུད་པ། །དེས་ནི་ཆོས་རྣམས་བསྡུ་བ་ཐོབ། །དེ་ནི་དགའ་

༣༦༩

བ་ཐོབ་པར་འགྱུར། །ཞེས་གསུངས། སྡོང་པོ་བཀོད་པའི་མདོ་ལས་ཀྱང༌། །རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་ཐམས་ཅད་རྣམ་པར་འཕེལ་བར་བྱེད་པས་ཞིང་ས་ལྟ་བུའོ། །འཇིག་རྟེན་ཐམས་ཅད་བསྟེན་པས་ས་ལྟ་བུའོ། །ཞེས་བྱ་བ་ནས། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསྲུང་བས་ཕ་ལྟ་བུའོ། །ཞེས་བྱ་བའི་བར་དང༌། དེ་བཞིན་དུ་སྦྱར་ཏེ། དབུལ་བ་ཐམས་ཅད་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཉོན་མོངས་པའི་དགྲ་ཕམ་པར་བྱེད་པས་མདུང་ཐུང་ལྟ་བུའོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་འགེབས་པས་གོ་ཆ་ལྟ་བུའོ། །ཉོན་མོངས་པ་རིམ་གོ་ལྷུང་བར་བྱེད་པས་རལ་གྲི་ལྟ་བུའོ། །ཉོན་མོངས་པའི་ཤིང་གཅོད་པས་སྟ་རེ་ལྟ་བུའོ། །འཚེ་བ་ཐམས་ཅད་ལས་སྐྱོབ་པས་མཚོན་ཆ་ལྟ་བུའོ། །འཁོར་བའི་ཆུ་ནང་ན་གནས་པ་སྟེང་དུ་འབྱིན་པས་མཆིལ་པ་ལྟ་བུའོ། །སྒྲིབ་བས་ཁེབས་པའི་རྩ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མཆོད་རྟེན་ལྟ་བུ་སྟེ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱིས་སེམས་ནི་ཕན་ཡོན་དེ་དག་དང་ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ། །ཞེས་གསུངས། གཞན་ཡང༌། མཁས་པས་བྱང་ཆུབ་སེམས་བསྒོམས་ནི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །འདི་ནི་སྐྱོན་མེད་མེ་ཏོག་སྟེ། །རབ་ཏུ་དྲི་ཞིམ་རྣམ་པར་མཛེས། །ཐབས་འདིས་རིང་པོ་མི་ཐོགས་པར། །རྒྱལ་མཆོག་སངས་རྒྱས་ཉིད་དུ་འགྱུར། །གཞན་ཡང་འདོད་པའི་འབྲས་རྣམས་འགྲུབ། །ཅེས་གསུངས། འཕགས་པ་ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། །

༣༧༠

བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས། གཞན་ཡང་མདོ་ལས་འབྱུང་བའི་དོན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་མང་དུ་གསུངས་པ་སོགས་ལ་ངེས་ཤེས་ཁྱད་པར་ཅན་བསྐྱེད་དེ། ཇི་སྐད་བཤད་པའི་བསླབ་བྱ་རྣམས་ལ་སྤང་བླང་ཚུལ་བཞིན་དུ་བསྒྲུབས་པའི་ལེགས་བྱས་ཀྱི་སྣང་བས་རང་གཞན་རྣམས་ཀྱི་ཕན་བདེའི་པདྨོ་མཆོག་ཏུ་རྒྱས་པའི་ཐབས་ལ་བརྩོན་པར་བྱའོ། །ཞེས་བརྗོད། སྐབས་འདིར་ཕྱག་ལེན་འགའ་ཞིག་པ་གཏང་རག་གི་མཎྜལ་ལ་སོགས་བཤད་ཀྱང་སྤྲོ་ན་འགལ་བ་མེད་མོད། སྔར་གཏོང་རག་གི་ཕྱག་མཆོད་རྒྱས་པར་གྲུབ་པའི་ཕྱིར་མ་བྱས་ཀྱང་ཆོག་གོ །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། མཐའ་ཡས་པའི་རྒྱལ་བའི་སྲས་པོ་རྣམས་ཀྱི་འཇུག་སྒོ། སངས་རྒྱས་ཀྱི་གསུང་རབ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོག །སྨོན་སེམས་དང༌། འཇུག་སྡོམ་སོ་སོར་བཟུང་བའི་ཚུལ་དགེ་བའི་བཤེས་གཉེན་བརྒྱུད་པ་དང་བཅས་པའི་ཕྱག་ལེན་བཞིན་ལེགས་པར་ཕུལ་གྲུབ་པའི་སྐབས་འདིར། རང་རེ་རྣམས་ཀྱིས་ཆོས་ཉན་བཤད་བྱས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཞིག་ཡོད་པ་དེ་དག་པར་མདོར་ཆུད་མི་འཛའ་བར། བྱང་ཆུབ་ཆེན་པོའི་རྒྱུར་སྨིན་མའི་སླད་དུ་ཡོངས་སུ་བསྔོ་བས་རྒྱས་གདབ་དགོས་པས་བསྔོ་བ་དང་སྨོན་ལམ་གྱི་མཐུན་འགྱུར་ཐུགས་ལ་འདོག་པར་ཞུ། ཞེས་མཚམས་སྦྱར་ལ། སྤྱིར་བསྔོ་བ་རྒྱས་བསྡུས་ཇི་ལྟར་རིགས་པར་བྱ་བའམ། ཡང་ན། བསྔོ་བས་རྒྱས་གདབ་དགོས་པས། ཞེས་པ་ཡན་གོང་ལྟར་ལ། བསྔོ་བ་དང་སྨོན་ལམ་ལྷན་ཅིག་ཏུ་གནང་བར་ཞུ། ཞེས་དང༌། འཕགས་པ་བཟང་པོ་སྤྱོད་པ་དང༌། བྱམས་པའི་སྨོན་ལམ་སོགས་བསྔོ་སྨོན་རྒྱས་པར་བྱ་ཞིང༌། གང་ལྟར་ཡང༌། མདོ་སྡེ་ལས་འབྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་མེ་ཏོག་གི་ཆར་སིལ་མ་དགྲམ་པར་བྱའོ། །འདིར་འཕྲོས་དོན་ཅུང་ཟད་བརྗོད་ན། གོང་དུ་བཤད་པ་བཞི་ནི་སྨོན་སེམས་རྐྱང་བར་

༣༧༡

སོ་ཐར་རིགས་བདུན་གང་རུང་སྔོན་དུ་འགྲོ་བ་དང༌། སྣོད་བརྟག་པ་སོགས་གང་ཡང་མི་དགོས་པས་དོན་གཉེར་ཐམས་ཅད་ལ་སྦྱིན་དུ་རུང་བའི་ཕྱིར། སྤྱི་བོ་མང་པོ་ཚོགས་པ་ལ་སེམས་བསྐྱེད་ན་འདིའི་སྨོན་པ་སེམས་བསྐྱེད་ཁོ་ན་བྱ། དེ་ཡང་གོང་བཤད་ཀྱི་སྐབས་སུ་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་ཞེས་པ་ལ། སེམས་བསྐྱེད་ཀྱི་ཆོ་ག་ཞེས་དང༌། སེམས་བསྐྱེད་དང་སྡོམ་པའི་རྟེན་ངེས་པར་བྱ་བ་ལ། སེམས་བསྐྱེད་ཀྱི་རྟེན་ངེས་པར་བྱ་བ་ཞེས་དང༌། གཉིས་པ་སྦྱོར་བ་རྗེས་སུ་སྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལའང་གསུམ་སྟེ་སོགས་དཀྱུས་བཞིན་ལ། སྨོན་སེམས་ཀྱི་གཏོང་རག་འབུལ་བའི་བར་བྱས་ནས། དེ་རྣམས་ཀྱི་སྒོ་ནས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ཡན་ལག་དང་བཅས་པ་ལེགས་པར་ཕུལ་གྲུབ་པའི་སྐབས་འདིར། རང་རེ་རྣམས་ཀྱིས་ཆོས་ཉན་བཤད་བྱས་པ་ལས་བྱུང་བའི། ཞེས་སོགས་གོང་བཞིན་སྤྲེལ་ལ་དགེ་བ་བསྔོས་པས་དོན་འགྲུབ་བོ། །གལ་ཏེ་དོན་གཉེར་དམིགས་བསལ་ལ་འཇུག་སྡོམ་སྦྱིན་ན། སྤྱིར་ཡང་ལེན་པ་པོའི་གང་ཟག་གི་སྐབས་སུ་བཤད་པའི་མཚན་ཉིད་ཐམས་ཅད་ཚང་བ་དང༌། ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་ཇི་སྙེད་པའམ། དེ་ཙམ་མ་ནུས་ཀྱང་བྱང་པའམ། བསླབ་བཏུས་ལྟ་བུ་ཉན་ནས་གོ་དོན་འཕྲོད་པ་བྱུང་ན་ཤིན་ཏུ་ལེགས། མ་མཐའ་ཡང་འཕགས་པ་དཀོན་མཆོག་སྤྲིན་ནས། ནམ་མཁའི་སྙིང་པོས་ཞུས་པ་ལྟ་བུའི་མདོ་སྡེ་ཞིག་གི་བཀླག་ལུང་ཙམ་ངེས་པར་ཐོབ་པ་གལ་ཆེ་སྟེ། སྔར་ལམ་རིམ་དང་བློ་སྦྱོང་སོགས་བརྗོད་བྱ་དོན་གྱི་ཐེག་ཆེན་ཉན་པ་ཞིག་ཡིན་དུ་ཟིན་ནའང་རྗོད་བྱེད་ཚིག་གི་ཐེག་ཆེན་གྱི་མདོ་སྡེ་ཞིག་མ་ཐོས་པའི་ཐབས་མེད་དོ། །དེ་བཞིན་དུ་ཕྱག་ལེན་གྱི་རིམ་པའང་གོང་དུ་ཇི་སྐད་བཤད་པ་བཞིན་ལས་སྔགས་ཀྱི་ཆོ་གས་རྒྱས་བཏབ་པ་དང༌། སླ་ཆོས་སོགས་གང་དྲན་བྱས་ན་ཆོས་ལ་དབང་ཟ་བའི་ཉེས་པ་ནི་ཚད་མེད་པའི་ཕྱིར་བག་ཡོད་པར་བྱའོ། །དེ་ལྟར་སེམས་བསྐྱེད་དང་སྡོམ་པའི་ཚུལ་ལ་གནས་པའི་གང་ཟག་གིས་ཐེག་པ་ཆེན་པོའི་ལམ་ལ་སློབ་པར་བྱ་བ་ཡིན་པས། དེ་དག་གི་བློ་གྲོས་ཀྱི་སྒོ་དབྱེ་བའི་ཕྱིར་ལམ་གྱི་རིམ་པའང་མདོར་བསྡུ་ན། མགོན་པོ་བྱམས་པས་མདོ་སྡེའི་རྒྱན་ལས། རིགས་དང་ཆོས་ལ་མོས་པ་དང༌། །དེ་བཞིན་དུ་ནི་སེམས་བསྐྱེད་དང༌། །སྦྱིན་པ་ལ་སོགས་བསྒྲུབ་པ་དང༌། །སེམས་ཅན་རྣམས་ཡོངས་སྨིན་བྱེད་དང༌། །སྐྱོན་མེད་པ་ལ་འཇུག་ཉིད་དང༌། །ཞིང་ནི་ཡོངས་སུ་དག་པ་དང༌། །མི་གནས་

༣༧༢

མྱ་ངན་འདས་པ་དང༌། །བྱང་ཆུབ་མཆོག་ལམ་སྟོན་པའོ། །ཞེས་གསུངས་པ་ལྟར། ཐོག་མར་སྐལ་པ་དང་ལྡན་པའི་གཞི་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་སུ་སྙིང་རྗེ་དང༌། མོས་པ་དང༌། བཟོད་པ་དང༌། དགེ་བ་སོགས་ལ་མངོན་པར་སྤྲོ་བའི་གང་ཟག་གིས། ཆོས་འདི་པ་ལ་མི་ཕྱེད་པའི་མོས་པས་མཚམས་སྦྱར་ཏེ་བསྟན་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ་དང༌། བྱེ་བྲག་ཐེག་ཆེན་གྱི་འཇུག་སྒོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་རང་སྨིན་པར་བྱེད་པ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་ཅིང༌། གཞན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་བསྡུ་བའི་དངོས་པོ་བཞི་ལ་མཉམ་རྗེས་གཉིས་ཀྱི་སྒོ་ནས་ཅི་ནུས་སུ་འབད་པས་རང་ཤུགས་ཀྱིས་ཆོས་ལས་བློ་གཞན་དུ་མི་འགྲོ་ཞིང༌། དད་པ་དང༌། ངེས་འབྱུང་དང༌། བསོམ་པ་སོགས་ལ་སུན་པ་མེད་པར་པདྨོའི་མཚོ་ལ་ངང་མོ་འཇུག་པ་བཞིན་སྤྲོ་བ་ངང་གིས་འཕེལ་བ་ན་ཚོགས་ལམ་ཆུང་ངུ་ཐོག་མར་རྒྱུད་ལ་སྐྱེས་པ་ཡིན་ནོ། །དེ་ནས་ཏིང་ངེ་འཛིན་སྐྱོན་མེད་པ་དང༌། ཞིང་ཡོངས་སུ་དག་པ་འཕགས་པའི་ཆོས་ལ་འཇུག་པའི་སླད་དུ་ལམ་ལ་འབད་པས། བདེན་པ་བཞིའི་དོན་ལ་གསལ་སྣང་ཅུང་ཟད་རྙེད་པ་ནི་ཚོགས་ལམ། དེ་ཉིད་བསྒོམ་པའི་སྟོབས་དང༌། ཚོགས་བསགས་པའི་སྟོབས་གཉིས་འཛོམ་པས་ཕུང་པོ་ལྔ་སྒྱུ་མ་ལྟར་རྟོགས་ཤིང༌། ཆོས་ཀྱི་བདག་མེད་ལ་གསལ་སྣང་རིམ་གྱིས་རྙེད་པ་ནི་སྦྱོར་ལམ། བདག་མེད་གཉིས་ཀྱི་དོན་ཇི་བཞིན་པ་དང་པོར་མཐོང་བ་མཐོང་ལམ། མཐོང་ཟིན་པའི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་འཇུག་ངོགས་ལ་གོམས་པར་བྱེད་པ་བསྒོམ་ལམ། ཤེས་བྱ་དང་སྤང་བྱ་མཐར་ཕྱིན་པ་མི་སློབ་པའི་ལམ་སྟེ། དེ་ཡང་མཐོང་ལམ་གྱི་ཡེ་ཤེས་ཁོང་དུ་ཆུད་པ་དང༌། ས་དང་པོ་གསར་དུ་ཐོབ་པ་དུས་མཉམ། དེ་ནས་བསྒོམ་ལམ་གྱིས་ས་དགུ་པའི་བར་བགྲོད་ནས། མི་སློབ་པའི་ལམ་དུ་ས་བཅུ་པ་ཆོས་ཀྱི་སྤྲིན་རྒྱ་མཚོར་འཇུག་པ་སྟེ། མདོར་ན་དེ་ལྟ་བུའི་ལམ་དང་ས་དེ་དག་ཀྱང་དོན་དམ་སེམས་བསྐྱེད་ལ་

༣༧༣

བརྟེན་ནས། ཤེས་རབ་སྟོང་ཉིད་བསྒོམས་པས་ཉེར་ལེན་གྱི་རྒྱུ་དང༌། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ལམ་ལྔ་འགྲུབ། ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས། ཐབས་སྙིང་རྗེས་ཉེར་ལེན་གྱི་རྒྱུ་དང༌། ཤེས་རབ་སྟོང་པ་ཉིད་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ས་བཅུ་ཐོབ་ལ། སངས་རྒྱས་པ་ནའང་ལམ་མཐར་ཐུག་པ་ཆོས་སྐུ་དང༌། ས་མཐར་ཐུག་པ་གཟུགས་སྐུ་ཡིན་ནོ། །དེ་ལྟར་ས་ལམ་མཐར་ཕྱིན་པའི་འབྲས་བུ་ནི། ཤེས་རབ་ཆེན་པོས་འཁོར་བ་དང༌། སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས། བྱང་ཆུབ་མཆོག་སྟེ་སངས་རྒྱས་ཀྱི་སའི་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ། ནམ་མཁའ་ཇི་སྲིད་བར་དུ་སེམས་ཅན་གྱི་ཁམས་ལ་ལམ་སྟོན་པའི་ཕྲིན་ལས་རྒྱུན་མི་འཆད་པར་འགྱུར་བ་ནི་ངེས་པའོ། །དེ་ལྟར་ཐེག་ཆེན་ཤིན་ཏུ་རྒྱས་པའི་སེམས་བསྐྱེད་སྡོམ་པའི་ཆོ་གའི་ཚུལ། བྱང་ཆུབ་སེམས་དཔའི་ལམ་བཟང་གང་དེ་གསལ་བར་བཤད་པའི་ལེགས་བྱས་ཀྱིས། ཤེས་རབ་ཆེན་པོས་སྲིད་ལས་འདས་ཀྱང་སྙིང་རྗེས་ཞི་མཐར་ལྟུང་མིན་པའི། །སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ཡོངས་རྫོགས་བསྟན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱ་པ་འཇམ་དཔལ་གཞོན་ནུ་ངག་དབང་རྡོ་རྗེ་རིན་ཆེན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཐུགས་བཞེད་བསྒྲུབ་པ་དང༌། དོན་གཉེར་ཅན་གཞན་ལའང་ཕན་པའི་བསམ་པ་བཟང་པོས། ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་ཐེག་པ་ཆེན་པོའི་གཞུང་ལུགས་མང་དུ་ཐོས་པའི་ཤཱཀྱའི་བཙུན་པ་རྨོངས་བརྟུལ་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོའི་དཔལ་གྱི་གསུང་རབ་ལ་ཚིག་མཐར་བསྐྱེད་ཚུལ་མི་འགལ་བས་ཟུར་བརྒྱན་ཏེ། ཡོན་ཏན་རིན་ཆེན་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའོ། འདིས་ཀྱང་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་སྐྱེས་པའི་མཐུ་ལས། བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པ་རྣམ་པར་དག་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། མགོན་པོ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན།

༣༧༤

འཕགས་པ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། སློན་དཔོན་སེང་གེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ་དཔལ་མར་མེ་མཛད། རྒྱལ་བ་འབྲོམ་སྟོན་པ། སྤྱན་སྔ་ཚུལ་ཁྲིམས་འབར། དགེ་བཤེས་བྱ་ཡུལ་བ། རྒྱལ་སྲས་ཆར་ཆེན་པ། མུས་སྨན་པའང་ཟེར། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེངྒེ་སྐྱབས། མཆིམས་ནམ་མཁའ་གྲགས། མཁན་ཆེན་སེང་གེ་སྐྱབས། མཁས་བཙུན་བསོད་ནམས་ཡེ་ཤེས། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། གྲུབ་ཆེན་བུདྡྷ་ཤྲཱི། དོན་ཆེན་ཀུན་དགའ་བཟང་པོ། །མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་རྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང༌། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་པ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མུས་ཆེན་བསོད་ནམས་དཔལ་བཟང༌། མུས་ཆེན་ཆོས་ཉིད་ཡེ་ཤེས། མུས་ཆེན་ཡེ་ཤེས་རྒྱལ་མཆོག །ཡོངས་འཛིན་རིན་པོ་ཆེ་བློ་གྲོས་རྒྱ་མཚོ། དཔལ་ས་སྐྱ་པ་འཇམ་མགོན་བླ་མ་ངག་དབང་རྡོ་རྗེ་རིན་ཆེན། ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པའོ། །ཡང་ན། བྱང་སེམས་བསོད་ནམས་གྲགས་པ་ནས། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ། འདུལ་འཛིན་བློ་གྲོས་སྦས་པ། པཎ་ཆེན་ལུང་རིག་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ། དབེན་ས་པ་བློ་བཟང་དོན་འགྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། དྲུང་པ་བརྩོན་འགྲུས་རྒྱ་མཚོ། རྟ་ཕུག་པ་དམ་ཆོས་རྒྱལ་མཚན། སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ། ཕུར་བུ་ལྕོག་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། བཤེས་གཉེན་བློ་བཟང་རྒྱལ་མཚན། རྒྱལ་སྲས་སེམས་དཔའ་ཆེན་པོ་རིན་ཆེན་བློ་གསལ་བསྟན་སྐྱོང༌། འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཡང་ན། རྒྱལ་སྲས་ཐོགས་མེད་ནས། ལོ་ཆེན་བྱང་ཆུབ་རྩེ་མོ། དེ་དབོན་ལོ་ཆེན་གྲགས་རྒྱལ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། བྱམས་གླིང་པཎ་ཆེན་བསོད་ནམས་རྣམ་རྒྱལ། གསེར་མདོག་པཎ་ཆེན་ཤཱ་ཀྱ་མཆོག་ལྡན། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་

༣༧༥

བཙུན་ཀུན་དགའ་འགྲོལ་མཆོག །མཁན་ཆེན་ལུང་རིག་རྒྱ་མཚོ། རྗེ་བཙུན་ཀུན་དགའ་སྙིང་པོ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། རྗེ་ཡོན་ཏན་མགོན་པོ། གྲུབ་ཆེན་མགོན་པོ་དཔལ་འབྱོར། མཚུངས་མེད་མགོན་པོ་གྲགས་པ། གྲུབ་དབང་མགོན་པོ་རྣམ་རྒྱལ། རིག་འཛིན་འཇམ་དབྱངས་རྒྱ་མཚོ། ཀུན་གཟིགས་ཕྲིན་ལས་ཤིང་རྟ། རྨོག་ལྕོོགས་པ་ཀུན་དགའ་དགེ་ལེགས། ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། རྗེ་བཀའ་བརྒྱུད་བསྟན་འཛིན། བླ་མ་ཀརྨ་ལྷག་མཐོང༌། གྲུབ་དབང་ཀརྨ་ནོར་བུ། དེས་བདག་ལ་བཀའ་དྲིན་ཆེན་པོས་སྩལ་བའོ། སརྦ་དཱ་ཀལྱཱ་ཎི་བྷ་ཝ་ཏུ།

༄༅། །དཔལ་མཆོག་དང་པོའི་སངས་རྒྱས་ཀྱི་མན་ངག་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བྱིན་རླབས་བཀའ་བརྒྱུད་བླ་མར་གསོལ་བ་འདེབས་པ་བརྒྱུད་འཛིན་མཆོག་རྒྱས་ཞེས་བྱ་བ་བཞུགས་སོ།

༣༢༧ ༄༅༅། །དཔལ་མཆོག་དང་པོའ་སངས་རྒྱས་ཀྱི་མན་ངག་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བྱིན་རླབས་བཀའ་བརྒྱུད་བླ་མར་གསོལ་བ་འདེབས་པ་བརྒྱུད་འཛིན་མཆོག་རྒྱས་ཞེས་བྱ་བ་བཞུགས་སོ། །ༀ་ཨཱཿཧཱུྃ་ཧོཿམཆོག་རྒྱས་དང་པོའ་སངས་རྒྱས་ཀུན་ཏུ་བཟང་། །ཡན་ལག་བདུན་ལྡན་བཅོམ་ལྡན་དུས་འཁོར་ལོ། །གསོལ་བ་འདེབས་སོ་ཐུགས་རྗེས་བདག་བློ་ཟུངས། །བརྒྱུད་པ་འཛིན་ནོ་རྣམ་ཐར་མཚུངས་བྱིན་རློབས། །ཨེ་ཝཾ་རྡོ་རྗེ་འཆང་དབང་ཤཱཀྱ་ཐུབ། །རྒྱལ་བ་གཉིས་པ་གསང་བདག་ཟླ་བ་བཟང་། །གསོལ་བ་འདེབས་སོ །བརྒྱུད་པ་འཛིན་ནོ །ས་བཅུའི་སེམས་དཔའ་ཆེ་དང་ཁྲོ་བོའ་གཙོའ། །རྣམ་འཕྲུལ་ཆོས་རྒྱལ་རིགས་ལྡན་སུམ་ཅུ་ལྔར། །གསོལ་བ །བརྒྱུད་པ །གྲུབ་པ་ཡོངས་གཙོ་དུས་ཞབས་འཇམ་རྡོ་རྗེ། །མཁས་གྲུབ་དུས་འཁོར་བྷ་དྲ་པ་ཡབ་སྲས། །གསོལ་བ །བརྒྱུད་པ །མཁས་ཤིང་མཆོག་གཟིགས་པཎ་ཆེན་ཟླ་བ་མགོན། །འཇིག་རྟེན་མིག་གྱུར་འབྲོ་ལོ་ཤེས་རབ་གྲགས། །གསོལ་བ །བརྒྱུད་པ །རྫོགས་སྦྱོར་ལམ་གྱིས་གྲུབ་བརྙེས་དཀོན་མཆོག་སྲུང་། །མཁའ་འགྲོས་མཆོད་གྱུར་དཔའ་བོ་གནམ་ལ་བརྩེགས། །གསོལ་བ །བརྒྱུད་པ །འདུལ་འཛིན་ཡེ་ཤེས་ཆེ་བརྙེས་དད་པའི་རྒྱལ། །འཇམ་དཔལ་གཞོན་ནུའི་རྣམ་འཕྲུལ་ཆོས་དབང་ཕྱུག །གསོལ་བ། བརྒྱུད་པ །ལྷག་ལྷས་རྗེས་བཟུང་མཁས་པ་ནམ་མཁའ་འོད། །མཁའ་སྤྱོད་ཡོངས་གཙོ་འཇའ་ལུས་ཇོ་འབུམ་མ། །གསོལ་བ །བརྒྱུད་པ །ས་བཅུའི་དབང་ཕྱུག་ནམ་མཁའ་རྒྱལ་མཚན་པ། །འཇམ་དཔལ་དཔའ་བོས་རྗེས་བཟུང་ཤེས་རབ་འོད། །གསོལ་བ །བརྒྱུད་པ །སངས་རྒྱས་རབ་གསལ་ངོ་བོ་ཆོས་འོད་ཟེར། །རིགས་ལྡན་རྣམ་འཕྲུལ་ཀུན་སྤངས་ཞང་བརྩོན་འགྲུས། །གསོལ་བ །བརྒྱུད་པ །བྱང་སེམས་ཆེན་པོ་རྒྱལ་བ་ཡེ་ཤེས་པ། །མཁས་བཙུན་བཟང་པོའ་མཐར་ཐུག་ཡོན་ཏན་མཚོ། །གསོལ་བ །བརྒྱུད་པ །པད་
༣༢༨ དཀར་འཆང་དངོས་ཀུན་མཁྱེན་དོལ་པོ་པ། །དེ་བསྟན་འཛིན་མཁས་ཕྱོགས་ལས་རྣམ་རྒྱལ་ཞབས། །གསོལ་བ །བརྒྱུད་པ །སྨྲ་བའི་སེང་གེ་ཉ་དབོན་ཀུན་དགའ་དཔལ། །འཁྲུལ་ཞིག་རྣལ་འབྱོར་གྲུབ་ཆེན་ཀུན་བློ་གྲོས། །གསོལ་བ །བརྒྱུད་པ །ལུང་རྟོགས་བསྟན་པ་ཡོངས་རྫོགས་དཀོན་མཆོག་བཟང་། །རིག་འཛིན་གསལ་སྒྲོན་ནམ་མཁའ་ཆོས་སྐྱོང་མཚན། །གསོལ་བ །བརྒྱུད་པ་གནས་ལྔ་རིག་པ་ནམ་མཁའ་དཔལ་བཟང་པོ། །འཕགས་པའི་རྣམ་འཕྲུལ་ཡོངས་གྲགས་རིན་ཆེན་བཟང་། །གསོལ་བ །བརྒྱུད་པ །འཇམ་མགོན་གྲུབ་པ་སྤྱོད་འཆང་གྲོལ་མཆོག་ཞབས། །འདུལ་འཛིན་མཁས་གྲུབ་ལུང་རིག་རྒྱ་མཚོའ་སྡེ། །གསོལ་བ །བརྒྱུད་པ །འཇིགས་མེད་ཤིང་རྟ་ཀུན་སྙིང་རྡོ་རྗེ་འཆང་། །རྒྱལ་ཚབ་གནས་བརྟན་རིན་ཆེན་རྒྱ་མཚོ་ཆེ། །གསོལ་བ །བརྒྱུད་པ །ཟབ་ལམ་བསྟན་པའི་སྲོག་འཛིན་བློ་གྲོས་རྒྱལ། །རྡོ་རྗེའི་རྣལ་འབྱོར་ངག་དབང་ཕྲིན་ལས་དཔལ། །གསོལ་བ །བརྒྱུད་པ །སྦས་པའི་སངས་རྒྱས་ཆོས་རྗེ་ཀུན་བཟང་དབང་། །རྒྱལ་སྲས་རིག་འཛིན་ཚེ་དབང་ནོར་བུའི་སྡེ། །གསོལ་བ །བརྒྱུད་པ །ཁ་སྐོང་ནི། བྱམས་མགོན་ཀུན་མཁྱེན་དྷརྨཱ་ཀ་རའི་ཞབས། །བཤད་སྒྲུབ་ཕྲིན་ལས་ཐུགས་ཀྱི་རྡོ་རྗེ་ཅན། །གསོལ་བ །བརྒྱུད་པ །ཤློ་ཀ་འདི་པདྨ་ཉིན་བྱེད་དབང་པོས་མཛད། དེའི་ཞལ་སྐོང་ནི། མི་འགྱུར་མཆོག་བདེ་གྲུབ་པ་པདྨའི་མཚན། །འཇམ་པའི་དབྱངས་དངོས་བློ་གྲོས་མཐའ་ཡས་ཞབས། །གསོལ་བ །བརྒྱུད་པ །ཡང་ན་ངག་དབང་ཕྲིན་ལས་ཀྱི་རྗེས་སུ། །སྙིང་པོའ་དོན་གཟིགས་ངག་དབང་རྣམ་པར་རྒྱལ། །རྗེས་དྲན་མངོན་གྱུར་ཀུན་དགའ་ཆོས་འཕེལ་ལ། །གསོལ་བ །བརྒྱུད་པ །བདེ་ཆེན་གྲུབ་པ་ངག་དབང་དྲི་མེད་དཔལ། །འོད་གསལ་མཁའ་ཁྱབ་ངག་དབང་ཆོས་འཕེལ་རྗེ། །གསོལ་བ །བརྒྱུད་པ །
༣༢༩ ཤེས་དང་ཤེས་བྱ་དབྱེར་མེད་ཡེ་ཤེས་སྐུ། །དང་པོའ་སངས་རྒྱས་བློ་གྲོས་མཐའ་ཡས་ལ། །གསོལ་བ །བརྒྱུད་པ །ཞེས་མཉྫུ་གྷོ་ཥས་སོ། གདུལ་བྱ་ཐར་ལམ་མཆོག་གྱུར་ཕྱག་རྒྱ་ཆེ། །སྟོན་མཛད་མཚུངས་མེད་རྩ་བའི་བླ་མ་ལ། །གསོལ་བ །བརྒྱུད་པ །རྒྱུད་སྡེའི་མཐར་ཐུག་ཡི་དམ་ཡོངས་ཀྱི་གཙོ། །དུས་ཀྱི་འཁོར་ལོ་བཅོམ་ལྡན་རྡོ་རྗེ་སེམས། །གསོལ་བ །བརྒྱུད་པ །རྒྱུད་ཀྱི་བདག་མོ་རྣལ་འབྱོར་མ་རིགས་བརྒྱ། །བར་ཆད་སེལ་མཛད་སྲུང་མ་དྲུག་ཅུ་ལ། །གསོལ་བ །བརྒྱུད་པ །དེ་ལྟར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི། །བརྒྱུད་པ་ཡིད་བཞིན་ནོར་བུར་གསོལ་བཏབ་མཐུས། །གང་གི་ཐུགས་རྗེས་བདག་བློ་དད་པ་དང་། །ངེས་འབྱུང་ལྷག་བསམ་རྣམ་དག་སྡོམ་གསུམ་བརྟན། །བྱིན་རླབས་ཞུགས་མཐུས་གཞན་སྟོང་ལྟ་བའི་གནད། །ཅི་བཞིན་བློར་ཆུད་རྡོ་རྗེའི་རྣལ་འབྱོར་ལམ། །བསྒོམ་པས་ཚེ་གཅིག་ཉིད་ལ་དབང་བཞིའི་དོན། །མ་ནོར་རྡོར་སེམས་འབྲས་བུ་ཐོབ་བྱིན་རློབས། །ཅེས་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའ་མན་ངག་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་བྱིན་རླབས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས་པ་འདིའང་རྒྱལ་ཁམས་པ་ཚེ་དབང་ནོར་བུས་ལྷོ་ཕྱོགས་ཀྱི་ཤམྦྷ་ལ་ཇོ་ནང་དཔལ་གྱི་རི་ཁྲོད་དུ་ཤིང་སྟག་ནག་ཟླའི་ཆོསཚེས་ཉེར་གསུམ་ལ་ཆོས་འཆད་པའི་ཐུན་སྐབས་གཅིག་ཏུ་བརྗོད་པའོ། །དགེའོ། །

༄༅། །ཟབ་མོ་ནཱ་རོའི་ཆོས་དྲུག་གི་ཉམས་ལེན་ཐུན་ཆོས་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དོན་ཁྲིད་བཞུགས་སོ། །

༡༩༣ ཟབ་མོ་ནཱ་རོའི་ཆོས་དྲུག་གི་ཉམས་ལེན་ཐུན་ཆོས་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དོན་ཁྲིད་བཞུགས་སོ། །
༡༩༤ བླ་མ་དང་ཡི་དམ་ལྷན་ཅིག་སྐྱེས་མའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དགོངས་པ་དགྲོལ་པ་དང་རྗེས་སུ་གནང་བར་མཛད་དུ་གསོལ། སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་ཕྱག་བཞེས་རྫོགས་རིམ་ཟབ་མོ་ནཱ་རོའ་ཆོས་དྲུག་མདོར་བསྡུས་ཏེ་ཉམས་སུ་བླང་བར་འདོད་པས། ལེན་ཚུལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི་བླ་མ་མཚན་ཉིད་དང་ལྡན་པ་ལས། བླ་མེད་བདེ་དགྱེས་ལྟ་བུའི་དཀྱིལ་འཁོར་དུ་དབང་ལེགས་པར་བླངས་པ་སྔོན་དུ་སོང་ནས། བསམ་གཏན་གྱི་ཚེར་མ་མེད་པའི་གནས་སུ། དལ་འབྱོར་རྙེད་དཀའ་སོགས་ཐུན་མོང་གི་སྔོན་འགྲོ་ལ་བློ་སྦྱང་། སེམས་ཅན་ལ་བཟོད་གླགས་མེད་པའི་སྙིང་རྗེ་བསྐྱེད་པས་རྒྱུད་བསྐུལ་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས་རང་གི་སྤྱི་བོར་ཟླ་གདན་གྱི་སྟེང་འོད་ཀྱི་གུར་ཁང་གི་དབུས་སུ་བླ་མ་རྡོ་རྗེ་སེམས་དཔའ་འོད་ཀྱི་སྐུ་ཅན་ཁ་དོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་ཀྱིས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་པས་དྲིལ་བུ་དཀུར་བརྟེན་པ་འགྱིང་བ་དང་བཅས་པས་བཞུགས་པ་ལ་མོས་གུས་
༡༩༥ དུང་བྱས་པས། དེའི་སྐུ་ལས་བདུད་རྩིའི་རྒྱུན་འོ་མ་ལྟ་བུ་བྱུང་། རང་གི་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་གང་བས་རྣམ་སྨིན་གྱི་ཕུང་པོ་གདོས་བཅས་ཀྱི་ཆ་སྦྲུལ་གྱི་ཤུན་པ་བརྗེས་པ་ལྟར་སོང་། ལུས་ཕྱི་ནང་སྒྲིབ་མེད་ཤེལ་གོང་ཕྱིས་པ་ལྟར་གྱུར། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་པར་མོས་པ་ངག་ཏུ། སྤྱི་བོར་ཟླ་གདན་འོད་ཀྱི་གུར་ཁང་དབུས། །བླ་མ་རྡོ་རྗེ་སེམས་དཔའ་རབ་དཀར་བ། །དལ་མོས་གུས་བྱས་པས་བདུད་རྩི་བབས། །རྣམ་སྨིན་ལུས་སྦྱངས་སྡིག་སྒྲིབ་དག་པར་གྱུར། །ཅེས་བརྗོད་པས་གསལ་བཏབ་ནས་ཡི་གེ་བརྒྱ་པ་མང་དུ་འདོན། མཐར་རྡོ་རྗེ་སེམས་དཔའ་རང་ཉིད་ལ་ཐིམ་པར་མོས་ཏེ་ཐུན་བསྡུའོ། ༡ །དེ་ནས་བྱིན་རླབས་མྱུར་དུ་འཇུག་པའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པ་ནི། རྟེན་མེད་པའི་ནམ་མཁར་ཨ་ཧཾ་ཞེས་སྟོང་པའི་སྒྲ་གྲགས་པའི་རྐྱེན་གྱིས་སྣོད་བཅུད་ཞུ། སླར་སྣང་ལ་རང་བཞིན་མེད་པའི་གཞལ་ཡས་ཁང་གི་དབུས་སུ་རང་ཉིད་བཅོམ་ལྡན་འདས་ཧེ་རུ་ཀ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་
༡༩༦ འཛིན་པས་ཡུམ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་ཐོད་འཛིན་པ་གཡོན་བརྐྱང་གཡས་བསྐུམ་གྱིས་འཁྲིལ་བ་ལ་འཁྱུད་པ་རལ་པའི་ཐོར་ཚུགས་རིན་པོ་ཆེ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་སྤྲས་པ། ཐོད་སྐམ་ལྔའི་དབུ་བརྒྱན་རིན་པོ་ཆེའི་རྩེ་བྲན་ཅན་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། གཡས་བརྐྱངས་ཀྱིས་བཞུགས་པའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་སྔོན་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་པས་པདྨའི་འདུག་སྟངས་ཀྱིས་འཁྱུད་པ། འོད་ཟེར་འབར་བའི་ཀློང་ན་པདྨ་དང་ཟླ་བའི་གདན་ལ་གནས་པར་བསམ། དེ་ནས་རང་གི་ལུས་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་མཆོད་པའི་ལྷ་མོར་གྱུར་པས་མཆོད་པར་བསམས་ནས། དེ་རྣམས་གསལ་གདབ་པའི་ཕྱིར་ངག་ཏུ། མཁའ་ལས་ཨ་ཧཾ་སྟོང་པའི་སྒྲ་གྲགས་པས། །རང་ཉིད་ཧེ་རུ་ཀར་གསལ་སྤྱི་གཙུག་ན། །བླ་མ་ཡུམ་བཅས་དགྱེས་པར་བཞུགས་པ་ལ། །འགྲོ་ཀུན་མཆོད་ལྷར་གྱུར་པས་མཆོད་པ་བྱས། །ཞེས་གསལ་བཏབ་ནས་ངག་ཏུ། སངས་རྒྱས་ཀུན་འདུས་བླ་མའི་དྲུང་། །གླིང་བཞི་རི་རབ་བཅས་པ་དང་། །ཞེས་པ་ནས། མོས་བློས་གོང་མ་རྣམས་ལ་འབུལ། །འགྲོ་ཚོགས་སྒོ་གསུམ་ལོངས་སྤྱོད་དང་། །དགེ་ཚོགས་འབུལ་གྱིས་བཞེས་སུ་གསོལ། །ཕྱི་ཡི་མཆོད་པ་སྣ་ཚོགས་དང་། །སྟོང་ཆེན་རྟོགས་པར་བྱེད་པའི་རོ། །དྲི་ཆུ་དྲི་ཆེན་་དང་། །ཁུ་ཀླད་བདེ་ཆེན་འབར་བའི་རོ། །མི་རྟ་ཁྱི་བ་གླང་པོའ་ཤ་།ཡེ་ཤེས་བདུད་རྩིར་དག་པ་ཅན། །དཔལ་ལྡན་བླ་མ་མཆོག་ལ་འབུལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མཆོད་ལྷ་བླ་མའི་ཡུན་ལ་ཐིམ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ཡིས། །གསལ་བ་བདེ་སྟོང་མཆོད་པས་དགྱེས། །མཚར་སྡུག་འོད་དུ་འབར་བར་གྱུར། །ཅེས་འདོན་བསྒོམ་བྱས་ནས། དབང་བསྐུར་བའི་དོན་དུ། ཨེ་མ་ཧོ་ཨེ་མ་ཧོ་ཆོས། ཨེ་མ་ཧོ་ཆོས་ཀྱི་དོན་འབྱུང་བ། །ཆོས་
༡༩༧ དོན་དག་པ་བདག་མེད་པ། །རྡོ་རྗེ་རྒྱལ་པོར་ཕྱག་འཚལ་འདུད། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པས། །བླ་མ་ཡབ་ཡུམ་སྙོམས་འཇུག་གི་སྒྲས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསྐུལ་ཏེ། འདུས་པ་བླ་མའི་ཐུགས་ཀར་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ་ཡུམ་གྱི་སྐུའི་དཀྱིལ་འཁོར་བ་ཐམས་ཅད་མཆོད་སླར་རྡོ་རྗེ་བུང་བས་ཡུམ་གྱི་སྐུའི་དཀྱིལ་འཁོར་བ་ཐམས་ཅད་བདུད་རྩིའི་ངོ་བོར་བཞུས་པའི་སྦྲང་རྩི་ལེགས་པར་བཏུང་བ་སྦྱོར་མཚམས་ནས་བབས། བདག་གི་ཚངས་བུག་ནས་ཞུགས་རྩ་དབུ་མའི་ནང་ནས་ཞུགས་ཏེ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་བར་ཁྱབ་པར་སྤྲོས་པས་བུམ་དབང་ཐོབ། རྩ་དག་པ་སྐུ་རྡོ་རྗེ་མངོན་དུ་བྱས། བདུད་རྩིའི་ཆུ་ཞབས་ཡར་འཁྱིལ་བས་བླ་མ་ཡབ་ཡུམ་སྔར་བས་མཚར་སྡུག་འོད་དུ་ཆགས་པར་གྱུར། དེ་ནས་བླ་མ་ཡབ་ཡུམ་འོ་བྱེད་པ་དང་། འཁྱུད་པ་དང་། དཀུ་རྩ་འཚིར་བ་དང་། རྡོ་རྗེ་དང་པདྨ་དྲག་ཏུ་སྲུབ་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་དཀར་དམར་ཆུ་བོའ་རྒྱུན་ལྟ་བུ་བྱུང་། བདག་ཉིད་ཀྱི་ལྕེ་རྡོ་རྗེ་རྩེ་གསུམ་པ་ནས་བྱོན། མགྲིན་པའི་ཡི་གེ་ཡ་ར་ལ་ཝ་ནས་བརྒྱུད་རླུང་བཅུས་བསྡུས་པའི་ཉི་ཁྲི་ཆིག་སྟོང་གི་བར་ཁྱབ་པར་སྤྲོས་པས་གསང་དབང་ཐོབ། རླུང་དག་པ་གསུང་རྡོ་རྗེ་མངོན་དུ་བྱས། དེ་ནས་བླ་མའི་ཡུམ་ལས་ཕག་མོ་གཉིས་པ་ཆད། བདག་ཉིད་ཧེ་རུ་ཀར་གནས་པའི་ཡུམ་ལ་ཐིམ། ཧེ་རུ་ཀ་ཡབ་ཡུམ་སྦྱོར་བ་མཛད་པས་བྱང་སེམས་སྤྱི་གཙུག་ནས་མགྲིན་པའི་བར་བབས་པས་དགའ་བ། དེ་ནས་རྡོ་རྗེས་པདྨ་དཔྱིས་ཕྱིན་པར་ཕུག་པས་བྱང་སེམས་སྙིང་གར་བབས་པས་མཆོག་དགའ། དེ་ནས་འོག་རླུང་བསྡམས་པས་འཛག་པ་བཅིང་ཞིང་བྱང་སེམས་ལྟེ་བར་བབ་པས་ཁྱད་དགའ། དེ་ནས་རྡོ་རྗེས་དལ་བུས་པདྨའི་ཟེའུ་འབྲུ་
༡༩༨ ལེགས་པར་འཇིབས་པས་ཁམས་དྭངས་མ་ཞུ་བ་འཛིན་ཞིང་བྱང་སེམས་གསང་བའི་རྩེ་མོའ་བར་ཁྱབ་པར་སྤྲོས་པས་ལྷན་སྐྱེས་ཀྱི་དགའ་བ་མྱོང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐིག་ལེ་དག་པ་ཐུགས་རྡོ་རྗེ་མངོན་དུ་བྱས། དེ་ནས་བདག་ཉིད་ཀྱི་རྒྱུད་ལ་སྐྱེས་པའི་བདེ་བ་ཆེན་པོའ་ཡེ་ཤེས་ཆོས་ཉིད་བརྗོད་མེད་རྟོག་བྲལ་གྱི་མྱོང་བ་དང་། བླ་མ་རྡོ་རྗེ་འཆང་ཡབ་ཡུམ་གྱི་ཐུགས་གཉིས་སུ་མེད་པའི་བདེ་བ་ཆེན་པོའ་ཡེ་ཤེས་གཉིས་སྤྲོས་བྲལ་རོ་གཅིག་ཏུ་བསྲེ། ལམ་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྲས་བུ་མི་རྟོག་ཡེ་ཤེས་ཀྱི་ངོ་བོར་བརྒྱུད། བརྟན་གཡོའ་ཡེ་ཤེས་ཀྱི་བར་ཁྱབ་པར་སྤྲོས་པས་དབང་བཞི་པ་ཐོབ། རྣམ་ཤེས་དག་པ་བདེ་ཆེན་གྱི་སྐུ་མངོན་དུ་བྱས། དེ་ནས་བླ་མ་ཡབ་ཡུམ་གྱིས་རྡོ་རྗེ་ཐུགས་ཀྱི་དམ་ཚིག་སྤྱི་བོ་དང་སྙིང་གར་བརྟན། དྲིལ་བུ་གསུང་གི་དམ་ཚིག་མགྲིན་པ་དང་གསང་བར་བརྟན། ཕྱག་རྒྱ་སྐུའི་དམ་ཚིག་དབུ་མ་རྣམ་དག་ཏུ་བརྟན་པས་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའ་དབང་ཐོབ། ཕྲིན་ལས་རབ་འབྱམས་བསྒྲུབ་པ་ལ་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་སྡོད་པའི་ང་རྒྱལ་ཕྱོག་ནས། དེ་རྣམས་གསལ་གདབ་པའི་ཕྱིར། ངག་ཏུ། བླ་མ་ཡབ་ཡུམ་སྙོམས་འཇུག་བདུད་རྩི་ཡིས། །རྩ་གང་བྱང་སེམས་རྒྱུན་གྱིས་རླུང་རྣམས་སྦྱངས། །མཉམ་སྦྱོར་དགའ་བཞི་མྱོང་ནས་ཆོས་ཉིད་རྟོགས། །དམ་ཚིག་གསུམ་བརྟན་དབང་ཐོབ་སློབ་དཔོན་གྱུར། །ཞེས་བརྗོད་པས་གསལ་གདབ་ཅིང་བསྒོམས་ནས། སྐྱེ་བ་ཀུན་ཏུ་རིགས་བདག་མི་འཆོལ་ཞིང་། །བཅོམ་ལྡན་དྲག་པོའ་དཀྱིལ་འཁོར་འཛིན་བཞིན་དུ། །ཤེས་རབ་པདྨའི་བདུད་རྩི་འཐུང་བྱེད་ཅིང་། །བྱང་ཆུབ་སྙིང་པོར་སྲིད་པ་དག་བགྱིད་ཤོག །ཅེས་སྨོན་ལམ་བྱའོ། །དེ་དག་ནི་སྦྱོར་བའམ་སྔོན་འགྲོའི་མན་ངག་གོ་།གཉིས་པ་དངོས་གཞིའི་རྣལ་འབྱོར་ལ་གཏུམ་མོ་སོགས་དྲུག་ལས། དང་པོ་ལ། མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་བརྟན་པར་བྱེད་པ། བརྟན་པ་
༡༩༩ བོགས་དབྱུང་བ་གསུམ་གྱི་དང་པོ་ལ། ཐོག་མར་སྟོང་ར་སྦྱང་བ་ནི། ལུས་གནད་བདེ་བའི་སྟན་ལ་རྐང་པ་རེ་མིག་ལྟར་བསྣོལ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བཅིང་། སྒལ་ཚིགས་མདའ་ལྟར་བསྲང་སྟེ། ལག་པའི་གྲུ་མོ་ནང་དུ་ཕུལ། དཔུང་པའི་འཕེལ་ཀ་ཕྱིར་བསྐྱེད་པའི་གནད་ཀྱིས་དཔུང་པ་རྒོད་གཤོག་ལྟར་བརྒྱང་། མགྲིན་པ་ཡིད་ཙམ་དགུག །མིག་སྣ་རྩེར་གཏད། ལྕེ་མཆུ་རང་བབ་ཏུ་བཞག །ལུས་བསྲང་བའི་ཕྱིར་སྒོམ་ཐག་གུས་འོག་ནས་དྲངས་ཏེ་ཕྲག་པ་ལ་བཀོན་ནས། བླ་མ་ལ་མོས་གུས་ཀྱིས་གསོལ་བ་གདབ། དེ་ནས་ༀ་ཨཱཿཧཱུྃ་ཀཱ་ཡ་ཝཱཀྩི་ཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཁམས་གསུམ་པོའ་སྣོད་བཅུད་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོ་རྟེན་པ་རྟེན་པར་གྱུར་པའི་དབུས་ན་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ལང་ཚོ་རྒྱས་པ་སྐུའི་གནས་མཐོ་བ་རྣམས་རྒྱ་སྐྱེགས་ཀྱིས་ཁ་བཀུག་པ་ལྟར་སྨུག་པ། མཆེ་བ་ཅུང་ཟད་གཙིགས་པའི་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ཀྱིས་གྲི་གུག་ཕྱར་བ། གཡོན་པས་ཐོད་པ་ཁྲག་བཅས་འཛིན་པ། ཧེ་རུ་ཀའི་ངོ་བོའ་ཁ་ཊྭཱཾ་ག་གྲུ་མོར་བརྟེན་པ། དབུ་སྐྲ་སུམ་ཆ་བཅིངས་ཤིང་ལྷག་མ་གྲོལ་བ། མི་མགོའ་ཕྲེང་བ་སེ་རལ་ཁར་བྱས་པ། ནུ་མ་དང་བྷ་ག་རྒྱས་ཤིང་སྦེད་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་པད་ཉི་དང་རོ་སེར་པོའ་སྟེང་དུ་གར་སྟབས་ཀྱིས་རོལ་པའི་སྐུའི་ནང་གསལ་དྭངས་རྙོགས་པ་དང་བྲལ་བ་ནམ་མཁའི་ངོས་ལ་སྟོང་པའི་རི་མོས་བར་མ་ཆོད་པ་ལྟར་དམིགས་ཏེ། ངག་ཏུ། རང་ལུས་རྡོ་རྗེ་རྣལ་འབྱོར་མ་ཡི་སྐུ། །དམར་ལ་སྨུག་པའི་མདངས་ཆགས་གྲི་ཐོད་འཛིན། །བྷ་ག་ནུ་མ་རབ་རྒྱས་གར་སྟབས་ཅན། །གསལ་དྭངས་རྙོགས་པ་ཀུན་དང་བྲལ་བའོ། །ཞེས་འདོན་བསྒོམ་བྱའོ། ༣་དེ་ལྟར་སྣང་བརྙན་གྱི་སྐུ་སྒྲུབ་པའི་ཕྱིར་སྟོང་ར་ལེགས་པར་བསྒོམས་ནས། ད་ནི་རིགས་ལྡན་གྱི་གཞི་གཟུང་བ་རྩ་སྦྱང་བ་ནི་ལུས་གནད་གོང་
༢༠༠ ལྟར་ལ་དམིགས་པའང་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་གོང་ལྟར་བསྐྱེད་པའི་སྐུའི་ནང་གི་དབུས་སུ་རྩ་དབུ་མ་སྔོན་པོ་ཤིན་ཏུ་དྲངས་པ། མར་སྣ་སྣ་ཚོགས་རྡོ་རྗེའི་རྩིབས་ཅན་གྱི་འཁོར་ལོས་སྤྲས་པའི་ཚངས་བུག་གི་བར་དང་། མར་སྣ་གསང་བའི་པདྨར་ཟེའུ་འབྲུའི་ཚུལ་དུ་གནས་པ་གྲོ་སོག་འབྲིང་པོ་ཙམ་པ། གཡས་རོ་མ་དམར་མོ་དང་། གཡོན་བརྐྱང་མ་དཀར་མོ་གཉིས་ཀྱང་དབུ་མའི་རང་ཚད་དང་མཉམ་པ་གྲོ་སོག་ཕྲ་ཤོས་ཙམ་པ། གསུམ་གའང་གཅིག་ལ་གཅིག་མ་རེག་པ་ཁང་སྟོང་དུ་ཀ་བ་བཙུག་པ་ལྟ་བུ་བསམ་མོ། །ལོང་སྐབས་ཆེ་བ་དང་དམིགས་པ་ཟིན་དཀའ་བ་ལ་འདིར་ཐུན་གཅིག་བྱེད་པ་དམ་གཉན་དུ་མ་བྱས་ཀྱང་རུང་། མཆན། དེ་ནས་ལྟེ་བའི་འཁོར་ལོ་རྩ་འདབ་རེ་བཞི་དམར་པོ་ཁ་གྱེན་བསྟན་གྲུ་གསུམ་ཨེ་ཡིག་གི་དབྱིབས་ཅན། སྙིང་གའི་འཁོར་ལོ་རྩ་འདབ་བརྒྱད་ཁ་འོག་བསྟན་དཀར་པོ་ཟླུམ་པོ་ཝྃ་ཡིག་གི་དབྱིབས་ཅན། མགྲིན་པའི་རྩ་འདབ་བཅུ་དྲུག་དམར་པོ་ཁ་གྱེན་བསྟན་གྲུ་གསུམ་ཨེ་ཡིག་གི་དབྱིབས་ཅན། སྤྱི་བོའ་འཁོར་ལོ་རྩ་འདབ་སོ་གཉིས་ཁ་འོག་བསྟན་དཀར་པོ་ཟླུམ་པོ་ཝྃ་ཡིག་གི་དབྱིབས་ཅན། དེ་རྣམས་ཀྱི་རྩ་སྣེ་གཡོགས་བཅས་སྒྲིབ་མེད་ཕྲ་སྦོམ་རོ་རྐྱང་དང་མ་འབྲེལ་བར་བསྒོམས་ཏེ། དེ་གསལ་གདབ་པའི་ཕྱིར། ངག་ཏུ། ལུས་ཀྱི་ནང་དབུས་དྷཱུ་ཏི་མཐིང་གསལ་དྲང་། །གསང་བའི་གནས་ནས་ཚངས་པའི་ཡུལ་སར་སླེབ། །རོ་རྐྱང་དེ་ཚད་དམར་དང་དཀར་བའི་མདོག །འཁོར་ལོ་བཞི་དང་བཅས་པ་ཤིན་ཏུ་གསལ། །ཞེས་འདོན་བསྒོམ་བྱ། ༤ དེ་ནས་རླུང་སྦྱང་བའི་ཕྱིར་སྣ་བུག་གཉིས་ནས་རླུང་རང་འགྲོས་དྲན་རྩོལ་ཅུང་ཟད་ཆེ་ཙམ་གྱིས་ནང་དུ་བསྡུས་ནས་རྫོགས་པའི་མོད་དེ་ཉིད་དུ། ཐོག་མར་དལ་ཙམ་ལ་དེ་ནས་ཤུགས་དྲག་པོས་རླུང་ལྷག་མ་མ་ལུས་པར་སངས་ཀྱིས་བུས། རྒྱ་མཚོ་རི་རབ་ལ་སྦྱར་ཏེ་དེའི་དུས། ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྣ་བུག་གཉིས་དང་། གཞན་ཡང་ལུས་ཀྱི་བ་སྤུའི་བུ་
༢༠༡ ག་ཐམས་ཅད་ཁྲོལ་ཚགས་ལྟར་སིང་ངེ་ཡོད་པ་ནས་ཐོན་པས་སངས་ཀྱིས་དག །ལུས་ཤིན་ཏུ་དག་པ་མེ་ཤེལ་དྲི་མ་མེད་པ་ལྟ་བུ་ལ་སེམས་བཞག །དེ་ནས་ཡང་དལ་ལ་རིང་བར་བརྔུབས་ཏེ་མཆིལ་མ་ཞིག་མིད་པ་དང་མཉམ་དུ་ལྟེ་བར་མནན། སྲིན་ཞལ་ནང་དུ་སྡོམ་པའི་ཚུལ་གྱིས་འོག་རླུང་འཐེན་ནས། སྟེང་འོག་གི་རླུང་ལྷན་ཅིག་ལྟོ་བའི་སྨད་ཆ་ཐེར་བྱས་ལ་དགང་། གནོན་མི་བདེ་ཅན་ལྟེ་བར་ཧྲི་ལ་བྱས་པ་དེ་ལུས་ཀྱི་ནང་རང་གནས་སུ་ཅུང་ཟད་ལྷོད་བྱས་ལ། བ་སྤུའི་བུ་ག་ཐམས་ཅད་ནས་སྔོ་སིབ་སིབ་སོང་བར་བསམས་ནས་གཞིལ། གནོན་མི་ཐུབ་སྙམ་ཙ་ན། སྤྱི་གཙུག་ནས་སྔོ་སངས་སངས་སོང་བར་སྒོམ་པ་སྤྱི་གཙུག་མདའ་ལྟར་འཕང་བ་སྟེ་ཐུན་མགོ་ལ་རེ་རེ་ཙམ་བྱེད་ཅིང་། གཞན་སྣ་བུག་ནས་སངས་བུས་ཏེ་སྤོས་རེང་གི་དུད་པ་ལྟ་བུར་ཕྱིར་ཐོན། སོར་བཅུ་དྲུག་ཙམ་གྱི་ནམ་མཁའ་ལ་ཡལ་བར་བསམ། ཡང་སྡུད་དུས་འོད་ཀྱི་སྐུད་པ་འདྲ་བའི་རླུང་སོར་བཅུ་དྲུག་གི་ཐད་ཀྱི་ནམ་མཁའ་རང་ལས་བྱུང་། ནང་དུ་སྙིང་གའི་ཐད་ཀྱི་དབུ་མར་ཐིམ་པར་བསམ། ཕྱི་མ་འདི་ལ་རང་བཞིན་མདའ་ལྟར་འཕང་བའང་ཟེར། ཡང་གོང་གི་གཞིལ་བའི་སྐབས་སུ་ནང་གཞིལ་བྱེད་ན། རོ་རྐྱང་གི་རླུང་དྷཱུ་ཏིར་བཅུག །ཡུར་བ་ལས་ཆུ་དྲང་བ་ལྟ་བུར་ལྟེ་སྙིང་གི་བར་གྱི་ཐད་ཙམ་དུ་སླེབ་པ་དང་ཡལ་བར་བསམས་ནས། དབུ་མའི་ནང་སྟོང་སང་ངེ་བ་ལ་སེམས་གཏད། འདི་ནི་གཞིལ་ཚུལ་མཆོག་ཡིན་ཡང་། ལས་དང་པོ་པ་ལ་རླུང་ཁུག་རིང་བ་ལ་ནི་སྔ་མ་ཕན་གི་འདུག་ཅིང་། བུགས་ཀྱི་ཡོན་ཏན་འོག་མ་འདི་ཆེ་སྟེ། དེ་ལྟར་རྔུབ་དགང་གཞི་ལ་མདའ་ལྟར་འཕང་བ་བཞི་པོ་ལ་སྦྱོར་བ་བཞི་ལྡན་ཞེས་ཟེར་ཞིང་། འདིར་འདོན་སྒོམ་སྦྲགས་པ་མི་བདེ་ཡང་། ཡིད་ཡུལ་དུ་གསལ་གདབ་པའི་ཕྱིར། རླུང་རོ་བསལ་བས་སྡིག་སྒྲིབ་ནད་གདོན་དག །དལ་བར་བརྔུབས་ཏེ་སྟེང་འོག་ཁ་སྦྱར་དགང་། །གནོན་པར་མི་བདེ་ཚེ་ན་གཞིལ་བ་དང་། །མི་ནོན་པ་ན་
༢༠༢ མདའ་ལྟར་འཕང་བའོ། །ཞེས་པའི་དོན་ངེས་པར་སྦྱང་སྟེ། དེ་ལ་གསང་གསུམ་གྱི་འགྲོས་སྦྱང་བ་རླུང་སྦྱང་བ་ཞེས་ཐ་སྙད་མཛད་དོ། །དེ་ནས་ཆུ་ཟླའི་གར་བསྒྱུར་བ་ཐིག་ལེ་སྦྱང་བ་ནི། སྟོང་ར་རྩ་གསལ་གདབ་པ་ལ་སོགས་སྔོན་བཞིན་ལ་དབུ་མའི་ཡར་སྣ་ཚངས་བུག་ནས་སྨིན་མཚམས་ཀྱི་བར་སྣེ་བསྲིངས་ཏེ་གནས་པའི་སྨིན་མཚམས་སུ་རུས་པ་གྲུ་གསུམ་གྱི་ནང་དབུ་མའི་རྩ་སྣེར་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་བདེ་བ་དང་ལྡན་པ་ཞིག་བསྒོམ་ཞིང་རླུང་སྦྱོར་དང་ལྡན་པས་གསལ་བཏབ། གསལ་ཐེབས་པ་དང་། རང་བཞིན་མདའ་ལྟར་འཕང་པའི་སྦྱོར་བ་དང་བསྟུན། ཐིག་ལེ་ཚངས་བུག་གི་ཐད་ཀྱི་དབུ་མའི་ནང་དུ་སིང་སྒྲ་དང་བཅས་ཤིང་། བདེ་བའི་ཚོར་བ་དང་ལྡན་པར་སོང་ནས། དེར་གནས་པ་ལ་སེམས་གཞག །ཡང་རྔུབ་པའི་སྦྱོར་བ་དང་བསྟུན་ནས། ཐིག་ལེ་དབུ་མའི་ནང་དུ་མར་བྱུང་དགང་བ་དང་བསྟུན། གསང་བའི་རྩེ་མོར་བདེ་ཕྲི་ལེ་གནས་པར་བསྒོམ། ཡང་རང་བཞིན་མདའ་ལྟར་འཕང་བ་དང་བསྟུན་སྤྱི་གཙུག་ཏུ་སོང་། རྔུབ་པ་དང་བསྟུན། སྨིན་མཚམས་སུ་གནས་པར་བསམ། དེ་ལྟར་འཁོར་མར་སྦྱང་ཞིང་ཐུན་འཇོག་པའི་ཚེ་སྨིན་མཚམས་སུ་ཐིག་ལེ་བསྡུས་ནས་འཇོག་སྟེ། དེ་ཉིད་གསལ་གདབ་པའི་ཕྱིར། སྨིན་མཚམས་ཐིག་ལེ་དཀར་འཚེར་སྣུམ་ལ་འདྲིལ། །རང་བཞིན་མདའ་ལྟར་འཕང་བས་སྤྱི་བོར་བཀོད། །བརྔུབས་པས་དྷཱུ་ཏིའི་ལམ་ནས་གསང་བར་སླེབ། །དེ་ལྟར་འབྱུང་ལྡོག་བྱས་པས་བདེ་བ་སྐྱེས། །ཞེས་གསལ་བཏབ་ནས་ཉམས་སུ་བླང་། ༦ དེ་ལྟར་མ་ཟིན་པ་ཟིན་བྱེད་ཀྱི་ཐབས་བསྟན་ནས། གཉིས་པ་ཟིན་པ་བརྟན་པར་བྱེད་པ་ལ་ལུས་གནད་སྔར་ལྟར་རླུང་སྦྱང་ཡན་ཆད་སྔོན་དུ་བཏང་། རང་ཉིད་ཀྱི་ལུས་ལྷ་སྐུ་གསལ་དྭངས་སུ་གོང་ལྟར་གསལ་བའི་ལུས་ཀྱི་ནང་དུ་རྩ་གསུམ་ལེགས་པར་གསལ་བཏབ་པའི་ལྟེ་འོག་སོར་བཞི་ཙམ་མན་ཆད་གསུམ་
༢༠༣ གནད་གཅིག་ཏུ་གྱུར་བའི་ལྟེ་བའི་འོག་གསང་བའི་སྟེང་རྒྱུ་ཞབས་གཉེར་མཚམས་ཀྱི་ཐད་ཀྱི་དྷཱུ་ཏིའི་ནང་དུ་མེའི་ཆོས་འབྱུང་གི་དབུས་སུ་ཡེ་ཤེས་ཀྱི་གཏུམ་མོ་ཐིག་ལེའི་རྣམ་པ་ཁ་དོག་དམར་བ། རེག་བྱ་ཚ་བ། ངོ་བོ་མི་དམིགས་པ། རྣམ་པ་བདེ་བ་སྟེ་མཚན་ཉིད་བཞི་ལྡན་ཙན་ཀའི་འབྲས་བུའི་ཚད་ཙམ། ཆེས་ཤིན་ཏུ་ཕྲ་བ་ཞིག་བསམ་ནས་བུམ་ཅན་གྱི་སྦྱོར་བ་བྱས་པས་མེ་ཤེད་སྐྱེས་ཤིང་། བདེ་བ་དང་ལྡན་པར་བསྒོམ། ༧ དེ་ལ་སེམས་ཟིན་པ་དང་། རླུང་སྦྱོར་གྱིས་མི་ཤེད་ཇེ་ཆེར་བསྐྱེད་ནས། སྲན་མའི་རྡོག་པོ་ཙམ་པ། གཅན་གཟན་གྱི་སྤུ་ཙམ་གྱི་རྩེ་མོ་སུམ་འཁྱོག་ཏུ་ཡོད་པ་ལ་སེམས་གཏད། ࿁ དེ་ལ་བརྟན་ནས་ཁ་བ་ཙམ་པ་སུམ་འཁྱོག་སྐད་ཅིག་ཀྱང་མི་སྡོད་པར་གཡོ་བ་དང་། ࿁ དེ་འདྲ་བ་སོར་གཉིས་དང་། ࿁ བཞི་ཙམ་པ་ལ་སེམས་སྦྱང་སྟེ། ࿁ ཐིག་ལེའི་རྟགས་ཡོད་པ་འདི་རྣམས་ཐུན་སོ་སོའམ་དམིགས་ཐུན་བདུན་པར་བསྡུས་ཀྱང་རུང་ངོ་། །མེ་དེ་དག་ཀྱང་དམར་བ་ལ་སོགས་པའི་མཚན་ཉིད་བཞི་ལྡན་རྩ་བ་སྦོམ་ལ་བརྟན་པ། རྩེ་མོ་ཕྲ་ཞིང་གཡོ་བ། དྷཱུ་ཏིའི་ནང་དུ་ཉུག་ཉུག་པ་ལ་སེམས་གཟུང་ངོ་། །འཁྲུལ་འཁོར་དྲུག་པ་བྱ་སྟེ། སྐེད་པ་གཡས་སྐོར་གཡོན་སྐོར་གྱིས། །ལྟེ་བའི་རྩ་མདུད་འགྲོལ་བ་ཡིན། །རོ་སྟོད་གཡས་གཡོན་གཅུད་པ་ཡིས། །སྙིང་གའི་རྩ་མདུད་འགྲོལ་བ་ཡིན། །མགྲིན་པ་བསྐོར་ཞིང་དགྱེ་དགུ་ཡིས། །སྤྱི་བོ་མགྲིན་པའི་རྩ་མདུད་འགྲོལ། །རྐང་ལག་བརྐྱང་བསྐུམ་བྱས་པ་ཡིས། །ཚིགས་ཀྱི་རྩ་མདུད་འགྲོལ་བ་ཡིན། །ལུས་སྤྲུགས་ཕུར་བསྲུབ་བྱས་པ་ཡིས། །རྩ་རྣམས་ཐམས་ཅད་འདུལ་བ་ཡིན། །ཞེས་སོ། །དམིགས་པ་དེ་དག་གསལ་གདབ་པའི་ཕྱིར། །རྩ་གསུམ་འདུས་མདོར་མེ་ཡི་ཆོས་འབྱུང་དབུས། །ཡེ་ཤེས་གཏུམ་མོ་ཐིག་ལེ་ཤིན་ཏུ་ཕྲ། འདིར། ཡེ་ཤེས་གཏུམ་མོ་རྣོ་ལྡན་སྲན་མ་ཙམ། ཞེས་དང་། ཡེ་ཤེས་གཏུམ་མོ་གསུམ་འཁྱོག་མོ་ཁབ་ཙམ། ཞེས་དང་། ཡེ་
༢༠༤ ཤེས་གཏུམ་མོ་གསུམ་འཁྱོག་སོར་གཉིས་པ། ཞེས་དང་། ཡེ་ཤེས་གཏུམ་མོ་གསུམ་འཁྱོག་སོར་བཞི་བ། ཞེས་དམིགས་པ་དང་བསྟུན་ནས་འདོན་པ་བསྒྱུར། །ཁ་དོག་དམར་ལ་རེག་བྱ་རབ་ཏུ་ཚ། །ངོ་བོ་སྟོང་ཉིད་རྣམ་པ་བདེ་ཞིང་གསལ། །ཞེས་གསལ་གདབ་ཅིང་བསྒོམ། །དེ་ནི་ཟིན་པ་བརྟན་བྱེད་ཀྱི་མན་ངག་གོ། །གསུམ་པ་བརྟན་པ་བོགས་དབྱུང་བ་ལ། དྲོད་ཀྱི་བོགས་དབྱུང་བ། བདེ་བའི་བོགས་དབྱུང་བ། མི་རྟོག་པའི་བོགས་དབྱུང་བ་གསུམ་གྱི་དང་པོ་ནི། དེ་ལྟར་གོང་དུ་བསྟན་པ་རྣམས་བསྒོམས་ཀྱང་མི་དམིགས་སོགས་མི་གསལ་བའམ། གསལ་ཡང་བོགས་དབྱུང་བའི་ཕྱིར། ལུས་གནད་སྔར་ལྟར་རམ། ཡང་ན་རྐང་པའི་ལོང་བུ་གཉིས་བསྣོལ་ལ་པུས་མོ་སོ་སོར་བ་སྤྲད། ལག་གཉིས་བསྣོལ་བའི་གྲུ་མོ་པུས་སྟེང་དུ་བཙུག །ལག་མཐིལ་དཔུང་པ་གཡས་གཡོན་གྱི་སྟེང་དུ་སྦྱར་ཏེ། པུས་འཁྱུད་ཀྱིས་བཅིངས་པས་རྐང་པ་ལ་ཐབ་འགལ་གུ་གསུམ་གཉིས། ལག་པ་ལ་བཞི་སྟེ་དྲུག །ནང་དང་གསང་བའི་ཡང་ད་ལྟར་དྲུག་ཡོད་པས་ཐབ་འགལ་གྱི་ཕྱག་རྒྱ་བཅོ་བརྒྱད་བཅའ། དམིགས་པའི་གནད་རང་ཉིད་ལྷ་སྐུ་གསལ་དྭངས། རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་སྔར་ལྟར་ལ། གཙུག་ཏོར་གྱི་སར་རྩ་གསུམ་ཡར་སྣེ་བསྲིངས་པའི་རྩེ་མོར་གཙུག་ཏོར་གྱི་འཁོར་ལོ་རྩ་འདབ་དགུ་པ། གསང་བའི་འཁོར་ལོ་རྩ་འདབ་སོ་གཉིས་པ། ཚིགས་ཆེན་གྱི་འཁོར་ལོ་བཅུ་གཉིས་ལ་རྩ་འདབ་བརྒྱད་རེ། ཚིགས་ཕན་གྱི་འཁོར་ལོ་རྣམས་ལ་རྩ་འདབ་བཞི་རེ་ཡོད་པར་བསྒོམས་པའི་རྩ་གསུམ་འདུས་མདོར་ཡེ་ཤེས་ཀྱི་གཏུམ་མོ་ཐིག་ལེའི་རྣམ་པ་གསལ་ཞིང་འབར་བའི་རྩེ་མོ་དྷཱུ་ཏིའི་ནང་དུ་ཞུགས་པར་བསམ་ཞིང་རླུང་སྦྱོར་གྱིས་གནད་དུ་བསྣུན་པས་དེ་ལས་མེ་དྲག་ཏུ་འབར། ལྟེ་བའི་འཁོར་ལོ་མན་ཆད་ཁྱབ་པར་བསྒོམ། དྲུག་སྐོར་གྱི་ཕོ་བ་གཡས་སྐོར་གཡོན་སྐོར་བྱ། དེ་བརྟན་ནས་སྙིང་ག་མན་ཆད་ཁྱབ་པར་བསྒོམ། རོ་སྟོད་གཡས་གཡོན་གཅུད་
༢༠༥ པར་བྱ། དེ་བརྟན་ནས་མགྲིན་པ་དང་སྤྱི་བོ་མན་ཆད་ཁྱབ་པར་བསྒོམ། མགྲིན་པ་བསྐོར་ཞིང་དགྱེ་དགུ་བྱ། དེ་བརྟན་ནས་ཡན་ལག་གི་འཁོར་ལོ་རྣམས་ཁྱབ་པར་བསྒོམ། ཡན་ལག་བརྐྱང་བསྐུམ་བྱ། དེ་བརྟན་ནས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་བ་སྤུའི་མཐར་ཐུག་པར་ཁྱབ་པར་བསྒོམ། ལུས་སྤྲུག་ཕུར་བསྲུབ་བྱ། དེ་ལྟར་ཡེ་ཤེས་ཀྱི་མེ་འབར་བས་འཁོར་བའི་རྟེན་བྱེད་པའི་རྩ་རྣམས་དང་རྩ་མདུད་བརྟེན་པར་བྱེད་པའི་ཆ་ཐམས་ཅད་བསྲེགས། མཆོག་གི་དབུ་མ་མ་གཏོགས་ཕྱི་འཁོར་བའི་སྲོག་གི་རྟེན་བྱེད་པའི་དབུ་མའང་བསྲེགས་པར་མོས་ཏེ། གསལ་གདབ་པའི་ཕྱིར། རྩ་གསུམ་འཁོར་ལོ་དྲུག་དང་འཁོར་ཕྲན་བཅས། །གསལ་བའི་འདུས་མདོའ་གཏུམ་མོ་རབ་ཏུ་འབར། །གཙོ་མོ་གསུམ་གང་འཁོར་ལོ་རྣམས་ཀྱང་གང་། །བ་སྤུའི་བར་ཁྱབ་སླར་ཡང་འདུས་མདོར་བསྡུས། །ཞེས་ཐུན་མཐར་འདུས་མདོའ་གཞིའི་གཏུམ་མོ་ལ་མེ་རྣམས་བསྡུས་ཏེ་མཉམ་པར་གཞག །སྐབས་འདིར་བོགས་འདོན་གྱི་ལུས་སྦྱང་སོ་བདུན་མ་བྱ་བ་ནི། ས་ནོན་བྱས་ལ་ཕོ་བ་ནི། །གཡས་གཡོན་གསུམ་གསུམ་བསྐོར་བས་དྲུག །པུས་མོ་གཡས་པར་འཇུས་ནས་ནི། །དེ་བཞིན་དྲུག་དང་གཡོན་ལའང་དྲུག །མཐེ་བོས་སྲིན་རྩ་མནན་ནས་ཀྱང་། །གཡས་གཡོན་ཁུ་ཚུར་ཞག་འཕེན་དྲུག །གཡས་གཡོན་མདའ་འགེངས་བྱེད་པ་དྲུག །གཡས་གཡོན་ལག་པའི་ནང་ཤད་དྲུག །ལུས་ཀུན་སྤྲུག་དང་སོ་བདུན་ནོ། །ཞེས་པ་ལྟར་རོ། །དེ་ནས་བདེ་བའི་བོགས་དབྱུང་བའི་ཕྱིར། །ལུས་གནད་དང་སྟོང་ར་རྩ་འཁོར་སྔ་མ་ལྟར་གསལ་བའི་བདེ་ཆེན་འཁོར་ལོའ་དབུས་དྷཱུ་ཏིའི་ནང་དུ་བདུད་རྩི་ཟླ་བ་བྱང་ཆུབ་ཀྱི་སེམས་དཀར་ཆའི་དཀྱིལ་འཁོར་ཟླ་བ་དྲི་མ་དང་བྲལ་བ་ལྟ་བུའི་ལྟེ་བར་ཧཾ་ཡིག་དཀར་པོས་མཚན་པ། ལྟེ་འཁོར་གྱི་དབུས་བྷཱུ་ཏིའི་ནང་དུ་ཙཎྜ་ལཱི་ཕྲ་ཞིང་ཕྲ་བ་གོང་བུའི་རྣམ་པ་མཚན་ཉིད་བཞི་ལྡན་གསལ་བ་ལ་རླུང་སྦྱོར་གྱིས་གནད་
༢༠༦ དུ་བསྣུན་པས། དེ་ལས་སོར་གང་ལྷག་ཙམ་གྱི་མེ་འབར་བས་དེའི་རེག་པས་སྤྱི་བོའ་ཧྃ་ཡིག་ཟླ་བ་དང་བཅས་པ་གཡོས་ཧྃ་ཡིག་ལས་བྱང་ཆུབ་ཀྱི་སེམས་ཧྃ་ཡིག་མགོ་ཐུར་བསྟན་གྱི་རྣམ་པར་འཇག་པར་རྩོམ་པ་ན། ཡང་རླུང་རབ་ཏུ་དགང་ཞིང་མེ་སོར་གཉིས་ཙམ་དུ་འབར་བས་བྱང་སེམས་ཧྃ་ཡིག་མགོ་ཐུར་བསྟན་གྱི་རྣམ་པར་ཟག་པ་དེ་ཉིད་བྱང་ཐིག་དཀར་པོ་ཉུངས་ཀར་ཙམ་པར་བྱས་ཏེ། ཆབ་རོམ་ལས་ཐིགས་པ་ཟག་པ་བཞིན་དྷཱུ་ཏིའི་ནང་ནས་བརྒྱུད་དེ་མགྲིན་པའི་བར་བབས། དེ་ནས་སྙིང་ག་ནས་མེ་སོར་བརྒྱད་ཙམ་འབར་བས་ཐིག་ལེ་མར་བབས་ནས་དེ་དང་གཏུམ་མོ་གཉིས་མེད་དུ་འདྲེས་མ་ཐག་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པའི་བྱང་ཐིག་གིས་ལུས་ཐམས་ཅད་གང་བར་བསམ་ཞིང་སེམས་གཟུང་བདེ་བ་སྐྱེས་པ་དང་རྟོག་མེད་དུ་ཆམ་གྱིས་བཞག་སྟེ། ངག་ཏུ། རླུང་གི་སྦྱོར་བས་གཏུམ་མོ་སྦར་བའི་མཐུས། །སྤྱི་བོའི་ཟླ་བ་ཧྃ་ཡིག་བཅས་པ་ལས། །དཀར་ཆ་འཛག་པ་ཐིག་ལེའི་གཟུགས་སུ་བྱོན། །དཀར་དམར་འདྲེས་པའི་ཐིག་ལེས་ལུས་ཀུན་གང་། །དགའ་དང་བདེ་དང་སིམ་པ་སྐྱེད་པར་གྱུར། །ཅེས་བརྗོད་དེ་བསྒོམ་མོ། །ཡང་འབྲོས་འདེད་ཀྱི་དམིགས་པ་ནི། གཞན་སྔར་ལྟར་ལ་རླུང་སྦྱོར་བྱས་པས་གཏུམ་མོ་ལས་མེ་དབུ་མའི་ནང་དུ་ཡང་ནར་གྱིས་སོང་། ཧྃ་ཡིག་ལ་རེག་མ་ཐག་ཐིག་ལེ་དམར་པོས་ལུས་ཐམས་ཅད་གང་བ་དེ་མེར་གྱིས་གྱུར། སླར་ཧྃ་ཡིག་ལས་ཐིག་ལེ་དཀར་པོ་ཆད། མེ་ལྕེ་ལ་རེག་པས་མེ་ལྕེ་དེ་ཇེ་དམར་སོང་ནས་སོར་བཞི་ཙམ་དུ་གནས་པའི་ཚེ་ལུས་ཐམས་ཅད་བྱང་ཐིག་དཀར་པོས་གང་བས་བདེ་བ་རྒྱས་པར་བསམས་ལ། ངག་ཏུ། རླུང་གི་སྦྱོར་བས་གཏུམ་མོ་ནར་གྱིས་འབར། །ཧྃ་ལ་རེག་འཕལ་ཐིག་ལེ་དམར་པོས་གང་། །ཧྃ་ལས་ཐིག་ལེ་ཆད་པས་མེ་ཕྱིར་ལོག །ལུས་ཀུན་ཐིག་ལེ་དཀར་པོས་གང་བར་གྱུར། །ཅེས་བསྒོམ་མོ། ༡༠ །དེས་ཀྱང་བདེ་བ་རབ་ཚད་དུ་མ་སྐྱེས་ན་བ་འཇོའ་དམིགས་པ་ནི། པུས་མོ་གཉིས་སྦྱར་ཞིང་རྐང་
༢༠༧ མགོ་ཕྱིར་བསྐྱེད་སྤྱི་བོའི་ཧྃ་ལས་དཀར་ཆའི་རང་བཞིན་ཧཱུྃ་དཀར་པོ་ཞིག་བདེ་ཕྲིལ་གྱིས་དབུ་མའི་ནང་ནས་མར་ཆད། གསང་བའི་རྩེ་མོར་བདེ་ཕྲིལ་ལེར་གནས་པར་བསམ་ཞིང་འོག་རླུང་འཐེན་འཕུལ་བྱ། བདེ་བ་མི་ཐུབ་པ་སྙམ་ཙ་ན་ཧཱུྃ་དེ་སྤྱི་གཙུག་ཏུ་རྒྱངས་ཀྱིས་སོང་ཧྃ་ལ་ཐིམ་ཚངས་བུག་རྡོ་རྗེ་དཀར་པོ་རྩེ་ལྔར་རྒྱ་གྲམ་གྱིས་བཀག་པར་བསམ་ལ། རྟོག་མེད་དུ་གཞག །ངག་ཏུ། སྤྱི་བོའི་ཧྃ་ལས་ཐིག་ལེ་དཀར་པོ་ཟག །དྷཱུ་ཏིའི་ལམ་བརྒྱུད་གསང་བའི་རྩེ་མོར་གནས། །བདེ་བ་རབ་རྒྱས་སླར་ཡང་སྟེང་དུ་སོང་། །ཧྃ་ལ་ཐིམ་ཞིང་ཚངས་བུག་རྡོ་རྗེས་བཀག །ཅེས་བསྒོམ། ༡༡ །དེ་ནས་མི་རྟོག་པའི་བོགས་དབྱུང་བའི་ཕྱིར། །ལུས་གནད་སྤང་ལ་པེ་ཕུར་བཏབ་པ་བཞིན་མི་གཡོ་བར་བཅའ། ལྟ་སྟོངས་ནམ་མཁའི་དབྱིངས་སུ་མི་གཡོ་བར་བལྟ། འཇམ་རླུང་ཅུང་ཟད་བཟུང་ལ་བདེ་བའི་རྟོག་པའམ་དྲོ་བའི་རྟོག་པའམ། མདོར་ན་ཡིད་ཀྱི་ཡུལ་དུ་རྣམ་པར་རྟོག་པ་གང་ཤར་བ་དེ་ཀའི་ངོ་བོ་ལ་བཅོས་བསླད་མེད་པར་མཉམ་པར་གཞག །ཐིབ་ཚང་དུ་འཇུག་པ་ལྟར་ཆོན་ནེ་གཞག །སྦྲང་མ་གར་སྦྱིན་ལ་འབྱར་བ་ལྟར་མི་གཡོ་བ་ལྷན་ནེ་གཞག །བྱ་བ་ཟིན་པའི་སྐྱེས་བུ་ལྟར་རྩོལ་སྒྲུབ་མེད་པར་གཞག །སོག་ཕོན་མདུད་པ་བཤིག་པ་ལྟར་གློད་ལ་གཞག །དེ་ལྟར་བཞག་པས་ཡང་རྣམ་རྟོག་གཅིག་སྐྱེས་ན་དེའི་ངོ་བོ་ལ་སྔར་ལྟར་ཅེར་གྱིས་བལྟས་ཏེ་གཞག་གོ། །ཆུ་རྙོགས་མ་དང་བྲལ་བ་ལྟ་བུར་དྭངས་སང་ངེ་བ། དེ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུ་ལྷན་ནེ་བར་གཞག །ངག་ཏུ། གཉུག་མའི་ཤེས་པ་གསལ་དྭངས་རྙོགས་པ་མེད། །ངོས་གཟུང་མེད་ཅིང་འཕྲོག་ནས་འགྲོ་འོང་མེད། །བཅས་བཅོས་བྱར་མེད་རང་གར་གློད་ལ་གཞག །གློད་པའི་སེམས་ཉིད་ནམ་མཁའ་ལྟ་བུའོ། །ཞེས་བསྒོམ་མོ། ༡༢ །དེ་ལྟར་བརྟན་པ་བོགས་དབྱུང་བའི་ཡན་ལག་སྟེ། དེ་རྣམས་ཀྱིས་གཏུམ་མོའི་ཉམས་ལེན་གྱི་ཐུན་དམིགས་
༢༠༨ སྨོས་ཟིན་ཏོ། ༈ །གཉིས་པ་སྒྱུ་ལུས་ཉམས་སུ་བླང་བ་ལམ་དག་པ་སྦྱང་བ་དང་། དག་པ་སྦྱང་བ་དང་། ཐུན་མོང་མིན་པ་སྦྱོང་བ་གསུམ། དང་པོ་ལ། མ་ཟིན་པ་ཟིན་བྱེད་སོགས་གསུམ་ལས། དང་པོ་ནི། ལུས་གནད་སྔར་བཞིན་རྣམ་སྣང་གི་ཆོས་བདུན་བཅའ། ཡུལ་གནད་སྣང་བ་སྣ་ཚོགས། དུས་གནད་ཉིན་པར་ཤས་ཆེ། དམིགས་པ་ལ་དང་པོར་འདུས་བྱས་ཀྱི་ཆོས་རྣམས་མི་རྟག །སྒོས་སུ་འགྲོ་བའི་ཚེ་སྲོག་མི་རྟག །བུ་དང་ཆུང་མ་གཉེན་ནོར་རྫས་སོགས་ཀྱང་སྙིང་པོ་མེད་དེ། མདོར་ན་ཆོས་ཤིག་མ་གཏོགས་གང་གིས་ཀྱང་མི་འཚེངས་མི་ཕན། སྐྱེས་པའི་ཐ་མ་འཆི། བསགས་པའི་ཐ་མ་འཛད། འགྲོགས་པའི་ཐ་མ་འབྲལ། མཛའ་བའི་ཐ་མ་འཁོན། གསོས་པའི་ལུས་ནི་འཇིག །རྒྱུ་བའི་དབུགས་ནི་ཆད། ཉེ་འབྲེལ་ཤུལ་དུ་ལུས། ནོར་རྫས་གཞན་གྱིས་སྤྱོད། ཕུང་པོ་རོ་རུ་སོང་། རང་དབང་རང་ལ་མེད། མདོར་ན་གང་ལའང་སྙིང་པོ་མེད། །ཅིས་ཀྱང་དགོས་པ་མེད་སྙམ་དུ་བསམ་ཞིང་སྐྱོ་བ་བསྐྱེད་པས་བློ་སྦྱོང་བ་སྔོན་དུ་བཏང་ནས། འདི་སྙམ་དུ་གཟུགས་སོགས་ཕྱི་རོལ་གྱི་སྣང་བ་འདི་ཐམས་ཅད་དེ་སྔ་བདེན་པར་བཟུང་བས་འཁོར་བར་འཁྱམས་པ་ཡིན་པར་འདུག །འདི་ཐམས་ཅད་བརྟགས་ཤིང་དཔྱད་ན་མེད་བཞིན་དུ་སྣང་བ་རྨི་ལམ་དང་སྒྱུ་མ་ལྟ་བུ་དང་། རྐྱེན་ལས་བྱུང་བ་བྲག་ཆ་དང་རྔའི་སྒྲ་ལྟ་བུ་མི་རྟག་པ་གློག་དང་ཆུ་བུར་ལྟ་བུ། སྣང་ཡང་རང་བཞིན་མེད་པ་སྨིག་རྒྱུ་དང་ཆུ་ཟླ་ལྟ་བུའོ། །སྙམ་དུ་ལེགས་པར་བསྒོམས་ཏེ། ངག་ཏུ། གཟུགས་སྒྲ་དྲི་རོ་རྟ་གླང་ཁང་ཁྱིམ་སོགས། །སྣང་བ་འདི་ཀུན་མེད་བཞིན་སྣང་བ་སྟེ། །རྐྱེན་ལས་བྱུང་ཞིང་མི་རྟག་རང་བཞིན་མེད། །རྨི་ལམ་སྒྱུ་མ་ལྟ་བུར་བདེན་པས་སྟོང་། །ཞེས་འདོན་སྒོམ་བྱ་ཞིང་མཉམ་རྗེས་ཐམས་ཅད་དུ་དེ་ལྟར་བསམ། ༡ གཉིས་པ་ཟིན་པ་བརྟན་བྱེད། རང་གི་གཟུགས་མེ་ལོང་ལ་འཆར་དུ་བཅུག་སྟེ། དེ་ལ་རྒྱན་བཏགས་པ་རྡེག་འཚོག་བྱས་པ། བསྟོད་སྨད་བྱས་པ་ཁྱད་མེད་པ་
༢༠༩ ལྟར། །རང་གི་ལུས་ཀྱང་དེ་དང་འདྲ། །ངག་བྲག་ཆ་དང་འདྲ། ཡིད་རྟོག་སྨིག་རྒྱུ་ལ་ཆུར་འཛིན་པ་དང་འདྲ་བར་བསམ་ཞིང་། ངག་ཏུ། མེ་ལོང་གཟུགས་བརྙན་འདི་ལ་དགའ་དང་གདུང་། །མཛེས་དང་མི་མཛེས་སྙན་དང་མི་སྙན་མེད། །རང་གི་ལུས་ཀྱང་དེ་དང་འདྲ་བ་སྟེ། །ངག་དང་ཡིད་ཀྱང་བྲག་ཆ་སྨིག་རྒྱུ་བཞིན། །ཞེས་འདོན་སྒོམ་བྱ། ༢ གསུམ་པ་བོགས་དབྱུང་བ་ནི། དེ་ལྟར་བྱས་པས་རང་ལ་བསྟོད་སྨད་ཀྱི་དགའ་གདུང་སོགས་མགོ་ནོན་ཞིང་བརྟན་པ་ནི། ཐོག་མར་བླ་མའམ་མཆེད་གྲོགས་ལྟ་བུ་རྒྱུས་ཡོད་པ་ཞིག་ལ་བསྟོད་སྨད་སྣ་ཚོགས་བྱེད་དུ་བཅུག །དེ་ནས་ཚོང་དུས་སོགས་སྐྱེ་བོ་མང་པོའ་སར་སོང་ནས་སྤྱོད་པ་མཐོ་དམན་སྣ་ཚོགས་ཤིག་བྱས་པས། མི་གཞན་གྱིས་བསྟོད་སྨད་དེག་འཚོག་དགའ་མི་དགའ་སོགས་བྱེད་པ་ལ་ཁྱད་པར་ཨེ་འདུག་པ་ལྟ། འདུག་ན་སླར་ཡང་དབེན་པར་སོང་ལ་བླ་མ་དཀོན་མཆོག་ལ་གསོལ་བ་དྲག་ཏུ་གདབ་ཅིང་སླར་ཡང་བསྒོམས་ཏེ། མཚམས་སུ་གསལ་གདབ་པའི་ཕྱིར། སྐྱེས་པ་བུད་མེད་འདི་ཀུན་རྨི་ལམ་བཞིན། །བསྟོད་དང་སྨད་པའི་ཚིག་འདི་བྲག་ཆ་བཞིན། །མཐོང་ཐོས་མྱོང་བའི་སེམས་འདི་རི་དྭགས་ཀྱིས། །སྨིག་རྒྱུ་ཆུ་རུ་འཁྲུལ་དང་མི་མཚུངས་སམ། །ཞེས་འདོན་སྒོམ་བྱའོ། ༣ །གཉིས་པ་དག་པ་ནི། མེ་ལོང་གི་ནང་དུ་ཡི་དམ་གྱི་སྐུའི་གཟུགས་བརྙན་འཆར་དུ་བཅུག་ལ། དེ་ཅི་འདྲ་བ་བཞིན་དུ་རང་གི་ལུས་ཀྱང་ལྷ་སྐུ་སྟོང་ཞིང་རང་བཞིན་མེད་པ། སྣང་ཡང་བདེན་པར་མ་གྲུབ་པ་ཡིན་ལ། སེམས་ཅན་ཐམས་ཅད་ཀྱང་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་འབའ་ཞིག་ཡིན། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱང་གཞལ་ཡས་ཀྱི་ཁང་པ་སྣང་ལ་རང་བཞིན་མེད་པ། ངག་སྔགས་ཀྱི་སྒྲ་བྲག་ཆ་ལྟ་བུ། ཡིད་གཡོ་བ་སྨིག་རྒྱུ་ཙམ་འདི་བདེ་བ་ཆེན་པོ་རང་གྲོལ་ཡིན་པས། གནས་གཞལ་ཡས་ཁང་ལ་སྐྱིད་མི་སྐྱིད། བཅུད་ལྷ་སྐུ་ལ་ཆགས་སྡང་དང་བསྟོད་སྨད། སྔགས་ཀྱི་སྒྲ་ལ་དགའ་གདུང་འབྱུང་བའི་ཡུལ་ཅི་ལ་ཡོད། ཅེས་བསམ་ཞིང་།
༢༡༠ ངག་ཏུ། རང་ལུས་ལ་སོགས་གཟུགས་སྣང་འདི་ཐམས་ཅད། །ལྷ་སྐུ་སྣང་སྟོང་ཟུང་འཇུག་གཟུགས་བརྙན་ལྟར། །དེས་ན་ཆགས་སྡང་བསྟོད་སྨད་དགའ་གདུང་གི། །རྟོག་པ་སྐྱེ་བའི་ཡུལ་དེ་གང་དུ་སོང་། །ཞེས་འདོན་སྒོམ་བྱ། ༤ སྒྱུ་ལུས་ཀྱི་དམིགས་པ་འདི་དག་ལ། རྒྱས་པར་ནི་གོང་དུ་ཟིན་པ་བརྟན་བྱེད་ཀྱི་སྐབས་སུ་ལུས་གཟུགས་བརྙན་ལྟར་སྒོམ་པ་ལ་ཐུན་གཅིག །བྲག་ཆ་ཡོད་པའི་སར་སོང་ནས་ངག་བྲག་ཆ་ལྟར་སྒོམ་པ་ལ་ཐུན་གཅིག །སྨིག་རྒྱུ་ཡོད་པའི་སར་སོང་ནས་ཡིད་སྨིག་རྒྱུ་ལྟར་སྒོམ་པ་ལ་ཐུན་གཅིག་སྟེ་གསུམ་བྱས་པས་ཡོངས་སྒྲིལ་དྲུག་གམ། འདི་ཀ་ལྟར་བཞི་བྱས་པས་ཀྱང་དོན་འཐུས། གསུམ་པ་ཐུན་མོང་མ་ཡིན་པ་ཤིན་ཏུ་ཕྲ་བའི་རླུང་ཐིག་སྒྱུ་ལུས་ཀྱི་སྐུར་སྒྲུབ་པ་འདི། གསེར་ཞུན་རྩ་བར་སྒས་དོན་དུ་མཛད་ཀྱང་། རྗེ་བརྒྱད་པའི་དགོངས་པས་གཉིས། དངོས་པོ་དང་། སྒོགས་ཆོག་གོ། །དང་པོ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་དབེན་གསུམ་གྱིས། །གཉུག་མའི་སྒོ་གསུམ་བཅོས་བསླད་མེད་པར་གཞག །རླུང་སེམས་ཟིན་པས་སྣང་གསུམ་ལུགས་འབྱུང་ལས། །ལུགས་ལྡོག་སྒྱུ་མའི་སྐུ་རུ་ལྡང་བར་བྱ། །ཞེས་གསལ་བཏབ་ནས་རྐང་པ་རྡོར་གདན་སྒལ་ཚིགས་མདའ་ལྟར་བསྲང་། མིག་འབྱེད་འཛུམ་གྱི་སྤྲོས་པ་མེད་པར་ཧྲིག་གེ་བལྟ། དབུགས་དབྱུང་རྔུབ་མེད་པར་ངག་གསུང་བ་ཡང་མ་ཡིན་མི་གསུང་བ་ཡང་མ་ཡིན། ལྕེ་མཆུ་མ་འབྱར་བ་རང་བཞིན་ལྷུན་གྲུབ་ཀྱི་རྡོར་བཟླས། ལག་པ་མཉམ་གཞག་མི་གཡོ། མདོར་ན་རང་བཞིན་ལྷུན་གྲུབ་ཀྱི་ལུས་རྣམ་པར་དབེན་པ་གཡོ་མེད་རང་སོར་བཞག །དེའི་ངང་ནས་རང་བཞིན་ལྷུན་གྲུབ་ཀྱི་སེམས་དབེན། དུས་གསུམ་གྱི་ཡིད་བྱེད་ཐམས་ཅད་ཆམ་གྱིས་གཞག །ཡོད་མེད་སྟོང་མི་སྟོང་བསྒོམ་བྱ་སྒོམ་བྱེད་སྒོམ་མི་སྒོམ་སོགས་ཅིར་ཡང་མི་སེམས་པར་བཞག །དེའི་ངང་ནས་རྣམ་རྟོག་གི་འཆར་སྒོ་བྱུང་ན་མུ་མཐུད་དུ་མི་གཞུག་པར་རྟོག་པ་ཁ་རྒྱུ་འོག་རྒྱུ་ཐམས་ཅད་རྟོག་མེད་ཡེངས་མེད་དུ་གཟུང་། བྱིང་རྨུགས་བྱུང་ན་ལྟ་སྟངས་
༢༡༡ སྟོང་རིག་པ་དར་ཕྱུང་། འཕྲོ་རྒོད་བྱུང་ན་ལྟ་སྟངས་སྨད། ཤེས་པ་ཁོང་གློད་བྱིང་རྒོད་མེད་ན་མཉམ་པར་བསྐྱང་། དེ་ཡང་ཐུན་མགོ་ལ་བཟང་ཞིང་ཐུན་གཤམ་ལ་ངན་ནམ། སྔ་ཐུན་ལ་བཟང་ཞིང་ཕྱི་ཐུན་ལ་ངན་ན། ཆུ་ཟད་པའི་རྫིང་ལྟར་ཁམས་གཏུགས་པ་ཡིན་པས་ཁམས་གསོ་ཞིང་ཤེས་པ་གློད་ནས་བསྒོམ། ཐུན་མགོ་ལ་ངན་ཞིང་ཐུན་གཤམ་ལ་བཟང་ངམ། སྔ་ཐུན་ལ་ངན་ཞིང་ཕྱི་ཐུན་ལ་བཟང་ན། ཡུར་བས་རྫིང་གི་ཆུ་མ་འདྲོངས་པ་ལྟར་སྦྱོར་རྩོལ་བ་ཆུང་བ་ཡིན་པས་ཧུར་བཏོན་ཏེ་བསྒོམ། དེ་ལྟར་སྒོམ་ཞིང་བླ་མ་ལ་ཆོས་སྐུའི་མོས་གུས་བྱ། ཕྱི་ནང་གསང་གསུམ་གྱི་ལུས་ལོངས་སྤྱོད་བདོག་པ་ཐམས་ཅད་ཕུལ་ཅིང་མཆོད་པས་བྱིན་རླབས་ཀྱི་མཐུ་དང་། ཉམས་ལེན་གྱི་སྟོབས་ཀྱིས་ཕྱག་ཆེན་དུ་སེམས་ཟིན། དེ་ཟིན་པས་རླུང་ཟིན། དེ་ལས་ཉམས་སྐྱེ་སྟེ། ས་ཆུ་ལ་ཐིམ་པས་སྨིག་རྒྱུ་འོད་ཟེར་ལྔ་དང་ལྡན་པ་སྔོ་མེར་མེར་བ་དང་། སྔོ་ཧྲིབ་ཧྲིབ་པ་དང་ཆུ་གཡོ་བའི་རྣམ་པ་ལྟ་བུ་འབྱུང་། ཆུ་མེ་ལ་ཐིམ་པས་དུ་བ་ལྟ་བུ་ཕྱུར་བ་དང་དུ་ཐང་ཆགས་པ་ལྟ་བུ་འབྱུང་། མེ་རླུང་ལ་ཐིམ་པས་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཚེག་ཚེག་པ་དང་དམར་ཕྲ་ཕྲ་བ་འབྱུང་། རླུང་སེམས་ལ་ཐིམ་པས་མར་མེ་ལྟ་བུ་འབྱུང་། སེམས་སེམས་བྱུང་ལ་ཐིམ་པའི་དུས་སུ་ཟླ་བའི་སྣང་བ་ལྟ་བུ། སེམས་བྱུང་མ་རིག་པ་ལ་ཐིམ་པའི་དུས་སུ་ཉི་མ་ལྟ་བུ། མ་རིག་པ་ཐམས་ཅད་སྟོང་པར་ཐིམ་པའི་དུས་སུ་སྒྲ་གཅན་ནམ་མུན་ནག་ལྟ་བུ། དེའི་དུས་སུ་ཐམས་ཅད་སྟོང་པ་སྤྲིན་མེད་པའི་ནམ་མཁའ་[237]ལྟ་བུ་འཆར། དེ་ནས་སྣང་གསུམ་ལུགས་ལྡོག་ཏུ་འཆར་ཏེ། ཐམས་ཅད་སྟོང་པ་ལས་མ་རིག་པ། དེ་ལས་སེམས་བྱུང་། དེ་ལས་སེམས། སེམས་གསུམ་རླུང་དང་བཅས་པ་ལས་སྒྱུ་མའི་སྐུ་མཚན་དཔེས་བརྒྱན་པ། སྒྱུ་མའི་དཔེ་བཅུ། གཉིས་ཀྱིས་མཚོན་པར་བྱས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ངོར་མངོན་གསུམ་[238]དུ་འཆར་
༢༡༢ ལ། དེར་མ་ཟད་དུས་གསུམ་གྱི་བརྟན་གཡོ་དག་པའི་སྣང་བ་དང་མ་དག་པ་ཁམས་གསུམ་པ་ཐམས་ཅད་ཀྱང་སྒྲིབ་པ་དང་བྲལ་བར་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་མཐོང་བ་སྙམ་བྱེད་དེ། འདི་ནི་དབེན་གསུམ་རང་སོར་བཞག་པ་ལས་སྐྱེས་པའི་སྒྱུ་ལུས་སྒོམ་ཚུལ་མདོར་བསྡུས་པའོ། །འདི་ཕྱག་རྒྱ་དང་པོ་གསུམ་གྱིས་སྒྲུབ་པའི་ཚུལ་སོགས་ཡོད་ཀྱང་མ་སྨོས་སོ། ༥ །གཉིས་པ་སྤོགས་ཆོག་ནི། དེ་ལྟར་བསྒོམས་ཀྱང་ཉམས་མ་སྐྱེས་པའམ། སྟོང་པ་ལས་སྒྱུ་མའི་སྐུ་འགྲུབ་པ་མི་འཐད་སྙམ་ན། ཡིད་ཆེས་པར་བྱ་བའི་ཕྱིར། །མུན་ཁང་དང་། རྒྱ་སྐྱེགས་ཀྱི་ཆུ་དང་། རལ་གྲི་དང་། མེ་ལོང་གི་སྦྱོར་བས་སྤོགས་ཆོག་བྱ་སྟེ། ཞིབ་པར་རླུང་སེམས་གཉིས་མེད་ལ་སོགས་པའི་མན་ངག་ཏུ་གསལ་བས་རྡོ་རྗེ་སློབ་དཔོན་གྱི་ཞབས་ཀྱི་པདྨར་བསྙེན་ནས་གསོལ་བ་གདབ་པར་བྱའོ། ༈ །གསུམ་པ་རྨི་ལམ་འཁྲུལ་པ་རང་སངས་ཀྱི་གདམས་པ་ལ་གསུམ། གཟུང་བ། སྐྱང་བ། དེ་ཁོ་ན་ཉིད་སྒོམ་པའོ། །དང་པོ་ལ་ཉིན་པར་དྲན་པ་རྒྱུན་ཆགས་བྱ་བ་དང་། མཚན་མོ་གདམས་ངག་བཙན་ཐབས་ཀྱིས་གཟུང་བ་གཉིས་ཀྱི་དང་པོ་ནི། དབེན་པའི་གནས་སུ་མཚམས་དམ་པར་བཅད་ལ། འཁོར་བའི་བྱ་བ་ལ་སྙིང་པོ་མེད་པར་བསམ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པ་ལ། དེ་ལྟར་མ་ཤེས་པས་མ་རྒན་སེམས་ཅན་རྣམས་འཁོར་བར་འཁྱམས་པ་ཡིན་ཨང་སྙམ་དུ་སྙིང་རྗེ་ཆེན་པོ་བསྐྱེད། སྤྱོད་ལམ་རྣམ་བཞི་ཐམས་ཅད་དུའང་། ཨེ་མ་སྣང་བ་འདི་ཐམས་ཅད་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཡིན། དེ་ཡིན་པ་ལ་ཡིན་པར་བདག་གིས་ཤེས་པར་བྱ། ཁྱད་པར་དོ་ནུབ་རྨི་ལམ་རྨི་བར་བྱ། དེ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་དུ་དྲན་འདུན་ཡང་ཡང་བཏང་ངོ་། ༡ །གཉིས་པ་ནི། སྟན་བདེ་བ་ལ་སེང་གེའི་ཉལ་སྟབས་ཀྱིས་འདུག་ནས་ཉལ་ཁར་བླ་མ་སྤྱི་བོར་བསྒོམ། མོས་གུས་དྲག་ཏུ་བྱ། གསོལ་བ་སྙིང་ཐག་པ་ནས་གདབ་སྟེ། རྗེ་སྐྱབས་གསུམ་གྱི་ངོ་བོ་བླ་
༢༡༣ རྗེ། །ཕ་རྟོགས་ལྡན་གྱི་རྒྱལ་པོ་དགོངས་སུ་གསོལ། །གཉིད་འོད་གསལ་དུ་ཐིམ་པར་བྱིན་གྱིས་རློབས། །རྨི་ལམ་སྒྱུ་ལུས་སུ་འཆར་བར་བྱིན་གྱིས་རློབས། །ཞེས་གསོལ་བ་ལན་མང་དུ་བཏབ། དོ་ནུབ་གཉིད་འོད་གསལ་དུ་འཛིན། རྨི་ལམ་སྒྱུ་ལུས་སུ་ལྡང་། དེའི་ལྡང་གཞི་རྨི་ལམ་ཡང་མང་པོ་རྨི་ཞིང་གསལ་པོར་རྨི་བར་བྱའོ། །བཟང་པོར་རྨི་བར་བྱའོ། །ཅིས་ཀྱང་རྨི་ལམ་ཟིན་པར་བྱ། །རྨི་ལམ་རྨི་ལམ་དུ་ངོ་ཤེས་པར་བྱ། །ཞེས་འདུན་པ་དྲག་ཏུ་བཏང་། རང་རྡོ་རྗེ་རྣལ་འབྱོར་མར་གཏུམ་མོའ་སྐབས་ལྟར་གསལ་བའི་མགྲིན་པར་སྣ་ཚོགས་པདྨ་འདབ་མ་བཞི་པ་ཟེའུ་འབྲུ་དང་བཅས་པའི་དབུས་སུ་ༀ་དཀར་པོ། མདུན་དུ་ཨ་སྔོན་པོ། གཡས་སུ་ནུ་སེར་པོ། རྒྱབ་ཏུ་ཏ་དམར་པོ། གཡོན་དུ་ར་ལྗང་གུ་རྣམས་གསལ་བར་བསྒོམས་ནས། ངག་ཏུ། བདག་གིས་རྨི་ལམ་ཅིས་ཀྱང་ཟིན་པར་བྱ། །རྨི་ལམ་རྨི་ལམ་ཡིན་པར་ཤེས་པར་བྱ། །མགྲིན་པར་སྣ་ཚོགས་པདྨ་འདབ་བཞིའི་སྟེང་། །ༀ་དང་ཨ་ནུ་ཏ་རའི་ཡི་གེ་ལྔ། །དཀར་སྔོ་སེར་དང་དམར་ལྗང་མདོག་ཅན་གསལ། །ཞེས་ཐོག་མར་སྤྱིར་གསལ་བཏབ་ཅིང་། །དེའི་ནང་ནས་ཨ་ལ་སེམས་གཟུང་། དེ་ནས་གཉིད་འོད་འདོད་པ་དང་ནུ་ལ། དེ་ནས་གཉིད་ཟི་བ་དང་ཏ་ལ། དེ་ནས་གཉིད་ཕྲི་བ་དང་ར་ལ། དེ་ནས་ༀ་ལ་སེམས་བཟུང་ནས་གཉིད་འཐུག་འོད་གསལ་ལ་བཞག་པས་རྨི་ལམ་འཆར་བ་དང་བསྟུན་ནས་ཟིན་འོང་བས་རྨི་ལམ་ལྷ་སྐུར་བསྒོམ་པ་སོགས་ཅི་ཟིན་བྱའོ། །ལན་དང་པོར་མ་ཟིན་ཀྱང་རྨི་ལམ་འདི་འདུན་པ་རང་གཙོ་བས་འདུན་པ་དྲག་ཏུ་བཏང་། བླ་མ་མཁའ་འགྲོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ཅིང་བསྐྱར་བས་ཟིན་ནོ། ༢ །གཉིས་པ་སྦྱང་བ་ལ། སྤེལ་བསྒྱུར་ལ་སྦྱང་བ། སྒྱུ་མར་སྤང་བ། སྒྱུ་མའི་རྣམ་ཐར་ལ་སྦྱང་བའོ། །དང་པོ་ནི། རྨི་ལམ་ཟིན་པ་ཁོ་ནས་མི་ཆོག་པས། །བདག་གིས་དོ་ནུབ་རྨི་ལམ་ཟིན་ཞིང་ཟིན་ནས་ཀྱང་གཅིག་ལས་དུ་མ་སོགས་སྤེལ་བ་དང་། ངན་པ་ལས་བཟང་པོ་དང་།
༢༡༤ ལྷ་སྐུར་བསྒྱུར་བ་སོགས་བྱའོ་སྙམ་དུ་འདུན་པ་བཏང་ལ་ཉལ། རྨི་ལམ་ཟིན་པ་དང་། རྨི་ལམ་བདེན་པར་མ་གྲུབ་ཅེ་བྱས་བཏུབ་སྙམ་པས། རང་མིར་འདུག་པ་མཁའ་ལྡིང་དུ་སྒྱུར་བ་སོགས་དང་། ངན་པ་རྨིས་པ་བཟང་པོར་སྒྱུར་བ་དང་། རང་ལུས་ལྷ་སྐུ་སྒྱུ་མར་བསྒོམ་ཞིང་བདེ་དགྱེས་སོགས་གང་འདོད་དུ་སྒྱུར་བ་དང་། ཞལ་ཕྱག་སོགས་ཐ་དད་པ་མང་པོ་དང་། གཅིག་ལས་དུ་མ་དང་དུ་མ་ལས་གཅིག་ཏུ་སྤྲུལ་ཞིང་སྒྱུར་བ་ལ་སྦྱང་ངོ་། །དེ་ལྟར་སྦྱང་བའི་ཕྱིར་གཉིད་ཁར་གསལ་གདབ་པ་ནི། རྨི་ལམ་བདེན་པར་མ་གྲུབ་སྒྱུ་མ་ཉིད། །དེས་ན་བདག་གིས་རྨི་ལམ་བཟུང་ནས་ཀྱང་། །གཅིག་དང་དུ་མ་ལྷ་སྐུ་སྣ་ཚོགས་སོགས། །གང་འདོད་སྤྲུལ་སྒྱུར་གཏན་ལ་དབབ་པར་བྱ། །ཞེས་འདུན་པ་གསལ་བཏབ་སྟེ་བྱའོ། ༣ །གཉིས་པ་ནི། རྨི་ལམ་དུ་མེ་དང་། ཆུ་ཆེན་པོ་དང་། གཡང་ས་དང་། དགྲ་དང་། གཅན་གཟན་སོགས་འཇིགས་པའི་རྣམ་པ་མཐོང་ན་དེ་ལ་ཡང་སྤང་ཞིང་སྒྱུ་མར་སྦྱང་དགོས་པས་རྨི་ལམ་ནི་མེད་བཞིན་སྣང་བ་བདེན་པར་མ་གྲུབ་པ་ཡིན་ན། དེའི་མེས་སུ་འཚིག །ཆུས་སུ་འཁྱེར། དགྲས་སུ་ལ་གནོད་པ་བྱེད། གཅན་གཟན་གྱིས་སུ་ཞིག་ཟ། གཡང་དུ་སུ་ཞིག་ལྷུང་སྟེ། བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུ་ཡིན་པས་བདག་གིས་རྨི་ལམ་གྱི་སྣང་བ་ཐམས་ཅད་ལ་སྒྱུ་མར་ཤེས་པས་ཡ་ང་བ་སྤང་ཞིང་སྦྱང་ངོ་སྙམ་དུ་འདུན་པ་བཏང་། ངག་ཏུ། རྨི་ལམ་ཡུལ་སྣང་མེ་ཆུ་དུག་མཚོན་སོགས། །ཐམས་ཅད་དེ་དང་དེ་རུ་གྲུབ་པ་མེད། །ཐམས་ཅད་སྒྱུ་མ་ཉིད་དེ་བདེན་པས་སྟོང་། །དེ་ཕྱིར་བདག་གིས་ཡ་ང་འཇིགས་པ་སྤང་། །ཞེས་གསལ་བཏབ་ནས་ཉལ་ཏེ་ཟིན་པ་དང་མེ་ལྟ་བུ་རྨིས་ན། རྨི་ལམ་གྱི་མེས་སུ་འཚིག་སྙམ་དུ་ཐོག་བརྫིས་བྱ། ཆུ་ལའང་གོམ་པ་སྤོ་ཞིང་འགྲོ། རྨི་ལམ་གྱི་གཡང་ལ་སུ་ཞིག་འབྲུལ་སྙམ་དུ་བྱ་ལྟར་ལྡིང་ཞིང་འཕུར་བ་སོགས་བྱའོ། ༤ །གསུམ་པ་ལ། འཇིག་རྟེན་པའི་རྣམ་ཐར་ལ་བསླབ་པ་དང་། འཇིག་རྟེན་ལས་འདས་པའི་རྣམ་ཐར་ལ་བསླབ་པ་གཉིས།
༢༡༥ དང་པོ་ནི། གཉིད་ཁར། རྨི་ལམ་ལུས་ལ་ཅི་ཡང་རུང་བས་ན། །བདག་གིས་ལྷ་ཡི་ཡུལ་དང་སྒྲ་མི་སྙན། །སྐྱོ་བ་བསྐྱེད་སླད་ངན་སོང་ལ་སོགས་པའི། །གནས་ཀྱི་ཁྱད་པར་མང་དུ་བལྟ་བར་བྱ། །ཞེས་འདུན་པ་གཏད་ནས་ཉལ་ཏེ། །ཟིན་པ་དང་། ཉི་ཟེར་ལ་བཟུང་ནས་སོང་སྟེ་ལྷ་ཡུལ་བལྟ་བ་དང་། གླིང་གཞན་དང་། ངན་སོང་སོགས་དང་རྒྱ་གར་སོགས་བལྟ་བ་ལ་སྦྱང་ངོ་། ༥ །གཉིས་པ། འདས་པའི་རྣམ་ཐར་ལ་སྦྱང་བ་ལ། ཉིན་མོ་འདུན་པ་ལ་གོམས་པ་གལ་ཆེ་བས། དབེན་པའི་གནས་སུ་ལུས་གནད་གཏུམ་མོ་ལྟར་བཅས་ལ་དམིགས་པ་རང་ཡི་དམ་དུ་གསལ་བའི་སྙིང་གར་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞིག་གསལ་བཏབ་ནས། ད་ནི་བདག་རང་གི་ལུས་ལས་ཐོན་ཏེ་སངས་རྒྱས་ཀྱི་ཞིང་དུ་འགྲོའོ་སྙམ་པའི་འདུན་པས་བསྐུལ་ཏེ། རང་ལུས་དམ་ཚིག་སེམས་དཔའ་ལས་རང་སེམས་ཡེ་ཤེས་སེམས་དཔའ་དེ་ཚངས་བུག་ནས་ཐོན་ཏེ། སྟེང་ཕྱོགས་མཐོན་པོར་ཕྱིན་པས་སྟུག་པོ་བཀོད་པའི་ཞིང་དུ་སླེབ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་སྟོན་པ་དང་མཇལ་ཏེ་ཕྱག་འཚལ་བསྙུན་གསོལ། གདམས་པ་དང་ལུང་བསྟན་ནོད་དེ། ད་བདག་གིས་དགོས་པ་གྲུབ་པས་སླར་བདག་གི་ལུས་དམ་ཚིག་པ་ལ་འཇུག་པར་བྱ་སྙམ་པས་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་བཅུག་པའི་ཚུལ་གྱིས་འཇུག་པར་བྱ་སྟེ། འདི་ལ་ཐོག་མར་བྱང་བ་གལ་ཆེ་བས། ངག་ཏུ། རང་ལུས་ཡི་དམ་དམ་ཚིག་སེམས་དཔའ་ལས། །རང་རིག་ཡེ་ཤེས་སེམས་དཔའ་དྲན་ནས་ཀྱང་། །དག་པའི་ཞིང་དུ་སངས་རྒྱས་རྣམས་དང་མཇལ། །གདམས་པ་ནོད་ནས་སླར་ཡང་ལུས་ལ་ཞུགས། །ཞེས་གསལ་བཏབ་ཅིང་། དེ་བཞིན་དུ་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་སོགས་ལ་སྦྱང་ངོ་། ༦ །དེ་ལྟར་ཉིན་མོ་སྦྱངས་པ་ཇི་ལྟ་བར་མཚན་མོ་ཉལ་ཁར། དོ་ནུབ་བདག་གིས་རྨི་ལམ་བཟུང་སྟེ། སངས་
༢༡༦ རྒྱས་རྣམ་པར་སྣང་མཛད་ཀྱི་ཞིང་བལྟ་ཞིང་སྦྱང་ངོ་སྙམ་པ་སོགས་འདུན་པ་ལན་མང་དུ་བཏང་ཞིང་། ངག་ཏུ། བདག་གི་རྨི་ལམ་ལེགས་པར་བཟུང་ནས་ཀྱང་། །སྒྱུ་མའི་ལུས་ཀྱིས་སངས་རྒྱས་ཞིང་རྣམས་སུ། །བདེ་བར་གཤེགས་པ་རྣམས་ལ་བལྟ་བ་དང་། །ལུང་བསྟན་གདམས་པ་ཉན་ཅིང་ནོད་པར་བྱ། །ཞེས་གསལ་བཏབ་སྟེ། ༀ་ལ་སེམས་བཟུང་ནས་རྣམ་པར་སྣང་མཛད་ཀྱི་ཞིང་སྦྱང་། ཨ་ལས་སེམས་བཟུང་ནས་མི་བསྐྱོད་པ་དང་། ནུ་ལ་རིན་འབྱུང་དང་། ཏ་ལ་འོད་དཔག་མེད། ར་ལ་དོན་གྲུབ་ཀྱི་ཞིང་བལྟ་ཞིང་སྦྱང་བ་དང་། དེ་བཞིན་དུ་ཡུལ་ཉེར་བཞིར་མཁའ་འགྲོ་མའི་ཚོགས་གྲལ་དུ་འགྲོ་བ་དང་། ཨོ་རྒྱན་དང་ཤམྦྷ་ལ་སོགས་གང་འདོད་དུའང་དེ་དང་དེའི་འདུན་པ་སྔོན་དུ་བཏང་ནས་སྦྱང་ངོ་། །དེ་ལྟར་བྱས་པས་དང་པོ་འོལ་སྤྱི་ཙམ་དང་དེ་ནས་ཇེ་གསལ་དུ་གྱུར་ཏེ། མཐར་ཇི་ལྟ་བར་མཐོང་ཞིང་འབྱོངས་པར་འགྱུར་རོ། །གསུམ་པ་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། ཆོས་ཐམས་ཅད་ཡེ་ནས་རྨི་ལམ་སྒྱུ་མ་ལྟ་བུ་ཡིན། སྦྱོང་གཞི་སྦྱོང་བྱེད་སྦྱང་བྱ་སོགས་ཀྱང་ཐ་དད་དུ་བདེན་པར་མེད་པས། རང་སེམས་གསལ་ལ་མི་རྟོག་པ་སྒྱུ་མ་ལྟ་བུའི་ངང་དུ་མཉམ་པར་བཞག་པ་སྟེ། ངག་ཏུ། ཆོས་རྣམས་བཟོད་ནས་རྨི་ལམ་སྒྱུ་མ་ལྟར། སྦྱང་བྱ་སྦྱོང་བྱེད་སྦྱང་གཞི་བདེན་པར་མེད། ཐམས་ཅད་སེམས་སྣང་ཙམ་སྟེ་སེམས་འདི་ཡང་། །གསལ་ལ་ངོས་བཟུང་བྲལ་བ་སྒྱུ་མའི་དབྱིངས། །ཞེས་འདོན་སྒོམ་བྱའོ། །དེ་རྣམས་ཀྱིས་རྨི་ལམ་གྱི་ཉམས་ལེན་མདོར་བསྡུས་སྨོས་ཟིན་ཏོ། ༈ །བཞི་པ་འོད་གསལ་མ་རིག་མུན་སེལ་གྱི་གདམས་པ་ལ། ཉིན་སྣང་འོད་གསལ་དུ་འཁྱེར་བ་དང་། མཚན་མོའ་གཉིད་འཐུག་འོད་གསལ་དུ་གཞུག་པ་གཉིས་ཀྱི་དང་པོ་ནི། ལུས་གནད་གཏུམ་མོ་ལྟར་བཅས། སྒོམ་ཤིང་སྒོམ་ཐག་གིས་བསྲང་ལ་ལྟ་སྟངས་མཛོད་སྤུའི་ནམ་མཁར་གཏད་ནས་མི་རྟོག་པ་བསྒོམ། དེ་ལ་མི་གནས་ན་རང་
༢༡༧ ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་གར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་ཞིག་བསམ། དེ་ལས་འོད་ཟེར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་བཅུད་ཀྱི་སེམས་ཅན་ལ་ཐིམ། དེ་རྣམས་ཀྱང་རང་ཉིད་ལ་ཐིམ། རང་ཉིད་ལྷར་གསལ་བ་དེ་ཡང་གཙུག་ཏོར་ནས་ཡས་དང་། རྐང་མཐིལ་ནས་མས་ཞུ་ཏེ་ཧཱུྃ་ལ་ཐིམ། ཧཱུྃ་གི་ཞབས་ཀྱུ་ཧ་ལ། དེ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད་ལ་ཐིམ་པར་བསམ་ཞིང་རླུང་བུམ་པ་ཅན་བཟུང་ཞིང་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་གཞག །དེ་ལ་བྱིང་ངམ་འཕྲོ་ན་ཡང་སྔར་ལྟར་རང་ཡི་དམ་དུ་བསྒོམ་པ་ནས་ནཱ་དར་བསྡུ་བའི་བར་ཡང་ཡང་བསྐྱར་ཞིང་བྱས་ཏེ་བསྒོམས་པས་ཟླ་ཉི་སྒྲ་གཅན་གྱི་རླུང་སྙིང་ཁར་ཟིན་ནས། སྣང་གསུམ་གྱི་མཐར་འོད་གསལ་ཟིན་པས་ནན་ཏན་བྱ་ཞིང་། ངག་ཏུ། རང་ཉིད་རྣལ་འབྱོར་མར་གསལ་སྙིང་ག་ན། །པདྨ་ཉིའི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་ཞིག། གནས་པའི་འོད་ཀྱིས་སྣོད་བཅུད་རང་ལ་ཐིམ། །རང་ཡང་ཧཱུྃ་དང་ནཱ་དའི་བར་དུ་བསྡུ། །ཞེས་གསལ་བཏབ་ཅིང་སྒོམ་མོ། །གཉིས་པ་མཚན་མོའ་གཉིད་འཐུག་འོད་གསལ་དུ་གཞུག་པ་ནི། དབེན་པའི་གནས་སུ་སྔར་བཤད་པའི་ཉིན་མོའ་སྦྱོང་ཐབས་རྣམས་ལེགས་པར་སྦྱངས་ཤིང་གོམས་པར་བྱས་ལ། སྒོ་གསུམ་དལ་དུ་གཞུག །རེ་ཞིག་བྱ་བ་གཞན་སྤང་། ནུབ་གཉིས་གསུམ་གཉིད་བཅག་ལ་དགེ་སྦྱོར་ཅི་ནུས་བྱ། ཟས་བཅུད་ཅན་བརྟེན་ཅིང་ལུས་ལ་བསྐུ་མཉེ་བྱ། བླ་མ་ཡི་དམ་མཁའ་འགྲོ་ལ་མི་ཤས་བརྒྱན་པའི་གཏོར་མ་འབུལ། གཉིད་ཀྱི་འོད་གསལ་ཅིས་ཀྱང་ཟིན་པར་བྱའོ། །སྙམ་པའི་འདུན་པ་ཉེར་གཅིག་ཙམ་ཅི་མང་བཏང་ལ་ལུས་གནད་མགོ་བྱང་དུ་བསྟན་པའི་སེང་གེའི་ཉལ་སྟབས་ཀྱིས་ཅི་བདེ་བར་ཉལ། དམིགས་པ་རང་ཡི་དམ་དུ་གསལ་བའི་སྙིང་ཁར་དྷཱུ་ཏིའི་ནང་དུ་པདྨ་སྔོན་པོ་འདབ་མ་བཞི་པ། དེའི་དབུས་ཀྱི་གེ་སར་ལ་ཧཱུྃ་སྔོན་པོ། འདབ་མ་བཞིའི་མདུན་དུ་ཨ་དཀར་པོ། གཡས་སུ་ནུ་སེར་པོ། རྒྱབ་ཏུ་ཏ་
༢༡༨ དམར་པོ། གཡོན་དུ་ར་ལྗང་གུ་རྣམས་གསལ་བར་བལྟས་ལ། ངག་ཏུ། རང་ཉིད་ལྷན་ཅིག་སྐྱེས་མར་གསལ་བ་ཡི། །སྙིང་གར་དྷཱུ་ཏིའི་ནང་དུ་པདྨའི་སྟེང་། །ཧཱུྃ་དང་ཨ་ནུ་ཏ་ར་སྔོ་དཀར་སེར། །དམར་དང་ལྗང་བའི་མདོག་ཅན་ཤིན་ཏུ་གསལ། །ཞེས་གསལ་གདབ་ནས་བུམ་ཅན་འཇམ་པོར་གཟུང་། དང་པོ་མདུན་གྱི་ཨ་དྲན་པ་ཙམ་བྱ། དེ་སྣང་བ་ལ་འདུན་པ་ཅུང་ཟད་ཕྱོགས་པའི་དུས་སུ་ནུ། སྣང་བ་མཆེད་པའི་འདུན་པ་ཆེར་ཕྱོགས་པའི་དུས་སུ་ཏ། ཕྱིའི་སྣང་བ་ཞུ་ནས་སྟོང་པར་ཐིམ་པ་སྣང་བ་ཐོབ་པའི་དུས་སུ་ར། དེ་ནས་སྟོང་པ་བཞིའི་རྟོགས་པའི་སྣ་ཅི་ཟིན་བྱས་ལ། མངོན་བྱང་ལྔ་པ་ཐམས་ཅད་སྟོང་པའི་རྟགས་འཆར་བར་མགོ་བརྩམ་པ་ན་དབུས་ཀྱི་ཧཱུྃ་ཡིག་ལ་སེམས་གཏད་དེ། མཆོག་མི་འགྱུར་བའི་འོད་གསལ་ངོས་ཅི་ཟིན་བྱས་ལ་ཟིན་པ་དང་མཉམ་པར་བཞག་གོ། །འདི་ལྟ་བུ་བཀའ་བརྒྱུད་ཀརྨ་ཀཾ་ཚང་གི་གདམས་པ་བླ་ན་མེད་པ་ཡིན་ཀྱང་ལས་དང་པོ་པ་ལྟ་བུ་མངོན་བྱང་དང་དེའི་རྟགས་ཀྱི་གོ་བ་འཆར་བར་དཀའ་ན། གཉིད་ཉལ་ཁར་དོ་ནུབ་གཉིད་ཀྱི་འོད་གསལ་ཟིན་པར་བྱ་སྙམ་པའི་འདུན་པ་ཡང་ཡང་བཏང་ལ། གོང་དུ་བཤད་པའི་ཉིན་གྱི་རྣལ་འབྱོར་ཇི་ལྟ་བར། རང་ཡི་དམ་དུ་གསལ་བ་ནས་ཧཱུྃ་ལ་བསྡུ་བའི་བར་བྱས་ལ། ཧཱུྃ་དེ་ཐིག་ལེ་སྔོན་པོ་སྲན་མ་ཙམ་ཞིག་ལ་བསྡུ་སྟེ་སེམས་བཟུང་ནས་ཉལ་བས། ད་ལྟའི་སྣང་བ་ནུབ་ཅིང་རྨི་ལམ་གྱི་སྣང་བ་མ་ཤར་གྱི་བར་དེར་གསལ་ལ་རྟོག་པ་མེད་པ་གཉིད་འཐུག་པོ་རང་ཡང་མིན་པ་ཞིག་འབྱུང་སྟེ། གྲོགས་ཀྱིས་ཀྱང་བསྐུལ་བརྡ་བྱས་ཤིང་ཨེ་ཟིན་ལྟ། ཟིན་པ་དང་གསལ་སྟོང་དང་བདེ་སྟོང་འདྲེས་པ་ཞིག་འོང་བ་དེ་ཀ་ལ་མཉམ་པར་བཞག་སྟེ། གོང་གི་རང་ཉིད་རྣལ་འབྱོར་མར་གསལ། ཞེས་པ་ནས། རང་ཡང་ཧཱུྃ་དང་ཐིག་ལེའི་བར་དུ་བསྡུ། ཞེས་གསལ་བཏབ། ཡང་གཉིད་འཐུག་གི་འོད་གསལ་ཟིན་པར་འདོད་ན། ནོར་བུའི་ནང་དུ་ཐིག་ལེ་སྔོན་པོ་ལ་སེམས་གཟུང་། གཉིད་སྲབ་མོའ་འོད་གསལ་ཟིན་པར་འདོད་ན།
༢༡༩ དབུ་མའི་ཡར་སྣེ་སྨིན་མཚམས་སུ་ཡོད་པར་བསྒོམས་ལ། དེར་ཐིག་ལེ་ནག་པོ་རིལ་མ་ཙམ་ལ་སེམས་བཟུང་བས་ཟིན་པར་སླའོ། །དེ་དག་ནི་མ་ཟིན་པ་ཟིན་པར་བྱེད་པའི་ཐབས་སོ། །ཟིན་ནས་བརྟན་པར་བྱ་བ་དང་། ཁྱད་པར་རྗེ་དབྱངས་ཅན་ཞབས་ཀྱི་དགོངས་པས་གོང་དུ་ཙཎྜ་ལཱིའི་རྣལ་འབྱོར་གྱི་དྷཱུ་ཏིའི་ནང་གི་གཏུམ་མོ་འབར་སྟོབས་ཀྱིས་བྱང་སེམས་ཞུ་བ་ལ་བདེ་སྟོང་གི་རྟོགས་པ་སྣང་གསུམ་འོད་གསལ་དང་བཅས་པའི་རླུང་སེམས་ཀྱི་རྟགས་སྣང་ཁྱད་པར་ཅན་ལས་སྒྱུ་མའི་སྐུར་ཤར་བ་དེ་ཉིད་དོན་གྱི་འོད་གསལ་མངོན་དུ་བྱེད་པའི་ཕྱིར་རླུང་སེམས་ཤིན་ཏུ་ཕྲ་བ་འོད་གསལ་དུ་གཞུག་པའི་ཐབས་རིལ་འཛིན་དང་རྗེས་གཞིག་གཉིས་ལས། དང་པོ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བྱས་ལ། ལུས་ཀྱི་ཆ་རྣམ་སྣང་། ངག་གི་ཆ་འོད་དཔག་མེད། ཡིད་ཀྱི་ཆ་མི་བསྐྱོད་པར་བསྒོམ་པ་དམ་ཚིག་སེམས་དཔའ། དེ་གསུམ་གྱི་ཐུགས་ཀར་རིམ་བཞིན་ༀ་ཨཱཿཧཱུྃ་བསམ་པ་ཡེ་ཤེས་སེམས་དཔའ། ཡི་གེ་གསུམ་གྱི་ཐིག་ལེའི་ནང་དུ་ཨ་ཐུང་གཞོམ་མེད་ཀྱི་སྒྲ་དང་བཅས་པ་སྒོམ། དེ་ནས་ཐུགས་ཀའི་ས་བོན་ༀ་ཨཱཿཧཱུྃ་ལས་འོད་འཕྲོས་དམ་ཚིག་སེམས་དཔའི་སྤྱི་བོ་ནས་ལས་རིམ་དང་རྐང་མཐིལ་ནས་མས་རིམ་གྱིས་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་བསྡུ། དེ་རྣམས་ཀྱང་རིམ་གྱིས་ཏིང་ངེ་འཛིན་སེམས་དཔའ་མི་ཤིག་པའི་ཐིག་ལེ་ཨ་ཐུང་སྒྲ་བཅས་ལ་བསྡུ། དེ་ཡང་འོད་གསལ་གྱི་ཐིག་ལེར་བསྡུས་ནས་སེམས་གཡོ་མེད་དུ་བཞག་སྟེ། འདི་དམིགས་པ་གསལ་བ་ལ་ཐུན་གཅིག་དང་མི་གསལ་ན་སྐུ་གསུང་ཐུགས་ཀྱི་རིལ་འཛིན་གསུམ་མོ། །དེ་ནས་ངག་ཏུ། བདག་དང་འགྲོ་ཀུན་སྒོ་གསུམ་དབྱེར་མེད་ཀྱི། །ལུས་ཀྱི་ཆ་སོགས་རྣམ་སྣང་སོགས་སུ་གསལ། །དེ་ཡི་ཐུགས་ཀར་ༀ་སོགས་གནས་པའི་ནང་། །ཨ་ཐུང་སྒྲ་བཅས་གསལ་ལས་འོད་
༢༢༠ འཕྲོས་པས། །ཕྱི་ནས་རིམ་གྱིས་འདུས་ཏེ་ཐིག་ལེར་ཐིམ། །ཞེས་དང་། སོ་སོར་བྱེད་དུས་རྐང་པ་གཉིས་པར། །ལུས་ཀྱི་ཆ་ནི་རྣམ་སྣང་ཉིད་དུ་གསལ། །གསུམ་པར་དེའི་ཐུགས་ཀར་ༀ་ཡིག །ཅེས་དང་། གསུང་གི་དུས། ངག་གི་ཆ་ནི་འོད་དཔག་མེད་དུ་གསལ། །དེ་ཡི་ཐུགས་ཀར་ཨཱཿཡིག །ཅེས་དང་། ཐུགས་ཀྱི་དུས། ཡིད་ཀྱི་ཆ་ནི་མི་བསྐྱོད་རྡོ་རྗེར་གསལ། །དེ་ཡི་ཐུགས་ཀར་ཧཱུྃ་ཡིག །ཅེས་འདོན་པ་བསྒྱུར། གཉིས་པ་རྗེས་གཞིག་ནི། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་སྣོད་བཅུད་བཞུ་བའི་འོད་ཕུང་རང་ལ་བསྡུ། དེ་ནས་སེམས་དཔའ་གསུམ་བསྡུ་བ་རིལ་འཛིན་བཞིན་ནོ། །ཡང་དེ་ཉིད་ལས་རླུང་སེམས་དབྱེར་མེད་ཀྱི་ལྷ་སྐུར་ལྡང་བར་བྱ་ཞིང་། དེ་ནི་འོད་གསལ་ལས་སྒྱུ་ལུས་སུ་ལྡང་བ་ཞེས་བྱའོ། །དེ་གསལ་གདབ་པའི་ཕྱིར། ངག་ཏུ། སྙིང་གའི་ས་བོན་འོད་ཀྱིས་སྣོད་བཅུད་བཞུ། །འོད་ཀྱི་རྣམ་པར་རང་ལ་ཐིམ་པ་ནས། །རང་གི་སྒོ་གསུམ་དམ་ཚིག་སེམས་དཔའ་ཡང་། །རིམ་གྱིས་འོད་ཀྱི་ཐིག་ལེའི་བར་དུ་བསྡུ། །ཞེས་སོ། །དེ་དག་གིས་འོད་གསལ་གྱི་དམིགས་རིམ་སྨོས་ཟིན་ཏོ། ༈ །ལྔ་པ་བར་དོ་ཆོས་ཉིད་རང་གྲོལ་གྱི་གདམས་པ་ལ། བར་དོ་དང་པོ་ཆོས་སྐུ་མངོན་དུ་བྱ་བ། བར་དོ་གཉིས་པ་སྒྱུ་ལུས་ལྷ་སྐུར་ལྡང་བ། བར་དོ་གསུམ་པ་འགྲོ་དྲུག་གི་སྐྱེ་སྒོ་དགག་པ་གསུམ། དང་པོ་ནི། རྣལ་འབྱོར་པ་རང་ཉིད་འཆི་བའི་ཉམས་ཁོང་དུ་ཆུད་པ་ན་འདི་ལྟར་བསམ་པར་བྱ་སྟེ། གལ་ཏེ་དངོས་པོ་རྣམས་ཡང་དག་པར་བདེན་ན་འཆི་མི་སྲིད་ལ། འཆི་བ་དང་འཇིག་པ་མཐོང་བའི་ཕྱིར་བདེན་པར་མ་གྲུབ་སྟེ། དེས་ན་འཆི་བ་ཉིད་ཀྱང་དོན་དུ་གྲུབ་པ་མེད་བཞིན་དུ་སྣང་བའོ། །སྙམ་པས་འཆི་བ་ལ་ཇི་མི་སྙམ་དུ་བཟུང་ནས། རྫས་དང་ཡོ་བྱད་རྣམས་དཀོན་མཆོག་གི་ཕྱོགས་སུ་བཏང་། གཉེན་བཤེས་ཀྱི་གདུང་སེམས་སོགས་ཏིང་འཛིན་གཡེང་བའི་རྒྱུ་རྣམས་སྤང་། ནུས་ན་ལུས་གནད་གཏུམ་མོ་ལྟར་དང་། མི་ནུས་ན་སེང་གེའི་ཉལ་སྟབས་
༢༢༡ བྱས་ལ། བླ་མ་དཀོན་མཆོག་ཡིད་ཡུལ་དུ་བྱས་ལ། སྙིང་ཁུང་རུས་པའི་གཏིང་ནས་དད་པ་བསྐྱེད། སྐྱབས་འགྲོ་ཁྱད་པར་ཅན་བྱ། བདག་འཆི་བ་དེ་ཁོ་ན་ཉིད་འོད་གསལ་དོན་དམ་པའི་བདེན་པ་རྟོགས་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྲིད་པ་བར་དོར་ཟུང་འཇུག་ཕྱག་རྒྱ་ཆེན་པོའ་གོ་འཕང་མངོན་དུ་བྱའོ་སྙམ་དུ་སེམས་ཡང་ཡང་བསྐྱེད། འཕེན་པ་དྲག་པོ་བྱ། དེ་ནས་འཆི་བའི་ཚེ་མིག་གི་སྣང་བ་ཐིམ་པས་གཟུགས་མི་གསལ། རྣ་བའི་སྣང་བ་ཐིམ་པས་སྒྲ་མི་ཐོས། སྣའི་སྣང་བ་ཐིམ་པས་དྲི་མི་ཚོར། ལྕེའི་སྣང་བ་ཐིམ་པས་རོ་མི་མྱོང་། ལུས་ཀྱི་སྣང་བ་ཐིམ་པས་ཚོར་བ་བརྟུལ། ས་ཆུ་ལ་ཐིམ་པས་ལུས་ཀྱིས་ཟུང་མི་ཐུག །ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་རྣམས་སྡུད། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་དབུགས་ཆད་ནས་ནང་དབུགས་ཅུང་ཟད་མི་ཆད། དེའི་ཚེ་སྐད་ཅིག་དང་པོ་སྣང་བའི་དུས་སུ་ནང་རྟགས་དུ་བ་ལྟ་བུ། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། གཉིས་པ་མཆེད་པའི་དུས་ན། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། གསུམ་པ་ཐོབ་པའི་ཚེ། ནང་རྟགས་མར་མེ་ལྟ་བུ། ཕྱི་རྟགས་མུན་པ་ལྟ་བུ་འཆར། དེ་ནས་སྐད་ཅིག་བཞི་པར་ཐོབ་པ་འོད་གསལ་ལ་ཐིམ་སྟེ། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་ཤེས་པ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ། མི་རྟོག་པ་བློ་ལས་འདས་པའི་འོད་གསལ་མཐའ་དབུས་མེད་པ་ཞིག་འཆར། དུས་དེར་ད་ལྟ་སྒོམ་པའི་འོད་གསལ་དང་། རང་བཞིན་གྱི་འོད་གསལ་གཉིས་བུ་དང་མ་འཕྲད་པའི་ཚུལ་ཅན་དེའི་སྟེང་དུ་གནས་པས་རྟོག་བཅས་རང་བཞིན་བརྒྱད་ཅུ་འགག་ནས་རྟོག་མེད་འོད་གསལ་སྤྲོས་བྲལ་ཆོས་སྐུ་མངོན་དུ་གྱུར། དེ་ལས་སྒྱུ་མའི་སྐུར་ལྡང་བས་སློབ་པའི་ཟུང་འཇུག་ཏུ་འགྱུར་བ་ཡིན་པས། དེ་དང་པོ་གསལ་གདབ་པའི་ཕྱིར། ངག་ཏུ། རིགས་དྲུག་མ་རྒན་ཡོངས་ཀྱི་དོན་སླད་དུ། །འཆི་ཚེ་སྣང་མཆེད་ཐོབ་གསུམ་ཐིམ་པའི་མཐར། །
༢༢༢ བདག་གིས་འོད་གསལ་མ་བུ་འཕྲད་པའི་སེམས། །མི་རྟོག་ཆོས་སྐུའི་རང་ཞལ་མཐོང་བར་བྱ། །ཞེས་འདུན་པ་དྲག་པོ་དང་བཅོས་འདོན་སྒོམ་ཡང་ཡང་སྔོན་དུ་བཏང་ངོ་། །གཉིས་པ་ནི། དེ་ཁོ་ནས་གྲོལ་བར་མ་ནུས་ཏེ། བར་དོ་གཉིས་པར་འཇུག་པ་དག །ཡང་ཀུན་རྟོག་གི་བཞོན་པའི་རླུང་གཡོས་པས་རྐྱེན་བྱས་ནས་འོད་གསལ་གྱི་ངང་ལས་ཉེར་ཐོབ་རང་བཞིན་བདུན་དང་བཅས་པ་འབྱུང་། དེ་ལས་མཆེད་པ། དེ་ལས་སྣང་བ། དེ་ལས་རླུང་མེ་ཆུས། དེ་ལས་དབང་པོ་ཀུན་ཚང་ཐོགས་མེད་རྒྱུ་བའི་བར་སྲིད་ཀྱི་ལུས་གྲུབ་པས། དེས་ན་གོང་གི་འོད་གསལ་ལ་ནི་གནས་སུ་བཞག་ནས། སྣང་གསུམ་ལུགས་ལྡོག་ཏུ་འཆར་བར་རྩོམ་པའི་ཚེ་བར་དོ་སྒྱུ་ལུས་སུ་ལྡང་བའི་འཕེན་པ་གཏོང་སྟེ། དེ་ད་ལྟ་ནས་གསལ་གདབ་པའི་ཕྱིར། ངག་ཏུ། བར་དོ་དང་པོའ་འོད་གསལ་ལས་འདས་ཏེ། །གལ་ཏེ་གཉིས་པའི་སྣང་བ་འཆར་བ་ན། །དེ་ཚེ་བདག་གིས་བར་དོ་སྒྱུ་མའི་ལུས། །ལྷག་པའི་ལྷ་ཡི་སྐུ་རུ་ལྡང་བར་བྱ། །ཞེས་པའི་འཕེན་པ་ད་ལྟ་ནས་ཀྱང་བཏང་ཞིང་སྣང་གསུམ་ལུགས་ལྡོག་རྫོགས་ཏེ་བར་དོ་གཉིས་པ་གྲུབ་པ་དེའི་ཚེ། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྒྱུ་མའི་སྐུར་ལྡང་། ཡང་དེ་དོན་དམ་འོད་གསལ་གྱིས་སྦྱང་བ་སོགས་བྱས་ནས་སླར་ལྡང་པ་ན་ལུགས་ལྡོག་སྣང་གསུམ་ཡེ་ཤེས་ཀྱི་རླུང་དང་བཅས་པ་མི་སློབ་པའི་ཟུང་འཇུག་གི་སྐུར་ལྡང་ངོ་། །གསུམ་པ་ནི། རྣལ་འབྱོར་དེ་དག་ཁོ་ནས་མཆོག་གི་གོ་འཕང་མཐར་མ་ཕྱིན་ཏེ། བར་དོ་གསུམ་པ་མངལ་གྱི་སྣང་བ་སོགས་འཆར་བ་དེའི་ཚེ་སྐྱེ་བ་ཕྱི་མའི་མ་དེ་རྡོ་རྗེ་རྣལ་འབྱོར་མ་དང་ཕ་ཡབ་ཧེ་རུ་ཀར་བསྒོམས་ཏེ་ཆགས་པ་བཟློག་པས་མངལ་སྒོ་ཁེགས་ནས་སྔགས་ཀྱི་རིག་པ་འཛིན་པའི་རྣལ་འབྱོར་ཡབ་ཡུམ་རང་གི་བླ་མར་བཟུང་ཆོག་པ་ཞིག་གི་མངལ་གདམ་ནས། དེར་སྐྱེ་བའི་ཚེ་བླ་མ་ཡབ་ཡུམ་ལ་དབང་གོང་མ་བསྐུར་བར་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་གྱི་བྱང་སེམས་དང་འདྲེས་པའི་ཚེ་བདེ་སྟོང་གི་ཉམས་སྐྱེས་པ་ན་གསང་དབང་གི་རྟོགས་པ་ངོས་ཟིན་
༢༢༣ པར་བྱས་ལ་ཡབ་ཡུམ་ཡི་དམ་དུ་ཤེས་པ་དང་། མངོན་བྱང་ལྔའི་རྟོགས་པ་དང་མ་བྲལ་བར་ཡེ་ཤེས་ཀྱི་རྒྱུ་ལས་ཡེ་ཤེས་སྒྱུ་མ་ལྟ་བུ་བསྐྱེད་ནས་མིག་འཕྲུལ་ཙམ་དུ་སྐྱེ་བ་སྤྲུལ་སྐུ་ལེན་ནོ། །སྙམ་པའི་མཉམ་བཞག་གི་སྒོ་ནས་མངལ་བཟུང་ངོ་། །དེ་ད་ལྟ་ནས་འཕེན་པ་བཏང་བའི་ཕྱིར། གལ་ཏེ་བར་དོ་གཉིས་པར་ཟུང་འཇུག་སྐུ། །འགྲུབ་པར་མ་གྱུར་དེ་ཚེ་ཕྱི་མ་ཡི། །ཕ་མ་ལྷ་རུ་བལྟས་པས་ཆགས་སྤངས་ཏེ། །མངལ་གདམ་ཤེས་བཞིན་སྐྱེ་བ་འཛིན་པར་བྱ། །ཞེས་འདོན་སྒོམ་ཡང་ཡང་བྱ། །དེ་དག་གིས་བར་དོའ་ཉམས་ལེན་ཁོངས་ཀྱི་དམིགས་རིམ་མདོ་ཙམ་བརྗོད་ནས། དེ་གསུམ་གལ་ཏེ་གནད་དུ་མ་སོང་ན། །དགེ་བ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་བཏབ་པས་སྐྱེ་བ་དག་པ་འཛིན་དགོས་པས། དེ་ད་ལྟ་ནས་འཕེན་པ་བཏང་བའི་ཕྱིར། །གལ་ཏེ་བར་དོ་གསུམ་བར་སྐུ་གསུམ་གྱི། །ཉམས་ལེན་འབྲས་བུའི་སྟེང་དུ་མ་ཕྱིན་ན། །དུས་གསུམ་དགེ་བ་བསྡམས་ཏེ་བསྔོ་བ་དང་། །སྨོན་ལམ་བཟང་པོས་སྐྱེ་བ་དག་པར་བྱ། །ཞེས་འཕེན་པ་བཏང་ཞིང་མངལ་གདམ་པར་མ་ནུས་པ་དེའི་ཚེ་བདག་གིས་ཚུལ་ཁྲིམས་བསྲུངས་པ་ལ་སོགས་པའི་དགེ་བའི་རྩ་བ་བྱས་སོ་ཅོག་ཡིད་ཀྱིས་གསལ་བཏབ་ཅིང་བསྡུས་ཏེ། དེ་དགག་མཐུས་དམ་པའི་ཆོས་གསང་སྔགས་ཀྱི་བསྟན་པ་སྒྲུབ་ཏུ་རུང་ཞིང་སྒྲུབ་པའི་སྐལ་པ་ཅན་གྱི་ལུས་ལེན་པར་གྱུར་ཅིག་པའི་སྨོན་ལམ་དང་བསྔོ་བས་མཚམས་སྦྱར་རོ། །དེ་དག་གིས་བར་དོའ་ཉམས་ལེན་སྨོས་ཟིན་ཏོ། ༈ །དྲུག་པ་འདའ་ཀ་འཕོ་བ་གསེར་འགྱུར་གྱི་གདམས་པ་ལ། རབ་འོད་གསལ་དུ་འཕོ་བ་དང་། འབྲིང་སྒྱུ་ལུས་སུ་འཕོ་བ་གཉིས་སྔར་བཤད་ཟིན་ཏོ། །དེ་ཐ་མ་ལྷ་སྐུར་འཕོ་བ་ལ་སྦྱངས་ཏེ་འཕོ་བ། ལུས་བཅོས་ཏེ་འཕོ་བ། བཙན་ཐབས་སུ་འཕོ་བ་གསུམ། དང་པོ་ལ་སྦྱང་བ་དང་ལས་ལ་སྦྱར་གཉིས་ཀྱི། དང་པོ་ནི། ལུས་གནད་རྐང་པ་རྡོར་སྐྱིལ། སྒལ་པ་བསྲང་ལག་
༢༢༤ པ་གཉིས་བརླའི་སྟེང་དུ་བཞག་ལ་དམིགས་པ་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཁ་དང་། ཆུ་ལམ། གཤང་ལམ། སྣ་བུག་གཉིས་དང་། རྣ་བའི་བུག་པ་གཉིས། མིག་གཉིས་ལྟེ་བ་རྣམས་ཧྲིཿཡིག་དམར་པོ་རེས་བཀག་པར་བསམ། ལུས་ཀྱི་དབུས་སུ་རྩ་དབུ་མ་གྲོ་སོག་ཙམ་པ། མར་སྣ་ལྟེ་འོག་ཏུ་ཕུག་རྡུགས། ཡར་སྣ་ཚངས་བུག་ཏུ་ཟང་ཐལ་དུ་ཡོད་པའི་སྟོད་ཆའི་ཐད་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་སྔོན་འགྲོའི་སྐབས་ལྟར་བསྐྱེད་ནས། མཆོད་བསྟོད་བྱ། ཉེས་ལྟུང་བཤགས་དབང་རྫོགས་པར་བླང་ནས། ཐུན་མོང་མ་ཡིན་པའི་དད་པས་འདི་སྐད་དུ། བླ་མ་དམ་པ། བླ་མ་དམ་པ། བདག་གི་འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུར་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་འཆར་བའི་ཆེད་དུ་མཁའ་སྤྱོད་ཀྱི་གནས་སུ་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བའི་ལུས་ཁྱད་པར་ཅན་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དེར་སྐྱེས་ནས་མཁའ་ཁྱབ་ཀྱི་སེམས་ཅན་གསང་སྔགས་ཀྱི་ཐེག་པ་ཆེན་པོར་བདག་ཁོ་ནས་འཇོག་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་ནས། ལྟེ་འོག་དྷཱུ་ཏིའི་ནང་དུ་པདྨ་འདབ་མ་བཞིའི་ཟེའུ་འབྲུར་སེམས་ཀྱི་ངོ་བོ་ཨ་སྔོན་པོ་འདབ་མ་བཞིར་ཡྃ་ཡིག་རེགས་ལ་བཏབ་ནས། རླུང་བརྔུབས་པ་དྷཱུ་ཏི་སྒྲིབ་མེད་ཀྱི་ནང་དུ་སིབས་སིབ་སོང་། ལྟེ་འོག་དྷཱུ་ཏིའི་ནང་དུ་དགང་བས་ཡྃ་ཡིག་བཞི་རབ་ཏུ་གཡོས་པ་ལས། རླུང་བྱུང་བས་ཨ་ཡིག་བཏེགས་པ་དང་ལྷན་ཅིག་ཧི་ཀ་མདུན་བརྗོད་པས་ལྟེ་བར་འཕར། ཡང་བདུན་བརྗོད་པས་སྙིང་ག །དེ་ནས་བདུན་བརྗོད་པས་སངས་ཀྱིས་འབར་སོང་བླ་མའི་ཞབས་ལ་རེག་རེག་བྱས། ཡང་རླུང་གཞིལ་ཞིང་ཀ་ཧིཀ་ཉེར་གཅིག་བརྗོད་པས་ཨ་ལྟེ་འོག་གི་པདྨར་བབ་པར་བསམས་ཏེ་གསལ་གདབ་པའི་ཕྱིར། ངག་ཏུ། རང་ལུས་ལྷར་གསལ་དྷཱུ་ཏིའི་མར་སྣའི་ནང་། །པདྨའི་སྟེང་དུ་རང་སེམས་ཨ་ཡིག་
༢༢༥ ཚུལ། །རླུང་གིས་བཏེགས་པས་སྤྱི་བོའ་བླ་མར་རེག །རླུང་གཞིལ་སླར་ཡང་ལྟེ་འོག་པདྨར་བབ། །ཅེས་གསལ་བཏབ་ཅིང་། སྤྱི་བོ་ཟ། སྐྲང་ཆུ་སེར་ཕྲུམ་པ་སོགས་རྟགས་མ་བྱུང་གི་བར་སྦྱང་ངོ་། །གཉིས་པ་ལས་སྦྱོར་ནི། འཆི་ལྟས་རྣམས་ཤར་ནའང་། ཟློག་པའི་ཐབས་ཡོད་པ་རྣམས་ཅི་ནུས་སུ་བཟློག །ཅིས་ཀྱང་བཟློག་པར་མི་ནུས་པ་དེའི་ཚེ། སྡོམ་པ་དང་དམ་ཚིག་ཉམས་ཆགས་ལ་ཕྱིར་བཅོས་བྱ། རྫས་དང་ཡོ་བྱད་དཀོན་མཆོག་ལ་འབུལ། །དམ་ལྡན་གྱི་གྲོགས་ལ་ཚོགས་ཀྱི་འཁོར་ལོ་སོགས་ཅི་འབྱོར་བྱ། ཡི་དམ་གྱི་སྐུ་མདུན་དུ་བཤམ། མཆོད་པའི་བཀོད་པས་མཆོད། དམིགས་པ་སྔར་ལྟར་ལ་ཡྃ་ཡིག་བཞི་པོ་རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིབས་ཅན་དུ་བསམ་པས་ཡི་ག་བཏེགས། སྔར་ལྟར་འཕངས་པས་བླ་མ་རྡོ་རྗེ་འཆང་གི་ཐུགས་ཀར་ཐིམ་པར་བསམས་ལ། ཚིག་ཐོག་མ་གཉིས་སྔ་མ་ལྟར་ལ། །རླུང་གིས་བཏེགས་པས་སྤྱི་བོའ་བླ་མ་ཡི། །ཐུགས་ཀར་ཐིམ་པས་གཉིས་མེད་རོ་གཅིག་གྱུར། །ཞེས་འདོན་པ་བསྒྱུར་བས་གསལ་བཏབ་སྟེ། དེ་ལ་སྤྲུལ་སྐུ་བླ་མའི་འཕོ་བ་ཟེར། །ཡང་དམིགས་པ་གཞན་དེ་ཉིད་ལ། བླ་མ་རྡོ་རྗེ་རྣལ་འབྱོར་མར་བསྒོམ་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བ་དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་དམར་པོ་གསལ་བ་ལ་འཕོ་བ་ནི་ལོངས་སྐུ་ཡི་དམ་གྱི་འཕོ་བ་དང་། ཨ་ཡིག་དམིགས་མེད་དུ་བཏང་བ་ལ་ཆོས་སྐུ་འོད་གསལ་གྱི་འཕོ་བར་འདོགས་པ་ཡིན་ནོ། །གཉིས་པ་ལུས་བཅོས་ཏེ་འཕོ་བ་ནི། སེང་གེའི་ཉལ་སྟབས་མགོ་བྱང་དུ་སྟན་བྱས། རང་ཡི་དམ་དུ་གསལ་བའི་མགྲིན་པར་ༀ། སྙིང་གར་ཧཱུྃ། ལྟེ་བར་ཨཱཿསེམས་ཀྱི་ངོ་བོར་བསྒོམ་སྟེ། ཨཱཿཧཱུྃ་ལ། ཧཱུྃ་ༀ་ལ། ༀ་སྣ་བུག་གཡོན་ནས་ཐོན། ཡི་དམ་གྱི་སྐུ་ལ་ཐིམ་པར་བསམ་མོ། །གསུམ་པ་བཙན་ཐབས་སུ་འཕོ་བ་ནི་
༢༢༦ འདིར་མ་སྨོས་སོ། །དེ་དག་གིས་འཕོ་བའི་ཉམས་ལེན་མདོ་ཙམ་སྨོས་ཟིན་ཏོ། །གསུམ་པ་མཇུག་གམ་རྗེས་ལ་གེགས་གསལ་བ། བོགས་འདོན་པ། ལམ་བགྲོད་ཚུལ། འབྲས་བུ་ཇི་ལྟར་ཐོབ་པ་བཞི་ལས། དང་པོ་ནི། རླུང་གནད་ཀྱི་དུས་སུ་རླུང་སྦྱོར་ཧ་ཅང་དྲག་པ་དང་། ཡུལ་གནད་དུས་གནད་མ་ཤེས་པའི་དབང་གིས་སྲོག་རླུང་ལོག་པ་སོགས་གེགས་ཀྱི་རྣམ་པ་བྱུང་ན་བླ་མའི་ཞལ་ལས་དྲིས་ཤིང་བཅོས། སྣོད་འཁྲུད་པ་ན་དྲི་མ་ལྡང་བ་ལྟར་དུག་ལྔ་དང་རིགས་དྲུག་གི་འབྲས་བུ་ངན་པ་ལན་གྲོངས་གཞན་ལ་མྱོང་འགྱུར་འདིར་ལྡངས་པས་ལུས་ཀྱི་ན་ཚ་དང་། སེམས་ཀྱི་ཉོན་མོངས་སོགས་ཆེར་ཤར་བ་ན་སྒྱུ་ལུས་དང་སྟོང་ཉིད་སྒོམ། གཟེར་ལྔ་ལ་སོགས་པའི་ཉམས་ལེན་གྱིས་ལམ་དུ་བསྒྱུར། ཁྱད་པར་ཐབས་ལམ་སྒོམ་པ་འདི་ལ་ཡོན་ཏན་ལ་ང་རྒྱལ་གྱི་བདུད་འཇུག་པ་མང་བས། སངས་རྒྱས་ཀྱི་ཐུགས་ལའང་འདི་ལས་མེད་སྙམ་པ་བྱུང་རུང་སྤྲོས་མེད་དུ་བཞག །རོ་སྙོམས་སུ་བསྲེ། གཞན་དོན་མ་སྔས་པ་བྱ། མདོར་ན་གཏུམ་མོ་ཨ་ཐུང་གི་གདམས་པ་སྒྱུ་ལུས་ལ་སོགས་པའི་ཆ་ལག་དང་བཅས་པ་འདི་ལ་གེགས་མང་ཞིང་། ཤེས་པ་དང་སྤང་བར་དཀའ་སྟེ། རྩ་མདུད་དུ་རླུང་ཟིན་པ་དང་། ལུས་ཀྱི་གནས་གཞན་དུ་རླུང་ཟིན་པས་ཉམས་ལ་མི་འཆར་བྱ་བ་མི་འོང་། དེ་ཚེ་ལ་སྡུག་བསྔལ་དང་རློམ་སེམས་རེ་དོགས་སྐྱེས་ན་གེགས་སུ་འགྱུར། དེ་བས་ན་བླ་མ་དམ་པའི་ཞལ་གྱི་བདུད་རྩི་ལ་བརྟེན་ནས་གེགས་ཀྱི་དབང་དུ་མི་འགྲོ་བར་བྱ་སྟེ་འདིར་བསྡུས་སོ། །གཉིས་པ་བོགས་འདོན་པ་ལ། སྤྱིར་བླ་མ་ལ་དད་པ། སེམས་ཅན་ལ་སྙིང་རྗེ། ལེ་ལོ་མེད་པའི་བརྩོན་འགྲུས། ཐབས་ལམ་ལ་མ་རྨོངས་པའི་ཤེས་རབ། དབེན་པ་བརྟེན་པའི་སྒོམ་ཚུགས་སོགས་ཆུ་བོའ་རྒྱུན་ལྟ་བུར་བྱ། བརྟན་པ་མ་ཐོབ་བར་བླ་མའི་ཞལ་ལ་བསྟེན། དབང་པོ་བརྟུལ་འབྲིང་དཔེ་ཡི་ཕྱག་རྒྱས་བདེ་བ་སྒྲུབ་པ་རྣམས།
༢༢༧ རིག་མ་མཚན་ལྡན་ལས་རྒྱ་དང་། ཡིད་ཀྱིས་བསམ་པའི་ཡེ་རྒྱ་ལ་བརྟེན་ནས་བོགས་འདོན། དྲོད་དང་བསྟུན་པའི་བརྟུལ་ཞུགས་ལ་སྤྱོད། དབང་པོ་རྣོན་པོ་རྣམ་ལྡན་སྟོང་ཉིད་ཕྱག་རྒྱར་བྱེད་ནུས་པ་སོགས་ཀྱིས་བྷུ་སུ་ཀུའི་སྤྱོད་པ་དང་། ཕྱག་ཆེན་གྱིས་བོགས་འདོན། མདོར་ན་ཕ་རྒྱུད་ནས་བཤད་པའི་སྤྱོད་པ་གསུམ་དང་མ་རྒྱུད་ནས་བཤད་པའི་སྤྱོད་པ་སོ་སོའ་སྐབས་དང་བསྟུན་ཏེ་བོགས་འདོན། སྤྱིར་ཡོན་ཏན་གསང་ནས་བོགས་འདོན། བླ་འདོད་དང་འགྲོ་དོན་དུ་མིང་བཏགས་མ་སྔས་པ་བྱ། ཞིབ་པར་བླ་མའི་ཞལ་ནས་ཤེས། གསུམ་པ་ལམ་བགྲོད་ཚུལ་ནི། མ་དག་པའི་ལུས་ཀྱི་གནས་ལྔར་ཉོན་མོངས་ལྔ་ཡི་ས་བོན། གཏུམ་མོ་ཡེ་ཤེས་ཀྱི་མེས་བསྲེགས་པས་གཞན་ལ་མྱོང་འགྱུར་གྱི་འབྲས་བུ་འབྱིན་པའི་ཉོན་མོངས་རྣམ་རྟོག་སློང་བའི་ཚོགས་ལམ་དང་པོ། དེ་འདྲ་བའི་འབྲས་བུ་ནད་གདོན་སློང་བའི་ཚོགས་ལམ་གཉིས་པ། ཁམས་གསུམ་གྱི་སྐྱེ་རྒྱུན་སློང་ཞིང་གཅོད་པའི་ཚོགས་ལམ་གསུམ་པ། ཟག་བཅས་ཀྱི་བདེ་གསལ་མི་རྟོག་སྟོང་པ་དང་བཅས་ལམ་དུ་སློང་བའི་ཚོགས་ལམ་བཞི་པ་རྣམས་བགྲོད། དེ་ནས་འཁོར་ལོ་ལྔར་རླུང་སེམས་འདུས་པ་ལམ་དུ་སྦྱོང་བའི་སྦྱོར་ལམ་དང་པོ། རྩ་གནས་གྲངས་མེད་དུ་རླུང་སེམས་ཟིན་པ་སློང་བའི་སྦྱོར་ལམ་གཉིས་པ། ཟག་མེད་ཀྱི་བདེ་གསལ་མི་རྟོག་པ་སློང་བས་བདེན་པ་དང་པོར་མཚམས་སྦྱོར་བའི་སྦྱོར་ལམ་གསུམ་པ། འབྱུང་ལྔའི་རླུང་ཟག་མེད་ཡེ་ཤེས་ཀྱི་རླུང་དུ་ཟིན་པའི་སྦྱོང་ལམ་བཞི་པ། བདེ་ཆེན་དང་སྟོང་ཆེན་ངེས་འཇོག་ཏུ་འཆར་བའི་སྦྱོར་ལམ་ལྔ་པ་རྣམས་བགྲོད། དེ་ནས་སྔར་མ་མཐོང་བའི་བདེ་སྟོང་རོ་གཅིག་གི་དོན་དང་པོར་མཐོང་བའི་མཐོང་ལམ་ས་དང་པོ་རབ་ཏུ་དགའ་བ་བགྲོད་དོ། །དེ་ནས་དྭངས་མ་ཡས་བྱོན་གྱི་འགོས་སོགས་དང་མཐུན་པར་སྒོམ་ལམ་དང་པོ་ནས་བཟུང་སྟེ་བཅུ་གཉིས་མ་
༢༢༨ ཆགས་པདྨའི་སའི་བར་དུ་བགྲོད་པས་རྒྱུན་མཐའ་ཐོབ་བོ། །བཞི་པ་འབྲས་བུ་གཏམ་ལ་དབབ་པ་ན། ཐུན་མོང་གི་དངོས་གྲུབ་བམ་འབྲས་བུ་འབྱུང་བ་ལྔའི་རླུང་དབུ་མར་འགག་པས། དུ་བ་ལ་སོགས་པའི་རྟགས་ལྔ་དང་བཅུ་སོགས་འཆར། གཞན་ཡང་སྒོ་གསུམ་ལ་ཡོན་ཏན་དཔག་མེད་འབྱུང་། ཕྲིན་ལས་བཞི་གྲུབ་ཆེན་བརྒྱད་སོགས་ཐུན་མོང་གི་གྲུབ་པ་ཐོབ། དེ་ལྟར་འཇིག་རྟེན་པའི་དངོས་གྲུབ་ཐོབ་ཅིང་དབང་དུ་འདུས་ལ་བོགས་ཐོན། ལམ་ཚད་དུ་བྱིན་པས་མཆོག་གི་དངོས་གྲུབ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་བརྙེས། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ། ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་སྐུར་བཞེངས། སྒྱུ་འཕྲུལ་དྲ་བའི་སྤྲུལ་པ་བསམ་ཡས་བརྗོད་ཀྱིས་མི་ལོངས་པའི་གར་བསྒྱུར། བྱང་ཆུབ་སྙིང་པོར་སྲིད་པ་དག །མདོར་ན་ཐུན་མོང་མིན་པའི་སངས་རྒྱས་རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཆེན་པོའི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །དེ་རྣམས་ཀྱི་དཔལ་ནཱ་རོའི་ཆོས་དྲུག་གི་དམིགས་ཐུན་མདོ་ཙམ་སྨོས་ཟིན་ཏེ། །འདིར་སྨྲས་པ། །བདག་ལ་སྒོམ་པའི་མྱོང་བ་མ་མཆིས་པས། །དེ་སླད་གཞན་ལ་ལམ་ཚུལ་སྟོན་པ་དཀའ། །འོན་ཀྱང་ཡོངས་འཛིན་རྣམས་ཀྱི་ལེགས་བཤད་དང་། །སྒྲུབ་བརྒྱུད་བླ་མེད་ཀརྨ་ཀཾ་ཚང་ལ། །ངེས་ཤེས་རྙེད་པས་ཚུལ་འདི་ཅུང་ཟད་ཙམ། །གོ་ཞིང་རྟོགས་པས་མདོར་བསྡུས་བཀོད་པ་ཡིན། །སྦྱོང་གཞི་རང་ལུས་ལ་བརྟེན་དྲི་མ་ཙམ། །སྦྱང་བའི་ཐབས་ལ་རྫོགས་རིམ་ཙཎྜ་ལཱི། །མཐར་ཐུག་ཡིན་པར་འཁྲུལ་ནས་ཁ་འཆལ་གྱི། །བརྗོད་པ་མང་པོ་བོད་ཀྱི་ཡུལ་འདིར་བྱུང་། །དེ་ཚེ་ཡོངས་འཛིན་འཁྲུལ་མེད་ཀརྨ་པ། །དབྱངས་ཅན་བཞད་པའི་བཀའ་མཆིད་སྒྲོན་མེ་ཡིས། །དོན་དང་དོན་མིན་ལེགས་པར་ཕྱེ་བ་ལ། །ཤེས་བྱའི་ཁོང་ནས་རྒོལ་བ་རྩོམ་པ་སུ། །ཐུགས་རྗེའི་ནུས་པ་གཏུགས་མེད་བླ་མ་མཆོག །དབང་ཕྱུག་རྡོ་རྗེ་ལྟ་བུའི་
༢༢༩ ཞབས་སེན་ལ། །མགོ་བོས་མངོན་བཏུད་བརྒྱུད་པའི་རྗེས་འབྲང་ན། །ངེས་དོན་དོན་སྤྱིར་མ་ལུས་མངོན་གསུམ་འཆར། །འདི་བྲིས་གསང་བ་བསྒྲགས་པའི་ནོངས་མཆིས་ན། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛད་འཚལ་ཞིང་། །དགེ་བས་འགྲོ་ཀུན་སྙིང་པོའི་བསྟན་པ་ལ། །ཞུགས་ནས་མཆོག་ཏུ་མི་འགྱུར་འགྲུབ་གྱུར་ཅིག །ཅེས་པ་འདི་སྔགས་ཀྱི་ཚུལ་ལ་རབ་འབྱམས་སྨྲ་བ་ཀརྨ་དབང་ཕྱུག་གིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། དགེ་སློང་ཆོས་ཀྱི་དབང་ཕྱུག་གིས་མཁའ་འགྲོ་ལ་གནང་བར་གསོལ་བ་བཏབ་ཅིང་རྗེ་བཙུན་ཀརྨ་པ་ཆེན་པོ་སྤྱི་བོའི་རྒྱན་དུ་བཀོད་དེ། རང་ལོ་ཉེར་དྲུག་པ་ལ་ཁྱུང་རྫོང་རྒྱལ་པའི་ཕོ་བྲང་དུ་ལེགས་པར་བྲིས་པའོ།། །།མངྒ་ལམ།། །།

༄༅། །དཔལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་ཆོག་ལུང་དང་མན་ངག་གི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ༎ ༎

༢༤༣དཔལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་ཆོག་ལུང་དང་མན་ངག་གི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ།། །།
༢༤༤ན་མཿཤྲཱི་ཙཀྲ་ནཱ་ཐ་རཏྣ་ཝརྦྷ་ཡ། །བདེ་སྟོང་ཆེ་ལས་མ་གཡོས་ཀྱང་། །ངོ་མཚར་གཟུགས་སྐུའི་རྣམ་འཕྲུལ་གྱིས། །མཐའ་ཡས་གདུལ་བྱ་སྨིན་མཛད་པའི། །བླ་མ་ཀྱཻ་ལི་རྡོ་རྗེར་འདུད། །དེ་ཡི་དཀྱིལ་འཁོར་ཆེན་པོར། །སློབ་མ་གཞུག་ཅིང་དབང་བསྐུར་བའི། །ཆོ་གའི་མཚམས་སྦྱོར་བརྡ་སྤྲོད་ཀྱི། །རྣམ་དབྱེ་མདོར་བསྡུས་བཤད་ཀྱིས་ཉོན། །སྡོམ་ནི། །ཕན་ཡོན་ཉེས་དམིགས་ལེགས་ཤེས་པའི། །མཚན་ལྡན་སློབ་དཔོན་སློབ་མ་ཡིས། །དུས་གནས་དཀྱིལ་འཁོར་ངེས་བྱས་ཏེ། །ངེས་ཚིག་ལྡན་པའི་ཆོ་ག་རྩམ། །དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་དོན་དུ་གཉེར་བའི་སློབ་མ་རྣམས་ཁྲུས་བྱས་ཏེ། ཕྱག་དང་ཡོན་ཕུལ་ནས་རྒན་རིམ་བཞིན་འཁོད་པ་ལ། ལས་ཀྱི་སློབ་མས་མེ་ཏོག་བགྱེ་བསྡུ་བྱས་ལ། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ལ་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་བགྱི་སྙམ་པས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་ཐེག་པ་ཆེན་པོའ་གཞུང་ལུགས་དྲི་མ་མེད་པ་རྣམས་ནས་ཇི་ལྟར་བྱུང་བ་བཞིན་གསལ་བཏབ་ནས་གསན་འཚལ། དེ་ལ་
༢༤༥ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་རྣམས་ཀྱི་བསམ་པ་དང་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། །འདིར་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང་ཁྱད་ཆོས་བཞིས་ཁྱད་པར་དུ་འཕགས་པ་སྔགས་ཀྱི་ཐེག་པ་ཡིན། དེ་ལ་རྒྱུད་སྡེ་ཆེན་པོ་བཞི་ལས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཡིན། དེ་ལའང་ཐབས་ཀྱི་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། གཉིས་སུ་མེད་པའི་རྒྱུད་དང་རྣམ་པ་གསུམ་ལས། འདི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱཻ་རྡོ་རྗེའི་རྩ་བ་དང་བཤད་པའི་རྒྱུད་རྣམས་ཀྱི་རྗེས་སུ་འབྲང་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིར་ཝ་པའི་ཞལ་སྔ་ནས་བཀྲལ་བའི་སྙིང་པོ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བསྒྲུབ་པར་བགྱི། དེ་ལ་སྤྱིར་དབང་བསྐུར་བ་ཐོབ་པའི་ཕན་ཡོན་ནི། གང་ཟག་དབང་པོ་ཡང་རབ་རྣམས་དབང་རྗེས་དེ་མ་ཐག་གྲོལ་བར་འགྱུར་ལ། གང་ཟག་མཆོག་མ་ཡིན་པས་ཀྱང་དབང་ཉིད་རྟག་ཏུ་གོམས་པར་བྱས་ན་ལམ་གཞན་མ་བསྒོམས་ཀྱང་སྐྱེ་བ་
༢༤༦བདུན་ནས་མཆོག་གི་དངོས་གྲུབ་འགྲུབ་པར་གསུངས་ཤིང་། དབང་ཐོབ་ནས་རྩ་བའི་ལྟུང་བས་མ་གོས་ན་སྐྱེ་བ་བཅུ་དྲུག་ནས་འགྲུབ་པར་གསུངས་པ་དང་། དབང་གིས་གྲོལ་བར་མ་ནུས་པའི་གང་ཟག་གཞན་རྣམས་ལ་གྲོལ་བྱེད་ཀྱི་ལམ་སྟོན་པའི་སྣོད་རུང་དུ་བྱེད་པའི་ཐབས་ཀྱང་དབང་ཉིད་ཡིན་པར་གསུངས་པས་ན། དབང་བསྐུར་བ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བར་གྲུབ་པའི་ཕྱིར་དང་། དབང་བསྐུར་བས་ཚེ་རབས་མང་པོའ་སྡིག་པ་འདག་ཅིང་དངོས་གྲུབ་ཐམས་ཅད་དབང་བསྐུར་བ་ལ་བརྟེན་ནས་འབྱུང་བར་གསུངས་པའི་ཕྱིར། ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པའི་དབང་ལེན་པ་ལ་ཤིན་ཏུ་སྤྲོ་བར་མཛོད་ཅིག །དེ་ལྟར་དབང་ཐོབ་པའི་ཕན་ཡོན་ངེས་པར་བྱས་ནས་ཕན་ཡོན་ཅན་གྱི་དབང་དེ་མ་ཐོབ་པའི་ཉེས་དམིགས་ནི། གལ་ཏེ་དབང་མ་ཐོབ་ཀྱང་ལམ་ལ་འབད་པར་བྱས་ན་འབྲས་བུ་འཐོབ་པར་འགྱུར་རམ་སྙམ་ན། དེ་ལྟ་བུ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། དབང་མ་ཐོབ་པར་རྒྱུད་འཆད་པ་དང་བསྐྱེད་རྫོགས་ཀྱི་དོན་བསྒོམས་ཀྱང་དངོས་གྲུབ་མི་ཐོབ་ཅིང་། འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་ཙམ་ཐོབ་སྲིད་ཀྱང་ཕྱི་མ་ངན་སོང་དུ་འགྲོ་བར་གསུངས་པའི་ཕྱིར་རོ། །རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབ་པར་འདོད་པའི་བློ་གྲོས་ཅན་དག་གིས་དབང་ལ་ཤིན་ཏུ་གུས་པར་བྱ་དགོས་པ་ཡིན། དེ་ལྟར་ཐོབ་ན་ཕན་ཡོན་དང་མ་ཐོབ་ན་ཉེས་དམིགས་ཡོད་པའི་དབང་དེ་གང་གིས་སྐུར་བར་བྱེད་པ་ལ། སློབ་དཔོན་གྱི་མཚན་ཉིད་ནི་མདོར་བསྡུ་ན། སྔགས་དང་རྒྱུད་དང་མན་ངག་ཤེས། །ཆོ་གའི་ལས་ལ་རབ་ཏུ་མཁས། །སྙིང་རྗེས་སློབ་མ་རབ་འཛིན་པ། །དབང་བསྐུར་བ་ཡི་སློབ་དཔོན་མཆོག །ཅེས་གསུངས་པ་ལྟར་གྱི་
༢༤༧མཚན་ཉིད་ཚང་བ་ཞིག་ཅིས་ཀྱང་དགོས་པ་ཡིན། །གང་ལ་བསྐུར་བ་སློབ་མའི་མཚན་ཉིད་ནི། །དད་དང་སྙིང་རྗེས་སེམས་རབ་དུལ། །རྣམ་རྟོག་ཉུང་ཞིང་བློ་དང་ལྡན། །སྔགས་ཀྱི་ལམ་མཆོག་དོན་གཉེར་བ། །མཐུན་ཞིང་གྲངས་དང་ལྡན་པ་བཟུང་། །ཞེས་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་སློབ་མ་ནང་གཤིན་པ་གཅིག་ནས་ཉེར་ལྔའི་བར་གྲངས་ཁ་ཡར་བ་རེ་ཕྱག་ལེན་ལ་མཛད་པ་ལགས། དེ་ལྟར་སློབ་དཔོན་དང་སློབ་མའི་མཚན་ཉིད་ངེས་པར་བྱས་ནས། གང་གི་ཚེ་བསྐུར་བའི་དུས་ནི། གཟའ་སྐར་དང་སྦྱོར་བྱེད་བཟང་པོ་འཛོམ་པའི་ཡར་གྱི་ངོའམ། དེ་རྣམས་ལྷག་པར་འཛོམ་ན་མར་གྱི་ངོ་ལའང་ཉེས་པ་མེད་པར་བཤད་པ་ལགས། གང་དུ་དབང་བསྐུར་བའི་གནས་ནི། ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པོས་སྐྱོང་ཞིང་ཕྱི་ནང་གི་ཉེར་འཚེ་མེད་པ། ཁྱད་པར་དུ་རང་ངམ་བླ་མ་གོང་མས་སའི་ཆོ་ག་ཚུལ་བཞིན་དུ་བྱས་ཤིང་། སྣོད་དང་མི་ལྡན་པའི་སྐྱེ་བོས་དབེན་པ་ཞིག་ཅིས་ཀྱང་དགོས་པ་ལགས། །གང་ལ་བརྟེན་ནས་དབང་བསྐུར་བའི་དཀྱིལ་འཁོར་ལ། མཚོན་པར་བྱ་བ་ངེས་དོན་དོན་དམ་པའི་དཀྱིལ་འཁོར་ནི། སྙིང་པོ་བདེ་བ་ཆེན་པོ་ལེན་ཅིང་འཛིན་པར་བཤད་ལ། དེ་ཉིད་མཚོན་པར་བྱེད་པའི་དྲང་དོན་ཀུན་རྫོབ་པའི་དཀྱིལ་འཁོར་ལ་གྲུབ་ཆེན་སོ་སོས་བཀྲལ་བའི་དཀྱིལ་འཁོར་གྱི་རྣམ་གཞག་མང་དུ་བཤད་ཀྱང་། མདོར་བསྡུ་ན། རྡུལ་ཚོན། རས་བྲིས། ལུས་དཀྱིལ་ཏེ་གསུམ་མམ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ་བཞི་ལས། དེང་སང་གི་གང་ཟག་ཕལ་ཆེར་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར་ནི་རྡུལ་ཚོན་དང་རས་བྲིས་ཉིད་གཙོ་ཆེར་གསུངས་པ་ཡིན་ལ། གང་ཞིག་བསྐུར་བ་དབང་གི་ངེས་ཚིག་ནི། གཏོར་ཞིང་བླུགས་པ་སྟེ་དབང་བཞི་པོ་རིམ་པ་བཞིན་སྤྱི་བོ་དང་། ལྕེ་
༢༤༨དང་། དབང་གི་གནས་དང་། རླུང་སེམས་ལ་གཏོར་ཞིང་བླུགས་པ་ལ་བརྟེན་ནས། སྐུ་བཞིའི་མྱུ་གུ་འབྱུང་བས་ན་དབང་ཞེས་བྱ་བ་ཡིན། ཇི་ལྟར་བསྐུར་བའི་ཆོ་ག་ལ་ལམ་ལ་སྦྱོར་བས་བྱེད་པ་རྒྱུའི་དབང་། ཀུན་ནས་གོམས་པར་བྱེད་པ་ལམ་གྱི་དབང་། མི་འཕྲོག་པ་ལ་སྦྱོར་བར་བྱེད་པ་འབྲས་བུའི་དབང་སྟེ། གནས་སྐབས་ཀྱི་སྒོ་ནས་གསུམ་དུ་གསུངས་ཀྱང་། གང་ཟག་གི་སྒོ་ནས་དུ་མ་ཞིག་ཏུ་འགྱུར་བ་ལས། འདིར་སྨིན་བྱེད་ཀྱི་ཆོ་ག་དང་མཐུན་པར་འཆད་པ་ལགས། དེ་བས་ན་རྒྱུད་སྡེའི་དགོངས་པ་གྲུབ་པའི་བླ་མ་བརྒྱུད་པ་ལས་རིམ་པར་འོངས་པའི་ཉམས་ལེན་གྱི་རིམ་པ་ལ་དབང་གི་མངོན་པར་རྟོགས་པ་བདུན་ནམ་བརྒྱད་དང་ལྡན་པའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བའི་ཚུལ་དང་། སྟ་གོན་དང་དངོས་གཞི་གཉིས་ཀྱི་སྒོ་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚུལ་གཉིས་ལས། རྡུལ་ཚོན་ལྟར་ན་བཞི་པ་སྟ་གོན་དུ་གནས་པའི་ཆོ་གའམ། རས་བྲིས་ལྟར་ན་ནུབ་དང་པོ་སྟ་གོན་གྱི་སྐབས་སུ་བབས་པ་ཡིན། དེ་ལ་སའི་ལྷ་མོ་སྟ་གོན་དང་། ལྷ་དང་བུམ་པ་ལྷག་གནས་ཏེ། ལྷག་གནས་དང་པོ་གསུམ་ཁོ་བོས་བགྱིས་ཟིན་ནས། སློབ་མ་ལྷག་གནས་ལ། ལུས་ཀྱི་བྱ་བ་ངེས་འབྱུང་བསྐྱེད། །ནང་དབང་བསྐུར་ལ་ཁྱད་དོན་ཞུ། །སྤྲོ་བ་བསྐྱེད་དེ་རྒྱུན་བཤགས་བྱ། །བསྲུང་བ་བྱས་ཏེ་མཆོད་པས་མཆོད། །སོ་ཤིང་དོར་ལ་ཁྱོར་ཆུ་བླུད། །སྲུང་སྐུད་བཏགས་ཏེ་ཀུ་ཤ་སྦྱིན། །ཟབ་མོའ་ཆོས་བཤད་རྨི་ལམ་བརྟག །ཅེས་པ་ལྟར་བཅུ་བཞི་ལས། ལུས་ཀྱི་བྱ་བ་ནི་བུས་བྱས་ཕྱག་དང་འཇུག་པའི་ཡོན་ཕུལ་ནས་རང་རང་གི་གྲལ་ལ་སྙིམས་པ་མེ་ཏོག་དང་བཅས་པས་གུས་པའི་སྒོ་ནས་འཁོད་དུ་གཞུག་ཅེས་འབྱུང་བས། སློབ་དཔོན་ལ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཀྱི་རྡོ་རྗེ་དང་ཐ་མི་དད་སྙམ་པའི་
༢༤༩མོས་གུས་དང་ལྡན་པས་སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་མྱང་འདས་ཀྱི་བསམ་པ་བརྟན་པོར་བསྐྱེད་དུ་གཞུག་པ་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་གསུངས་ཏེ། སྔགས་ཀྱི་དངོས་གྲུབ་རྡོ་རྗེ་འཛིན་པའི་ཡེ་ཤེས་དོན་དུ་གཉེར་བ་དག་དཀྱིལ་འཁོར་ཆེན་པོར་གཞུག་པར་བྱའི། ཚེ་འདིའི་བདེ་སྐྱིད་དང་ཕྱི་མ་ལྷ་མིའི་གོ་འཕང་དང་། རང་དོན་དུ་ཉན་རང་གི་བྱང་ཆུབ་འདོད་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་དཀྱིལ་འཁོར་དུ་འཇུག་པ་ལ་མ་ལྟོས་པར་ཐབས་དམན་པ་གཞན་ལ་བརྟེན་ནས་བསྒྲུབ་ཏུ་ཡོད་པའི་ཕྱིར་རོ། །དེ་བས་ན་བདག་གཞན་ཐམས་ཅད་སྲིད་ཞིའི་ཕ་རོལ་ཏུ་སོན་པའི་མི་གནས་པའི་མྱ་ངན་ལས་འདས་པ་དོན་དུ་གཉེར་བའི་དད་པ་ཅན་བློ་གྲོས་དང་ལྡན་པ་དག་དཀྱིལ་འཁོར་ཆེན་པོར་གཞུག་པར་བྱ་སྟེ། ཚེ་འདིའི་བདེ་འབྲས་དོན་དུ་གཉེར་བས་ཞུགས་ན་ཕ་རོལ་གྱི་དོན་མི་འགྲུབ་ཅིང་། གཞན་དོན་དུ་མི་གནས་པར་མྱ་ངན་ལས་འདས་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་དམིགས་ཏེ་ཞུགས་ན་རང་གཞན་གཉིས་ཀའི་དོན་བདེ་བླག་ཏུ་འགྲུབ་པ་ཡིན། དེ་ལྟར་ངེས་པར་བྱས་ནས་བསམ་པ་འདི་བཞིན་མཛོད། ཁམས་གསུམ་འཁོར་བ་གང་དུ་གནས་ཀྱང་སྡུག་བསྔལ་དང་སྐྱོན་དང་ཉེས་དམིགས་ཀྱི་རང་བཞིན་ལས་མ་འདས་པ་ཡིན་ཏེ། དེ་རྣམས་ལ་སྡུག་བསྔལ་གྱི་རྣམ་པ་ཇི་ལྟ་བུ་ཡོད་ན།
༢༥༠དམྱལ་བ་པ་རྣམས་ལ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་རྣམས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་རྣམས་ལ་གཅིག་ལ་གཅིག་ཟ་བ་དང་གསོད་པ་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ། མི་རྣམས་ལ་འདོད་པ་བཙལ་བས་མ་རྙེད་པ་དང་། མི་འདོད་པ་ཐོག་ཏུ་བབ་པའི་སྡུག་བསྔལ། ལྷ་མ་ཡིན་རྣམས་ལ་འཐབ་རྩོད་དང་ལུས་བཅད་ཅིང་དྲལ་བ་ལ་སོགས་པའི་སྡུག་བསྔལ། ལྷ་རྣམས་ལ་འཆི་འཕོ་བ་དང་། གོང་མ་ནས་འོག་མར་ལྷུང་ལྷུང་བ་དང་། མཐར་ངན་སོང་དུ་སྐྱེ་བར་ཤེས་པ་ན། དམྱལ་བའི་ལུས་ཀྱི་སྡུག་བསྔལ་ལས་ཀྱང་ཆེས་ཆེ་བའི་སེམས་ཀྱི་སྡུག་བསྔལ་ཡོད་པར་བཤད། འོ་ན་སྡུག་བསྔལ་དེ་ལས་རང་ཉིད་གཅིག་པུ་ཐར་པའི་ཉན་རང་གི་བྱང་ཆུབ་ཐོབ་པར་བྱ་དགོས་པ་ཡིན་ནམ་སྙམ་ན། ཉན་རང་གི་བྱང་ཆུབ་ནི་རང་དོན་དུ་སྤངས་རྟོགས་ཀྱི་ཡོན་ཏན་མ་རྫོགས་ཤིང་། གཞན་དོན་གྱི་ཕྲིན་ལས་རྒྱ་ཆེན་པོ་མི་འབྱུང་། མཐར་འཚང་རྒྱ་བ་ལ་ཡུན་རིང་དུ་བྱེད་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དོན་དུ་གཉེར་བྱའི་འབྲས་བུ་མ་ཡིན། འོ་ན་ཅི་ཞིག་དོན་དུ་གཉེར་བྱ་ཡིན་ན། ཤེས་རབ་ཆེན་པོས་འཁོར་བའི་མཐའ་ལ་མི་གནས་པས་ཁམས་གསུམ་གྱི་སྡུག་བསྔལ་ལས་འདས་ཤིང་། སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་འབྱུང་བ་མི་གནས་པའི་མྱ་ངན་ལས་འདས་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས་ཤིང་། དེའང་རང་ཉིད་གཅིག་པུའི་དོན་དུ་མ་ཡིན་ཏེ། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་སེམས་ཅན་ལ་མཐའ་མེད། མཐའ་མེད་པའི་སེམས་ཅན་རེ་རེས་ཀྱང་བདག་གི་ཕ་མ་བྱས་ཤིང་། བྱས་རེས་ཀྱིས་གནོད་པ་མཐའ་དག་ལས་བསྐྱབས་ཤིང་། ཕན་པ་ཚད་མེད་པ་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་པ་ལ། འདི་རྣམས་འདོད་པ་ནི་བདེ་བ་འདོད་
༢༥༡ཀྱང་ཐབས་ལ་མི་མཁས་པའི་དབང་གིས་ལ་ལ་ནི་སྡུག་བསྔལ་དངོས་ལ་ལོངས་སྤྱད། །ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་ལོངས་སྤྱོད། མ་རིག་པའི་ལིང་ཏོག་གིས་ནི་ལྡོངས། ཐར་པའི་རྟེན་གྱི་འཁར་བ་དང་ནི་བྲལ། །དགེ་བའི་བཤེས་གཉེན་གྱི་དམིགས་བུས་ནི་མ་ཟིན། མཐོ་རིས་དང་ཐར་པའི་ལམ་ནས་བརྡེག་འཆོས་ཤིང་། ངན་སོང་གསུམ་གྱི་གཡང་སར་འགྲིམས་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་མོས་པ་མཛོད། སྙིང་རྗེའོ་བྱས་ནས་བཞག་པས་མི་ཕན་པས། འདི་རྣམས་སྡུག་བསྔལ་ལས་བསྒྲལ་བདེ་བ་ལ་འགོད་དགོས། དེའི་ནུས་པ་ད་ལྟ་བདག་ལ་མེད། བདག་ལས་ལྷག་པའི་ཚངས་པ་དང་བརྒྱ་བྱིན་དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ལའང་མེད། སུ་ལ་ཡོད་ན་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད་པས། བདག་གིས་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱ། དེ་ཡང་རྒྱུ་མེད་རྐྱེན་མེད་ལས་མི་ཐོབ་པས་རྒྱུ་རྐྱེན་གཙོ་བོ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ལེགས་པར་བླངས་ཏེ་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་བགྱིས་ཤིང་ལམ་ལ་ཅི་ནུས་སུ་འབད་པར་བགྱིའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་དུང་པ་ཞིག་བསྐྱེད་འཚལ། བསམ་པ་དེ་ལྟ་བུས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་དགེ་བ་ཐམས་ཅད་སངས་རྒྱས་ཀྱི་རྒྱུར་འགྱུར་ཞིང་། ཚེ་འདིའི་བདེ་འབྲས་དང་། ཕྱི་མ་ལྷ་མིའི་གོ་འཕང་ལ་སོགས་པ་ཞར་འབྱུང་གི་ཚུལ་གྱིས་འགྲུབ་པ་ཡིན་ཏེ། དཔེར་ན་འབྲས་དཀར་མོ་ལོ་ལེགས་ན་རྩྭ་དང་ཕུབ་མ་ཞར་ལས་འབྱུང་བ་དང་འདྲ་བ་ལགས། ནང་གི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དཔལ་ཀྱཻ་རྡོ་རྗེ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ཐོག་
༢༥༢མ་མང་པོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས་ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རྣམས་སློབ་དཔོན་གྱི་ཞལ་དུ་ཞུགས། །ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སླར་ཡང་སྦྱངས་ནས། སྐུའི་དབྱིབས་བརྒྱུད་དེ་ལྷ་མོའ་པདྨར་བབས་པ་ཁྱེད་རྣམས་སྐད་ཅིག་གིས་དཔལ་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པ་ཅན་རེ་རེར་གྱུར། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་དེ། ལྷ་མོའ་པདྨར་བབས་པ་ཁྱེད་རྣམས་ཧེ་རུ་ཀར་གསལ་བའི་སྤྱི་བོ་ནས་ཐིམ་པས་དབང་བསྐུར་བ་དང་ཡེ་ཤེས་པ་འདྲེས་པ་ལྷན་གཅིག་ཏུ་བྱུང་བའི་མོས་པ་མཛོད། སླར་ཡང་འོད་ཟེར་འཕྲོས་སློབ་དཔོན་གྱིས་ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཧེ་རུ་ཀའི་ང་རྒྱལ་གྱིས་ཡུམ་གྱི་དཀུ་གཡོན་པ་ནས་འཐོན་ཏེ་རང་རང་གི་གྲལ་ལ་འཁོད་པའི་མོས་པ་མཛོད། དེ་ལྟར་བྱས་པའི་དགོས་པ་ནི་དབང་གི་དངོས་གཞི་མ་ཐོབ་ཀྱི་བར་གྱི་གསང་པའི་ཆོས་རྣམས་ཉན་པའི་སྣོད་རུང་དུ་བྱ་བ་དང་། དེ་དག་གི་སྐབས་སུ་སློབ་དཔོན་ལའང་གསང་སྒྲོགས་ཀྱི་ཉེས་པ་མི་འབྱུང་བའི་ཕྱིར་དུ་བསྒྲུབས་པ་ལགས། ཁྱད་པར་ཅན་གྱི་དོན་ཞུ་བ་ནི། སློབ་དཔོན་ཀྱཻ་རྡོ་རྗེ་ཡབ་ཡུམ་དང་གཉིས་སུ་མེད་པར་བཞུགས་པའི་སྤྱན་སྔར་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་སེམས་བསྐྱེད་པ་སྔོན་དུ་འགྲོ་བ་ཅན་གྱི་རྡོ་རྗེ་ཐེག་པའི་དམ་ཚིག་དང་སྡོམ་པ་སྩལ་དུ་གསོལ་སྙམ་པས་སྙིམས་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་ལན་གསུམ་མཛོད། བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་
༢༥༣དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའ་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའ་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་སྟེ། དེའི་དོན་ནི། སློབ་དཔོན་ལ་དགའ་ཆེན་ཞེས་པོས་ནས། བྱང་ཆུབ་ཆེན་པོའ་ཚུལ་བསྟན་པའི་སངས་རྒྱས་ཀྱི་གོ་འཕང་དེ་བདག་ལ་འཚལ་བའི་སླད་དུ་དམ་ཚིག་སྟེ་སྔགས་ཀྱི་སྡོམ་པ་དང་། དེའི་རྟེན་དུ་ཐུན་མོང་མ་ཡིན་པའི་རྒྱུན་བཤགས་ལས་ཐོབ་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། དེའི་རྟེན་དུ་རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བཅས་པའི་སོ་སོར་ཐར་པའི་སྡོམ་པ་སྩལ་བའི་སྒོ་ནས་ཐར་པ་ཆེན་པོ་སངས་རྒྱས་ཀྱི་གྲོང་ཁྱེར་དུ་གཞུག་ཏུ་གསོལ་ཞེས་པ་ལགས། དེ་ལྟར་ཁྱད་པར་ཅན་གྱི་ལམ་རྡོ་རྗེ་ཐེག་པ་ལ་དོན་གཉེར་གྱི་བློ་སྐྱེས་པ་དེ་ཉིད་ཤིན་ཏུ་ལེགས་པ་ཡིན་ནོ། །ཞེས་ཤེས་པའི་ཕྱིར་དུ་སྤྲོ་བ་བསྐྱེད་པ་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་ཞུགས་པ་ཀུན། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་སྟེ། །འཇིག་རྟེན་མཐུན་པར་གཤེགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །
༢༥༤ཅེས་གསུངས་ཏེ། དེའི་དོན་ནི། ཁྱེད་རང་རྣམས་ཆོ་གའི་སྒོ་ནས་བུར་བྱས་ཟིན་པ་དེ་ལ་བུ་ཞེས་ཉེ་བའི་ཚིག་གིས་བོས་ཏེ། ཁྱེད་རྣམས་ཐེག་ཆེན་གྱི་ཆོས་ཀྱི་སྣོད་ཡིན་ལ། ཐེག་ཆེན་ལའང་ཕ་རོལ་ཏུ་ཕྱིན་པ་དང་། སྔགས་ཀྱི་ཐེག་པ་གཉིས་ལས། མཆོག་ཏུ་གྱུར་པ་གསང་སྔགས་རྡོ་རྗེ་ཐེག་པ་དེ་ཁྱོད་ལ་བསྟན་པར་བྱ་སྟེ། རྡོ་རྗེ་ཐེག་པ་འདི་ནི་སྤྱིར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ཅིང་། ཁྱད་པར་དུ་ཡང་འོ་སྐོལ་གྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འདི་ཉིད་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་སྔགས་ཀྱི་ལམ་ལ་བརྟེན་ནས་བདུད་བཏུལ་ཞིང་སངས་རྒྱས་སུ་ཟིན་ཀྱང་། འཇིག་རྟེན་པ་རྣམས་དྲང་བའི་ཕྱིར་དུ་སླར་ཡང་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འཛམ་བུའི་གླིང་དུ་འཚང་རྒྱ་བའི་ཚུལ་བསྟན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་རྟག་པར་ཞེན་པ་བཟློག་པའི་ཕྱིར་དུ་མྱ་ངན་ལས་འདའ་བར་བསྟན་པ་ཡིན་ནོ། །དེ་བས་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་གྱི་བགྲོད་པ་གཅིག་པའི་ལམ་རྡོ་རྗེ་ཐེག་པ་དང་མཇལ་བ་འདི་ཤིན་ཏུ་སྐལ་བ་བཟང་བ་ཡིན་པས་ཀུན་མཁྱེན་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་ཆོས་ཀྱི་བུར་གྱུར་པ་ཁྱེད་རྣམས་སྔགས་ཀྱི་ཐེག་པ་ལས་བློ་གཞན་དུ་མི་འགྱུར་བ་གྱིས་ཤིག་ཅེས་པའི་དོན་ལགས། རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་དུ་བཞུགས་པའི་མོས་པ་བྱས། དེ་རྣམས་ཀྱི་སྤྱན་སྔར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོད་ནས་ཚེ་ཐོག་མ་མེད་པ་ནས་
༢༥༥བསགས་པའི་སྡིག་སྒྲིབ་ཐམས་ཅད་ཡུལ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་གྱི་སྤྱན་སྔར་སྟོབས་བཞི་ཚང་བའི་སྒོ་ནས་ཚུལ་བཞིན་བཤགས་པར་བགྱིའོ་སྙམ་པ་དང་། འཁོར་འདས་ཀུན་གྱི་དུས་གསུམ་དུ་བསགས་པའི་དགེ་བ་ལ་དགའ་ཞིང་རྗེས་སུ་ཡི་རང་སྙམ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཉེ་བར་བསྟེན་པའི་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དེ་བདག་གིས་ཀྱང་བསྒོམ་པར་བགྱིའོ་སྙམ་དུ་ཡིད་དམ་བཅའ་བ་དང་། ཡུལ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་པ་དང་། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་ཐོབ་པར་བྱ་སྙམ་པ་སྨོན་པའི་བདག་ཉིད་ཅན་དང་། དེའི་ཆེད་དུ་ཐེག་པའི་ཐབས་ཚུལ་རྣམས་ལ་རིམ་པ་བཞིན་དུ་བསླབ་པར་བགྱིའོ་སྙམ་པ་འཇུག་པའི་བདག་ཉིད་ཅན་དང་དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག་ཅིག་སྙམ་པ་ཡོངས་སུ་བསྔོ་བ་སྟེ། དོན་དེ་རྣམས་ཡིད་ལ་དྲན་པ་དང་བཅས་པས་ཐལ་མོ་སྦྱར་ཏེ་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་
༢༥༦སྤྱོད་མཆོག་ཡིད་འོང་དཔྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་རྒྱུན་བཤགས་ལན་གསུམ་བྱས་པ་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་སྔར་མ་ཐོབ་པ་གསར་དུ་ཐོབ་ཅིང་ཐོབ་ཟིན་ཡར་འཕེལ་དུ་བྱེད་ལ། ཉམས་ན་སོར་ཆུད་པར་བྱེད་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བར་ཆད་མ་འབྱུང་བའི་ཕྱིར་དུ་བསྲུང་བར་བྱ་བ་ནི། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྱེད་རྣམས་ཀྱི་ལུས་ལ་ཕོག་པས། སྡིག་པ་དང་གདོན་བགེགས་ཐམས་ཅད་སྲེགས་ཤིང་སྦྱངས་པའི་མོས་པ་མཛོད། ཅེས་དང་། རྡོ་རྗེ་གསོར་ཞིང་། ༀ་ཨཱཥྚཱ་ན་ནཱ་ཡ། པིངྒ་ལེརྡྷྭ་ཀེ་ཤ་ཝརྟྨ་ནེ། ཙ་ཏུརྦི་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཛཱི་མཱུ་ཏ་ཝ་པུ་ཥེ། ཀཱ་པཱ་ལཱ་མཱ་ལཱ་ནཻ་ཀཱ་དྷཱ་རི་ཎི། ཨདྷྨཱཏ་ཀྲཱུར་ཙིཏྟཱ་ཡ། དཾཥྚཱིཾ་ཎི། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫཡ་གརྫ་ཡ། ཏརྫྫཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ན། བྷནྷ་བྷནྡྷ། ནཱ་གཱཥྚ་ཀཱན། གྲྀཧྞ་གྲྀཧྞ། ཤ་ཏྲཱུ་ན། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཾཿཕཊ་སྭཱ་ཧཱཿ། ཞེས་བཟླས་པས་བར་ཆད་བསྲུངས་ཏེ། སློབ་དཔོན་གྱིས་དྲིའི་ཆུ་རྡོ་རྗེ་དང་བཅས་པས་ཁྱེད་རྣམས་ཀྱི་གནས་གསུམ་དུ་རེག་སྟེ། ༀ་ཨཱཿཧཱུྃ། ཞེས་བརྗོད་པས་ཁྱེད་རང་རྣམས་ཧེ་རུ་ཀར་གསལ་བའི་དཔྲལ་བར་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས་སྐུ་རྡོ་རྗེ་མ། མགྲིན་པར་ཨཱཿལས་པདྨ་ཨཱཿས་མཚན་པ་ལས་གསུང་རྡོ་རྗེ་མ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་ཐུགས་རྡོ་རྗེ་མ་རྣམས་ལམ་གྱིས་བྱུང་བའི་མོས་པ་མཛོད། སླར་ཡང་མས་ཡར་རེག་སྟེ། ཧཱུྃ་ཨཱཿༀ་ཞེས་བརྗོད་པས་གསལ་བཏབ་ཅིང་། ཡས་མར་རེག་སྟེ། ༀ་ཨཱཿཧཱུྃ་ཞེས་བརྗོད་པས་བརྟན་པར་བྱས་
༢༥༧པའི་མོས་པ་མཛོད། དེ་ལྟར་བྱས་པས་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་གདོད་མ་ནས་རྡོ་རྗེ་གསུམ་གྱི་ངོ་བོར་གནས་པ་དེ་ཆོ་ག་འདིས་ངོ་འཕྲོད་ཅིང་གསལ་བར་བྱས་པ་ཡིན། དེ་ལྟར་སེམས་བསྐྱེད་པ་དང་སྒོ་གསུམ་ལྷར་བྱས་མ་ཐག་པ་དེ་མཆོད་པའི་ཡུལ་དུ་བཟང་བ་ཡིན་པས། མེ་ཏོག་དབུ་ལ་ཕུལ་ནས་མཆོད་པའི་མོས་པ་མཛོད། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་དང་། བདུག་སྤོས་ཤངས་ལ། དྷཱུ་པེ། མར་མེ་སྤྱན་ལམ་དུ། ཨ་ལོ་ཀེ །ཐུགས་ཀར་དྲིའི་བྱུག་པ། གནྡྷེ། ཞལ་ཟས་ལྗགས་ལ། ནཻ་ཝི་དྱ་ཨཱཿཧཱུྃ། ཞེས་མཆོད་པ་ནི་ལུས་ངག་ཡིད་གསུམ་ལྷར་ཤེས་པའི་སྒོ་ནས་འདོད་ཡོན་ལ་མ་ཆགས་པར་ལོངས་སྤྱོད་ཅེས་པའི་དོན་ཡིན། དེ་ལྟར་འགལ་རྐྱེན་བར་ཆད་བསྲུངས་ཏེ་ལྷར་བསྐྱེད་ཅིང་མཆོད་ནས་མཐུན་རྐྱེན་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པ་ལ་ཐོག་མར་སོ་ཤིང་ལ་བརྟེན་ནས་བརྟག་པ་ནི། སོ་ཤིང་རྩ་སྔགས་ཀྱིས་མངོན་པར་བསྔགས་ལ། སྭ་བྷཱ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་གི་ཅོད་པན་དང་བཅས་པ་རྡོ་རྗེ་སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། ཞེས་པས་བྱིན་གྱིས་བརླབས་པ་དེ་ཉིད་ཁྱེད་རྣམས་ཀྱི་ཕྱག་ཐལ་མོ་སྦྱར་བའི་བར་དུ་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པའི་སླད་དུ་བྱིན་པའི་མོས་པ་མཛོད། ༀ་ཨཱཿཛི་ཧྭ་བཛྲ་སཾ་ཝརྟ་ནི་སྭཱ་ཧཱ། ཞེས་པས་བྱིན་པའི་སོ་ཤིང་དེ་རྒྱུ་རིན་པོ་ཆེ་གསེར་རམ་དངུལ་ལས་གྲུབ་པར་མོས་ཏེ། སོ་དྲུད་པ་བཞིན་བྱས་པས་རྩེ་མོའ་མེ་ཏོག་ལས་འོད་ཟེར་བྱུང་བ་ཞལ་ནས་བརྒྱུད་དེ་ཁོང་པར་སོང་བས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་དབང་གི་ཡེ་ཤེས་སྐྱེ་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཐམས་ཅད་སྨན་པ་མཁས་པས་སྐྱུག་
༢༥༨སྨན་བཏང་བ་བཞིན་སྐྱུགས་པར་མོས་ཏེ། ༀ་བཛྲ་ཧ་ས་ཧཾ། ཞེས་གསུང་ཞིང་ཐལ་མོ་ཁ་ཕྱེ་སྟེ་སོ་ཤིང་གི་ར་བར་ལྟོས་པ་མེད་པར་དོར་ཅིག་ཅེས་བརྗོད་ལ། སོ་ཤིང་གི་ར་བ་ཁྲུ་གང་གྲུ་བཞིར་དྲི་བཟང་གིས་བྱུག་པ་ལ་ཚོམ་བུ་དགུ་བཀོད་པར་དོར་ཏེ།རྩེ་མོ་བདག་ཉིད་ལ་ཕྱོགས་ན་མཆོག་གྲུབ། སྟེང་དུ་མཁའ་སྤྱོད། འོག་ཏུ་ས་སྤྱོད། ཤར་དུ་ཞི་བ། ལྷོར་མངོན་སྤྱོད། ནུབ་ཏུ་དབང་། བྱང་དུ་རྒྱས་པ། མཚམས་རྣམས་སུ་བུམ་པ་བཟང་པོ་ལ་སོགས་པའི་དངོས་གྲུབ་ཕྲན་ཚོགས་འགྲུབ་པར་འགྱུར་རོ། །དེ་ནི་རྣལ་འབྱོར་ཆེན་པོའ་བུམ་དབང་གི་སྣོད་རུང་དུ་བྱེད་པའི་ཐབས་ཡིན་ཏེ། སོ་ཤིང་གིས་ཁ་དང་སོ་ལ་སོགས་པ་ལུས་གཙོ་ཆེ་བའི་དྲི་མ་སྦྱོང་བ་བཞིན་བུམ་དབང་གིས་ཀྱང་གཙོ་བོར་ལུས་ཀྱི་དྲི་མ་སྦྱོང་བར་བྱེད་པ་ལ་ཤས། རྨི་ལམ་གསལ་པོར་འབྱུང་བ་དང་ངག་གི་དྲི་མ་སྦྱོང་བྱེད་ཁྱོར་ཆུ་བླུད་པ་ནི། ༀ་ཧྲཱིཿབི་ཤུདྡྷཿསརྦ་ཿསརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོ་དྷ་ཡ། སརྦ་བི་ཀ་ན་ཨ་པ་ན་ཡ་ཧཱུྃ། ཞེས་པས་ལན་གསུམ་སྦྱིན་ལ། དེ་ནི་གསང་དབང་གི་སྣོད་རུང་དུ་བྱེད་པའི་ཐབས་ཡིན་ཏེ། ཁྱོར་ཆུས་ངག་གི་དྲི་མ་སྦྱོང་བ་བཞིན་གསང་དབང་གིས་ཀྱང་ངག་གི་དྲི་མ་སྦྱོང་བར་བྱེད་པ་ལགས། རྨི་ལམ་དུ་བར་ཆད་མི་འབྱུང་བའི་ཕྱིར་དུ་སྲུང་སྐུད་སྦྱིན་པ་ནི། ཧཱུྃ་བཟླས་ཤིང་རྡོ་རྗེའི་མདུད་པ་གསུམ་བཏབ་བའི་སྲང་བུ་གོང་ལྟར་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲད་བུ་དམར་པོ་རྡོ་རྗེ་སློབ་མ་རྣམས་ཀྱི་ལུས་ཚད་དང་མཉམ་པ་སུམ་བསྒྲིལ་དུ་བྱས་པ་རྡོ་རྗེའི་མདུད་པ་གསུམ་གྱིས་བཏབ་པ་རྡོ་རྗེ་སློབ་མ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་བསྲུང་བའི་ནུས་པ་དང་ལྡན་པར་གྱུར། སློབ་དཔོན་གྱི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྟ་གོན་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུའི་ཚོགས་སྤྱན་དྲངས་ཏེ་དམ་ཚིག་སྲད་བུ་ལ་ཐིམ་ཞེས་དང་། སྲུང་སྐུད་ཐལ་མོའ་བར་དུ་བཟུང་ལ་རྩ་སྔགས་བཟླ།ཞེས་པས་བྱིན་གྱིས་
༢༥༩བརླབས་པ་དེ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་ལ་ཉིས་སྐོར་དུ་བཅིང་སྟེ། ཞེས་བརྗོད་ཅིང་ཕྱག་ལེན་ལྟར་བཅིང་། བུམ་ཆུ་གཏོར་ཞིང་གུར་ནས་འབྱུང་བའི་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྣོད་རུང་དུ་བྱེད་པའི་ཐབས་ཡིན་ཏེ། སྲུང་སྐུད་འདོགས་པ་ཤེས་རབ་ཡེ་ཤེས་ཀྱི་སྦྱང་གཞི་ཁམས་ཀྱི་བར་ཆད་བསྲུང་བའི་ཆེད་དུ་ཡིན་པ་བཞིན། ཤེས་རབ་ཡེ་ཤེས་ཀྱང་ཁམས་བདུད་རྩི་ལ་བསྐུར་པ་ལགས། རྨི་ལམ་མི་འཁྲུགས་པ་དང་མལ་སྟན་ལྷག་པར་གནས་པའི་ཕྱིར་དུ་ཀུ་ཤ་སྦྱིན་པ་ནི། ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས་གོང་བཞིན་བསང་སྦྱངས། སྟོང་པའི་ངང་ལས་དྷཱིཿལས་བྱུང་བའི་ཀུ་ཤ་ཆེ་ཆུང་རྩ་བ་དང་རྩེ་མོ་མ་ཉམས་པ་རྡོ་རྗེ་སློབ་མ་རྣམས་ཀྱི་རྨི་ལམ་མི་འཁྲུགས་པའི་ནུས་པ་དང་ལྡན་པར་གྱུར། ཞེས་པས་བྱིན་གྱིས་བརླབས་ནས། དྷཱིཿབཟླས་པའི་ཀུ་ཤ་ཆུང་བ་ཕྱག་གཡས་དང་། ཧ་བཟླས་པའི་ཆེ་བ་གཡོན་དུ་སྦྱིན་ཏེ། དེའི་དོན་ཀུ་ཤ་དག་བྱེད་ཀྱི་རྫས་བླ་ན་མེད་པ་ཡིན་པ་ལྟར། དབང་བཞི་པའི་ཡེ་ཤེས་ཀྱང་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་འདག་པར་བྱེད་པས་ཀུ་ཤ་སྦྱིན་པ་དབང་བཞི་པའི་སྔོན་འགྲོ་ལགས་ཤིང་། སྔོན་བྱུང་བཅོམ་ལྡན་འདས་ཀུ་ཤ་མ་འཁྲུགས་པའི་སྟན་ལ་བཞུགས་ནས་སངས་རྒྱས་པ་བཞིན་ཀུ་ཤའི་སྟན་ལ་ཉལ་ཏེ། རྨི་ལམ་སྒྱུ་མ་ལྟ་བུ་མངོན་དུ་བྱས་ནས་སངས་རྒྱས་པའི་རྟེན་འབྲེལ་ལམ་དུ་བྱེད་པ་ལགས། ཆོས་ཟབ་མོ་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་ལྟར། བརྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་
༢༦༠པ་བྱེ་བ་དུ་མར་ན། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པ། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་འདི་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱི། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་གསུངས་ཏེ། དེའི་དོན་ནི། འཇིག་རྟེན་ན་ཨུ་དུམྦཱ་རའི་མེ་ཏོག་དཀོན་པ་ལྟར་སངས་རྒྱས་དཀོན་ཏེ། སངས་རྒྱས་གཅིག་འཇིག་རྟེན་དུ་འཚང་རྒྱ་བའི་ཚུལ་སྟོན་པ་ན། དེ་དང་ཁད་ཉེ་བའི་ས་ཕྱོགས་ཤིག་ཏུ་ཨུ་དུམྦཱ་རའི་མེ་ཏོག་གཅིག་འབྱུང་དེ་ཡང་རྒྱལ་རིགས་ལས་འབྱུང་ན་དཀར་པོ་དང་། བྲམ་ཟེའི་རིགས་ལས་འབྱུང་ན་སེར་པོར་འཁྲུངས་ལ། སངས་རྒྱས་དེ་ལྷུམས་སུ་ཞུགས་པ་ན་མེ་ཏོག་དེ་ཁ་འབུས། བལྟམས་པ་ན་ཁ་བྱེ། གཞོན་ནུ་རོལ་རྩེད་མཛད་པ་ན་རྒྱས། དཀའ་ཐུབ་མཛད་པ་ན་ཅུང་ཟད་རྙིང་། འཚང་རྒྱ་བའི་ཚུལ་སྟོན་པ་ན་རྒྱས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ཤིན་ཏུ་རྒྱས། མྱ་ངན་ལ་འདའ་བའི་ཚུལ་བསྟན་པ་ན་སྐམ་ནས་འགྲོ་སྟེ། དེས་ན་དེ་དེ་གཉིས་དཀོན་མཚུངས་ཡིན་པས་སངས་རྒྱས་
༢༦༡འཇིག་རྟེན་དུ་འབྱོན་པ་དཀོན། བྱོན་ནས་ཆོས་གསུངས་པ་དཀོན། ཆོས་ཀྱི་ནང་ནས་ཐེག་པ་ཆེན་པོ་གསུངས་པ་དཀོན། ཐེག་ཆེན་གྱི་ནང་ནས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་གསུངས་པ་ནི་ཤིན་ཏུ་དཀོན། དཀོན་པས་ཅི་ཕན། རི་བོང་གི་རྭ་དང་ནམ་མཁའི་མེ་ཏོག་ཀྱང་དཀོན་ནོ་སྙམ་ན་དེ་དག་དང་མི་མཚུངས་པར་དཀོན་ལ་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ཏེ། བསྐལ་པ་བྱེ་བ་དུ་མ་ནས་བསགས་པའི་སྡིག་པ་རྣམས་དཀྱིལ་འཁོར་ཆེན་པོ་མཐོང་བའི་མོད་ལ་འདག་པར་འགྱུར་ན། དབང་བླངས་ཏེ་དམ་ཚིག་དང་སྡོམ་པ་ལ་ནན་ཏན་དུ་བྱས་ནས་སྔགས་ཀྱི་སྤྱོད་པ་ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་ཉམས་སུ་ལེན་པ་དང་། གསང་སྔགས་ཀྱི་བཟླས་བརྗོད་ལ་བརྩོན་པའི་སྒོ་ནས་ལམ་འདི་ལ་བློ་བརྟན་པར་བྱས་ན་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་གྱི་རྒྱུན་གཅོད་པར་འགྱུར་བ་དང་། དེ་བས་ན་ཁྱེད་རྣམས་ཀྱི་རྙེད་པའི་མཆོག་ལེགས་པར་རྙེད་ཅིང་། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཁྱེན་བརྩེ་ནུས་པས་ཡོངས་སུ་བཟུང་སྟེ་དེའི་རིགས་སུ་སྐྱེ་བཞིན་པར་འབྱུང་བས་ན། ཐེག་ཆེན་གྱི་ལམ་མཆོག་ཏུ་གྱུར་པ་འདི་ལ་བརྟེན་ནས་མྱུར་ཏུ་འཇིག་རྟེན་གྱི་གནས་ལུགས་མངོན་སུམ་དུ་མཁྱེན་པའི་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བར་གདོན་མི་ཟ་བས་དོན་དེ་ལ་དགའ་བ་ཁྱད་པར་ཅན་དང་ལྡན་པར་མཛོད་ཅིག །ཅེས་འབྲས་བུ་ལ་སྤྲོ་བ་བསྐྱེད་ནས། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བར་བྱ་བ་ནི། །བུ་ཀྱེས་ང་ནི་དཀྱིལ་འཁོར་དང་། །མཐོང་བར་འགྱུར་རོ་ཉོལ་ཞིག་དང་། །རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་ང་ལ་དྲང་པོར་སྨྲོས། །ཞེས་བཤད་པས། རང་གི་སྒྲུབ་པའི་ཁང་པར་བདེ་བའི་མལ་ཞིག་བཅས་ཏེ། སློབ་དཔོན་གྱིས་གནང་བའི་ཀུ་ཤ་ཆུང་བ་སྔས་དང་། ཆེ་བསྟན་དུ་བཏིང་། གོས་དྲི་མ་མེད་པ་གྱོན། གློ་གཡས་པ་འོག་
༢༦༢ཏུ་ཕབ་ནས་སེང་གེའི་ཉལ་སྟབས་ཀྱིས་ཉལ་ཏེ་སེམས་དུག་གསུམ་གྱི་རྣམ་རྟོག་ཐམས་ཅད་རྒྱང་རིང་དུ་བྱས། ལྷ་དང་བླ་མ་ཡིད་ལ་དྲན་བཞིན་པས་སང་ཉིན་ཡི་དམ་ལྷའི་དཀྱིལ་འཁོར་མཐོང་བར་འགྱུར་རོ་སྙམ་པའི་དགའ་སྤྲོ་དུང་ངེ་བའི་སྒོ་ནས་དྲན་ཤེས་བཞིན་དང་ལྡན་པར་ཉལ་ན་ལུང་སྟོན་པའི་རྨི་ལམ་འབྱུང་བར་འགྱུར་ཏེ། དེ་ཡང་རྨི་ལམ་བཟང་བའི་ལྟས་ནི། རྨི་ལམ་སངས་རྒྱས་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་པ་བརྩོམས་པ་དང་། །དགེ་སློང་དག་ལ་ཆོས་ཉན་ཏམ། །ཡང་ན་མི་ཉན་ན་ཡང་རུང་། །ཆོས་ནི་རྣམ་པར་སྤྱོད་པ་དང་། །དེ་བཞིན་མདོ་སྡེ་རྣམ་པར་སྤྱོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨི་ལམ་གྱི་གནས་སྐབས་སུ་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་མཐོང་པ། དམ་པའི་ཆོས་ཀྱི་གླེགས་བམ་ཐོགས་པ། དགེ་འདུན་གྱི་སྡེའི་དབུས་སུ་བཞུགས་པ། རང་གི་བླ་མ་ལས་ཆོས་ཉན་པ། ཉི་ཟླ་ཤར་བ། རྒྱལ་པོར་དབང་བསྐུར་བ། རྟ་དང་གླང་པོར་ཞོན་པ། ཉི་ཕུག་དག་ཏུ་ཉི་མ་ལྡེ་བ། དགེ་སློང་དག་དང་ཆོས་ཀྱི་འབེལ་གཏམ་བྱེད་པ། ཟས་བཟང་པོ་རོ་བརྒྱ་དང་ལྡན་པ་ཐོབ་པ་དང་། འབྲུའི་བང་མཛོད་ལ་སོགས་པའི་གཏེར་རྙེད་པ་དང་། སྐྱེ་བོ་མང་པོས་བདག་ལ་འདུད་བསྟོད་བྱེད་པ་དང་། སྐྱེ་བོ་མང་པོ་ལ་བདག་ཉིད་ཀྱིས་ཆོས་བཤད་པ། ཕ་མ་དང་བླ་མ་དང་མཛའ་བཤེས་དང་ཕྲད་པ། གོས་རྒྱན་བཟང་པོས་བརྒྱན་པ་ལ་སོགས་པ་རྨིས་ན་རྨི་ལམ་བཟང་བ་ཡིན་པས་སྔགས་ཀྱི་དངོས་གྲུབ་རབ་འབྲིང་ཐ་མ་གསུམ་གང་རུང་འགྲུབ་པར་ཤེས་པར་བྱས་ནས་ཞེན་པ་མེད་པའི་དགའ་བ་བསྒོམ་ཞིང་དགའ་སྟོན་བྱ། གལ་ཏེ་ངན་པའང་འབྱུང་སྲིད་དེ། དེའི་ལྟས་ནི། རྒྱ་སྐྱེགས་ཀྱི་རི་ལ་འཛེགས་པ་དང་། ཀ་ར་ཝཱི་རའི་མེ་ཏོག་རྒྱས་པ་འཐུ་བ།
༢༦༣མཆོད་སྡོང་དང་བྱེ་མ་དང་ཐལ་ཕུང་ལ་འཛེགས་པ། སྤྲེའུ་དང་བོང་བུ་ལ་ཞོན་ནས་ཁ་ཕྱིར་ཕྱོགས་ཏེ་འགྲོ་བ། ཕག་དང་རྔ་མོ་དང་མ་ཧེ་ལ་ཞོན་པ། བུད་མེད་ནག་མོ་གོས་ནག་ཅན་ལ་འདོད་ལོག་སྤྱོད་པ། གཡང་ས་དང་། གཅོང་རོང་དུ་ཞུགས་པ། རི་དང་ཤིང་ལས་ལྷུང་བ། ཁྱི་དང་ཁྭ་དང་སྲིན་པོས་ཟོས་པ། མི་ནག་པོ་ལྕགས་ཀྱི་དབྱུག་པ་ཅན་གྱིས་བསྡིགས་པ། སྐྲ་བྲེགས་པ། ལུས་ལ་ཏིལ་མར་གྱིས་བྱུགས་པ། ཕྲེང་བ་དམར་པོས་ཐོད་བཅིངས་པ་ལ་སོགས་པ་བྱུང་ན་ཅུང་ཟད་ངན་པ་ཡིན་པས་གཉིད་སད་མ་ཐག་ཏུ་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་དང་ཁྱད་མེད་དེ། དོན་མ་གྲུབ་པ་ཅུང་ཟད་ཀྱང་མེད་སྙམ་དུ་བདེན་མེད་ཀྱིས་སྦྱངས་པས་རྒྱས་འདེབས་པ་དང་། སངས་རྒྱས་སྤྱན་གྱི་རྣལ་འབྱོར་བླ་མ་བརྒྱུད་པའི་མན་ངག་ལས་བྱུང་བ་བཞིན་ལུང་བླངས་ཏེ་ཉམས་སུ་ལེན་པ་དང་། ཞི་བའི་སྦྱིན་སྲེག་བླུགས་པ་ལ་སོགས་པ་རྨི་ལམ་ངན་པའི་འབྲས་བུ་མི་འབྱུང་བའི་ཐབས་ལ་བརྩོན་པར་བྱ་དགོས་པ་ཡིན། དེ་རྣམས་ཀྱིས་སློབ་མ་སྟ་གོན་གྱི་བྱ་བ་རྣམས་ལེགས་པར་གྲུབ་ཟིན་ནས། དངོས་གཞི་དབང་བསྐུར་བའི་ཆོ་ག་སང་ཉིན་འབྱུང་བ་ལགས་ཞེས་བརྗོད་དོ། །དངོས་གཞི་དབང་བསྐུར་བའི་བརྡ་སྤྲོད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་དབང་བསྐུར་བ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཇི་ལྟར་འབྱུང་བ་བཞིན་གསལ་བཏབ་ནས་གསན་པར་ཞུ། དེ་ལ་རང་རེ་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རྙེད། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་
༢༦༤བསྟན་པ་དང་མཇལ། བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་བླང་དུ་ཡོད་པའི་སྐབས་འདིར་དམ་པའི་ཆོས་རྣམ་པར་དག་པ་རེ་བྱེད་དགོས། དེའི་རྒྱུ་མཚན་དོན་དམ་པར་སེམས་ཅན་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ནའང་གནས་སྐབས་སུ་གློ་བུར་གྱི་དྲི་མ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་སྤངས་ཀྱི་བར་ལ་རྒྱུན་ཆད་མེད་པར་སྡུག་བསྔལ་གྱི་ཁོར་མོ་ཡུག་ཏུ་གྱུར་པའི་འཁོར་བར་སྐྱེ་ཞིང་། འཁོར་བའི་སྐྱེ་གནས་གང་དུ་སྐྱེས་ཀྱང་བཟོད་པར་དཀའ་བའི་སྡུག་བསྔལ་མེ་འོབས་བཞིན་ལས་མ་འདས་པ་ཡིན། སྡུག་བསྔལ་ཅན་གྱི་སེམས་ཅན་དེ་རྣམས་ཀྱིས་ཕ་མ་མ་བྱས་པ་གཅིག་ཀྱང་མེད་པས་འདི་རྣམས་སངས་རྒྱས་ཀྱི་ས་ལ་བཞག་པའི་སླད་དུ་ཚེ་འདིའི་བྱ་བ་སྙིང་པོ་མེད་པ་ཐམས་ཅད་སྤངས་ཏེ་དམིགས་པ་ཚད་མེད་པའི་སྙིང་རྗེ་ཆེན་པོ་དང་། ཤེས་རབ་ཆེན་པོ་ཟུང་དུ་འཇུག་པའི་བདག་ཉིད་ཅན་གྱི་དཔལ་ཀྱཻ་རྡོ་རྗེའི་གོ་འཕང་ཐོབ་པར་བྱ་དགོས། དེའི་ཆེད་དུ་བདེན་གཉིས་ཟུང་འཇུག་ཏུ་རྟོགས་པའི་ལྟ་བས་རྒྱུད་སྦྱངས་ནས་བསྐྱེད་རིམ་བསྒོམ་པ་ལ་དབང་བར་བྱེད་པ་བུམ་པའི་དབང་བསྐུར་བ་དང་རྫོགས་རིམ་བསྒོམ་པ་ལ་དབང་བར་བྱེད་པ་དབང་གོང་མ་གསུམ་མཐའ་རྟེན་དང་བཅས་པ་བླངས་ལ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་འདུན་པ་དུང་པ་རེ་བསྐྱེད་མཛོད། དེ་ལ་སྟ་གོན་དུ་གནས་པ་ཡན་ཆད་གྲུབ་ཟིན་ནས། དངོས་གཞིའི་ཆོ་ག་ལ་བྲི་ཞིང་རྒྱན་དགྲམ་པ། སྒྲུབ་ཅིང་མཆོད་པ། འཇུག་ཅིང་དབང་བླང་བ། མཇུག་གི་ཆོ་ག་སྟེ་རྣམ་པ་བཞི་ཡོད་པ་ལས། བྲི་བ་ལའང་། ཐིག་གིས་བྲི་བ། ཚོན་གྱིས་བྲི་བ། མཚན་མ་དགོད་པ། རྒྱན་དགྲམ་པ་སྟེ་བཞི་དང་། སྒྲུབ་ཅིང་མཆོད་པ་ལ་བདག་བསྐྱེད་སྔོན་དུ་སོང་བའི་སྒོ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱིན་པའི་ཚུལ་གྱིས་སྒྲུབ་པ་དང་། སྐྱེ་མཆེད་
༢༦༥སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ཚུལ་གྱིས་སྒྲུབ་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པའི་ཚུལ་གྱིས་སྒྲུབ་པ་དང་། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་བཏབ་པའི་ཚུལ་གྱིས་སྒྲུབ་པ་སྟེ་རྣམ་པ་བཞིས་བསྒྲུབ་ནས་ནང་དུ་དཀྱིལ་འཁོར་པ་མཆོད་པས་མཉེས་པར་བྱ་བ་དང་། ཕྱི་རོལ་ཏུ་འབྱུང་པོའ་ཚོགས་རྣམས་གཏོར་མས་ཚིམས་པར་བྱ་བ་རྣམས་དགོས་ཏེ། ཁོ་བོས་སྔོན་དུ་ལེགས་པར་གྲུབ་ཟིན་པ་ཡིན་ཞེས་བརྡ་སྤྲད། རས་བྲིས་ལྟར་ན། གོང་གི་དངོས་གཞིའི་ཆོ་ག་ལ་ཞེས་པའི་སྔོན་དུ།བདག་བསྐྱེད་སྔོན་དུ་སོང་བའི་ཞེས་པ་ནས།ལེགས་པར་གྲུབ་ཟིན་པ་ཡིན་ཅེས་པའི་བར་གྱིས་ཆོག །འཇུག་ཅིང་དབང་བསྐུར་བ་ལ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བ་དང་། སློབ་མ་བདག་ཉིད་འཇུག་ཅིང་དབང་བསྐུར་བ་གཉིས་ལས། དང་པོ་བདག་ཉིད་འཇུག་ཅིང་དབང་བླང་བ་ནི། སློབ་མ་ལ་ཇི་ཙམ་བསྐུར་བའི་དབང་ཐམས་ཅད་བདག་འཇུག་གི་ཚུལ་དུ་ལེན་པ་སྟེ། དེ་དག་ཀྱང་སྔོན་དུ་ལེགས་པར་གྲུབ་ཅིང་། དེའི་རྗེས་སུ་ཕྱི་ནང་གི་མཁའ་འགྲོ་མཉེས་པར་བྱ་བའི་ཕྱིར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་དབུལ་བ་དང་། སློབ་མ་གཞུག་པའི་ཕྱིར་དུ་དམ་ཚིག་གསུམ་གྱིས་གླུ་བླངས་ཤིང་། དེ་ཁོ་ན་ཉིད་ཀྱི་བདེན་པ་བསྒྲགས་པ་རྣམས་གྲུབ་པར་བྱས་པ་ལགས། ད་ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང་། ཞུགས་ནས་མངོན་པར་དབང་བསྐུར་བའི་ཆོ་ག་གཉིས་ཡོད་པ་ལས། འཇུག་པ་ལ་མཎྜལ་ཕུལ་ཏེ་གསོལ་བ་གདབ། །སྡོམ་པ་བསྒྲགས་བཟུང་གཉིས་ཀ་བྱ། །གདོང་བཅིངས་མེ་ཏོག་ཕྲེང་བ་གཏད། །འཁྱིལ་པས་བསངས་ཤིང་དྲིས་ལན་བྱ། །ནང་གི་
༢༦༦སེམས་བསྐྱེད་གསང་བར་གདམས། །ཡོལ་བའི་ནང་འཇུག་དམ་ལ་བཞག །ཡེ་ཤེས་དབབ་སྟེ་གསོལ་བ་གདབ། །ཁ་དོག་དྲིས་ལན་བསྟོད་པ་བྱ། །མེ་ཏོག་ཕུལ་ཏེ་མིག་རས་ཕྱེ། །དཀྱིལ་འཁོར་བསྟན་པ་འཇུག་པའོ། །ཞེས་པ་ལྟར་ལས། ཐོག་མར་སློབ་དཔོན་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དཔལ་ཀྱཻ་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་པ་དང་ལྡན་པའི་སྒོ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའ་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའ་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་པའི་སྒོ་ནས་དོན་དུ་གཉེར་བྱའི་གཙོ་བོ་དམ་ཚིག་དེ་ཉིད་ཅེས་པའི་དམ་ཚིག་ཐོབ་པར་བྱེད་པ་ལ་ཁས་བླངས་དང་ཆོ་གའི་སྒོ་ནས་ཐོབ་པར་བྱ་བ་གཉིས་ཡོད་པ་ལས། ཁས་བླངས་ཀྱི་སྒོ་ནས་ཐོབ་པར་བྱ་བ་ལ་འཛིན་རྒྱུའི་དམ་ཚིག་ངོ་ཤེས་པར་བྱ་བའི་ཆེད་དུ་སྡོམ་པ་བསྒྲགས་པ་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བྱ་སྟེ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་
༢༦༧དྲིལ་བུ་ཞེས་སུ་བཤད། །སློབ་དཔོན་ཁྱེད་ཀྱིས་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱོས། །དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླ་བར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་ལ་ལོག་པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་དོན་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་བསྐྱང་། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤངས། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་
༢༦༨འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་གྲགས། །ཞེས་གསུངས་ཏེ། དེའི་དོན་ནི་སངས་རྒྱས་ཏེ་རྣམ་སྣང་གི་དམ་ཚིག་ཏུ་ཕྱི་ནང་གསང་བའི་དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་པ་ཡིན་ཏེ། རྣམ་སྣང་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡིན་པས་ཡོན་ཏན་གྱི་རྟེན་བྱེད་པ་ལྟར་སྐྱབས་གསུམ་འཛིན་པའི་སྡོམ་པས་ཀྱང་སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར་རོ། །རྡོ་རྗེ་མི་བསྐྱོད་པའི་དམ་ཚིག་ནི་ཕྱི་ནང་གསང་བའི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་སློབ་དཔོན་རྣམས་འཛིན་པ་སྟེ། མི་བསྐྱོད་པ་ཐུགས་རྡོ་རྗེ་བྱང་ཆུབ་སེམས་ཀྱི་ངོ་བོ་ཡིན་པ་ལྟར་དམ་ཚིག་གསུམ་དང་སློབ་དཔོན་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་འཛིན་པས་སོ། །རིན་ཆེན་ཏེ་རིན་འབྱུང་གི་དམ་ཚིག་ནི། ཟང་ཟིང་མི་འཇིགས་ཆོས་བྱམས་པའི་སྦྱིན་པ་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག་ཏུ་བཏང་བའམ། དངོས་སུ་མི་ནུས་ན་འདུན་པ་དང་མ་བྲལ་བར་བྱ་བ་སྟེ། རིན་འབྱུང་སྦྱིན་པའི་ངོ་བོ་སེར་སྣ་རྣམ་པར་དག་པ་ཡིན་པ་ལྟར། སྦྱིན་པའང་དབུལ་པོ་འདོར་བར་བྱེད་པ་དང་སེར་སྣའི་གཉེན་པོ་ཡིན་པས་སོ། །པདྨ་སྟེ་འོད་དཔག་མེད་ཀྱི་དམ་ཚིག་ནི་ཕྱི་བྱ་སྤྱོད་ནང་རྣལ་འབྱོར་གསང་བ་རྣལ་འབྱོར་བླ་མེད་དེ་རྒྱུད་སྡེ་བཞི་དང་། ཉན་ཐོས་རང་སངས་རྒྱས་བྱང་ཆུབ་སེམས་དཔའ་སྟེ་ཐེག་པ་གསུམ་དང་བཅས་པའི་དམ་པའི་ཆོས་འཛིན་པར་དམ་བཅའ་བ་སྟེ། འོད་དཔག་མེད་ཤེས་རབ་ཀྱི་ངོ་བོ་གསུང་རྣམ་པར་དག་པ་ཡིན་པ་ལྟར། ཆོས་ཀྱང་ཤེས་རབ་ཀྱིས་འཛིན་ཅིང་གསུང་གིས་སྟོན་པར་བྱེད་པའོ། །ལས་ཀྱི་རིགས་ཏེ་དོན་ཡོད་གྲུབ་པའི་དམ་ཚིག་ནི་སྡོམ་པ་ཐམས་ཅད་འཛིན་པ་དང་མཆོད་པའི་ལས་ལ་བརྩོན་པར་བྱ་བ་ཡིན་ཏེ། དོན་ཡོད་གྲུབ་པ་བརྩོན་འགྲུས་ཀྱི་ངོ་བོ་ཕྲིན་ལས་ཀྱི་
༢༦༩རང་བཞིན་ཡིན་པ་ལྟར། དགེ་བ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་སྡོམ་པ་འཛིན་པ་དང་། སངས་རྒྱས་ལ་མཆོད་པ་བྱེད་པ་གཉིས་ཀའང་སངས་རྒྱས་ཀྱི་ཕྲིན་ལས་རྗེས་སུ་སྐྱོང་བ་ཡིན་པས་སོ། །དེ་རྣམས་ཀྱིས་རིགས་ལྔ་སོ་སོའ་དམ་ཚིག་བསྒྲགས་ནས། རིགས་ལྔ་སྤྱིའི་དམ་ཚིག་བསྒྲགས་པ་ལ་ཚུལ་ཁྲིམས་གསུམ་སྤྱིར་བཤད་པ་དང་། སོ་སོར་བཤད་པ་གཉིས་ལས། དང་པོ་ནི། དེ་ལས་གཞན་ཡང་བཅུ་བཞི་ནི། །ཞེས་སོགས་ཤློ་ཀ་གཉིས་ཏེ། ནམ་མཁའི་སྙིང་པོའ་མདོ་ལས་བཤད་པའི་བྱང་ཆུབ་སེམས་དཔའ་རྒྱལ་པོ་ལ་འབྱུང་བའི་ལྟུང་བ་གཅིག །བློན་པོ་ལ་འབྱུང་བ་གཅིག །རྒྱལ་བློན་ཐུན་མོང་དུ་འབྱུང་བ་བཞི། བྱང་སེམས་ལས་དང་པོ་པ་ལ་འབྱུང་བའི་བརྒྱད་དེ་བཅུ་བཞི་པོ་འདིར་ཡང་བསྲུང་དགོས་པར་སྟོན་པ་ལགས། གཉིས་པ་སོ་སོར་བཤད་པ་ལ། ཉེས་སྤྱོད་སྡོམ་པ། །དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལས། །དང་པོ་ནི། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །ཞེས་སོགས་ཤློ་ཀ་གཉིས་ཏེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སོ་ཐར་རིགས་བདུན་གང་རུང་ཡིན་པས་རང་རང་གི་ཆོ་ག་ལས་ཐོབ་པའམ། དེས་མ་ཐོབ་ན་སྟ་གོན་དང་འཇུག་པའི་སྐབས་སུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་ན་མཉམ་པའི་སོ་ཐར་གྱི་སྡོམ་པ་ཐོབ་པས་ན་དེའི་བསླབ་བྱ་རྩ་བཞི་ཆང་དང་ལྔ་པོ་གཞན་དོན་དུ་འགྱུར་ན་མ་གཏོགས་སྤང་དགོས་པར་སྟོན་པ་ལགས། དགེ་བ་ཆོས་སྡུད་ནི། དམ་པ་ཉེ་བར་བསྟེན་བྱ་ཞིང་། །ཞེས་སོགས་རྐང་པ་དྲུག་སྟེ་དགེ་བ་སྤྱོད་པའི་གྲོགས་སྐྱེས་བུ་དམ་པ་དང་། རྣལ་འབྱོར་པ་རྣམས་ལ་བརྟེན་ནས་དགེ་བ་བཅུ་སྤྱོད་པ་སྟེ། བཅུ་པོ་དེར་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ཐམས་
༢༧༠ཅད་འདུས་པས་སོ། །སེམས་ཅན་དོན་བྱེད་ནི། ཐེག་པ་དམན་ལ་འདོད་མི་བྱ། །ཞེས་སོགས་ཤློ་ཀ་གཅིག་སྟེ། སེམས་ཅན་གྱི་དོན་བྱེད་པའི་མི་མཐུན་ཕྱོགས་རྣམས་སྤངས་པའི་སྒོ་ནས་སེམས་ཅན་གྱི་དོན་བསྒྲུབ་དགོས་པར་སྟོན་པ་ཡིན། དེ་དག་མདོར་བསྡུས་ཏེ་བསྒྲགས་པ་ནི། ལྷ་དང་ལྷ་མིན་ཞེས་སོགས་ཤློ་ཀ་གཅིག་སྟེ། གཞན་ལ་གནོད་པ་དང་། གཞན་མ་དད་པར་འགྱུར་བའི་སྤྱོད་པ་རྣམས་སྤོང་བ་དང་། སོ་ཐར་བྱང་སེམས་གཉིས་སུ་མ་ཟད་གསང་བ་སྤྱི་རྒྱུད་སོགས་རྒྱུད་སྡེ་འོག་མ་ནས་བཤད་པའི་དམ་ཚིག་རྣམས་ཀྱང་བསྲུང་དགོས་པར་སྟོན་པ་སྟེ། རྒྱུད་སྡེ་གོང་མའི་སྡོམ་པའི་ནང་དུ་འོག་མའི་སྡོམ་པའང་འདུ་བས་སོ། །དེ་ལྟར་བཤད་པའི་དོན་དེ་དག་ཡིད་ལ་དྲན་པ་དང་བཅས་པའི་སྒོ་ནས་དམིགས་པ་འདི་བཞིན་མཛོད། ཅེས་སོགས་ཀྱིས་བརྡའ་སྤྲད་ལ་སྟ་གོན་གྱི་སྐབས་དཀོན་མཆོག་སོགས་ནས་འགྲུབ་པར་ཤོག །ཅེས་པས་རྒྱུད་དག་པར་བྱས་ནས་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་ཀྱང་འཛིན་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའ་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་ནི། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་
༢༧༡མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པས་དམ་ཚིག་དང་སྡོམ་པ་འཛིན་པར་ཁས་བླངས་ནས། འཛིན་རྒྱུའི་དམ་ཚིག་དང་སྡོམ་པའི་གཙོ་བོ་དབང་བསྐུར་བ་ལས་སྐྱེ་བར་འགྱུར་ཞིང་། དབང་བསྐུར་བའང་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་སྔོན་ཆད་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་ཀྱང་བསྐུར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་ཞེས་པས་གདོང་བཅིང་ནས།དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་བཏུབ་པས་ཕྱག་རྟེན་གྱི་སླད་དུ་མེ་ཏོག་རིགས་ལྔ་བརྒྱུས་པའི་ཕྲེང་བ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་སོགས་ཀྱིས་སྦྱིན།སློབ་དཔོན་གྱི་ཐུགས་ཀ་ནས་བདུད་རྩི་འཁྱིལ་བའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱོན་ནས་དབང་ལེན་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་པའི་མོས་པ་མཛོད། ཅེས་དང་། ལས་བུམ་གྱི་ཆུ་གཏོར་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་
༢༧༢ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་བར་དུ་གཅོད་པ་བསྲུངས་ནས། རིགས་ངེས་པར་བྱ་བའི་སླད་དུ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་དྲིས་པའི་ལན་བཏབ་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེས་བུ་ལ་ཅི་ཞིག་བྱ། ཞེས་དྲིས་པའི་ལན་བཏབ་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། སངས་རྒྱས་མཆོག་གི་དམ་ཚིག་གོ །མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སངས་རྒྱས་མཆོག་གི་དམ་ཚིག་འདོད་པ་དེས། །གསང་སྔགས་ནང་གི་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སེམས་ཅན་ཐམས་ཅད་ལ་ཕན་པ་བླ་ན་མེད་པ་བསྒྲུབ་པར་བགྱིའོ་སྙམ་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དུང་པ་ཞིག་བསྐྱེད། དེ་ཉིད་གཟུགས་ཀྱི་རྣམ་པར་ལངས་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་ཉ་གང་བ་ལྟ་བུ་ཞིག་ལམ་གྱིས་བྱུང་བའི་མོས་པ་མཛོད། །ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བདེ་སྟོང་ནམ་མཁའ་ལྟ་བུའོ་སྙམ་དུ་ཡིད་ལ་བྱས་ཏེ། དེ་ཉིད་གཟུགས་ཀྱི་རྣམ་པར་ལངས་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པ་ཞིག་གསལ་ལམ་གྱིས་བྱུང་བར་མོས་ཏེ། དེ་གཉིས་དབྱེར་མེད་དུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་དེ་སྙིང་གར་རྡོ་རྗེ་བཞག་ནས་བརྟན་པར་བྱས་པའི་མོས་པ་མཛོད། ༀ་སུ་ར་ཏེ་ས་མ་ཡ་སྟཱཾ་ཧོཿསིདྱ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པས་སེམས་བསྐྱེད་པ་རྣམས་ཕྱི་འཇུག་གི་གཙོ་བོ་ཡིན་པས་བརྡ་དོན་འཕྲོད་པ་གལ་ཆེ་བ་ལགས། །དེ་ལྟར་སེམས་བསྐྱེད་པ་དང་འོག་ནས་འབྱུང་བའི་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་རྣམས་སྣོད་དང་མི་ལྡན་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བཏུབ་བོ་ཞེས་
༢༧༣གསང་བར་གདམས་པ་ནི། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་རབ་ཏུ་ཞུགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་པས་གསང་བར་གདམས་པ་རྣམས་ཕྱིའི་འཇུག་པ་ཡིན། ནང་འཇུག་གི་སླད་དུ་ཁྱེད་རང་རྣམས་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་པའི་མོས་པ་བྱས་ཏེ་དཀྱིལ་འཁོར་གྱི་ཕྱོགས་ལ་དབུ་དུད་པ་དང་བཅས་པས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཛཿཧཱུྃ་ཞེས་སམ། ཛཿཧཱུྃ་བཾ་ཧོཿ གང་མོས་བརྗོད་པས་དཀྱིལ་འཁོར་གྱི་ཤར་སྒོའི་སྒོ་ནང་དུ་འཁོད་པའི་མོས་པ་མཛོད། ནང་གི་འཇུག་པ་ལ་སྔོན་འགྲོ་དམ་ལ་བཞག་པ་བཞིའི་དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱའི། །ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ་ཞེས་དང་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་དང་། འདིའང་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ཡིན་ཏེ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ་གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་ཁྱོད་ཀྱི་མགོ་བོ་འགེམ་པར་འགྱུར་རོ། །ཞེས་དང་། མནའ་ཆུ་སྦྱིན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྣམ་རྒྱལ་བུམ་པའི་ཆུ་དུང་ཆོས་སུ་
༢༧༤བླུགས་པ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ་ཞེས་དང་། བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི་ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ང་ལ་ཡང་བརྙས་པ་མ་བྱེད་ཅིག །བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཏ་རེ་ཞེས་པ་རྣམས་སྔོན་འགྲོ་དམ་ལ་བཞག་པ་ཡིན། །ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ཞེས་པས་གསོལ་བ་བཏབ་ནས། ཁྱེད་རང་རྣམས་ལུས་ཙོག་པུ་གང་ལ་ཡང་མ་སྙེས་པར་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་སེམས་གཞན་ཏུ་མ་ཡེངས་པར་མཛད་ནས་དམིགས་པ་འདི་བཞིན་མཛོད། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ནམ་སྒྱུ་མ་ལྟ་བུར་ཤེས་པར་བྱས་ཏེ། དེའི་ངང་ལས་ཁྱེད་རང་རྣམས་ཧེ་རུ་ཀར་གསལ་བའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བདུངས་བ་ལྟ་བུ་ཆང་ཟུང་ཐུར་དུ་བསྟན། མཆོག་མ་གཉིས་གྱེན་དུ་བསྟན་པ་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྐང་པ་གཉིས་བགྲད་ནས་གནས་པའི་རྐང་མཐིལ་གཉིས་སུ་ཡི་གེ་ཛྷཻཾ་ལྗང་གུ་དྲག་ཅིང་བཟོད་པར་དཀའ་བ་རྐང་པའི་བར་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། སྙིང་གར་ལཾ་ལས་བྱུང་
༢༧༥བའི་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ལྟེ་བ་ལ་ཧཱུྃ། མགྲིན་པར་ཝཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་ལ་ཨས་མཚན་པ། སྤྱི་བོར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་དུ་བ་འཁྲིགས་པ་ལྟ་བུ་ལ་ཧས་མཚན་པ། སློབ་དཔོན་ལ་རྡོ་རྗེ་སེམས་དཔའ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་གི་རྐང་འོག་གི་རླུང་ལ་ཕོག་པས་རླུང་གཡོས་ཏེ་སུམ་མདོར་མེ་སྦར། རྐང་མཐིལ་གྱི་ཛྷཻཾ་མེར་འབར་བ་ལོང་བུ་གཉིས་ནས་ཞུགས་སུམ་མདོའ་གནས་སུ་འཛོམ་སྟེ་དྲག་ཏུ་འབར་བས་སྙིང་གའི་ས་བསྲོས། དེས་མགྲིན་པའི་ཆུ་བསྐོལ་བའི་ཟེག་མ་སྙིང་གའི་སའི་སྟེང་དུ་བབ། དེ་ནས་རྐང་འོག་གི་རླུང་གིས་གྱེན་ལ་བཏེགས། སྤྱི་བོའ་རླུང་གིས་ཐུར་ལ་མནན་པའི་བར་སྣང་དུ་ཡེད་ཡེད་ཡོད་པར་གྱུར། དེའི་ཚེ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཁ་བ་ཆེན་པོ་བབ་པ་བཞིན་དུ་ཁྱེད་རང་རྣམས་ཀྱི་བ་སྤུའི་བུ་ག་རྣམས་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད། རྡོ་རྗེ་དྲིལ་བུ་དཀྲོལ་ཏེ། ཧཱུྃ་ཨ་ཧ་ཛྷཻཾ་ཞེས་དང་།ཨཱ་ཝེ་ཤ་ཡ་སྟྭཾ་བྷ་ཡ་སྟྭཾ་བྷ་ཡ། ར་ར་ར་ར། ཙ་ལ་ཡ། ཙ་ལ་ཡ། ཧཱུྃ་ཨ་ཧ་ཛྷཻཾ་ཞེས་མང་དུ་བརྗོད་ཅིང་སྤོས་རོལ་བྱ།རྒྱུ་དབང་གི་ཚེ་སྤོགས་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོར་བླ་མ་དམ་པ་སྐུ་དར་ལ་བབ་པ་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་གཅིག་བསྒོམ་སྟེ། དེ་ལ་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྗོད། རྩ་སྔགས་མང་དུ་བརྗོད་ཅིང་སྤོས་དང་རོལ་མོ་བྱ། དེ་ལྟར་ཡེ་ཤེས་ཕབ་པའི་བྱིན་རླབས་ཀྱི་རྒྱུན་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་སྟེ་བརྟན་
༢༧༦པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱས་ནས། ཕེབས་པའི་རྟགས་ནི་སྐུ་བབས་ན་ནམ་མཁའ་ལ་གར་བྱེད། གསུང་བབས་ན་སཾ་སྐྲྀ་ཏའི་སྐད་སྨྲ། ཐུགས་བབས་ན་དུས་གསུམ་ཤེས་པ་ལ་སོགས་པ་འབྱུང་བར་འགྱུར་བས་དེ་ཉིད་ངོ་ཤེས་པར་བྱས་ནས་ལམ་དུ་སྲོལ་བར་གྱིས་ཤིག །དེ་ལྟར་ཡེ་ཤེས་ཕེབས་པ་དེ་ལྷག་པའི་ལྷ་དང་ངོ་སྤྲོད་པའི་སླད་དུ་དཀྱིལ་འཁོར་ལ་གསོལ་བ་འདེབས་པ་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའ་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང་། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་འགྱུར། འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ལན་གསུམ་དང་། ཞེས་གསོལ་བ་བཏབ་ནས། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཆེད་དུ་ཁྱེད་རང་རྣམས་མིག་རས་དང་བཅས་བཞིན་དུ་དཀྱིལ་འཁོར་གྱི་ཐད་ཀྱི་བར་སྣང་ལ་བལྟས་ཏེ་མིག་གི་ལམ་དུ་ཁ་དོག་གང་མཐོང་བ་ཞིག་ངེད་ལ་སྨྲ་དགོས་པས། ཀྱེ་ཁྱེད་ཀྱི་མིག་ལམ་ན་ཅི་སྣང་། ཞེས་དྲིས་ལ། དཀར་པོ་མཐོང་ན་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། སྔོན་པོའམ་ནག་པོ་མངོན་སྤྱོད། ལྗང་གུའམ་སྣ་ཚོགས་སམ་ཁྲ་བོ་མཐོང་ན་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །ཞེས་པས་དངོས་གྲུབ་ཀྱི་མཚན་ལྟས་བརྟག་ནས། སློབ་དཔོན་གྱིས་ལྷ་ཐམས་ཅད་གདན་གསུམ་ཚང་བའི་རང་བཞིན་དུ་ཤེས་པའི་སྒོ་ནས་བསྟོད་པ་ནི། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེ་བདག་ལ་སྩོལ། །འདོད་ཆགས་རྡོ་རྗེ་བདག་ལ་སྐྱོབས། །ཡིད་དང་ཕྲག་དོག་ཆེན་པོ་ཀུན། །རྡོ་རྗེ་ཀུན་གྱི་དམ་ཚིག་མཆོག །ལས་རྣམས་ཐམས་
༢༧༧ཅད་སྒྲུབ་བྱེད་པ། །རྡོ་རྗེ་ཅན་ཀུན་བདག་དགྱེས་མཛོད། །ཅེས་པས་བསྟོད། དེ་ནས་དཀྱིལ་འཁོར་ལ་མེ་ཏོག་དབུལ་བ་ནི། འདི་ན་བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ། དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་གདུལ་བྱ་འདུལ་བའི་ཆེད་དུ་གཙོ་འཁོར་གྱི་རྣམ་པ་ཅན་དུ་བསྟན་པ་ཙམ་མ་གཏོགས་ངོ་བོ་ལ་བཟང་ངན་གཅིག་ཀྱང་མེད་མོད། འོན་ཀྱང་རང་གི་ལས་བསགས་པའི་ལྷ་ཞིག་ལ་འབབ་པར་ཤོག་ཅིག་སྙམ་པའི་བློས། ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་གསུང་ཞིང་འབུལ་བའི་ཚུལ་མཛོད་ཅིག །ཅེས་བསྒོམ་ལ་ཕུལ་ཏེ་གང་ལ་ལྷུང་བ་ལས་ཉེ་བ་དེའི་རིགས་སུ་ངེས་པར་བྱས་ལ་མེ་ཏོག་དེ་སློབ་དཔོན་གྱིས་བླངས་ཏེ། ༀ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སྟྭ་མ་ཧཱ་བ་ལ། ཞེས་ལྷ་ལ་བོས་ནས་དེས་ཀྱང་མེ་ཏོག་གི་ཕྲེང་བ་སླར་སྦྱིན་པར་བསམས་ལ། མེ་ཏོག་སློབ་མའི་སྤྱི་བོར་བཞག་མིག་རས་བསལ་ཏེ། །ༀ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། ཧེ་བཛྲ་པཱ་ཤྱ། ཞེས་པ་ནི། ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་བསྐུལ་བ་ཡིན་པས། །དཀྱིལ་འཁོར་ལེགས་པར་གཟིགས་ཤིག །ཅེས་བསྒོ། །སླར་ཡང་དཀྱིལ་འཁོར་ལྟ་བར་བསྐུལ་བ་ནི། །ཐར་པ་ཆེན་པོའ་གྲོང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་ཧེ་རུ་ཀ །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ཀྱང་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །དམ་ཚིག་ཐམས་ཅད་བསྐྱངས་པ་དང་། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་ལ། དེའང་འདི་ན་དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་བཞུགས་ཏེ། ཕྱི་རོལ་རྡོ་རྗེའི་
༢༧༨རྭ་བ་གུར་མེ་རི་དང་བཅས་པའི་བསྲུང་བའི་འཁོར་ལོའ་ནང་དུ་དུར་ཁྲོད་བརྒྱད། དེ་དག་ལ་གནས་པའི་ཤིང་བརྒྱད། ཤིང་གི་རྩ་བ་ལ་གནས་པའི་ཕྱོགས་སྐྱོང་བརྒྱད། སྟེང་གི་ནམ་མཁའ་ལ་གནས་པའི་སྤྲིན་བརྒྱད། དེ་དག་ལ་གནས་པའི་ཀླུ་བརྒྱད། ཤིང་གི་ཡལ་ག་ལ་གནས་པའི་ཞིང་སྐྱོང་བརྒྱད། གཞན་ཡང་ཆུ་བརྒྱད། མེ་བརྒྱད། །མཆོད་རྟེན་བརྒྱད། གྲུབ་པ་ཐོབ་པའི་དཔའ་བོ་དང་། རྣལ་འབྱོར་མ་དང་། འདྲེ་དང་། སྲིན་པོ་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་དང་། རོ་དང་རོ་ལངས་ལ་སོགས་པས་ཡོངས་སུ་གང་བའི་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་ནང་དུ་ཆོས་འབྱུང་གི་ནང་དུ་ཚུད་པའི་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཐར་པ་ཆེན་པོའ་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། ནང་ནས་རིམ་པ་བཞིན་ནག་པོ། ལྗང་གུ། དམར་པོ། སེར་པོ། དཀར་པོའ་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་རིན་པོ་ཆེའི་མདའ་ཡབ་དང་པུ་ཤུས་བརྒྱན་པ། རྩིག་པའི་ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་སྟེང་དུ་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་བརྒྱན་པ། སྒོ་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་རི་དྭགས་དང་བཅས་པ། གཞན་ཡང་གོས་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་།
༢༧༩ཕྲེང་བ་དང་། ཟླ་བ་རླུང་གིས་བསྐྱོད་པ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་བརྒྱན་པའི་གཞལ་ཡས་ཁང་གི་ནང་གི་ལྷ་རྣམས། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་དབུས་སུ་སྡོང་བུ་དང་བཅས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཚངས་པ་ལ་སོགས་པ་བདུད་བཞིའི་གདན་དང་། འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་དཀར་པོ། ནུབ་ཏུ་ཉེ་དབང་སྔོན་པོ། བྱང་དུ་དྲག་པོ་ནག་པོ། བྱང་ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་ནོར་བདག་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ། ནུབ་བྱང་དུ་ཐག་ཟངས་རིས་དུད་ཀ་རྣམས་འགྱེལ་ཞིང་གདོང་གྱེན་དུ་ཕྱོགས་པའི་གདན་དང་བཅས་པ་རྣམས་ནི་རྟེན་གཞལ་ཡས་ཁང་པ་ཡིན་ལ། བརྟེན་པ་ལྷ་ནི་ཤར་དུ་གཽ་རཱི་ནག་མོ་གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་འཛིན་པ། ལྷོར་ཙཽ་རཱི་དམར་མོ་གཡས་ཅང་ཏེའུ། གཡོན་ཕག་པ་འཛིན་པ། ནུབ་ཏུ་བེ་ཏཱ་ལཱི་སེར་མོ་གཡས་རུས་སྦལ། གཡོན་ཐོད་པ་འཛིན་པ། བྱང་དུ་གྷསྨ་རཱི་ལྗང་གུ་གཡས་སྦྲུལ། གཡོན་ཐོད་པ་འཛིན་པ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ་གཡས་སེང་གེ་གཡོན་དགྲ་སྟྭ་འཛིན་པ། ཤར་ལྷོར་རི་ཁྲོད་མ་དཀར་མོ་གཡས་དགེ་སློང་། གཡོན་གསིལ་བྱེད་འཛིན་པ། ལྷོ་ནུབ་ཏུ་གདོལ་པ་མོ་སྔོ་དམར་གཡས་འཁོར་ལོ། །གཡོན་ཐོང་གཤོལ་འཛིན་པ། ནུབ་བྱང་དུ་གཡུང་མོ་ཁ་དོག་སྣ་ཚོགས་པ། གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ་སྟེ་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ། བཅོམ་ལྡན་འདས་སྙིང་པོ་ཀྱཻ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད། ཕྱག་བཅུ་དྲུག་པ། ཞབས་བཞི་པ།
༢༨༠རྩ་བའི་ཞལ་སྔོན་པོ། གཡས་དཀར། གཡོན་དམར། སྟེང་ཞལ་དུད་ཀ་ཞལ་ལྷག་མ་གཉིས་གཉིས་གནག་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་བཞི་བཞི་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཡོན་གྱི་དང་པོ་ན་སའི་ལྷ་སེར་པོ། དེ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་སེར་པོ། ལྔ་པ་ན་རྔ་མོང་ཐལ་ཀ །དྲུག་པ་ན་མི་དམར་པོ། བདུན་པ་ན་ཤ་ར་བྷ་སྔོན་པོ། བརྒྱད་པ་ན་བྱི་བླ་གྭ་པ། གཡོན་གྱི་གཉིས་པ་ན་ཆུའི་ལྷ་དཀར་པོ། གསུམ་པ་ན་མེའི་ལྷ་དམར་པོ། བཞི་པ་ན་རླུང་གི་ལྷ་ལྗང་གུ། ལྔ་པ་ན་ཟླ་བའི་ལྷ་དཀར་པོ། དྲུག་པ་ན་ཉི་མའི་ལྷ་དམར་པོ། བདུན་པ་ན་གཤིན་རྗེ་སྔོན་པོ། བརྒྱད་པ་ན་ནོར་འཛིན་སེར་པོ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཡས་གཉིས་བརྐྱངས་པའི་བརླ་ལ་གཡོན་གཉིས་བསྐུམ་པའི་སོར་མོ་རྣམས་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། །སྒེག་ཅིང་དཔའ་བ་མི་སྡུག་པ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་སེར་པོ་གྱེན་དུ་བརྫེས་པ། གཡས་གྲི་གུག །གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་
༢༨༡དང་ལྡན་པ། ཞབས་གཡོན་བརྐྱངས་ཤིང་གཡས་བསྐུམ་པས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེ་ལྟར་ན་ལྷག་པའི་ལྷའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མཐོང་ངོ་སྙམ་པའི་དགའ་བའི་བློས་སློབ་དཔོན་གྱི་ཞབས་ལ་ཕྱག་བྱས་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། ༀ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ༀ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དེ་རིང་བདག་གིས་མཐོང་། །ༀ་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོཿཧོཿཧོཿ། ཞེས་པ་རྣམས་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་ཡིན། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་རྡོ་རྗེ་སློབ་མའི་དབང་དང་སློབ་དཔོན་གྱི་དབང་གཉིས་ཀྱི་དང་པོ་ལ། མཎྜལ་དབུལ་ཞིང་གསོལ་བ་གདབ། །ལྷར་བསྐྱེད་བྱུར་བསལ་ཤིས་པ་བརྗོད། །ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་དང་བརྟུལ་ཞུགས་སྦྱིན། །སྤྲོ་ན་སྔགས་ཀྱི་བཟླས་ལུང་སྦྱིན། །ཞེས་པ་ལྟར་ལས། དང་པོ་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་པས་གསོལ་བ་བཏབ་སྟེ། སྔོན་འགྲོ་བྱུར་བསལ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་གྲུ་བཞི་པ། སྒོ་བཞི་པ་རྟ་བབས་བཞིས་མཛེས་པ་འདོད་སྣམ་ཕ་གུ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་ལ་སོགས་
༢༨༢པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་མ་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་བཅོམ་ལྡན་འདས་སྙིང་པོ་ཀྱཻ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་རྡོ་རྗེ་བདག་མེད་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེའི་གཡས་གཡོན་དུ་སྦྱང་བའི་ཡོ་བྱད་རྣམས་དང་། སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་ཀུན་ཏུ་དུང་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པའི་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པར་གྱུར། དེ་ཉིད་ལ་ཆུ་བཞིས་སྦྱང་བ་བྱས་པའི་མོས་པ་མཛོད། ༀ་ནཱི་རཱི་ཧཱུྃ་ཁཾ་སྭཱ་ཧཱ། ༀ་བཛྲ་ནི་ཝི་ཏི་ཧཱུྃ་ཁཾ་སྭཱ་ཧཱ། ༀ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ༀ་ཨཱརྒྷཾ་པྲ་ཏཱི་ཙྪ་ཧཱུྃ།ཞེས་པས་སྦྱངས་ཏེ། ཁྱེད་རང་རྣམས་ཀྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྡིག་པའི་ས་བོན་ཀཾ་ཡིག་གི་རྣམ་པས་སྣ་སྒོར་ཐོན་ནས་མདུན་གྱི་ཏིལ་ལ་ཐིམ། སློབ་དཔོན་གྱི་ཐུགས་ཀ་ནས་ཧེ་རུ་ཀ་ཞིག་བྱེ་བ་ལས་ཀྱི་རྡོ་རྗེ་དང་ཐ་མི་དད་པར་གྱུར་ནས་ཁྱེད་རང་རྣམས་ཀྱི་སྡིག་སྒྲིབ་ཀྱི་ངོ་བོར་གྱུར་པའི་ཏིལ་དེ་གཡས་སུ་ཡེ་ཤེས་ཀྱི་མེས་བསྲེགས། གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བའི་མོས་པ་མཛོད། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ། བཛྲ་ས་ཏྭ་སྱ། སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་དང་ཆུས་ཀྱང་སྦྱངས་པའི་མོས་པ་མཛོད། ༀ་ཧཱུྃ་ཌ་ཌི་ཏ་ཕཊ། རྡོ་རྗེ་སློབ་མ་རྣམས་ཀྱི་བྱུར་དང་སྐལ་པ་ངན་པ་དང་། བཀྲ་མི་ཤིས་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །ཅེས་པས་བྱུར་བསལ་ནས། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པས་རྣམ་པར་རྒྱལ་བའི་བུམ་པ་ཐོགས་ནས་བཀྲ་ཤིས་ཀྱི་ཆོ་ག་བྱས་པའི་མོས་པ་མཛོད། ཕུན་སུམ་ཚོགས་འཛིན་གསེར་གྱི་རི་བོ་ལྟ་བུའི་མདོག །འཇིག་རྟེན་གསུམ་མགོན་དྲི་མ་གསུམ་
༢༨༣ནི་རབ་ཏུ་སྤངས། །སངས་རྒྱས་ཆུ་སྐྱེས་འདབ་རྒྱས་ལྟ་བུའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །དམ་ཆོས་རབ་མཆོག་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འཇིག་རྟེན་བཀྲ་ཤིས་གཉིས་པ་དེང་འདིར་ཁྱོད་ལ་ཤོག །དམ་པའི་ཆོས་དང་ལྡན་ཞིང་ཐོས་པའི་བཀྲ་ཤིས་ཕྱུག །དགེ་འདུན་ལྷ་དང་ལྷ་མ་ཡིན་དང་མིས་མཆོད་པ། །ངོ་ཚ་དཔལ་གནས་ཚོགས་ཀྱི་ནང་ན་རབ་ཀྱི་མཆོག །འཇིག་རྟེན་བཀྲ་ཤིས་གསུམ་པ་དེང་འདིར་ཁྱོད་ལ་ཤོག །དགའ་ལྡན་ལྷ་ཡི་གཞལ་མེད་ཁང་ནི་སྙིང་པོར་བཅས། །འགྲོ་ལ་ཕན་ཕྱིར་འདིར་གཤེགས་དབང་པོར་བཅས་པའི་ལྷ། །རྗེས་སུ་འབྲང་བ་དེ་བཞིན་གཤེགས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །འདབ་གསར་འཚེར་བའི་མེ་ཏོག་ཆར་འབབ་ལུམྦཱིའི་ཚལ། །མང་པོ་ལྷ་ཡིས་བསྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པའི་མཐར་གྱུར་པ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །སྣ་ཚོགས་སྐྱོན་རྣམས་རྣམ་པར་གཞོམ་པར་བྱ་བའི་ཕྱིར། །དགེས་བས་དཀའ་ཐུབ་ཚལ་དུ་ནམ་ཕྱེད་མངོན་པར་བྱུང་། །དབང་བཅས་ལྷ་རྣམས་རྗེས་སུ་འབྲང་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ཆུ་བོའ་འགྲམ་དུ་མཆོད་ཡོན་ཕྲེང་བས་ཡོངས་སུ་བསྐོར། །ཞི་ཕྱིར་ངོ་མཚར་གྱུར་པ་སྲིད་པ་དག་བྱེད་པ། །ཀླུ་ཡི་རྒྱལ་པོས་ལེགས་པར་བསྟོད་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །གྲོང་ཁྱེར་མཆོག་གྱུར་སེར་སྐྱ་ཞེས་ནི་བྱ་བ་དེར། །རྨད་དུ་གྲགས་པ་ཆེན་པོའ་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་སྒྲུབ་དེ་བཞིན་
༢༨༤གཤེགས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །སེམས་ཅན་ཐམས་ཅད་ལ་ནི་ཕན་ཕྱིར་བྱང་ཆུབ་པ། །དམ་ཆོས་རིན་ཆེན་ཚོགས་ནི་ཐུབ་པ་ལས་བྱུང་བ། །སེམས་ཅན་དོན་བསྒྲུབ་རབ་རྒྱས་བརྩོན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །རབ་ཏུ་འོད་འབར་གསེར་མདོག་ལྟ་བུའི་སྐུ་མངའ་བ། །བཻ་ཌཱུ་མདོག་ལྟ་བུའི་རྩ་གདན་སྟེང་དུ་བཞུགས། །སྐྱིལ་ཀྲུང་ལེགས་བཅས་མི་གཡོ་སྐུ་མངའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ཤིང་གི་རྒྱལ་པོའ་རྩ་བར་བཅོམ་ལྡན་བྱམས་སྟོབས་ཀྱིས། །བདུད་ཚོགས་ཀུན་ལས་རྣམ་པར་རྒྱལ་ཚེ་ས་དང་མཁར། །རྣམ་པ་སྣ་ཚོགས་ངོ་མཚར་གྱུར་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ཝཱ་ར་ཎཱ་སིར་བཞུགས་ནས་བདེ་བར་གཤེགས་སྟོན་པས། །ས་དང་མཁའ་ལ་ངོ་མཚར་ཤིན་ཏུ་གསལ་བྱུང་བ། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་མཆོད་ཕྱིར་ཐོགས། །བསོད་ནམས་བྱ་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཐུབ་པ་ཤཱཀྱ་སེང་གེས་གང་གསུངས་པའི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །རྡོ་རྗེ་སློབ་མ་རྣམས་ཀྱི་སྤང་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །དེ་རྣམས་ཀྱིས་དབང་བསྐུར་བའི་སྔོན་དུ་འགྲོ་བའི་ཆོ་ག་རྣམས་གྲུབ་ནས། དངོས་གཞི་དབང་བསྐུར་བ་ལ་འདི་ལྟར་ངེས་པར་བྱ་སྟེ། དོན་དམ་ལྷན་ཅིག་སྐྱེས་པའི་རང་བཞིན་འོད་གསལ་ཆེན་པོས་སྐྱེ་འགྲོ་ཐམས་ཅད་ལ་ཁྱབ་པར་བཞུགས་ནའང་། ཀུན་རྫོབ་བག་ཆགས་འཁྲུལ་པའི་དབང་གིས་ང་དང་ང་ཡིར་བཟུང་
༢༨༥བ་ལ་བརྟེན་ནས་བྱུང་བའི་ཕུང་ཁམས་སྐྱེ་མཆེད་དུ་སྣང་བ་མ་འགགས་ཀྱི་བར་དུ་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པས་འཁོར་འདས་ཀྱི་གཞི་སེམས་ཉིད་ཀུན་ཏུ་སྦྱང་བར་བྱ་དགོས་ཤིང་། དེ་སྦྱངས་པས་ཕྱི་རོལ་ཕུང་སོགས་ཀྱི་ཆོས་ལྟར་སྣང་བ་རྣམས་རང་གི་ངང་གིས་ལྷག་པའི་ལྷར་འགྱུར་ཏེ། རང་སེམས་དག་མ་དག་ཏུ་སྣང་བ་ལས་གཞན་པའི་རང་ལ་འཁོར་འདས་འཆིང་གྲོལ་དུ་སྣང་བ་མེད་པས་སོ། །དེས་ན་སེམས་ཉིད་རང་བཞིན་ལྷན་ཅིག་སྐྱེས་པ་དོན་གྱི་སྡོམ་པར་ངེས་པའི་ཤེས་པ་བརྟན་པོ་དང་ལྡན་པའི་སྒོ་ནས་དབང་དོན་དག་བྱ་དག་བྱེད་ངོ་འཕྲོད་པ་གལ་ཆེ་སྟེ། ཆོས་རྗེ་ས་སྐྱ་པཎྜི་ཏས། དབང་བསྐུར་ཆོས་སྒོ་ཙམ་མ་ཡིན། །གསང་སྔགས་རྟེན་འབྲེལ་ལམ་བྱེད་པས། །རྟེན་འབྲེལ་བསྒྲིགས་པའི་གདམས་ངག་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བོན་བཏབ་ནས་ནི། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་བཏགས། །ཞེས་འཚང་རྒྱ་བའི་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་དབང་བཞི་སྒོ་ནས་སྒྲིགས་དགོས་པར་གསུངས་ཤིང་། དེ་ཡང་སྦྱང་གཞི་རང་བཞིན་གྱིས་དག་པ་ལ་དག་པར་ཤེས་པའི་ཤེས་རབ་དང་ལྡན་པའི་སྒོ་ནས་ཀུན་རྫོབ་ཏུ་མ་དག་པར་སྣང་བ་རྣམས་ལྷ་སོ་སོའ་དག་པས་སྦྱང་དགོས་ལ། དེས་གྲོལ་བར་འགྱུར་རམ་ཞེ་ན། རང་སེམས་འཁྲུལ་པའི་ངོ་བོར་མ་དག་པར་སྣང་བ་དེ་ཉིད་སྔགས་ཀྱིས་སྦྱངས་ཏེ་རང་རིག་པའི་ཡེ་ཤེས་སུ་ཤེས་པར་བྱས་ནས་ལྷར་བསྒོམ་པས་གྲོལ་ཏེ། རང་བཞིན་ཀྱིས་དག་པའི་ཕྱིར་སྦྱོང་དུ་རུང་ཞིང་གློ་བུར་གྱི་དྲི་མ་དག་པའི་ཕྱིར་སྦྱང་དགོས་ལ། རང་བཞིན་རྣམ་དག་གི་ཆ་དེ་གློ་བུར་དྲི་བྲལ་དུ་ཞེན་ནས་ཞུགས་པས་ཞེན་པས་འཇུག་ཅིང་འབྲེལ་བས་མི་བསླུ་བའི་ཕྱིར་ཐབས་དེས་གྲོལ་བར་འགྱུར་ཏེ། དེའང་སྦྱོངས་གཞི་རགས་པ་ཕུང་ཁམས་སྐྱེ་
༢༨༦མཆེད་དུ་སྣང་བའི་ཆོས་སུམ་ཅུ་རྩ་གཉིས། སྦྱང་བྱ་དེ་རྣམས་ལ་ཐ་མལ་དུ་འཛིན་པའི་རྣམ་རྟོག་རགས་པ་སུམ་ཅུ་རྩ་གཉིས། སྦྱོང་བྱེད་གདན་གསུམ་ཚང་བའི་ལྷ་སུམ་ཅུ་རྩ་གཉིས། སྦྱོང་ཚུལ་སྦྱོང་གཞིའི་ཆོས་སུ་སྣང་བ་དེ་སྦྱོང་བྱེད་ལྷའམ་ཡེ་ཤེས་སུ་ཁ་དོག་བསྒྱུར་ཏེ་བསྒོམས་པས་སྦྱངས་འབྲས་གདན་གསུམ་ཚང་བའི་ལྷ་སུམ་ཅུ་རྩ་གཉིས་སུ་འགྱུར་བ་ཡིན། དེ་ལ་གདན་གསུམ་གྱི་འགྲོ་ལྡོག་ཤེས་དགོས་པས་གདན་གསུམ་ནི། དེ་བཞིན་གཤེགས་པ་དང་གཤེགས་མའི་གདན། བྱང་ཆུབ་སེམས་དཔའ་དང་སེམས་མའི་གདན། ཁྲོ་བོ་དང་ཁྲོ་མོའ་གདན་རྣམས་ཏེ་གསུམ་ཡིན་ལ། དེ་ཡང་འོག་ཏུ་སྤྱན་འདྲེན་པར་འགྱུར་བའི་ནམ་མཁའི་དཀྱིལ་འཁོར་ལ་གདན་གསུམ་དངོས་སུ་ཚང་། མདུན་བསྐྱེད་སློབ་དཔོན་དང་དབང་རྫས་ལྷར་བསྐྱེད་པ་དང་། བསྐྱེད་འགྱུར་རྣམས་ལ་གདན་གསུམ་རྣམ་དག་གི་སྒོ་ནས་ཚང་། དེ་བཞི་ཀའང་སློབ་མའི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བར་བྱིན་གྱིས་རློབ་པའི་ཆ་ནས་གདན་གསུམ་ཕྲིན་ལས་ཀྱི་སྒོ་ནས་ཚང་ཞིང་། སློབ་མ་ལྷར་བསྐྱེད་པར་འགྱུར་པ་ལ་གདན་གསུམ་རྣམ་དག་གི་ཚུལ་གྱིས་ཚང་བར་ཤེས་ཤིང་སྒོམ་པ་དང་ལྡན་པའི་སྒོ་ནས་དབང་ལེན་དགོས་པས་འདི་རྣམས་ལ་གོ་བརྙེད་པ་གལ་ཆེ། ཆོ་ག་དངོས་ལ་རང་གི་ལྷག་པའི་ལྷའི་རྟེན་ལ་དེ་བཞིན་གཤེགས་པ་རིགས་ལྔའི་དབང་བསྐུར་བ་དང་། རྡོ་རྗེ་འཆང་ཆེན་པོའ་རྟེན་ལ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་དབང་གཉིས་ཀྱི་དང་པོ་ལ་རིག་པའི་དབང་ལྔ་པོ་རེ་རེའང་འཁོར་གསུམ་ཡོངས་སུ་དག་པ་བཞིས་བྱིན་གྱིས་བརླབ་པའམ། ཡང་ན་མི་བསྐྱོད་པ་ལ་འཁོར་གསུམ་ཡོངས་སུ་དག་པ་བཞིས་བྱིན་གྱིས་བརླབས་ནས་ཅོད་པཎ་གྱི་དབང་མན་ལ་སློབ་མ་དང་དབང་རྫས་ཀྱི་དམིགས་པ་འཕོ་ཞིང་། སློབ་དཔོན་མི་བསྐྱོད་པའི་རྣལ་འབྱོར་ཁོ་ནས་ཀྱང་
༢༨༧རུང་བར་བཞེད་ལ། ཕྱག་ལེན་ཕལ་ཆེར་འདི་ལ་མཛད་པས་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱིས། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་ཿསྭ་བྷཱ་ཝ་ཤུདྡྷོ་྅་ཧཾ། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ཕུང་པོ་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་རྡོ་རྗེ་སློབ་དཔོན་དང་བཅས་པ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་གསུམ་ཀའང་མི་བསྐྱོད་པ་ཀྱཻ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་གླང་པོ་ཆེ་རྟ་བོང་བུ་གླང་རྔ་མོ་མི་ཤར་བྷ་བྱི་བླ། གཡོན་པ་རྣམས་ན་སའི་ལྷ་ཆུའི་ལྷ་མེའི་ལྷ་རླུང་གི་ལྷ་ཟླ་བའི་ལྷ་ཉི་མའི་ལྷ་གཤིན་རྗེ་ནོར་སྦྱིན་རྣམས་འཛིན་པ། སྤྱི་བོར་རྡོ་རྗེ་ནག་པོས་མཚན་པ། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཁ་ལ་འདོད་ཆགས་རྡོ་རྗེ་མ། ལུས་ལ་ཕྲག་དོག་རྡོ་རྗེ་མ། ཡིད་ལ་བདག་མེད་རྣལ་འབྱོར་མ། སྤྱི་བོར་སྐུ་རྡོ་རྗེ་མ། མགྲིན་པར་གསུང་རྡོ་རྗེ་མ། ཐུགས་ཀར་ཐུགས་རྡོ་རྗེ་མ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་ཐིམ། ཛཿཧཱུྃ་བཾ་ཧོཿ དབང་རྫས་ལྷར་བསྐྱེད་པ་ལ་ཐིམ། ཛཿཧཱུྃ་བཾ་ཧོཿ སློབ་དཔོན་ལ་ཐིམ་སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མོ་དྲུག །ཁྲོ་བོ་བཅུ་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས།
༢༨༨དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་དང་དབང་རྫས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲཱིར་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་སློབ་དཔོན་དང་དབང་རྫས་ཀྱི་ལྷའི་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་ཞུ་བ་ལས་བྱུང་བའི་དབང་རྫས་རྣམ་རྒྱལ་བུམ་པའི་ཆུར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་རྣམས་དང་སློབ་དཔོན་ལྷན་ཅིག་ཏུ་མི་བསྐྱོད་པའི་རང་བཞིན་ཅན་གྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་གདན་གསུམ་ཚང་བ་རེ་ཐོགས་ཏེ་ཁྱེད་རང་རྣམས་མི་བསྐྱོད་པར་གསལ་བའི་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པ་དང་བཅས་ཏེ་དབང་བསྐུར་བས། དབང་གི་ཆུ་རྒྱུན་དེས་སྨིན་མཚམས་ཡན་ཆད་གང་། བུམ་པའི་དབང་ཐོབ། མགྲིན་པ་ཡན་ཆད་གང་གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་ཤེས་
༢༨༩རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་མཆོག་ཏུ་བདེ་བ་ཆེན་པོ་བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པའི་མོས་པ་མཛོད། དེ་ལ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་མོས་པ་མཛོད། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ༀ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ༀ་བཛྲ་གནྡྷེ་ཨཱཿཧཱུྃ། ༀ་བཛྲ་ནཻ་ཝེདྱེ་ཨཱཿཧཱུྃ། ཞེས་པས་མཆོད་ནས། དེ་ལྟར་ན་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །འོག་མ་རྣམས་ལ་སློབ་དཔོན་ལྷར་བསྐྱེད་པ་དང་དབང་ལྷ་སྤྱན་དྲངས་པ་དོར་ནས་ལྷ་དང་དབང་རྫས་གོ་བསྒྱུར་བ་མ་གཏོགས་ཆོ་གའི་འགྲོས་འདི་ཉིད་སྦྱར་བར་བྱ་བ་ཡིན་པས། རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས།ཁྱེད་རང་རྣམས་ཀྱི་ཚོར་བའི་ཕུང་པོ་དང་དབང་རྫས་དབུ་རྒྱན་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཨཱཾ་ལས་རིན་པོ་ཆེ་ཨཱོཾཿགིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་གཉིས་ཀའང་རིན་ཆེན་འབྱུང་ལྡན་ཀྱཻ་རྡོ་རྗེ་སྐུ་མདོག་སེར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་བྱ་ཀ་རནྡ། དུར་པ། ལུག །བྱེའུ་ཙ་ཀོ་ར། བྱེ་ཁྲ། ཧོར་ཁྲ། འོལ་བ། ཉ་ཁྲ། གཡོན་པ་རྣམས་ན་སྟོབས་ཀྱི་རྒྱུ། དུང་སྐྱོང་། རིགས་ལྡན། པདྨ། པདྨ་ཆེན་པོ། འཇོག་པོ། ནོར་རྒྱས། མཐའ་ཡས་རྣམས་འཛིན་པ། སྤྱི་བོར་རིན་པོ་ཆེ་སེར་པོ་ཟུར་བརྒྱད་པས་མཚན་པ། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་
༢༩༠ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་སོགས་ནས།ཐུགས་ཀའི་ༀ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རིན་ཆེན་འབྱུང་ལྡན་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་ཐིམ། ཛཿཧཱུྃ་བཾ་ཧོཿ དབང་རྫས་ལྷར་བསྐྱེད་པ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་རྫས་ལ་རྣམ་རྒྱལ་བུམ་ཆུ་འཐོར་བ་ཐོག་མ་ཀུན་ལ་འགྲེ། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དབང་རྫས་ཀྱི་ལྷའི་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྙོམས་པར་ཞུགས་ཞུ་བ་ལས་བྱུང་བའི་དབང་རྫས་དབུ་རྒྱན་དུ་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་སླད་དུ་ནམ་མཁར་བཞུགས་པའི་དབང་གྱི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཅན་གྱི་ཅོད་པན་གདན་གསུམ་ཚང་བ་རེ་ཐོགས་ནས་ཁྱེད་རང་རྣམས་རིན་ཆེན་འབྱུང་ལྡན་དུ་གསལ་བའི་སྤྱི་བོར་བཅིངས་ནས་དབང་བསྐུར་བའི་མོས་པ་མཛོད། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རིན་ཆེན་དབང་བསྐུར་ཆེན་པོ་སྦྱིན། །ༀ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི། བཛྲ་རཱ་ག་ཏ་བཛྲ་ཤ་ལི་ཧོཿ དེ་ཉིད་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛད། རྣམ་རྒྱལ་བུམ་ཆུ་སྤྱི་བོར་འཐོར་བ་འོག་མ་ཀུན་ལ་འགྲེ། ༀ་བཛྲཱིར་
༢༩༡བྷ་ཝ་ཨཱབྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པའི་མོས་པ་མཛོད། དེ་ལ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི། ༀ་བཛྲ་པུཥྤེ་སོགས་ནས་ནཻ་ཝིདྱ་ཨཱཿཧཱུྃ། ཞེས་པ་མཆོད་ནས། དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །འོད་དཔག་མེད་རྡོ་རྗེའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་འདུ་ཤེས་ཀྱི་ཕུང་པོ་དང་དབང་རྫས་རྡོ་རྗེ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཛྲཱིཾ་ལས་པདྨ་ཛྲིཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་གཉིས་ཀའང་འོད་དཔག་མེད་ཀྱཻ་རྡོ་རྗེ་སྐུ་མདོག་དམར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་དོམ། བྱ་རྒོད། བསེ། བ་མེན། སྟག །སྤྲེའུ། ཆུ་སྲིན་ན་ཀྲ། ཅེ་སྤྱང་། གཡོན་པ་རྣམས་ན་ཁྭ། འུག་པ། བྱ་དཀར། ནེ་ཙོ། སེང་གེ །ས་ར་ས། ཀྲྀཥྞ་ས་རི། ཕག་རྣམས་འཛིན་པ། སྤྱི་བོར་པདྨ་དམར་པོས་མཚན་པ། ཡུམ་གོས་དཀར་མོ་དམར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་སོགས་ནས། ཐུགས་ཀའི་ཛྲཱིཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འོད་དཔག་མེད་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་ཐིམ། ཛཿཧཱུྃ་བཾ་ཧོཿ
༢༩༢དབང་རྫས་ལྷར་བསྐྱེད་པ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དབང་རྫས་ཀྱི་ལྷའི་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། དབང་རྫས་ཀྱི་འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་སླད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་སློབ་དཔོན་ལྷན་ཅིག་པས་འོད་དཔག་མེད་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་གདན་གསུམ་ཚང་བ་དེ་ཐོགས་ཏེ་ཁྱེད་རང་རྣམས་འོད་དཔག་མེད་དུ་གསལ་བའི་ཕྱག་གཡས་སུ་བྱིན་ནས་དབང་བསྐུར་བའི་མོས་པ་མཛོད། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་པས་ལག་གཡས་སུ་རྡོ་རྗེ་སྦྱིན། དེ་ཉིད་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་སྤྱི་བོར་དབང་བསྐུར་བའི་མོས་པ་མཛོད། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། དེ་ལ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི། པུཥྤེ་སོགས། དེ་ལྟར་ན་འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ། འདོད་ཆགས་དག་འདུ་ཤེས་ཀྱི་ཕུང་པོ་
༢༩༣གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་འདུ་བྱེད་ཀྱི་ཕུང་པོ་དང་དབང་རྫས་དྲིལ་བུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་གཉིས་ཀའང་དོན་ཡོད་གྲུབ་པ་ཀྱཻ་རྡོ་རྗེ་སྐུ་མདོག་ལྗང་གུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་གཟའ་ལྷག་པ། ཕུར་བུ། འཇུག་རིངས། སྒྲ་གཅན། མིག་དམར། པ་སངས། སྤེན་པ། ཁྱབ་འཇུག །གཡོན་པ་རྣམས་ན་དབང་པོ། ཚངས་པ། དྲག་པོ། བདུད་སྡིག་ཅན། ཁྱབ་འཇུག་གི་བུ་མོ་གཤོལ་མདའ་འཛིན། ལྷ་རྒྱལ་བ་དམ་པ། ཐག་ཟངས་རིས། ལྷ་མ་ཡིན་སྟོབས་ལྡན་རྣམས་འཛིན་པ། སྤྱི་བོར་རལ་གྲི་དཀར་པོས་མཚན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་ཞེས་སོགས་ནས། ཐུགས་ཀའི་ཁཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དོན་ཡོད་གྲུབ་པ་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་ཐིམ། ཛཿཧཱུྃ་བཾ་ཧོཿ དབང་རྫས་ལྷར་བསྐྱེད་པ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དབང་རྫས་ཀྱི་ལྷའི་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་
༢༩༤ཡོད་གྲུབ་པས་དབུར་བརྒྱན། དབང་རྫས་ཀྱི་དོན་ཡོད་གྲུབ་པ་ཡབ་ཡུམ་སྙོམས་པར་ཞུགས་ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་སླད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་སློབ་དཔོན་ལྷན་ཅིག་པས་དོན་ཡོད་གྲུབ་པའི་རང་བཞིན་ཅན་གྱི་དྲིལ་བུ་གདན་གསུམ་ཚང་བ་རེ་ཁྱེད་རང་རྣམས་དོན་ཡོད་གྲུབ་པར་གསལ་བའི་ཕྱག་གཡོན་དུ་བྱིན་ནས་དབང་བསྐུར་བའི་མོས་པ་མཛོད། ༀ་བཛྲཱི་ཨ་དྷི་པ་ཏི་སྟཱཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་སྟྭཾ་ཞེས་པས་དྲིལ་བུ་ལག་པ་གཡོན་དུ་སྦྱིན། དེ་ཉིད་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་དབང་བསྐུར་བའི་མོས་པ་མཛོད། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན། དེ་ལ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི། པུཥྤེ་སོགས། དེ་ལྟར་ན་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །རྣམ་པར་སྣང་མཛད་མིང་གི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་གཟུགས་ཀྱི་ཕུང་པོ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་བྷྲཱུཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱཻ་རྡོ་རྗེ་སྐུ་མདོག་
༢༩༥དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་རྨ་བྱ། མ་ཧེ། ཆུ་སྲིན་མ་ཀ་ར། ཉ་རོ་ཧི་ཏ། རུས་སྦལ། འོག་གི་ཀླུ། ངང་སྐྱ། རི་བོང་། གཡོན་པ་རྣམས་ན་སྦལ་བ་ཐུའུ། སྤྲིན་ཤུགས། སྦྲུལ་ཧ་ལ། རྩངས་པ་ནག་པོ། བྱི་བ། གཡག །གླ་བ། བྱ་བཞད་རྣམས་འཛིན་པ། སྤྱི་བོར་འཁོར་ལོ་དཀར་པོས་མཚན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་ཞེས་སོགས་ནས། ཐུགས་ཀའི་བྷྲཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པས་ཁྱེད་རང་རྣམས་ལ་ཐིམ། འདིར་དབང་རྫས་ལྷར་བསྒྲུབ་པ་མེད་པས་ཁྱེད་རྣམས་ཡན་ལག་བཞི་པར་བསྒྲུབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་རྣམས་དང་སློབ་དཔོན་ལྷན་ཅིག་པས་རྣམ་སྣང་གི་རང་བཞིན་ཅན་གྱི་མིང་གདན་གསུམ་ཚང་བ་རེ་མེ་ཏོག་གང་ལས་ཕོག་པའི་ལྷ་ལས་དྲངས་ཏེ་བཏགས་པའི་མོས་པ་མཛོད། ༀ་བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་ཞེས་དྲི། གསང་མཚན་མེད་ན་གསར་དུ་བཏགས་ཏེ།དེ་ཡང་སྐྱེས་པ་ལ། བཞད་པའི་རྡོ་རྗེ་སྒེག་པའི་རྡོ་རྗེ་དང་། །རོལ་པའི་རྡོ་རྗེ་ཨ་ལ་ལ་རྡོ་རྗེ། །ཤིན་ཏུ་དགའ་བའི་མྱུ་གུའི་རྡོ་རྗེ་དང་། །ཞེ་སྡང་རྡོ་རྗེ་རྡོ་རྗེ་སེམས་དཔའ་དང་། །རྣམ་སྣང་ཆེན་པོའ་རྡོ་རྗེ་ཀྱཻ་རྡོ་རྗེ། །ཞེས་སོགས་དང་། བུད་མེད་ལ། རྡོ་རྗེ་སྙེམས་མ་རྡོ་རྗེ་མཚོན་ཆ་
༢༩༦མ། །རྡོ་རྗེ་བདག་མེད་ཨེ་མ་ཧོ་བདེ་མ། །རྡོ་རྗེ་སྒེག་མ་ལ་སོགས་གང་རིགས་གདགས། །དེ་ཉིད་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་དབང་བསྐུར་པའི་མོས་པ་མཛོད། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། དེ་ལ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི། པུཥྤེ་སོགས། དེ་ལྟར་ན་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། །རྣམ་པར་སྣང་མཛད་ཀྱི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དབང་དེ་རྣམས་ཀྱི་དོན་ནི། དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྙོགས་མེད་དག །སངས་རྒྱས་ཡེ་ཤེས་བལྟ་བར་གྱིས། །ཞེས་གསུངས་ཏེ། དེའང་དངོས་པོ་ཏེ་ཆོས་ཅན་གྱི་སྣང་བ་གང་དང་གང་སྣང་བ་ནི་གཙོ་དེ་རང་གི་ལྷག་པའི་ལྷ་ཡིན་ལ། ལྷ་དེའང་གློ་བུར་དུ་བྱས་པས་མ་ཡིན་གྱི་ཆོས་ཐམས་ཅད་རང་བཞིན་གྱིས་རྙོག་པ་དང་བྲལ་བའི་ཕྱིར་གདོད་མ་ནས་ལྷར་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མ་རྣམས་ཆོ་ག་འདིས་བསལ་བར་བྱེད་པས། དེང་ཕྱིན་ཆད་དེ་དག་ལ་ཐ་མལ་དུ་འཛིན་པའི་རྣམ་རྟོག་ཐམས་ཅད་སྤངས་ནས་སངས་རྒྱས་ཀྱི་ཡེ་ཤེས་སུ་ལྟ་བར་གྱིས་ཤིག །དེ་དག་གིས་ནི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ལྔ་རིག་པ་ཡེ་ཤེས་ལྔར་སྒྱུར་བར་བྱེད་པས་རིག་པའི་དབང་ངམ། རིག་མ་སྤྱན་མ་ལ་སོགས་པའི་ཐབས་རིག་པ་ཡབ་ལྔའི་ལས་ཡིན་པས་རིག་པའི་དབང་ཞེས་བྱ་བ་ཡིན། དེ་རྣམས་ཀྱིས་ཆོས་ཅན་གྱི་སྣང་བ་ཐམས་
༢༩༧ཅད་ལྷར་བྱིན་གྱིས་བརླབས་ནས་དེ་དག་གི་ཆོས་ཉིད་དྲུག་པ་རྡོ་རྗེ་སེམས་དཔའ་ངོ་སྤྲོད་དེ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པ་བརྟུལ་ཞུགས་ཀྱི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་ཕུང་པོ་ལྔའི་ཆོས་ཉིད་ལ་ཐ་མལ་དུ་འཛིན་པའི་རྣམ་རྟོག་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་གི་ཕུང་པོ་ལྔའི་ཆོས་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། །ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་གླང་པོ་ཆེ། རྟ། བོང་བུ། གླང་། རྔ་མོང་། མི། ཤ་ར་བྷ། བྱི་ལ། གཡོན་པ་རྣམས་ན་སའི་ལྷ། ཆུའི་ལྷ། མེའི་ལྷ། རླུང་གི་ལྷ། ཟླ་བའི་ལྷ། ཉི་མའི་ལྷ། གཤིན་རྗེ། ནོར་སྦྱིན་རྣམས་འཛིན་པ། སྤྱི་བོར་རྡོ་རྗེ་ནག་པོས་མཚན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་ཞེས་སོགས་ནས།ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་ཐིམ། སློབ་དཔོན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དེ་ཉིད་ལ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་རྡོ་རྗེ་སེམས་
༢༩༨དཔའ་ཡབ་ཡུམ། སྟེང་གི་རྭ་ལྔ་ལ་རྣམ་སྣང་ལ་སོགས་པའི་རིགས་ལྔ། དེའི་འོག་གི་པདྨ་འདབ་མ་བརྒྱད་ལ་སྤྱན་རས་གཟིགས་ལ་སོགས་པའི་བྱང་སེམས་བརྒྱད། འོག་གི་རྭ་ལྔ་ལ་ཡེ་ཤེས་མཁའ་འགྲོ་ལ་སོགས་པའི་མཁའ་འགྲོ་མ་ལྔ། དེའི་འོག་གི་པད་འདབ་བརྒྱད་ལ་ལྕགས་ཀྱུ་མ་ལ་སོགས་པའི་ལྷ་མོ་བརྒྱད་དེ་ལྷ་ཉི་ཤུ་རྩ་བརྒྱད་ཀྱི་རང་བཞིན་དུ་གྱུར་པ་ཁྱེད་རང་རྣམས་ཀྱི་ཕྱག་གཡས་པར་བརྟུལ་ཞུགས་ཀྱི་དབང་གི་སླད་དུ་བྱིན་པའི་མོས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་དེ། རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧཱིཿཧི་ཧི་ཧི་ཧི་ཧཱུྃ། ཞེས་པའི་སྒོ་ནས་བྱིན་པའི་རྡོ་རྗེ་དེ་གསོལ་ཏེ་སྙིང་གར་བཟུང་སྟེ། དེང་ཕྱིན་ཆད་ཐ་མལ་པའི་སྤྱོད་པ་ཐུལ་ལ། རྡོ་རྗེ་འཆང་ཆེན་པོའ་སྐུ་གསུང་ཐུགས་ཀྱི་རང་བཞིན་ལ་ཞུགས་པར་གྱིས་ཤིག །དེ་ལྟར་ན་རིག་པའི་དབང་ལྔ་ཐོབ་པས་བྱ་སྤྱོད་ཀྱི་ཆུ་ཅོད་པན་རྡོ་རྗེ་དྲིལ་བུ་མིང་སྟེ་ལྔ་ལས། ཐོབ་བྱེད་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་རིགས་ལྔའི་སྡོམ་པ་ཐོབ་པས་བྱ་སྤྱོད་ཀྱི་རྒྱུད་འཆད་པ་དང་ཉན་པ་ལ་དབང་བའི་དབང་ཐོབ་ཅིང་། དེའི་སྟེང་དུ་ཐ་མལ་པའི་ལུས་ངག་ཡིད་གསུམ་བརྟུལ་ནས་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་པར་བྱེད་པ་བརྟུལ་ཞུགས་ཀྱི་དབང་ཐོབ་པས་རྣལ་འབྱོར་རྒྱུད་ཀྱི་སློབ་མའི་དབང་ལས་ཐོབ་བྱེད་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་བླ་མེད་ཀྱི་རྡོ་རྗེ་སློབ་མའི་དབང་ཐོབ་པས་རིགས་ལྔ་སྤྱི་དང་སོ་སོའ་དམ་ཚིག་བསྲུང་བ་ལ་དབང་བར་བྱས་ཤིང་རྣལ་འབྱོར་གྱི་རྒྱུད་འཆད་པ་ལ་མི་དབང་ཡང་ཉན་པ་ལ་དབང་བ་དང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནས་བཤད་པའི་ལས་ཚོགས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །དེ་བས་ན་ཁྱེད་རྣམས་མེ་ཏོག་གང་ལ་ཕོག་
༢༩༩པའི་ལྷའི་བསྒོམ་བཟླས་ལ་བརྩོན་པར་གྱིས་ཤིག །དེས་སངས་རྒྱས་ཐམས་ཅད་བཟླས་པས་མཉེས་པར་འགྱུར་བས་ཁྱེད་རྣམས་ཀྱི་དམན་པ་དང་འབྲིང་གི་དངོས་གྲུབ་གང་འདོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་བསྒོམས་ལ་སྤྲོ་ན། རྩ་སྔགས་ཀྱི་བཟླས་ལུང་སྦྱིན་ནོ། །དེ་ལྟར་ཐུན་མོང་གི་དབང་དྲུག་གིས་ཁྱེད་རང་རྣམས་ཀྱི་རགས་པ་ཕུང་ཁམས་སྐྱེ་མཆེད་དེ་བཞིན་ཉིད་དང་བཅས་པ་ལྷར་བྱིན་གྱིས་བརླབས་ནས་ཕྲ་བ་དཀྱིལ་འཁོར་བཞི་སྐུ་བཞིར་བྱིན་གྱིས་རློབ་བར་བྱེད་པ་ཐུན་མོང་མ་ཡིན་པའི་དབང་བཞིའི་དང་པོ་ཕྱིར་མི་ལྡོག་པ་འཁོར་ལོའ་དབང་ལ། ཡོན་ཕུལ་གསོལ་གདབ་དབང་སྟེགས་བཞག །དམ་ཚིག་གསུམ་སྦྱིན་ཆུ་དབང་བསྐུར། །རབ་གནས་མཆོད་དང་རྣམ་བཞག་བསྟན། །སྒེག་སོགས་མིག་ཐུར་མེ་ལོང་དང་། །དྲིལ་བུ་མདའ་གཞུ་ཡང་མེ་ལོང་། །ཆོས་བཤད་སྤྲུལ་བཤད་རྟོགས་པ་བསྐྱེད། །ཅེས་པ་ལྟར་ལས། དང་པོ་ཕྱིར་མི་ལྡོག་པ་སློབ་དཔོན་གྱི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། མི་ལྡོག་འཁོར་ལོའ་དབང་བསྐུར་བ། །མགོན་པོས་བདག་ལ་སྩལ་ནས་ཀྱང་། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་ཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པའང་བླ་ན་མེད་པ་སྩོལ། །ཞེས་གསོལ་བ་བཏབ་ནས། སློབ་མ་དབང་སྟེགས་ཀྱི་སྟེང་དུ་བཞག །དེ་མེད་ན་ཁྱེད་རང་རྣམས་གོང་དུ་བཤད་པའི་དབང་སྟེགས་ཀྱི་སྟེང་དུ་ལྷར་བསྐྱེད་མ་ཐག་པའི་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་འཁོད་པའི་མོས་པ་མཛོད། དེའི་སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་ཀུན་ཏུ་དུང་དང་། འཕན་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པའི་
༣༠༠མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པར་གྱུར།ཞེས་བརྗོད། དེ་ཉིད་ལ་དམ་ཚིག་གསུམ་རིམ་གྱིས་སྦྱིན་དགོས་པ་ལས། ཐོག་མར་རྡོ་རྗེ་ཐུགས་ཀྱི་དམ་ཚིག་གི་སླད་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་བཤད་མ་ཐག་པའི་ལྷ་ཉི་ཤུ་རྩ་བརྒྱད་ཀྱི་རང་བཞིན་ཅན་དེ་ཁྱེད་རང་རྣམས་ཀྱི་ཕྱག་གཡས་སུ་བྱིན་པའི་མོས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧཱིཿཧི་ཧི་ཧི་ཧི་ཧཱུྃ་ཞེས་པས་སྦྱིན་པའི་རྡོ་རྗེ་དེ་གསོར་ཏེ་སྙིང་གར་འགྱིང་བ་དང་བཅས་པས་བཟུང་ནས་རྡོ་རྗེའི་དེ་ཁོ་ན་ཉིད་ལ་ཐུགས་གཏོད་པར་ཞུ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སེམས་མའི་བདག་པོའ་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའ་སྐྱེས་བུ་ལའོ། །ༀ་མ་ཧཱ་བཛྲ་ཧཱུྃ་ཞེས་གསུངས་ཏེ། དེའི་དོན་ནི། ཀྱཻ་རྡོ་རྗེ་འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་རིག་སྟོང་དབྱེར་མེད་ཀྱི་ངོ་བོ་མཚོན་པར་བྱེད་པ་ཡིན་ལ། རང་གི་སེམས་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ངེས་དོན་གྱི་རྡོ་རྗེ་ཡིན་ནོ་སྙམ་དུ་མོས་པ་མཛོད། དྲིལ་བུ་གསུང་གི་དམ་ཚིག་གི་སླད་དུ་ཨ་ལས་བྱུང་བའི་དྲིལ་བུ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བུམ་པའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡབ་དང་བཅས་པ། སྟེང་གི་རྭ་ལྔ་ལ་རིགས་ལྔ། རྭའི་འོག་གི་པད་འདབ་བརྒྱད་ལ་བྱང་སེམས་བརྒྱད་ཁོག་པའི་སྟེང་གི་ཨུཏྤལ་ལ་སྒྲོལ་མ་ལ་སོགས་པ་བརྒྱད་དང་བཅས་པའི་ལྷ་ཉི་ཤུ་རྩ་གསུམ་གྱི་རང་བཞིན་དེ་
༣༠༡ཁྱེད་རང་རྣམས་ཀྱི་ཕྱག་གཡོན་དུ་བྱིན་པའི་མོས་པ་མཛོད། འདི་ནི་རྣལ་འབྱོར་མ་ཀུན་གྱི། །དྲིལ་བུའི་སྒྲ་ཀུན་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་པའི་སྒོ་ནས་བྱིན་པའི་དྲིལ་བུ་དེ་ཉིད་དཀུ་གཡོན་པར་ཁ་གྱེན་དུ་བསྟན་ནས་བཟུང་སྟེ། དྲིལ་བུའི་དེ་ཁོ་ན་ཉིད་ལ་ཐུགས་གཏོད་པར་ཞུ། ཨཿསྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ༀ་བཛྲ་གྷཎྜེ་ཨཿ། ཞེས་གསུངས་ཏེ། དེའི་དོན་ནི། ཀྱཻ་དྲིལ་བུ་འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་སྐྱེ་འགག་གནས་གསུམ་གྱིས་སྟོང་པ་མཚོན་པར་བྱེད་པ་ཡིན་ལ། རང་གི་ངག་སྲིད་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོན་པར་བྱེད་པའི་ངེས་དོན་གྱི་དྲིལ་བུ་ཡིན་ནོ་སྙམ་དུ་མོས་པ་མཛོད། ཕྱག་རྒྱ་སྐུའི་དམ་ཚིག་གི་སླད་དུ་ཁྱེད་རང་རྣམས་བཅོམ་ལྡན་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་ཐོད་པ་འཛིན་པ། ལོ་གྲངས་བཅུ་དྲུག་ལོན་པ་དང་མཉམ་པར་སྦྱོར་བའི་སྐུར་གྱུར་པའི་མོས་པ་མཛོད། དེའི་མིག་སོགས་ནས།སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ། དེ་ཉིད་ལ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞི་བྱིན་པའི་མོས་པ་མཛོད། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་
༣༠༢བརྗོད། །ཅེས་དང་། རྗེས་སུ་གནང་བ་མདོར་བསྡུས་པའི་སྒོ་ནས་བྱིན་པའི་མོས་པ་མཛོད། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བརྗོད་ནས། ཕྱག་རྒྱའི་དེ་ཁོ་ན་ཉིད་རྒྱས་པར་བརྗོད་པ་ནི། ཁྱེད་རང་རྣམས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བའི་ཕྱག་རྒྱས་བཟུང་སྟེ་ཤེས་རབ་མ་ལོ་གྲངས་བཅུ་དྲུག་ལོན་པ་ལྟ་བུ་དེ་དང་ནུ་མ་ལ་སོགས་པ་ཕན་ཚུན་རེག་པའི་བདེ་བ་ཉམས་སུ་མྱོང་བ་ལ་བརྟེན་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་ཐམས་ཅད་ཁྱབ་པར་གྱུར་པ་ཡིན་སྙམ་དུ་མོས་པ་མཛོད། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་ཁྱོད་ཀྱིས་ལོངས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པ་ནི་བསྟེན་བཞིན་དུ། །རང་གི་ལྷག་པའི་ལྷ་སྦྱོར་བས། །བདག་དང་གཞན་ལ་མཆོད་པར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱའི་དམ་ཚིག་ཅེས་སུ་གྲགས། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་གསུངས་ཏེ། དེའི་དོན་ནི་ཐ་མལ་པའི་བདེ་བ་ནི་མ་དག་པའོ། །སྲིད་པའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་རང་གི་ལྷག་པའི་ལྷའི་རྣལ་འབྱོར་བྱ་སྟེ་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ལོངས་སྤྱོད་ཅིག །ཐམས་ཅད་ལ་མཆོད་པ་གྱིས་ཤིག །འདིས་རྡོ་རྗེ་འཆང་ཆེན་པོ་ཁ་སྦྱོར་གྱི་སྐུ་ཐོབ་པ་ལས་མི་འདའོ། །དེ་བས་ཏིང་ངེ་འཛིན་འདི་ལ་གནས་པར་གྱིས་ཤིག་ཅེས་པའི་དོན་ཡིན། འོག་ཏུ་མཆོད་པ་རྒྱས་པས་མཆོད་པ་མ་བྱུང་གི་བར་དུ་ཕྱག་རྒྱ་དང་ཏིང་ངེ་འཛིན་དེ་ཉིད་ལས་མ་གཡོས་པ་མཛོད། དེ་ཉིད་བརྟན་པའི་ཕྱིར་དུ་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པའི་ཡོ་
༣༠༣བྱད་སྣ་ཚོགས་པ་དང་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པ་དང་བཅས་ཏེ་དབང་བསྐུར་བས། དབང་གི་ཆུ་རྒྱུན་དེས་སྨིན་མཚམས་ཡན་ཆད་གང་བུམ་པའི་དབང་ཐོབ། མགྲིན་པ་ཡན་ཆད་གང་གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་མཆོག་ཏུ་བདེ་བ་ཆེན་པོ་བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པའི་མོས་པ་མཛོད། དེ་ཉིད་ལ་སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་སློབ་དཔོན་ལྷན་ཅིག་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་རབ་ཏུ་གནས་པ་བྱས་པའི་མོས་པ་མཛོད། ༀ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་པས་རབ་ཏུ་གནས་པར་བྱས་ཏེ། དེ་ཉིད་ལ་མངའ་དབུལ་གྱི་སླད་དུ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་རྒྱས་པས་མཆོད་པའི་མོས་པ་མཛོད། ༀ་བཛྲ་པུཥྤེ་སོགས་ནས་ནཻ་ཝིདྱ་ཨཱཿཧཱུྃ། དེ་ལྟར་ན་ཁྱེད་རང་རྣམས་ལ་རྡོ་རྗེ་འཆང་ཆེན་པོའ་དབང་བསྐུར་བ་འདིས་ཁྱོད་ཀྱི་ཕུང་
༣༠༤པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དྲི་མ་ཐམས་ཅད་དག་པར་བྱས་པ་ཡིན་པས་བདེ་ཐམས་ཅད་རང་གི་སེམས་སུ་འདུ་ལ་སེམས་དེ་ཉིད་མི་བསྐྱོད་པའི་རང་བཞིན་རྡོ་རྗེ་སེམས་དཔའ་ཡིན་པས་རང་གི་སེམས་རྣམ་པར་དག་པ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་ཏེ། དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཡིད་ཀྱི་དཀྱིལ་འཁོར་དམ་པ་ཉིད། །གཞལ་མེད་ཁང་ཞེས་བཤད་པ་ནི། །སེམས་ནི་གཞལ་མེད་ཁང་བརྩེགས་ཉིད། །དེ་ཡི་ཕྱི་རོལ་གྲུ་བཞི་ནི། །མཉམ་པ་ཉིད་ཀྱི་རང་བཞིན་ནོ། །གང་ཞིག་བྱམས་པ་ལ་སོགས་སེམས། །ཐིག་སྐུད་བཞིར་ནི་བཤད་པའོ། །རྡོ་རྗེའི་ཐིག་ཏུ་གང་བཤད་པ། །ཆོས་ནི་རྗེས་སུ་དྲན་པའོ། །ལྟ་བ་ཀུན་ལས་རྣམ་གྲོལ་བ། །ཡེ་ཤེས་ཐིག་ཏུ་བཤད་པ་ཡིན། །རྒྱན་གང་ཡང་དག་བཤད་པ་ནི། །ཚུལ་ཁྲིམས་སོགས་ཀྱི་སྡོམ་པའོ། །དབང་པོ་ལྔ་སོགས་སེམས་གང་ཡིན། །ར་བ་ལྔར་ནི་འབྱུང་བ་ཉིད། །གང་ཞིག་སྒོ་ཞེས་བཤད་པ་ནི། །རྣམ་པར་ཐར་པ་རྣམ་པ་བཞི། །རྟ་བབས་ཀ་བ་བཞི་པོ་ནི། །ཡང་དག་སྤོང་བ་བཞི་ཞེས་བརྗོད། །དྲན་པ་ཉེར་བཞག་བཞི་པོ་ནི། །ཁ་ཁྱེར་བཞིར་ནི་བརྗོད་པ་ཉིད། །སྒོ་ཁྱུད་བཞི་ནི་གང་ཡིན་པ། །རྫུ་འཕྲུལ་རྐང་པ་རྣམ་པ་བཞི། །དེ་བཞིན་མེ་ཏོག་ཕྲེང་བརྒྱན་པ། །བྱང་ཆུབ་ཡན་ལག་བདུན་པོ་ཡིན། །འཕགས་ལམ་ཡན་ལག་བརྒྱད་པོ་ནི། །ཀ་བ་བརྒྱད་པོ་ཞེས་བརྗོད་དོ། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཏུ་ནི་རབ་ཏུ་གྲགས། །གང་ཞིག་དོ་ཤལ་བཤད་པ་ནི། །ཉོན་མོངས་ཐམས་ཅད་གཅོད་པ་སྟེ། །ཀུན་ཏུ་གཅོད་པའི་ངོ་བོ་ཡིན། །ཉོན་མོངས་འཕྲོག་པས་དྲྭ་བ་ཉིད། །ཚོགས་གཉིས་དག་པའི་སྦྱོར་བ་ཡིས། །འཁོར་ལོ་བསྐོར་བ་གང་ཡིན་པ། །ཉོན་མོངས་ཕྱེད་
༣༠༥ནི་གཅོད་པས་ན། །དོ་ཤལ་ཕྱེད་པ་ཉིད་དུ་བརྗོད། །དེ་བས་ན་སེམས་ཉིད་ནི་བྱང་ཕྱོགས་སོ་བདུན་གྱི་ངོ་བོ་གཞལ་ཡས་ཁང་པ་ཡིན་ལ། སེམས་ལ་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དུ་མར་སྣང་བ་ནི་གདན་གསུམ་ཚང་བའི་ལྷ་ཡིན་ཏེ། དེ་ཡང་ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པའི་གདན། འབྱུང་བ་བཞི་ནི་རིག་མའི་གདན། ནང་གི་སྐྱེ་མཆེད་ནི་བྱང་ཆུབ་སེམས་དཔའི་གདན། ཕྱིའི་སྐྱེ་མཆེད་ནི་ལྷ་མོའ་གདན། །ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་ཟད་པར་བྱེད་པ་ནི་ཁྲོ་བོ་དང་ཁྲོ་མོའ་གདན་ཡིན་ནོ། །ཞེས་པས་དཀྱིལ་འཁོར་དང་ལྷའི་རྣམ་བཞག་བསྟན་ནས། རྣམ་བཞག་རྟོགས་པའི་སློབ་མ་ལ་རྗེས་སུ་གནང་བ་རྣམས་རིམ་པ་བཞིན་དུ་སྒྲུབ་དགོས་པ་ལས། ཐོག་མར་ལྷ་མཆོད་པའི་རྗེས་སུ་གནང་བ་ནི་སྒེག་སོགས་བརྒྱད་ཀྱི་ཕྱག་རྒྱ་རྣམས་མཛད་པར་ཞུ། གར་སྒོར་སྔོན་དུ་འགྲོ་བས་རྡོ་རྗེ་ཁུ་ཚུར་གཉིས་དཀུ་གཡས་གཡོན་དུ་བཞག་སྟེ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་ལ་རྣམ་རོལ་ཞིང་། །རྡོ་རྗེ་སྙེམས་མའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། །ཨཱཿདེ་བཞིན་དུ་ཁུ་ཚུར་གཉིས་ཁ་འགྲམ་གཡས་གཡོན་དུ་བཞག་སྟེ། སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ༀ། ཁུ་ཚུར་གཉིས་ཁ་ནས་ཚིག་འབྱིན་པ་ལྟར་བྱས་ཏེ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡི་བདེ་གཤེགས་དངོས་གྲུབ་ནི། །མྱུར་ཏུ་བདེ་བ་མྱོང་བར་འགྱུར། །གཱི། རྡོ་རྗེ་ཐལ་མོ་སྤྱི་བོར་བསྐོར་བའི་གར་བྱས་ཏེ། དེ་ཉིད་ཐལ་མོའ་གར་གྱིས་ནི། །སངས་རྒྱས་
༣༠༦ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་སྒྱུར་བར་གྱིས། །ཧོཿ བདུག་སྤོས་ཀྱི་ཕྱག་རྒྱ་དང་། རྫོགས་སངས་རྒྱས་ལ་སྤོས་འབུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམས་པར་གྱིས། །ཧཱུྃ། མེ་ཏོག་གི་ཕྱག་རྒྱ་དང་། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུཾ། མར་མེའི་ཕྱག་རྒྱ་དང་། ཆོས་ཀྱི་མེ་ནི་ལེགས་སྦར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མས་གསལ་བར་གྱིས། །པྲ་གཡོན་པས་དུང་ཆོས་འཛིན་ཅིང་གཡས་པས་དྲི་བཟང་བྱུག་པའི་ཚུལ་དང་།རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོམ། །ག༔་དེང་ཕྱིན་ཆད་ལུས་ཀྱི་སྒོ་ནས་སྒེག་པ་དང་། ངག་གི་སྒོ་ནས་གླུ་ལེན་པ་ལ་སོགས་པ་སྤྱོད་ལམ་ཅི་བྱེད་པ་ཐམས་ཅད་མི་དགེ་བ་དང་ལུང་མ་བསྟན་མ་ཡིན་པར་ལྷ་མཆོད་པའི་བསམ་པས་ཟིན་པར་གྱིས་ཤིག །སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ནི། མིག་གྲུར་རམ་རྡོ་རྗེ་ལ། ༀ་ཨཱཥྚཱ་ན་ནཱ་ཡ། པིངྒ་ལོརྡྷཱ་ཀེ་ཤ་ཝརྟྨ་ནེ། ཙ་ཏུརྦིངྴ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷཱུ་ཛཱ་ཡ། ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷཱ་ཏི་ཎི། ཨདྷྨཱཏ་ཀྲཱུ་ར་ཙིཏྟཱ་ཡ། དཾཥྚཱི་ཎེ། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ། གརྫྫཡ། ཏརྫྫཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ཎ། །བྷནྡྷ་བྷནྡྷ། ནཱ་གཱཥྚ་ཀཱན། གྲྀཧྞ་གྲྀཧྞ། ཤ་ཏྲཱུན། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧེ་ཧོ་ཧོ་ཧཾ་ཧཿཕཊ་སྭཱ་ཧཱ། ཞེས་པའི་རྩ་སྔགས་ཀྱིས་མངོན་པར་བསྔགས་པའི་པྲཾ་ལས་བྱུང་
༣༠༧བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་ཐུར་མའམ་ཧཱུྃ་ལས་བྱུང་བའི་ཡེ་ཤེས་ཀྱི་རྡོ་རྗེས་ཁྱེད་རང་རྣམས་ཀྱི་མིག་གི་ཐད་ཀར་བྱུགས་པས་མ་རིག་པའི་ལིང་ཏོག་བསལ་ནས་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་དང་ལྡན་པར་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཔྲཾ་ཞེས་པས་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་དང་ལྡན་པར་བྱས་ནས་ཆོས་ཅན་གྱི་སྣང་བ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཤེས་པའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་ཤེས་པའི་སླད་དུ་ཨ་ལས་སྐྱེས་པའི་མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་མེ་ལོང་དང་པོའ་རྗེས་གནང་སྦྱིན་ནས། དེ་ལྟར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་དུ་མར་སྣང་ཡང་དྲིལ་བུའི་སྒྲ་ཁོག་པ་དང་ལྕེ་དང་སྐྱེས་བུའི་རྩོལ་བ་གསུམ་གང་ལས་བྱུང་དཔྱད་ན་མི་རྙེད་པས་རང་བཞིན་གྱིས་སྟོང་པ་ལྟར་ཆོས་ཉིད་སྐྱེ་འགགས་གནས་གསུམ་གྱིས་སྟོང་པ་ནམ་མཁའི་མཚན་ཉིད་ཅན་དེ་ཤེས་པའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་ཤེས་པའི་སླད་དུ་དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་སྦྱིན་ཏེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་
༣༠༨དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཤེས་པར་བྱས་ནས། གནས་ལུགས་རྟོགས་པའི་ཤེས་རབ་དང་ལྡན་ཡང་ཐབས་མཁས་ཀྱི་ཁྱད་པར་དང་བྲལ་ན་ཉན་རང་གི་སར་ལྟུང་བར་འགྱུར་བས་རང་དོན་ཡིད་ལ་བྱེད་པའི་བསམ་པ་བཅོམ་དགོས་སོ་ཞེས་ཤེས་པའི་སླད་དུ། ཧོཿདེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག་ཅེས་པས། ཧོཿལས་སྐྱེས་པའི་མདའ་གཞུ་སྦྱིན་ཏེ་ཐབས་ཀྱི་མདའ་དྲུག་ཤེས་རབ་ཀྱི་གཞུ་ལ་བཀང་ནས་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་འཕངས་པས་རང་དོན་ཡིད་བྱེད་ཀྱི་བསམ་པ་བཅོམ་པའི་མོས་པ་མཛོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱའོ་ཞེས་གསུང་ཞིག །གནས་ལུགས་རྟོགས་པའི་ཤེས་རབ་དེའང་ཐོས་བསམ་ལས་བྱུང་བའི་ཤེས་རབ་ལྟར་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཙམ་མ་ཡིན་གྱི། དབང་གི་ཡེ་ཤེས་རྡོ་རྗེ་སེམས་དཔའ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྣང་ལ་རང་བཞིན་མེད་པ་རང་གི་སྙིང་ལ་ཞུགས་པ་ཡིན་ནོ་ཞེས་ཤེས་པའི་ཆེད་དུ་མེ་ལོང་རྡོ་རྗེ་དང་བཅས་པའི་རྗེས་སུ་གནང་བ་ནི། ༀ་བཛྲ་ས་ཏྭ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པས་ཤེས་པར་གྱིས་ཤིག་ཅེས་པ་རྣམས་སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ཡིན། ཆོས་བཤད་པའི་རྗེས་གནང་ནི། ༀ་བཛྲ་ཧེ་ཏུ་མཱཾ་ཞེས་པས་ཞབས་ཀྱི་འོག་ཏུ་འཁོར་ལོ་བྱིན་ཏེ་སེམས་ཅན་འཁོར་བ་ནས་དྲོངས་ཤིག་ཅེས་པའི་དོན་ཡིན། འདྲེན་ལུགས་
༣༠༩ཇི་ལྟར་བྱེད་ན་ༀ་བཛྲ་བྷཱ་ཥ་རཾ་ཞེས་པས་ཕྱག་གཡས་སུ་དུང་བྱིན་ཏེ། དུང་བུས་ལ་སེམས་ཅན་འཁོར་དུ་སྡུས་ཤིག་ཅེས་པའི་དོན་ཡིན། ཚུལ་ཇི་ལྟར་ན་བཛྲ་གྷཎྜེ་ཨཿ ཞེས་པས་ཕྱག་གཡོན་དུ་དྲིལ་བུ་བྱིན་ཏེ་ཆོས་ཀྱི་སྒྲ་སྒྲོགས་ཤིག་ཅེས་པའི་དོན་ཡིན། ཆོས་གང་གིས་ན་ཨཿ ཞེས་པས་རྒྱུད་ཀྱི་གླེགས་བམ་བྱིན་ཏེ་ཆོས་འདིའི་སྒྲ་སྒྲོགས་པར་གྱིས་ཤིག་ཅེས་པའི་དོན་ཡིན་པས་དེ་ལྟར་ངེས་པའི་སྒོ་ནས་དུང་འབུད་པ་དང་དྲིལ་བུ་འཁྲོལ་བ་དང་གླེགས་བམ་ཀློག་པའི་ཚུལ་མཛོད། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་རྟག་ཏུ་སྲུང་བ་མཛད། །ཅེས་པས་སྤྱིར་བཏང་ཆོས་བཤད་པའི་རྗེས་གནང་བྱིན་ནས། ཆོས་བཤད་པ་དེའང་དེ་བཞིན་གཤེགས་པ་རིགས་ལྔ་དང་འབྲེལ་བའི་རྡོ་རྗེ་ཐེག་པའི་ཆོས་སྟོན་དགོས་སོ་ཞེས་ཤེས་པའི་ཆེད་དུ་རིགས་ལྔའི་སྤྲུལ་བཤད་ཀྱི་རྗེས་སུ་གནང་བ་ནི། རིགས་ལྔ་སོ་སོའ་ང་རྒྱལ་དང་ལྡན་པས་ཕྱག་རྒྱ་རྣམས་ཀྱང་སློབ་དཔོན་ལ་གཟིགས་ནས་མཛད་པར་ཞུ། སེམས་ཅན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་པའི་ཚེ་རྣམ་སྣང་དང་། དེ་བཞིན་དུ་ཚིག་རྐང་དང་པོ་གསུམ་འདྲ་བ་ལས། རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་དང་མི་བསྐྱོད་པ། རིན་ཆེན་འཁོར་
༣༡༠ལོ་རབ་ཏུ་བསྐོར། །ཞེས་དང་རིན་ཆེན་འབྱུང་ལྡན། པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་དང་འོད་དཔག་མེད། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། །ཞེས་དང་དོན་གྲུབ་ཀྱི་ཕྱག་རྒྱ་བྱས་ལ། དེ་ལྟར་ན་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ། །རྡོ་རྗེའི་འཁོར་ལོ། །རིན་ཆེན་འཁོར་ལོ། །པདྨའི་འཁོར་ལོ། སྣ་ཚོགས་འཁོར་ལོ་རྣམས་བསྐོར་ལ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་དུང་བུས། སྒྲ་སྒྲོགས། བཤད་པ་གྱིས་ཤིག་ཅེས་པའི་དོན་ཡིན། དེ་ལྟར་ན་བསྐྱེད་པ་རྡུལ་ཚོན་ནམ། རས་བྲིས་གང་ཡིན་སྐབས་དང་སྦྱར་ལ།དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་གཙོ་བོར་ལུས་ཀྱི་དྲི་མ་དག །དམ་ཚིག་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས་བསྲུང་བ་ལ་དབང་བར་བྱས། བརྡ་ལྔ་བསྡུས་རྩེ་མོས་མནན་པ། ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་བསྐྱེད་བྱའོ། །གསང་དབང་གི་སྡོམ་ནི། །མཎྜལ་བསྟོད་དང་གསོལ་བ་གདབ། །དབང་བསྐུར་ལུང་བསྟན་རྟོགས་པ་བསྐྱེད། །ཅེས་པ་ལྟར་ལས། ཐོག་མར་གསང་དབང་ཞུ་བའི་སླད་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཞིག་ཀྱང་སློབ་དཔོན་ལ་ཕུལ་བའི་མོས་པ་བྱས་ཏེ་བསྟོད་པ་འདིའི་རྗེས་ཟློས་མཛོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་མཆོག་བརྙེས་པ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པ་རྡོ་རྗེ་བསྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགེས། །ཞེས་པས་བསྟོད་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་
༣༡༡གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང་། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་གསོལ་བ་བཏབ་ནས། སྔོན་ཆད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་མཚོན་བྱེད་དུ་ༀ་ཨཱཿཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འཆིང་བར་ཞུ། དམིགས་པ་འདི་བཞིན་མཛོད། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཡབ་ཀྱི་ཞལ་དུ་ཞུགས་ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་ལམ་ནས་ཡུམ་གྱི་མཁར་བབས་པའི་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་སློབ་དཔོན་ཉིད་ཀྱི་མཐེབ་སྲིན་གྱིས་བླངས་ཏེ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་བའི་དབང་གི་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཞེས་པས་བྱིན་པའི་བདུད་རྩི་དེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ཏེ་ༀ་ཨཱཿཧཱུྃ་ཧོཿཞེས་གསུང་ཞིང་མྱང་བར་ཞུ། དེ་ལྟར་མྱངས་པས་མགྲིན་པ་ན་གཞིར་གནས་ཀྱི་ཡ་ར་ལ་ཝ་ཞེས་པའི་ཡི་གེ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་དམ་ཚིག་པའི་ཚུལ་དུ་གནས་པ་ལ། སློབ་དཔོན་གྱིས་བྱིན་པའི་བྱང་ཆུབ་ཀྱི་སེམས་གདན་གསུམ་ཚང་བ་དེ་ཉིད་ཡེ་ཤེས་པའི་ཚུལ་དུ་འདྲེས་པས་སྣང་མཆེད་ཐོབ་གསུམ་གྱི་འཁོར་དུ་བྱུང་བའི་རང་བཞིན་བརྒྱད་ཅུའི་རྟོག་པ་རགས་པ་རྣམས་འགགས་ནས་སྟོང་པ་དང་ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོའ་ཉམས་
༣༡༢སྐྱེས་ཏེ་སྣང་བ་གསུམ་གྱི་རང་བཞིན་སྟོང་པ་གསུམ་རོ་གཅིག་ཏུ་གྱུར་པ་གསལ་ཞིང་ཡངས་ལ་མི་རྟོག་པ་རང་བྱུང་གི་ཡེ་ཤེས་སྟོང་གསལ་མཆོག་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། དེ་གསང་དབང་གི་དངོས་གཞི་ཡིན། དབང་དེ་ཐོབ་པའི་བརྡར་ༀ་ཨཱཿཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འགྲོལ་བར་ཞུ། དེའི་མཐའ་རྟེན་དུ་ལུང་བསྟན་པ་ནི། ལུང་ཕལ་ཆེར་སྤྲུལ་སྐུས་སྟོན་པ། སྐབས་འདིར་སློབ་དཔོན་ཤཱཀྱ་ཐུབ་པའི་ང་རྒྱལ་དུ་བསྒྱུར་ནས་ལག་པ་གཡོན་པས་ཆོས་གོས་ཀྱི་གྲྭ་རི་དྭགས་བག་ཕེབས་པའི་རྣ་བ་ལྟར་འཛིན་ཅིང་། གཡས་རྡོ་རྗེ་དྲིལ་བུ་དང་བཅས་པའི་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཁྱེད་རང་རྣམས་ཀྱི་གསང་མཚན་དང་མཐུན་པའི་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་དཀྱིལ་འཁོར་པ་དང་བཅས་པས་མགྲིན་གཅིག་ཏུ་ལུང་བསྟན་པའི་མོས་པ་མཛོད། ༀ་འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ། ས་འོག་ས་སྟེང་ས་བླ་རྣམས་སུ་བྷུརྦྷུ་ཝཿསྭཿ ཞེས་ངས་ལུང་བསྟན་པ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་དེ་སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་པའི་སྒོ་ནས་ལུང་བསྟན་པས་དེ་ལྟར་དུ་འགྱུར་ངེས་སྙམ་པའི་དགའ་བ་བསྐྱེད་མཛོད། དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །དམ་ཚིག་ཤ་ལྔ་དང་བདུད་རྩི་ལྔའི་རིལ་བུ་བསྟེན་པ་ལ་དབང་བར་
༣༡༣བྱས། བརྡ་མཐེབ་སྲིན་ཨེ་ལ་རིག་བྱེད་གཅིག །ལམ་བདག་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་བསྐྱེད་བྱ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྡོམ་ནི། མཎྜལ་གཏོད་གསོལ་རིག་མ་གཏད། །དྲིས་ལན་སོགས་བྱ་དབང་དངོས་བསྐུར། །དབུགས་དབྱུང་སྦྱིན་ལ་རྟོགས་པ་བསྐྱེད། །ཅེས་པ་ལྟར་ལས། ཐོག་མར་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་བསྟོད་པ་དང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཁྱོད་ནི་སོགས་ནས་བདག་ལ་སྐྱོབས་ཞེས་པའི་བར་གསང་དབང་བཞིན། ཞེས་པས་གསོལ་བ་བཏབ་ནས། སྔོན་ཆད་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་མ་མཐོང་བའི་མཚོན་བྱེད་དུ་ༀ་ཨཱཿཧཱུྃ་ཞེས་པས་མིག་རས་འཆིང་བར་ཞུ། དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་མཚན་ཉིད་དང་ལྡན་པའི་རིག་མ་ཡིད་དུ་འོང་བ་ལང་ཚོ་ལ་བབས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་སྤྲུལ་སྟེ་ཁྱེད་རང་རྣམས་ལ་གཏད་པའི་མོས་པ་མཛོད། །དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་གྱིས། །ཞེས་པའི་སྒོ་ནས་བྱིན་པའི་ཕྱག་རྒྱ་དེས་ཁྱེད་རྣམས་གསང་བའི་ཀུན་དུ་སྤྱོད་པ་རྣམས་ཀྱི་སྣོད་དང་མི་ལྡན་པ་བརྟག་པའི་ཕྱིར་དྲི་བ་བྱས་པའི་མོས་པ་མཛོད། བཤང་གཅི་དག་ནི་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་དང་། །བྷ་གའི་པདྨར་འོ་བྱེད་པར། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །ཞེས་དྲིས་པས་དེ་ལྟར་སྤྲོ་ཞེས་ལན་
༣༡༤བཏབ་པའི་མོས་པ་བྱས་ནས་འདིའི་རྗེས་ཟློས་མཛོད། བཤང་གཅི་དག་ནི་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་ཅིས་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་དང་། །བྷ་གའི་པདྨར་འོ་བྱེད་པར། །བདག་ཉིད་ཅི་དགར་སྤྲོ་གྱུར་ཏོ། །ཞེས་པས་ལན་བཏབ་པས་ཕྱག་རྒྱ་དེས། །ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་འབྱུང་བའི་གནས། །གལ་ཏེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་བདག་འདུག་སྟེ། །སངས་རྒྱས་བསྙེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་དེ། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །སྟྭཾ་པདྨ་བྷཉྫ་མོཀྵ་ཧོཿ ཞེས་གསུང་ཞིང་ཁྱེད་རང་རྣམས་ཀྱི་པང་དུ་བྱོན་པའི་མོས་པ་མཛོད། དེ་ནས་ཁྱེད་རང་རྣམས་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་དང་ཕྱག་རྒྱ་བདག་མེད་མར་གསལ་བ་སྤྲུལ་སྐུ་ལམ་དུ་བྱེད་པ་ལྷའི་འདུ་ཤེས། ཡུམ་གྱི་མཁའ་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པ། ༀ་པདྨ་སུ་ཁ་དྷཱ་ར། མ་ཧཱ་རཱ་ག་སུ་ཁནྡ་ད། ཙ་ཏུ་རཱ་ནནྡ་བྷ་ག་བི་ཤཱ །ཧཱུྃ་ཧཱུྃ་ཧཱུྃ། མ་ཀུ་རུ་ཥྭ་མེ། ཁྱེད་རང་རྣམས་ཀྱི་གསང་བའི་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ༀ་བཛྲ་མ་ཧཱ་དྭེ་ཥ། ཙ་ཏུ་རཱ་ནནྡ་ད་ཡ་ཀཿ ཁ་ག་མུ་ཁ་ཨེ། ཀཱ་ར་སོ་ནཱ་ཐ། ཧཱུྃ་ཧཱུྃ་ཧཱུྃ། མ་ཀུ་རུ་ཥྭ་མེ་ཞེས་པས་མཁའ་གསང་བྱིན་གྱིས་བརླབས་པ་ལོངས་སྐུ་ལམ་དུ་བྱེད་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་མངོན་དུ་བྱའོ་སྙམ་པ་ཆོས་སྐུ་ལམ་དུ་བྱེད་པ་ཆོས་ཀྱི་འདུ་ཤེས་ཏེ། སྐུ་གསུམ་ལམ་བྱེད་འདུ་ཤེས་གསུམ་དང་མ་བྲལ་བའི་སྒོ་ནས་
༣༡༥ཐོག་མར་ཕྱག་རྒྱའི་གཟུགས་ལ་བལྟ་བ་དང་། སྒྲ་ལ་མཉན་པ་དང་། དྲི་ལ་བསྣམ་པ་དང་། མ་མཆུའི་སྦྲང་རྩི་མྱང་བ་དང་། འོ་དང་འཁྱུད་པ་དང་ཙུམྤ་ལ་སོགས་པ་བྱས་པའི་སྐད་ཅིག་དང་པོ་ལ་དགའ་བའི་ཡེ་ཤེས། བོ་ལ་དང་ཀཀྐོ་ལ་སྦྱར་བའི་སྐད་ཅིག་མ་གཉིས་པ་ལ་མཆོག་དགའི་ཡེ་ཤེས། བསྲུབ་ཅིང་བསྲུབ་པའི་སྦྱོར་བ་བྱས་པའི་སྐད་ཅིག་མ་གསུམ་པ་ལ་དགའ་བྲལ་གྱི་དགའ་བའི་ཡེ་ཤེས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་གྱི་རྩ་བཙལ་ཏེ་སྙོམས་པར་ཞུགས་པའི་སྐད་ཅིག་མ་བཞི་པ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བའི་མོས་པ་མཛོད། དེ་དག་ནི་ཕྱི་གོ་རིམ་ལ་ལྟོས་པའི་དགའ་བ་བཞི་ཡིན། ནང་གནས་ལ་ལྟོས་པའི་དགའ་བ་ནི། དེ་ལྟར་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས། ཁམས་དྭངས་མ་ཐམས་ཅད་ཞུ་ནས་སྤྱི་བོའ་ཧཾ་ལ་འདུས་ཏེ། བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་མགྲིན་པར་བྱོན་པས་དགའ་བའི་ཡེ་ཤེས་མངོན་དུ་བྱས། སྤང་བྱ་ཉོན་མོངས་པ་ཀུན་བཏགས་ཞི་བ་ཉན་ཐོས་ཀྱི་ལམ་ཆོད། མགྲིན་པ་ནས་སྙིང་གར་བྱོན་པས་མཆོག་དགའི་ཡེ་ཤེས་མངོན་དུ་བྱས། སྤང་བྱ་ཉོན་མོངས་པ་ལྷན་སྐྱེས་མངོན་འགྱུར་ཞི་བ་རང་རྒྱལ་གྱི་ལམ་ཆོད། སྙིང་ག་ནས་ལྟེ་བར་བྱོན་པས་དགའ་བྲལ་གྱི་ཡེ་ཤེས་མངོན་དུ་བྱས། སྤང་བྱ་ཉོན་མོངས་པ་ཐམས་ཅད་ཞི་ནས་བྱང་ཆུབ་སེམས་དཔའི་ལམ་ཆོད། ལྟེ་བ་ནས་གསང་གནས་ཀྱི་བར་དུ་བྱོན་པས་ཐབས་ཀྱི་རིགས་ཀྱི་བདག་པོའ་རྩེ་དང་ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བོར་བྱང་ཆུབ་ཀྱི་སེམས་དཀར་དམར་མཇལ་བས་སྤང་བྱ་ཉོན་མོངས་པ་ཐམས་ཅད་ཞི་བ་བརྟན་པ་བྱང་ཆུབ་ཆེན་པོའ་ལམ་ཆོད་དེ་མདོར་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་མཚོན་པར་ནུས་པའི་མཚོན་བྱེད་དཔེའི་ཡེ་ཤེས་ཞེས་བྱ་བ་ཡིན་ནོ། །དེ་ཡིས་
༣༡༦བབས་ཀྱི་དགའ་བ་བཞི་ཡིན། མས་བརྟན་གྱི་དགའ་བ་བཞི་བསྒྲུབ་པའི་སླད་དུ་བྱང་ཆུབ་ཀྱི་སེམས་མཁའ་གསང་གི་རྩེ་མོར་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་བཟུང་བ་དེ་སླར་ཡི་གེ་ཧཱུྃ་གི་གདངས་ཅན་གྱི་རླུང་གིས་དྲངས་པས་རྩ་དབུ་མའི་ལམ་ནས་གྱེན་དུ་བྱོན་ཏེ། ལྟེ་བའི་འཁོར་ལོ་གནས་བརྟན་པའི་མིང་ཅན་གྱི་དབུས་སུ་བརྟན་པས་དགའ་བས་བསྡུས་པའི་དགའ་བཞི་ཉམས་སུ་མྱོང་། རྒྱུ་མཐུན་གྱི་འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས། ལྟེ་བ་ནས་སྙིང་གའི་འཁོར་ལོ་ཐམས་ཅད་ཡོད་པར་སྨྲ་བའི་མིང་ཅན་གྱི་དབུས་སུ་བརྟན་པས་མཆོག་དགས་བསྡུས་པའི་དགའ་བ་བཞི་ཉམས་སུ་མྱོང་། རྣམ་སྨིན་གྱི་འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས། སྙིང་ག་ནས་མགྲིན་པའི་འཁོར་ལོ་ཀུན་གྱིས་བཀུར་བའི་མིང་ཅན་གྱི་དབུས་སུ་བརྟན་པས་དགའ་བྲལ་གྱི་དགའ་བས་བསྡུས་པའི་དགའ་བ་བཞི་ཉམས་སུ་མྱོང་། སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ། མགྲིན་པ་ནས་སྤྱི་བོའ་འཁོར་ལོ་ཕལ་ཆེན་པའི་མིང་ཅན་གྱི་དབུས་སུ་བརྟན་པས་ལྷན་སྐྱེས་ཀྱིས་བསྡུས་པའི་དགའ་བ་བཞི་ཉམས་སུ་མྱོང་། དྲི་མ་མེད་པའི་འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས། དེའི་ཚེ་བྱང་ཆུབ་སེམས་ཀྱིས་ལུས་ཐམས་ཅད་ལ་ཁྱབ། དེ་ཐམས་ཅད་ལ་བདེ་བས་ཁྱབ། བདེ་བ་ལ་མི་རྟོག་པས་ཁྱབ། བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཅེས་སམ་བསྡུ་ན་ལམ་དུས་བཞིན་ངོ་སྤྲད་དོ། །དེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དངོས་གཞི་ཡིན། དབང་དེ་ཐོབ་པའི་བརྡར་ༀ་ཨཱཿཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འགྲོལ་བར་ཞུ། དེའི་མཐའ་རྟེན་དུ་དབུགས་དབྱུང་བ་ནི། སློབ་དཔོན་སྨད་པར་མི་བྱ་ཞིང་། །བདེ་གཤེགས་
༣༡༧བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་གདུག་བྱམས་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སྐལ་མེད་དེ་ཉིད་གཏམ་མི་བྱ། །བདག་གི་ལུས་ལ་ངེས་མི་སྨད། །ཆོས་ལ་ཡིད་གཉིས་སྤང་བྱ་ཞིང་། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་གཟུང་མི་བྱ། །སྐལ་ལྡན་སེམས་ཅན་སྤང་མི་བྱ། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །བུད་མེད་ཉིད་ལ་སྨད་མི་བྱ། །ཇི་སྲིད་བྱང་ཆུབ་སྙིང་པོའ་བར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་བཅང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་བ་རྣམ་སྤང་ཞིང་། །མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མའི་རྒན་རབ་ཕྱག་འཚལ་ལོ། །རྟག་པར་རྒྱུན་དུ་སྔགས་བཟླ་ཞིང་། །བསམ་གཏན་ཉིད་ཀྱང་རྣམ་པར་སྤྱད། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང་། །རྟག་པ་རུ་ནི་བཤད་པ་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམྦྷ་ལྷ་ལ་ཆུ་སྦྱིན་ཞིང་། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་ལས་ལ་མཆོད་རྟེན་ཡང་། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་གསུངས་ཏེ། དེའི་དོན་སྤང་བྱ་སྤོང་བའི་དབང་དུ་བྱས་ནས་རྩ་བའི་ལྟུང་བ་བཅུ་བཞི་དང་། བསྟེན་བྱ་བསྟན་པའི་དབང་དུ་བྱས་ནས་ལས་དང་པོ་པས་བསྒྲུབ་བྱའི་ཆོས་བདུན་དང་། སེམས་ཅུང་ཟད་
༣༡༨བརྟན་པས་བསླབ་བྱ་རྣམ་པ་ལྔ་དང་དེའི་ཤུགས་ཀྱིས་བརྟན་པ་ཆེར་ཐོབ་ནས་དམ་ཚིག་སྡོམ་ལས་རྣམ་པར་གྲོལ་ཞེས་པའི་ཚུལ་གྱིས་བླང་དོར་མེད་པར་སྤྱད་དགོས་པ་རྣམས་བསྟན་པས་ན་དེ་དག་ངོ་ཤེས་པར་བྱས་ནས་སྤང་བླང་ཚུལ་བཞིན་དུ་གྱིས་ཤིག་ཅེས་པའི་དོན་ཡིན། འབྲས་བུའི་དབུགས་དབྱུང་བ་ལ་ཐོག་མར་དཀྱིལ་འཁོར་གྱི་གསང་བའི་ཡེ་ཤེས་ལ་བསླབ་པ་ནི། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་པ་སྟེ། དེའི་དོན་ནི་དད་པ་ཆེན་པོས་ལྷ་དང་བླ་མ་ལ་ཆགས་པ། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་ཆགས་པ། ཤེས་རབ་ཆེན་པོས་ཆོས་ཀྱི་དེ་ཁོ་ན་ཉིད་ལ་ཆགས་པ་ཞེས་བྱ་བ་འདི་གསུམ་དང་བྲལ་ན་སྡིག་ཆེ་བ་ཡིན་པས། འདི་གསུམ་དང་མ་བྲལ་བ་ལ་བསླབ་པར་བྱའོ་ཞེས་པའི་དོན་ཡིན། དེ་ནས་ཁྱེད་རང་རྣམས་ཧེ་རུ་ཀའི་ང་རྒྱལ་གྱིས་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་རེ་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་པའི་རྗེས་སུ་གདུགས་ལོགས་སུ་བཞག་སྟེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱས་པའི་མཐར་ཁྱེད་རང་རྣམས་སློབ་དཔོན་གྱི་དཀྱིལ་འཁོར་པ་རྣམས་ལ་ཕུལ་བར་མོས་ཏེ་དཀྱིལ་འཁོར་གྱི་ཕྱོགས་ལ་དབུ་དུད་ཙམ་དེ་མཛོད། སྔགས་དང་རྒྱུད་རྣམས་འཛིན་འགྱུར་བའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་ཕུལ་བས་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འབྲས་བུའི་དབུགས་དབྱུང་བའི་མོས་པ་མཛོད། སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་
༣༡༩མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལ་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་བཞུགས་པ་ཡིན། །ཞེས་གསུངས་ཏེ། དེའི་དོན་ནི་ཁྱེད་རང་རྣམས་སྔགས་དང་རྒྱུད་དང་མན་ངག་འཛིན་པའི་རྡོ་རྗེ་སློབ་དཔོན་ཆེན་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མཐུན་པར་གསུངས་ཤིང་བུ་སྡུག་པ་ལྟར་ཡོངས་སུ་དགོངས་པའི་ཕྱིར། དེང་ཕྱིན་ཆད་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སྒོ་ནས་རྡོ་རྗེ་སློབ་དཔོན་གྱི་ལས་སུ་བྱ་བ་རྣམས་ཚུལ་བཞིན་དུ་བསྒྲུབས་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག །ཁམས་གསུམ་གྱི་རྒྱལ་སྲིད་ཆེན་པོ་སངས་རྒྱས་ཀྱི་གྲོང་ཁྱེར་དུ་ཞུགས་པ་དང་མཚུངས་པ་ཡིན་ནོ། །དེ་ལྟར་ན་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག །དམ་ཚིག་བུད་མེད་ལ་མི་སྨོད་པ་ལ་དབང་། བརྡ་བྱང་ཆུབ་མཆོག་གི་ཕྱག་རྒྱ། ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་བསྐྱེད་བྱ། དབང་བཞི་པའི་སྡོམ་ནི། མཎྜལ་གསོལ་གདབ་ཚིག་དབང་བསྐུར། །གཟེངས་བསྟོད་རྟོགས་བསྐྱེད་ལ་སོགས་བྱ། །ཞེས་པ་ལྟར་ལས། ཐོག་མར་དབང་བཞི་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་
༣༢༠མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། མགོན་པོ་ཐུགས་རྗེ་ཆེ་ལྡན་པས། །དབང་བསྐུར་གསུམ་པོ་བདག་ལ་གནང་། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །བཞི་པ་ཡང་ནི་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ནས། སྔོན་ཆད་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་མཚོན་བྱེད་དུ་ༀ་ཨཱཿཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འཆིང་བར་ཞུ། དེ་ལ་དབང་བཞི་པའི་རྣམ་གྲངས་ནི་ཚིག་གི་བཞི་པ། དོན་གྱི་བཞི་པ། བཞི་པ་རྟེན་ཅན། ལམ་དུ་བྱེད་པའི་བཞི་པ། འབྲས་བུ་མངོན་དུ་བྱེད་པའི་བཞི་པ་སྟེ་ལྔ་ལས། ཚིག་གི་བཞི་པ་གང་ལ་བསྟན་པའི་ཡུལ་ནི། སམ་བུ་ཊ་ལས། ཟབ་ཅིང་རྒྱ་ཆེ་ལ་མོས་ན། །ཚིག་གི་རིན་ཆེན་བཞི་པ་སྦྱིན། །ཞེས་གསུངས་པས། སློབ་མ་བླ་མ་དང་ཤེས་རབ་ཡེ་ཤེས་ཀྱི་ཉམས་མྱོང་དང་། ཟབ་མོའ་སྟོང་པ་ཉིད་དང་ཐབས་རྒྱ་ཆེ་བའི་རིམ་པར་མོས་པ་ལ་སྦྱིན་པར་བྱ་ཡི། དེ་ལས་གཞན་ལ་ནི་མ་ཡིན་ཏེ། བླ་མ་ལ་མོས་པ་མེད་ན་བླ་མའི་ཚིག་ལ་ངེས་པ་མི་སྐྱེ། དབང་གི་ཉམས་མྱོངས་ལ་མོས་པ་མེད་ན་ཐོས་བསམ་གྱི་ལྟ་བ་དང་ཁྱད་པར་མེད། སྤྲོས་བྲལ་ལ་མོས་པ་མེད་ན་ཐ་མལ་པའི་འདོད་ཆགས་དང་ཁྱད་པར་མེད། ཐབས་བསམ་གྱིས་མི་ཁྱབ་པ་ལ་མོས་པ་མེད་ན་གཞན་རྗེས་སུ་འཛིན་པའི་མཐུ་མེད་པས། མཚན་ཉིད་དེ་དག་དང་ལྡན་ཞིང་བུམ་པ་ལ་སོགས་པའི་དབང་སྔ་མ་རྣམས་ཐོབ་པའི་སློབ་མ་ལ་དབང་བཞི་པ་སྦྱིན་པར་གསུངས་ལ། དེ་ཉིད་ཚིག་གི་སྒོ་ནས་ངོ་སྤྲད་པའི་ཚུལ་ནི་འདི་ཉིད་ཀྱི་རྩ་རྒྱུད་ལས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་གསུངས་ཏེ། །དེའི་དོན་ནི་དབང་གསུམ་པའི་གནས་སྐབས་སུ་ཉམས་སུ་མྱོང་
༣༢༡བའི་ཡེ་ཤེས་འདི་ནི་དཔེ་དང་གཏན་ཚིགས་ལ་སོགས་པས་རྟོགས་པར་དཀའ་བས་ཆེས་ཕྲ་ཞིང་མཚན་མ་དང་རྣམ་པར་རྟོག་པས་མི་ཕྱེད་པས་རྡོ་རྗེ། མཐའ་དབུས་དང་བྲལ་བས་ནམ་མཁའི་དཀྱིལ་ལྟ་བུ། ཉོན་མོང་པའི་རྡུལ་དང་བྲལ་བས་རྡུལ་བྲལ།སྲིད་པ་ཟད་པ་རྡོ་རྗེ་འཆང་གི་གོ་འཕང་སྦྱིན་པས་ན་མཐར་ཕྱིན། གདོད་མ་ནས་མ་སྐྱེས་པས་ན་ཞི་བ། འཇིག་རྟེན་ན་རང་གི་རིགས་རང་གིས་སྤེལ་དགོས་པ་ལྟར་རང་རྒྱུད་ལ་ཡེ་ཤེས་བསྐྱེད་པའང་རང་གིས་བསྒོམ་པ་ལ་རག་ལས་པས་ཁྱེད་རང་ཡང་ནི་དེའི་ཕ། །ཞེས་གསུངས་ཏེ། དེའི་དོན་ཉམས་སུ་བླང་བའི་ཆེད་དུ་ཁྱེད་རང་རྣམས་ལུས་བསམ་གཏན་གྱི་ཆོས་དང་ལྡན་པར་བྱས། ངག་རླུང་རྒྱུ་བ་སོར་བཞག །སེམས་དུས་གསུམ་གྱི་རྟོག་པའི་རྒྱུ་འགྲུལ་གཞན་ཐམས་ཅད་བཅད་ལ། བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་སུ་ངེས་པའི་ཤེས་པ་བསྐྱེད་དོ། །སེམས་ཀྱི་མཚན་ཉིད་གསལ་བ། རང་བཞིན་སྟོང་པ། ངོ་བོ་ཟུང་འཇུག་གསུམ་དབྱེར་མི་ཕྱེད་པ་རང་བཞིན་གྱིས་རྣམ་པར་དག་པའི་སྐུ་བཞི་རང་ཆས་སུ་གནས་པ་དེ་ཉིད། འབྲས་དུས་ཀྱི་སྐུ་བཞི་དང་ངོ་བོ་དབྱེར་མེད་དུ་ངེས་ཤེས་བསྐྱེད་དེ། དེ་མངོན་དུ་བྱེད་པའི་ཐབས་གཞན་གྱིས་ཚིག་ཏུ་བརྗོད་པ་ལ་སོགས་པས་རྟོགས་པར་མི་ནུས་པས། དཔེ་དབང་གསུམ་པའི་ཡེ་ཤེས་ཀྱི་སྟེང་དུ་ངོ་སྤྲད་དེ་རྟོགས་པར་བྱ་བ་ནི། རང་ཉིད་དབང་གསུམ་པའི་གནས་སྐབས་སུ་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་སྐུ་ཅན་དུ་སྣང་བ་སྤྲུལ་པའི་སྐུ་དང་། དེའི་སེམས་རྒྱུད་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་བ་ཆེན་པོའ་ཡེ་ཤེས་ཀྱི་རྣམ་པར་ཤར་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ལྷ་སྐུ་བདེ་བ་ཆེན་པོའ་
༣༢༢རྣམ་པར་སྣང་ཙམ་དེ་ཉིད་སྐྱེ་འགག་གནས་གསུམ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ་དང་། དེ་གསུམ་ལྡོག་ཚུལ་ཐ་དད་ཀྱང་རང་བཞིན་སོ་སོར་དབྱེར་མི་ཕྱེད་པ་ངོ་བོ་ཉིད་ཀྱི་སྐུ་སྟེ། མདོར་ན་སེམས་ཀྱི་གཤིས་ཅིར་ཡང་མ་ཡིན་པ་གདངས་བདེ་ཆེན་དུ་མ་འགགས་པ། རྩལ་སྣ་ཚོགས་སུ་འཆར་བ། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པ་ནམ་མཁའ་ལྟ་བུར་ཤེས་པར་བྱས་ལ། ནམ་མཁའ་དང་ནམ་མཁའ་རོ་གཅིག་པ་ལྟར། སེམས་དང་བདེ་སྟོང་རོ་གཅིག་པའི་ངང་ལ་འཛིན་མེད་དུ་ཁོང་ལྷོད་ཀྱིས་གློད་དེ་མཉམ་པར་འཇོག་པར་ཞུ། དེ་དབང་བཞི་པའི་དངོས་གཞི་ཡིན། དབང་དེ་ཐོབ་པའི་བརྡར་ༀ་ཨཱཿཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འགྲོལ་བར་ཞུ། དེའི་མཐའ་རྟེན་དུ་གཟེངས་བསྟོད་པ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཙུད་པ་དང་ནི་མཐོང་བ་ཡིས། །དེ་རིང་སྡིག་ལས་རྣམ་གྲོལ་འགྱུར། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། །མི་ཐུབ་པ་དང་མི་འཆི་བས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཞེས་གསུངས་ཏེ། དེའི་དོན་ནི། སྙིང་པོ་བདེ་བ་ཆེན་པོ་ལེན་ཅིང་འཛིན་པར་བྱེད་པའི་མཆོག་ཏུ་གསང་བ་དམ་པའི་དཀྱིལ་འཁོར་འདིར་ཁྱེད་རྣམས་བཅུད་ཅིང་མཐོང་བ་ལ་བརྟེན་ནས་དེང་ཕྱིན་ཆད་སྡིག་པ་དང་སྡུག་བསྔལ་ལས་གྲོལ་ཏེ་བདེ་བ་ཆེན་པོ་འབྲས་བུའི་ཐེག་པ་འདིར་ཚུད་པས་ན་ལམ་འདི་ལ་དགའ་བ་ཁྱད་པར་ཅན་དང་ལྡན་པར་གྱིས་ཤིག །དེ་ལྟར་བྱས་ན་སྲིད་པ་ཤིན་ཏུ་དག་པ་སྐུ་བཞིའི་འབྱོར་པ་ཐོབ་སྟེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་བ་
༣༢༣ཡིན་ན། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་ཆར་གྱི་དྲི་མ་བག་ཆགས་དང་བཅས་པ་དག །དམ་ཚིག་དགོངས་ཏེ་གསུངས་པའི་དམ་ཚིག་བསྲུང་བ་ལ་དབང་། བརྡ་མཛུབ་མོས་ནམ་མཁའ་མཚོན་པ། ལམ་རྡོ་རྗེའི་རྦ་རླབས་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་བསྐྱེད་བྱ། དེ་རྣམས་ཀྱིས་དབང་བསྐུར་བ་ཡོངས་སུ་རྫོགས་པར་གྲུབ་པས་ན་གནས་སྐབས་སུ་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་ཐམས་ཅད་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་སོགས།ཞེས་པས་དམ་ཚིག་བསྡུས་ཏེ་འཛིན་པར་ཁས་བླངས་ནས་དབང་ཡོངས་སུ་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་ལུས་ལོངས་སྤྱོད་ཐམས་ཅད་སློབ་དཔོན་ལ་དྲིན་ལན་དུ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་སོགས།ཞེས་པ་དེ་རྣམས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིར་ཝ་པས་བཀྲལ་ཞིང་རྡོ་རྗེ་འཆང་གཉིས་པ་དཔལ་ས་སྐྱ་པ་ཡབ་སྲས་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པའི་བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ལེགས་པར་གསན་པས་ལམ་ལ་འབད་པ་དང་དམ་ཚིག་དང་སྡོམ་པ་སྲུང་སྡོམ་ལ་སོགས་པའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། ཞེས་བརྗོད་ལ་རྗེས་ཀྱི་ཆོ་ག་རྣམས་བྱའོ། །དེ་ལྟར་དགེས་པ་རྡོ་རྗེ་ཡི། །དབང་བཤད་སྙིང་པོ་བསྡུས་པ་འདི། །སྦྱར་བའི་དགེ་བས་འགྲོ་བ་ཀུན། །རྡོ་རྗེ་འཆང་དབང་ཐོབ་པར་ཤོག །དཔལ་ཀྱཻ་རྡོ་རྗེའི་དབང་གི་ཆོ་ག་སྙིང་པོ་བསྡུས་པ་ཞེས་བྱ་བ་འདི་ཡང་དོན་གཉེར་གྱི་སློབ་མ་མང་པོས་བསྐུལ་བའི་ངོར་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་དབང་བཤད་ཆེན་མོ་ལས་མདོར་བསྡུས་ཏེ་དབང་ཆུ་མཛེས་རྒྱན་ལྷན་ཐབས་སུ་
༣༢༤སྦྱར་བའི་ཡི་གེ་པ་ནི་ནཱ་ཐ་རཏྣའོ། །རྒྱས་པ་ལ་མོས་ན་དབང་བཤད་ཆེན་མོ་མན་ངག་གི་གཏེར་མཛོད་ལས་ཤེས་པར་བྱའོ། །དེ་ལྟར་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱཻ་རྡོ་རྗེ་དབང་གི་མཚམས་སྦྱོར་འདི་ལ་སོགས་ཁོང་རིགས་རྣམས་དཀྱུས་སུ་བཅུག་ནས་དབང་ཆོག་ཅེས་མཚན་གསོལ་ཏེ་འཇུག་བདེ་བར་བློ་གཏེར་དབང་པོས་ཐར་རྩེ་རྡོ་རྗེ་འཆང་གི་དགོངས་བཞེད་ལྟར་རྒྱུད་སྡེ་རབ་འབྱམས་ཀྱི་བཀའི་བསྡུ་བ་ཆེན་པོ་བགྱིད་སྐབས་བྲིས་པའི་ཡི་གེ་པ་ནི་རྒྱུད་གཞུང་ལ་དད་པ་ཐོབ་པ་དགེ་སློང་ཤཱཀྱ་རྒྱལ་མཚན་གྱིས་བགྱིས་པའོ། །འདིས་ཀྱང་བདག་སོགས་འགྲོ་ཀུན་དཔལ་དགེས་པ་རྡོ་རྗེའི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། དགེའོ། །དགེའོ། །དགེའོ།། །།

ཁྱད་པར་གྱི་ལེ་ལག་བརྒྱད་པ་བཞུགས།

༡༥༥ ༈ ཁྱད་པར་གྱི་ལེ་ལག་བརྒྱད་པ་བཞུགས། རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཨ་མ་ཇོ་མོའ་གདམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་ཁྱད་པར་གྱི་ལེ་ལག་འདི་ལ་བརྒྱད་དེ། འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་དང་། བྱིན་རླབས་ལུས་སེམས་བྲལ་བ་དང་། སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དང་། ཉམས་ལེན་ཕུང་པོ་གཟན་ལ་བསྐྱུར་བ་དང་། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་སོང་བ་དང་། ལུས་དང་སེམས་ཀྱི་གནས་སྐབས་ཀྱི་བར་ཆད་ཞི་བར་བྱ་བའི་གདམས་ངག་དང་། གཅོད་ཀྱི་དམ་ཚིག་བསྟན་པ་དང་། ཉམས་སུ་བླངས་པའི་འབྲས་བུ་བསྟན་པའོ། །དང་པོ་འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་ལ་དོན་གསུམ་སྟེ། གང་དུ་འཇུག་པ་དང་། གང་དུ་འཇུག་པ་དང་། ཇི་ལྟར་འཇུག་པའོ། །གང་ལ་འཇུག་ན་ཡང་དག་པའི་ལམ་ཕྱིན་ཅི་མ་ལོག་པ་ལ་འཇུག་པའོ། །གང་འཇུག་ན་ཐེག་པ་ཆེན་པོའ་རིགས་ཅན་གྱི་གང་ཟག་རྣམས་འཇུག་པའོ། །ཇི་ལྟར་འཇུག་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་ངང་ནས་ཚོགས་གཉིས་ཚད་མེད་པ་སོགས་ལ་འཇུག་པའོ། །དེ་ལ་གཉིས་ཏེ། ཆོས་སྒོ་འབྱེད་པའི་སྐྱབས་འགྲོ་སེམས་བསྐྱེད་དང་། རྒྱུན་ཏུ་བསྒོམ་པའི་སྐྱབས་འགྲོ་སེམས་བསྐྱེད་གཉིས་ལས། དང་པོ་ནི། ཚོགས་དང་། གཏོར་མ་དང་། མཆོད་པ་ལ་སོགས་པ་བྱ། སྐྱབས་འགྲོ་ཡན་ལག་བརྒྱད་པ་བྱེད་པའོ། །གཉིས་པ་རྒྱུན་དུ་བསྒོམ་པའི་སྐྱབས་འགྲོ་སེམས་བསྐྱེད་ནི། བདག་ལ་གནོད་པར་བྱེད་པའི་གདོན་འདིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་བས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་སྐྱབས་འགྲོ་ལ་སོགས་པའི་དགེ་སྦྱོར་བྱ་སྙམ་དུ་སེམས་བསྐྱེད། དེ་ལྟར་ཡང་། ཐེག་པ་འདི་ལ་ངེས་པར་
༡༥༦ འབྱུང་འདོད་ན། །འགྲོ་བ་ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་བསྐྱེད། ཞེས་སོ། །དེ་ནས་རང་གི་མདུན་དུ་རིན་པོ་ཆེ་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་གཅིག་བསྒོམ། དེའི་སྟེང་དུ་སྣ་ཚོགས་པདྨའི་གདན་ཞིག་བསྒོམ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཞིག་བསྒོམ། དེའི་སྟེང་དུ་དབུས་སུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཞལ་གཅིག་ཕྱག་བཞི་མ། ཞབས་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཕྱག་གཡས་ཀྱི་དང་པོ་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡོན་གྱི་དང་པོ་ནི་མཉམ་བཞག་གི་ཕྱག་རྒྱ་མཛད་པ། འོག་མ་གཉིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུ་སྟི་བསྣམས་པ། སྐུ་ལ་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ་ཞིག་བཞུགས་པར་བསྒོམ། དེའི་རྩར་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ། དེའི་རྩར་ཨ་མ་ཇོ་མོ་ལབ་ཀྱི་སྒྲོན་མ་བསྒོམ། སྐུ་ལུས་ཆུང་ལ་སྐུ་ཤ་དཀར་བ། སྐུ་གཟི་བརྗིད་ཅན། ཞལ་འཛུམ་བག་དང་བཅས་པ་གཅིག་བཞུགས་པར་བསྒོམ། དེའི་རྩར་སྲས་རྒྱལ་བ་དོན་གྲུབ་དང་། འགྲོ་མགོན་ཐོད་སྨྱོན་བསམ་འགྲུབ་གཉིས། རྟེན་རྣལ་འབྱོར་པའི་ཆ་ལུགས་སུ་བཞུགས་པ། དབུ་སྐྲ་ལི་བ། ཞལ་རས་སྨུག་པ། སྐུ་གཟི་བརྗིད་དང་བཅས་པ། ཞལ་འཛུམ་བག་དང་བཅས་ནས་བཞུགས་པར་བསྒོམ། གཞན་ཡང་རང་གི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱང་བཞུགས་པར་བསྒོམ། བླ་མ་དེ་རྣམས་ཀྱི་གཡས་ན་དཔའ་བོ། གཡོན་ན་འཕགས་པ་ཉན་ཐོས་ཀྱི་དགེ་འདུན། མདུན་ན་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་བཞུགས་པར་བསྒོམས་ལ། སྐྱབས་སུ་འགྲོ་བ་བྱ་སྟེ། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་སངས་མ་
༡༥༧ རྒྱས་ཀྱི་བར་དུ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །མ་ཅིག་ཇོ་མོ་ལབ་ཀྱི་སྒྲོན་མ་ལ སྲས་རྒྱལ་བ་དོན་གྲུབ་ལ འགྲོ་མགོན་ཐོད་སྨྱོན་བསམ་འགྲུབ་ལ ཕྱོགས་བཅུའི་སངས་རྒྱས་ལ ཆོས་ལ དགེ་འདུན་ལ བླ་མ་རིན་པོ་ཆེ་ལ ཡི་དམ་གྱི་ལྷ་ཚོགས་རྣམས་ལ དཔའ་བོ་དང་དཔའ་མོ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་གུས་པ་དང་བཅས་པས་ལན་གསུམ་བྱའོ། །དེ་ལྟར་ཡང་ལུང་ལས། སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། ཞེས་པས་སོ། །དེ་ནས་རང་གི་ལུས་འདི་ཁ་ཟས་རོ་བརྒྱ་དང་ལྡན་པ། དཀར་བ། སྣུམ་པ། ལྕི་བ། འབོལ་བ། བློས་འཁྱུད་ཚད་ཙམ་དུ་བསྒོམ་ལ། ལག་པ་གཡས་ན་ཤེས་རབ་ཀྱི་རལ་གྲི་ཡོད་པར་བསམ་ལ། ཡན་ལག་གི་དང་པོ་མགོ་ཡིན་པས་རྐེ་ནས་རྦད་ཀྱིས་བཅད་ནས། །བླ་མ་དཀོན་མཆོག་རྣམས་ལ་མཆོད་པར་ཕུལ་བས། ཤིན་ཏུ་དགྱེས་ནས་གསོལ་བར་བསམ། དེ་བཞིན་དུ་བྲང་དབྲོག་པའི་ནང་དུ་དོན་སྙིང་ལྔ་ལ་སོགས་པ་བཅུག་ནས་ཕུལ་བས་དགྱེས་ཤིང་གསོལ་བར་བསམ། ཡང་རོ་སྨད་རྐང་པ་དང་བཅས་པ་ཕུལ་བས་ཤིན་ཏུ་དགྱེས་པར་བསམ། དེའི་རྗེས་ལ་སྐྱབས་འགྲོའི་བླ་མ་དང་དཀོན་མཆོག་ལ་སོགས་པའང་ཡིད་ལ་མི་བྱ། རང་གི་ལུས་པོའང་ཡདཡིད་ལ་མི་བྱེད། འདས་པའི་རྗེས་མི་བཅད། མ་འོངས་པའི་སོན་མི་བསུ་བར། །ད་ལྟར་གྱི་ཤེས་པ་གང་ལའང་མི་འཛིན་པར་རང་ལུགས་སུ་བཅས་བཅོས་མི་བྱེད་པར་འབོལ་ལེ་ཤིགས་སེ་བཞག་གོ །དེ་ལ་ཤེས་པ་གནས་བདོའ་དུས་ནའང་སེམས་བསྐྱེད་སྔར་བཞིན་བྱ། བླ་མ་དཀོན་མཆོག་མདུན་དུ་བསྒོམས་ལ་སྐྱབས་
༡༥༨ འགྲོ་ལན་གཅིག་བྱ། ལུས་མཆོད་པར་ཕུལ། །སེམས་གནས་ལུགས་ཀྱི་སྟེང་དུ་བཞག་གོ །དེ་ལྟ་བུ་ལན་གསུམ་ལ་ཐུན་གཅིག་བྱས་པའི། སྲོད་ལ་ཐུན་གཅིག །ནམ་ཕྱེད་ཐུན་གཅིག །ཐོ་རངརེངས་ཐུན་གཅིག །སྔ་གྲོ་ཐུན་གཅིག །ཉི་མ་ཕྱེད་ཐུན་གཅིག །དགོངསདགོང་མོ་ཐུན་གཅིག །དེ་ལྟར་ཉིན་ཞག་གཅིག་ལ་ཐུན་དྲུག་ཏུ་བྱས་ཏེ། དེ་ལས་མང་བར་ཡང་མི་བྱ། ཉུང་བར་ཡང་མོ་བྱའོ། །དེ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྐྱབས་འགྲོ་བྱེད་པ་དང་། ལུས་མཆོད་པར་འབུལ་བ་རྒྱུ་བསོད་ནམས་ཀྱི་ཚོགས་ཡིན། རྗེས་ལ་གནས་ལུགས་མ་བཅོས་པའི་ངང་ལ་འཇོག་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཡིན་པས། ཉམས་ལེན་འདི་གཅིག་པུས་ཀྱང་ཆོག་པ་ཡིན་ནོ། །གཉིས་པ་བྱིན་བརླབས་ལུས་སེམས་ཕྲལ་བ་ལ་གཉིས་ཏེ། ངོ་སྤྲོད་ཀྱི་ངོ་སྤྲོད་དང་། རྒྱུན་དུ་བསྒོམ་པའི་ངོ་སྤྲོད་དོ། ངོ་སྤྲོད་ཀྱི་ངོ་སྤྲོད་ལ་གསུམ་སྟེ། སྦྱོར་བ་ལུས་ལ་ཞེན་པ་སྤང་བ་དང་། དངོས་གཞི་ལུས་སེམས་བྲལ་བ་དང་། རྗེས་ལ་སེམས་ཆོས་ཉིད་ཀྱི་དབྱིངས་ནས་ནམ་མཁའ་ལྟ་བུར་ངོ་སྤྲོད་ཅིང་། ཉམས་ཀྱི་འཆར་ཚུལ་བསྟན་པ་ནི། དང་པོ་ནི། ཚོགས་དང་གཏོར་མ་སྔོན་དུ་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ་ཆོས་སྒོ་འབྱེད་པའི་སྐྱབས་འགྲོ་སེམས་བསྐྱེད་ལྟར་བྱས་ལ། དེ་ནས་བླ་མ་དེས་སློབ་མ་ལ་མེ་ཏོག་དབུལ་ཏེ། མདུན་དུ་ལངས་ནས་རྐང་པ་གཉིས་གཤིབས། ལག་པ་གཉིས་ཐལ་མོ་སྨིན་མཚམས་སུ་སྦྱར། ལུས་དྲང་པོར་བསྲང་ལ། དང་པོ་ཕུང་པོ་ལ་གཞིག་འགྲེལ་བཏང་སྟེ། བདག་གི་ལུས་འདི་མི་
༡༥༩ གཙང་བའི་རྫས་སུམ་ཅུ་རྩ་གཉིས་ལས་གྲུབ་པ། རྣག་ཁྲག་གི་རྐྱལ་བ། རུས་པའི་དུམ་བུ་འཐུད་པ། ཆུ་རྒྱུས་ཀྱི་དྲྭ་བ། འདི་ལྟ་བུ་ལ་ཆགས་ཤིང་ཞེན་པར་གྱུར་པས་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ཏེ། ད་ནི་མ་ཆགས་མ་ཞེན་པར་བྱ་དགོས་སྙམས་དུ་བསམས་ལ། དེ་ནས་དངོས་གཞི་ལུས་དང་སེམས་དབྲལ་བ་ནི། རང་གི་རྐང་པའི་མཐིལ་གཉིས་སུ་སེམས་ཀྱི་ངོ་བོ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་གཅིག་བསྒོམ་སྟེ། གསུས་པ་རྒལ་པ་ལ་སྦྱར་ཏེ་ལུས་དང་སེམས་གཉིས་དྲག་ཏུ་བསྒྲིལ་ནས། འོག་རླུང་སྟེང་དུ་དྲངས་ལ། ཆུ་ཟླ་ལྟ་བུ་དེ་ཡར་ལ་དཀར་ན་ར་ར་བྱུང་བས། བརླའི་རྩ་བོ་ཆེའི་ནང་ནས་ཡར་ལ་དཀར་ན་ར་ར་བྱུང་ནས། ལྟེ་བའི་ཐད་ཀའི་བྱུང་ཁོག་ནང་དུ་གཉིས་པོ་གཅིག་ཏུ་འདུས་ཏེ། དཀར་ཧྲི་ལི་ལི་འདུག་པ་ལ་དམིགས་པ་དྲག་ཏུ་གཏད། དེ་ནས་ཡང་དཀར་ན་ར་ར་བྱུང་ནས། སྙིང་ཁ་ནས་ཡར་བྱུང་། མགྲིན་པ་ནས་ཡར་བྱུང་ནས། སྤྱི་བོ་ཚངས་པའི་བུ་གར་སངས་ཀྱིས་བྱུང་བར་བསྒོམ། ཚངས་བུག་འཕང་ལོ་འབྲིང་པོའ་མིག་གི་ཚད་ཙམ་དཀར་སང་ངེ་ཡོད་པར་བསྒོམ་ལ། ངག་ཏུ་ཕཊ་ཅེས་དྲག་ཏུ་བརྗོད་པས། ཆུ་ཟླ་ལྟ་བུ་དེ་ཉིད་དེ་ནས་ནམ་མཁའ་ལ་དཀར་ན་ར་ར་འགྲོ་ཚད་ལ་བཏང་ངོ་། །མི་འགྲོ་སྙམས་སེམས་པ་དང་། །དཀར་ཧྲི་ལེ་འདུག་པ་ལ་མ་ཡེངས་པར་བསྒོམ་ལ། རྗེས་ལ་ངོ་སྤྲད་པ་ནི། དེ་ནས་རྒྱ་ཇེ་ཆེར་སོང་བས། ནམ་མཁས་གར་ཁྱབ་རིག་པས་ཁྱབ། རིག་པས་གར་ཁྱབ་ནམ་མཁས་ཁྱབ་པར་བསམ་ལ། བསྒོམ་མི་བསྒོམ་གྱི་རྟོག་པ་མེད་པར་རང་ལུགས་སུ་ལྷོད་ཀྱིས་གློད་ལ་བཞག་གོ །དེ་ལྟར་ཡང་། འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་དཔྱད་དུ་མེད། ཅེས་སོ། །དེ་ལྟར་བསྒོམས་པས་ཉམས་རྣམ་པ་གསུམ་འཆར་ཏེ། དབང་པོ་རབ་ལ་སྤྲོས་བྲལ་གྱི་ཉམས་
༡༦༠ འཆར། དབང་པོ་འབྲིང་ལ་ཐོད་རྒལ་གྱི་ཉམས་འཆར། དབང་པོ་ཐ་མ་ལ་ཤུགས་ཅན་གྱི་ཉམས་འཆར། དེ་ལ་དགོངས་ནས་མ་གཅིག་གི་ཞལ་ནས། ཀྲིམས་གྱིས་བསྒྲིམ་ལ་ལྷོད་ཀྱིས་གློད། བསྒོམ་པའི་གནད་ཅིག་དེ་ན་གདའ། །གསུངས། གཉིས་པ་རྒྱུན་དུ་བསྒོམ་པའི་ངོ་སྤྲོད་ནི། ལུས་གང་བདེའི་སྤྱོད་ལམ་བྱས་ལ། དམིགས་པ་རླུང་སེམས་འདུས་པའི་ངོ་བོ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་སྟེ་ལྟེ་བའི་འོག་ཙམ་དུ་བསྒོམ་ལ་གོང་མ་བཞིན་ཤེས་པར་བྱའོ། །གསུམ་པ་བསྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱ། སྒལ་ཚིག་དྲང་པོར་བསྲང་། མགྲིན་པ་ཡིད་ཙམ་དགུ་བར་བྱ། མིག་སྣའི་རྩེ་མོ་ལ་གཏད་ལ། སེམས་འདས་པའི་རྗེས་མི་བཅད། མ་འོངས་པའི་སྔོན་མི་བསུ། ད་ལྟར་གྱི་ཤེས་པ་གང་ཡང་ཡིད་ལ་མི་བྱེད་པར། རང་ལུགས་སུ། འབོལ་ལེ། ཤིག་གེ །ཧད་དེ། ཚོམ་མེ། བསྒོམ་བྱ་སྒོམ་བྱེད་ཀྱི་རྟོག་དཔྱོད་ཐམས་ཅད་དང་བྲལ་ལ་བཞག་གོ །དེ་ལྟར་ཡང་ལུང་ལས། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཞེས་པ་དང་། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱའོ། །ཞེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པ་ཉིད་པས་ཆོས་ཐམས་ཅད་ཡིད་ལ་མི་བྱེད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་པ་ཉིད་པས་ཆོས་ཐམས་ཅད་འགག་པ་མེད་པ་ཉིད་དོ། །ཞེས་འཕགས་པ་ཆོས་འཕགས་ཀྱིས་བྱང་ཆུབ་སེམས་
༡༦༡ དཔའ་རྟག་ཏུ་ངུ་ལ་བྱས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཉིད་ནི་ཆོས་ཐམས་ཅད་བསྒོམ་པའོ། །ཞེས་པས། འདི་ནི་སྐྱབས་འགྲོའི་རྗེས་དང་། ལུས་སེམས་དབྲལ་བའི་རྗེས་དང་། གཟན་བསྐྱུར་གྱི་རྗེས་དང་། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བའི་རྗེས་དང་། དུས་ཐམས་ཅད་དུ་བསྒོམ་པའོ། །བཞི་པ་ཉམས་ལེན་ཕུང་པོ་གཟན་བསྐྱུར་ལ་ལུང་ལས། མགོ་དང་རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད། ཅེས་པས། དེ་ལ་གཉིས་ཏེ། སྤྱིར་གཟན་དུ་བསྐྱུར་བ་དང་། བྱེ་བྲག་ཏུ་གཟན་ཏུདུ་བསྐྱུར་བའོ། །སྤྱིར་གཟན་དུ་བསྐྱུར་བ་ལ་དོན་རྣམ་པ་གསུམ་སྟེ། སྦྱོར་བ་སྙིང་རྗེ་དང་བྱམས་པ་བསྒོམ་པ་དང་། དངོས་གཞི་རང་གི་ལུས་ཕར་ཕྱིན་དྲུག་ལྡན་དུ་སྦྱིན་པར་བཏང་བ་དང་། རྗེས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་བྱེད་པའོ། །དང་པོ་ནི། བདག་ལ་གནོད་པར་བྱེད་པའི་གདོན་འདིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། སྙིང་རྗེ་བས་བདག་གི་ལུས་འདི་སྦྱིན་པར་བཏང་དགོས་སྙམ་དུ་བསྒོམ་པ་དང་། གནོད་བྱེད་ལ་སོགས་ཀྱིས་གཙོར་བྱས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་མདུན་དུ་ཐིབས་སེ་བྱུང་བར་བསྒོམ་ལ། དེ་ནས་དངོས་གཞི་ལ། རང་གི་ལུས་པོ་འདི་ཤིན་ཏུ་ཆེ་བ་གཅིག་ཏུ་བསྐྱེད་དོ། །ལག་པ་གཡས་ན་ཤེས་རབ་ཀྱི་རལ་གྲི་གཅིག་བསྒོམས་ནས། རང་གི་རྐེ་ནས་ཕར་རྦད་བཅད་ནས་སྦྱིན་པར་བཏང་བས། གནོད་བྱེད་ལ་སོགས་པས་ཤ་ལ་དགའ་བས་ཤ་ལ་ཟ། ཁྲག་ལ་དགའ་བ་ཁྲག་ལ་འཐུང་། རུས་པ་ལ་དགའ་བ་རུས་པ་མུར་བར་བསྒོམ། དེ་ནས་བྲང་ཕོག་པའི་ནང་དུ་དོན་སྙིང་ལྔ་ལ་སོགས་པ་བཅུག་ནས་བྱིན་པས་གོང་བཞིན་ཟ་བར་བསྒོམ། རོ་སྟོད་ལག་པ་དང་བཅས་པ་དང་། རོ་སྨད་རྐང་པ་དང་
༡༦༢ བཅས་པ་དང་། ཐམས་ཅད་སྦྱིན་པར་བཏང་བས་གནོད་བྱེད་ལ་སོགས་པ་རྣམས་ཤ་ལ་དགའ་བས་ཤ་ལ་ཟ། ཁྲག་ལ་དགའ་བ་ཁྲག་ལ་འཐུང་། རུས་པ་ལ་དགའ་བ་རུས་པ་འཆའ་བར་བསྒོམ་ལ། ལུས་ལྷག་མ་ཏིལ་འབྲུ་ཙམ་མ་ལུས་པར་རིལ་པོར་ཟོས་པར་བསྒོམ་མོ། །དེའི་རྗེས་ལ། སེམས་འདས་པའི་རྗེས་མི་བཅད། མ་འོངས་པའི་སྔོན་མི་བསུ། ད་ལྟར་གྱི་ཤེས་པ་གང་ཡང་ཡིད་ལ་མི་བྱེད་པར་འདོ་ལ་ལེ་ཤིག་གི་བཞག་གོ །དེ་ནས་སྙིང་རྗེ་བསྒོམ། ལུས་གཟན་ཏུ་བསྐྱུར། སེམས་གནས་ལུགས་ཀྱི་ངང་ལ་བཞག་གོ །དེ་ལྟར་རེ་མོས་སུ་ཁོར་རོ་རོ་ཉིན་རྩེར། མཚན་ཡལ་གྱིས་བསྒོམ་མོ། །རྗེས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ནི། ཐུན་འཇོག་པའི་དུས་སུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་བར་དུ་བདག་ཉིད་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བྱ། གང་བདེའི་སྤྱོད་ལམ་བྱའོ། །དེ་ཡང་དང་པོ་སྙིང་རྗེ་དང་བྱམས་པ་བསྒོམ་པ་སྦྱོར་བ། གཟན་བསྐྱུར་དང་གནས་ལུགས་ལ་འཇོག་པ་དངོས་གཞི། བསྔོ་བ་བྱེད་པ་རྗེས་སོ། །དེ་ལྟར་སྙིང་རྗེ་དང་བྱམས་པ་ཞེ་སྡང་གི་གཉེན་པོར་འགྲོ། །གདོན་ཕོ་གདོན་དང་། ནད་གཟེར་ཟུག་ཞི་བར་བྱེད། གཟན་བསྐྱུར་བྱས་པས་འདོད་ཆགས་ཀྱི་གཉེན་པོར་འགྲོ། ནད་ལྡང་དུབ་དང་། མོ་གདོན་ཞི་བར་བྱེད། གནས་ལུགས་ཀྱི་ངང་ལ་བཞག་པས་གཏི་མུག་གི་གཉེན་པོར་འགྲོ། ཀླུ་གདོན་དང་ནད་བྱིང་ཅན་ཞི་བར་བྱེད་དོ། །དེ་ཡང་ལུས་གཟན་དུ་བསྐྱུར་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། དེ་སེམས་ཅན་གྱི་དོན་དུ་གཏོང་བས་ཚུལ་ཁྲིམས། ཁོང་ཁྲོ་མེད་པར་གཏོད་པས་བཟོད་པ། ཡང་དང་ཡང་དུ་གཏོང་བས་
༡༦༣ བརྩོན་འགྲུས། མ་ཡེངས་པར་གཏོང་བས་བསམ་གཏན། རྗེས་གནས་ལུགས་སྟོང་པ་ཉིད་ཀྱི་ངང་དུ་འཇོག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཉིས་པ་བྱེ་བྲག་ཏུ་གཟན་ལ་བསྐྱུར་བ་ནི། །རང་གི་མིག་ལྟ་བུ་ན་ན། མིག་ན་བའི་སེམས་ཅན་སྙིང་རེ་རྗེ། དེ་རྣམས་ཀྱི་མིག་ནད་ཞི་པར་བྱེད་པའི་ཆེད་དུ། བདག་གི་མིག་སྦྱིན་པ་བཏང་དགོས་སྙམ་དུ་བསྒོམ་ལ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་མདུན་དུ་བྱུང་བར་བསམ་སྟེ། རང་གི་མིག་སྦྱིན་པར་བཏང་ལ། སེམས་གང་དུའང་མི་རྟོག་པར་འཇོག་པ་གོང་དང་འདྲའོ། །དེ་བཞིན་དུ་ལག་པ་ལ་སོགས་པ་གང་ན་བ་ལ་བྱའོ། །ལྔ་པ་ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བ་ནི། དེ་ལྟར་ཉམས་སུ་ལེན་པ་ལ་ལྷ་འདྲེའི་བར་ཆད་འོང་ཏེ། དེ་ཡང་རབ་གཟུགས་སྟོན་པའི་ཆོ་འཕྲུལ་དང་། འབྲིང་སྐད་འདོན་པའི་ཆོ་འཕྲུལ་དང་། ཐ་མ་འདྲེས་གནོན་པའི་ཆོ་འཕྲུལ་དང་། རྨི་ལམ་གྱི་ཆོ་འཕྲུལ་དང་བཞི་འབྱུང་ངོ་། །དེ་རྣམས་རབ་ཀྱིས་གནས་ལུགས་ཀྱི་སྟེང་དུ་བཞག་པ་ནི། ལྷ་འདྲེའི་ཆོ་འཕྲུལ་དེ་རྣམས་གང་བྱུང་ཡང་། རང་གི་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱས་ལ། ཆོ་འཕྲུལ་ཡིད་ལ་མི་བྱེད། ཤེས་པ་རང་ལུགས་སུ་ལྷོད་ཀྱིས་གློད་ལ། འབོལ་ལེ། ཤིག་གེ་བཞག་པས། ལྷ་འདྲེའི་ཆོ་འཕྲུལ་ཐམས་ཅད་རང་ཞི། རང་གྲོལ་ནས་སླར་ཆོས་ཉིད་ཀྱི་གྲོགས་སུ་འཆར་རོ། །འབྲིང་གི་ལུས་སེམས་དབྲལ་བ་ནི། ལྷ་འདྲེའི་ཆོ་འཕྲུལ་དེ་རྣམས་གང་བྱུང་ཡང་། །ལུས་སེམས་ཤག་གིས་ཕྲལ་ནས། སེམས་ནམ་མཁའ་ལ་བུན་གྱིས་བཏང་ནས། ཤེས་པ་སྟོང་སངས་ཀྱིས་སོང་ནས། ལྷ་འདྲེའི་ཆོ་འཕྲུལ་སྟོང་སངས་ཀྱིས་འགྲོའོ། །ཐ་མས་ཕུང་པོ་གཟན་དུ་བསྐྱུར་བ་ལ་ལྷ་འདྲེའི་ཆོ་
༡༦༤ འཕྲུལ་དེ་རྣམས་གང་བྱུང་ཡང་། ངའི་ལུས་འདི་འདོད་ན་ད་ལྟ་ཁྱེར་ཞིག་སྙམ་དུ་བསམ་ནས། ལུས་ལིངས་ཀྱིས་བསྐྱུར་ལ། སེམས་རང་ལུགས་སུ་ལྷོད་ཀྱིས་གློད་ནས་བཞག་པས། །ཤེས་པ་སྟེང་སངས་ཀྱིས་སོང་ནས། ལྷ་འདྲེའི་ཆོ་འཕྲུལ་སྟོང་སངས་ཀྱིས་འགྲོ་བར་འགྱུར་རོ། །མདོར་ན་ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་སོང་བ་ནི། ལྷ་འདྲེའི་ཆོ་འཕྲུལ་གང་བྱུང་ཡང་དགེ་སྦྱོར་གྱི་གྲོགས་སུ་ཤེས་ན། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བའོ། །དེ་ལྟར་མ་ཤེས་པ་ཆོ་འཕྲུལ་རང་རྒྱུད་དུ་བཟུང་ན། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་སོང་བའོ། །གལ་ཏེ་ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་སོང་ན་གདམས་པ་ལ་ནན་ཏན་བྱ་ཞིང་། ཤེས་རབ་ཀྱིས་རང་བཞིན་མེད་པར་གཏན་ལ་དབབ་བོ། དྲུག་པ་ལུས་དང་སེམས་ཀྱི་འཕྲལ་གྱི་བར་ཆད་ཞི་བར་བྱ་བ་ནི། བླ་མའི་ཞལ་ལས་ཤེས་སོ། བདུན་པ་གཅོད་ཀྱི་དམ་ཚིག་བསྟན་པ་ནི། ཐུན་མོང་བའི་དམ་ཚིག་སྡིག་པ་མི་དགེ་བ་བཅུ་སྤང་ཞིང་སེམས་ཅན་གྱི་དོན་དུ་དགེ་བ་བཅུ། ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་བསྒྲུབ་པར་བྱའོ། །ཁྱད་པར་གྱི་དམ་ཚིག་ནི། བོན་ཆོག་དང་། སྨན་དཔྱད་དང་། འདྲེ་བརྡུང་རྣམས་དུས་དང་རྣམ་པ་ཐམས་ཅད་དུ་མི་བྱའོ། །བརྒྱད་པ་ཉམས་སུ་བླངས་པའི་འབྲས་བུ་བསྟན་པ་ནི། གནས་སྐབས་ཀྱི་འབྲས་བུ། ཐོགས་བཅས་ཀྱི་བདུད་དང་། ཐོགས་མེད་ཀྱི་བདུད་དང་། དགའ་བྲོད་ཀྱི་བདུད་དང་། སྙེམས་བྱེད་ཀྱི་བདུད་རྣམས་ཞི་ནས་ལུས་ན་ཚ་ལས་གྲོལ། སེམས་སྡུག་བསྔལ་ལས་གྲོལ་ཏེ་མཐར་ཐུག་སྐུ་གསུམ་གྱི་རང་བཞིན་དུ་སངས་རྒྱས་པར་འགྱུར་རོ། །མ་གཅིག་ཇོ་མོའ་གདམས་ངག་ཕ་རོལ་ཏུ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་ལས་ཁྱད་པར་གྱི་ལེ་ལག་བརྒྱད་པ་ཞེས་བྱ་བ་ཨི་ཏི།། །།

རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ

༢༧༡ རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སྟོ་ཏྲ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ། རྡོ་རྗེ་མཁའ་སྤྱོད་མ་ལ་ཕྱག་འཚལ་ལོ། །ཧྲཱིཿལས་གྱུར་བའི་མཁའ་སྤྱོད་ནི། །ཉོན་མོངས་གདུང་བ་སེལ་བའི་ཕྱིར། །མཁའ་ལ་དྲི་མེད་པད་ཟླའི་སྟེང་། །ལང་ཚོ་ཤིན་ཏུ་མཛེས་པ་ལ། །བཅུ་དྲུག་ལོན་པ་ལྟ་བུའི་ཚུལ། །འཁོར་བའི་སྐྱོན་གྱིས་མ་གོས་ཕྱིར། །སྟོན་ཟླའི་མདོག་ལྟར་འོད་ཟེར་འཕྲོ། །མ་རིག་གཉིད་ལས་སད་མཛད་ཕྱིར། གྲགས་སྟོང་ཧཱུྃ་དང་ཕཊ་སྒྲ་སྒྲོག །བདེ་དང་སྟོང་པ་ལྷན་ཅིག་སྐྱེས། །གཉིས་སུ་མེད་པའི་ཟུང་འཇུག་ཐུགས། །མཁའ་ལ་སྤྱོད་ཕྱིར་ཞབས་གཉིས་ནི། །རྒྱབ་ནས་ཕྲག་པ་གཉིས་ལ་བཀལ། །འགྲོ་རྣམས་མཁའ་སྤྱོད་འདྲེན་པའི་ཕྱིར། །བྷ་ག་རྒྱས་ཤིང་ཤིན་ཏུ་ཡང་། །ཐབས་ཤེས་གཉིས་སུ་མེད་པའི་ཕྱིར། །སྐུ་སྨད་རུས་པའི་རྒྱན་དང་བཅས། །ཆགས་ཤིང་བདེ་བ་རྒྱས་པའི་ཕྱིར། །སྐུ་ཤ་རྒྱས་ཤིང་ནུ་མ་འབུར། །མ་རིག་རྩད་ནས་གཅོད་པའི་ཕྱིར། །ཕྱག་གཡས་གྲི་གུག་མཁའ་ལ་འཕྱར། །གཉིས་མེད་བདུད་རྩི་འཛག་པའི་ཕྱིར། །ཕྱག་གཡོན་ཐོད་པ་མཁའ་ལ་འཛིན། །འགྲོ་བའི་དོན་ལ་དགྱེས་མཛད་ཕྱིར། །ཞལ་ནི་འཛུམ་ཁྲོ་དག་དང་ལྡན། །ཕྱོགས་བཅུའི་སངས་རྒྱས་གཟིགས་པའི་ཕྱིར། །སྤྱན་གསུམ་མཁའ་ལ་དྲག་ཏུ་གཟིགས། །སྐུ་ལྔ་ཡོངས་སུ་རྫོགས་པའི་ཕྱིར། །དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན། །ཆོས་ཉིད་འགྱུར་བ་མེད་པའི་ཕྱིར། །དབུ་སྐྲ་མཐོན་མཐིང་ཤིན་ཏུ་གནག །ཉོན་མོངས་བག་ཆགས་བརྙིལ་བའི་ཕྱིར། །རུས་བཅས་ལྕང་ལོས་སྐུ་སྟོད་ནོན། །སྒེག་པའི་ཉམས་དང་ལྡན་པའི་ཕྱིར། །འགྱིང་ཚུལ་དར་གྱི་ཅོད་པན་མཛེས། །ཡོན་ཏན་ཀུན་གྱིས་བརྒྱན་པའི་ཕྱིར། །དབུ་རྒྱན་སྙན་ཆ་དཔུང་རྒྱན་དང་། །
༢༧༢ མགུལ་རྒྱན་དོ་ཤལ་དོ་ཤལ་ཕྱེད། །ཕྱག་གདུབ་ཞབས་གདུབ་རྒྱན་རྣམས་ནི། །རིན་པོ་ཆེ་ཡིས་རབ་ཏུ་སྤྲས། །རྣམ་རྟོག་སྤངས་ཕྱིར་མི་མགོའ་ཕྲེང་། །བརྒྱ་ཕྱེད་དག་གིས་ག་ཤལ་བྱས། །ཉོན་མོངས་བུད་ཤིང་བསྲེག་པའི་ཕྱིར། །མེ་རི་དཀར་པོའ་གསེབ་ན་བཞུགས། །སྒྱུ་མའི་དོན་དང་ལྡན་པའི་ཕྱིར། །འཇའ་འོད་ཚོགས་ཀྱིས་ཀུན་ནས་བསྐོར། །མཁའ་སྤྱོད་མ་ལ་ཕྱག་འཚལ་བསྟོད། །དད་བརྩོན་དམ་ཚིག་ལྡན་པ་ཡིས། །མཆོད་བསྟོད་གསོལ་བ་བཏབ་གྱུར་ན། །ཡང་དག་མཁའ་སྤྱོད་གནས་སུ་ནི། །འདྲེན་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །མདུན་གྱི་མཁའ་ལ་ལྷ་མོ་ཁྱོད་བཞུགས་ནས། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པ་དང་། །བེམསབེམ་རིག་བྲལ་ཚེ་བར་གཅོད་མེད་པ་རུ། །ཡང་དག་མཁའ་སྤྱོད་གནས་སུ་དྲང་དུ་གསོལ། །མཁའ་སྤྱོད་མ་དཀར་མོའ་བསྟོད་པ། པཎྜི་ཏ་དཱི་པཾ་ཀ་རས་མཛད་པ་རྫོགས་སོ། །པཎྜི་ཏ་དེ་ཉིད་དང་། ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར་པའོ། །

༄༅། ཁྲིད་བརྒྱའི་པོད་དབང་བྱེད་ཚུལ་བླ་མའི་ཞལ་ཤེས་ཡི་གེར་བཀོད་པ་བྱིན་རླབས་ཀྱི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །

༣༧༥ ཁྲིད་བརྒྱའི་བོད་དབང་བྱེད་ཚུལ་བླ་མའི་ཞལ་ཤེས་ཡི་གེར་བཀོད་པ་བྱིན་རླབས་ཀྱི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ།། །
༣༧༦ ན་མོ་གུ་ར་བེ། ཟབ་ཁྲིད་བརྒྱ་རྩ་བརྒྱད་ཀྱི་བོད་དབང་བྱ་ཚུལ་ལ། མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། སོགས་ཀྱིས་གསོལ་བ་ལན་གསུམ་བཏབ། སློབ་མ་ལྷར་བསྐྱེད་ཅིང་བསྒོམ་དུ་གཞུག །སློབ་དཔོན་གྱི་ལག་ཏུ་ཁྲིད་བརྒྱའི་གླེགས་བམ་ཐོགས་ཏེ། འདི་སྐད་བརྗོད། སློབ་དཔོན་བརྒྱུད་པའི་ཆུ་བོ་ཀུན་འདུས་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའ་སྡེར་གསལ་བ་ལ་ཁྱེད་རང་གིས་མོས་གུས་དུང་པ་བྱས་པའི་རྐྱེན་གྱིས། སློབ་དཔོན་གྱི་དཔྲལ་བའི་ༀ་ལས་ༀ་ཡིག་དཀར་པོས་སྣ་དྲངས་པའི་ཨཱ་ལི་ཀཱ་ལིའི་ཕྲེང་བ་མུ་ཏིག་དཀར་པོ་བསྟར་ལ་རྒྱུས་པ་ལྟ་བུ་འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་བ་བདུད་རྩི་དཀར་པོའ་རྒྱུན་དང་བཅས་པ་བྱུང་ཏེ། ཁྱེད་རང་གི་སྤྱི་བོ་ནས་ཞུགས། བདེ་ཆེན་འཁོར་ལོའ་རྩ་འདབ་ཐམས་ཅད་ཁྲིགས་མེར་གྱིས་གང་། སྡིག་ལྟུང་ཉམས་ཆགས་སྤྱི་དང་། ལུས་ཀྱི་སྒོ་ནས་དམིགས་པ་བསྒོམ་པ་དང་ལམ་ཉམས་སུ་ལེན་པ་ལ་བར་དུ་གཅོད་པའི། ཕྱི་ནང་གི་ཉེས་པ་མཐའ་དག་རང་སར་བྱང་ཞིང་དག །འཁྲིད་ཚུལ་མི་འདབ་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་ལུས་ཀྱི་ལྟ་སྟངས་དང་། འཁྲུལ་འཁོར་དང་། ཕུང་ཁམས་སྐྱེ་མཆེད་ལྷར་གསལ་འདེབས་པ་སོགས་རྡོ་རྗེའི་ལུས་ལ་གནད་དུ་
༣༧༧ བསྣུན་པའི་ལམ་ཡོངས་སུ་རྫོགས་པ་དུས་འདི་ཉིད་དུ་རྟེན་འབྲེལ་བསྒྲིགས་ཤེས་ཀྱི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་ནས་ཐུགས་རྒྱུད་ལ་མི་འགྱུར་བའི་གཟེར་ཆེན་པོ་ཐོབ་བྱུང་སྙམས་པའི་མོས་པ་མཛོད། ཁྲིད་བརྒྱའི་གླེགས་བམ་མགོ་ཐོག་ཏུ་བཞག །སྤོས་རོལ་བྱ་ཞིང་། ཨཱ་ལི་ཀཱ་ལི་རྟེན་སྙིང་བཅས་པ་ལན་གསུམ་བརྗོད་ནས་མེ་ཏོག་འཐོར། ཡང་སློབ་དཔོན་གྱི་མགྲིན་པའི་ཨཱཿལས་ཨཱཿཡིག་དམར་པོས་སྣ་དྲངས་པའི་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་བྱེ་རུའི་རྡོག་མ་བསྟར་ལ་བརྒྱུས་བ་ལྟ་བུ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་བདུད་རྩི་དམར་པོའ་རྒྱུན་དང་བཅས་པ་བྱུང་སྟེ་ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ལོངས་སྤྱོད་འཁོར་ལོའ་རྩ་འདབས་ཐམས་ཅད་ཁྲིག་མེར་གྱི་གང་། སྡིག་ལྟུང་ཉམས་ཆགས་སྤྱི་དང་། ངག་གི་སྒོ་ནས་སྔགས་བཟླ་བ་སྲོག་རྩོལ་བསྒོམ་པ་ལ་སོགས་པ་ལ་བར་དུ་གཅོད་པའི་ཕྱི་ནང་གི་ཉེས་པ་མཐའ་དག་རང་སར་བྱང་ཞིང་དག །འཁྲིད་ཚུལ་མི་འདྲ་བ་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས། ངག་གི་གསོལ་འདེབས་བཟླས་བརྗོད་གཏོང་ལེན་སོགས་དང་། རླུང་གི་རྣལ་འབྱོར་ཕྲ་རགས་ལ་གནད་དུ་བསྣུན་པའི་ལམ་ཡོངས་སུ་རྫོགས་པ་དུས་འདི་ཉིད་དུ་རྟེན་འབྲེལ་བསྒྲིགས་ཤེས་ཀྱིས་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་ནས། ཐུགས་
༣༧༨ རྒྱུད་ལ་མི་འགྱུར་བའི་གཟེར་ཆེན་པོ་ཐེབ་བྱུང་སྙམས་པའི་མོས་པ་མཛོད། གླེགས་བམ་མགྲིན་པར་བཞག །སྔར་ལྟར་སྤོས་རལ་བྱ། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་པོས་སྣ་དྲངས་པའི་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་།།།་ཡི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུ་འོད་ཟེར་ཁ་དོག་ལྔ་འཕྲོ་བ། བདུད་རྩི་སྔོན་པོའ་རྒྱུན་དང་བཅས་པ་བྱུང་སྟེ། ཁྱེད་རང་གི་སྙིང་ཁ་ནས་ཞུགས། ཆོས་ཀྱི་འཁོར་ལོའ་རྩ་ཨ་བ་དྷུ་ཏི་དང་བཅས་པ་ཁྲིག་མེར་གྱིས་གང་། སྡིག་ལྟུང་ཉམས་ཆགས་སྤྱི་དང་སེམས་ཀྱི་སྒོ་ནས་ཏིང་ངེ་འཛིན་ཕྲ་རག་གི་ལམ་ཉམས་སུ་ལེན་པ་ལ་བར་དུ་གཅོད་པའི་ཕྱི་ནང་གི་ཉེས་པ་མཐའ་དག་རང་སར་བྱང་ཞིང་དག །འཁྲིད་ཚུལ་མི་འདྲ་བ་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་མོས་གུས་ཞེན་ལོག་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པ་དང་། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་དང་། བརྗོད་བྲལ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་དེ་ཁོ་ན་ཉིད་ལ་གནད་དུ་བསྣུན་པའི་ལམ་ཡོངས་སུ་རྫོགས་པ་དུས་འདི་ཉིད་དུ་རྟེན་འབྲེལ་བསྒྲིགས་ཤེས་ཀྱི་ཚུལ་གྱིས་ཁོང་དུ་ཆུད་ནས་ཐུགས་རྒྱུད་ལ་མི་འགྱུར་བའི་གཟེར་ཆེན་པོ་ཐེབ་བྱུང་སྙམས་པའི་མོས་པ་མཛོད། གླེགས་བམ་སྙིང་ཁར་བཞག །སྔར་ལྟར་སྤོས་རོལ་བྱ། མཐར་སློབ་དཔོན་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའ་སྡེར་གསལ་བའི་སྐུ་ཡི་གནས་གསུམ་ལས་རང་འདྲ་ཐེབ་སོར་ཙམ་གསུམ་འོད་ཟེར་སྣ་ལྔའི་གུར་ཁྱིམ་དང་བཅས་ཏེ་ནང་གྱིས་ཆད་ནས་ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་ཟབ་ཁྲིད་བརྒྱ་རྩ་བརྒྱད་ཀྱི་ཚིག་དོན་མཐའ་ངག་མ་འཁྲུལ་བར་ཉམས་སུ་ལེན་པ་ལ། སྨིན་པར་བྱེད་པ་དབང་གི་བཀའ་དང་། གྲོལ་བར་བྱེད་པ་ཁྲིད་ཀྱི་བཀའ་སོགས་བརྒྱུད་པ་ཀུན་འདུས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའ་སྡེ་ལ་ཇི་ལྟར་མངའ་བ་ཐམས་ཅད་བུམ་པ་གང་བྱོར་དུས་འདི་ཉིད་དུ་རྟེན་འབྲེལ་བསྒྲིགས་ཤེས་ཀྱི་བྱིན་རླབས་དོན་གྱི་
༣༧༩ འཕོ་བ་ཆིག་བརྒྱུད་ཀྱི་ཚུལ་དུ་ཐོབ་བྱུང་སྙམས་པའི་མོས་པ་མཛོད། གླེགས་བམ་སྤྱི་མགྲིན་སྙིང་ཁ་གསུམ་དུ་བཞག་ནས། ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་བརྗོད་སྤོས་རོལ་བྱ་ཞིང་། མདོ་རྒྱུད་གཞུང་ལུགས་རྒྱ་མཚོ་བསྲུབ་པའི་སྙིང་། །ཟབ་ཁྲིད་བརྒྱ་རྩ་བརྒྱད་ཀྱི་ནོར་བུའི་ཕྲེང་། །སྐལ་ལྡན་སློབ་བུའི་བློ་གྲོས་མཛེས་རྒྱན་དུ། །བརྒྱུད་པའི་བྱིན་རླབས་ཆུ་བོ་མ་ནུབ་ཅིང་། །མ་དང་མཁའ་འགྲོའི་ཞལ་རླངས་མ་ཡལ་བར། །བླ་མ་ཀུན་འདུས་རྗེ་བཙུན་གྲོལ་མཆོག་དང་། །ཡི་དམ་ཀུན་འདུས་པ་དེ་དགྱེས་གསང་གསུམ་སོགས། །མཆོག་གསུམ་ངམ་པའི་བྱིན་རླབས་བདེན་སྟོབས་ཀྱིས། །སྐལ་ལྡན་སློབ་མ་ཁྱོད་ལ་འཇུག་གྱུར་ཅིག །རྒྱལ་མཚན་རྩེ་མོ་སོགས་ཤློ་ཀ་གཅིག་དང་། མི་འགྱུར་ལྷུན་པོ་སོགས་ཤློ་ཀ་གཅིག་དང་། འབད་དང་རྩོལ་བ་སོགས་ཤློ་ཀ་གཅིག་གི་ཤིས་བརྗོད་བྱ་ཞིང་མེ་ཏོག་འཐོར་རོ། །རྗེས་གཙོ་བོས་ཇི་ལྟར་སོགས་སྤྱི་དང་འདྲ། དེ་ལྟར་ཁྲིད་བརྒྱའི་སྐབས་རྗེ་བཙུན་གྲལ་མཆོག་ཞབས་ཀྱི་ཕྱག་བཞེས་སུ་སྙིང་པོ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་ནས། དེ་རྗེས་ཁྲིད་ཚུལ་རེ་རེས་གཞུང་བཞིན་འཁྲིད་པར་མཛད་མོད། དུས་ཕྱིས་ནས་དབང་ལྟ་ཅི། དཔེ་ལུང་ཙམ་སྒྲོགས་པ་ལས། ཁྲིད་ཕལ་ཆེར་རབ་ཆད་དུ་སོང་ཞིང་། ཁྲིད་རྒྱུན་ཡོད་པར་རློམས་པ་རེ་གཉིས་ཀྱང་བཤད་ལུང་ཙམ་ལས་ཚད་ལྡན་མི་སྣང་ཡང་། རྗེ་ཀཿཐོག་པའི་རྗེས་སུ་བོད་དབང་བསྐུར་བའི་རྒྱུན་འདི་བྱུང་། འདི་ཁོ་ནས་ཁྲིད་བརྒྱའི་དབང་ཁྲིད་མཐའ་དག་མ་ཚང་བ་མེད་པར་ཐོབ་པར་འདོད་པ་ནི་ཧ་ཅང་ཆོས་ལ་དབང་ཟ་བའི་ཐལ་ཆེ་ཞིང་། འོན་ཀྱང་ཁྲིད་ལུང་རྫོགས་པར་ཉན་ནས་དེའི་མཇུག་ཏུ་མཛད་པར་སྣང་བས། རྗེ་གྲོལ་མཆོག་རང་གི་བཞེད་པ་ཡིན་མིན་ཇི་ལྟར་རུང་། འགལ་བ་མེད་ཅིང་ཕྱག་ལེན་གཙང་བྱེད་དུ་མཐོང་ནས། རང་གི་བླ་མ་ལས་ཇི་ལྟར་ཐོབ་པ་ལྟར་ཡི་གེར་བཀོད་པའོ། །ཞེས་པ་འདིའང་རྒྱལ་ཁམས་ཀྱི་བྱ་བྲལ་བ་རིན་ཆེན་མང་ཐོས་བློ་གསལ་བསྟན་སྐྱོང་གིས་སྒྱུར་བྱེད་ཀྱི་ལོ་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་རྒྱས་བ་གསུམ་པའི་ཉིན་རྗེ་བཙུན་བརྩེ་བ་ཆེན་པོར་འཇམ་དབྱངས་ཞལ་གཟིགས་ཀྱི་སྒྲུབ་གནས་
༣༨༠ དཔལ་ས་སྐྱའི་རྡོ་རྗེ་ཕུག་གི་ཡང་དབེན་བླ་བྲང་ཤར་དུ་སྦྱར་བའོ། །སརྦ་མངྒ་ལཾ།། །།

@#/_/byang chub kyi sems kun byed rgyal po'i don khrid rin chen gru bo zhes bya ba bzhugs/

༢༤༩བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོ་ཞེས་བྱ་བ་བཞུགས།
༢༥༠གདོད་ནས་རབ་ཞི་མཁའ་ལྟར་འདུས་མ་བྱས། །དབྱིངས་དང་ཡེ་ཤེས་གཉིས་མེད་འདུས་མ་བྱས། །ཡོད་མེད་ཕྱོགས་བྲལ་རྒྱ་ཆད་འཕོ་འགྱུར་མེད། །ཐོག་མའི་མགོན་པོ་ཀུན་བྱེད་ཁྱེད་ལ་འདུད། །ཆོས་ཀུན་སྙིང་པོ་སེམས་ཉིད་མངོན་སུམ་ལམ། །མ་བགྲོད་མ་སྦྱངས་ད་ལྟར་མངོན་སངས་རྒྱས། །ལྷུན་རྫོགས་ཀུན་བྱེད་ཐེག་པའི་ཡང་རྩེའི་དོན། །ཁྲིད་དུ་བསྡེབས་ཏེ་ཕྱི་རབས་དོན་ཕྱིར་བཤད། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེས། ཆོས་ཀྱི་སྣོད་དང་ཐེག་པའི་རྣམ་གྲངས་དཔག་ཏུ་མེད་པ་ཞིག་གསུངས་པ་དག་ཀྱང་། གདུལ་བྱའི་དབང་པོ་དང་འཚམས་པར་བསྟན་ལ། ཕལ་ཆེར་དྲང་བའི་དོན་ལ་བསྟན་པ་ཙམ་ལས། ངེས་པའི་དོན་ཕྱོགས་གཅིག་ཏུ་གསུངས་པ་ནི་མེད་དེ། རྩ་བའི་རྒྱུད་ལེའུ་སུམ་ཅུ་གསུམ་པ་ལས། སྐུ་གསུམ་སྟོན་པས་སོ་སོར་བསྟན་པ་ཡང་། །དེ་བཞིན་ཉིད་ལ་དྲང་བའི་ལུང་བསྟན་ཡིན། །ཞེས་པ་དང་། ཕྱི་མའི་རྒྱུད་ལེའུ་དྲུག་ཅུ་རྩ་བཞི་པ་ལས་ཀྱང་། འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱིས། །རང་རང་དགའ་བའི་ལས་ལ་གཟུང་པའི་ཕྱིར། །ལམ་གྱི་ཁྱད་པར་བགྲོད་དུ་ཡོད་པར་བསྟན། །བློ་ཆུང་བརྒྱུད་ནས་
༢༥༡དོན་ལ་འདྲེན་པའི་ཕྱིར། །དྲང་བའི་ལུང་དུ་ང་ཡིས་རྟོགས་པ་ཡིན། །ཞེས་པ་དང་། བཅོས་སུ་མེད་པའི་ལེའུ་ལས། དེ་བཞིན་ཉིད་ལས་འཆོལ་བར་བྱེད་པ་ཡི། །སྟོན་པས་བདེན་ཚུལ་ཇི་ལྟར་བསྟན་པ་དག །ངེས་ལུང་མ་ཡིན་དྲང་ལུང་ཡིན། །ཞེས་པས། ཉན་ཐོས་ནས་ཨ་ནུའི་བར་གྱི་ཐེག་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་འཇུག་པའི་སྒོའི་ཕྱིན་སར་བསྟན་པའི་ཐབས་ཙམ་ལས། དེ་ཉིད་དངོས་སུ་བསྟན་པ་ནི་མ་ཡིན་ཏེ། གོལ་སྒྲིབ་ལས་འདས་པའི་ཕྱིར་རོ། །འདི་སྐད་དུ། རྩ་བའི་རྒྱུད་ལེའུ་སུམ་ཅུ་རྩ་བརྒྱད་པ་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འཁོར་གྱི་སྟོན་པ་རྣམ་གསུམ་གྱི། །བསྟན་པ་གསུམ་གྱིས་གོལ་སྒྲིབ་ཏེ། །དེ་ཡང་ཇི་ལྟ་བུ་ཞེ་ན། །ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །ཞེས་སོ། །ཐེག་པ་འོག་མ་དེ་དག་གི་དོན་ལ་གོམས་པར་བྱས་ཀྱང་ཚེ་འདི་ཉིད་ལ་ཀུན་བྱེད་ཀྱི་དོན་མི་མཐོང་ཞིང་འགལ་བར་བསྟན་ཏེ། ཕྱི་མའི་རྒྱུད་སྐྱེ་བ་མེད་པའི་ལེའུ་ལས། ཀྱེ་ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར། །སོ་སོར་བསྟན་པའི་ལུང་ལ་ཡིད་འཐད་ཅིང་། །སྐུ་གསུམ་སྟོན་པའི་དོན་ལ་གང་འགལ་བ། །ཀུན་
༢༥༢བྱེད་ང་ཡི་དོན་དང་ཤིན་ཏུ་འགལ། །ཞེས་གསུངས་སོ། །དེ་བས་ངེས་པའི་དོན་འབའ་ཞིག་མངོན་དུ་སྟོན་པའི་དུས་གསུམ་རྒྱལ་བས་དུས་གསུམ་དུ་མ་གསུངས་པ་ཉིད། སྟོན་པ་ཀུན་བྱེད་ཀྱིས་གསུངས་ཏེ། ཕྱི་མ་ཕྱི་མའི་རྒྱུད་ལེའུ་བརྒྱད་ཅུ་རྩ་བཞི་པ་ལས། ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ཐེག་པའི་རྩ་བ་ཆོས་ཀྱི་སྙིང་པོའི་ལུང་། །སྐུ་གསུམ་སྟོན་པས་མ་གསུངས་རྒྱ་ཆེ་བ། །སྐྱེ་བ་མེད་པ་སྟོན་པའི་སེམས་རྒྱུད་འདི། །དུས་གསུམ་རྒྱལ་བ་སྔ་མས་མ་གསུངས་ཏེ། །ཕྱི་མས་མི་གསུངས་ད་ལྟ་སྟོན་མི་མཛད། །ཀུན་བྱེད་རྒྱལ་པོ་འཕོ་འགྱུར་མི་མངའ་བས། །སྔར་ཡང་གསུངས་ཤིང་ཕྱིས་ཀྱང་གསུང་འགྱུར་བ། །ད་ལྟ་བྱུང་བར་གསུངས་པ་སྐལ་ལྡན་ལ། །ངེས་པར་བསྟན་པས་འབད་མེད་གྲོལ་བའི་ལུང་། །མདོ་རྒྱུད་མངོན་དུ་བསྟན་པའི་བཀའ་བརྒྱུད་འདི། །མི་འཕེལ་མི་ནུབ་སྙིང་པོ་འཛིན་པ་ལ། །ཀུན་བྱེད་རྒྱལ་པོ་ངེས་པར་ཁྱོད་ལ་བསྟན། །ཞེས་སོ། །དེ་ལྟ་བུའི་ཀུན་བྱེད་ཆོས་ཐམས་ཅད་དང་ཐེག་པ་ཀུན་གྱི་སྙིང་པོའི་དོན་གཅིག་ཏུ་འདུས་པ་ཡིན་ཏེ། ཕྱི་མའི་རྒྱུད་ལེའུ་བདུན་ཅུ་རྩ་དགུ་པ་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་བཅོས་འཁོར་བའི་ནང་དུ་ལུང་བསྟན་པ། །མ་བཅོས་སྙིང་པོའི་ཆོས་ཀུན་རྩ་བ་ལས། །ཇི་ལྟར་སྣང་བ་གཏན་ལ་འབེབས་པར་བྱེད། །སྙིང་པོ་རང་བཞིན་གཅིག་གི་དོན་རྟོགས་ནས། །ཀུན་གྱི་རང་བཞིན་ཀུན་བྱེད་ཉིད་དུ་འདུས། །དེས་ན་ཀུན་བྱེད་ང་ཡི་དོན་མཁས་ན། །བསམ་མི་ཁྱབ་པའི་དོན་ལ་མཁས་པར་འགྱུར། །ཀུན་བྱེད་ང་ཡི་དོན་ལ་མཁས་གྱུར་ན། ཀུན་བྱེད་དོན་ལ་མཁས་ཤིང་གོམས་པ་ཡིན། །ཞེས་གསུངས་སོ། །དེ་ཉིད་ཐེག་པ་ཀུན་གྱི་སྙིང་པོའི་དོན་ལ་གཅིག་ཏུ་བསྡུས་པའི་ཉིང་ཁུ་ཡིན་ཏེ། རྩ་བའི་རྒྱུད་ལེའུ་སུམ་ཅུ་པ་ལས། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཐེག་པ་ཀུན་གྱི་ཡང་སྙིང་ཡིན་པར་བཤད། །སྟོན་པ་གསུམ་གྱིས་གནས་པའི་ཐེག་པ་གསུམ། །ངེས་པར་གནས་པ་ཐེག་པ་གཅིག་ལས་མེད། །གཅིག་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས། །དེ་ནི་ཐེག་པ་ཀུན་གྱི་ཡང་སྙིང་
༢༥༣བཤད། །ཅེས་སོ། །དེ་ལྟར་ཐེག་པ་བརྒྱད་ལས་འདས་པའི་ཡང་རྩེ་རྫོགས་པ་ཆེན་པོ་ཀུན་བྱེད་ཨ་ཏིའི་ཐེག་པ། སྙིང་པོ་དོན་གྱི་གདམས་པ་འདི་ལ་གསུམ་སྟེ། སྟོན་བྱེད་སློབ་དཔོན་གྱི་རང་བཞིན། བསླབ་བྱ་སློབ་མའི་མཚན་ཉིད། བླང་བྱ་མན་ངག་གི་རང་བཞིན་ནོ། །དང་པོ་ནི། ཕྱི་ནང་གི་ཆོས་དང་གྲུབ་པའི་མཐའ་ལ་མཁས་ཤིང་། ཁྱད་པར་ཨ་ཏིའི་དགོངས་པ་ལ་མངའ་བརྙེས་པས། སློབ་མའི་རྒྱུད་ལ་སྙིང་པོའི་དོན་དེ་ཉིད་རྟོགས་པར་བྱེད་པ་ཡང་དག་པའི་ལམ་སྟོན་པ་ལ་མཁས་ཤིང་། འཇིག་རྟེན་གྱི་ཆོས་དང་མཚན་མའི་རྣམ་པར་གཡེང་བས་མ་གོས་པ་བརྟེན་པར་བྱས་ཤིང་། འབྱོར་པ་ཐམས་ཅད་ཀྱིས་བླ་མ་དང་ཡི་དམ་ཉིད་མཉེས་པར་བྱ་བ་ཡིན་ཏེ། རྩ་བའི་རྒྱུད་ཉི་ཤུ་རྩ་བདུན་པ་ལས། དེ་བས་གསེར་ལ་ནག་མཚུར་བཏང་བ་ཡི། །སློབ་དཔོན་ཡང་དག་སྟོན་པ་རིན་ཆེན་མཛོད། །རིན་ཐང་དཔག་ཏུ་མེད་པས་བླུ་བར་འོས། །ཞེས་གསུངས་སོ། །དེ་ལས་གཞན་དུ་རང་གཞན་གྱི་གྲུབ་པའི་མཐའ་དང་དོན་ལ་རྨོངས་ཤིང་། དངོས་པོ་དང་མཚན་མར་ཞེན་པས་འདུ་འཛི་དང་གཡེང་བ་ལ་དགའ་བ། སྡོམ་པ་དང་དམ་ཚིག་ཉམས་ཤིང་། དད་ལྡན་འདྲེན་མེད་ལོག་པའི་ལམ་དུ་འཛུད་པ། ཆོས་ཀྱིས་རྙེད་པ་ཚོལ་བ་དེ་ནི་ཨ་ཏིའི་དོན་ལས་ཕྱི་རོལ་ཏུ་གྱུར་པས། ཚིག་ཙམ་གཞན་ལ་ཆོས་སུ་སྟོན་ནའང་། རང་ལ་དེ་ཉིད་རྟོགས་པའི་སྐལ་བ་མེད་པས། སྤྲེའུ་ལྟ་བུའི་ཟློས་པ་དེ་ཉིད་སྤང་བའི་རིགས་སོ། །དེ་སྐད་དུའང་རྣམ་དག་དབྱིངས་ཀྱི་ལེའུ་ལས། བྱིས་པས་བསླུས་པས་ཆོས་སྤྱོད་རྟོག་པའི་ལམ་ལ་བཙུད། །ཕྱིན་པའི་དུས་མེད་རྟོགས་པའི་དུས་མེད་ན། །ཆོས་ཀྱིས་ཆོས་ཚོལ་རྙེད་པར་ག་ལ་འགྱུར། །ཚད་མར་མ་གྱུར་སློབ་དཔོན་སྤྲེའུ་འདྲའི་ལུང་། །བསྟེན་པས་ལམ་ནོར་རྟོག་པས་ཟིན་ཏ་རེ། །ཞེས་གསུངས་སོ། །གཉིས་པ་སྟེན་པར་བྱེད་པའི་ཡུལ་སློབ་མའི་རང་བཞིན་ནི། སྤྱིར་དད་པ་དང་དམ་ཚིག་ལྡན་པ། ངང་རྒྱུད་རིང་ཞིང་སྙིང་རྗེ་ཆེ་བ་དད་པ་བརྟན་ཞིང་གཏོང་ཕོད་ཆེ་བ་སྟེ། ཕྱི་མའི་ཕྱི་མ་རྒྱུད་ཀྱི་ལེའུ་བརྒྱད་ཅུ་རྩ་གསུམ་པ་ལས། །
༢༥༤གཞི་རྩ་ཀུན་འདས་བྱང་ཆུབ་སྙིང་པོའི་རྒྱུད། །དགོངས་པ་མངོན་དུ་ཕྱུང་བའི་ལུང་འདི་ནི། །དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡི་རང་སྐྱོ་དང་ཡིད་ལྡོག་མེད། །ལུས་དང་བུ་དང་ཆུང་མ་བྲན་དང་གཡོག །གང་ལ་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་དད་དང་དམ་ཚིག་བརྟགས་པ་ཡིན། །སྙིང་པོ་དོན་དང་ལྡན་པས་སྦྱིན་པར་བྱ། །ཞེས་སོ། །ཁྱད་པར་འདིའི་ཚིག་དོན་སྦྱིན་པའི་སྣོད་ནི། ང་རྒྱལ་ཆེ་བ་མེད་པས་བླ་མ་ལ་གུས་པ། བཀའ་ལས་མི་འདའ་གསུངས་པ་བཞིན་བྱེད་པ། ལུས་དང་སྲོག་ལ་ཕོངས་པ་མེད་པས་ཞབས་ཏོག་སྒྲུབ་པ། ཚེ་འདི་བློས་བཏང་དམ་བཅའ་བསྒྲུབ་ནུས་པ། དེས་ན་ཇི་སྲིད་འཚོའི་བར་བླ་མའི་བཀའ་བཞིན་བསྒྲུབ་ཅིང་དམ་ལས་མི་འདའ་བའི་མནའ་བསྐྱལ་ནུས་པ་ལ་སྦྱིན་ཏེ། །དེ་ཉིད་ལས། གྲགས་པ་སྤངས་ཤིང་ང་རྒྱལ་དང་བྲལ་བ། །སྙིང་པོའི་དོན་ཕྱིར་ལུས་སྲོག་ཕོངས་པ་མེད། །བཀའ་ལས་མི་འདའ་རྟགས་དང་ལྡན་པ་ལ། །སྙིང་པོ་དོན་དང་སྐྱེ་མེད་བསྟན་པ་སྦྱིན། །གང་གི་སྙིང་པོ་བསྟན་པ་གང་ཐོབ་ན། །འཇིག་རྟེན་མཚན་མས་བདག་ལ་ཅི་བགྱི་སྟེ། །ཐོབ་པ་བདག་གིས་བཀའ་བཞིན་སྒྲུབ་བོ་ཞེས། །དམ་བཅའ་ལེགས་པར་གནས་ན་བཀའ་འདི་སྦྱིན། །ཅི་སྲིད་བདག་དང་སློབ་དཔོན་འཚོ་བ་ཡི། །ལུས་དང་སྲོག་གིས་བྲལ་བ་མ་མཆིས་བར། །ཁྱོད་ཀྱི་བཀའ་བཞིན་སྒྲུབ་ཅེས་མནའ་བོར་ལ། །བསྟན་པའི་སྙིང་པོ་ཀུན་བྱེད་རྒྱལ་པོ་སྦྱིན། །ཞེས་སོ། །དེས་ཀྱང་ཆགས་སེམས་མེད་པར་འབྱོར་པ་ཀུན་གྱིས་བླ་མ་མཆོད་ཅིང་། བླ་མས་ཀྱང་དེའི་ཚོགས་རྫོགས་པའི་ཕྱིར་བཞེད་པ་མེད་ཀྱང་བླངས་ཏེ་དཀོན་མཆོག་ལ་མཆོད་པར་བྱ་སྟེ། །དེ་ཉིད་ལས། མདོར་ན་ལུས་དང་སྲོག་ཀྱང་འབུལ་བྱ་ཞིང་། །རྫས་དང་ཞིང་སུལ་རྐང་འགྲོས་སྨོས་ཅི་དགོས། །གལ་ཏེ་བདག་ལ་དགོས་པར་མ་གྱུར་ནའང་། །དད་པས་བླངས་ཏེ་དཀོན་མཆོག་གསུམ་ལ་འབུལ། །ཞེས་སོ། །གསུམ་པ་བླང་བྱ་མན་ངག་གི་རིམ་པ་ལ་གསུམ་སྟེ། ཡིད་ཆེས་ཤིང་ཁུངས་བཙུན་པ་བརྒྱུད་པའི་རིམ་པ་དང་། དེ་ལས་
༢༥༥བྱུང་བའི་གདམས་པ་དངོས། གསང་ཞིང་བཀའ་རྒྱས་བཏབ་པའོ། །དང་པོ་རྩ་བའི་རྒྱུད་ལེའུ་བཅུ་གསུམ་པ་ལས། ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །ལོ་རྒྱུས་དོན་གྱི་དགོངས་པ་བསྟན་པ་ནི། དང་པོ་ཡིད་ཆེས་ཁུངས་བཙུན་པ་ཡི་ཕྱིར། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པ་ནི། རང་བཞིན་བྱིན་གྱི་བརླབས་པའི་བཤད་ལུགས་དང་། །རང་གི་ངོ་བོ་བསྟན་པའི་བཤད་ལུགས་དང་། །དོན་གྱི་སྒྲ་ཆིག་བསྡེབས་པའི་བཤད་ལུགས་སོ། །ཞེས་པས། དང་པོ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཀློང་། ཡང་དག་དོན་གྱི་འོག་མིན་ཆེན་པོ་ན། །བཅོམ་ལྡན་འདས་ཀུན་བྱེད་རྒྱལ་པོ་དགོངས་པ་དོན་གྱི་ཆོས་ཉིད་ལས་བཞེངས་ཏེ། འོག་མིན་ཁང་བུ་བརྩེགས་པའི་གཞལ་མེད་ཁང་ཆེན་པོར་རིགས་ལྔའི་སངས་རྒྱས་དང་། ཉིད་ཀྱི་ཐུགས་རང་བྱུང་གི་ཡེ་ཤེས་ལས་སྤྲུལ་པའི་སེམས་དཔའ་རྡོ་རྗེ་ལ་བྱིན་རླབས་ཀྱིས་བཤད། དེར་ལོངས་སྤྱོད་རྫོགས་པའི་སྐུར་བྱོན་ཏེ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་རང་གི་ངོ་བོས་གསུངས། དེས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ་སྒྲ་ཚིག་སྡེབ་སྦྱོར་ལེགས་པར་སྦྱོར་བའི་སྒོ་ནས་གསུངས། དེས་སློབ་དཔོན་ཆེན་པོ་ཤྲཱི་སིཾ་ཧ་ལ་དོན་གྱི་དགོངས་པ་གཉིས་སུ་མེད་པར་གསུངས། དེས་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ན་ལ་སྙིང་པོ་མཆོག་ཏུ་གསང་བའི་སྒོ་ནས་གསུངས། དེས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་གཉིས་མེད་ཡེ་ཤེས་ཆེན་པོར་གསུངས། །དེས་ཅོག་རོ་སྐྱེ་བཟང་ལེགས་སྨིན་ལ་དབྱིངས་བྱ་རྩོལ་དང་བྲལ་བར་གསུངས། དེས་འབྲོམ་ལེགས་པའི་བློ་གྲོས་ལ་དོན་སྐྱེ་བ་མེད་པར་གསུངས། དེས་རྦ་རྒྱལ་བའི་དབང་པོ་ལ་གཞི་འཕོ་འགྱུར་མེད་པར་གསུངས། དེས་མཚུར་མཆོག་གི་བླ་མ་ལ་དཔེ་ནམ་མཁའ་ལྟ་བུར་གསུངས། དེས་དྲུང་ཡེ་ཤེས་དབང་པོ་ལ་དགོངས་པ་རྣམ་གཞག་ཆེན་པོར་གསུངས། དེས་ཟུར་པ་རིན་ཆེན་གྲགས་ལ་རང་བཞིན་གཉིས་སུ་མེད་པར་གསུངས། དེས་ལྕེ་དགའ་བའི་དབང་པོ་ལ་ངོ་བོ་གདོད་ནས་དག་པར་གསུངས། དེས་སྙན་རིན་ཆེན་རྩེ་མོ་ལ་སེམས་
༢༥༦ཉིད་གྲུབ་བསལ་མེད་པར་གསུངས། དེས་ཆོས་རྗེ་ཀུན་དགའ་དོན་གྲུབ་ལ་ཆོས་ཉིད་བློ་འདས་ཆེན་པོར་གསུངས། དེས་སློབ་དཔོན་གཞོན་ནུ་དོན་གྲུབ་ལ་རང་བྱུང་བཅོས་སླད་མེད་པར་གསུངས། དེས་དྲུང་ཡེ་ཤེས་དབང་པོ་ལ་དགོངས་པ་རྣལ་བཞག་ཆེན་པོར་གསུངས། །དེས་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ལ་ཡེ་གྲོལ་རྒྱུ་འབྲས་ངེས་པའི་ཚུལ་གྱིས་གསུངས། དེས་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་ལ། དེས་མཚུངས་མེད་ཆོས་རྗེ་རིན་པོ་ཆེ་རཱ་ཛ་ལ་གསུངས་སོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་གསུམ་སྟེ། སྔོན་འགྲོ་བླ་མའི་རྣལ་འབྱོར། དངོས་གཞི་གདམས་པའི་མཚོན་ཚུལ། རྗེས་སྣང་ཉམས་ཀྱི་སྐྱོང་ཐབས་སོ། །དང་པོ་ནི་སེམས་ཉིད་དོན་གྱི་ཡེ་ཤེས་རང་ངོ་ཤེས་པར་བྱ་བ་ནི། བླ་མ་དམ་པ་ལ་རག་ལས་པས། དེ་ཉིད་རྣལ་འབྱོར་དུ་བསྒོམ་པའི་རིམ་པ་སྔོན་དུ་འགྲོ་དགོས་ཏེ། རྩ་བའི་རྒྱུད་ལེའུ་ཉི་ཤུ་རྩ་གསུམ་པ་ལས། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་རིན་ཆེན་ནོར་བུ་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པར་རེ་བ་ཐམས་ཅད་བསྐང་། །བརྟགས་ན་མེད་ལ་བཞག་ན་ལེགས་པར་འབྱུང་པ་ཆེ། །དངོས་སུ་མི་སྣང་ཆགས་པའི་ཆ་ལུགས་ཀུན་ལ་སྟོན། །བདག་དང་གཞན་དུ་བྲལ་བའི་སྟོན་མཁས་རིན་ཆེན་མཛོད། །ཐམས་ཅད་གྲུབ་པའི་ཡུལ་ཞེས་བདག་མེད་སྙིང་རྗེ་བསྟན། །ཞེས་གསུངས་པས། སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་། དམིགས་པ་མེད་པའི་སྙིང་རྗེ་དང་། དོན་དམ་པར་རང་གི་ངོ་བོ་ཡེ་ནས་མ་སྐྱེས་པའི་རྗེས་ལ། རང་གི་ལུས་དང་སེམས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡི་གེ་ཧཱུྃ་མཐིང་གའི་འོད་ཟེར་གྱིས་ཕྱི་དང་ནང་གི་གཟུང་འཛིན་དུ་སྣང་བ་ཐམས་ཅད་འོད་ཟེར་གྱི་དྲྭ་བ་ཆེན་པོས་དག་པར་བྱས་ཏེ་འོག་མིན་གྱི་གནས་ན་ལྷ་དང་ལྷ་མོའི་རང་བཞིན་དུ་བལྟའོ། །དེ་ཉིད་ཀྱི་ངང་ལས་རང་ཉིད་སེམས་དཔའ་རྡོ་རྗེ་མཐིང་ཁ་ཞལ་གཅིག་ཕྱག་གཉིས་པ། སེམས་
༢༥༧དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པ། གཡས་རྡོ་རྗེ་གཏོད་དེ་ཐུགས་ཀར་འཛིན་པ། གཡོན་དྲིལ་བུ་དཀུར་བརྟེན་པ། འཇའ་ཚོན་ལྟ་བུའི་ཐུགས་ཀ་ནས་འོད་ཟེར་གྱི་དྲ་བ་ཕྱོགས་བཅུར་འཕྲོས་པའི་རང་བཞིན་ཅན་དུ་བསམ་པར་བྱའོ། །དེའི་སྤྱི་གཙུག་ན་པདྨའི་སྡོང་པོ་སེང་གེ་རིན་པོ་ཆེས་བརྒྱན་པའི་སྟེང་ན། རྩ་བའི་བླ་མ་ཉིད་ཀུན་བྱེད་རྒྱལ་པོའི་རྣམ་པ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་མཉམ་གཞག་གི་ཕྱག་རྒྱ་ཅན། ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་བརྡར་རྒྱན་དང་ན་བཟའ་མེད་པའི་སྐུ་སྣང་ལ་རང་བཞིན་མེད་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་མཐར། བརྒྱུད་པའི་བླ་མ་རྣམས་ཀྱང་རིགས་ལྔའི་སངས་རྒྱས་གྲངས་མེད་པའི་སྐུ་འོད་ཀྱི་གང་བུ་ལ་རང་བཞིན་མེད་པ་རང་རང་གི་རྒྱན་ཆ་ལུགས་རྫོགས་པར་བསམ་པར་བྱའོ། །དེ་རྣམས་ཀྱི་སྐུ་ལས་འོད་ཟེར་ཚད་མེད་པ་ཕྱོགས་བཅུའི་འཇིག་རྟེན་དུ་འཕྲོས་པའི་རྩེ་མོ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ཐུབ་པ་དྲུག་གྲངས་མེད་པ་སྣང་བས་འཇིག་རྟེན་གྱི་དོན་བྱེད་པར་བསམ་ཞིང་། ༀ་ཨཱཿཧཱུྃ། ཞེས་རླུང་རྡོ་རྗེའི་བཟླས་པ་དང་ངག་ཏུ་ཅི་ཙམ་ནུས་ཀྱི་བར་དུ་བརྗོད་ནས། མཐར་དེ་ངག་ཐམས་ཅད་ཀུན་བྱེད་ཉིད་དུ་བསྡུས་ཤིང་ཐིམ་ནས། དེའང་ངོ་བོ་ཉིད་མེད་པའི་ངང་ལ་བཞག་ནས། ཨ་གྲངས་མེད་པ་བཟླས་པ་བྱའོ། །རྗེས་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གདོད་མའི་ངང་དུ་གྲོལ་བར་ཤོག་ཅིག །ཅེས་བརྗོད་པ་ལས་ལངས་པར་བྱའོ། །འདི་ནི་ཤིན་ཏུ་གསང་བ་དམ་པའོ། །དེ་ལྟར་ཟླ་བ་ཕྱེད་དུ་སྦྱངས་པས་སྣང་བ་འལ་[239]འོལ་རྨི་ལམ་སྒྱུ་མ་ལྟར་རྟོགས་པའི་ངང་ནས། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ཐམས་ཅད་མེད་པར་རྟོགས་པ་རང་བྱུང་དུ་སྐྱེ་ཞིང་། ཚེ་འདིའི་རྣམ་པར་གཡེང་བ་དང་། འཇིག་རྟེན་གྱི་ཆོས་ལ་བློ་མི་ཆགས་ཤིང་། སྐྱོ་ཤས་དང་ངེས་འབྱུང་བཙན་ཐབས་སུ་སྐྱེ་བས། དེས་ནི་ཀུན་བྱེད་ཀྱི་དགོངས་པ་རང་ཤར་དུ་སྐྱེ་བའི་དགོས་པ་ཡོད་དོ། །གཉིས་
༢༥༨པ་དངོས་གཞི་གདམས་པའི་མཚོན་ཚུལ་ལ་བཞི་སྟེ། ལྟ་བས་ཐག་བཅད། བསྒོམ་པས་ལ་བཟླ། སྤྱོད་པས་འཕྲང་བསལ། འབྲས་བུ་རེ་དོགས་སྤང་བའོ། །དང་པོ་ལ་གཉིས་ཏེ། སྣང་བ་སེམས་ཀྱི་རོལ་པར་ཐག་བཅད་པ་དང་། སེམས་ཉིད་སྟོང་པར་ཐག་བཅད་པའོ། །དང་པོ་ནི། འདི་ལྟར་སྣང་སྲིད་ཐམས་ཅད་མདང་གི་རྨི་ལམ་ལྟར་རང་གི་སེམས་ལ་སྣང་བ་ལས་གཞན་དུ་གྲུབ་པ་འགའ་ཡང་མེད་དེ། རྩ་བའི་རྒྱུད་ལེའུ་དྲུག་པ་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་ཡང་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་ཡང་ང་ཡི་ཆོ་འཕྲུལ་ཡིན། །སྒྲ་ཚིག་ཇི་ལྟར་བྱུང་བ་ཐམས་ཅད་ཀུན། །ང་ཡི་དོན་ཉིད་ཚིག་སྒྲར་བྱུང་བ་ཡིན། །སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལུས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་གསུངས་སོ། །དེ་ལྟར་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་ལས་མ་འདས་པས། མ་རྟོག་པ་ལ་འཁོར་བར་བསྙད་པ་ཡིན་ཏེ། དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར། །ང་ཡིས་བྱས་པའི་ཆོས་ལ་ངེས་བརྟགས་པས། །བསྐམ་ཞིང་ཆགས་པའི་དབང་གིས་སྣང་བར་གྲུབ། །མི་རྟག་སྒྱུ་མའི་རང་བཞིན་འཇིག་པར་འགྱུར། །ཆགས་མེད་དམུས་ལོང་ལྟ་བུའི་རང་བཞིན་ནོ། །ཞེས་སོ། །དེས་ན་སེམས་ལ་སྣང་བའི་ཆོས་དང་། རང་གི་སེམས་གཉིས་རྨི་ལམ་གྱི་རྣམ་པ་ལྟར་དོན་ལ་གཉིས་སུ་མེད་པའི་ངང་ལ་གོམས་པར་བྱ་སྟེ། རྩ་བའི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་དང་། །རང་སེམས་ཆོས་ཉིད་ཡེ་ནས་གཅིག་ཡིན་པས། །རྒྱུ་འབྲས་ལུང་བཞིན་འདི་ལ་རྟོག་མི་བྱ། །རང་སེམས་དེ་བཞིན་ཉིད་ལ་བརྟག་བྱ་རུ། །རང་གི་བྱང་ཆུབ་ངོ་བོ་སྣང་བ་ཡིན། །ཞེས་སོ། །དེ་ལྟར་བརྟགས་པའི་སྣང་བའི་དངོས་པོ་ས་ཆུ་མེ་རླུང་ལ་སོགས་པ་ཕྱི་རོལ་དོན་དུ་གྲུབ་པ་མེད་པའི་ངང་དུ་ཞག་བཅུར་བཞག་པས།
༢༥༩བྱང་ཆུབ་སེམས་ལས་ཐ་དད་པའི་ཆོས་རྡུལ་ཙམ་ཡང་མེད་པར་རྟོགས་ནས་གཟུང་ཡུལ་གཞན་དུ་ཞེན་པའི་སྤྲོས་པ་ལས་གྲོལ་བའི་དགོས་པ་ཡོད་དོ། །དེ་སེམས་སུ་ཞེན་པའི་འཛིན་པ་ཡང་གདོད་ནས་དག་པའི་ཆོས་ཉིད་དུ་བསྟན་པའི་ཕྱིར་རོ། །སེམས་སྟོང་པར་ཐག་བཅད་པ་ནི། རྩ་རྒྱུད་ལེའུ་རྩ་གཉིས་པ་ལས། ནང་དུ་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དོ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པས། ད་ལྟར་གྱི་དྲན་རིག་ཕྱི་ནང་བར་གསུམ་ལ་རྟོག་པ་འདི་དང་པོ་གང་ནས་འོང་། ད་ལྟ་གང་ན་གནས། ཐ་མ་གར་འགྲོ། ཁ་དོག་དང་དབྱིབས་མཚན་ཉིད་ངོས་བཟུང་རི་ལྟར་འདུག །ད་ལྟར་ཤར་དུས་ཉིད་ནས་ཕྱི་སྣང་པའི་དངོས་ལ་འདུག་གམ། ནང་ཕུང་པོའི་ནང་དུ་འདུག་གམ། བར་སྣང་འདི་ལ་གནས་སམ་སྙམ་དུ་བརྟགས་ཤིང་། ཕྱི་སྣང་བ་དང་། ནང་གི་ལུས་འདིར་སོ་སོར་ཕྱེ་ཞིང་བརྟག་པས་གང་དུའང་མ་གྲུབ་པ་དེའི་ཚེ། རང་བཞིན་བཅུའི་དོན་ཡང་མ་གྲུབ་པ་ཉིད་དུ་ལ་བཟླ་བར་བྱ་སྟེ། དེ་ལྟར་བཙལ་བས་ངོ་བོ་མ་རྙེད་པའི་སེམས་འདི་ལ་ལྟ་བ་དང་། སྒོམ་པ་དང་། དམ་ཚིག་དང་། ཕྲིན་ལས་དང་། དཀྱིལ་འཁོར་དང་། དབང་དང་། ས་སྦྱང་བ་དང་། ལམ་བགྲོད་པ་དང་། སྒྲིབ་པ་སྦྱང་བ་དང་། ཡེ་ཤེས་སམ་སངས་རྒྱས་བྱ་བ་ཞིག་བསྒྲུབ་བྱ་སྒྲུབ་བྱེད་དུ་འདུག་གམ་སྙམ་དུ་སོ་སོར་བརྟགས་ཤིང་དཔྱད་པས། དེ་དག་གི་ངོ་བོ་གང་ཡང་མ་རྙེད་པ་ནི། གཞི་ནས་དག་པ་རང་བཞིན་བཅུའི་དོན་བསྒོམ་མེད་ཆེན་པོར་ལ་བཟླས་པ་ཞེས་གསུངས་སོ། །རྩ་རྒྱུད་ལེའུ་དགུ་པ་ལས། ཆོས་རྣམས་ཀུན་གྱི་ལ་ནི་ང་ཡིས་བཟླ། །ང་མེད་པ་ཡི་ཡུལ་ནི་གཞན་མེད་པས། །ལྟ་བ་སྒོམ་དུ་མེད་པར་ལ་ཡང་བཟླ། །ང་ལས་གཞན་དུ་བསྲུང་དུ་མེད་པའི་ཕྱིར། །རང་བྱུང་ཡེ་ཤེས་ཡིན་པར་ལ་ཡང་བཟླ། །ང་ནི་མ་སྐྱེས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲིན་ལས་བཙལ་དུ་མེད་
༢༦༠པར་ལ་ཡང་བཟླ། །ང་ལས་གཞན་དུ་གནས་པ་མེད་པའི་ཕྱིར། །ས་ལ་སྦྱང་དུ་མེད་པར་ལ་ཡང་བཟླ། །ང་ལ་སྒྲིབ་པ་ཡེ་ནས་མེད་པའི་ཕྱིར། །རང་བྱུང་ཡེ་ཤེས་ཡིན་པར་ལ་ཡང་བཟླ། །ང་ནི་མ་སྐྱེས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་ཆོས་ཉིད་ཡིན་པར་ལ་ཡང་བཟླ། །ང་ལས་གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ས་ལ་བགྲོད་དུ་མེད་པར་ལ་ཡང་བཟླ། །སྙིང་པོ་བྱང་ཆུབ་ང་ལས་བྱུང་བའི་ཕྱིར། །ཡེ་ནས་གཉིས་སུ་མེད་པར་ལ་ཡང་བཟླ། །རང་བྱུང་ཡེ་ཤེས་གཏན་ལ་དབབ་པའི་ཕྱིར། །ལུང་ཆེན་ཐོག་འབེབས་ཡིན་པར་ལ་ཡང་བཟླ། །ཆོས་རྣམས་ཐམས་ཅད་ང་ལས་མེད་པའི་ཕྱིར། །ཀུན་བྱད་ང་ནི་ཀུན་གྱི་ལ་བཟླའོ། །ཞེས་གསུངས་སོ། །དེ་དག་དབང་པོ་ངང་བསྟུན་ནས་ཞག་གསུམ་ལྔ་བཅུ་གཅིག་ཏུ་བརྟག་གོ །དེ་ནས་གཉིས་པ་བསྒོམ་པས་ལ་བཟླ་བ་ནི། དེ་ལྟར་སེམས་ཉིད་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བས་ཐག་ཆོད་པའི་རྟིང་ལ། དབེན་སར་ལུས་སེམས་ཁོང་ལྷོད་ལ་སོས་དལ་བས་བག་ཕབ་སྟེ། །རྣམ་སྣང་གི་ཆོས་བདུན་དང་ལྡན་པ་ལ། བླ་མས་བསྟན་པ། དེ་ཡང་སྣང་སེམས་ཐམས་ཅད་ཡེ་ནས་དག་པ་དེ་བཞིན་ཉིད་ཀྱི་རང་བཞིན་མཉམ་པའི་རྒྱལ་པོ་ཡིན་པས། བཅོས་བསླད་དང་རེ་དོགས་མེད་པར་རང་བཞག་ཆེན་པོའི་ངང་ལ་ཀློད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། འདི་ཉིད་མི་རྟོག་ཆོས་སྐུའི་དགོངས་པ་ཡིན་ཏེ། ངེས་པ་ཚིག་གི་ལེའུ་ལས། ཀྱེ་སེམས་དཔའ་ཆེན་པོ་འདི་ལྟར་དོན་རིགས་ཀྱིས། །ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུས་ཀྱང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་དེ་ལ་གནས། །ཞེས་གསུངས་སོ། །ད་ལྟའི་སེམས་ཉིད་ནམ་མཁའ་ལྟ་བུ་ཡེ་ནས་དག་པའི་ངང་ལ་སྒོ་གསུམ་རྩོལ་བྲལ་མཉམ་པ་ཉིད་དུ་ཞོག་ཅིག །སྣང་ཡུལ་ཅི་སྣང་དེ་ལ་འཛིན་ཞེན་མེད་པ་དེ་ཉིད་ཀྱི་སྟེང་ལ་ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་། སྣང་བ་འཛིན་པ་མེད་པའི་ངང་དང་སྤྲོས་པ་དང་བྲལ་བ་འཆར་བ་ནི་སེམས་ཉིད་
༢༦༡ཡེ་གྲོལ་ཀུན་གྱི་དགོངས་པ་ཡིན་ཏེ། ལྷུན་གྲུབ་རེ་དོགས་བཅད་པའི་ལེའུ་ལས། ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །མ་སྐྱེས་རྣམ་པར་དག་པའི་དོན་བསྒོམས་པས། །སྣང་བ་སྐྱེ་བ་མེད་པར་རང་གསལ་བས། །སྟོང་པར་མི་བསྒོམ་ཅི་བཞིན་རྟོགས་པས་གྲོལ། །ཞེས་སོ། །དེ་ཉིད་རང་བྱུང་འོད་གསལ་གྱི་དགོངས་པ་ཡིན་ཏེ། ཅི་བཞིན་པ་ལ་བྱ་བཙལ་དང་བྲལ་བའི་ལེའུ་ལས། ཀྱེ། ཅི་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་ལ། །སྒོ་གསུམ་མི་བཅོལ་བཅོས་ཤིང་དམིགས་མི་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲང་། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་བཞག །འདི་ནི་རང་བྱུང་འོད་གསལ་དགོངས་པ་སྟེ། །ཀུན་བྱེད་རྒྱལ་པོའི་རྩོལ་མེད་ཕྲིན་ལས་སོ། །ཅེས་པས་རང་གསལ་བཅོས་བསླད་མེད་པའི་ངང་ལ་ཅི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག །དེའི་ངང་ལ་རྟོག་པ་ཅི་ཤར་ཡང་དེ་ཉིད་ལ་ཅེར་གྱིས་བལྟས་ཏེ་དེའི་སྟེང་དུ་བཞག་པས། རྟོག་པ་དེ་ཉིད་མ་སྤངས་རང་སར་གྲོལ་ཏེ་སྔ་མའི་ངང་མཉམ་གཞག་གཅིག་ཏུ་གནས་པ་ན། བྱུང་ཚུལ་ཆུའི་རི་མོ་རང་སར་གྲོལ་ཏེ། ཅི་བཞིན་པ་ལ་བྱ་བཙལ་དང་བྲལ་བའི་ལེའུ་ལས། དེ་བཞིན་མ་བཅོས་རྒྱལ་པའི་དགོངས་པ་ལ། །སེམས་དང་སེམས་བྱུང་རྟོག་པ་ཅི་སྐྱེས་ཀྱང་། །དེ་ཉིད་སྐྱེ་མེད་ངང་དུ་གནས་ཤེས་ན། །བྱ་བཙལ་མཚན་མའི་འདུ་ཤེས་ཀུན་དང་བྲལ། །ཞེས་པ་དང་། བསྒོམ་དུ་ཡོད་མེད་བསྟན་པའི་ལེའུ་ལས། །དྲན་བསམ་ཡིད་ལ་འགྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངང་ལས་མ་ཡེངས་པས། །གང་ལྟར་བསམ་ཀྱང་སྒོམ་པ་ཡིན་ཤེས་ན། །མ་བསྒོམས་གང་ལྟར་བཞག་ཀྱང་ཡེངས་པ་མེད། །ཅེས་གསུངས་སོ། །དེ་ནས་ས་ཆུ་མེ་རླུང་ནམ་མཁའི་ངང་ལ་རིམ་གྱིས་ལྟར་བཅུག་ལ། འབྱུང་བ་དེ་ངག་ནི་རང་བཞིན་གྱིས་རྟོག་པ་མེད་པའི་ངོ་བོ་དཔེ་དེ་བཞིན་དུ་ངོ་སྤྲད་པར་བྱ་སྟེ། རང་སེམས་སྟོན་པ་འབྱུང་བའི་ལེའུ་ལས། ཀྱེ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རང་གི་བྱང་ཆུབ་སེམས་དེ་ཉིད། །སྟོན་པ་ཡིན་པར་མངོན་བསྟན་ན། །
༢༦༢རང་སེམས་སྟོན་པ་མ་མཐོང་བས། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །རང་སེམས་སྟོང་པར་མངོན་ཕྱུང་བས། །རང་སེམས་སྟོང་པའི་ཆོས་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ཀུན་རྒྱུ་བྱང་ཆུབ་སེམས་ལས་ནི། །སེམས་ཀྱི་ངོ་བོ་འབྱུང་ཆེན་ལྔ། །སྟོན་པ་བྱང་ཆུབ་སེམས་ལྔ་བྱུང་། །སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་ནི་རང་གི་ངོ་བོས་འཆད། །སྟོན་ནི་རང་གི་རང་བཞིན་སྟོན། །སྟོན་པ་ལོངས་སྤྱོད་རྫོགས་སྐུ་དེ། །དགོངས་པ་ཉིད་ལ་ཉིད་མི་རྟོག །ཡུལ་ཆེན་གཞན་ལ་རྟོག་མི་བྱེད། །བྱང་ཆུབ་སེམས་ཀྱི་སྟོན་པ་ལྔས། །ཀུན་ཀྱང་ཆོས་ཉིད་དེ་བཞིན་སྟོན། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ། །སྟོན་པ་ས་ཡི་སྐུར་ཕྱུངས་ནས། །ཚིག་དང་ཡི་གེ་མི་སྟོན་ཏེ། །རང་གི་རང་བཞིན་སྟོན་བྱེད་པ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་དངོས་པོ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཏེ། །སྟོན་པ་ཆུ་ཡི་སྐུར་ཕྱུངས་ནས། །སྟོན་པ་མེ་ཡི་སྐུར་ཕྱུངས་ནས། །སྟོན་པ་རླུང་གི་སྐུར་ཕྱུངས་ནས། །སྟོན་པ་ནམ་མཁའི་སྐུར་ཕྱུངས་ནས། །ཚིག་དང་ཡི་གེ་མི་སྟོན་ཏེ། །རང་གི་ངོ་བོས་ཆོས་སྟོན་པ། །བདག་གཞན་གཉིས་སུ་མི་རྟོག་པར། །མི་ཕྱེད་པ་ཡི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །མངོན་ཕྱུངས་སྟོན་པ་དེ་རྣམས་ཀྱིས། །རང་གི་ངོ་བོས་ཆོས་བཤད་པ། །འདི་ནི་ཀུན་ཀྱང་རིག་པར་གྱིས། །ཀྱེ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ཁྱེད་རྣམས་ང་ཡིས་བྱས་པའི་ཕྱིར། །ང་ཡི་སྲས་ཡིན་ང་དང་མཉམ། །ང་དང་མི་གཉིས་ང་ཡིན་ཕྱིར། །ང་ཡིས་ཁྱོད་ལ་ངེས་ཕྱུང་བས། །ང་ཡི་ངོ་བོ་སྟོན་པ་ལྔ། །རང་བཞིན་རྣམ་ལྔ་གཅིག་ཏུ་བསྟན། །གཅིག་ནི་ཀུན་བྱེད་ང་ཡིས་ནི། །དེ་བཞིན་ཁྱོད་ཀྱང་ཡིད་ཆེས་གྱིས། ཀྱེ། ཁམས་གསུམ་སེམས་ཅན་མ་ལུས་ཀུན། ང་མེད་ཙམ་ན་ཁྱོད་ཀྱང་མེད། །ཁྱོད་མེད་པ་ཡི་དུས་ཙམ་ན། །སྟོན་པ་ཡང་དག་འབྱུང་མི་འགྱུར། །མི་རྟོག་ཆོས་
༢༦༣ཀྱང་གསུངས་མི་འགྱུར། །ཅེས་གསུངས་པས། འདི་ལྟར་སྣང་བ་སྟོང་པར་ངོ་སྤྲད་པ་ཡིན་གྱིས། ཕྱིན་ཆད་གང་སྣང་གི་སྟེང་དུ་དེར་འཛིན་མ་ཞུགས་པས་བཅོས་བསླད་མེད་པར་རང་ཤར་རང་གྲོལ་དུ་ངོ་ཤེས་པར་གྱིས་ཤིག །ཅེས་སོས་དལ་ལ། རི་ལ་སོགས་པའི་ས་དང་ཆུ་དང་། མེ་ལ་སོགས་པའི་མེ་དང་། རླུང་དང་ནམ་མཁའ་སྤྲིན་པ་རེ་རེ་བཞིན་ངོ་སྤྲོད། དེས་སྣང་སྲིད་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྒོམ་པའི་རྣམ་གཞག་ཆེན་པོར་འཆར་བའི་དགོས་པ་ཡོད་དོ། །དེ་ནས་ངོ་འཕྲོད་པ་དང་། ད་ལྟ་ཉིད་ནས་ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་གནས་པས། སྐྱོན་ཡེ་ནས་དག་ཅིང་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ལྷུན་གྱིས་གྲུབ་པས། ལུས་མིར་སྣང་ཡང་དགོངས་པ་སངས་རྒྱས་ཀྱི་ཆོས་ཉིད་ཡིན་པར་ལུང་བསྟན་པ་ནི། རྣམ་གྲངས་བསྡུ་བའི་ལེའུ་ལས། འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པ། །བྱ་བ་ཕུན་སུམ་ཚོགས་པ་བདེ། །གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱི་བྱས་པར་རྫོགས། །ཀུན་རྫོགས་ཕུན་སུམ་ཚོགས་པར་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་ལ་རྫོགས་པའི་དོན་འདི་ཡིས། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། །བྱར་མེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མི་ཡང་། དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་དེ་ནི་དོན་བྱས་ན། །རྩོལ་སྒྲུབ་མི་དགོས་བདེ་བར་གནས། །ཞེས་པའི་དོན་བཤད་ལ། །དེ་རིང་ནས་སངས་རྒྱས་ཀྱི་དགོངས་པ་ལ་སློབ་བོ། །ཞེས་ལུང་བསྟན་པར་བྱའོ། །གསུམ་པ་སྤྱོད་པས་འཕྲང་བསལ་བ་ལ་གསུམ་སྟེ། ཉོན་མོངས་རང་གྲོལ་གྱི་སྤྱོད་པ། སྣང་བ་དབང་སྒྱུར་གྱི་སྤྱོད་པ། བརྟུལ་ཞུགས་ལམ་སློང་གི་སྤྱོད་པའོ། །དང་པོ་ནི། བླང་དོར་མེད་པའི་ལེའུ་ལས། འདོད་པ་ལྔ་ཡང་སེམས་ཀྱིས་སྤྱོད་པར་འདོད། །ཅེས་དང་། མི་ནུབ་རྒྱལ་
༢༦༤མཚན་གྱི་ལེའུ་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཀུན་སྤྱོད་འདོད་ཡོན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཞེས་པ་དང་། བྱར་མེད་རྫོགས་པ་སྒོམ་མེད་ལས་ཀྱང་། །ཀུན་དང་མི་མཐུན་འཇིག་རྟེན་འདི་ལ། །སྐྱེ་མེད་ཡོངས་ཀྱིས་སྤང་བའི་ཆོས། །ཉོན་མོངས་ལྔ་པོ་མཚམས་མེད་ལྔ་པོ་ཡང་། །རྣམ་དག་ལམ་དེར་ཞུགས་ན་མཉམ་པའི་རྒྱལ་པོ་ཐོབ། །བུད་མེད་ལ་སོགས་ཀུན་ཀྱང་སྤང་མི་བྱེད། །ཅེས་གསུངས་པས། །འདི་ལ་གཉིས་ཏེ། ཉོན་མོངས་སྐྱེ་བའི་ཡུལ་འདོད་ཡོན་རྒྱན་གྱི་སྤྱོད་པ་དང་། དེ་ལས་བླང་དོར་མ་ཞེན་པ་ཉོན་མོངས་རང་གྲོལ་གྱི་སྤྱོད་པའོ། །དང་པོ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་འོང་ཅི་སྣང་ཡང་སྣང་བ་དེ་ཉིད་ཆོས་ཅན་གྱི་ངོས་ནས་རྨི་ལམ་སྒྱུ་མ་ལྟར་སྣང་སྟོང་། གྲགས་སྟོང་། །དྲི་སྟོང་། རེག་སྟོང་བདེན་མེད་ཀྱི་སྣང་བ་འལ་འོལ། སང་སེང་། ཁྲལ་ཁྲོལ་དུ་སྤྱད་ཅིང་། ཆོས་ཉིད་ཀྱི་ངོས་ནས་རང་སེམས་ཀྱི་སྟོན་པ་ཕྱུང་བའི་ལེའུ་ལྟར། སྣང་ཐོག་དེ་ཉིད་དུ་ཆེར་བལྟས། ཕྱམ་བཞག་པས་འཛིན་པ་གང་ཡང་མེད་པའི་ཤེས་པ་གཉིས་མེད་རང་གྲོལ་དུ་འཆར་རོ། །དེ་ལྟ་བུའི་སྤྱོད་པ་སྣང་བ་ཆོས་ཉིད་ཀྱི་རྒྱན་དུ་བྱེད་པས། འདོད་ཡོན་དབྱིངས་ཀྱི་རྒྱན་ཞེས་བྱའོ། །གཉིས་པ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་གང་སྐྱེས་ཀྱང་། དེའི་རྩལ་རྫོགས་སུ་གཅུག་ནས། ལས་མ་བསགས་པའི་དུས་སྐད་ཅིག་དང་པོ་ལ་ངོས་བཟུང་། གཉིས་པ་ལ་དེ་ཐོག་ཏུ་ཆེར་བལྟས་ཏེ་ཕྱམ་བཞག་པས། དུག་ལྔ་གང་སྐྱེས་དེ་ཉིད་མ་སྤངས་རང་སར་གྲོལ་བའི་རིག་པ་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆེན་པོར་འཆར་རོ། །དེ་ཡང་འདོད་ཆགས་བདེ་སྟོངས་སོ་སོར་རྟོག་པའི་ཡེ་ཤེས། ཞེ་སྡང་གསལ་སྟོང་མེ་ལོང་ལྟ་བུའི་ཡེ་ཤེས། གཏི་མུག་ངོ་སྟོང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ང་རྒྱལ་རིག་སྟོང་མཉམ་པ་ཉིད་ཀྱི་ཡེ་ཤེས། ཕྲག་དོག་རིག་སྟོང་བྱ་བ་གྲུབ་པའི་ཡེ་ཤེས་ཤར་ཏེ། ཉན་རང་ལྟར་མ་སྤངས། བྱང་སེམས་ལྟར་མ་
༢༦༥སྦྱངས། གསང་སྔགས་ལྟར་མ་བསྒྱུར་བ། ཉོན་མོངས་པའི་རྟོག་པ་དེ་ཉིད་རང་སར་དག་སྟེ། ཀུན་བྱེད་རང་བྱུང་གི་རིག་པའི་རྒྱལ་པོ་ལྷུན་གྱིས་གྲུབ་པས། ཐེག་པ་ཀུན་ལས་ཁྱད་པར་འཕགས་པ་ཞེས་བྱའོ། །དེ་ནི་ནང་ཉོན་མོངས་པ་སྐྱེ་གྲོལ་ཡེ་ཤེས་སུ་ཤར་བས། ད་ལྟར་སངས་རྒྱས་ཀྱི་དགོངས་པ་ལྷུན་གྲུབ་ཆེན་པོ་ལ་རེག་པའི་དགོས་པ་ཡོད་དོ། །གཉིས་པ་སྣང་བ་དབང་སྒྱུར་གྱི་སྤྱོད་པ་ནི། རྣམ་དག་དབྱིངས་ཀྱི་ལེའུ་ལས། མཐའ་དང་དབུས་མེད་ཡངས་པའི་རང་བཞིན་ཤེས། །མི་ལེན་མི་སྤངས་མཉམ་པའི་རྒྱལ་པོར་གནས། །སེམས་དང་བག་ཆགས་གཉིས་མེད་འདྲེས་ཤིང་མཚུངས། །འཛིན་པ་རྟགས་ཤིང་སྣང་བའི་ཆོས་རྣམས་ནི། །རང་གི་རྒྱན་དུ་སྣང་བས་མི་འདར་སྤང་མི་བྱེད། །ཅེས་པ་དང་། མི་ནུབ་རྒྱལ་མཚན་ལས། བདག་དང་གཞན་དུ་མི་བྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ་དང་། སྙིང་པོ་དོན་ལ་གནས་པའི་ལེའུ་ལས། ཀྱེ་རིག་པའི་རྒྱལ་པོ་གསལ་བར་དབང་སྒྱུར་བས། །སྙིང་པོ་རྩོལ་སྒྲུབ་འདས་པའི་རང་བཞིན་དེ། །རྟོགས་པ་ཡེ་ཤེས་མཆོག་གིས་ལེན་པར་བྱེད། །འདི་ནི་ཀུན་བྱེད་རྒྱལ་པོའི་དཀྱིལ་འཁོར་ཡིན། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡི། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པ་ཆོས་དབྱིངས་ངང་ལ་བཀོད། །སྙིང་པོའི་དོན་ལ་བླང་དོར་མེད་པའི་ཕྱིར། །དེ་ཡང་ཀུན་བྱེད་ང་ཡི་བཀོད་པ་ཡིན། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡི། །སྙིང་པོ་གསུང་གི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་གྲགས་ཤིང་སྣང་བའི་ཆོས་རྣམས་ཀུན། །སྐྱེ་མེད་དབྱིངས་ལ་ཚིག་གིས་གསུང་དུ་བཀོད། །སྙིང་པོ་བརྗོད་པའི་གསུང་ལ་འདུས། །དེ་ཡང་ཀུན་བྱེད་རྒྱལ་པོའི་བཀོད་པ་ཡིན། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡི། །སྙིང་པོ་རིག་པའི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན། །མ་སྐྱེས་ཀུན་བྱེད་ཉིད་
༢༦༦ཀྱི་དོན་དུ་རིག །ཀུན་བྱེད་ཉིད་ཀྱི་སྐུ་གསུང་ཐུགས་ཉིད་ནི། །མ་བཅོས་རྣལ་བཞག་ཆེན་པོའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་རྟོགས་པས། །ལྷུན་གྲུབ་སྙིང་པོའི་དོན་ལ་འཇུག་པར་བྱེད། །ཅེས་གསུངས་པས། གཟུགས་སྣང་། སྒྲ་སྣང་། དྲི་སྣང་། དྲན་རིག་ཡིད་ཀྱི་རྟོག་པ་ཐམས་ཅད་སྣང་དུས་ཉིད་ནས་མ་སྐྱེས་པའི་དཀྱིལ་འཁོར་གསུམ་དུ་གནས་ཤིང་། དེ་ཐོག་ཏུ་རྟོག་དཔྱོད་གང་ཡང་མི་བྱེད་པར་རང་བབ་གཉིས་མེད་ཆེན་པོར་སྤྱོད། དེས་ནི་སྣང་སྲིད་དཀྱིལ་འཁོར་གྱི་རང་བཞིན་དུ་རྟོགས་པས་དགག་སྒྲུབ་དང་སྤང་གཉེན་རང་སར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་ནི། དགའ་མི་དགའ། བདེ་སྡུག །གཙང་རྩོག །འཇིགས་མི་འཇིགས། ན་མི་ན། དགྲ་གཉེན། ཆགས་སྡང་ལ་སོགས་པ་གཉིས་ཆོས་དགག་སྒྲུབ་ཀྱི་ཞེན་ཡུལ་བླང་དོར་ཐམས་ཅད་ཀྱི་སྟེང་དུ་རོ་མཉམ་ཞིང་ཐོག་འགེལ་བཟློག་སྒོམ་བགྱི་བ་ཡིན་ཏེ། མ་གཡོས་འདོད་པ་མེད་པའི་ལེའུ་ལས། ཀྱེ་སེམས་དཔའ་ཆེན་པོ་གཅིག་ལ་གཉིས་སུ་མ་བྱེད་ཅིག །བདེ་དང་སྡུག་བསྔལ་བྱང་ཆུབ་གཅིག །སངས་རྒྱས་སེམས་ཅན་སེམས་སུ་གཅིག །སྣང་སྲིད་སྣོད་བཅུད་ཆོས་ཉིད་གཅིག །བདེན་རྫུན་གཉིས་ཀྱང་ཆོས་ཉིད་མཉམ། བདེན་པ་མ་ལེན་སྡུག་མ་སྤངས། །རང་བཞིན་གནས་པ་ཀུན་ཀྱང་བསྒྲུབ། །བདེ་ལ་ཆགས་པ་སྡུག་བསྔལ་ཡིན། །ཀུན་བསལ་དེ་ལ་རྟོག་མེད་པས། །དེ་ནི་རང་བྱུང་ཡེ་ཤེས་ཡིན། །ཞེས་པ་དང་། བླང་དོར་མེད་པའི་ལེའུ་ལས། ཀྱེ་ཀུན་བྱེད་རྒྱལ་པོའི་སྤྱོད་པ་བསྟན་པ་ནི། །དགེ་སྡིག་བླང་དོར་གཙང་སྦྲ་ཆེ་ཆུང་ཀུན། །སྐྱེ་མེད་བྱང་ཆུབ་སེམས་སུ་ཀུན་གཅིག་པས། །བླང་དང་དོར་བ་མེད་པ་དོན་དུ་རྟོགས། །གཙང་དང་མི་གཙང་མེད་པ་ཉིད་དུ་རྟོགས། །མཐའ་དང་དབུས་སུ་འབྱེད་པ་མེད་པར་རྟོགས། །གཞི་རྩ་མེད་པའི་བྱང་ཆུབ་སེམས་སུ་རྟོགས། །ཀྱེ་ཀུན་བྱེད་རྒྱལ་པོའི་སྤྱོད་པ་བསྟན་པ་ནི། །གང་ལྟར་སྤྱོད་པ་དེ་ལྟར་མི་
༢༦༧འགལ་ཏེ། །བྱམས་དང་མ་བྱམས་གཉིས་ཀ་སྐྱེ་མེད་པས། །ཤེས་པ་གང་ལྟར་བྱས་པ་སྐྱེ་མེད་དོན། །ཀུན་བྱེད་རྒྱལ་པོ་ང་ཡི་སྤྱོད་པ་ལ། །མཁའ་ལྟར་གནས་པས་གྲངས་དང་ཚད་བཟུང་མེད། །གཉིས་སུ་མེད་པས་ཡིན་མིན་ཕྱོགས་ལས་འདས། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྤྱོད་པ་བསྟན། །འདོད་ཡོན་ལྔ་ཡང་སེམས་ཀྱིས་སྤྱོད་པར་རྟོགས། །ཆགས་སྡང་ལྔ་ཡང་སེམས་ཀྱིས་སྤྱོད་པར་རྟོགས། །རྒྱན་གྱི་རུ་ལྔ་སེམས་ཀྱི་སྤྱོད་པར་རྟོགས། །ཁམས་གསུམ་སྲིད་གསུམ་སེམས་ཀྱི་སྤྱོད་པར་རྟོགས། །སྐྱེ་མེད་མ་གཏོགས་པ་ཡི་སྤྱོད་པ་ནི། །རྒྱལ་བ་ཀུན་གྱི་མེས་པོ་ངས་མ་བཤད། །ཅེས་པ་དང་། མཉམ་པ་བླང་དོར་མེད་པའི་ལེའུ་ལས། ཀྱེ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་དང་ནི། །ང་ཡི་འཁོར་དུ་འདུས་པའི་ཚོགས་རྣམས་ལ། །བླང་དོར་མེད་པས་མེད་པའི་ཆོས་ཉིད་སྟོན། །གཅིག་ལས་གཉིས་སུ་བྱེ་བའི་ཆོས་མི་སྟོན། །རྟོག་དཔྱོད་འདས་པ་རྟོག་དཔྱོད་བསམ་མི་ཁྱབ། །མ་བཅོས་ཇི་བཞིན་པ་ལ་བཅོས་མི་བྱེད། །བྱ་བ་གང་དང་ཅི་ཡི་ཆོས་ཉིད་ལ། །མ་བསམ་རང་བཞིན་བཞག་པས་གྲོལ་བར་སྟོན། །ཞེས་པ་དང་། ཡང་དེ་ཉིད་ལས། ཀུན་བྱེད་རྒྱལ་པོའི་སྤྱོད་པ་བསྟན་པ་ནི། །མ་བཙལ་ལྷུག་པར་བཞག་པས་དོན་ཀུན་རྫོགས། །སྙིང་པོ་དོན་དུ་འདོན་པས་བླང་དོར་མེད། །རེ་དོགས་རྣམ་པར་ཆད་པས་མྱ་ངན་འདས། །ཀུན་བྱེད་ང་ཡི་སྤྱོད་པ་གང་རྟོགས་པ། །དུས་གསུམ་སྐྱེ་མེད་དང་དུ་མཉམ་པ་ལྟ། །འཇུག་དང་མི་འཇུག་ཚིག་ལས་ཤིན་ཏུ་འདས། །འདི་ནི་བླང་དོར་མེད་པར་ལུང་སྟོན་ཅིག །ཅེས་གསུངས་སོ། །དེ་ལྟར་གཉིས་མེད་རང་གྲོལ་དུ་སྤྱོད་པས་སྤང་གཉེན་གྱི་མཁར་འགྱེལ། གཉེན་པོའི་དྲན་པའི་མེལ་ཚེ་ཞིག །འདི་ཡིན་གྱི་ཆོས་མེད། རེ་དོགས་ཀྱི་འཕྲང་འདས། དུས་གསུམ་གཞི་མེད་ཀུན་བྱེད་རྒྱལ་པོའི་དགོངས་པ་མ་བགྲོད་ལྷུན་གྲུབ་པས། ཆོས་ཉིད་ཟད་པའི་ས་ལ་གཏན་སྲིད་ཟིན་པ་ཞེས་བྱའོ། །དེས་ནི་ལྟ་སྒོམ་ཐོགས་འབྱིན་པའི་དགོས་པ་ཡོད་དོ།
༢༦༨བཞི་པ་འབྲས་བུ་རེ་དོགས་སྤང་བ་ནི། ད་ལྟའི་དབྱིངས་སེམས་ཉིད་ཡེ་གྲོལ་གཞི་རྩ་མེད་པའི་ངོ་བོ་ཉིད་ལས་གཞན་པའི་སངས་རྒྱས་ཞིག་ལོག་ན་བཙལ་དུ་མེད་དེ། བཅོས་སུ་མེད་པའི་ལེའུ་ལས། ཀྱེ། ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་སུ་མེད། །རེ་བས་སངས་རྒྱས་སེམས་ལས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་ལོངས་སྤྱོད་རྫོགས། །སེམས་ལས་བྱུང་བའི་ཆོས་རྣམས་ལ། །ལོངས་སྤྱོད་རྫོགས་ལས་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་སྤྲུལ་པ་ལྔ། །འགྲོ་བའི་དོན་མཛད་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དོ། །སྔ་རབས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་ཐོས། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་སེམས་དེ། །མ་བཅོས་ཇི་བཞིན་རྟོགས་གྱུར་ཏེ། །ད་ལྟ་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་བྱུང་སེམས་ཉིད་འདི་ལ་ནི། །སྔ་མའི་ཆོས་པར་ལུང་མ་བསྟན། །ད་ལྟ་ཏིང་འཛིན་སེམས་མི་འཆོལ། །མ་བཅོས་ལམ་དུ་ཞུགས་ནས་བྱོན། །ཞེས་སོ། །དེས་ན་སེམས་ཉིད་བཅོས་བསླད་མེད་པའི་ངང་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པ་ད་ལྟ་རང་ཆས་ལྷུན་གྲུབ་ཏུ་ཡོད་པ་ཡིན་ཏེ། སྦྱང་དུ་མེད་པའི་ལེའུ་ལས། ཀློང་ཆེན་སེམས་ཀྱི་གནས་འདི་ན། །མི་གནས་པ་ནི་གཅིག་ཀྱང་མེད། །ཀུན་གྱི་གནས་དང་ས་ཡིན་ཏེ། །འདུ་འབྲལ་མེད་པ་དེ་ན་བཞུགས། །དེ་ལ་སྦྱང་ཞིང་བགྲོད་མི་དགོས། །ཅེས་སོ། །འོ་ན་ད་ལྟ་སངས་རྒྱས་ཡིན་ནས་དྲུག་རྫོགས་པའོ། །ཞེན། ཤིན་ཏུ་ཡང་རྫོགས་པར་བཤད་དེ། དེ་ཉིད་ལས། རང་བྱུང་ཡེ་ཤེས་མ་འགགས་པ་ཡི་རྟགས། །དབང་པོ་སྒོ་ལྔ་ཀུན་ཏུ་གསལ་བ་ལ། །ཀུན་ཏུ་འོད་ཀྱི་ས་ཞེས་བཏགས་པ་ཡིན། །ཡུལ་དུ་མི་རྟོག་ཆགས་པ་མེད་པ་ལ།
༢༦༩མ་ཆགས་པདྨ་ཅན་དུ་བཏགས་པ་ཡིན། །སྐྱེ་འཇིག་མེད་པའི་བྱང་ཆུབ་སེམས་དེ་ལ། །རྡོ་རྗེ་འཛིན་པ་ཞེས་སུ་ང་ཡིས་བཤད། །རང་གི་རང་བཞིན་ཆོས་ཉིད་དཔག་མེད་ལ། །རང་བྱུང་ཡེ་ཤེས་ཆོས་ཉིད་མཉམ་པར་བཀོད། །སྟུག་པོ་བཀོད་པའི་ས་ཞེས་བཏགས་པ་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་དཀྱིལ་འཁོར་དེ། །རང་ལ་གནས་པའི་ཆོས་རྣམས་ཐམས་ཅད་ལ། །ཡི་གེ་འཁོར་ལོ་ཚོགས་ཆེན་ས་རྣམས་ཏེ། །སྐུ་གསུང་ཐུགས་ལ་སྐྱེ་དང་འཇིག་མེད་པས། །རྡོ་རྗེ་འཆང་གི་ས་ཞེས་བཤད་པ་ཡིན། །བྱང་ཆུབ་སེམས་ལ་རྒྱུ་འབྲས་གཉིས་མེད་དེ། །སེམས་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ལ། །བཟང་ངན་བླང་དོར་ཡེ་ནས་མེད་པའི་ཕྱིར། །དབྱེ་བ་མེད་པའི་ས་ཞེས་ང་ཡིས་བཤད། །ཅེས་པས་གཅིག་ལ་སོ་སོར་དབྱེ་ན་དྲུག་ཏུ་སྣང་ཡང་། དེ་དག་རང་བྱུང་ཡེ་ཤེས་ཀྱི་ས་གཅིག་པ་ལས་གཞན་མ་ཡིན་པས་རྫོགས་པ་ཆེན་པོས་གཅིག་པ་ཞེས་བྱའོ། །དེས་ན་ད་ལྟའི་སེམས་ལ་ཡེ་ནས་སྒྲིབ་པ་མེད་པས། །དེ་བཞིན་ཉིད་གཅིག་ལས་མ་གཡོས་ཀྱང་སྒོ་ལྔའི་རྣམ་པ་སོ་སོར་གསལ་བ་དང་། །ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་སོ་སོར་གསལ་བ་ཉིད་ཡེ་ཤེས་ཀྱི་རོལ་བ་ཞེས་བྱ་སྟེ། མ་བཙལ་རང་ལ་རྫོགས་པས་རེ་དོགས་བྱ་མི་དགོས་པ་ཉིད་དོ། །ཡེ་ཤེས་སྒྲིབ་པ་མེད་པའི་ལེའུ་ལས། ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་ཡེ་ཤེས་ནི། །རྣམ་པར་མི་རྟོག་སྤྲོས་པ་ཀུན་དང་བྲལ། །རང་བཞིན་རྡུལ་མེད་མཁའ་ལྟར་དག་པ་སྟེ། །སྐྱེ་བ་མེད་པ་ཞེས་སུ་བསྟན་པ་ཡིན། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་ཀྱང་། །རྣམ་པའི་ཁྱད་པར་མ་བཅོས་སོ་སོར་གསལ། །དེ་ལྟར་གང་གི་རིགས་ཞེས་གཏོགས་པ་ནི། །ཀུན་བྱེད་རྒྱལ་བའི་སྲས་སུ་ལུང་སྟོན་མཛད། །ཅེས་སོ། །དེ་ཡང་རང་གསལ་སྤྲོས་བྲལ་གྱི་གྲྭ་མ་ཆག་ཟུར་མ་ཉམས་པར་རྩོལ་མེད་གཞི་གྲོལ་དུ་རྟོགས་པ་ལས་གཞན་པའི་འབྲས་བུ་མེད་དོ། །ལྷུན་གྲུབ་བཙལ་དུ་མེད་པའི་ལེའུ་ལས། །ཀྱེ་ང་ནི་མ་བཙལ་ལྷུན་གྱིས་གྲུབ་པའི་ཕྱིར། །ཅི་ལྟར་
༢༧༠རྟོགས་པ་ཁྱོད་ལ་ལུང་བསྟན་པས། །ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་རྟོགས་པར་འགྱུར། །དེ་ལྟར་རྩོལ་སྒྲུབ་མེད་པར་དབུགས་འབྱིན་པ། །ཀུན་བྱེད་རྒྱལ་པོ་ང་ཉིད་ལུང་བསྟན་ཏོ། །ཞེས་པ་དང་། ལྷུན་གྲུབ་རེ་དོགས་མེད་པའི་ལེའུ་ལས་ཀྱང་། ཀྱེ་སེམས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །གྲུབ་དང་མ་གྲུབ་གཉིས་སུ་ལུང་མི་སྟོན། །བདེ་དང་སྡུག་བསྔལ་གཉིས་སུ་རྟོག་མི་བྱ། །འཁོར་དང་མྱ་ངན་འདས་པར་རེ་དོགས་བྲལ། །ཞེས་སོ། །དེས་ན་རྒྱུ་འབྲས་ཀྱི་ཐེག་པ་བརྒྱད་ནི། ད་ལྟའི་སེམས་ལས་གཞན་པའི་སངས་རྒྱས་འདོད་པ་ཡིན་ཏེ། ནམ་མཁའ་འདི་སྦྱངས་ཤིང་བསྒྱུར་པས་ད་ལྟའི་ནམ་མཁའ་འདི་ལས་གཞན་པའི་ནམ་མཁའ་རྣམ་དག་ཅིག་ཕྱི་ནས་འདོད་པ་དང་མཚུངས་སོ། །འདི་ནི་ད་ལྟ་སངས་རྒྱས་ཀྱི་ངོ་བོར་འདོད་པས། རང་གསལ་དུ་བསྒོམས་པས་ཆུའི་རྙོགས་མ་དྭངས་པ་ལྟར། གློ་བུར་གྱི་ཀུན་རྟོག་སེམས་ཉིད་ཀྱི་ངང་དུ་དྭངས་པས། གསུམ་རང་ཆས་སུ་འབར་བ་ཨ་ཏི་ཡོ་ག་རང་བཞིན་ལྷུན་གྱིས་གྲུབ་པའི་ཐེག་པ་ཡིན་ནོ། །སྐུ་གསུམ་པ་རྗེས་སྣང་ཉམས་སྐྱོང་ཐབས་ནི། །བླ་མ་དམ་པའི་མན་ངག་ལས་བྱུང་བ་བཞིན་རང་གིས་ཉམས་སུ་མྱོང་བ་རྣམས་འདིར་བརྗོད་དེ། དེ་ཡང་ལྟ་བ་ཕྱོགས་བྲལ་འཛིན་མེད། སྒོམ་པ་རང་གསལ་ཤར་གྲོལ། །སྤྱོད་པ་ཤུགས་འབྱུང་ཟང་ཐལ། །འབྲས་བུ་རེ་དོགས་གཉིས་མེད་རྣམས་ཀྱི་དོན་ལ་གོམས་ཤིང་འདྲིས་པར་བྱེད་པ་ལ། །ལྟ་བའི་གོལ་ས་སྟོང་པ་ཕྱང་ཆད་པས་དགེ་སྡིག་འཆོལ་བར་སྤྱད་ཅིང་སྙིང་རྗེ་མེད་པས་ན། ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་ལ་གོལ་བས། །བླ་མ་ལ་གསོལ་བ་བཏབ་པ་དང་། དག་སྣང་མོས་གུས་བྱ། བྱམས་དང་སྙིང་རྗེ་བསྒོམ། ལས་དང་མི་རྟག་པ་ལ་བློ་སྦྱང་ངོ། །དངོས་པོ་མཚན་མར་ཞེན་ནས་ལྟ་བ་གོ་ཡུལ་ཙམ་ལས་ཕྱི་ནང་གི་ཆོས་ལ་བདེན་བདེན་ངོས་བཟུང་ཅན་དུ་ཤར་ན། བདག་འཛིན་མཚན་མའི་ལྟ་བ་ལ་གོལ་བས་ཆོས་ཐམས་ཅད་བདེན་མེད་ཟང་ཐལ་ལ་བློ་སྦྱང་། གང་སྣང་རྨི་ལམ་ལ་འཛིན་མེད་སྒྱུ་མར་
༢༧༡བསླབ། དེ་ནས་སྣང་ལ་ངོས་འཛིན་མེད་པ་ཤར་དུས། དེ་ཀའི་ངང་ལ་མ་ཡེངས་པར་གསལ་སང་ངེ་བསྒོམ་མོ། །བྱིང་ཞིང་འཐིབ་ན་རྣམ་རྟོག་ཡུལ་ལ་སྤྲོ། བསིལ་ཁང་མཐོ་སར་བསྟེན། རྩལ་སྦྱང་ཞིང་འབད་དོ། །སྒོམ་པའི་གོལ་ས། རྣམ་རྟོག་སྣ་ཚོགས་འཕྲོ་ན། འཛིན་མེད་དུ་བློ་སྦྱང་སྟེ། དེ་བས་ཀྱང་རྟོག་པ་མང་བར་འཕྲོ་ན། སེམས་ཅུང་ཟད་ཀྱང་ནང་དུ་མི་བཞག་པར་སྤྲོ་བ་ངོས་བཟུང་། དེ་ནས་ཡང་མི་འཕྲོ་ཚེ་ན་རྟོག་མེད་མཉམ་པའི་ངང་ལ་མ་ཡེངས་པར་སེམས་ཕྱི་རོལ་སྣང་པའི་སྟེང་དུ་བཟུང་ལ་བསྒོམ་ལ། གསལ་ལ་རྟོག་མེད་དུ་ཤར་བ་ན། དེ་ཉིད་རྒྱུན་བསྲིང་ལ་བསྒོམ་མོ། །བདེ་གསལ་མི་རྟོག་པའི་རིག་པ་ལ་ཚགས་ན། དེ་བཤིག་ལ་རང་རང་གི་ངོ་བོ་ལ་བརྟགས་ཤིང་ལྟ་བའི་རྩལ་སྦྱང་བྱའོ། །དེ་ནས་སྣང་བ་འཛིན་མེད་དུ་འཆར་བར་འདུག་གོ །བུན་ནི་ཤིག་གེ་བསྒོམ་བྱ་སྒོམ་བྱེད་བཙལ་སྒྲུབ་མེད་པ་ན། བློ་དེ་ཉིད་ཀྱི་སྟེང་དུ་རྒྱུན་བསྲིང་ལ་གསལ་སྟོང་མི་རྟོག་པ་ལ་རང་ངོ་སྟོང་པའི་ངང་ལ་སྦྱང་ངོ་། །དེ་ལ་ཡང་དང་པོ་དམིགས་པ་གང་ཡང་རུང་བ་གཅིག་ལ་བློ་བརྟན་པ་ཐོབ་པར་བྱེད་པ་གལ་ཆེའོ། །ཕྱི་ནང་གི་ཆོས་ཐམས་ཅད་རོ་མཉམ་གཅིག་ཏུ། སེམས་གནས་ཐོག་ནས་འཕྲོ། འཕྲོ་ཐོག་ན་གནས། གནས་འཕྲོ་གཉིས་མེད་དུ་ཤར་བ་ནི་གོམས་པ་ཆུང་འབྲིང་ཆེ་གསུམ་མོ། །དེ་ནས་ད་ལྟར་གྱི་སྣང་བ་བདེན་ཞེན་མེད་པའི་ཉམས་འཆར་རོ། །འདིའི་དུས་སུ་སྣང་བ་ལ་ཡང་ཡུད། གཏམ་ཡང་ངེས་མེད། རྨི་ལམ་ཡང་དགེ་བ་འབའ་ཞིག་གོ །དེ་ནས་སྣང་བ་འལ་འོལ། གཏམ་ཡང་འབྲེལ་མེད། རྨི་ལམ་ཡང་ཟིན་ལ་ཉིན་དུས་ཅི་བྱེད་རྨིའོ། །དེ་ནས་སྣང་བ་ཡང་སང་ངེ་། གཏམ་ཡང་ངེས་མེད། རྨི་ལམ་ཡང་འོད་གསལ་དུ་གྲོལ་ཏེ། དེའི་ཚེ་རིག་པ་གཏད་མེད་འབའ་ཞིག་ཏུ་འཆར་རོ། །དེ་ལྟར་རྨི་ལམ་རྒྱུན་ཆད་ནས་བག་ཆགས་ཀྱི་འཁྲུལ་བ་ཞིག་ཅིང་སངས་ཏེ། སེམས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་སྐྱེ་བ་མེད་པ་དང་རོ་མཉམ་གཅིག་ཏུ་གྱུར་པས་གདོད་མའི་ཀུན་བྱེད་ཡེ་ཤེས་སྒྲིབ་
༢༧༢པ་མི་མངའ་བའི་གཞི་ལ་བྱང་ཆུབ་པ་ཞེས་བྱའོ། །དེ་ཡང་སེམས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་བསྒོམས་པས་ཆོས་སྐུ་མཐར་ཐུག་གི་དོན་ལྷུན་གྱིས་གྲུབ་ནས། ལོངས་སྐུ་དང་སྤྲུལ་སྐུ་དེའི་ངང་ལས་ལྷུན་གྲུབ་ཏུ་འཆར་བ་ནི། རང་བྱུང་ཡེ་ཤེས་ཀྱི་ཆེ་བའོ། །སྤྱོད་པའི་གོལ་ས་ཐ་མལ་རང་ཁ་གཉིས་འཛིན་མཚན་མ་ལ་ཞེན་པ་སྟེ། གང་བྱུང་ཡར་ལྟ་བསྒོམ་གྱི་དོན་ལ་ཅུང་ཟད་ཀྱང་མ་ཡེངས་པར་སྤྱོད་པ་ཤུགས་འབྱུང་ཟང་ཐལ་གྱི་སྤྱོད་པ་ཚོགས་དྲུག་ལྷུག་པའི་རང་བཞིན་ཅན་འབྱུང་ངོ་། །དེ་ཉིད་ཀྱི་དོན་ལ་མ་འགལ་བར་སྤྱད་དོ། །འབྲས་བུའི་གོལ་ས། རེ་དོགས་གཉིས་སུ་འཛིན་པའི་རྟོག་པ་འབྱུང་སྟེ། རང་བྱུང་གི་ཡེ་ཤེས་འདི་ཉིད་སངས་རྒྱས་ཡིན་པར་དོན་ལ་ཡིད་ཆེས་པས། ཐེ་ཚོམ་ཅན་དུས་ཕྱིས་ཐོབ་པར་རེ་བའི་གོལ་ས་ལས་གྲོལ་ལོ། །དོན་གསུམ་པ་གསང་ཤིང་རྒྱས་གདབ་པ་ནི། སྣོད་མིན་ལ་གསང་ཞིང་སྣོད་ལྡན་ལ་ཡང་ལྔ་ལས་མང་ན་མཁའ་འགྲོའི་བཀའ་ཆད་འབྱུང་བས་རབ་ཏུ་གསང་ངོ་། །མ་གསང་ན་གཉིས་ཀ་ལ་བར་ཆོད་དང་སྒྲོ་སྐུར་འབྱུང་ཞིང་སྙིང་པོའི་ཐེག་པ་ནུབ་པར་འགྱུར་ཏེ། བསྟན་པ་གང་ལ་བཞག་པ་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང་། མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་སྣུབ། །དེ་བས་རིགས་ངན་གང་ཟག་ལ་གསང་བྱ། །ཞེས་གསུངས་སོ། །དེ་ལྟར་སྣོད་མིན་ལ་གསང་ཞིང་། སྐལ་ལྡན་ལ་བསྟན་པས་མཆོག་གི་དངོས་གྲུབ་འགྲུབ་བོ། །དེ་ལྟར་ཀུན་བྱེད་སྙིང་པོའི་དོན་ཁྲིད་འདི། །བློ་བཟང་སློང་མ་དམ་པས་བསྐུལ་བའི་དོར། གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །དགེ་བས་འགྲོ་ཀུན་ཀུན་བྱེད་ཉིད་གྱུར་ཅིག །གང་བློ་མཁའ་ལྟར་ཡངས་ཤིང་རབ་ཞི་ཡང་། །དེ་ཡིས་ཅུང་ཟད་མ་རྟོགས་ལོག་པར་རྟོག །ཉན་བློ་མུན་པའི་རང་བཞིན་འདི་མཐོང་ནས། །འཕགས་བློའི་ཐུགས་རྗེས་ཟིན་པའི་གོ་སྐབས་དཀའ། །དེང་སང་བག་ཆགས་
༢༧༣སྲིད་པའི་མཚོར་འཁྱམས་ཏེ། །གཏི་མུག་རང་བཞིན་སྒྲིབ་པའི་དྲྭ་བས་གཡོགས། །ཆོས་ཚུལ་རིན་ཆེན་མིག་ཐུར་དབྱེ་བྱས་ཀྱང་། །དེ་དུས་སྙིང་པོའི་དེ་ཉིད་མཐོང་དུས་མེད། །ཀྱེ་མ་སེམས་ཉིད་རིན་ཆེན་ནོར་བུ་མཆོག །སྐལ་མང་གཞན་དུ་སྟོར་བ་འདིར་རྙེད་ཀྱང་། །ལེན་པར་བྱེད་པ་སྤྲོས་པའི་རླུང་གིས་དཀྲུག །ཉེ་དུ་འཁོར་བའི་འཕྲང་ལས་ཐར་དུས་མེད། །གང་རྣམས་གནས་ན་བྱང་ཆུབ་དེ་འདོད་ཀྱང་། །དབེན་པའི་སེམས་ལ་དེ་ཉིད་མཐོང་དུས་མེད། །འདིར་འབད་ཕྱི་དུས་རེ་བ་བསམ་པ་བསླུས། ཏིང་འཛིན་ལས་རུང་ཙམ་ཞིག་འདིར་ཡོད་དམ། །བདག་གཞན་དོན་མེད་འཇིག་རྟེན་གཡེང་བ་མཚར། །བསྐལ་པ་མང་ཞིག་ལྷུང་བས་ཐར་དུས་མེད། །དེ་བས་སྐྱོབ་པར་བྱེད་པ་སུ་ཞིག་ཡོད། །འདི་ལྟར་བསམ་པས་མི་བཟོད་སྐྱོ་བ་འཕེལ། །ཟབ་མོའི་ཆོས་ཚུལ་བརྒལ་དཀའ་རིན་ཆེན་གྲུབ། །མངོན་སུམ་སྙིང་པོ་སེམས་ཉིད་འདིར་བརྟེན་ནས། །མ་ཡེངས་སྲིད་པའི་དོན་དང་ལྡན་པར་མཛོད། །ནམ་ཕུག་གཏན་གྱི་བདེ་བ་རྙེད་པར་འགྱུར། །བདག་གིས་དེང་ནས་སྲིད་པའི་འགྲོ་བ་ལ། །སྙིང་རྗེའི་ཤས་ཙམ་སྦྱིན་པ་མ་གཏོགས་པ། །དེ་ཉིད་མངོན་སུམ་འདྲེན་པར་ནུས་མེད་པས། །གཅིག་པུར་ནགས་ཀྱི་ནང་འདིར་གནས་པ་ཡིན། །ཆུ་གཙང་ངོས་ལ་མེ་ཏོག་འབྲས་མང་ཞིང་། །སྦ་དང་འཁྲི་ཤིང་འོད་མའི་ར་བས་བསྐོར། །སྙུག་མའི་བསིལ་ཁང་ཡིད་འོང་ཉམས་དགའ་བར། །བདག་བློ་ཞི་བའི་ཏིང་འཛིན་འགྲུབ་པར་ཤོག །དེར་ནི་འདྲེ་དང་སྐྱེ་བོས་མི་མཐོང་ཞིང་། །ཆུ་གཙང་དཀའ་ཐུབ་ཟས་ཙམ་དེར་ཚོལ་བས། །བླ་མའི་མན་ངག་བདུད་རྩིའི་དོན་བསྒོམས་ཏེ། །སྤོག་དང་བཅས་པའི་ལུས་འདི་འདོར་བར་ཤོག །དེར་ཡང་འཆི་ཁའི་འོད་གསལ་ཟིན་པ་དང་། །བར་དོའི་རང་སྣང་གདོད་མ་ནས་གྲོལ་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །འགྲོ་བའི་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་
༢༧༤འབྱོར་བ་ཀློང་ཆེན་རབ་འབྱམས་ཀྱིས། སློབ་མ་དམ་པས་བསྐུལ་བའི་དོར། ལོ་ཙཱ་ཆེན་པོ་བཻ་རོ་ཙ་ནའི་སེམས་ལུང་རིན་ཆེན་སྒྲོན་མའི་ལུང་བཞིན་བཀོད་པ་རྫོགས་སོ། །དཔལ་སྔགས་ཀྱི་བདག་མོ་དང་། གཟའ་ཡི་དགེ་བསྙེན་ཆེན་པོ་རཱ་ཧུ་ལ་དང་། དམ་ཅན་རྡོ་རྗེ་ལེགས་པས་བཀའ་འདི་སྲུངས་ཤིག། ས་མ་ཡ།། །།

༄༅། །རྗེ་བཙུན་རས་ཆུང་པའི་ཁྱད་ཆོས་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་གཞུང་མན་ངག་དང་བཅས་པ་བཞུགས་སོ༎ ཟུར་མང་སྙན་བརྒྱུད་ལས་སོ།

༡༦༥ རྗེ་བཙུན་རས་ཆུང་པའི་ཁྱད་ཆོས་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་གཞུང་མན་ངག་དང་བཅས་པ་བཞུགས་སོ། །ཟུར་མང་སྙན་བརྒྱུད་ལས་སོ། །
༡༦༦རྒྱུ་གར་སྐད་དུ། ཤྲཱི་ཀཱ་ཡ་ནཱ་སྟི་ཛྙཱ་ན་ཌཱ་ཀི་ནཱི་གུཧྱ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། དཔལ་ལུས་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་གསང་བའི་མན་ངག་ཞེས་བྱ་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིག །དམ་ཚིག་རང་སེམས་མེ་ལོང་ལྟོས། །དམ་རྫས་རྟོག་པའི་ཉི་མ་འདེས། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཆོངས། །རྩ་རླུང་དྲྭ་མིག་འཁོར་ལོ་སྐོར། །རིག་པ་ཡེ་ཤེས་སྒྲོན་མེ་བལྟམས། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །བདེ་ཆེན་གསུང་གི་རིན་ཆེན་ཟུང་། ༈ །ཨེ་མ་ཧོ། །པདྨ་རིན་ཆེན་ཆུ་བོའ་གཞུང་། །སེང་གེ་གླང་ཆེན་རི་དྭགས་ལྟར། །མེ་དང་ཉི་མ་ཤེལ་དང་མཚུངས། །སྐལ་ལྡན་རྣམས་ཀྱིས་རྟོགས་པར་གྱིས། ༈ །ཨེ་མ་ཧོ། །རང་བཞིན་ཆོས་དབྱིངས་རྣམ་དག་དབྱེར་བདེ་བ་ཆེན་པོའ་ཀློང་། །དག་པའི་གཞལ་ཡས་ཆོས་ཀྱི་འབྱུང་གནས་རྡོ་རྗེ་བཙུན་མོ་སྟེ། །ཨེ་མ་ཧོ། །ཤ་ཟ་སྨྱོན་པ་བུ་ཆུང་བཞིན། །སྤྲིན་དང་ནམ་མཁའ་གློག་བཞིན་ནོ། །ལྕེ་སྤྱང་རོ་ལངས་ས་ར་ས། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །ཨེ་མ་ཧོ།
༡༦༧རྒྱལ་བ་རྣམས་ཀྱི་རྟག་ཏུ་མཉམ་བཞག་འོད་གསལ་བདེ་བ་ཆེན་པོའ་ངང་། །དུས་གསུམ་དག་ཏུ་རྒྱུན་མི་འཆད་པས་སངས་རྒྱས་སྐུ་གསུམ་དེ་རང་བཞིན། །བདག་གཞན་ཕུན་ཚོགས་ངོ་བོ་ཉིད་དཔལ་ལྷུན་གྲུབ་དབྱེར་མེད་སྤྲོས་དང་བྲལ། །གཅེར་བུ་ལྷིང་བ་རྒྱལ་པོ་འདྲ། །བློན་པོ་སྣ་སྒྱུར་རྟ་མཆོག་དང་། །བྲན་དང་ལམ་ཆེན་བཙུན་མོ་སྟེ། །སྐལ་ལྡན་རྣམས་ཀྱིས་རྟོགས་པར་གྱིས། ༈ །ཨེ་མ་ཧོ། །དམ་པ་བདེ་ཆེན་མགོན་པོ་སྐྱེ་མེད་རང་བྱུང་སངས་རྒྱས་ཡིན། དཔལ་ལུས་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྡོ་རྗེའི་ཚིག་རྐང་གསང་བ་གནད་ཀྱི་མན་ངག་བླ་ན་མེད་པ་རྫོགས་སོ། །རྒྱ་གར་ཁ་ཆེའི་རྣལ་འབྱོར་དབང་ཕྱུག་དཔལ་ཡེ་ཤེས་དངོས་གྲུབ་ཆེན་པོའ་ཞལ་སྔ་ནས། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་ཞུས་ཤིང་གཏུགས་ཏེ་བསྒྱུར་བའོ། །།།།། ས་མ་ཡ། ༈ །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀཱི་ནཱི་ཀཱ་ཡ་ནཱ་སྟི་་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོ་ལུས་མེད་མའི་ཆོས་ཞེས་བྱ་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །གང་ཞིག་འཇིགས་རུང་དུར་ཁྲོད་ཆེན་པོར་ཕཊ་ཕཊ་རྔམས་པའི་སྒྲ་སྒྲོགས་ཤིང་། །མཁའ་འགྲོ་ཟ་བྱེད་མུན་པའི་ནང་དུ་ཟླ་ཤར་ལྟ་བུར་
༡༦༨རབ་ཏུ་འབར། །ཧུཾ་ཧཱུྃ་ཞེས་བརྗོད་ཤ་ཟ་རོ་ལངས་མ་མོའ་ཚོགས་རྣམས་སྐྲག་མཛད་པ། །གསང་སྔགས་གསང་མཛོད་མངའ་བདག་བདེ་ཆེན་རྒྱལ་མོའ་སྐུ་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིགས། །ཕྱི་ནང་གསང་བ་མཐར་ཐུག་པ། །རེ་རེ་ལའང་བཞི་བཞིའོ། །དབང་གིས་རྣམ་པར་རྟོག་པའི་རྒྱ། །མདུད་པ་སེམས་ཉིད་རང་གྲོལ་དུ། །རྟོག་པའི་དྲྭ་བ་བཤིགས་པ་ཡིན། །རང་བཞིན་མེད་པའི་ངང་ལ་བཞག །དམ་ཚིག་རང་སེམས་མེ་ལོང་ལྟོས། །ཨ་ཧཾ་སྲོག་རྩོལ་སཾ་བྷ་ཏ། །སེམས་ཉིད་རང་གསལ་མེ་ལོང་ལ། །དབང་གི་འབྲས་བུ་མཐར་ཕྱིན་པས། །ལོག་རྟོག་འཁོར་བའི་དྲི་མ་ཕྱིས། །གདོད་ནས་དག་པ་ཀུན་གཞིའི་རྒྱུད། །དྲི་མེད་རིག་གསལ་དག་པ་ལ། །སྣང་མེད་རིག་ཙམ་རྒྱུན་དུ་ལྟོས། །དམ་རྫས་རྟོགས་པའི་ཉི་མ་འདེས། །བདེ་ཆེན་རང་སེམས་སྤྲོས་དང་བྲལ། །རྩ་རླུང་བྱང་སེམས་མི་འགྱུར་བའི། །གཉིས་མེད་རྡོ་རྗེ་གང་གིས་རྟོག །དེ་ནི་རྫས་ཀྱི་དམ་པའི་མཆོག །ཕྱི་ལྟར་སྣང་བ་སྣ་ཚོགས་ལ། །རྟོགས་པའི་ཉི་མ་གཅིག་ཏུ་འདེ། །དེ་ལ་གསལ་འགྲིབ་མེད་པ་ཡིན། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །གང་དང་གང་སྣང་དེ་དག་ལ། །སྤྱད་དུ་མེད་པའི་ངང་ཉིད་ལ། །སྤྱོད་པར་གྱིས་ཤིག་རྣལ་འབྱོར་པ། །ཆུ་ལ་རལ་གྲི་གང་བཏར་པས། །རྗེས་མེད་དག་ཏུ་འགྲོ་བ་བཞིན། །ཉམ་ང་མེད་པའི་རལ་གྲི་ཡིས། །སྦས་དང་བརྟུལ་ཞུགས་བྷུ་སུ་ཀུ། །མཉམ་རྗེས་མེད་པར་སྤྱོད་པར་བྱ། །རང་རིག་སེམས་ཀྱི་སྤྱོད་པ་གྱིས། །རང་གྲོལ་ཕྱག་ཆེན་པོ་ཆོངས། །རང་སེམས་གཉིས་མེད་ཕྱག་རྒྱ་ཆེ། །གྲོལ་བ་སེམས་ཉིད་ངང་དུ་གྲོལ། །ཕྱག་ནི་སྟོང་པའི་ཡེ་ཤེས་ཡིན། །རྒྱ་ནི་འཁོར་བའི་རྒྱ་དང་བྲལ། །ཆེན་པོ་ཟུང་དུ་འཇུག་པ་ཡིན། །ངོ་བོ་རང་བཞིན་མཚན་ཉིད་གསུམ། །བདེ་ཆེན་དྲི་བྲལ་ངང་དུ་འཆང་། །རྩ་རླུང་དྲྭ་མིག་འཁོར་ལོ་སྐོར། །རྩ་ནི་ལུས་ལ་གནས་པ་སྟེ། །ཨ་ཝ་དྷཱུ་ཏི་ལ་ལ་ནཱ། །ར་ས་ནཱ་སྟེ་དབྱེ་བ་ཡང་། །འཁོར་ལོ་བཞི་རུ་གནས་པའོ། །དྲྭ་མིག་ཞེས་
༡༦༩བྱ་འབྲེལ་པ་སྟེ། །རླུང་ནི་ལས་ཀུན་བྱེད་པ་ཅན། །ལྔ་ཡི་བདག་ཉིད་བཅུ་མིང་སྟེ། །རླུང་སེམས་གཉིས་སུ་མེད་པ་ནི། །མི་རྟོག་འཁོར་ལོ་བསྐོར་བར་བྱ། །རིག་པ་ཡེ་ཤེས་སྒྲོན་མེ་བལྟམས། །རིག་པ་སེམས་ཀྱི་རྒྱལ་པོ་སྟེ། །ལྷུན་གྲུབ་ངང་དུ་ཡེ་ཤེས་ཀྱི། །སྒྲོན་མེ་གཉིས་སུ་མེད་པར་སྦར། །མ་རིག་པ་ཡི་མུན་བསལ་ནས། །ཡེ་ཤེས་དྲི་བྲལ་སྣང་བས་ཁྱབ། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །འབྱུང་བ་བཞི་པོ་རོ་སྙོམས་དང་། །ཤེས་པ་རོ་སྙོམས་ཏིང་འཛིན་ཏེ། །ཉམས་ནི་བདེ་གསལ་རྣམ་པ་བཞི། །སྐྱེ་བ་མེད་པའི་མེ་ལོང་ལ། །དྲན་པའི་རྡུལ་གྱིས་བཀབ་པ་སྟེ། །དྲན་མེད་རིག་པའི་ཉམས་ཀྱིས་ཕྱིས། །སེམས་ཀྱི་མེ་ལོང་དག་པ་ལ། །སྣང་བ་གཉིས་མེད་ལྟ་བ་ཡི། །རྣམ་རྟོག་ཤུགས་འབྱུང་དྲི་མ་ཕྱིས། །བདེ་ཆེན་གསུང་གི་རིན་ཆེན་ཟུང་། །བདེ་བ་རང་རིག་གསལ་བ་སྟེ། །ཆེན་པོ་བླ་མ་དམ་པའི་གསུང་། །བདུད་རྩི་ཞལ་རྙེད་སྙིང་པོ་འདི། །རིན་ཆེན་ལྟ་བུ་རང་གཞན་དོན། །འབྱུང་བས་སྐལ་ལྡན་དམ་པས་ཟུང་། ༈ །དཔལ་རྡོ་རྗེ་མཁའ་འགྲོ་མས་ལྟ་སྒོམ་སྤྱོད་པ་གསུམ་གྱི་བརྡ་བསྟན་ཏེ། པདྨ་སེང་གེ་གླང་ཆེན་གསུམ་སྤྱོད་པའི་བརྡ། རི་དྭགས་ཤེལ་དང་ཉི་མ་གསུམ་སྒོམ་པའི་བརྡ། ཆུ་བོ་མེ་དང་རིན་ཆེན་གསུམ་ལྟ་བའི་བརྡའོ། །རྡོ་རྗེ་མཁའ་འགྲོ་མས་རོ་སྙོམས་ཀྱི་བརྡ་རྣམ་པ་གསུམ་བསྟན་པ། །ཤ་ཟ་སྨྱོན་པ་ལྕེ་སྤྱང་གསུམ་ལུས་ཀྱི་རོ་སྙོམས། རོ་ལངས་ས་རས་བུ་ཆུང་གསུམ་བརྟུལ་ཞུགས་ཀྱི་རོ་སྙོམས། ནམ་མཁའ་སྤྲིན་དང་གློག་དང་གསུམ་ཏིང་འཛིན་གྱི་རོ་སྙོམས་སོ། །རྡོ་རྗེ་མཁའ་འགྲོ་མས་ཐབས་ཤེས་རབ་གཉིས་མེད་གསུམ་གྱིས་བརྡ་བསྟན་པ། རྒྱལ་པོ་བློན་པོ་འབངས་གསུམ་ཐབས་ཀྱི་བརྡ། བཙུན་མོ་བྲན་མོ་རྟ་མཆོག་གསུམ་ཤེས་རབ་ཀྱི་བརྡ། གཅེར་བུ་ལྷིང་པ་ལམ་ཆེན་གསུམ་ཐབས་ཤེས་རབ་གཉིས་མེད་ཀྱི་བརྡའོ། །སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ། །འབྲས་བུ་མཐར་ཕྱིན་པ་ལ། རང་བཞིན་ཆོས་
༡༧༠ཉིད་ཀློང་དུ་གནས་པས། སྣང་བ་དག་པ་འཆར་བ་འོད་གསལ་ངང་དུ་སོང་བ། སྐུ་གསུམ་ལྷུན་གྱིས་གྲུབ་པ། ངོ་བོ་བསམ་གྱིས་མི་ཁྱབ་པ། སྐྱེ་བ་མེད་པས་བཙལ་དུ་མེད་པའོ། ༈ །ཨེ་མ་ཧོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མས། །ནམ་མཁའ་སྟོང་པའི་ངང་ལས་ནི། །བརྡ་སྐད་བྲག་ཆ་ཅི་བཞིན་དུ། །སྟོང་པའི་ངང་ལས་སྙིང་རྗེའི་སྒྲ། །བདེ་གཤེགས་བདེ་ཆེན་ངང་དུ་བརྗོད། །སྐལ་ལྡན་བློ་ཡི་པདྨོ་དེ། །ཡེ་ཤེས་ཉི་མ་ཤར་བ་ཡིས། །རང་གྲོལ་ཤུགས་འབྱུང་ཁ་ཟླུམ་ཕྱེ། །བློ་ལྡན་དྲི་མེད་གཟི་བརྗིད་ཁྱོད། །པུཥྤ་ཧ་རིའི་དགོན་པ་རུ། །བྷོ་ཊའི་མ་རིག་མུན་སོལ་ལ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །གསང་བ་རྡོ་རྗེའི་སྦས་བཤད་དཔལ་ཏཻ་ལོ་པས་མཛད་པ་རྫོགས་སོ། །ཁ་ཆེའི་པཎྜི་ཏ་ནཱ་རོ་ཡེ་ཤེས་དངོས་གྲུབ་ཆེན་པོའ་ཞལ་སྔ་ནས། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ། །རྩ་རླུང་དྲྭ་མིག །རིག་པ་ཡེ་ཤེས། རོ་སྙོམས་ཕྱི། བདེ་ཆེན་གསུང་། འདི་བཞིའི་སྦས་བཤད་དུས་ཕྱིས་རྒྱ་གར་དུ་ནཱ་རོ་པའི་སློབ་མ། ཀ་ན་ཀ་ཤྲཱི། དེའི་སློབ་མ་ཏེ་པུ་པའི་དྲུང་དུ་རས་ཆུང་རྡོ་རྗེ་གྲགས་ཀྱིས་ཞུས་ཤིང་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཌཱ་ཀི་ནཱི་ཨ་ཏ་ནུ་ནོ་པི་ཀཾ་ནཱ་མ། བོད་སྐད་དུ། ལུས་མེད་མཁའ་འགྲོ་ཞེས་བྱ་བའི་སྒྲུབ་ཐབས། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །གྲུབ་པ་ལུས་ཀྱི་སྤྲུལ་པ་བཞུགས། །རབ་ཏུ་འབར་བས་ཕྱོགས་ཀུན་གསལ། །སངས་རྒྱས་རྣམས་ནི་སྐུལ་བར་གསལ། །རིག་པ་ཡེ་ཤེས་ཀྱི་སྒྲོན་མའོ། །འཁོར་འདས་ངོ་བོ་གཉིས་མེད་ལ། །རང་གཟུགས་གཞན་དུ་སྣང་བས་ན། །དེ་ཉིད་རིག་པས་གྲོལ་བའི་ཕྱིར། །དམ་རྫས་རྟོག་པའི་ཉི་མ་གསལ། །སྡེ་ཚན་བརྒྱད་པའི་དང་པོ་རྣམས། །སྦལ་པའི་འཁོར་ལོ་བསྐོར་ནས་ནི། །སྒོ་གསུམ་རབ་ཏུ་བཅིངས་པ་ཡིས། །རྒྱལ་པོ་གྲོང་ཁྱེར་རབ་ཏུ་དཀྲུག །ཁམས་ཀྱི་རབ་ཏུ་དབྱེ་བ་ཡིས། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟ། །ལྡང་བར་འདོད་ན་མགོན་ལ་
༡༧༡འདུད། །མུ་ཞེས་དགེ་བ་བསྔོ་བར་བྱའོ། །འབད་དེ་ནུས་པ་སྐྱེས་པ་དང་། །སློབ་མ་རྗེས་སུ་འཛིན་འདོད་པས། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིག །བློ་ལྡན་དོན་ལ་ཡང་ཡང་གསོལ། །འདོད་པའི་ཚེ་ན་རྣལ་འབྱོར་པས། །སྔར་བཤད་འཁོར་ལོ་བདག་ཉིད་ལ། །མཆོད་ཅིང་བཟླས་པ་བྱས་གྱུར་ནས། །སྡོམ་པ་བྱ་བ་སྔོན་འགྲོ་བས། །སློབ་མས་ཡོན་ཕུལ་མགོན་ལ་འདུད། །དེ་ལ་བླ་མས་བལྟས་ནས་ནི། །བདེ་གནས་འཁོར་ལོ་འབར་བ་སྤྲོད། །ཉེ་བར་གནས་པའི་ལུས་ལ་བསམ། །དེ་ལ་སྔགས་ཀྱི་རྡོར་འཛིན་སྦྱིན། །མཆོད་པའི་འཁོར་ལོ་སྙིང་གར་བྱུགས། །མཐར་གྱིས་བབ་ནས་བ་སྤུ་ལྡང་། །མཆི་མ་འབྱུང་སོགས་ཡེ་ཤེས་ཀྱི། །རྗེས་སུ་གནང་བ་བྱིན་ནས་ནི། །མཆོག་གི་སྣོད་དུ་བྱིན་གྱིས་བརླབས། །བྱ་དང་བྱ་མིན་སྤངས་ཤེས་པའི། །དམ་ཚིག་རང་སེམས་མེ་ལོང་བལྟ། །ཨོ་རྒྱན་ལས་འོང་རིམ་པ་འདི། །གཞན་ཏུ་བརྗོད་པར་མི་བྱའོ། །སྐུ་གསུམ་དབྱེར་མེད་མཆོག་གི་དོན། །སྐྱེས་པའི་འགྲོ་བ་ཁྱབ་བྱེད་དེ། །སྡོམ་པའི་རྒྱ་མཚོ་རྗེས་འགྲོ་བའི། །ཅིར་ཡང་མི་རྟོག་ཁྱོད་ལ་གསལ། །རང་བཞིན་དབྱིངས་ལས་མ་གཡོས་པས། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྒྱལ་བ་ཀུན་གྱི་སྙིང་པོ་མཆོག། དེ་ལ་ཕྱག་འཚལ་ཕྱག་འཚལ་འདུད། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་མེད་ཆོས་ཀྱི་སྐུ་ཡིན་ཕྱིར། །རྣམ་མེད་རྣམ་པའི་གཟུགས་ཅན་མ། །དེ་ཡི་སྒྲུབ་ཐབས་གསལ་བར་བརྗོད། །ཡིད་དང་མཐུན་པའི་སེམས་ཁྲིད་ནས། །བློ་གྲོས་ཆེན་པོ་དེ་ལ་འདུད། །བྱ་འོས་རང་གི་མགོན་ལ་འདུད། །དེ་ཁོ་ན་ཡང་སྔོན་དུ་བྱ། །དེ་རྗེས་རྒན་པོ་མིང་མེད་ཀྱིས། །དཔའ་བོ་ཡི་གེ་དྲུག་གིས་སྤར། །ཐབས་དང་ཤེས་རབ་བྲིམ་པ་ལས། །གཙང་སྦྲ་རྣམས་ཀྱི་ཐོག་མ་ཡིན། །འཁོར་བའི་རང་ནི་ཤེས་པ་ཡིས། །སྣ་ཚོགས་གཟུགས་བརྙན་འཆར་བ་ལས། །བདེ་གཤེགས་དྲུག་པས་གཟེར་བཏབ་སྟེ། །ཆགས་པའི་ཉམས་ཀུན་ཏུ་བརྡལ་
༡༧༢ལ། །ཤེས་རབ་རིམ་པ་ལྔ་ཡི་མཐའ། །སྐྱོན་བྲལ་ཡེ་ཤེས་ལྔ་ཡི་དངོས། །དབུས་ནས་བརྩམས་ནས་སྲུང་བ་དྲུག །འཁོར་ལོ་སྡོམ་པའི་རིམ་བཞིན་བསམ། །ཤེས་རབ་འཛམ་བུ་ཆུ་བོ་ཅན། །རང་བཞིན་རིགས་ཀྱི་རྣམ་པ་བཀོད། །འགྱུར་མེད་གསུམ་དང་རང་གཟུགས་སྔགས། །གསལ་བའི་འབྲུ་ཚོགས་རིམ་པའོ། །བརྟན་པའི་སེམས་ཀྱིས་མངགས་གཞུག་བཞིས། །རྡོ་རྗེ་ལྷ་མོ་བཀུག་ལ་བསྟིམ། །ལུགས་ལས་འབྱུང་བའི་རིམ་པ་ནི། །གཙོ་བོ་གཉིས་དང་ཕྱག་ནི་སྐོར། །གླུ་གར་རོལ་མོ་བསྟོད་པས་བརྒྱན། །བྱ་བ་གཞན་སོགས་ཤེས་པར་བྱ། །མཁས་པས་ལུགས་ལས་བཟློག་པ་ཡི། །དཀྱིལ་འཁོར་ཀུན་གྱི་བདག་པོར་འགྱུར། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བའི། །ཀུན་དང་མཉམ་པ་ཉིད་དུ་གསལ། །དེ་རྗེས་སྒྲུབ་པ་ལུས་ཀྱི་དཀྱིལ་འཁོར་དུ། །རང་གནས་བརྡལ་བ་དབུགས་བྲལ་སྙིང་ག་དེར། །ཚ་ཟེར་སྟེང་དུ་ལྔ་པའི་གསུམ་པ་ལ། །ནམ་མཁའ་བསིལ་ཟེར་རབ་བརྒྱན་སྤྲོས་པ་ལ། །འཁོར་འདས་སྙིང་པོ་བདེ་བའི་རང་གཟུགས་ཅན། །བརྩེ་གཅིག་ཞལ་གྱིས་ཕྱོགས་བཅུར་གཟིགས་པར་མཛད། །དུས་གསུམ་མཉམ་ཉིད་འབར་བའི་སྤྱན་དང་ལྡན། །བརྐྱང་བསྐུམ་གར་མཛད་ཕྱག་རྒྱ་ལྔ་ཡིས་སྤྲས། །ཞེ་སྡང་རབ་ཏུ་འཁྲུགས་པ་ཡིས། །འབར་བའི་མཚོན་ཆ་འོག་ཏུ་གདེང་། །འདོད་ཆགས་ཆེན་པོའ་མེ་འབར་བསམ། །ཆོས་ཀྱི་རྒྱལ་མཚན་ཕྲག་པར་བཀལ། །གཏི་མུག་ཆ་ལ་གནས་པ་ཡི། །སད་སྣོད་དཀར་པོས་ནམ་མཁའ་འཇོམས། །ཉམས་དགུ་གར་གྱི་རོལ་པ་ཡིས། །བདེ་གཤེགས་མ་ལུས་དགྱེས་པར་མཛད། །ཆེ་བའི་ང་རྒྱལ་དྲེགས་པ་ཡིས། །འགུལ་པར་མགོ་བོ་ཚར་དུ་དངར། །ཕྲག་དོག་ཆེ་ལ་གནས་པ་ཡི། །སངས་རྒྱས་སྤྲིན་ནི་རབ་འཕྲོ་ལ། །པུཎྜ་རཱི་ཀའི་མདོག་འདྲ་བའི། །འབར་བའི་ཕྲེང་བ་ཀུན་ཏུ་འཁྲིགས། །ཕྱོགས་སུ་བརྒྱད་གཉིས་ལོ་ཡི་ཚད། །མངགས་གཞུག་ལ་སོགས་སྔ་མ་ལྟར། །
༡༧༣སྤྲོ་དང་བསྡུ་བ་བྱེད་པ་ཡིས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །མཁས་པས་ཇི་ལྟར་རིགས་པ་ཡིས། །དངོས་གྲུབ་མཚན་མའི་རིམ་པ་བསམ། །སྲིན་མོའ་ཞལ་ནས་སྐྱོད་པ་ཡིས། །རང་བྱུང་གསལ་བའི་དངོས་པོ་བསྲེགས། །བདེ་བ་དཔག་མེད་རྒྱུར་འཕྲོ་བ། །རྩ་རླུང་དྲྭ་མིག་འཁོར་ལོ་བསྐོར། །ནམ་མཁའ་བདེ་བའི་ཕོ་བྲང་དུ། །མེ་ལས་རང་སྔགས་འགྱུར་མེད་གསུང་། །རྫ་མཁན་འཁོར་ལོ་ལྟ་བུས་འཁོར། །བདེ་ཆེན་གསུང་གི་རིན་པོ་ཆེ། །དངོས་མེད་དངོས་པོའ་རང་བཞིན་ཅན། །བདག་ལྟའི་འགུད་ཤིང་བསྲེགས་ནས་ནི། །དམིགས་པ་མེད་པར་གནས་པའི་ཕྱིར། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཅན། །འབད་མེད་རྣམ་པ་ངང་གིས་གསལ། །སྒྲ་སོགས་རྐྱེན་གྱིས་མི་འཕྲོག་པར། །དུ་བ་ལ་སོགས་རིམ་ཤེས་ནས། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །བླ་མའི་བྱིན་རླབས་ལམ་ཡིན་ཕྱིར། །དངོས་པོ་སྟོབས་ཀྱིས་ཞུགས་པས་ན། །སྒོམ་པའི་སྙིང་པོ་སྒོམ་དང་བཟླ། །འཇིགས་དང་སྐལ་ངན་མི་མཐུན་སེལ། །རིམ་གཉིས་འདོད་པའི་འབྲས་བུ་སྟེར། །ཕྱོགས་མེད་ངོ་མཚར་རྨད་བྱུང་གཙོ། །རང་བྱུང་གྲོལ་བས་ཡེ་ཤེས་མཆོག །ས་གསུམ་གནས་པའི་འགྲོ་བ་རྣམས། །ནམ་ཡང་ཁྱེད་དང་འབྲལ་མ་གྱུར། །ལུས་མེད་མཁའ་འགྲོའི་སྒྲུབ་ཐབས་རྫོགས་སོ། །རས་ཆུང་པས་བཀོད་པའོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། །།

༈ གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོའི་ཉེ་བརྒྱུད་ཡི་གེ་དྲུག་པའི་སྒོམ་ལུང་འབོག་ཚུལ་གཞན་ཕན་མཁའ་ཁྱབ་ཅེས་བྱ་བ་བཞུགས་སོ༎

༥༧ ༈ །།གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོའ་ཉེ་བརྒྱུད་ཡི་གེ་དྲུག་པའི་སྒོམ་ལུང་འབོག་ཚུལ་གཞན་ཕན་མཁའ་ཁྱབ་ཅེས་བྱ་བ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་ར་ཡ། །སྙིགས་འགྲོ་ཉམ་ཐག་སྐྱོང་བའི་ཡབ། །འཇིག་རྟེན་དབང་ཕྱུག་བརྩོན་འགྲུས་མཚན། །གང་གི་གདམས་པའི་མཛོད་འཛིན་པ། །འགྲོ་མགོན་བླ་མར་ཕྱག་བྱས་ནས། །སྤྱན་རས་གཟིགས་དབང་ཞལ་གྱི་ལུང་། །གྲུབ་ཐོབ་ཆེན་པོའ་ཁྱད་པར་ཆོས། །འཁོར་བ་དོང་སྤྲུགས་གདམས་ངག་བཅུད། །ཆོས་སྒོ་བརྒྱད་ཁྲིའི་སྙིང་པོ་འཆད། །འདིར་འབྲེལ་ཚད་དོན་ལྷན་གྱི་བཟང་པོ་སྤྱོད་ལ་ཞུགས་པའི་དགེ་བའི་བཤེས་གཉེན་དག་གིས་སྐལ་པ་མཆོག་དམན་མ་བརྟགས་པར་ཐོས་པ་ཙམ་གྱིས་ཕན་ཡོན་སྙིང་ལ་བཞགས་ནས། རེ་བ་དང་ཟང་ཟིང་མེད་པའི་ཆོས་སྦྱིན་སྩལ་བར་འདོད་པས། འདུས་པའི་དབུས་སུ་
༥༨ སེམས་བསྐྱེད་བཟང་པོ་དང་ལྡན་པས་ཆོས་ཀྱི་ཁྲི་ལ་འཁོད། གྲུབ་ན་རང་ཉིད་ཀྱིས་སྒོམ་བཟླས་མདོར་བསྡུས་བྱས་རྗེས། །དེ་འདི་སྐད་ཅེས། །འོ། མ་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་བར་བྱ། དེའི་ཆེད་དུ་ཡི་གེ་དྲུག་པའི་བསྒོམ་ལུང་ཟབ་མོ་གསན་ལ། དོན་ཚུལ་བཞིན་དུ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་དང་ལྡན་པའི་ངང་ནས། ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་བདེ་བ་ཅན། སློབ་དཔོན་ཡང་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་སྙམ་པའི་འདུ་ཤེས་དང་ལྡན་པས། ལུས་ཀྱིས་ཐལ་སྦྱར་སོགས་གུས་པའི་ཚུལ། ངག་གི་ཅ་ཅོ་སྤངས་ཤིང་སེམས་གཞན་དུ་མི་གཡེངས་པར་མཉན་བྱ་དམ་པའི་ཆོས་དང་། དེ་སྟོན་བྱེད་དགེ་བའི་བཤེས་གཉེན་ལ་གུས་པ་རྩེ་གཅིག་པས་གསན་པར་ཞུ། །དེའང་འཕགས་མཆོག་སྤྱན་རས་གཟིགས་དང་པདྨ་འབྱུང་གནས་དབྱེར་མེད་རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་སྐུར་བསྟན་པ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད། སྐུ་གཞོན་ནུའི་ཚེ་ཡིག་དྲུག་དུང་ཕྱུར་གྱི་ཚོགས་དཔོན་མཛད་པའི་དུས་ན། ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་ཐོ་རངས་ཀྱི་ཚལ། སྐུ་མདུན་གྱི་བུམ་པའི་ཁ་རྒྱན་དེ། དཔག་བསམ་གྱི་སྡོང་པོ་ཆེན་པོར་གྱུར་བའི་ཡལ་འདབ་ཀྱི་ཁྲོད་དུ་པད་ཟླའི་གདན་བཞི་བརྩེགས་པའི་འོག་ནས་ཡར་རིམ་བཞིན་འཕགས་པ་སྤྱན་རས་གཟིགས། ཁ་ས་ཎི། རྩ་ཕྱག་བཞི་པ། བརྒྱད་པ། ཕྱག་སྟོང་སྤྱན་སྟོང་གི་སྐུ་མཚན་དཔེས་བརྒྱན་པ་འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞེངས་སྟབས་སུ་བཞུགས་པའི་མཐའ་བསྐོར་དུ། རྟ་མགྲིན། བདུད་རྩི་འཁྱིལ་པ། སྒྲོལ་མ། རྣམ་པར་རྒྱལ་མ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་བ། འོག་གི་ཆ་ལ་ཕྱོགས་སྐྱོངས་བཅུ་དང་། གནོད་སྦྱིན་བཅུ་གཉིས། རྒྱལ་ཆེན་བཞིས་བསྐོར་བ་མངོན་སུམ་དུ་གཟིགས་པས། ཡན་ལག་བདུན་པའི་མཆོད་པ་དང་གསོལ་
༥༩ འདེབས་མཛད་པས། རིགས་ཀྱི་བུ་ཁྱོད་ནམ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་གཉེན་ང་ཡིན་པས། ཡི་གེ་དྲུག་པའི་སྒོ་ནས་ཕྲིན་ལས་རྒྱ་ཆེན་པོ་བསྒྲུབ་ཅིང་། འགྲོ་བ་རྣམས་འདྲེན་པར་གྱིས་ཤིག །ཅེས་དང་གདམས་པ་མང་དུ་གསུངས་ཤིང་། གཞན་ཡང་ལན་དུ་མར་ཞལ་དངོས་སུ་བསྟན་ནས་སྩལ་བའི་གདམས་པའི་སྙིང་པོ། ཟབ་ལ་བདེ་བ་ཡི་གེ་དྲུག་པའི་སྒོམ་བཟླས་ཀྱི་ལུང་འབོགས་ཤིང་ཉམས་སུ་ལེན་པར་བྱེད་པ་ལ་གསུམ། སྔོན་འགྲོ་སྐྱབས་སེམས་དང་ལྡན་པས་བློ་ཆོས་ལ་བསྐུལ་བ། དངོས་གཞི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་དང་འབྲེལ་བར་བསྐྱེད་བཟླས་རྫོགས་གསུམ་བྱ་བ། རྗེས་ལམ་ཁྱེར་གསུམ་དང་ལྡན་པས་དགེ་རྩ་གཞན་དོན་དུ་བསྔོ་བའོ། །དང་པོ་ནི། །རང་ཉིད་གང་དུ་གནས་པའི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པའི་སྐུར་གསལ་བའི་འཁོར་དུ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་པའི་མདུན་དུ། བདག་གཞན་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་སྙམ་པའི་བློ་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་ལྕགས་ཟ་མ་པའི་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དགུ་སྐོར་དུ་གྲགས་པ་ཐུགས་རྗེ་ཆེན་པོས་ཀ་ལྔ་པ་དཔལ་འབྱོར་ཤེས་རབ་ལ་གསུངས་ནས་གྲུབ་ཆེན་ལ་གནང་བར་བཀའ་བསྒོས་པ་ལྟར་བསྩལ་བའི་བྱིན་བརླབས་མྱོང་གྲུབ་ཀྱིས་ཆེ་བ་འདི་ལ་བྱ་སྟེ། །གོང་དུ་ཇི་སྐད་བཤད་པ་ལྟར་དམིགས་པ་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་འདི་ལྷན་ཅིག་ཏུ་གནང་བར་ཞུ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་བརྒྱ་རྩ་
༦༠ ཉེར་གཅིག །བདུན་ལ་སོགས་པ་ལོངས་ཁྱབ་དང་སྦྱར་ཏེ་བརྗོད་པའི་རྗེས་སུ། སྐྱབས་ཡུལ་འོད་དུ་ཞུ། རང་ལ་ཐིམ་པས་ཐུགས་རྗེའི་བྱིན་རླབས་ཞུགས། བློ་ཆོས་སུ་ངང་གིས་འགྲོ་ཞིང་བར་ཆད་མེད་པར་བསམ། དེའི་རྗེས་ཐོབ་ཏུ། ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་སྒོམ་ལུང་འབོགས་སྐབས་ཚར་གསུམ་བདུན་གང་རུང་ལྷན་ཅིག་ཏུ་བརྗོད་པའམ་རྗེས་ཟློས་བྱ་སྟེ་འོག་མ་རྣམས་ལའང་ཤེས་པར་བྱའོ། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་དུས་རྟག་ཏུ་འཁྱམས་པ་སྙིང་རེ་རྗེ། འདི་རྣམས་ཐམས་ཅད་བདག་ཁོ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ནུས་པ་བདག་ལ་མེད་པས་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་དྲུག་པའི་སྒོམ་བཟླས་ཉམས་སུ་བླངས་ལ་མྱུར་བ་ཉིད་དུ་སེམས་ཅན་རྣམས་དགྲོལ་བར་བྱ་སྙམ་པ་མཉན་པའམ་ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་དང་ལྡན་པས། ངག་ཏུ་འདི་གསུང་བར་ཞུ། སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་ཐུགས་རྗེ་ཆེན་པོའ་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་གྲངས་སུ་བརྗོད་ཅིང་ལྷག་བསམ་བཟང་པོ་རྒྱུད་ལ་འགྲེ་ངེས་བྱ། སྐྱབས་འགྲོ་ཐོག་མར་བྱས་པས་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར། བློ་ཆོས་སུ་འགྲོ། ལམ་སྒྲུབ་པ་ལ་བར་ཆད་མི་འབྱུང་། སེམས་བསྐྱེད་པས་ད་ཕྱིན་ཆད་བསམ་སྦྱོར་ཅི་བྱས་བྱང་ཆུབ་ཀྱི་གྲོགས་སུ་འགྱུར་བས་ཆོས་ལམ་དུ་འགྲོ་བའི་དགོས་པ་ཡོད་དོ། །དེ་ནས་ཁ་ནང་དུ་ལོག་པའི་དྲན་པས་བློ་ཆོས་སུ་བསྐུལ་བ་ལ་གསུམ། ངེས་འབྱུང་གི་གཞི་བཏིང་བ། བརྩོན་འགྲུས་ཀྱི་ལྕག་སྐུལ་བ། ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་ཀྱི་མཚམས་སྦྱར་བའོ། །དང་པོ་ལ་སྤྱི་དང་བྱེ་བྲག་ཏུ་དཔྱད་པ་གཉིས་ལས། སྤྱིར་ཐོག་མ་མེད་པ་ནས་བདག་མེད་པ་ལ་བདག་ཏུ་བཟུང་སྟེ་རྒྱུ་མ་རིག་པ། རྐྱེན་ལས་དང་ཉོན་མོངས་པས་བསྐྱེད་པའི་འགྲོ་བ་རིགས་དྲུག་གི་སྣང་བ་སོ་སོར་སྣང་བ་འདི་རྣམས་ལ་དཔྱད་པས། རྨི་ལམ་གྱི་དགྲ་གཉེན་ནམ་སྒྱུ་མའི་རྒྱལ་སྲིད་ལྟར་རང་བོས་ནས་བདེན་པར་གྲུབ་པ་རྡུལ་ཕྲ་མོ་
༦༡ ཙམ་མེད་ཀྱང་། འཁྲུལ་སྣང་མི་བདེན་བར་བཟུང་སྟེ། ཉོན་མོངས་པ་བག་ཉལ་གྱིས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། བདེ་བ་ལྟར་སྣང་ཡང་མྱུར་དུ་མི་རྟག་པ་འགྱུར་བའི་སྡུག་བསྔལ། ལས་ངན་པའི་འབྲས་བུ་མངོན་དུ་སྤྱོད་པ་སྡུག་བསྔལ་གྱི་སྡུག་བསྔལ་ཏེ། དཔེར་ན་ཏིལ་ལ་སྣུམ་གྱིས་ཁྱབ་པ་བཞིན་དུ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་སྡུག་བསྔལ་ཆེན་པོ་དེ་གསུམ་ལས་མ་འདས་པས་འཁོར་བ་འདིར་བདེ་བ་སྐྲ་རྩེའི་ཆ་ཤས་ཙམ་ཡང་མེད་པ་ལ་བསམས་ཏེ་ངེས་འབྱུང་དྲག་ཏུ་བསྐྱེད་བྱེ་བྲག་རིགས་དྲུག་རེ་རེ་ནས་དཔྱད་དེ། དེའང་མདོ་སྡེ་དྲན་པ་ཉེར་བཞག་ལས། །སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །མི་དག་འཚོ་བ་ཐུང་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་རྩམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་སྲིད་རྩེ་ནས་མནར་མེད་པར་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ནའི་རང་བཞིན། དཔེར་ན་དུག་དང་འདྲེས་པའི་ཁ་ཟས་ལ་རྣམ་པ་བཟང་ངན་གྱི་ཁྱད་པར་མེད་པས་སྤང་བར་བྱ་བ་བཞིན་དུ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་བརྟན་པོར་བསྐྱེད་པར་བྱའོ། །གཉིས་པ་ནི། དེ་དག་ལས་ཀྱང་ཁྱད་པར་དུ་རང་རེ་མིའི་གནས་སྣང་འདི་ལ་དཔྱད་པས། མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པས་དལ་བ་བརྒྱད། རང་འབྱོར་ལྔ། གཞན་འབྱོར་ལྔ་སྟེ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མིའི་ལུས་རྙེད་པ་ཤིན་ཏུ་དཀའ་ཞིང་། རྙེད་ན་ཕན་ཐོགས་ཆེ་བས་རིན་པོ་ཆེ་དང་ཆོས་མཚུངས་པས་འདི་ཉིད་རྒྱུ་དང་དཔེ་དང་གྲངས་སོགས་ཀྱི་སྒོ་ནས་ཐོབ་པར་དཀའ་སྟེ། ངན་སོང་གི་འགྲོ་བ་ས་ཆེན་པོའ་རྡུལ་ཙམ་ཡོད་ལ་མི་ལུས་ཙམ་པོ་པའང་སེན་མོའ་སྟེང་གི་རྡུལ་དང་འདྲ་བར་ཡོད་པ་ལས། ཆོས་ལྡན་གྱི་མི་
༦༢ ལུས་ནི་ཉིན་མོའ་སྐར་མ་ལྟར་དཀོན་ཏེ། སྙིང་རྗེ་པད་དཀར་ལས། །མིར་སྐྱེ་པ་ནི་རྙེད་པར་དཀའ། །དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། ཡང་དག་པའི་སྨོན་ལམ་ཡང་རྙེད་པར་དཀའ་བ་ལགས་སོ། །ཞེས་སོགས་མཐའ་ཡས་པ་གསུངས་ལ། དེ་ལྟ་བུའི་མི་ལུས་ཐོབ་ཀྱང་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་ལས་མ་འདས་པས་རྟག་པ་དང་བདེ་བ་སྐད་ཅིག་ཀྱང་མེད། དེའང་སྤྱིར་འདུས་བྱས་ཐམས་ཅད་ཀྱང་མི་རྟག་པའི་མཐའ་བཞིས་དབང་དུ་བྱས་པ་སྟེ་འདུས་པའི་མཐར་འབྲལ། བསགས་པའི་མཐར་འཛད། མཐོ་བའི་མཐར་དམའ། སྐྱེས་པའི་མཐར་ངེས་པར་འཆི། སྒོས་མིའི་ལུས་ནམ་འཆིའི་ཆ་མེད་ཅིང་འཆི་རྐྱེན་གང་གིས་ཀྱང་བྱེད་ངེས་པ་མེད། གསོད་སར་ཁྲིད་པའི་བཙོན་བཞིན་ཞག་རེ་སོང་བ་དང་འཆི་བ་ལ་ཇེ་ཉེར་འགྲོ། ཆུའི་ཆུ་བུར། རི་གཟར་གྱི་རྦབ། ནམ་མཁའི་གློག་ལྟར་གློ་བུར་མྱུར་བ་ཁོ་ནར་འཆི་བ་ཐོག་ཏུ་འོང་། མཁས་བཙུན་བཙན་ཕྱུག་དཔའ་རྩལ་མོ་གཏོ་སྨན་དཔྱད་གང་གིས་ཀྱང་བཟློག་ཏུ་མེད། ལོངས་སྤྱོད་དབང་ཐང་སྙན་གྲགས་གང་ཡང་རྗེས་སུ་མི་འབྲང་བས་དགེ་སྡིག་གི་ལས་ཁོ་ན་རྣམ་པར་ཤེས་པ་དང་འགྲོགས་ནས་ཚེ་ཕྱི་མའི་གནས་སུ་འགྲོ་བའི་ཚེ་སྡིག་པས་ངན་སོང་དུ་ལྟུང་། དགེ་བས་མཐོ་རིས་དང་ཐར་བ་ཐོབ་པ་ཡིན་པས་དེས་ན་ཚེ་ཕྱི་མ་ཕན་ཆད་ལ་ཕན་པ་དམ་པའི་ཆོས་མ་གཏོགས་གཅིག་ཀྱང་མེད། ཚེ་ཕྱི་མ་ལྟ་ཅི་སྨོས། ཚེ་འདི་ལའང་འཕྲལ་ཡུན་གཉིས་ཀར་ཕན་པ་ཆེ་བ་དམ་པའི་ཆོས་ཁོ་ན་ཡིན་ཅིང་། སང་བྱེད་གནང་བྱེད་ཀྱི་ལོང་སྐབས་མེད་པས་ད་ལྟ་ཉིད་ནས་ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང་། བླ་མ་དཀོན་མཆོག་ལ་སེམས་དྭངས་པའི་དད་པ་དང་། བྱང་ཆུབ་བསྒྲུབ་པ་ལ་འདོད་པའི་དད་པ་སྟེ། དེ་གསུམ་དང་ལྡན་པས་ལུས་ལ་གཡོག་དང་གྲུ་ཡི་འདུ་ཤེས་བཞག་སྟེ་དམ་པའི་ཆོས་ཁོ་ན་ལ་མི་འབུང་རེ་སྙམ་པའི་དམ་བཅའ་བརྟན་པར་བྱའོ། །གསུམ་པ་ནི།
༦༣ ཡང་འདི་སྙམ་དུ་བསམ་སྟེ། ཨ་ཙ་མ། །བདག་གིས་མི་ལུས་ཉིན་མོའ་སྣང་བ་དང་འདྲ་བ་ཡུད་ཙམ་པ་འདི་ལ་ལུས་ཀྱི་སྒོ་ནས་ཇི་ལྟར་བགྱིས་ན་རླབས་པོ་ཆེའི་དགེ་བ་ཞིག་འགྲུབ། ངག་གི་སྒོ་ནས་ཇི་ལྟར་སྨྲས་ན་གཞན་ལ་ཕན་པའི་དགེ་བ་ལ་འཁུལ། ཡིད་ཀྱི་སྒོ་ནས་ཇི་ལྟར་བསམ་ན་སེམས་ཅན་ཡོངས་ལ་ཁྱབ་པའི་དགེ་བར་འགྱུར་སྙམ་དུ་མདོར་ན་ལུས་ངག་ཡིད་གསུམ་སེམས་ཅན་དོན་དུ་བཀོལ་བའི་ལྷག་བསམ་རྒྱ་ཆེན་པོ་བསྐྱེད། དོན་དེ་དག་འགྲུབ་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས། བོད་ཁ་བ་ཅན་གྱི་ལྷ་སྐལ། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སོ་སྙམ་པས་མཁའ་ཁྱབ་ཀྱི་དམིགས་པ་ལ་འཇུག་གོ །གཉིས་པ་དངོས་གཞི་ལ་གསུམ། བསྐྱེད་རིམ་བསྒོམ་པ། བཟླས་པ་བྱ་བ། རྫོགས་རིམ་བསྒོམ་པའོ། །དང་པོ་ནི། །བདག་སོགས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའ་གཙུག་ཏུ་པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཡི་གེ་ཧྲཱིཿལས་འཁྲུངས་པའི་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་སྟོན་ཁའི་ཟླ་བ་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། དྲི་མ་མེད་པའི་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་པ། ཀུན་ལ་ཁྱབ་པའི་བྱམས་བརྩེ་མངའ་བས་ཀུན་ནས་འཛུམ་པའི་མདངས་དང་ལྡན་པ། དག་པའི་སྤྱན་གྱིས་དུས་དྲུག་ཏུ་གཟིགས་པས་ཨཱཏྤ་ལའི་འདབ་མ་ལྟར་རབ་ཏུ་རྒྱས་པའི་སྤྱན་མངའ་བ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་སེམས་ཅན་གྱི་དོན་དུ་བསྐུལ་བར་མཛད་པས་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ཐུགས་རྗེའི་རྒྱུན་མི་འཆད་པའི་བརྡར་གཡས་ཀྱི་གཉིས་པ་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་ཚུལ་དུ་བསྣམས་པ། རང་དོན་ཡིད་བྱེད་ཀྱི་འདམ་གྱིས་མ་གོས་པས་གཡོན་གྱི་གཉིས་པས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་སྙན་གྱི་ཐད་ཀར་ཁ་བྱེ་བ་འཛིན་པ། ཁྲེལ་ཡོད་ངོ་ཚའི་རང་བཞིན་གྱི་རས་བཟང་པོའ་ཤམ་ཐབས་
༦༤ ལ་ནོར་བུས་བརྒྱན་པའི་སྐ་རགས་ཀྱིས་སྤྲས་པ། སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རྣམ་ཐར་བརྒྱད་ཀྱི་རང་བཞིན་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་པ། སྙིང་རྗེ་ཆེན་པོའ་ཉམས་དང་ལྡན་པས་རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བསྐབ་པ། གསོལ་བ་འདེབས་པའི་ཡུལ་བསྟན་པའི་ཕྱིར་རང་གི་བླ་མ་འོད་དཔག་མེད་ཀྱིས་རལ་པའི་ཐོར་ཚུགས་ཀྱི་ངོས་ལ་མཛེས་པར་བརྒྱན་པ། ཐུགས་རྗེ་ཆེན་པོའ་བསིལ་ཟེར་གྱིས་ཉོན་མོངས་པའི་ཚ་གདུ་བཞི་བར་མཛད་པས་དྲི་མེད་ཟླ་བརྒྱས་བའི་རྒྱབ་ཡོལ་ཅན། རྩ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ། བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས་གུས་པ་ཆེན་པོས་གསོལ་བ་འདེབས་བར་མོས་ལ་འདི་གསུང་བར་ཞུ། །ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་པའི་གསོལ་འདེབས་ཅི་ནུས་དང་། སྤྲོ་ན། གྲུབ་ཐོབ་ཉིད་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་པའི་ཚེ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་བྱིན་བརླབས་ཅན་དང་། བརྒྱུད་པའི་གསོལ་འདེབས་རྣམས་ཀྱང་བྱ། །གཉིས་པ་ནི། །དེ་ལྟར་གསོལ་བ་བཏབ་པས། སྤྱི་བོའ་འཕགས་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས། མ་དག་ལས་སྣང་གི་འཆར་སྒོ་སྦྱངས་ཏེ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ལུས་སྣང་སྟོང་དབྱེར་མེད་འཕགས་པའི་སྐུའི་རང་བཞིན། ངག་གྲགས་སྟོང་དབྱེར་མེད་ཡི་གེ་དྲུག་མའི་རང་སྒྲ། ཡིད་རིག་སྟོང་། དབྱེར་མེད་ཡེ་ཤེས་ཀྱི་རོལ་པ་སྟེ་སྣང་གྲགས་རྟོག་གསུམ་དཀྱིལ་འཁོར་གསུམ་དུ་གནས་བསྒྱུར་བའི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་རྒྱ་འབྱམས་ཀྱི་ངང་དུ་ཡིད་རྩེ་གཅིག་པས་ཡི་གེ་དྲུག་པའི་བཟླས་པ་ལྷན་ཅིག་ཏུ་གནང་བར་ཞུ། །
༦༥ ༀ་མ་ཎི་པདྨེ་ཧཱུྃ། བཟླས་ལུངས་པས་འདིར་ཡིག་དྲུག་བརྒྱ་རྩ་སོགས་གང་འོས་གསུང་སྲོལ་ཡོད་གསུངས། །ཞེས་ཡི་གེ་དྲུག་པའི་བཟླས་བརྗོད་ཇི་ཙམ་ནུས་པ་བྱ། །གསུམ་པ་ནི། །སྒོམ་བཟླས་གྲུབ་པའི་མཐར། རང་སེམས་གསལ་སྟོང་རིག་པའི་སྙིང་པོ་ཅན། །ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་སྐུ་གསུམ་གདོད་ནས་རང་ཆས་སུ་གྲུབ་པ། གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ཁྱབ་བདེ་གཤེགས་སྙིང་པོའ་རང་ཞལ་ལ། གཉུག་མའི་རིག་པས་བལྟ་བྱ་ལྟ་བྱེད་མ་གྲུབ་པའི་ངང་དུ་གཅེར་གྱིས་བལྟ། བཟོ་བཅོས་དགག་སྒྲུབ་ཀྱི་ཡིད་དཔྱོད་དང་བྲལ། བདེ་གསལ་མི་རྟོག་པ་སོགས་ཉམས་ཀྱི་འཛིན་སྟངས་ལམ་ཞེན། རྣམ་རྟོག་གཟུགས་འཛིན་གྱི་འགྱུ་ལམ་རྦད་ཀྱིས་བཅད་དེ། རྟོག་པའི་འཕྲོ་འདུ་བྱུང་ཡང་ཆོས་ཉིད་གཉུག་མའི་ངང་དུ་རང་ཞི་རང་གྲོལ་དུ་བཏང་ནས་སྤྲོས་བྲལ་གྱི་གནས་ལུགས་ལ་ཅི་གནས་སུ་མཉམ་པར་བཞག་གོ །གསུམ་པ་རྗེས་ཀྱི་བྱ་བ་ནི། །མཉམ་བཞག་དེ་ལས་ལྡང་བར་འདོད་ན། སླར་རང་ཉིད་འཕགས་པ་སྤྱན་རས་གཟིགས་གྱི་སྐུ་སྣང་ལ་རང་བཞིན་མེད་པར་གྱུར་པར་མོས་ལ། དགྲ་གཉེན་བར་མས་བསྡུས་པའི་འགྲོ་བ་ཐམས་ཅད་ལ་ཆགས་སྡང་རྨོངས་གསུམ་གྱིས་འདོར་ལེན་མི་བྱ་བར་གཟུགས་སུ་སྣང་བ་ཐམས་ཅད་འཕགས་པའི་སྐུའི་རང་བཞིན། སྒྲ་སྐད་གྲགས་ཚད་ཡི་གེ་དྲུག་པའི་རང་སྒྲ། བཟང་ངན་གྱི་དྲན་རྟོག་ཅི་ཤར་ཡེ་ཤེས་ཆེན་པོར་ཐག་བཅད་དེ་རྟོག་པའི་རོ་མི་མྱོང་བ་གང་ཤར་དེ་ཀའི་ངོ་བོ་ལ་ཧད་དེ་འཇོག་པ་སྟེ་ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བའི་ངོས། འཁྲུལ་སྣང་ལ་བདེན་པར་བཟུང་བའི་ཕ་མ་སེམས་ཅན་རིས་སུ་མ་ཆད་པ་ལ་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ། བདེན་ཞེན་བྲལ་བ་སྒྱུ་མའི་ཚུལ་གྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བའི་བྱ་བ་ཅི་ནུས་སུ་འབད། དེ་ལྟ་བུའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་རབ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ། འབྲིང་བདེན་མེད་སྒྱུ་མའི་བློ། ཐ་མ་རྒྱལ་བ་སྲས་བཅས་ཀྱི་
༦༦ རྗེས་སུ་སློབ་པའི་བསམ་པས་སེམས་ཅན་གྱི་དོན་དུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། །དེ་ལྟར་དུ་བགྱིས་བའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བདག་དང་ཕ་མ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་གྱུར་ཅིག །ཅེས་པ་དང་། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་རྣམ་པར་དག་བས་རྒྱས་འདེབས་པར་བྱའོ། །དེས་བསྒོམ་ལུང་གི་རིམ་པ་ཟབ་མོ་ལེགས་པར་གསན་བ་ཡིན་པས། ཇི་ལྟར་ཕོག་པའི་དམིགས་བཟླས། དེ་ལྟ་བུ་རབ་ཐུན་བཞིའི་རིམ་པས་ཁོར་ཡུག །འབྲིང་སྒོམ་བཟླས་ཐུན་རེ་ཆགས་མེད། ཐམས་ཅད་ཞག་བདུན་གྱི་མཐའ་བརྟེན་པའི་ཉམས་ལེན་བྱས་པའི་ཕན་ཡོན་ནི། སྡིག་སྒྲིབ་ཉོན་མོངས་དག །སྙིང་རྗེ་།།།་དང་རྟོགས་པ་འཆར། གཞན་དོན་རྒྱ་ཆེན་པོ་འགྲུབ། ཕྱི་མ་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་འཚང་རྒྱ་བ་སོགས་སྨོས་ཀྱིས་མི་ལོངས་པ་མདོ་རྒྱུད་བསྟན་བཅོས་མཐའ་དག་ནས་གསུངས་པས་ཚེགས་ཆུང་ལ་དོན་ཆེ་བའི་གདམས་པ་འདི་ཉིད་རང་དོན་དུ་རྩེ་གཅིག་ཉམས་སུ་ལེན་པ་དང་། གཞན་ལ་འཆད་ཅིང་སྤེལ་བ་དང་། ཐ་ན་སྲོག་ཆགས་གྲོག་སྦུར་ཚུན་ཆད་ཀྱི་རྣ་བར་ཐུགས་རྗེ་ཆེན་པོའ་མཚན་དང་ཡིག་དྲུག་སྒྲོགས་ལ་འཁོར་བ་དོང་སྤྲུགས་འབྲེལ་ཚད་དོན་ལྡན་དོན་གཉིས་ལྷུན་གྱིས་གྲུབ་པའི་ལམ་བཟང་མཐར་དབྱུང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་སོགས་ཀྱིས་བསྔོ་སྨོན་པས་ལ་འདུས་པ་གྱིས་སོ། །སྒོམ་བཟླས་ཡིད་ལ་དྲན་ཙམ་གྱིས། མཚམས་མེད་སྒྲིབ་པ་ཟད་བྱེད་ཅིང་། ཁྱད་པར་གངས་ཅན་མགོན་གཅིག་པུ། །དེ་སྒྲུབ་གདམས་ངག་གསལ་བཤད་པས། །མཐོང་ཐོས་དྲན་རེག་སྐྱེ་དགུ་ཀུན། །འོད་སྣང་མཐའ་ཡས་ཞིང་ཁམས་སུ། །འཇིག་རྟེན་མགོན་པོས་དབུགས་དབྱུང་སྟེ། །གང་གི་རྣམ་ཐར་ཀུན་འགྲུབ་ཤོག །ཅེས་པའང་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་རྗེ་བཙུན་མཉྫུ་གྷོ་ཥའི་གསུང་ཟེར་བདུད་རྩིས་སྙིང་གི་པདྨོར་དྲན་པས། ཡིག་དྲུག་
༦༧ བ་བློ་གྲོས་མཐའ་ཡས་ཀྱིས་རྩ་བའི་ཡིག་སྙིང་གི་དགོངས་པ་གསལ་བར་ཕྱེས། ལྕགས་ཟམ་པའི་ཁྲིད་ཡིག་མ་བུའི་བཅུད་བསྡུས་ཏེ། ལྷག་པའི་བསམ་པས་དཔལ་སྤུངས་ཡང་ཁྲོད་དུ་སྦྱར་བས་གཞན་ཕན་ནམ་མཁའ་དང་མཉམ་པར་གྱུར་ཅིག །དགེ་ལེགས་འཕེལ།།

བསམ་གྱིས་མི་ཁྱབ་པ་རྣམ་པ་ལྔ་ལས།

༡༡༥ ༈ བསམ་གྱིས་མི་ཁྱབ་པ་རྣམ་པ་ལྔ་ལས། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྐབས་སུ། ཆོས་ཉིད་རང་[240]གི་ངོ་བོ་ལས་མི་གཡོ་བར་ཐམས་ཅད་ལ་ཐ་དད་པར་བསྟན་པ། ཐེག་
༡༡༦པ་ཆེན་པོའི་མདོ་ལས། སྣང་བྱེད་མཁའ་ལས་མ་གཡོས་ཀྱང་། །མཐུན་སྣང་རི་བོའི་ཕག་ཏུ་འགྱུར། །རླུང་གི་ཤིང་རྟས་དྲངས་ཤིང་སྤྱོད། །ངེས་པར་[241]རྟོགས་ཀྱང་དེ་ལྟར་མིན། རང་བཞིན་[242]དབྱིངས་ལས་མ་གཡོས་ཀྱང་། །རྣམ་རྟོག་རི་བོའ་ཕག་ཏུ་འགྱུར། །རྟོག་པ་[243]རླུང་གིས་དྲངས་ཤིང་བསྐྱེད། །ངེས་པར་[244]རྟོགས་ཀྱང་དེ་ལྟར་མིན། །ཞེས་གསུངས་སོ། །ལྟ་བ་ངོ་བོ་ཉིད་ཀྱི་སྐབས་སུ་མེད་པ་རྣམ་པ་དྲུག་ཏུ་གནས་ཏེ། རྒྱུ་ཡིས་[245]བསྐྱེད་པ་མེད། རྐྱན་གྱིས་འཇིག་པ་མེད། [246] དཔེས་མཚོན་དུ་མེད། གཉེན་པོས་[247]སྤང་བླང་མེད། ལམ་[248]གྱིས་སྦྱང་དུ་མེད། འབྲས་བུ་[249]ལ་རེ་དོགས་མེད་དོ། །རྣལ་འབྱོར་པའི་ལམ་ཉམས་སུ་ལེན་པའི་དུས་[250]ན་ཡོད་པ་རྣམ་པ་དྲུག་གིས་[251]ཉམས་སུ་ལེན་དགོས་ཏེ། རྒྱུ་ཡིས་བསྐྱེད་པ་ཡོད་ཅེས་[252]བྱ་བ་ལ་སོགས་བྱའོ་གཞན་ཡང་དེ་བཞིན་ཉིད་[253]དངོས་པོའི་གནས་ལུགས་[254]སྔོན་ཏུ་གྲུབ་པའི་ཆོས་ཉིད་[255]རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་[256]
༡༡༧སློབ་དཔོན་སེམས་ཀྱི་རྒྱལ་པོའོ། [257] ཡང་དེ་རྟོགས་བྱའི་མ་[258]ཡེ་ཤེས། རྟོགས་པའི་ལྟ་བ། སོ་སོ་རང་རང་གི་རིག་པ། ཆོས་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ། རྣལ་འབྱོར་པ་[259]པའི་ས་དང་པོའོ། དེ་དག་ཐམས་ཅད་མིང་གི་རྣམ་གྲངས་སོ། ཤུབྷྃ།

བཀའ་བབས་ཕྱི་མ་དམ་པ་ཀུན་དགའི་ལུགས་ཀྱི་ལམ་ལྔའི་གླེགས་བམ་གྱིས་དབང་རྒྱས་པ་

༧༧ ༀ་སྭ་སྟི། ན་མོ་གུ་རུ་ཤྲཱི་བཛྲ་ཌཱ་ཀི་ནི་བྷྱཿ འདིར་དམ་པའི་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་རྩ་བ་བཀའ་བབས་ཕྱི་མ་ལས། དྲི་མེད་ཐིགས་པ་ཕྱག་བཞེས་ཀྱི་སྐོར་ཞེས་བྱང་ཆུབ་སེམས་དཔའ་ཀུན་དགའི་ལུགས་ཀྱི་རྟེན་མ་སྨིན་པ་སྨིན་པར་བྱེད་པ་ལམ་ལྔའི་གླེགས་བམ་གྱི་དབང་བསྐུར་བ་ནི། དབང་ཐོབ་ཅིང་གྲངས་དུས་རྟགས་ཀྱི་བསྙེན་པ་གང་རུང་ཐེམས་པའི་སློབ་དཔོན་གྱིས་སྣོད་ལྡན་གྱི་སློབ་བུ་རྗེས་སུ་འཛིན་པར་འདོད་པས། ཐོག་མར་ཨཱ་ལི་ཀཱ་ལིའི་སྟ་གོན་དུ་གནས་པར་
༧༨ བྱ་སྟེ། རྒྱུ་གསེར་ཟངས་སོགས་ལ་ཕུལ་དུ་བྱས་པའམ། གཞི་ཇི་ལྟར་རིགས་རིགཔ་ལ་གསེར་དངུལ་ལྟ་བུས་བྲིས་པས་ཀྱང་རུང་སྟེ། ཨཱ་ལི་བཅུ་དྲུག་ཚན་བཞི། སྡེ་པ་ལྔ། མཐར་གནས། དྲོ་བའི་ཤ་ཥ་ས་དང་། ཧ་ཀྵཿསྟེ་ཚན་པ་བཅུ་གཉིས་སུ་བྱས་པ་བྲིས་ལ། སྐར་མ་རྒྱལ་གྱི་ཉིན་གཟའ་ཚེས་ལེགས་པ་ལ་རབ་གནས་བརྒྱ་རྩ་བརྒྱད་བྱ། དེ་ནས་དབེན་པའི་གནས་སུ་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ཏེ། སྟན་བདེ་བ་ལ་འདུག་པའི་མདུན་དུ་མཎྜལ་གྱི་སྟེང་ཡི་གེ་ལྔ་བཅུ་པོ་ནས་དང་བསྲེས་ནས་ཐོད་པ་མཚན་ལྡན་དུ་བླུགས་ལ་བཀོད། འཕང་ལོ་ཐི་གུ་དང་བཅས་པ་ཕྱོགས་བཞིར་བཞག་ལ་ༀ་ཨཱཿཧཱུྃ་ཧྲཱིཿགུ་རུ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་འབུམ་ཕྲག་བཞི་བཟླ་སྟེ། བསྙེན་པའོ། །དེ་ནས་མི་སྐད་མི་ཐོས་པའི་དབེན་པར་སོང་ལ། ཐོད་པ་དེ་ཐོད་པ་གཅིག་གི་ནང་དུ་བཅུག །སྟེང་ནས་ཐོད་པ་གཞན་ཞིག་བཀབ་སྟེ་དར་དམར་གྱིས་དྲིལ་ལ་མདུན་དུ་མེ་ལོང་གི་ཁར་བཞག་ཅིང་། འཕང་ལོས་མཐའ་བསྐོར་ཏེ། ༀ་ཨཱཿཧྲཱིཿགུ་རུ་སིདྡྷི་ཕ་ལ། ཤཱནྟིཾ། པུཥྚིཾ། པཱ་ཤཾ །ཀརྨ་ཀུ་རུ་ཧཱུྃ། ཞེས་འབུམ་ཕྲག་གཉིས་བཟླས་ཏེ། སྒྲུབ་པའོ། །དེ་ནས་ཐོད་པ་དེ་ཉིད་ཤེས་རབ་མ་སྟེ་རང་གི་ཕྱག་རྒྱ་མའམ་གྲོང་པས་བསམ་གོས་པའི་བུ་མོ། དེ་དག་མེད་ན་རང་གི་ལག་གཡོན་པས་བླངས་ཏེ། མདུན་དུ་མཎྜལ་ལ་མངལ་ཁྲག་དང་སིནྡྷཱུ་རས་ཆོས་འབྱུང་བྲིས་པའི་སྟེང་དུ་བཞག་ལ། གནས་དེ་དུར་ཁྲོད་དུ་བྱིན་གྱིས་རློབས་ཤིང་བསྒོམ་ནས། ༀ་ཨཱཿཧྲཱིཿགུ་རུ་པྲ་མ་ཎ་ཡེ་ཛི་ན་མཻ་ཏྲི་བྷུ་ཧུ་ཀུ་རུ་ཧཱུྃ། ཞེས་འབུམ་ཕྲག་གཅིག་བཟླས་ཏེ། ལས་སྦྱོར་རོ། །དེ་ནས་རང་གི་སྤྱི་བོར་བཟུང་སྟེ། ༀ་ཨཱཿཧཱུྃ་ཧྲཱིཿཞེས་སྟོང་ཕྲག་བཞི། དེ་བཞིན་དུ། མཛོད་སྤུ། ཨོལ་མདུད། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་བཞག་ནས་སྔགས་དེ་སྟོང་ཕྲག་རེ་རེ་བཟླ་སྟེ། དངོས་གྲུབ་ལེན་པའོ། །དེ་ནས་
༧༩ མདུན་དུ་བཞུགས་སུ་བཅུག་ལ་མཆོད་བསྟོད་གཏོར་མ་དབུལ། བཀྲ་ཤིས་བརྗོད་དོ། །དེ་ལྟར་བྱས་པས་བདག་ཉིད་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་བྱ་བའི་མིང་ཐོབ་ཅིང་། གཞན་ནུས་ལྡན་དུ་བྱད་པ་བླ་མའི་ལྡང་ཚད་དེ་བསྙེན་པ་ཁ་གསོ་བ་དང་མཐུན་པ་ཡིན་གསུང་ངོ་། །དེ་ལྟར་རང་གི་བྱ་བ་རྣམས་ལེགས་པར་ཚར་ནས། སློབ་མ་ལས་འཕྲོ་ཅན་ཆེ་བ་བཞི་ལྡན་ཏེ་བླ་མ་ལ་གུས་པ། དཀོན་མཆོག་ལ་དད་པ། ཤེས་རབ་དང་སྙིང་རྗེ་ཆེན་པོའ་སློབ་མ་ལ་རིམ་པ་གསུམ་ལས། འདིར་དང་པོ་དབང་བརྟུལ་གྱི་གང་ཟག་སྨིན་པར་བྱེད་པ་ལས། དབང་ལྔའི་དང་པོ་བློ་སྦྱོང་གི་དབང་ནི། དུས་གཟའ་སྐར་ཚེས་གྲངས་བཟང་པོའ་ཉི་མ་ལ། ཉམས་དགའ་ཞིང་བར་ཆད་མེད་པའི་གནས་དབེན་པར། གནས་ཁང་ཕྱགས་དར་བྱས། བླ་མ་དང་དཀོན་མཆོག་གི་རྟེན་རྣམས་ཁྲི་བཀོད་ལེགས་པ་ལ་བཞུགས་སུ་གསོལ། བླ་མའི་མདུན་དུ་བྲམ་ཟེའམ་དགེ་སློང་གཙང་མའི་ལག་ནས་བྱུང་བའམ། དུར་ཁྲོད་ནས་བྱུང་བའི་རས་དམར་པོ་བཏིང་བའི་སྟེང་དུ་ཤེར་ཕྱིན་གྱི་གླེགས་བམ་བཞག་ལ་འབྲས་དཀར་རམ་ནས་བཟང་པོས་གཅེར་བ་གླེགས་བམ་གྱི་དབྱིབས་སུ་བཞེངས། དེའི་སྟེང་ལོགས་ལ། གླང་ཆེན་སྣ་ལྟ་བུ་དང་། བཅོད་བཙོདཀྱི་རུ་རུ་གཤིབས་པ་ལྟ་བུ་དང་། ཟླ་ཚེས་ལྟ་བུ་དང་། སྐར་མདའ་རྒྱུག་པ་ལྟ་བུ་དང་། ཉི་ཟླ་ཤར་བ་ལྟ་བུ་དང་། བྲེ་བརྒྱད་ལས་མི་ཉུང་བ། ཨཱ་ལི་ཀཱ་ལི་ཆ་ལྔ་དཔེ་ཆུང་ལྟར་བྲི། དེའི་འབྲས་སོགས་ཀྱི་ཕྱེ་དཀར་པོས། བེར་ཀ་རིས། ཐིག་ཁོངས་སུ་ཆུད་པར་ཤད་གཉིས། རིན་པོ་ཆེ་ལས་གྲུབ་ཚིག་གུ་གཉིས། ཁ་ཐིག་གཉིས། པའི་ཨཀྵཿལྔ་བཅུའི་བྱང་མིག་ཀོར་གཉིས། བུ་རབ་གནས་ཅན་གྱིས་བསྐོར་ལ་དགྲམ། དེའི་དབུས་སུ་ཐོད་པ་མཚན་ལྡན་དུ་ཆང་བཟང་པོ་ལ་བདུད་རྩི་རིལ་བུ་བཏབ་ཅིང་ཕྲད་དུ་
༨༠ རམ་བཟང་པོ་དང་སྦྱར་བ་བཀོད་ལ་དར་དམར་གྱིས་ཁ་བཅད། སྟེང་དུ་རྒྱལ་བ་ཡུམ་གྱི་བླ་རེ་ལྷའམ་ཨ་རང་ལ་ཞལ་བསྟན་པ་དབུབ་པའང་ཕྱག་ལེན་ལ་གནང་། གླེགས་བམ་གྱི་མཐའི་ཕྱོགས་མཚམས་སུ་འབྲས་སམ་ནས་ཀྱི་ཕྱེ་མ་དཀར་པོས་པདྨ་འདབ་བརྒྱད་དྲིས་པ་དུར་ཁྲོད་བརྒྱད་དུ་མོས་ལ། དེ་རྣམས་ཀྱི་སྟེང་དུ་ཕྱོགས་སྐྱོང་ལ་གཏོར་མ། མཁའ་འགྲོ་ལ་ཤ་ཆེན། ཞིང་སྐྱོང་ལ་སྲུང་སྐུད། གྲུབ་ཐོབ་ལ་ཕྲེང་བ་རྣམས་བཀོད་དེ་དུར་ཁྲོད་ཀྱི་རྫས་སུ་མོས། མཐའ་ཅི་འབྱོར་བའི་མཆོད་པས་བསྐོར། ལས་བཞིའི་འབྲང་རྒྱས། ཤར་དུ་དཀར་ཟླུམ། ལྷོར་གྲུ་བཞི་སེར། ནུབ་ཏུ་ཟླ་གམ་དམར། བྱང་དུ་གྲུ་གསུམ་ནག་པོ་རྣམས་བཤམས། གཞན་ཡང་དཀྱིལ་འཁོར་མཆོད་པའི་གཏོར་མ་བཞི་རྒྱན་བཅས་པ་དང་། བཟའ་བཅའ་བཏུང་བ་ལ་སོགས་པའི་ཚོགས་ཀྱི་ཡོ་བྱད་རྣམས་ཅི་བདེར་བཤམས་མོ། །དེ་ནས་རང་ཉིད་སྟན་བདེ་བ་ལ་འདུག་སྟེ། སྔོན་གཏོར་རཾ་ཡཾ་ཁཾ་གིས་བསངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ཨཱཿལས་ཡེ་ཤེས་ཀྱི་བདུད་རྩི་ཧཱུྃ་གིས་མཁའ་ཁྱབ་ཏུ་འཕེལ་བར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཕྱོགས་སྐྱོང་པ་བབཅུ་དང་གཞི་བདག་དཀར་ཕྱོགས་པ་རྣམས་ལ་འབུལ་ལོ། །ཕན་པ་དང་བདེ་བའི་སེམས་ཀྱིས་སྟོང་གྲོགས་མཛོད་ཅིག །གང་དག་སྡང་བ་དང་། གདུག་པའི་སེམས་དང་ལྡན་པ་ལོག་པར་བལྟ་བའི་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་སོང་ཞིག །ཅེས་གཏོར་མ་ཕྱིར་དོར་རོ། །ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ་ཅེས་པས་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་དང་བླ་བྲེས་གཏམས་པ་ལས་ཡེ་ཤེས་ཀྱི་མེ་འབར་བས་ཅིས་ཀྱང་མི་ཤིགས་པར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་ཚོགས་ཞིང་རྣམས་
༨༡ མདུན་གྱི་ནམ་མཁར་སད་པར་བསམ་ལ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ། །ཤེས་རབ་སྙིང་རྗེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བགྱིས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །བཏང་སྙོམས་མཆོག་ལ་གནས་པར་ཤོག །ཅེས་གསུམ་དང་། ན་མོ། །བླ་མ་དཀོན་མཆོག་ཡི་དམ་ལྷ། །མཁའ་འགྲོ་སྲུང་མའི་ཚོགས་བཅས་ལ། །དང་བའི་སེམས་ཀྱིས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །བདག་གིས་སྡིག་པ་ཅི་བགྱིས་པ། །དེ་དག་ཐམས་ཅད་སོ་སོར་བཤགས། །སེམས་ཅན་དོན་མཛད་རྒྱལ་སྲས་གང་། །དེ་དག་ཀུན་ལ་རྗེས་ཡི་རང་། །ཇི་སྲིད་འཁོར་བ་མ་སྟོང་བར། །མྱ་ངན་མི་འདའ་གསོལ་བ་འདེབས། །མགོན་པོ་ཐུགས་རྗེ་ཆེ་ལྡན་རྣམས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འགྲོ་ཀུན་བསགས་པའི་དགེ་བ་གང་། །བྱང་ཆུབ་ཏུ་ནི་བདག་གིས་བསྔོ། །ཞེས་ལན་གསུམ་གྱིས་བསོད་ནམས་ཀྱི་ཚོགས་བསག་གོ །སྭ་བྷཱ་ཝས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ཏེ་ཡེ་ཤེས་ཀྱི་ཚོགས་སོ། །འདི་རྩ་བར། རང་ལྷ་གང་ཡིན་གྱི་བསྐྱེད་བཟླས་བྱ་བར་བཤད་ཀྱང་། ཕྱག་ལེན་དུ་བདག་མེད་མ་བསྒོམས་པར་མཛད་པས་དེའི་དབང་དུ་བྱས་ཏེ། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་
༨༢ བས་ཡོངས་སུ་བསྐོར་བའི་ནང་པད་ཉི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་གཞལ་ཡས་ཁང་གྲུ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་ཉི་རོའ་གདན་ལ་ༀ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་རྡོ་རྗེ་བདག་མེད་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའི་གྲུ་མོ་ན་ཁ་ཾ་ག་བསྣམས་པ། སྤྱན་གསུམ་པ། ཞལ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་ཤིང་ཁྲོ་འཛུམ་བཞད་པའི་ཉམས་ཅན། དབུ་སྐྲ་སེར་པོ་གྱེན་དུ་འཁྱིལ་བ་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ་གར་དགུའི་ཉམས་ཀྱིས་སྒེག་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་པའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པ་སྤྱི་བོར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ཡིག་རྣམས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར། ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་པ་དམ་ཚིག་པ་ལ་རོ་གཅིག་ཏུ་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། རིགས་ལྔ་ཡབ་ཡུམ་གྱི་ཐུགས་ཀ་ནས་བྱུང་བའི་ཡུམ་ལྔས་བྱང་ཆུབ་སེམས་ཀྱི་ཆུས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར་ཆུ་ལྷག་མ་སྤྱི་བོར་འཁྱིལ་པ་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན། རང་གི་ཐུགས་ཀར་ཉི་མ་ལ་གནས་པའི་ༀ་ཡིག་སྔགས་ཕྲེང་གིས་བསྐོར་བ་ལས་སྤྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོར་སྦྱངས་པར་བསམ་ལ། ༀ་ཨཱཿཨཾ་སྭཱ་ཧཱ། ཞེས་བཟླས་ཤིང་། དེས་སྐྱོན་རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་
༨༣ བསམ་ལ། མཆོད་པ་བསངས་སྦྱངས། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་མཆོད་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཨཱཿཡིག་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་འདོད་ཡོན་གྱི་རོལ་མོར་འཆར་བའི་བདུད་རྩིའི་རང་བཞིན་ཅན་ཧཱུྃ་ཡིག་གིས་ཡུལ་དུས་ཚད་མེད་པར་འཕེལ་བའི་མཆོད་སྤྲིན་དུ་གྱུར། ༀ་ཨཱཿཧཱུྃ། ཞེས་བདུན་ནམ་གསུམ་གྱིས་བརླབས་ལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྗེ་བཙུན་བཅོམ་ལྡན་འདས་མར་འབུལ། །ༀ་ནཻ་་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལཱོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤབྡ། ཞེས་བཅུག་པ་དང་། ནང་མཆོད་འབྲུ་གསུམ་གྱིས་ཕུལ་ལ། བསྟོད་པ་ནི། །རྣམ་དག་དྲི་མེད་དབྱིངས་ལས་སྐུ་སྤྲུལ་ཞིང་། །སྒྱུ་མའི་སྐུ་མཆོག་མཛེས་པའི་ཆ་ལུགས་འཆང་། །རབ་བརྗིད་གར་གྱིས་རྣམ་པར་བརྒྱན་པ་མོ། །འགྲོ་བའི་ཡིད་འཕྲོག་རྣམ་དག་སྐུ་ལ་བསྟོད། །བརྗོད་མེད་ངང་ལས་སྤྲུལ་པའི་གསུང་མཆོག་ནི། །གྲགས་སྟོང་ངོ་བོ་གཉིས་མེད་བྲག་ཆའི་སྒྲ། །འགྲོ་ཀུན་ཐར་ལམ་བདེ་ལ་འགོད་མཛད་པའི། །རྣམ་དག་དྲི་བྲལ་གསུང་ལ་གུས་པས་འདུད། །མི་རྟོག་དབྱིངས་ནས་ཐུགས་རྗེའི་འོད་ཟེར་འཕྲོ། །མཐར་ཕྱིན་ཐབས་ཀྱི་མཛད་པས་གདུལ་བྱ་སྒྲོལ། །དཔག་མེད་ཡོན་ཏན་དུ་མའི་མཆོག་མངའ་བ། །ཐུགས་མཆོག་ཡོན་ཏན་ཕྲིན་ལས་བཅས་ལ་འདུད། །ཅེས་བསྟོད། དེ་ནས་ཚོགས་རྫས་རྣམས་རཾ་ཡཾ་ཁཾ་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ལས་ཚོགས་རྫས་བདུད་རྩི་ལྔའི་རང་བཞིན། ཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཐིམ་པས་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་བསམ་ལ། ༀ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད་པས་
༨༤ བྱིན་གྱིས་བརླབས། དེ་ནས་གླེགས་བམ་བྱིན་གྱིས་བརླབས་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་ཛཿཧཱུྃ་བཾ་ཧོ་ཞེས་པས་འོག་མིན་གྱི་གནས་ནས་ཡེ་ཤེས་ཀྱི་གླེགས་བམ་སྤྱན་དྲངས་ཏེ་ཐིམ་པར་བསམ་ལ། ༀ་ཨཱཿཧཱུྃ་ཧྲཱིཿཞེས་བཞི་བརྒྱ་བཟླས། ཡང་སྔགས་རྒྱས་ཡེ་ཤེས་ཀྱི་ཡིག་འབྲུ་ཨཱ་ལི་ཀཱ་ལི་ལྔ་བཅུའི་རྣམ་པར་སྤྱན་དྲངས་པར་བསམ་ལ། ཨ་ཀྵ་ལྔ་བཅུ་པོ་ལན་བཞི་བཟླས་ནས་བླ་མ་ཆོས་ཀྱི་སྐུའི་ངོ་བོར་བྱིན་གྱིས་བརླབ་བོ། །ཡང་ཐོད་པའི་བདུད་རྩི་བརླབ་པ་ནི། བདུད་རྩིའི་སྟེང་དུ་ཟླ་བའི་གདན་ལ་ཡི་དམ་གྱི་ས་བོན་ཨཾ་ཡིག་འབར་བ། དེ་ལས་འོད་ཟེར་འཕྲོས། བླ་མ་དང་གཉིས་སུ་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཡབ་ཡུམ་སྤྱན་དྲངས། བདག་གི་སློབ་མ་འདི་དག་སྨིན་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་སེམས་དཀར་དམར་བབས་པས་ཐོད་པ་ཁེངས་པར་བསམ་ལ། ཨ་མྲྀ་ཏ་ཧཱུྃ། ཞེས་པ་བཞི་བརྒྱ་བཟླས་རྗེས། ༀ་ཨཱཿཧཱུྃ་མང་དུ་བཟླས་པས་དཀྲུགས་ཤིང་རྒྱས་བཏབ་ལ་བཞག་གོ །ཡང་སྔགས་རྒྱས་ཕྲིན་ལས་བཞི་གྲུབ་པའི་རྫས་དེ་སྤྱན་དྲངས་འབྲང་འབྲིངརྒྱས་ལ་ཐིམ་པར་བསམ་ལ། ཤཱནྟིང་ཀུ་རུ་སྭཱ་ཧཱ། པུཥྚིཾ་ཀུ་རུ་སྭཱ་ཧཱ། བ་ཤཾ་ཀུ་རུ་སྭཱ་ཧཱ། རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པས་ཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་རྫས་སུ་གྱུར་པར་བརབསམ་ཞིང་། ཨ་བྷི་ཥིཉྩ་ཧཱུྃ་ཞེས་ཀྱང་བཟླས་སོ། །དེ་ནས་སློབ་མ་རྣམས་ཁྲུས་དང་ཕྱག་བྱས་ནས་གྲལ་དུ་འཁོད་པ་ལ། འོ་རྒྱུ་སེམས་ཅན་ལ་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་རྣམས་ཀྱིས་དམ་པའི་ཆོས་རིན་པོ་ཆེ་ཉམས་སུ་ལེན་དགོས་ལ། དེ་ཡང་གང་ཟག་བློའི་རིམ་པ་མི་གཅིག་པ་ལ་དགོངས་ནས་རྫོགས་པའི་སངས་རྒྱས་ཀྱིས་ཐེག་པ་སྣ་ཚོགས་གསུངས་པ་ལས། འདིར་ཐེག་པ་ཆེན་པོ། དེ་ལའང་སྔགས་མཚན་ཉིད་གཉིས་ལས་འདིར་སྔགས་གཙོ་བོར་སྟོན་པ། དེ་ལའང་རྒྱུད་སྡེ་རིན་པོ་ཆེ་བཞི་ལས་
༨༥ འདིར་བླ་མེད་དེ་ལ་གསུམ་ལས་འདི་སྙིང་པོ་དོན་གྱི་རྒྱུད། འདི་ཉམས་སུ་བླངས་པས་གྲུབ་པ་ཐོབ་པའི་གང་ཟག་དཔག་མེད་བྱོན་པ་ལས་འདིར་ནི་དམ་པ་རིན་པོ་ཆེའི་ལུགས་དམ་པའི་ཆོས་སྤྱིའི་མིང་བྱེ་བྲག་ལ་བཏགས་ནས། །སྤྱི་མིང་སྒོས་སུ་ཐོབ་པའི་ཆོས་སྡུག་བསྔལ་ཞི་བྱེད། དེ་ལ་ཡང་སྔ་ཕྱི་བར་གསུམ་ལས་འདི་ནི་ཞི་བྱེད་བརྒྱུད་པ་ཕྱི་མ་བྱ་བ། སྒོ་བའི་རྣལ་འབྱོར་པ་བཞི་ལ་གསུངས་པ་ལས། འདི་བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའི་ལུགས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་ངག །གསང་སྔགས་དང་རྗེས་སུ་མཐུན་པ། རྩ་བ་དང་བརྒྱུད་ལ་བསྐུར་བ། སྙིང་པོའ་དོན་ཐབས་རྟེན་འབྲེལ་གྱི་ཆེ་བ་དུ་མས་བརྒྱན་པ། སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་སྟན་གཅིག་གི་སྟེང་དུ་དུས་གཅིག་ལ་ཉམས་སུ་ལེན་པ་དྲི་མེད་ཐིག་པ་ཕྱག་བཞེས་ཀྱི་སྐོར་བྱ་བ་དེ་ལགས། འདི་འཆད་པ་ལ་ཡན་ལག་ལྔ་སྟེ། ཡིད་ཆེས་བསྐྱེད་པ་གཏམ་རྒྱུད་ཀྱི་ཡན་ལག །རྟེན་སྨིན་པར་བྱེད་པ་དབང་གི་ཡན་ལག །ཉམས་སྐྱེ་བར་བྱེད་པ་ཁྲིད་ཀྱི་ཡན་ལག །རྟོགས་པ་འཆར་བར་བྱེད་པ་བླ་མའི་བྱིན་རླབས་ཀྱི་ཡན་ལག །སྤྲོས་པ་གཅོད་བྱེད་ཚིག་ཚོགས་ཀྱི་ཡན་ལག་དང་ལྔ་ལས། འདིར་རྟེན་མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ཡན་ལག་གི་སྐབས་ཡིན་པས། ཐོག་མར་དབང་ཞུ་བའི་ཡོན་ཏུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་ཕུལ་དུ་གཞུག །དེ་ནས་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ། བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ། དེ་ནས་བླ་མས། ཁྱེད་རྣམས་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཨཱ་ལི་ཀཱ་ལིའི་བྱིན་རླབས་ཡི་གེ་ཕྱི་མོའ་དབང་བསྐུར་ལྷན་ཅིག་སྐྱེས་པ་བཞི་རྫོགས་ཞུས་ལ་ཉམས་སུ་
༨༦ བླང་སྙམས་པས་མ་ཡེངས་པར་གསན་འཚལ། དེའང་དབང་འཁོར་རྩ་བ་ལས། གསོལ་བ་བཏབ་པའི་རྗེས་སུ། བླ་མས་ལྷག་པའི་ལྷ་མཆོད་ཅིང་ཚོགས་མཆོད་གླེགས་བམ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སེམས་བསྐྱེད་པར་ལྡན་པས་ཐེག་པའི་རིམ་པ་ངོས་བཟུང་ལ། སྙིང་པོ་དོན་གྱི་ཆེ་བ་བརྗོད་པར་བྱའོ། །ཞེས་གསུངས་པ་ལས་ལག་ཏུ་བླང་བདེ་བའི་ཕྱིར་དེ་རྣམས་གསོལ་འདེབས་ཀྱི་གོང་དུ་གྲུབ་པས། ད་ཁྱད་འཕགས་ལྔའི་སྒོ་ནས་ལས་ཅན་སྤྲོ་བ་བསྐྱེད་པར་བྱ་སྟེ། དྲི་མེད་ཐིག་པ་ཕྱག་བཞེས་ཀྱི་སྐོར་འདི་ཉམས་སུ་ལེན་པ་ལ། དབྱིངས་རྣལ་འབྱོར་གསུམ་དུ་གནས་ཏེ། དང་པོ་བྱ་བ་གཞིའི་རྣལ་འབྱོར་རྟེན་སྡོམ་པ་གསུམ་ལྡན་དུ་བྱས་ནས་རྣལ་འབྱོར་གྱི་རང་ས་དྲུག་མཉམས་མཉམཔར་བསྲུང་། དེའི་སྟེང་ནས་བྱེད་པ་ལམ་གྱི་རྣལ་འབྱོར་འཕགས་པའི་ལམ་རིམ་པ་ལྔ་དཀའ་ཐུབ་རྣམ་པ་གསུམ་གྱི་སྲང་ནས་བཏོན་པས། མཐར་བྱ་བྲལ་འབྲས་བུའི་རྣལ་འབྱོར་སངས་རྒྱས་སྐུ་བཞི་མངོན་དུ་འགྱུར་བ་ལ་ཚེགས་མེད་པ་ལགས། འདི་ལའང་ལམ་རིམ་པ་ལྔ་ལས། ད་རེས་ཀྱི་དབང་འདི་ཚོགས་ལམ་བགྲོད་པར་བྱེད་པ་བློ་སྦྱོང་གི་དབང་དང་བྱིན་རླབས་བྱ་བ་དེ་ཡིན། འདི་ནི་དབང་བསྐུར་བ་གཞན་ལས་ཁྱད་པར་ལྔས་འཕགས་པ་ཡིན་ཏེ། དང་པོ་དཀྱིལ་འཁོར་མི་བཤམས་གླེགས་བམ་བཤམས་པས་ཁྱད་པར་འཕགས་ཏེ། དཀྱིལ་འཁོར་ནི་ལྷ་དབང་ལུས་ལ་བསྐུར་བའི་རྟེན་ཙམ་ཡིན་ལ། གླེགས་བམ་ནི་ཆོས་དབང་སེམས་ལ་བསྐུར་བ་ཡིན་པས་ཁྱད་པར་འཕགས། འདི་ལ་གསུམ་ལས། རི་མོ་གཟུགས་ཀྱི་གླེགས་བམ་སངས་རྒྱས་སྐུ་གསུམ་གྱི་ཞིང་ཁམས། མཐའ་བསྐོར་རྟོགས་པ་དོན་གྱི་གླེགས་བམ་སྐུ་གསུམ་གྱི་དགོངས་པ། རྒྱབ་ན་མཚོན་བྱེད་སྒྲའི་གླེགས་བམ་གསུང་རབ་རིན་པོ་ཆེ་སྐུ་གསུམ་གྱི་ཕྲིན་ལས། དེ་ལྟར་གླེགས་བམ་འདི་མཐོང་བ་
༨༧ ཙམ་གྱིས་སྐྱོན་ཐམས་ཅད་འདགས་འདེགསཤིང་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན་ནོ། །གཉིས་པ་དཀྱིལ་འཁོར་གྱི་སྟེང་དུ་ས་ཚོན་མི་འགྲེམ་བར་གླེགས་བམ་གྱི་སྟེང་དུ་ཡིག་འབྲུ་བཀྲམ་པས་འཕགས་ཏེ། ས་ཚོན་གྱིས་ཡེ་ཤེས་ལྔའི་མདངས་ལས་མི་མཚོན་ལ། ཡིག་འབྲུ་ནི་ཡེ་ཤེས་དངོས་སུ་རྒྱུད་ལ་སྐྱེ་བར་བྱེད་པའི་ས་བོན་ཡིན་པས་ཡང་དག་པའི་ལམ་རིམ། བདེ་བར་གཤེགས་པའི་ཞལ་ངོ། །འཁོར་འདས་ཀུན་གྱི་རྩ་བ། མཐོང་བས་ཆོག་པའི་ལམ་ཡིན་ནོ། །གསུམ་པ་དཀྱིལ་འཁོར་གྱི་སྟེང་དུ་བུམ་པ་མི་འཆའ་བར་གླེགས་བམ་གྱི་སྟེང་དུ་བྷནྡྷའཆའ་བས་འཕགས་ཏེ། བུམ་པ་ནི་བཟོ་བོས་གསར་དུ་བསྒྲུབས་ཤིང་རྫས་ཆུས་བྱས་པས་བདེ་བར་གཤེགས་པའི་རྟེན་རྫས་ཙམ་ཡིན་ལ། བྷནྡྷ་ནི་རང་བྱུང་ལྷུན་གྲུབ་བསམ་འཕེལ་གྱི་ནོར་བུ་རིན་པོ་ཆེ། འདིའི་ནང་དུ་བླུགས་པའི་བདུད་རྩི་བྱང་སེམས་ནི། བདེ་བར་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་དམ་རྫས་ཏེ། ཐིན་པས་ཆོག་པའི་རྩི། རྫས་གཅིག་གིས་ཐུགས་དམ་སྐོང་བར་བྱེད་པ་ཡིན་ནོ། །བཞི་པ་དཀྱིལ་འཁོར་གྱི་གཙོ་བོ་ལྷས་མ་བྱས་པར་གླེགས་བམ་གྱི་གཙོ་བོ་བླ་མས་བྱས་ནས་དབང་བསྐུར་བས་འཕགས་ཏེ། ལྷས་སེམས་ཀྱི་སྒྲོ་འདོགས་དངོས་སུ་མི་ཆོད་ལ། བླ་མས་དངོས་སུ་གཅོད་དེ་རབ་རྟོགས་ལྡན་གྱི་བླ་མ་སངས་རྒྱས་ཐམས་ཅད་ཀྱི་བྱེད་པ་པོ། འབྲིང་ཉམས་མྱོང་དང་ལྡན་པའི་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་རྣམ་འཕྲུལ། ཐ་མ་གདམས་ངག་དང་ལྡན་པའི་བླ་མས་ཀྱང་སངས་རྒྱས་ཀྱི་ཕྲིན་ལས་ཙམ་སྒྲུབ་ནུས་པ་ཡིན་ནོ། །ལྔ་པ་དབང་བཞི་གྱེར་ཐབས་སུ་མི་བསྐུར་བར་ངོ་སྤྲོད་དུ་བསྐུར་བས་འཕགས་ཏེ། གྱེར་ཐབས་ནི་དོན་སྤྱི་ལ་བརྟེན་པ་ལམ་མོས་སྒོམ་ཙམ་ཡིན་ལ། ངོ་སྤྲོད་ཀྱི་ལམ་དངོས་སུ་རྫོགས་པར་བྱེད་པ་ཡིན་ཏེ། སློབ་མ་རབ་དབང་བསྐུར་བའི་དུས་དེ་ཉིད་རྟོགས་ཐོབ་
༨༨ དུས་མཉམ་དུ་འགྲོལ་ནུས། འབྲིང་གིས་རྩ་བྲལ་གྱི་དོན་རྙེད། ཐ་མས་ཀྱང་བྱང་སེམས་ཀྱི་ངོ་བོ་མཐོང་ངེས་པ་ཡིན་ནོ། །དེ་ལྟར་ཁྱད་དུ་འཕགས་པའི་དབང་འདི་རྒྱ་བོད་ཀྱི་མཁས་པ་གཞན་ལ་མ་གྲགས་ཤིང་། སྔོན་ཆད་བོད་དུའང་མ་འགྱུར་བའི་ཁྱད་ཆོས་དམ་པ་རིན་པོ་ཆེས་བོད་ཀྱི་གདུལ་བྱ་རྣམས་ལ་ཐུགས་རྗེས་དགོངས་ནས། ཕྱི་སྡེ་སྣོད་གསུམ་གྱི་སྙིང་ཕྱུང་། ནང་རྒྱུད་སྡེ་བཞིའི་སྲོག་བཅད། གསང་བ་སྙིང་པོ་དོན་གྱི་མིག་ཕྱེ། དེ་ཁོ་ན་ཉིད་མཁའ་འགྲོ་མ་རྣམས་ཀྱི་བཀའ་རྒྱ་བཀྲོལ་ནས། ཕྱི་རབས་ཀྱི་དོན་དུ་བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་ཆིག་བརྒྱུད་དུ་གནང་བ་ཡིན། དེ་ལྟ་བུའི་བྱིན་རླབས་འདི་ལ་དབང་གི་ཆུ་བོ་ཆེན་པོ་བཞི་རུ་ཡོད་པ་ལས། ཐོག་མར་བུམ་དབང་གི་བརྒྱུད་པ་ནི། ཆོས་སྐུ་རྡོ་རྗེ་འཆང་གིས་ལོངས་སྐུ་ལྷ་མོ་བདག་མེད་འདི་ལྟར་བྱིན་གྱིས་བརླབས་ཏེ། སེམས་ཉིད་ཀྱི་གཤིས་སྐྱེ་བ་མེད་པའི་གླེགས་བམ་ལ་རྩལ་མ་འགགས་རྟོགས་པའི་རི་མོ་ཤར་བ་དེ་ལ། ཐབས་མ་ཡེངས་པར་དྲན་པའི་དབང་བསྐུར་མཛད་པར་གདའ། བདག་མེད་མས་སྤྲུལ་སྐུ་དམ་པ་རིན་པོ་ཆེ་ལ་འདི་ལྟར་བྱིན་གྱིས་བརླབས་ཏེ། ཤིང་ཏཱ་ལ་བདུན་སྲིད་ཙམ་གྱི་བར་སྣང་ལ་བཞུགས་ཏེ། ཕྱག་མཛུབ་ཀྱིས་བར་སྣང་ལ་ནམ་མཁའ་དོན་གྱི་གླེགས་བམ་བྲིས་ནས། ཀུན་ཏུ་བཟང་པོའ་མཆོད་ཚོགས་དངོས་སུ་སྤྲུལ་ནས་དབང་བཞི་རྫོགས་པར་བསྐུར། སྤྲུལ་པའི་བའིསྐུ་དམ་པ་རིན་པོ་ཆེས་བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་འབྲས་དཀར་བརྡལ་བའི་གླེགས་བམ་ལ་དུང་གི་ཡིག་འབྲུ་བཀོད་ནས་མཆོད་ཚོགས་ཕུན་སུམ་ཚོགས་པ་བཅས་ནས་དབང་བཞི་བསྐུར། ཚུལ་དེ་ཁོ་ན་བཞིན་དུ་རིམ་པར་བླ་མ་བྱང་ཆུབ་སེམས་དཔའ་མཁས་བཙུན་སྤ་ཚབ་སྒོམ་པ་ལ། དེས་རྒྱལ་བ་ཏེ་ནེ་ལ། དེས་ཞིག་པོ་ཉི་མ་སེངྒེ་སྐུ་མཆེད་ལ། དེས་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་ལ། དེས་རྒྱལ་སྲས་ཀུན་དགའ་སྐུ་མཆེད་ལ། དེས་མཚན་ལྡན་རི་ཁྲོད་
༨༩ དབང་ཕྱུག་ལ། དེས་མཁན་ཆེན་ཚུལ་ཁྲིམས་ཕན་པ་ལ། དེས་དྲིན་ཅན་སངས་རྒྱས་དབོན་པོ་ལ། དེ་དང་རྒྱལ་སྲས་ཀུན་དགའ་སྐུ་མཆེད་ཀྱི་སློབ་མ་རྒྱ་སྟོན་སྨོན་ལམ་ཤེས་རབ་གཉིས་ཀྱིས། ཆོས་རྗེ་ཀུན་མཁྱེན་སྐུ་མཆེད་ལ། དེས་རྒྱ་སྒོམ་རྡོ་རྗེ་གདན་པ་ལ། དེས་བྱང་སེམས་རྒྱ་མཚོ་སྦྱིན་པ་ལ། དེས་སྐུ་གསུམ་བདེ་ཆེན་ལྷུན་གྲུབ་ལ། དེས་མཁས་གྲུབ་ནམ་མཁའ་བཟང་པོ་ལ། དེས་འཇམ་དབྱངས་དཔལ་འབྱོར་ལྷུན་གྲུབ་ལ། དེས་ཁྱབ་བདག་དཔལ་འབྱོར་ཕུན་ཚོགས་ལ། དེས་མཚུངས་མེད་བཀྲ་ཤིས་བཟང་པོ་ལ། དེས་དིང་རི་བ་ཆེན་པོ་རྗེ་བཙུན་བློ་གྲོས་བརྟན་པ་ལ། དེས་བདག་ལ་གནང་བ་ལགས་ཏེ་བྱིན་རླབས་སྣོད་གཅིག་ནས་གཅིག་ཏུ་བླུགས་པ་ལྟ་བུའི་ལུགས་ཡིན་པས། ཁྱེད་ཀྱིས་ཀྱང་འདིའི་ནང་བཞིན་ཉམས་སུ་བླངས་ན། ཉམས་རྟོགས། ལམ་རྟགས། ཡོན་ཏན་རྣམས་མར་མེ་གཅིག་ནས་གཅིག་ཏུ་སྤར་བ་ལྟར་འཆར་བའི་བཀའ་སྲོལ་འགྲན་ཟླ་དང་བྲལ་བ་ལགས་པས། བཀའ་བརྒྱུད་དྲི་མ་མེད་པ། །སྒྲུབ་བརྒྱུད་ཐམས་ཅད་ཀྱི་ལན་ཚྭ། མཐོང་བས་ཆོག་པའི་ལམ། ཟིན་པས་ཆོག་པའི་རྩི། ཤེས་པས་ཆོག་པའི་གནད། འཕྲད་པས་ཆོག་པའི་བརྒྱུད་པ་འདི་ལ་ན་སོ་ལ་རྒན་གཞོན་ནམ། དབང་པོ་ལ་རྣོ་བརྟུལ་ལམ། གང་ཟག་ལ་ཉེ་རིང་མེད་པར་ཕན་ཐོགས་ཏེ། དབུལ་ཕོངས། ནད་པ་ཞྭ་ལོང་རྒན་བྱིས་གང་ཡིན་ཡང་རུང་། དབང་འདི་དང་འཕྲད་པ་ཐམས་ཅད་སྐལ་ལྡན་ཡིན་པར་གསུངས་པས། འདི་རེ་འཚེངས་སྙམ་དུ་ཐུགས་ལ་སྤྲོ་བ་བསྐྱེད་པར་མཛད་འཚལ། ཆོ་ག་དངོས་ལ་གསུམ་ལས། དང་པོ་སྦྱོར་བ་རྟེན་སྡོམ་པ་གསུམ་ལྡན་དུ་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་མཆོད་པ་བསྔོ་བ་སྨོན་ལམ་དང་བཅས་པ་འདིའི་རྗེས་ཟློས་མཛོད། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་
༩༠ འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུ་ཡང་བླ་མ་དམ་པ་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཡི་དམ་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུ་ཡང་ཡི་དམ་གྱི་ལྷ་ཚོགས་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མཁའ་འགྲོ་མའི་ཚོགས་རྣམས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུ་ཡང་མཁའ་འགྲོ་མའི་ཚོགས་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་ཡི་དམ་མཁའ་འགྲོ་མའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བླ་མ་ལ་དབུལ་བར་བགྱིའོ། །བླ་མ་ལ་ཕུལ་བས་བླ་མ་རིན་པོ་ཆེ་རྣམས་ཀྱི་ཐུགས་དགོངས་ཁྱད་པར་ཅན་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་རྩ་བ་དེས་བདེ་བར་གཤེགས་པ་རྣམས་ཀྱི་སྤྱན་ལམ་དུ་མཆོད་པའི་བྱེ་བྲག་ནམ་མཁའ་དང་མཉམ་པ་འབྱུང་བར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པས་སེམས་ཅན་ཐམས་ཅད་འཁོར་བ་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་ཡང་བདག་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་མ་ལུས་པ་མཐའ་དག་གི་བླ་མ་བྱེད་པར་གྱུར་ཅིག །དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཅིག །ཅེས་ལན་གསུམ།
༩༡ དེ་ལྟར་མཆོག་ཏུ་གྱུར་པའི་བའིསྐྱབས་འགྲོ། །བླ་ན་མེད་པའི་སེམས་བསྐྱེད། ངོ་མཚར་ཅན་གྱི་མཆོད་པ། གཞན་དོན་དུ་འགྱུར་ངེས་ཀྱི་བསྔོ་བ། སེམས་ཅན་དང་མི་ཕྱེད་པའི་སྨོན་ལམ་དང་ལྔ་པོ་འདི་རང་ལ་ཐུགས་དམ་མཛད་ན་ཡང་ལམ་ལྔའི་ཉམས་རྟོགས་ཐམས་ཅད་སྐྱེ་བ་ཡིན་གསུང་ངོ་། །དངོས་གཞི་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བ་ལ་བཞི་ལས། དང་པོ་ལུས་ཀྱི་སྒྲིབ་པ་དག་ནས། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱ་བ་དང་། དེ་མ་ཐོབ་ཀྱི་བར་དུའང་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་སྣང་གྲགས་དྲན་པའི་ཆོས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པར་བྱིན་གྱིས་བརླབས་ནས། དག་པའི་སྣང་བ་ཡུལ་དྲུག་ལ་སྦྱང་བའི་ཕྱིར་གླེགས་བམ་གྱི་ཡིག་འབྲུ་ལ་བརྟེན་ནས་བུམ་པའི་དབང་བཞི་བསྐུར་བ་ལས། དང་པོ་ཐུར་མས་བརྡ་སྤྲད་པའི་ཡིག་འབྲུ་ལ་མིག་མ་ཡེངས་པར་ལྟོས་ལ་གཟུགས་སུ་སྣང་བ་ཐམས་ཅད་ངོ་བོ་བླ་མའི་སྐུ་ལ་རྣམ་པ་ཡི་གེར་ཤེས་པར་བྱོས་ལ་འདིའི་རྗེས་ཟློས། ཨ་ཀྵ་ལྔ་བཅུ་ལ་རིན་པོ་ཆེའི་ཐུར་མ་རིམ་པར་བཙུགས་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས། ཧ་ཀྵཿ ཞེས་རྗེས་ཟློས་ཀྱིས་བཀྵག །དེ་ནི་སྣང་བ་གཟུགས་ཀྱི་ཨཱ་ལི་ཀཱ་ལིའི་བྱིན་རླབས་བྱ་བ་ཡིན་པས། དབང་གང་གིས་ཐོབ་ན། ཡིག་འབྲུ་ལ་མིག་ལྟ་ཞིང་བླ་མའི་རྗེས་ཟློས་བྱས་པས་ཐོབ། ངོ་ཇི་ལྟར་འཕྲོད་ན་མིག་གི་ཡུལ་དུ་མཐོང་བའི་གཟུགས་ཐམས་ཅད་ཡི་གེ་བླ་མའི་སྐུ་རུ་ངོ་འཕྲོད། བླ་མ་སངས་རྒྱས་ཆོས་ཀྱི་སྐུ་རུ་ངོ་འཕྲོད་དོ། །འབྲས་བུ་གང་འབྱུང་ན། ཕྱི་ཡུལ་གྱི་སྣང་བ་ཐམས་ཅད་ངོ་སྤྲོད་དུ་འཆར་བ་ཡིན་ནོ། །གཉིས་པ་སྒྲ་ཐམས་ཅད་ངོ་བོ་བླ་མའི་
༩༢ གསུང་ལ་རྣམ་པ་ཡི་གེར་ཤེས་པ་འདིའི་རྗེས་ཟློས། ཐུར་མ་བཙུགས་ནས། ཨཀྵ་བརྗོད། དེ་ནི་གྲགས་པ་སྒྲའི་ཨཱ་ལི་ཀཱ་ལིའི་བྱིན་རླབས་བྱ་བ་ཡིན་པས། དབང་གང་གིས་ཐོབ་ན་ཡི་གེ་ཀློག་པའི་གསུང་རྣ་བར་ལྷང་ལྷང་ཐོས་པས་ཐོབ། ངོ་ཇི་ལྟར་འཕྲོད་ན། རྣ་བའི་ཡུལ་དུ་ཐོས་པའི་སྒྲ་ཐམས་ཅད་ཡི་གེ། ཡི་གེ་བླ་མ་ཆོས་ཀྱི་སྐུའི་གསུང་ངོ་འཕྲོད། འབྲས་བུ་གང་འབྱུང་ན། ཕྱི་ཡུལ་དུ་གྲགས་པའི་སྒྲ་ཐམས་ཅད་གནད་ཀྱི་གདམས་པ་སངས་རྒྱས་ཀྱི་གསུང་རབ་འབའ་ཞིག་ཏུ་འཆར་བ་ཡིན་ནོ། །གསུམ་པ་དྲན་རྟོག་ཅི་འགྱུས་ཐམས་ཅད་ངོ་བོ་བླ་མའི་ཐུགས་ལ་རྣམ་པ་ཡི་གེར་ཤེས་པས་འདིའི་རྗེས ཐུར་མ་བཅུགས་བཅུགལ་ཨཀྵ་བརྗོད། དེ་ནི་དྲན་པ་སེམས་ཀྱི་ཨཱ་ལི་ཀཱ་ལིའི་བྱིན་རླབས་བྱ་བ་ཡིན་པས། དབང་གང་གིས་ཐོབ་ན་བླ་མའི་གསུང་ལ་ཡིད་གཏད་དེ་དྲན་པ་མ་ཡེངས་པས་ཐོབ། ངོ་ཇི་ལྟར་འཕྲོད་ན། དྲན་པའི་རྣམ་རྟོག་ཅི་འགྱུས་ཐམས་ཅད་ཡི་གེ། ཡི་གེ་བླ་མ་ཆོས་སྐུའི་ཐུགས་སུ་ངོ་འཕྲོད། འབྲས་བུ་གང་འབྱུང་ན། དྲན་རྟོག་ཐམས་ཅད་རྟགས་དང་ཡོན་ཏན། ཏིང་ངེ་འཛིན་དང་སངས་རྒྱས་ཀྱི་ཐུགས་རྗེ་རུ་འཆར་བ་ཡིན་ནོ། །བཞི་པ་སྣང་གྲག་གྲགསའགྱུ་བ་ཐམས་ཅད་ཀྱང་རང་གི་སེམས་ཉིད་སྟོང་པའི་རང་རྩལ་ཙམ་དུ་ཤེས་པས་འདིའི་རྗེས་ཟློས། ཐུར་མ་བཙུགས་ལ། ཨཀྵ་བརྗོད། དེ་ནི་ཡང་དག་དོན་གྱི་ཨཱ་ལི་ཀཱ་ལིའི་བྱིན་རླབས་བྱ་བ་ཡིན་པས། དབང་གང་གིས་ཐོབ་ན་དྲན་པ་མ་ཡེངས་པའི་སྟེང་དུ་བླ་མ་ལ་མོས་གུས་དུང་རེ་བྱས་པས་ཐོབ། ངོ་ཇི་ལྟར་འཕྲོད་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས། སེམས་ཉིད་གདོད་ནས་སྟོང་པ་ཉིད། སྟོང་ཉིད་ཆོས་ཀྱི་སྐུར་ངོ་འཕྲོད། འབྲས་བུ་གང་འབྱུང་ན་གཟུང་འཛིན་གྱི་འཁྲུལ་པ་བརང་སར་ཞིག་ནས་འཁོར་འདས་མིང་ཙམ་དུ་གྲོལ་ནས་འགྲོ་བ་ཡིན་ནོ། །ད་བུམ་པའི་དབང་
༩༣ དེ་ཉིད་བརྟན་པར་བྱ་བའི་ཆོ་ག་གསུམ་བྱ་སྟེ། ཐོད་པ་སོ་སོའ་དབུ་ཐོག་ཏུ་ལན་གསུམ་བཞག་ལ་ཨཀྵ་ཚར་གཅིག་བརྗོད་པའི་ཚེ། བདུད་རྩི་བྱང་སེམས་ཡིག་འབྲུའི་ཚུལ་དུ་བྱིན་གྱིས་བརླབས་པ་རྣམས་ཐོད་པའི་ཚངས་བུག་ནས་འཛགས་ཏེ། ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་མར་ཐིག་པ། ལུས་ཐམས་ཅད་རྩིའི་རང་བཞིན། རྩ་ཡི་གེའི་རང་བཞིན། ཡི་གེ་རང་སྣང་དག་མ་དག་གི་ས་བོན་དུ་གནས་པ་ལ་ཐིམ་པས་རྩ་ཁམས་ཀྱི་སྒྲིབ་པ་ཐམས་ཅད་དག་པའི་སྣང་བ་འབའ་ཞིག་ཏུ་འཆར་བ་ཡིན་ནོ། །དེས་གླེགས་བམ་གྱི་ཡི་གེ་ལ་བརྟེན་ནས་བུམ་པའི་དབང་བཞི་པ་སྐུར་བ་སོང་། ད་གཉིས་པ་བདུད་རྩི་གསང་བའི་དབང་བཞི་བསྐུར་བར་བྱ་སྟེ། དབང་གི་ཆུ་བོ་འདི་ནི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་དང་། ཡུམ་ཀུན་ཏུ་བཟང་མོ་གཉིས་ཀྱིས། རིག་འཛིན་མཁའ་སྤྱོད་ཀྱི་བླ་མ་དཔལ་ལྡན་སུམ་ཅུ་རྩ་དྲུག་ལ་བསྐུར། དེ་རྣམས་ཀྱིས་དམ་པ་རིན་པོ་ཆེ་ལ་བསྐུར་བ་ཡིན། དེ་ཡང་དབང་འདིས་ངག་གི་སྒྲིབ་པ་དག་ནས། སངས་རྒྱས་སྤྲུལ་པའི་བའིསྐུ་ཐོབ་པར་བྱ་བ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་བཟའ་བ་དང་བཟའ་བ་མ་ཡིན་པའི་རྣམ་པར་རྟོག་པ་ཐམས་ཅད་བཅོམ་ནས་ནང་གི་རྩ་རླུང་ལས་སུ་རུང་བར་བྱ་བ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གྲགས་པ་སྟེ་དབང་ཕྱུག་ཆེན་པོ་དྲུག་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ལ་བསྟེན་ནས་སྒྲུབ་པའི་ཕྱིར་གསང་བའི་དབང་བཞི་བསྐུར་བ་ནི། ཐོད་པའི་བདུད་རྩི་ནས་བླ་མའི་སྲིན་ལག་གིས་བླངས་ལ་སློབ་མའི་གནས་བཞིར་ཐིག་ལེ་བྱེད་པ་སྟེ་ཐོག་མར། དཔྲལ་བར་ཐིག་ལེ་བྱ་ཞིང་ཨ་བྷི་ཥིཉྩ་ༀ། ཞེས་བརྗོད་པས་ལུས་ཐ་མལ་དུ་འཛིན་པའི་སྒྲིབ་པ་དག་ནས། རང་ལུས་བླ་མ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར་བལྟ་ཞིང་། ཇི་ལྟར་སྣང་བ་ཐམས་ཅད་སྣང་སྟོང་ཞེན་
༩༤ བྲལ་དུ་འཆར་བར་བྱིན་གྱིས་བརླབས། བདུད་རྩིའི་ཐིག་ལེ་དེ་ཉིད་ཡོངས་སུ་གྱུར་པ་བལས། སྤྱི་བོར་བདེ་ཆེན་གྱི་འཁོར་ལོའ་སྟེ་བར་བླ་མའི་སྐུའི་ས་བོན་ༀ་ཡིག་དཀར་པོ། དེ་རང་སེམས་དང་གཉིས་སུ་མེད་པར་ལྷང་ངེ། ལྷན་ནེ། ལྷམ་མེར་བཞུགས་པ་ལགས་ཀྱིས། དེ་ལ་མ་ཡེངས་པར་དྲན་པས་ཟིན་པར་བྱས་ན་བླ་མའི་སྐུའི་བྱིན་རླབས་རྒྱུན་ཆད་མེད་པར་འབྱུང་བ་ཡིན་ནོ། །ཞེས་ངོ་སྤྲད། ཡང་མགྲིན་པར་ཐིག་ལེ་བྱ་ཞིང་། ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་པས་ངག་ཐ་མལ་དུ་འཛིན་པའི་བག་ཆགས་ཀྱི་སྒྲིབ་པ་དག་ནས། རང་གི་ངག་བླ་མ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གྲག་སྟོང་དུ་འཆར་བར་བྱིན་གྱིས་བརླབས། ཐིག་ལེ་ཡོངས་སུ་གྱུར་བ་ལས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའ་ལྟེ་བར་བླ་མའི་གསུང་གི་ས་བོན་ཨཱཿཡིག་དམར་པོ། དེ་རང་སེམས་དང་གཉིས་སུ་མེད་པར་ལྷང་ངེ། ལྷན་ནེ། ལྷམ་མེར་བཞུགས་པ་ལགས་ཀྱིས། དེ་མ་བརྗོད་པར་དྲན་པས་ཟིན་ཙམ་བྱས་ན་བླ་མའི་གསུང་གི་བྱིན་རླབས་རྒྱུན་ཆད་མེད་པར་འབྱུང་བ་ཡིན་ནོ། །ཡང་སྙིང་གར་ཐིག་ལེ་བྱ་ཞིང་། ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་པས་ཡིད་ཐ་མལ་དུ་འཛིན་པའི་བག་ཆགས་ཀྱི་སྒྲིབ་པ་དག་ནས། རང་གི་ཡིད་བླ་མ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་དྲན་སྟོང་དུ་བྱིན་གྱིས་བརླབས། ཐིག་ལེ་དེ་ཡོངས་སུ་གྱུར་པ་བལས་སྙིང་ག་ཆོས་ཀྱི་འཁོར་ལོའ་ལྟེ་བར་བླ་མའི་ཐུགས་ཀྱི་ས་བོན་ཧཱུྃ་ཡིག་སྔོན་པོ། དེ་རང་སེམས་དང་གཉིས་སུ་མེད་པར་ལྷང་ངེ་། ལྷན་ནེ། ལྷམ་མེར་བཞུགས་པ་ལགས་ཀྱིས། དེ་མ་བརྗེད་པ་དྲན་པས་ཟིན་པར་བྱས་ན་བླ་མའི་ཐུགས་ཀྱི་བྱིན་རླབས་རྒྱུན་ཆད་མེད་པར་འབྱུང་བ་ཡིན་ནོ། །ཡང་ལྟེ་བར་ཐིག་ལེ་བྱ་ཞིང་། ཨ་བྷི་ཥིཉྩ་ཧྲཱིཿ ཞེས་བརྗོད་པས་སེམས་ཐ་མལ་དུ་འཛིན་པའི་སྒྲིབ་པ་དག་ནས་རང་སེམས་བླ་མ་དང་དེ་བཞིན་
༩༥ གཤེགས་པ་རྣམས་ཀྱི་ཐུགས་རིག་སྟོང་དུ་བྱིན་གྱིས་བརླབས། ཐིག་ལེ་ཡོངས་སུ་གྱུར་པ་བལས་ལྟེ་བ་སྤྲུལ་པའི་བའིའཁོར་ལོའ་དབུས་སུ་བླ་མའི་ཡོན་ཏན་གྱི་ས་བོན་ཧྲཱིཿསེར་པོ། དེ་རང་སེམས་དང་གཉིས་སུ་མེད་པར་ལྷང་ངེ་། ལྷན་ནེ། ལྷམ་མེར་བཞུགས་པ་ལགས་ཀྱིས། དེ་མ་བརྗེད་པར་དྲན་པས་ཟིན་པར་བྱས་ན། བླ་མའི་ཡོན་ཏན་ཐམས་ཅད་བསླབ་མི་དགོས་པར་རང་ལ་ནང་ནས་འཆར་བ་ཡིན་ནོ། །ད་གསང་བའི་དབང་བཞི་པོ་དེ་བརྟན་བྱེད་ཀྱི་ཆོག་གསུན་ཆོ་ག་གསུམབྱ་སྟེ། ཁྱེད་ཀྱི་དབང་གོང་མ་དེ་དག་ཐོབ་པ་དེས། ལུས་ཀྱི་རྩ་ཁམས་ཐམས་ཅད་དཔའ་བོ་དང་དཔའ་མོར་སངས་རྒྱས་ནས་གཉིས་མེད་བྱང་ཆུབ་ཀྱི་སེམས་ལུས་ལ་རྒྱས་པས་རྒྱུད་སྡེའི་ལྷ་ཚོགས་ཐམས་ཅད་རང་ལུས་ལ་ཚང་བར་བཞུགས་པ་ལགས་ཀྱིས། དེ་རྣམས་ལ་མཆོད་པའི་ཕྱིར་ཧུབ་གསུམ་གསོལ་ཅིག །ཅེས་བརྗོད་ཅིང་ༀ་ཨཱཿཧཱུྃ་ཞེས་བདུད་རྩི་བླུད། རྫས་གཅིག་པུ་དེ་རང་ལུས་ལ་ཞུགས་པས་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་མཉེས་ཏེ་ཐུགས་དམ་བསྐོང་། ཡབ་ཡུམ་སྦྱོར་བ་མཛད་པས་རྩ་ཁམས་ཐམས་ཅད་བྲོས་ཏེ་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ཡིན་ནོ། །དེས་བདུད་རྩི་གསང་བའི་དབང་བཞི་བསྐུར་བ་སོང་། །ད་གསུམ་པ་སྙིང་པོ་དོན་གྱི་ངོ་སྤྲོད་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱ་སྟེ། འདི་ལ་དོན་གསུམ་ལས། དང་པོ་རྩ་བ་དོན་གྱི་འབྱུང་ཁུངས་ནི། སངས་རྒྱས་མཆོག་གི་སྤྲུལ་པའི་བའིསྐུ་ཤཱཀྱ་ཐུབ་པས་རྟེན་འབྲེལ་དག་པ་གསུམ་གྱིས་མཉམ་པར་བཞག་པས་ངོ་བོ་སྟོང་པ་ཉིད་ཐུགས་སུ་ཆུད་དེ། རང་རིག་པའི་ཡེ་ཤེས་ཁོང་ནས་ཤར་བ་འདུས་པའི་འཁོར་རྣམས་ལ་དག་པའི་རྟེན་འབྲེལ་བརྡར་བསྟན་པས། འཕགས་པ་སྤྱན་རས་གཟིགས་ཀྱིས་རྟོགས། ཤཱ་རིའི་བུས་དྲིས། རབ་འབྱོར་གྱིས་ཞུས། ཀུན་དགའ་བོས་
༩༦ བསྡུས། བྱམས་པ་ལ་དོན་བརྒྱུད་གཏད། དེས་ཐོགས་མེད་ལ། དེས་དབྱིག་གཉེན་ལ། དེས་ཨཱརླ་དེ་བ་ལ། དེས་དམ་པ་རིན་པོ་ཆེ་ལ་གནང་བའོ། །གཉིས་པ་རྩ་བ་དེ་སློབ་མའི་རྒྱུད་ལ་ཇི་ལྟར་བསྐུར་ན། འཁྲུལ་འཁོར་གསུམ་ལ་བརྟེན་ནས་བསྐུར་ཏེ། ལུས་ཀྱི་འཁྲུལ་འཁོར་ནི། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག །རྒལ་ཚིགས་གསེར་གྱི་དོང་རྩེ་ལྟར་བརྩེགས། དཔུང་པ་རྒོད་གཤོག་ལྟར་བརྒྱངས། མགྲིན་པ་རྨ་བྱ་ལྟར་མནན། སོ་དང་མཆུ་ཐ་མལ་དུ་འཇོག་པ་སྟེ། ཆོས་དྲུག་རྡོ་རྗེའི་གནས་ཐབས་སོ། །ངག་གི་འཁྲུལ་འཁོར་ནི། མིག་རྩེ། སྣ་རྩེ། སེམས་རྩེ་གསུམ་གཅིག་ཏུ་དྲིལ་ནས་ཤེས་པ་ལ་བསོར་བཅུག་པས་རླུང་ལྔ་དབུ་མར་ཚུད་དེ་ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན་ནོ། །ཡིད་ཀྱི་འཁྲུལ་འཁོར་ནི། སྒོམ་འདོད་ཀྱི་རྟོག་པ་ཕྱིར་ཕུད་ནས། མི་སྒོམ་པའི་ཤེས་པ་རྟེན་མེད་ལ་བློ་བཞག་ས་མེད་པར་ཐག་བཅད་ནས་ཅར་ཕོག་ཏུ་ངོ་སྤྲད་པར་བྱ་སྟེ། ཁྱེད་ཅག་སེམས་རྣམ་པར་རྟོག་པའི་དབང་དུ་མ་སོང་བར། རང་ལུགས་སུ་རྩེན་གྱིས་ཞོག་ཅིག །ཅེས་ལན་གསུམ་དུ་བླ་མས་ངག་བསྲིངས་ལ་བརྗོད་དོ། །དེའི་ཉམས་ལེན་ལའང་གསུམ། ཐ་མལ་གྱི་ཤེས་པ་ངོས་བཟུང་བར་བྱ་བའི་ཕྱིར་རྩེན་གྱིས་འཇོག །དེས་གནས་སུ་མ་གཏུབ་ན་སློད་ཀྱིས་གློད་ལ་བཞག །དེ་ངོས་བཟུང་ཞིང་གནས་ན། ཉམས་བཤིག་ཅིང་སྒོམ་དུ་བཅུག་པས། རྗེས་ཉམས་རྟོགས་ཇེ་བཟང་ལ་འགྲོ་བ་ཡིན་ནོ། །གསུམ་པ་རྩ་བ་ཟིན་མི་ཟིན་དྲོད་ཚད་བཟུང་བ་ནི། སློབ་མ་མོས་གུས་རབ་ལ་དུས་དེ་ཉིད་དུ་རྟོགས་པ་འཆར་ཏེ། སྐྱེས་བུ་གཉིད་སད་པ་ལྟར་གྲོལ་བའང་འབྱུང་། འབྲིང་ལ་རྟོགས་པ་རྩ་བྲལ་དུ་གོ་ནས་དགེ་སྦྱོར་ཤ་མ་ཟིན། ཐ་མའང་སེམས་ཀྱི་ངོ་བོ་གདོད་ནས་སྟོང་པ་དེ་ངོས་ཟིན་ནས་ཏིང་ངེ་འཛིན་བཟང་པོ་སྐྱེ་ཞིང་། རྟོག་པས་མ་འཕྲོགས་པར་སེམས་ཤིན་ཏུ་གསལ་དངས་དྭངསསུ་
༩༧ འཆར། དེ་མ་ཡིན་པ་རྣམས་ལའང་། བགས་ཀྱིས་ཏིང་ངེ་འཛིན་འཆར་ཞིང་དེ་ལ་རྩ་བྲལ་གྱི་དགེ་སྦྱོར་སྐྱེས་ནས། གདོད་རྟོགས་པ་འཐད་པོ་འཆར་རོ། །མདོར་ན་ཚེ་འདིའམ། འཆི་ཀའམ་བར་དོ་གསུམ་གང་རུང་ལ་དོན་མི་འགྲུབ་མི་སྲིད་གསུང་ངོ་། །ད་དབང་གསུམ་པའི་དོན་དེ་ཉིད་བརྟན་བྱེད་ཀྱི་བརྡ་གསུམ་སྟེ། དང་པོ་མེ་ལོང་བསྟན་ལ། ཀྱེ་རིགས་ཀྱི་བུ་ཀུན་མིག་ཡུལ་དུ་མཐོང་བའི་གཟུགས་ཐམས་ཅད། དེ་རིང་ནས་འདིའི་ནང་དུ་ཤར་བའི་གཟུགས་བརྙན་ལྟར་ཤེས་པར་གྱིས་ཤིག །ཅེས་ལན་གསུམ། དེས་གཟུགས་ཐམས་ཅད་ཡང་དག་པར་ན་བདེན་པར་མ་གྲུབ་པའི་སྣང་སྟོང་ཞེན་བྲལ་དུ་ངོ་སྤྲད་པ་ཡིན་ནོ། །གཉིས་པ་སེ་གོལ་ལན་གསུམ་ཏོག་ཅིང་། ཀྱེ་རིགས་ཀྱི་བུ་ཀུན་རྣ་བའི་ཡུལ་དུ་ཐོས་པའི་སྒྲ་ཐམས་ཅད། དེ་རིང་ནས་སེ་གོལ་གྱི་སྒྲ་འདི་ལྟར་ཤེས་པར་གྱིས་ཤིག །ལན་གསུམ། དེས་སྒྲ་ཐམས་ཅད་བྲག་སྟོང་གཉིས་སུ་མེད་པར་ངོ་སྤྲད་པ་ཡིན་ནོ། །གསུམ་པ་སྔར་རྨི་བའི་རྨི་ལམ་གྱི་སྣང་བ་དྲན་པར་གྱིས་ཤིག །ཀྱེ་རིགས་ཀྱི་བུ་ཀུན་ཡིད་ལ་དྲན་པའི་རྣམ་རྟོག་ཐམས་ཅད། དེ་རིང་ནས་མདངས་སུམ་གྱི་རྨི་ལམ་ལྟར་ཤེས་པར་གྱིས་ཤིག །ཅེས་ལན་གསུམ། དེས་བདེ་སྡུག་བཏང་སྙོམས་ཀྱི་རྟོག་པ་ཐམས་ཅད་བདེན་ཞེན་མེད་པར་རིག་སྟོང་དུ་ངོ་སྤྲད་པ་ཡིན་ནོ། །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སོང་། ད་བཞི་པ་ཚིག་དབང་རིན་པོ་ཆེའི་ལྡེ་མིག་གིས་ཡེ་ཤེས་ཀྱི་སྒོ་འབྱེད་པའི་དབང་བསྐུར་བར་བྱ་སྟེ། དབང་གི་ཆུ་བོ་འདིའི་བརྒྱུད་པ་ནི། ངོ་བོ་ཉིད་སྐུ་གསང་བདག་ཕྱག་ན་རྡོ་རྗེས་རྗེགསང་བའི་མཁའ་འགྲོ་མ་རྣམས་ལ་བསྐུར། གསང་བའི་མཁའ་འགྲོ་མ་རྣམས་ཀྱིས་དམ་པ་རིན་པོ་ཆེ་ལ་བསྐུར་བ་ལགས་པས་འདི་ནི་སྔགས་གཅིག་གིས་འཚང་རྒྱ་བར་བྱེད་པའི་གདམས་པ་དབང་བཞི་ལམ་ཁྱེར་གྱི་གནད། ལམ་ཕྱག་རྒྱ་བཞིའི་སྒྲུབ་ཐབས།
༩༨ ལམ་ཟབ་མོ་བླ་མའི་གསང་སྒྲུབ་ལྟ་སྒོམ་བསྙེན་སྒྲུབ་ཏུ་བསྐྱལ་བས། ཉམས་རྟོགས་ཆན་ཅནབཟང་ཕབས་ཀྱིས་གླུམ་དུ་ལངས་པ་ལྟར་ཁོང་ནས་རང་ཤར་དུ་འོང་བ། ཡང་དག་དོན་གྱི་སྒྲིབ་སྦྱོང་། ཚོགས་གཉིས་མྱུར་དུ་རྫོགས་པར་བྱེད་པའི་སྙིང་པོ་བློ་སྦྱོང་གི་ལུང་འདི་ལོང་ཞིག །ཅེས་བརྡ་སྤྲད་ལ། བླ་མའི་ཐུགས་ཀ་ནས་སྔགས་ཀྱི་ཡིག་འབྲུ་རྣམས་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་འཁོར་བར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། རང་གི་ཕྲེང་བ་ལ་འཇུར་བཅུག་ལ་ༀ་ཨཱཿཧྲཱིཿགུ་རུ་སིདྡྷི་ཧཱུྃ་ཞེས་ལན་གསུམ་གྱིས་བཟླས་ལུང་བྱིན་ནས། འདི་ལ་ལམ་གྱི་ཡོན་ཏན་ཐམས་ཅད་སྐྱེ་བའི་གནད་རྣམ་པ་བཞི་ཡོད་དེ། ༀ་ཡེ་ཤེས་ལྔ་ལྡན་བུམ་དབང་གི་སྙིང་པོ་ཡིན་པས་ཡི་དམ་གྱི་ལྷ་ཕྱོགས་མེད་ལ་དག་སྣང་སྣ་ཚོགས་འཚར་འཆརབར་བྱེད། ལམ་ཕྱག་རྒྱ་བཞི་པས་གཞི་དམ་ཚིག་གི་ཕྱག་རྒྱ་འགྲུབ་པ་ཡིན་ནོ། །ཨཱཿ གསལ་བ་གསུམ་ལྡན་གསང་དབང་གི་སྙིང་པོ་ཡིན་པས། རྩ་རླུང་གི་རྟགས་དང་ཡོན་ཏན་སྣ་ཚོགས་འཆར། དོན་ཆོས་ཀྱི་ཕྱག་རྒྱ་འགྲུབ་པ་ཡིན་ནོ། །ཧྲཱིཿདགའ་བ་བཞི་ལྡན་ཤེས་རབ་ཡེ་ཤེས་ཀྱི་སྙིང་པོ་ཡིན་པས། ཐིག་ལེ་ལས་སུ་རུང་ཞིང་ཁམས་ལྔ་དྭངས་པར་བྱེད། དཔེ་ལས་ཀྱི་ཕྱག་རྒྱ་འགྲུབ་པ་ཡིན་ནོ། །ཧཱུྃ། རྣམ་ཤེས་དྲུག་ལྡན་ཚིག་དབང་གི་སྙིང་པོ་ཡིན་པས་རྟོགས་པའི་ཡེ་ཤེས་ཕྱོགས་མེད་དུ་འཆར། འབྲས་བུ་ཕྱག་རྒྱ་ཆེན་པོ་འགྲུབ་པ་ཡིན་ནོ། །དེ་ལྟར་ཚིག་གི་དབང་བཞི་པོ་དེ་དག་བརྟན་པར་བྱེད་པ་ནི། གླེགས་བམ་གྱི་དབུས་ནས་མེ་ཏོག་བླངས་ཏེ། བློ་སྦྱོང་གི་སྙིང་པོ་འདིའི་རྗེས་ཟློས། སློབ་མའི་ལུས་ལ་གཏོར་ཞིང་གྲུབ་པར་གྱུར་ཅིག །ཅེས་ལན་གསུམ། དེ་ནས་ཁྱེད་རང་རྣམས་བླ་མ་ལ་མོས་གུས་དྲག་པོ་བྱས་པས། བླ་མའི་སྐུ་གསུང་ཐུགས་གདན་ཁྲིའི་སྟེང་དུ་མ་ལུས་པར་སློབ་མའི་ལུས་ངག་ཡིད་གསུམ་
༩༩ ཆུ་ལ་ཆུ་བཞག་པ་ལྟར་སིབ་ཀྱིས་ཐིམ་ནས་ཁྲུག་གིས་འདྲེས་པའི་མོས་པ་མཛོད། དེས་བྱིན་རླབས་རྒྱུན་དུ་འབྱུང་བས་ལམ་རྟགས་མྱུར་དུ་འཆར། ཚོགས་གཉིས་རྒྱུན་ཆད་མེད་པས་སྒྲིབ་གཉིས་མྱུར་དུ་འདག །ཐུགས་རྗེའི་ནུས་མཐུ་ཕོག་པས་ལམ་གྱི་བར་ཆད་སེལ་བའི་གནད་གསུམ་པོ་མོད་གསུང་ངོ་། །དེ་ལྟར་དབང་བཞི་ལ། དབང་ཉམས་བཅུ་དྲུག་དང་། བརྟན་བྱེད་བཅུ་གཉིས་ཏེ། དབང་གི་ངོ་སྤྲོད་ཉི་ཤུ་རྩ་བརྒྱད་པོ་དེས་དབང་གི་དངོས་གཞི་རྣམས་ཚར་བ་ཡིན། ད་མཇུག་བསླབ་པར་བྱ་བའི་ཆོས་གསུམ་ལ་སློབ་པར་གདམས་ཏེ། དང་པོ་རྟེན་སྡོམ་པ་གསུམ་ལ་སློབ་པ་ནི། རྗེ་བཙུན་དམ་པ་རིན་པོ་ཆེའི་ལུགས་ཀྱིས་མ་འབྲེལ་ཁམས་ཁསལེན་གྱི་སྡོམ་པ་ཙམ་ལ་མ་ལུས་པར། །ཡང་དག་དོན་གྱི་སྡོམ་པ་གསུམ་བསྲུང་དགོས་པས། ལས་རྒྱུ་འབྲས་ལ་སྙིང་ཐག་པ་ནས་འཛེམས་པ་ཉན་ཐོས་ཀྱི་འདུལ་ཁྲིམས་དམ་པ། དགེ་བ་ཅི་བྱེད་གཞན་དོན་དུ་འཇུག་པ་བྱང་སེམས་ཀྱི་བསླབ་ཁྲིམས་ཡངས་པ། བླ་མ་ལ་སངས་རྒྱས་དངོས་སུ་བལྟ་བ་གསང་སྔགས་ཀྱི་དམ་ཚིག་གཙང་བ་གསུམ་གལ་ཆེ་བ་ཡིན་ནོ། །གཉིས་པ་རྣལ་འབྱོར་གྱི་རང་ས་དྲུག་བསྲུང་བར་གདམས་པ་ནི། གསོལ་བ་ལྷ་ལ་མི་འདེབས་ཏེ། བླ་མ་ལས་ལྷག་པའི་སྐྱབས་གཞན་མེད། དངོས་གྲུབ་འདྲེ་ལ་མི་ཞུ་སྟེ། འདུ་ལོང་བར་ཆད་ཀྱི་གཡབ་མོ་ཡིན། སྣ་ཐག་མི་ལ་མི་གཏད་དེ། ཤ་ཚ་རང་ལ་བྱེད་དགོས། ཕོ་རྒོད་ཚེ་འདིར་མི་འབྱིན་ཏེ། ཆོས་མིན་གྱི་བྱ་བ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་ཡིན་ནོ། །གོས་ངན་རྒྱལ་མཚན་གྱི་རྩེ་ལ་མི་འཕྱར་ཏེ་མིས་མཐོང་ཁྱིས་ཚོར་གྱི་སྒྲུབ་པ་བར་ཆད་མང་བ་ཡིན། གསང་བམ་ཆུ་སྒོར་མི་འདོན་ཏེ། ཉམས་རྟོགས་གཞན་ལ་ངོམ་ན་ཉམས་ཀྱི་འཕེལ་བ་ཆད་པའི་རྒྱུ་ཡིན་ནོ། །གསུམ་པ་བོ་ཟགས་ལྟེམས་ལོག་གི་དྲི་མ་བཞི་བསྲུང་བར་གདམས་པ་ནི། བློ་སྦྱོང་གི་དུས་སུ་བླ་མ་
༡༠༠ ལ་མ་གུས་པའི་བློ་ཤོར་ན་པོ་བའི་དྲི་མ་ཡིན་པས་ཅི་མཛད་ཡོན་ཏན་དུ་བལྟ། སེམས་ཅན་ལ་བྱམས་པའི་བློ་སྤངས་ན་ཟགས་པའི་དྲི་མ་ཡིན་པས་སེམས་ཅན་གྱི་འཁྲུལ་པ་ལ་དོན་དུ་མི་བཟུང་། དོན་མེད་པའི་སྤྱོད་པ་བཞི་དང་བཅས་པ་མ་སྤངས་ན་ལྟེམས་པའི་དྲི་མ་ཡིན་པས་ཚེ་འདིའི་བྱ་བ་དོན་དུ་མི་གཉེར། ཆོ་མ་མྱོང་བར་སྟན་ལས་འཕགས་ན་ལོག་པའི་དྲི་མ་ཡིན་པས་ལམ་རྟགས་དང་རྡོ་རུས་འཕྲོད་པར་བྱའོ། །དེ་ལྟར་སྦྱོར་བ་ལ་སྐྱབས་སེམས་མཆོད་བསྔོ་སྨོན་ལམ་སྟེ་ཆོས་ལྔ། དངོས་གཞི་ལ་དབང་བཞི། མཇུག་བསླབ་པར་བྱ་བའི་ཆོས་གསུམ་གྱིས་ཨཱ་ལི་ཀཱ་ལིའི་བྱིན་རླབས། ཡི་གེ་ཕྱི་མོའ་དབང་བསྐུར། དོན་ལྷན་ཅིག་སྐྱེས་པ་བཞི་རྫོགས་ཞེས་བྱ་བ། ཤིན་ཏུ་ཟབ་པ་དེ་ཚུར་བ་ལགས་པས་བཀའ་དྲིན་རེ་ཆེ་སྙམ་པས་བླ་མ་ལ་ཕྱག་གསུམ་འཚོལ། དེ་ནས་བཀའ་དྲིན་ཆེ་ལགས་ཞེས་བརྗོད། རྗེས་ཆོག་ལ་བདུན་ལས། གཏོར་མ་བཏང་བ་ནི། ལྷག་པའི་ལྷའི་འདས་གཏོར་དང་མགོན་པོ་ཨ་བྷོ་ར། མཁའ་འགྲོ་སྡེ་བཞི། ཞིང་སྐྱོང་ཀུན་ཏུ་རི་ཀ །ཨ་པ་རཱ་ཛི་ཏ། ཀླུ་ཆེན་བཏང་བཟུང་སོགས་ཆོས་སྲུང་རྣམས་དང་། གཞི་བདག་སྤྱི་གཏོར་སོགས་སོ་སོའ་གཞུང་བཞིན་བྱ། བཀྲ་ཤིས་བརྗོད་ལ་སྔར་བྱིན་རླབས་བྱས་པའི་འབྲང་རྒྱས་བཞི་དངོས་གྲུབ་ཀྱི་རྫས་སུ་རོལ། ཚོགས་རྫས་རྣམས་བྱིན་རླབས་གོང་དུ་གྲུབ་པས། ཚོགས་ཞིང་བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སད་པར་བསམ་ཞིང་། ཚོགས་ཕུད་གཏོར་མར་བྲན་ལ། ༀ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ལ་ཨ་ཀཱ་རོ་བཏགས་པས་ཕྱི་གཏོར་དང་། བ་ལིཾ་ཨི་དཾ། ཁཱ་ཧི་ཁཱ་ཧི། བཛྲ་ཡོ་གི་ནཱི། ཀ་མ་རུ་བི་ནི། ཛ་ལ་མུ་ཀི་ཧྲཱིཿཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཏགས་པས་ནང་གཏོར་བསྔོས་ལ་བླ་མེད་མཆོག་གི་མཐར་ༀ་གུ་རུ་སོགས་ལ་ག་ན་ཙཀྲ་པཱུ་ཛ་སྭཱ་ཧཱ། ཞེས་བཏགས་པས་ཚོགས་ཕུལ། དེ་ནས་ལས་རྡོར་གྱིས་བླ་མ་ལ་ཕྱག་བྱས་ལ་ཐབས་ཤེས་ཀྱི་
༡༠༡ རྫས་བསྣོལ་མར་ཐོགས་ནས། ༀ་པུ་ཛཿསྭཱ་ཧཱ། ཞེས་མཆོད་པ་ལྔས་མཆོད་པར་བསམ་ལ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་པས་དགོངས་སུ་གསོལ། །ཞེས་རྟོག་པ་བསལ་བས་དྲངས། བླ་མས་པད་ཀོར་སྔོན་འགྲོས་རྩེ་གསུམ་གྱི་རྒྱ་སྟོན་བཞིན་དུ། བདེ་བར་གཤེགས་པ་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་བྲལ་བ་འདི། །བཟུང་འཛིན་དྲི་མ་རྣམ་པར་མེད། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཞེས་པས་བླངས་ལ། རང་ལྷའི་ང་རྒྱལ་གྱིས། ༀ་ཨཱཿཧཱུྃ་ཞེས་ཚོགས་རྫས་བདུད་རྩིར་གྱུར་པར་བརལག་སོར་འདོད་ཡོན་གྱི་ལྷ་མོར་བསམ་པས། ༀ་ཨ་མྲྀ་ཏེ་ཧཱུྃ། ཞེས་ལུས་ཀྱི་ལྷ་རྣམས་མཆོད་པར་མོས་ནས་ཚོགས་ལ་རོལ། ལྷག་མ་བསྡུས་ལ་ༀ་ཨཱཿཧཱུྃ་གིས་སྣོད་རིན་པོ་ཆེའི་ནང་དུ་བཅུད་བདུད་རྩིར་གྱུར་པ་བཐིམ་པར་མོས་ལ། གཏོར་མ་ཁ་ཕྲུ་བཏབ་ཅིང་། ༀ་ཨུཙྪིཥྚ་པཎྜི་བྷྱཿསྭཱ་ཧཱ། ཞེས་བཟླས་ནས་གཙང་གཏོར་དང་བསྲེས་ནས་ༀ་ཨཱཿཧཱུྃ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་ཡེ་སྭཱ་ཧཱ། འབྱུང་པོ་ལྷག་མ་ལ་དབང་བ་རྣམས་ཚིམས་པར་གྱུར་ཅིག །ཀྱཻ་མཁའ་འགྲོ་ཞིང་སྐྱོང་ཚོགས། །ལས་འདི་བདག་གིས་བསླབ་པར་བགྱི། །བདག་ལ་བདེ་ལེགས་བསྡུ་བ་དང་། །ཕན་དང་ཡིད་འོངས་བདེ་བ་དང་། །གྲོང་དང་ཡུལ་འཁོར་ཤིས་པར་མཛོད། །ཅེས་བརྗོད་ལ་གཙང་སར་འབུལ་ལོ། །དེ་ནས་བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལངས་ལ་གླེགས་བམ་བསྡུ། དེ་ནས་ལམ་གྱི་བར་ཆད་ཞི་ཕྱིར་སྨོན་ལམ་གདབ། བསགས་པའི་དགེ་བ་དོན་ཡོད་པར་བྱ་ཕྱིར་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བར་བྱ་ཞིང་། དེ་ནས་ནངས་པར་བླ་མས་སློབ་མ་རྣམས་ལ་བློ་སྦྱོང་གི་ལུང་དབོག་ཅིང་
༡༠༢ བསླབ་བྱ་རྒྱས་པར་བྱའོ། །དཀའ་ཐུབ་སོགས་དབང་ཚུན་གཅིག་ཏུ་བྱེད་ན། འབྲང་རྒྱས་ཀྱི་དངོས་གྲུབ་ལ་རོལ་པ་བདང་། གཏོར་མ་བཏང་ཞིང་གླེགས་བམ་བསྡུ་བ་རྣམས་ནུབ་ཐ་མ་མི་བྱེད་དོ། །ལམ་ལྔ་ལས་ཚོགས་ལམ་བགྲོད་པར་བྱེད་པ་བློ་སྦྱོང་གི་དབང་ཆོག་ཚར་རོ། །ཨི་ཏི། །ༀ་སྭ་སྟི། གཉིས་པ་སྦྱོར་ལམ་བསྒྲོད་པར་བྱེད་པ་དཀའ་ཐུབ་ཀྱི་དབང་ལ། གླེགས་བམ་བཤམ་ལུགས་སོགས་གོང་དང་འདྲ་བ་ལས། ཁྱད་པར་དམ་རྫས་བདུད་རྩིའི་ཕྲད་ཀ་ར་ལ་བྱ་ཞིང་། བདག་བསྐྱེད་སྔོན་དུ་འགྲོ་བས་ཚོགས་དང་དབང་རྫས་བྱིན་རླབས་སྔར་ལྟར་ལས། ཁྱད་པར་ཡིག་འབྲུ་རྣམས་ལོངས་སྐུ་རིགས་ལྔའི་ལྷ་ཚོགས་སུ་བྱིན་གྱིས་བརླབ་བོ། །དེ་ནས་སློབ་མ་རྣམས་ཟླས་བྱ་བ་སྔོན་འགྲོས་གྲལ་དུ་འཁོད་པ་ལ། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པ་ལམ་དཀའ་ཐུབ་ཀྱི་བྱིན་རླབས་ཞུས་ལ་ཉམས་སུ་བླང་སྙམ་དུ་མ་ཡེངས་པར་གསན་འཚལ། ཇི་ལྟར་ཉམས་སུ་ལེན་ལུགས་ལ། དབྱིངས་རྣལ་འབྱོར་གསུམ་ལས། བྱེད་པ་ལམ་གྱི་རྣལ་འབྱོར་ལ་ལམ་ལྔར་ཡོད་པའི། འདི་ནི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཐོབ་པར་བྱེད་པ་དཀའ་ཐུབ་ཀྱི་དབང་བྱ་བ་ཡིན། འདི་ཡང་དབང་གཞན་ལས་ཁྱད་པར་ལྔས་འཕགས་ཏེ། གླེགས་བམ་བཤམས་པས་ལྷ་དབང་མ་ཡིན་པ་ཆོས་དབང་ཡིན་པ་དང་། དཀྱིལ་འཁོར་འགྲེམས་པ་མདངས་ལ་བརྟེན་པའི་རྗེས་དཔག་མ་ཡིན་ཡེ་ཤེས་དངོས་སྐྱེད་བྱེད་ཡིན་པ་དང་། བྷནྫ་ནི་རྟེན་རྫས་ཙམ་མ་ཡིན་དམ་རྫས་ཡིན་པ་དང་། བླ་མ་ནི་སྤྲུལ་པ་བཙམ་མ་ཡིན་སངས་རྒྱས་དངོས་ཡིན་པ་དང་། དབང་རྣམ་བཞག་ཙམ་དུ་བསྐུར་བ་མ་ཡིན་ངོ་སྤྲོད་པའི་ཐབས་ཀྱི་ལམ་ཡོངས་རྫོགས་ལ་སྐྱེད་བྱེད་ཡིན་པས་ཁྱད་པར་དུ་འཕགས་སོ། །དེ་ལྟ་བུའི་དབང་ཀ་འདི།
༡༠༣ བུམ་དབང་རྡོ་རྗེ་འཆང་ནས་བདག་མེད་མ། གསང་དབང་རྣམ་སྣང་ནས་མཁའ་བསྐྱོད་ཀྱི་བླ་མ། ཤེར་དབང་ཐུབ་པ་ནས་བྱམས་མགོན་ལ། ཚིག་དབང་གསང་བདག་ནས་གསང་བའི་མཁའ་འགྲོ་མ་རྣམས་ལ་བརྒྱུད་དེ། དམ་པ་རིན་པོ་ཆེས་བྱང་སེམས་ཀུན་དགའ་ལ་ཅིག་གཅིགབརྒྱུད་དུ་གནང་བ་བྱིན་རླབས་སྣོད་གཅིག་ཏུ་བླུགས་པ་ལྟ་བུའི་བཀའ་སྲོལ་འགན་ཟླ་དང་བྲལ་བ་ལགས་པས་ཐུགས་སྤྲོ་བ་བསྐྱེད་པར་མཛོད། དབང་དངོས་ལ་གསུམ་གྱི། ཐོག་མ་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྗེས་ཟློས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུའང་བླ་མ་དམ་པ་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུའང་ཡི་དམ་ལྷ་ཚོགས་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མཁའ་འགྲོ་མའི་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུའང་མཁའ་འགྲོ་མའི་ཚོགས་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་འདས་མ་འོངས་ད་ལྟར་བྱས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བླ་མ་ལ་དབུལ་བར་བགྱིའོ། །བླ་མ་ལ་ཕུལ་བས་བླ་མ་རིན་པོ་ཆེ་རྣམས་ཀྱི་ཐུགས་དགོངས་ཁྱད་པར་ཅན་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ལས་བྱུང་བའི་དགེ་
༡༠༤ བའི་རྩ་བ་དེས་བདེ་བར་གཤེགས་པ་རྣམས་ཀྱི་སྤྱན་ལམ་དུ་མཆོད་པའི་བྱེ་བྲག་ནམ་མཁའ་དང་མཉམ་པ་འབྱུང་བར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པས་སེམས་ཅན་ཐམས་ཅད་འཁོར་བ་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུའང་བདག་མྱུར་དུ་མངོན་པར་རྫོགས་པ་སངས་རྒྱས་ནས་འགྲོ་བ་མ་ལུས་པ་མཐའ་དག་གི་བླ་མར་གྱུར་ཅིག །དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཅིག །ཅེས་ལན་གསུམ། དངོས་གཞི་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བ་ལས། དང་པོ་བུམ་པའི་དབང་བཞི་བསྐུར་བ་ནི་ཡིག་འབྲུ་ལ་ལྟོས་ལ། གཟུགས་སྣང་ཐམས་ཅད་རྒྱལ་བ་རིགས་ལྔའི་སྐུར་བྱིན་གྱིས་བརླབས་པར་མོས་ལ་འདིའི་རྗེས་ཟློས། ཐུར་མ་བཙུགས་ལ་ཨཀྵཿཚར་གཅིག །སྒྲ་ཐམས་ཅད་རིགས་ལྔའི་གསུང་དུ་བྱིན་གྱིས་བརླབས་པར་མོས་ལ་འདིའི། ཨཀྵ་བརྗོད། དྲན་རྟོག་ཐམས་ཅད་རིགས་ལྔའི་ཐུགས་སུ་བྱིན་གྱིས་བརླབས་པར་མོས་ལ་འདིའི། ཨཀྵ་བརྗོད། སེམས་ཀྱི་ངོ་བོ་གདོད་ནས་སྐྱེ་བ་མེད་པ་ལས་སྣང་གྲགས་དྲན་པའི་ཆོས་ཐམས་ཅད་རང་བཞིན་མ་འགགས་པའི་རྩལ་སྣང་ཙམ་དུ་བྱིན་གྱིས་བརླབས་པར་མོས་ལ་འདིའི། ཨཀྵ་བརྗོད། ད་བུམ་དབང་དེ་ཉིད་བརྟན་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་བདུད་རྩིའི་དམ་ཚིག་པའི་རྩ་ཡིག་རྣམས་ལ་ཕོག་པས། རང་ལུས་ཀྱི་རྩ་ཁམས་ཐམས་ཅད་རིགས་ལྔའི་ངོ་བོ་དཔའ་བོ་དཔའ་མོའ་རང་བཞིན་དུ་རྣམ་པར་དག་པར་གྱུར་སྙམ་དུ་མོས་པ་མཛོད། ཅེས་ཐོད་པ་མགོ་ཐོག་ཏུ་བཞག་ལ་ཨཀྵ་བརྗོད་དོ། །དེས་བུམ་པའི་དབང་བཞི་སོང་། ད་གསང་བའི་དབང་བསྐུར་བ་ནི། །བདུད་རྩི་སྲིན་ལག་གིས་བླངས་ཏེ་སློབ་མའི་གནས་བཞིར་ཐིག་ལེ་བྱེད་པ་སྟེ། ཨ་བྷི་ཥིཉྩ་ༀ་
༡༠༥ ཞེས་དཔྲལ་བར་བཞག་པས་ༀ་དེ་ཉིད་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་ཚོན་གང་པ་གཅིག་གསལ་བར་གྱུར། ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་བཞག་པས་ཨཱཿདེ་ཉིད་ལོངས་སྤྱོད་ཀྱི་འཁོར་ལོ་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་གསལ་བར་གྱུར། ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྙིང་གའི་ཐིག་ལེ་ཧཱུྃ་དེ་ཉིད་ཆོས་ཀྱི་འཁོར་ལོ་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་གསལ་བར་གྱུར། ཨ་བྷི་ཥིཉྩ་ཧྲཱིཿ ཞེས་ལྟེ་བའི་ཐིག་ལེ་ཧྲཱིཿདེ་ཉིད་སྤྲུལ་པའི་བའིའཁོར་ལོ་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་གསལ་བར་གྱུར། དེ་ལྟར་ལྷ་བཞི་པོ་དེ་ཡང་སྐྲུ་སྐུཞི་བའམ་ཁྲོ་བོ་དཔའ་བོ་གཅིག་གམ་ཡབ་ཡུམ་གང་མོས་སུ་གསལ་ཐོབ་ལ་ཡང་ཡང་དྲན་པར་བྱོས་ཤིག །དེ་ཉིད་བརྟན་བྱེད་དུ་ༀ་ཨཱཿཧཱུྃ་ཞེས་བདུད་རྩི་ལན་གསུམ་བླུད་པས། འཁོར་ལོ་བཞིའི་ལྷ་རྣམས་ཀྱིས་གཙོ་མཛད་རྩ་ཁམས་ཀྱི་དཔའ་བོ་དང་དཔའ་མོ་ཐམས་ཅད་མཉེས་ནས་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་ནང་ནས་འཆར་བ་ཡིན་ནོ། །དེས་བདུད་རྩི་གསང་བའི་དབང་བསྐུར་བ་སོང་། །ད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སྔོན་བྱུང་ཡང་དག་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བྱང་ཕྱོགས་ཀམྦྷི་རའི་མཆོད་རྟེན་གྱི་རྩར་རྩ་གསུམ་གཅིག་ཏུ་དྲིལ་ནས་རིག་པ་དྭངས་སུ་བཅུག་པས། དང་པོ་སེམས་ཀྱི་ངོ་བོ་སྟོང་པར་ངོས་ཟིན་ནས་རང་རིག་གི་ཡེ་ཤེས་ཁོང་ནས་སད་ཀྱང་ད་དུང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྩལ་དུ་མ་ཤར་བས། གཉིས་པ་ཆུ་བོ་ནཻ་རཱཉྫ་ནའི་འགྲམ་དུ་ལོ་དྲུག་དཀའ་ཐུབ་ཀྱི་ཁོག་པར་ཞུགས་ཏེ་སྤྱན་ལྔས་དུག་ལྔའི་ཕྲ་རགས་ལ་གཟིགས་པས། རྩ་བྲལ་གྱི་རྟོགས་པ་རང་སར་གྲོལ་ནས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྩལ་དུ་ཤར། དེ་ནས་ཕྱིས་ཆོས་འཁོར་བར་པ་མབསྐོར་དུས་འདུས་པའི་འཁོར་ལ་སྤྱན་ལྔའི་རྟེན་འབྲེལ་བརྡར་བསྟན་པས་
༡༠༦ སྤྱན་རས་གཟིགས་ཀྱིས་རྟོགས། ཤཱ་རིའི་བུས་དྲིས། དེར་འདུས་པའི་འཁོར་ཕལ་ཆེ་བས་བརྡའི་དོན་ཁོང་དུ་ཆུད་ནས་གླེངས། ཀུན་དགའ་བོས་བསྡུས། བྱམས་པ་ལ་དོན་བརྒྱུད་གཏད། དེ་ལ་ཐོགས་མེད་ཀྱིས་ཞུས་ནས། དབྱིག་གཉེན། ཨཱ་དེ་བ། དམ་པ་རིན་པོ་ཆེས་ཆིག་བརྒྱུད་གསུམ་ལ་རིམ་པར་བབས་པའོ། །རྩ་བ་དེ་སློབ་མའི་རྒྱུད་ལ་ཇི་ལྟར་བསྐུར་ན། ལུས་གནད་རྣམ་སྣང་ཆོས་བདུན། ངག་གནད་སྟེང་འོག་གི་རླུང་འགྱུ་བ་བཅད་ནས་རླུང་དབུ་མར་གཞུག །ཡིད་སྒོམ་འདོད་སྤངས་ནས་སྤྱན་ལྔའི་ལྟ་སྟངས་ཀྱིས་རྟོག་པའི་རྩ་བ་བཅད་པར་བྱ་སྟེ། དེའང་དང་པོར་ལུང་མ་བསྟན་གཏི་མུག་གི་རྟོག་པ་ལ། རུས་སྦལ་ལྟར་མིག་བཙུམ་ནས་བལྟ། གཉིས་པ་བྲལ་བ་འདོད་ཆགས་ཀྱི་རྟོག་པ་ལ་མགྲོན་བུའི་རྒྱབ་ལྟར་ཐིམ་མེ་བལྟ། གསུམ་པ་དེ་བས་རགས་པ་ཞེ་སྡང་གི་རྟོག་པ་ལ་ཟླ་བ་ཚེས་པ་ལྟར་གཞུ་གང་ཙམ་དུ་བལྟ། བཞི་པ་དེ་བས་ཀྱང་རགས་པ་ཕྲག་དོག་གི་རྟོག་པ་ལ་མཁལ་མ་ལྟར་རང་ཐད་དུ་བལྟ། ལྔ་པ་ཤིན་ཏུ་རགས་པ་ང་རྒྱལ་གྱི་རྟོག་པ་ལ་ཟླ་བ་ཉ་གང་བ་ལྟར་བར་སྣང་ལ་མིག་བལྟའོ། །དེ་དག་གང་བྱེད་ཀྱང་རླུང་ཁ་སྦྱར་ལ་ལུས་སེམས་སྒྲིམས་ནས། རླུང་སེམས་འོད་གསལ་གྱི་མདངས་ལ་བཅིངས་ཏེ། གསལ་བདོ་བ་ལ་བཤིག་ཅིང་ཉམས་སུ་བླངས་པས། རྗེས་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཉམས་སུ་མྱོང་ནས་འོང་བ་ཡིན་ནོ། །གསུམ་པ་དེའི་དྲོད་ཚད་བཟུང་བ་ལ་དུས་བཞི་སྟེ། དང་པོར་རྒྱལ་བ་ཡུམ་གྱི་ཞལ་བལྟ་དུས་ཞེས་བྱ་སྟེ། བླ་མའི་སྤྱན་ལ་བལྟ། གཉིས་པ་ཞལ་མཐོང་དུས་བྱ་སྟེ། བླ་མའི་ལད་མོ་བཟླ། གསུམ་པ་དེ་གོམས་པར་བྱེད་དུས་ཞེས་བྱ་སྟེ། གོམས་པ་ཀློང་དུ་མ་གྱུར་གྱི་བར་དུ་འབད་པས་སྒོམ། བཞི་པ་མངོན་དུ་གྱུར་པའི་བའིདུས་ཞེས་བྱ་སྟེ། རྟོག་པ་ཐམས་ཅད་རྩ་བྲལ་དུ་ཤེས་ཙ་ན་ཆེད་དུ་སྤྱན་ལྔས་བལྟ་མི་དགོས་སོ། །
༡༠༧ དེ་ལྟར་གོམས་པའི་ཚེ། གསུམ་པའི་དབང་དེ་ཉིད་བརྟན་པར་བྱ་བའི་ཕྱིར། གཟུགས་སྒྲ་དྲན་རྟོག་ཐམས་ཅད་སྒྱུ་མ་བྲག་ཆ་ལྦུ་བ་ལྟ་བུར་ཤེས་པར་བྱ་སྟེ། ཕྲ་བའི་བརྡ་ཞེས་བྱའོ། །དེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སོང་། །ད་བཞི་པ་ཚིག་དབང་བསྐུར་བ་ནི། རྒྱུ་སྒྱུརྩལ་བཞི་དང་བཅས་པས་ཉེ་བའི་བཟླས་ལུང་དབོག་པ་ཡིན་པས། དྲོད་ཀྱི་ཡེ་ཤེས་བཙན་ཐབས་སུ་སྐྱེ་བར་བྱེད་པའི་སྙིང་པོ་སྦྱོར་ལམ་དཀའ་ཐུབ་ཀྱི་ལུང་འདི་ལོངས་ཤིག །ༀ་ཨཱཿཧཱུྃ་གུ་རུ་སིདྡྷི་ཕ་ལ་ཧཱུྃ། ཞེས་ལན་གསུམ་གྱིས་བཟླས་ལུང་སྦྱིན་ནས་འདི་ལ་རྒྱུ་རྩལ་བཞི་སྟེ། དང་པོ་ནུས་པ་སྔགས་ཀྱི་རྩལ་རིན་པོ་ཆེའི་ལྷ་སྐུ་ལ་རང་འོད་འདོན་པ་དང་འདྲ་བས་སྙིང་པོ་གསལ་ལ་དག་པར་བཟླ། གཉིས་པ་རིག་པ་སེམས་ཀྱི་རྒྱུ་རྩལ་ཟད་པར་གྱི་སྐྱེ་མཆེད་སྒོམ་པ་དང་འདྲ་སྟེ། ཏིང་ངེ་འཛིན་གསལ་ལ་བརྟན་པར་བསྒོམ། གསུམ་པ་རྟེན་འབྲེལ་རྒྱུ་སྒྱུརྩལ་མཉྫི་ཀའི་མེ་ཏོག་རྫས་ཀྱིས་ཁ་བསྒྱུར་བ་དང་འདྲ་སྟེ། གང་ལ་དམིགས་པའི་རྟེན་རྫས་རྣམས་མདུན་དུ་དགྲམ། བཞི་པ་མཚམས་སྦྱོར་དུས་ཀྱི་རྒྱུ་སྒྱུརྩལ་གནམ་ལྕགས་དང་ཁྲེགས་རྡོ་འཕྲད་པའི་མེ་དང་འདྲ་སྟེ་བླ་མས་ཐུགས་ལ་འདོགས་དུས་སྒྲུབ་པ་ལ་ཕྱི་བཤོལ་མི་བྱ་བར་འབད་དགོས་པ་ཡིན་ནོ། །དེ་ལྟར་ཚིག་དབང་གི་ནུས་པ་དེ་ཉིད་བརྟན་པར་བྱ་བའི་ཕྱིར། གླེགས་བམ་གྱི་མེ་ཏོག་བླངས་པ་ལ་དཀའ་ཐུབ་ཀྱི་སྙིང་པོ་བཟླས་པ་བུ་ལ་འཐོར་ཞིང་། གྲུབ་པར་གྱུར་ཅིག་ཅེས་ལན་གསུམ། དེས་བླ་མའི་སྐུ་གསུང་ཐུགས་ལྷའི་རང་བཞིན་དུ་གནས་པ་དེ་སློབ་མའི་ལུས་ངག་ཡིད་གསུམ་ལ་ཐིམ་པས་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་ནས། ལམ་རྟགས་དང་ཡོན་ཏན་འཆར་བ་ལ་ཚེགས་མེད་པ་ཡིན་ནོ། །འཇུག་གི་ཆོས་གསུམ་སྟེ་རྟེན་སྡོམ་པ་གསུམ་དང་ལྡན་ཞིང་རྣལ་འབྱོར་གྱི་རང་ས་དྲུག་མ་ཉམས་པའི་སྒྲུབ་པ་པོ་དེས་དྲི་མ་བཞི་
༡༠༨ བསྲུང་བར་བྱ་སྟེ། གཞན་དོན་སྔས་ན་བོ་བའི་དྲི་མ་ཡིན་པས་དམ་བཅའ་མ་གྲོལ་བར་དུ་སློབ་དཔོན་མི་བྱ། བསྙེན་བསྐུར་ཟོས་ན་ཟགས་པའི་དྲི་མ་ཡིན་པས་རང་རྫས་མི་སྟེར་ཞིང་གཞན་རྫས་མི་སྤྱོད། བསྲུང་སྡོམ་ལྷོད་ན་ལྟེམས་པའི་དྲི་མ་ཡིན་པས། བསྙེན་པ་བྱེད་དུས་ཁྲུས་མི་བྱ། གོས་སྟན་མི་སྤྲུག །སྐྲ་སེན་མི་འབྲེག །ངག་གི་སྨྲ་བ་གཅོད། མཆིལ་སྣབས་མི་འདོར། གཏོར་མ་སྦ་བ་སོགས་བསླབ་བྱ་རྣམས་དམ་དུ་བསྲུང་ངོ་། །ཆོས་བརྒྱད་དྲན་ན་ལྡོག་པའི་དྲི་མ་ཡིན་པས་ཚེ་འདིའི་སྙན་གྲགས་རྒྱབ་ཏུ་ངོར་དོརབར་བྱའོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་ཕྱག་ལེན་ལ་བརྟེན་ནས་སྦྱོར་ལམ་སྐྱེད་བྱེད་ཟབ་མོ་དཀའ་ཐུབ་ཀྱི་བྱིན་རླབས་ཚར་བ་ལགས་པས་བླ་མ་ལ་གཏོང་རག་གི་ཕྱག་གསུམ་འཚོལ་ལ། བཀའ་དྲིན་ཆེ་ལགས་ཞེས་བརྗོད། རྗེས་ཆོག་རྣམས་བློ་སྦྱོང་ལྟར་བྱའོ། །ལམ་ལྔ་ལས་སྦྱོར་ལམ་བགྲོད་པར་བྱེད་པ་དཀའ་ཐུབ་ཀྱི་དབང་ཆོག་ཚར་རོ། །ཨི་ཐི།། །།ༀ་སྭ་སྟི། གསུམ་པ་མཐོང་ལམ་མི་རྟོག་པའི་ཡེ་ཤེས་འཆར་བྱེད་རྗེས་བློ་བྲལ་གྱི་བྱིན་རླབས་ལ། གླེགས་བམ་སོགས་སྔར་ལྟར་བཤམ། ཁྱད་པར་བདུད་རྩིའི་འཕྲང་སྦྲང་རྩིས་བྱ། བདག་བསྐྱེད་སྔོན་འགྲོས་ཚོགས་དང་དབང་རྫས་སྔར་ལྟར་ལས། ཁྱད་པར་ཡིག་འབྲུ་ལས་བྱུང་བའི་རིགས་ལྔའི་ལྷ་ཚོགས་རྣམས་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས། ཕྱག་སྔོན་འགྲོས་གྲལ་དུ་འཁོད་པ་ལ། །འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་མཐོང་ལམ་རྣམ་པར་མི་རྟོག་པ་རྒྱུད་ལ་སྐྱེད་བྱེད་རྗེས་ཀྱི་བྱིན་རླབས་ཞུས་ལ་ཉམས་སུ་བླང་སྙམ་དུ་མ་ཡེངས་པར་གསན་འཚལ། དེ་ཇི་ལྟར་ཉམས་སུ་ལེན་ལུགས་ལ། དབྱིངས་
༡༠༩ རྣལ་འབྱོར་གསུམ་ལས། བྱེད་པ་ལམ་གྱི་རྣལ་འབྱོར་ལ་ལྔ་ཡོད་པའི་ནང་ནས། འདི་ནི་མཐོང་ལམ་ཉམས་སུ་ལེན་པ་རྗེས་ཀྱི་དབང་བྱ་བ་དེ་ཡིན། དེ་ཡང་དབང་གཞན་ལས་ཁྱད་པར་འཕགས་ཏེ། གླེགས་བམ་འདི་དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་དང་། ཡིག་འབྲུ་འདི་ཆོས་ཐམས་ཅད་ཀྱི་ས་བོན་ཡིན་པ་དང་། བྷཉྫ་འདི་དངོས་གྲུབ་ཐམས་ཅད་འབྱུང་བའི་རྫས་ཡིན་པ་དང་། བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པས་དང་། ངོ་སྤྲོད་ཟབ་མོ་འདི་ཡང་དག་པའི་ལམ་དངོས་ཡིན་པས་ཁྱད་པར་དུ་འཕགས་པར་གདའ་སྟེ། དེ་ལྟ་བུའི་དབང་ཀ་འདི་དམ་པ་རྒྱ་གར་གྱི་ཁྱད་ཆོས། བྱང་སེམས་ཀུན་དགའི་ཐུགས་དམ། རང་ཅག་རྣམས་ཆོས་འདི་འདྲ་དང་འཕྲད་པ་ཁར་རྗེ་ཡིན་པས་འཚེངས་པ་ལགས་སྙམ་དུ་སྤྲོ་བ་བསྐྱེད་པར་མཛོད། དབང་དངོས་ལ་གསུམ་གྱི། ཐོག་མར་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྗེས་ཟློས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་པ་ནས། དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཅིག །ཅེས་པའི་བར་ལན་གསུམ། དངོས་གཞི་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བ་ལ། དང་པོ་བུམ་པའི་དབང་བཞི་བསྐུར་བ་ནི་ཡིག་འབྲུ་ལ་ལྟོས་ལ་ཇི་ལྟར་སྣང་བ་ཐམས་ཅད་ངོ་བོ་བླ་མ། རྣམ་པ་ཡི་དམ་རིགས་ལྔའི་སྐུ་མཚན་ཉིད་བཞི་ལྡན་དུ་བྱིན་གྱིས་བརླབས་པར་མོས་ལ་འདིའི་རྗེས་ཟློས་ཡི་གེ་རེ་རེ་བཞིན་ཐུར་མ་བཙུགས་པ་ཨཀྵཿཚར་གཅིག །དེ་ཐམས་ཅད་དང་པོར་སྐྱེ་བ་མེད། བར་དུ་གནས་པ་མེད། ཐ་མར་འགགས་པ་མེད། བདེན་པའི་དངོས་པོར་གྲུབ་པ་མེད་དེ་གཟུགས་སྣང་སྟོང་ངོ་། །ཞེས་བརྗོད་དུ་བཅུག །ཇི་ལྟར་གྲགས་པའི་སྒྲ་ཐམས་ཅད་ངོ་བོ་བླ་མ་ལ་རྣམ་པ་རིགས་ལྔའི་གསུང་མཚན་ཉིད་བཞི་ལྡན་
༡༡༠ དུ་མོས་ལ་འདིའི། ཨཀྵ་དང་། སྐྱེ་མེད། གནས་མེད། འགགས་མེད། དངོས་མེད་དེ་སྒྲར་གྲགས་ཐམས་ཅད་གྲག་སྟོང་ངོ་། །ཞེས་བརྗོད། ཇི་ལྟར་དྲན་པའི་ཆོས་ཐམས་ཅད་ངོ་བོ་བླ་མ་ལ་རྣམ་པ་རིགས་ལྔའི་སྐུ་གསུང་ཐུགས་མཚན་ཉིད་བཞི་ལྡན་དུ་མོས་ལ་འདིའི། ཨཱཀྵ་དང་། སྐྱེ་མེད། གནས་མེད། འགག་མེད། དངོས་མེད་དེ་ཡིད་དྲན་སྟོང་ངོ་། །ཇི་ལྟར་སྣང་གྲག་འགྱུ་གསུམ་རང་གི་སེམས་ངོ་བོ་བླ་མ་ལ་རྣམ་པ་རིགས་ལྔའི་སྐུ་གསུང་ཐུགས་མཚན་ཉིད་བཞི་ལྡན་དུ་མོས་ལ་འདིའི། ཨཀྵ་དང་། སྐྱེ་མེད། གནས་མེད། འགག་མེད། དངོས་མེད་དེ་སེམས་སུ་བདེ་སྟོང་གཉིས་སུ་མེད་པའོ། །ཞེས་བརྗོད། དབུ་མ་དབང་དེ་ཉིད་བརྟན་བྱེད་དུ་ལུས་ཀྱི་རྩ་ཁམས་ལྷ་དང་ལྷ་མོར་གསལ་བ་དེ་རྣམས་ཀྱང་སྐྱེ་མེད་སོགས་མཚན་ཉིད་བཞི་ལྡན་དུ་བྱིན་གྱིས་བརླབས་པས་དག་པའི་སྣང་བ་སྣ་ཚོགས་སུ་འཆར་བར་མོས་པ་མཛོད། ཐོད་པ་སྤྱི་བོར་བཞག་ལ་ཨཀྵ་ཚར་གཅིག །མཇུག་ཏུ་རྩ་ཁམས་ཀྱི་ལྷ་ཐམས་ཅད་དང་པོར་སྐྱེ་མེད། བར་དུ་གནས་མེད། ཐ་མར་འགག་མེད། བདེན་པའི་དངོས་པོར་གྲུབ་པ་མེད་དོ། །ཞེས་བརྗོད་དོ། །དེས་བུམ་པའི་དབང་བཞི་སོང་། ད་གསང་བའི་དབང་བསྐུར་བ་ནི། བདུད་རྩི་ལས་སྲིན་ལག་གིས་བླངས་ཏེ་བུའི་གནས་བཞིར་ཐིག་ལེ་བྱེད་པ་སྟེ། དཔྲལ་བར་ཨ་བྷི་ཥིཉྩ་ༀ། སྐྱེ་མེད། གནས་མེད། འགག་མེད། དངོས་མེད་དོ། །ཞེས་བརྗོད་པས། བདེ་ཆེན་འཁོར་ལོ་ༀ་ལས་རྣམ་སྣང་གི་སྐུ་མཚན་ཉིད་བཞི་ལྡན་གྱིས་རྒྱས་གདབ། མགྲིན་པར་ཐིག་ལེ། ཨ་བྷི་ཥིཉྩ་ཨཱཿསྐྱེ་མེད། གནས་མེད། འགག་མེད། དངོས་མེད་དོ། །ཞེས་བརྗོད་པས་མགྲིན་པའི་འཁོར་ལོ་ཨཿལས་འོད་དཔག་མེད་ཀྱི་སྐུ་མཚན་ཉིད་བཞི་ལྡན་གྱིས་རྒྱས་གདབ། སྙིང་གར་ཨ་བྷི་ཥིཉྩ་ཧཱུྃ། སྐྱེ་མེད་སོགས་བརྗོད་པས། སྙིང་གའི་འཁོར་ལོ་ཧཱུྃ་ལས་མི་བསྐྱོད་པའི་སྐུ་མཚན་ཉིད་བཞི་ལྡན་གྱི་རྒྱས་གདབ།
༡༡༡ ལྟེ་བར་ཨ་བྷི་ཥིཉྩ་ཧྲཱིཿ སྐྱེ་མེད་སོགས་བརྗོད་པས་ལྟེ་བའི་འཁོར་ལོ་རིན་འབྱུང་གི་སྐུ་མཚན་ཉིད་བཞི་ལྡན་གྱི་རྒྱས་གདབ་བོ། །ད་དེ་ཉིད་བརྟན་བྱེད་དུ་ༀ་ཨཱཿཧཱུྃ་ཞེས་བདུད་རྩི་ལན་གསུམ་བླུད། སྐྱེ་མེད་སོགས་བརྗོད་པས་རྩ་ཁམས་ཀྱི་དཔའ་བོ་དང་དཔའ་མོ་ཐམས་ཅད་མཉེས་པ་ལས་ཤར་བའི་ཉམས་རྟོགས་ཀུན་ཀྱང་མཚན་ཉིད་བཞི་ལྡན་དུ་འཆར་བ་ཡིན་ནོ། །དེས་གསང་བའི་དབང་སོང་། །ད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སྔོན་བྱུང་སྟོན་པ་ཐུབ་པའི་དབང་པོས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་སྤྱན་ལྔའི་གཟིགས་པས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྩལ་དུ་ཤར་ཡང་། ད་དུང་སངས་རྒྱས་ཀྱི་ཡེ་ཤེས་ཁྱད་པར་ཅན་དེ་རྗེ་ས་ལ་མ་མཐོང་ནས་རྡོ་རྗེ་གདན་དུ་བྱོན་ཏེ་བདུད་བཏུལ། སྤྱན་ལྔའི་ལྟ་སྟངས་སྒྱུར་བས་དེར་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་ནས་ཆོས་འཁོར་བར་པའི་དུས། འདུས་པའི་འཁོར་ལ་ལྟ་སྟངས་སྒྱུར་བས། ཟབ་མོའ་བརྡ་དེ་སྤྱན་རས་གཟིགས་ཀྱིས་རྟོགས། ཤཱ་རིའི་བུས་དྲིས། འདུས་པའི་འཁོར་གྱིས་དོན་ཁོང་དུ་ཆུད་ནས་གླེངས། ཀུན་དགའ་བོས་བསྡུས། བྱམས་པ་ལ་དོན་བརྒྱུད་གཏད་ནས། །ཐོགས་མེད། དབྱིག་གཉེན། ཨཱ་དེ་བ། དམ་པ་རིན་པོ་ཆེས་ཆིག་བརྒྱུད་ཀྱི་བླ་མ་གསུམ་ལ་རིམ་པར་བབས་ཏེ། ད་ལྟ་ཡན་མ་ཆད་པ་ཡིན་ནོ། །རྩ་བ་དེ་སློབ་མའི་རྒྱུད་ལ་ཇི་ལྟར་བསྐུར་ན། ལུས་གནད་ཆོས་བདུན་བཅའ། ངག་གནད་སྟེང་འོག་གི་རླུང་ཁ་སྦྱར་ལ་འགྱུ་བ་བཅད་དེ་དབུ་མར་གཞུག །ཡིད་སྒོམ་འདོད་ཀྱི་རྟོག་པ་སྤངས་ལ། ངོ་བོ་སྟོང་པ། རང་བཞིན་གསལ་བ། མཚན་ཉིད་གཉིས་མེད་དུ་གྲོལ་བར་བྱ་བའི་ཕྱིར། ལྟ་སྟངས་ལྔ་བསྒྱུར་ཏེ། ངན་སོང་དུ་ལྟུང་བའི་དོགས་པ་ཆོད་ཕྱིར་ཉན་ཐོས་ཞི་བའི་ལྟ་སྟངས་མཐུར་དུ་སྒྱུར། མཐོ་རིས་ཐོབ་འདོད་ཀྱི་རེ་བ་གཅོད་ཕྱིར་མུ་སྟེགས་ཚངས་པའི་ལྟ་སྟངས་གྱེན་དུ། ཞེ་སྡང་གི་རྟོག་པ་གཅོད་ཕྱིར་སེམས་དཔའི་ལྟ་སྟངས་གཡས་སུ།
༡༡༢ འདོད་ཆགས་ཀྱི་ཀུན་རྟོག་གཅོད་ཕྱིར་སེམས་མའི་ལྟ་སྟངས་གཡོན་དུ། སྒོམ་བློ་བསམ་གཏན་གྱི་འཆིང་བ་གཅོད་ཕྱིར་བདེ་བར་གཤེགས་པའི་ལྟ་སྟངས་ཐད་ཀར་བསྒྱུར་བར་བྱའོ། །དེ་ལྟར་ལྟ་སྟངས་གང་བསྒྱུར་ཡང་། སྟེང་རླུང་མནན། འོག་རླུང་འཐེན། འགྱུ་བ་བཅད། སྒྲིམ་ཤ་བཏོན། རླུང་སེམས་འོད་གསལ་གྱི་མདངས་ལ་བཅིངས་ཏེ། གསལ་རྡོ་བ་ལ་བཤིག་ཅིང་སྒོམ་པས་རྗེས་ལ་བློ་བྲལ་ཐུགས་སུ་ཆུད་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཉམས་སུ་མྱོང་བར་བྱེད་དོ། །ད་དེའི་དྲོད་ཚད་བཟུང་བ་ལ་བཞི་སྟེ། དང་པོར་རྒྱལ་བ་ཡུམ་གྱི་ཞལ་བལྟ་དུས། བླ་མའི་སྤྱན་ལ་བལྟ། གཉིས་པ་མཐོང་དུས་བླ་མའི་ལད་མོ་བྱ། གསུམ་པ་དེ་གོམས་པར་བྱེད་དུས་དམ་ཇི་ལྟར་བཅས་ཀྱི་བར་དུ་ཉམས་སུ་བླངས། བཞི་པ་མངོན་དུ་གྱུར་དུས་ཆོས་ཐམས་ཅད་ལ་བདེན་འཛིན་ཞིག་ནས་ཀུན་རྫོབ་དག་སྣང་དུ་འཆར་ཙ་ན་ལྟ་སྟངས་ལྔ་པོ་ཆེད་དུ་བསྒྱུར་མི་དགོས་སོ། །དེ་ལྟར་གསུམ་པའི་དབང་དེ་བརྟན་པར་བྱ་བའི་ཕྱིར་རྗེས་སྤྱོད་ཐམས་ཅད་མཚན་ཉིད་བཞི་ལྡན་དུ་ངོ་སྤྲད་པར་བྱ་སྟེ། གཟུགས་སྣང་ཙམ་ནས་མ་གྲུབ་སྟེ་རང་བཞིན་གྱིས་སྟོང་པའོ། །རྟེན་འབྲེལ་གྱི་སྣང་བ་མ་འགགས་པས་སྟོང་ཉིད་ཀྱི་རྩལ་གཟུགས་སུ་སྣང་ལ། སྣང་ཙམ་ཉིད་ན་ངོ་བོ་སྟོང་ཉིད་ལས་མ་གཡོས་པས་གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ཞིང་། ངོ་བོ་སྟོང་པ་ཉིད་ལས་མ་གཡོས་ཀྱང་རྩལ་སྣང་གཟུགས་སུ་མ་འགགས་པས་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཏེ། དེ་ལྟ་བུའི་མཚན་ཉིད་བཞི་ལྡན་དུ་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་ཤེས་པར་བྱ་ཞིང་། དེ་ལྟར་ཤེས་ཙ་ན་རྣམ་གྲངས་ཀྱི་སྟོང་པ་དང་། ལོག་པའི་ཀུན་རྫོབ་ཞེས་བྱ་བ་ཡུལ་དུ་མི་གནས་པ་ཡིན་ནོ། །དེས་ཤེར་དབང་སོང་། ད་ཚིག་དབང་བསྐུར་བ་ནི། ༀ་ཨཱཿཧྲཱིཿཧཱུྃ་བཞི་དབང་བཞིའི་སྙིང་པོ་ཛཱི་ན་མི་ཏྲ་སྒྲུབ་པའི་སྙིང་པོ་སྟེ། རྣམ་
༡༡༣ པར་མི་རྟོག་པའི་ཡེ་ཤེས་གཅིག་ཅིགཅར་དུ་འཆར་བྱེད་རྟོག་པ་རྗེས་ཀྱི་སྙིང་པོའ་ལུང་འདི་ལོང་ཞིག །ༀ་ཨཱཿཧྲཱིཿགུ་རུ་ཛཱི་ན་མི་ཏྲ་ཧཱུྃ་ཞེས་ལན་གསུམ་གྱིས་བཟླས་ལུང་བྱིན་ནས། ས་ལམ་ཐམས་ཅད་སྙིང་པོས་གཅོད་པ་ཡིན་པས་བཟླས་པ་ལ་རེམ་པར་བྱ་ཞིང་ལམ་རྟགས་རིག་པ་དྭངས་པ་ལས་འཆར་བས་དབེན་པར་མ་ཡེངས་ཙམ་དུ་སྒོམ། ཡོན་ཏན་ཚོགས་རྫོགས་པ་ལས་འབྱུང་བས་ཚོགས་བསགས་པ་ལ་འབད་པར་བྱའོ། །དེ་ཉིད་བརྟན་ཕྱིར་གླེགས་བམ་གྱི་སྟེང་ནས་མེ་ཏོག་བླངས་པ་ལ་རྗེས་ཀྱི་སྙིང་པོ་ལ་བཟླས་ནས་བུ་ལ་འཐོར་ཞིང་། གྲུབ་བར་གྱུར་ཅིག་ཅེས་ལན་གསུམ། དེས་བླ་མ་དང་རང་སེམས་འདྲེས་པར་བསམ་པས་མཐོང་ལམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ལ་ཚེགས་མེད་པར་གསུངས་སོ། །ད་མཇུག་གི་ཆོས་གསུམ་སྟེ། རྟེན་སྡོམ་པ་གསུམ་དང་ལྡན་ཞིང་། རྣལ་འབྱོར་གྱི་རང་ས་དྲུག་མ་ཉམས་པའི་སྒྲུབ་པ་པོ་དེས་དྲི་མ་བཞི་བསྲུང་བར་བྱ་སྟེ། གཞི་ལ་གཡའ་ཆགས་ན་གཤིས་ཐོག་ཏུ་བོགས་ཆོས་གོ་ཐོག་ཏུ་མ་ལུས་པར་ཉམས་སུ་བླངས། གཉེན་པོའ་བྱ་ར་མ་འགྱེལ་ན་ཉམས་ཐོག་ཏུ་ཟགས་པས་ཉམས་མྱོང་གཤིས་ཐོག་ཏུ་གཞིག །རང་ལྟ་ལ་མཆོག་ཏུ་བཟུང་ན་གོ་ཐོག་ཏུ་ལྟེམས་པས་ཆོས་ལ་ཕྱོགས་རིས་མི་བྱ། གྲུབ་མཐའི་འདོད་པ་མ་ཞིག་ན་ཚིག་ཐོག་ཏུ་ལོག་པས་རྟོག་པ་གཟུགས་བརྙན་དུ་མི་གཏོང་བར་བསླབ་པར་བྱའོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས་མཐོང་ལམ་བགྲོད་པར་བྱེད་པ་རྗེས་ཀྱི་བྱིན་རླབས་ཚར་བ་ལགས་པས་བླ་མ་ལ་གཏོང་རག་གི་ཕྱག་གསུམ་འཚོལ་ལ། བཀའ་དྲིན་ཆེ་ལགས། ཞེས་བརྗོད། རྗེས་ཆོག་རྣམས་བློ་སྦྱོང་ལྟར་བྱའོ། །ལམ་ལྔ་ལས་མཐོང་ལམ་བགྲོད་བྱེད་ཀྱི་དབང་ཆོག་ཚར་རོ། །ཨི་ཐི། གོམྦྷི་ར། །ༀ་སྭ་སྟི། བཞི་པ་སྒོམ་ལམ་ས་བཅུ་དུས་གཅིག་ལ་ནོན་པར་བྱེད་པ་རོ་སྙོམས་ཀྱི་བྱིན་རླབས་ལ། གླེགས་
༡༡༤ བམ་སོགས་སྔར་ལྟར་བཤམ། ཁྱད་པར་བདུད་རྩིའི་འཕྲད་ཀ་ར་བུ་རམ་སྦྲང་གསུམ་བྱ། བདག་བསྐྱེད་སྔོན་འགྲོས་ཚོགས་དང་དབང་རྫས་བྱིན་རླབས་གཞན་རྣམས་སྔར་ལྟར་ལས། ཁྱད་པར་ཡིག་འབྲུའི་ལྷ་རྣམས་གོ་རིམ་དང་བཟང་ངན་ཆེ་ཆུང་མེད་པར་མཉམ་ཉིད་དུ་བྱིན་གྱིས་བརླབ་བོ། །དེ་ནས་སློབ་མ་རྣམས་ཁྲུས་ཕྱག་སྔོན་འགྲོས་གྲལ་དུ་འཁོད་པ་ལས། །འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་བར་བྱ། དེའི་ཆེད་དུ་སྒོམ་ལམ་ས་བཅུ་དུས་གཅིག་ལ་ནོན་བར་བྱེད་པ་རོ་སྙོམས་ཀྱི་དབང་ཟབ་མོ་ཞུས་ནས་ཉམས་སུ་བླངས་སྙམ་དུ་མ་ཡེངས་པར་གསན་འཚལ། དེ་ལ་བྱིན་རླབས་དབང་གི་ཆུ་བོ་འདི་དབང་གཞན་ལས་ཁྱད་པར་ལྔས་འཕགས་ཏེ། གླེགས་བམ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་མཚོན་པའི་རི་མོ་ཡིན་པས་པདང་། ཡིག་འབྲུ་ནི་འབྲས་ཆོས་ལྔ་པོ་དེ་ཡི་ས་བོན་གྲུངས་པོ་ཡིན་པས་དང་། བྷཉྫ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྒྲུབ་པའི་དམ་རྫས་ཡིན་པས་དང་། བླ་མ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་དང་། ངོ་སྤྲོད་ཟབ་མོ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལམ་དངོས་ཡིན་པས་ཁྱད་པར་དུ་འཕགས་པ་ལགས། དེ་ལྟ་བུའི་དབང་ཀ་འདི་སྤྲུལ་པའི་བའིསྐུ་དམ་པ་རྒྱ་གར་གྱིས་ཡུམ་བདག་མེད་མ། རིག་འཛིན་མཁའ་སྤྱོད་ཀྱི་བླ་མ། མགོན་པོ་བྱམས་པ། གསང་བའི་མཁའ་འགྲོ་མ་རྣམས་ལས་དབང་བཞི་པོ་འདི་གསན་ནས། ཆུ་བོ་ཆེན་པོ་བཞི་དྲིལ་གྱིས་བྱང་སེམས་ཀུན་དགའ་ལ་བསྩལ་བ་ལས་རིམ་པར་བརྒྱུད་དེ་དོན་བརྒྱུད་མ་ཆད་པས་འདི་དང་འཕྲད་པ་སྐལ་བ་རེ་བཟང་སྙམ་དུ་སྤྲོ་བ་བསྐྱེད་པར་མཛད་འཚལ། དབང་དངོས་ལ་གསུམ་གྱི། ཐོག་མར་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྗེས་ཟློས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་
༡༡༥ མཆིའོ། །ཞེས་པ་ནས་དེ་ཁོ་ན་ཉིད་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་པའི་བར་ལན་གསུམ། དངོས་གཞི་དབང་བཞི་རྫོགས་པའི་རོ་སྤྲོད་བྱ་བ་ལས། དང་པོ་བུམ་པའི་དབང་བཞི་བསྐུར་བ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད། བླ་མ་དང་ཡི་དམ་གྱི་སྐུ་གསུང་ཐུགས་དང་། ཐ་མལ་པའི་བའིལུས་ངག་ཡིད་གསུམ་གྱི་སྣང་བ་ལ་བཟང་ངན་མེད་པར་སྣང་སྟོང་གཉིས་མེད་དུ་འཛིན་པ་ཙམ་ཡང་མི་བྱ་བར་ཐག་བཅད་དེ་འདིའི་རྗེས། ཡི་གེ་ལ་ཐུར་མ་བཙུགས་ཏེ་ཀྵ་ནས་ཨའི་བར་མས་བཟློག་གིས་ཚར་གཅིག །ཨ་ནས་ཀྵའི་བར་ལུགས་འབྱུང་དུ་ཚར་གཅིག །ཡང་ཨཿཨཾ་ནས་ཨའི་བར་དབྱངས་ལྡོག་པ་དང་། གསལ་བྱེད་ཀ་ནས་ཀྵའི་བར་ལུགས་འབྱུང་དུ་ཚར་གཅིག །ཡང་གསལ་བྱེད་སྡེ་བ་ལྔ། མཐའ་གནས་བྲོ་བ་ཀྵཿསྟེ་བརྒྱད་པོ་སོ་སོར་བཅད་པའི་བར་དུ་དབྱངས་བཅུ་དྲུག་ཕོ་གཉིས་རེ་བཅུག་ནས་ཀློག་པ་ཚར་གཅིག་སྟེ་བཞིའོ། །འདི་ནི་གླང་འཁོར་བ་ཆེན་པོའ་ཕྱག་བཞེས་ཏེ་དབང་དཔེ་རྙིང་པ་རྣམས་སུ་ཐམས་ཅད་ལུགས་ལྡོག་ཏུ་ཀློག་པར་བཤད་དོ། །དེ་ལྟར་སྣང་གྲག་དྲན་པའི་ཆོས་ཐམས་ཅད་གོ་རིམ་ངེས་མེད་དུ་བྱིན་གྱིས་བརླབས་པས་སྒོམ་ལམ་ཤེས་བྱའི་སྒྲིབ་པ་ཐམས་ཅད་དག་ནས་ས་ལམ་ཆིག་རྫོགས་སུ་གྲོལ་བ་ཡིན་ནོ། །ད་བུམ་དབང་དེ་ཉིད་བརྟན་བྱེད་དུ་རང་ལུས་རྩ་ཁམས་ཀྱི་ལྷ་རྣམས་གོ་རིམ་དང་བཟང་ངན་མེད་པར་བྱིན་གྱིས་བརླབས་པས་དག་སྣང་ཕྱོགས་མེད་དུ་འཆར་བའི་མོས་པ་མཛོད། ཅེས་ཐོད་པ་སྤྱི་བོར་བཞག་ལ་དབྱངས་གསལ་མས་ལྡོག་ཚར་གཅིག་བརྗོད་དོ། །དེས་བུམ་པའི་དབང་བཞི་སོང་། ད་གསང་དབང་བསྐུར་བ་ནི། བདུད་རྩིའི་ཐིག་ལེ་སྙིང་གར། ཨ་བྷི་ཥིཉྩ་ཧཱུྃ། ལྟེ་བར་ཨ་བྷི་ཥིཉྩ་ཧྲཱིཿ མགྲིན་པར་ཨ་བྷི་ཥིཉྩ་ཨཱཿ དཔྲལ་བར་ཨ་བྷི་ཥིཉྩ་ༀ། ཞེས་བཞག་པས། འཁོར་ལོ་བཞིའི་བདེ་བར་གཤེགས་པ་རྣམས་རིམ་པ་མ་ངེས་པར་གསལ་
༡༡༦ བཏབ་པས་བྱིན་རླབས་ཐུག་ཕྲད་དུ་འཆར་བ་ཡིན་ནོ། །དེ་ཉིད་བརྟན་བྱེད་དུ་ཧཱུྃ་ཨཱཿༀ་ཞེས་བདུད་རྩི་ལན་གསུམ་བླུད་པས། རྩ་ཁམས་ཀྱི་དཔའ་བོ་དང་དཔའ་མོ་ཐམས་ཅད་མཉེས་པ་ལས་ཤར་བའི་ཉམས་སྣང་ཐམས་ཅད་གསལ་བདེ་མི་རྟོག་པར་གོ་རིམ་ངེས་མེད་དུ་འཆར་བ་ཡིན་ནོ། །དེས་གསང་བའི་དབང་སོང་། །ད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སྔོན་བྱུང་སྟོན་པ་ཐུབ་པའི་དབང་པོས་རྡོ་རྗེ་གདན་དུ་ལྟ་སྟངས་ལྔས་སངས་རྒྱས་ཀྱི་ཡེ་ཤེས་རྗེས་ལ་ཐོབ་ཀྱང་། བཞི་པ་མཁྱེན་པའི་ཡེ་ཤེས་ཡུལ་ལ་མ་ཁེལ་འཁེལནས་ཞག་བདུན་ཕྲག་བདུན་དུ་འཇིག་རྟེན་གྱི་ཁམས་ཀུན་བཅགས་ནས་སྤྱོད་ལམ་བཞི་ལ་བསླབ་པས་མཁྱེན་པའི་ཡེ་ཤེས་ཡུལ་ལ་འཁེལ་ཏེ། འཁོར་ལོ་བསྐོར་བ་ལས་བར་པའི་དུས་འཁོར་འདུས་པའི་དབུས་སུ་སྤྱོད་ལམ་བསྒྱུར་བས་བརྡའི་དོན་དེ་སྤྱན་རས་གཟིགས་ཀྱིས་ཁོང་དུ་ཆུད། ཤཱ་རིའི་བུས་དྲིས། འདུས་པའི་འཁོར་གྱིས་སྒྲོ་ཞིང་གླེང་བ་རྣམས། ཀུན་དགའ་བོས་བསྡུས། དོན་གྱི་བརྒྱུད་པ་བྱམས་མགོན་ལ་གཏད། ཐོགས་མེད་ནས་རིམ་པར་དམ་པ་རིན་པོ་ཆེ་ལ་བརྒྱུད་དེ་ད་ལྟའི་བར་དུ་མ་ཆད་པ་ཡིན་ནོ། །རྩ་བའི་དོན་དེ་སློབ་བུའི་རྒྱུད་ལ་ཇི་ལྟར་བསྐུར་ན། སྔར་སྦྱོར་ལམ་དུ་བསྟན་པའི་སྤྱན་ལྔ་དང་། མཐོང་ལམ་དུ་བསྟན་པའི་ལྟ་སྟངས་ལྔ་པོ་འདིར་སྤྱོད་ལམ་བཞི་དང་བསྲེས་ནས་ཉམས་སུ་ལེན་པ་སྟེ། དེ་ཡང་རྩ་བའི་སྤྱོད་ལམ་འགྲོ་འཆགས་ཉལ་བདུག་འདུགབཞི་ལས། ཡན་ལག་གི་སྤྱོད་ལམ་ཉི་ཤུར་ཕྱེ་ལ་ཉམས་སུ་བླངས་ཏེ། དེའང་འདུག་པའི་སྤྱོད་ལམ་ལྔ་ནི། རྟེན་འབྲེལ་དག་པ་རྡོ་རྗེའི་སྐྱིལ་ཀྲུང་། ཕྱེད་སྐྱིལ། ཙོག་པུ། བསྙེས་པ། རྒྱལ་པོ་རོལ་པའི་བའིའདུག་སྟངས་སོ། །ཉལ་བ་ལྔ་ནི། གཡས་ཉལ། གཡོན་ཉལ། གན་རྐྱལ། ཁ་སྦུབས། མགོ་གཏུམས། བརླ་སྒྲིལ་ལོ། །ལངས་པ་ལྔ་ནི།
༡༡༧ ལངས་ཀ །ཕྱེད་ལངས། ལངས་པ། གོས་གྱོན་པ། ལས་ཀ་བྱེད་པའོ། །འགྲོ་བ་ལྔ་ནི། འགྲོ་བ། འགྲོ་འཕྲོལ་འཆམས་པ། རྒྱུག་པ། རྒྱུག་འཕྲོ་ལ་འཆམས་པ། ངལ་བསོ་གསོབའོ། །དེ་རྣམས་ལྟ་སྟངས་ལྔ་དང་ལྟ་སྟངས་རེ་རེ་ཡང་སྤྱན་སྔ་དང་སྦྱར་བས་མཉམ་བཞག་གི་དུས་སུ་བལྟས་ནས། རྗེས་ཀྱི་དུས་སུ་སློད་སློབཔ་ནི། ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ནོ། །གང་ལྟར་སྒོམ་ཡང་། སྟེང་རླུང་མནན། འོག་རླུང་འཐེན། རླུང་འགྱུ་བ་བཅད་སྒྲིམ་ཤ་བཏོན་ལ། ཆུན་བདོ་བ་ལ་བཤིག །བཤིག་རྗེས་སོ་མར་ལྷོད་དེ། ཁྲེས་སེ། རྟོག་མེད་རང་དྭངས་སུ་རྗེན་ནེ་བཞག་ལ། བདེ་སྡུག་གི་རྐྱེན་གང་ལའང་ཐོགས་རྡུག་མེད་པར་ལམ་དུ་ཁྱེར་བས། སྒོམ་བློའི་འཆིང་བྱེད་བྲལ། ཐ་མལ་གྱི་རྟོག་པ་གསར་པས་མ་སླེབས་ཀྱི་བར་དེར། ཆོས་ཉིད་གཞིའི་དོན་ལ་ངེས་ཤེས་སད་ནས་ཐམས་ཅད་མཚན་ཉིད་མེད་པར་ཉམས་སུ་མྱོང་བར་འགྱུར་རོ། །དབང་དེ་བརྟན་པར་བྱ་བའི་ཕྱིར་རྗེས་སྤྱོད་ཐམས་ཅད་རྣམ་པར་དག་པར་ངོ་སྤྲོད་པར་བྱ་སྟེ། རྟེན་དག་པ་ཉན་ཐོས། སྒྲུབ་པ་དག་པ་རང་རྒྱལ། ལམ་དག་པ་བྱང་ཆུབ་སེམས་དཔའ། འབྲས་བུའི་དག་པ་སངས་རྒྱས་ཀྱི་རྣམ་པར་དག་པ་དང་བཞི་ཡིན་ནོ། །དེས་ཤེར་དབང་ངོ། །ད་ཚིག་དབང་བསྐུར་བ་ནི། པྲ་མ་ཎ་ཡེ་ཞེས་སྔགས་འབྲུ་བཞིས་རོ་སྙོམས་ཀྱི་རྟོགས་པ་འཆར་བྱེད་སྒྲུབ་པ་ཆེན་པོའ་སྔགས་ཡིན་པས། དེ་ཡང་དམིགས་པ་བླ་མ་ལ་གཏད་དེ་མཐོང་སྟངས་སྦྱངས་འགོད་པ་གནས་བཞིའི་ལྷ་རྣམས་གསལ་བཏབ་ལ་གུས་པ་བསྐྱེད། དགྲམ་པ་རྟེན་འབྲེལ་གྱི་རྫས་རྣམས་སྟེང་འོག་ཕྱོགས་བཞིར་དགྲམ། བརྗོད་པ་རོ་སྙོམས་ཀྱི་སྙིང་པོ་འདི་གསལ་ལ་དག་པར་བཟླ་དགོས་པས་འདིའི་ལུང་ལོང་ཞིག །ༀ་ཨཱཿཧྲཱིཿགུ་རུ་པྲ་མ་ཎ་ཡེ་ཧཱུྃ། ཞེས་ལན་གསུམ། དེ་བརྟན་ཕྱིར་སྙིང་པོ་བཟླས་པའི་མེ་ཏོག་འཐོར་ཞིང་།
༡༡༨ གྲུབ་པར་གྱུར་ཅིག །ཅེས་ལན་གསུམ། དེས་རོ་སྙོམས་ཀྱི་རྟོགས་པ་མྱུར་དུ་འཆར་བ་ཡིན་ནོ། །ད་མཇུག་གི་ཆོས་གསུམ་སྟེ། རྟེན་སྡོམ་པ་གསུམ་དང་ལྡན་ཞིང་རང་ས་དྲུག་མ་ཉམས་པའི་སྒྲུབ་པ་པོ་དེས་དྲི་མ་བཞི་བསྲུང་བར་བྱ་སྟེ། བདག་འཛིན་གྱི་ཁམ་ཁམསཐེངས་ན་རང་ཐོག་ཏུ་བོ་བསབབས་པས། ཕོ་ངས་བྱས་ཀྱི་ངོ་སོ་མི་བྱ། འཁོན་འཛིན་བརྟེན་ན་གཞན་ཐོག་ཏུ་ཟགས་པས་གཞན་གྱིས་བརྙས་པ་ལ་ཀོ་ལོང་མི་བྱ། གཉིས་སྣང་གི་མཐའ་མ་ཁྲོལ་ན་གོ་ཐོག་ཏུ་ལྟེམས་པས་བདག་གཞན་གཉིས་སུ་མ་བཟུང་། ཟག་པའི་འཕན་ལངས་ན་འཕྲུལ་ཐོག་ཏུ་ལོག་པས་ཆགས་སྡང་གི་རྗེས་མི་བཅད་པ་ལ་བསླབ་པར་བྱའོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས་སྒོམ་ལམ་རོ་སྙོམས་ཀྱི་དབང་བྱིན་རླབས་ཚར་བ་ཡིན་པས་བླ་མ་ལ་གཏོང་རག་གི་ཕྱག་གསུམ་འཚོལ་ལ། བཀའ་དྲིན་ཆེ་ལགས། ཞེས་བརྗོད། རྗེས་ཆོག་རྣམས་བློ་སྦྱང་ལྟར་རོ། །ལམ་ལྔ་ལས་སྒོམ་ལམ་རོ་སྙོམས་ཀྱི་དབང་ཆོག་ཚར་རོ། །ཨི་ཏི།། །།ༀ་སྭ་སྟི། །ལྔ་པ་ཐར་ལམ་བྱ་བྲལ་གྱི་ཡེ་ཤེས་ཐོབ་པར་བྱེད་པ་སྒོམ་པ་བདག་གཏོད་ཀྱི་བྱིན་རླབས་ལ། གླེགས་བམ་སོགས་བཤམ་ལུགས་གཞན་འདྲ་བ་ལས། ཁྱད་པར་བདུད་རྩིའི་ཕྲད་རྩི་མར་ལ་བྱ། བདག་བསྐྱེད་སྔོན་འགྲོས་ཚོགས་དང་དབང་རྫས་བྱིན་རླབས་སྔར་བཞིན་ལས། ཁྱད་པར་ཡིག་འབྲུ་ལས་བྱུང་བའི་རིགས་ལྔའི་ལྷ་རྣམས་རྡོ་ཚན་ལ་མར་བཞག་པ་ལྟར་ཞུ་ལ་ཁད་དམ་ནམ་ལངས་ཀྱི་སྐར་མ་ལྟར་ཡལ་ལ་ཁད་དུ་བྱིན་གྱིས་བརླབ་བོ། །དེ་ནས་སློབ་མ་ཁྲུས་ཕྱག་སྔོན་འགྲོས་གྲལ་དུ་འཁོད་པ་ལ། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཐར་ལམ་བགྲོད་པར་བྱེད་པ་སྒོམ་པ་བདག་གཏོད་ཀྱི་དབང་བསྐུར་མཁྱེན་པའི་ཡེ་ཤེས་གཞན་འཇུག་གི་བྱིན་རླབས་འདི་ཞུས་ནས་ཉམས་སུ་བླངས་སྙམས་པས་མ་
༡༡༩ ཡེངས་པར་གསན་འཚལ། དེ་ལ་འདིར་ནི་ཐེག་པ་ཐམས་ཅད་ཀྱི་རྩེ་བསྡུས་མི་ཤིགས་པ་རྡོ་རྗེ་ལྟ་བུའི་དབང་བསྐུར་ཞེས་བྱ་བ་འདི་གཞན་ལས་ཁྱད་པར་ལྔས་འཕགས་ཏེ། གླེགས་བམ་འདི་ནི་དྲན་པས་ཆོག་པའི་དབང་ཡིན་པ་དང་། ཨཱ་ལི་ཀཱ་ལིའི་ཡིག་འབྲུ་འདི་ནི་མཐོང་བས་ཆོག་པའི་ལམ་ཡིན་པ་དང་། རྫས་འདི་ནི་ཟིན་པས་ཆོག་པའི་རྩི་ཡིན་པས་དང་། དབང་ངོ་སྤྲོད་ཀྱིས་བསྐུར་བ་འདི་ནི་ཤེས་པས་ཆོག་པའི་གནད་ཡིན་པས་པདང་། ལྷའི་དོད་བླ་མས་མཛད་པ་འདི་ནི་འཕྲད་པས་ཆོག་པའི་བརྒྱུད་པ་ཡིན་པའི་ཕྱིར་ཁྱད་པར་འཕགས་པ་ལགས། དེ་ལྟ་བུའི་དབང་བཀའ་འདི་ནི། བདེ་གཤེགས་རྡོ་རྗེ་འཆང་། ཡུམ་བདག་མེད་མ། རྗེ་བཙུན་དམ་པ་རིན་པོ་ཆེ། བྱང་སེམས་ཀུན་དགའ། སྦ་ཚབ། རྒྱལ་བ་ཏེ་ནེ། ཞིག་པོ་རིན་པོ་ཆེ་སྐུ་མཆེད་ནས་ད་ལྟ་ཡན་ཆོད་དུ་དབང་གི་ཆུ་བོ་འབབ་འཕྲོ་མ་ཆད། ཉམས་རྟོགས་ཀྱི་ན་བུན་འཐུལ་འཕྲོ་མ་ཆད། ལམ་རྟགས་ཀྱི་འཇའ་ཚོན་འཆར་འཕྲོ་མ་ཆད། བྱིན་རླབས་ཀྱི་ཆར་རྒྱུན་འབབ་འཕྲོ་མ་ཆད། ཡོན་ཏན་གྱི་ལོ་ཐོག་སྐྱེ་འཕྲོ་མ་ཆད། གྲུབ་ཐོབ་ཀྱི་ཕྲེང་ཐག་མ་ཆད་པ་ཡིན་པས་འདི་དང་འཕྲད་པ་སྐལ་བ་རེ་བཟང་སྙམ་དུ་སྤྲོ་བ་བསྐྱེད་པར་མཛད་འཚལ། དབང་དངོས་ལ་གསུམ་གྱི་ཐོག་མར་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྗེས་ཟློས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་པ་ནས། དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཅིག །ཅེས་པའི་བར་ལན་གསུམ། དངོས་གཞི་དབང་བཞིའི་ངོ་སྤྲོད་བྱ་བ་ལས། དང་པོ་བུམ་པའི་དབང་བཞི་བསྐུར་བ་ནི། འདི་ལྟར་སྣང་གྲག་དྲན་པའི་ཆོས་རྣམས་རང་ལ་སྣང་བ་མེད་པར་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་གྱུར། གཞན་སྣང་ལས་སངས་རྒྱས་སྤྲུལ་པའི་བའིསྐུ་གསུང་ཐུགས་སྣ་ཚོགས་སུ་སྣང་བས་ཕྲིན་ལས་རྒྱུན་མི་ཆད་པའི་རྟེན་འབྲེལ་སྒྲིགས་པར་བསམ་ལ་འདིའི་རྗེས།
༡༢༠ ཡིག་འབྲུ་རྣམས་ལ་མས་ནས་ཡར་ཐུར་མ་ལུགས་ལྡོག་གིས་བཙུགས་ཏེ། ཡི་གེ་རྣམས་ཨ་འབའ་ཞིག་ཏུ་ལན་བཞིར་བཀླག་པས། དང་པོས་གཟུགས་སྣང་ལྷ་སྐུ། གཉིས་པས་གྲགས་པ་སྒྲ། གསུམ་པས་འགྱུ་བྱེད་དྲན་རྟོག་རྣམས་མི་དམིགས་པར་གྱུར་བཞི་པས་ཆོས་ཉིད་ལ་ཡང་དག་ཏུ་འཛིན་པའི་རྟོག་པ་ཡང་བློ་བྲལ་གྱི་དབྱིངས་སུ་ཡལ་ཞིང་། དེ་ལྟར་ཡལ་བའི་རང་བཞིན་མ་འགགས་ཙམ་འདི་སངས་རྒྱས་སྤྲུལ་པས་བསསངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པ་ཡིན་ནོ། །ད་བུམ་དབང་དེ་ཉིད་བརྟན་བྱེད་དུ་ཡེ་ཤེས་ཀྱི་བདུད་རྩི་རང་ལུས་རྩ་ཁམས་ཀྱི་ལྷ་རྣམས་ལ་ཕོག་པ་རིགས་ལྔའི་ལྷ་ཚོགས་རྣམས་བར་སྣང་གི་ན་བུན་ལྟར་རང་བཞིན་མེད་པར་ཡལ་བའི་མོས་པ་མཛོད། ཅེས་བྷཉྫའི་བདུད་རྩི་སྤྱི་བོར་བཞག་ལ་ཨ་འབའ་ཞིག་ལྔ་བཅུ་བརྗོད། དེ་ལྟར་རང་སྣང་གི་འཛིན་པ་མི་དམིགས་པར་ཡལ་བས་དག་པའི་སྣང་བ་གདུལ་བྱ་གཞན་ངོར་འཆར་བའི་ཡོན་ཏན་འགགས་པ་མེད་པར་སྣང་བར་འགྱུར་བ་ཡིན་ནོ། །དེས་བུམ་པའི་དབང་བཞི་སོང་། །ད་གསང་དབང་བསྐུར་བ་ནི། གནས་བཞིར་བདུད་རྩིའི་ཐིག་ལེ་གཉིས་བཏུད་དུ་བཞག་ཅིང་སྔགས་ལན་གཉིས་བརྗོད་པར་བྱ་བ་སྟེ། དཔྲལ་བར་བོ་དྷི་ཙིཏྟ་ཨ་ཞེས་དང་པོས་དོན་དམ་བྱང་སེམས་ཀྱི་རྟོགས་པ་བརྟན་པར་གྱུར་བས་བདེ་ཆེན་འཁོར་ལོ་ལྷ་རྣམ་སྣང་འོད་དུ་ཞུ་སྟེ་ཞུགས་ཏེམི་དམིགས་པར་གྱུར། གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་ཐུགས་རྗེའི་ནུས་པ་རྒྱས་ཏེ་རང་ལུས་འགྲོ་བ་གང་གིས་མཐོང་བ་དེའི་ལུས་ཀྱི་སྡིག་སྒྲིབ་འདག་ནུས་པར་གྱུར། ཡང་མགྲིན་པར་བོ་དྷི་ཙིཏྟ་ཨཱཿ ཞེས་དང་པོས་ལོངས་སྤྱོད་འཁོར་ལོའ་འོད་དཔག་མེད་མི་དམིགས་པར་ཡལ། གཉིས་པ་ཀུན་རྫོབ་བྱང་སེམས་ཀྱི་ནུས་པ་རྒྱས་ཏེ་རང་གི་གསུང་སུས་ཐོས་ཀྱི་དག་གི་སྡིག་སྒྲིབ་འདག་ནུས་པར་གྱུར། ཡང་སྙིང་གར་བོ་དྷི་ཙིཏྟ་ཧཱུྃ། ཞེས་དང་པོས་ཆོས་ཀྱི་འཁོར་ལོའ་མི་བསྐྱོད་པ་མི་དམིགས་པར་ཡལ། གཉིས་པས་ཀུན་རྫོབ་
༡༢༡ ཀྱི་ནུས་པ་རྒྱས་ཏེ་རང་གི་ཉམས་རྟོགས་མངོན་ཤེས་ཀྱིས་གཞན་བདེ་བ་ལ་འགོད་ཅིང་སུས་དྲན་གྱི་ཡིད་སྒྲིབ་འདགས་འདགནུས་པར་གྱུར། ཡང་ལྟེ་བར་བོ་དྷི་ཙིཏྟ་ཧྲཱིཿཞེས་དང་པོས་སྤྲུལ་པའི་བའིའཁོར་ལོ་རིན་འབྱུང་མི་དམིགས་པར་ཡལ། གཉིས་པས་ཀུན་རྫོབ་ལ་ནུས་པ་ཐོབ་སྟེ་རྗེས་སུ་འཇུག་པའི་སློབ་མ་ལ་ཡོན་ཏན་སྐྱེས་ནས་དྲན་རྟོག་ཐམས་ཅད་སངས་རྒྱས་ཀྱི་ཕྲིན་ལས་སུ་འཆར་ནུས་པར་འགྱུར། དེ་ཉིད་བརྟན་བྱེད་དུ་ༀ་ཨཱཿཧཱུྃ་ཞེས་བདུད་རྩི་ལན་གསུམ་བླུད་པས་རྩ་ཁམས་ཀྱི་དཔའ་བོ་དང་དཔའ་མོ་རྣམས་དགྱེས་པ་ལས་སྐལ་ལྡན་ལ་དག་སྣང་དུ་ཤར་བའི་དངོས་རྟགས་རང་ལ་ང་རྒྱལ་མེད་པར་མཚན་དཔེ་སོགས་སངས་རྒྱས་ཀྱི་ཡོན་ཏན་གཞན་ངོ་ལ་སྣང་བར་འགྱུར་ཏེ། འགྲོ་དོན་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །དེས་གསང་དབང་སོང་། །ད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སྔོན་བྱུང་སྟོན་པ་ཐུབ་པའི་དབང་པོས་སྙིང་པོ་དོན་གྱི་བསམ་གཏན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བརྟེན་ནས། ཡེ་ཤེས་བཞི་པོ་ཐུགས་སུ་ཆུད་དེ། གཞན་དོན་མཛད་པར་དགོངས་པ་ལ། ལྷ་ཚངས་པས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ། མཆོད་རྟེན་རྣམ་དག་ལ་ལྟ་སྒོམ་གྱི་ཞེན་པ་ཕུལ་ནས་སྒོམ་པ་བདག་པོ་ལ་གཏད། གཞན་དོན་ཕྲིན་ལས་ཀྱི་ལུང་བླངས་ཏེ་ཝཱ་ར་ཎ་སིར་བདེན་པ་བཞིའི་ཆོས་འཁོར་བསྐོར། དེ་ནས་བྱ་རྒོད་ཕུང་པོའ་རི་དང་རྒྱལ་པོའ་ཁབ་ཏུ་སྙིང་པོ་དོན་གྱི་འཁོར་ལོ་བསྐོར་བ་རྣམས། ཀུན་དགའ་བོས་བསྡུས། དོན་བརྒྱུད་འཕགས་པ་བྱམས་པས་ཟིན་ཏེ། རིམ་པར་ཐོགས་མེད་སོགས་འཕགས་པའི་བརྒྱུད་པ་གསུམ། སྤྲུལ་པའི་བའིསྐུ་གཅིག །གྲུབ་ཐོབ་ཀྱི་བརྒྱུད་པ་གསུམ་སྟེ་བདུན་གྱི་བར་ཆིག་བརྒྱུད་དུ་བབས་པ་ལས། ཞིག་པོ་སྐུ་མཆེད་དང་ཐམས་ཅད་མཁྱེན་པ་ཡབ་སྲས་སོགས་མཁས་གྲུབ་ཀྱི་སྐྱེས་བུ་
༡༢༢ དམ་པ་རྣམས་ཀྱིས་ལེགས་པར་སྤེལ་བས་ད་ལྟའི་བར་དུ་སྙིང་པོའ་དོན་བརྒྱུད་མ་ཆད་པ་ཡིན་ནོ། །རྩ་བའི་དོན་དེ་སློབ་མའི་རྒྱུད་ལ་ཇི་ལྟར་བསྐུར་ན། གླེགས་བམ་གྱི་དབུས་སུ་མཉྫིའི་སྟེང་དུ་ཞི་བའི་འབྲང་རྒྱས་བཞག་པ་ལ་གཟུངས་ཐག་བཏགས་ཏེ་དེ་ལ་དཔོན་སློབ་ཐམས་ཅད་ཀྱིས་འཇུས་ནས། འོ་བཟླས་ལུང་དབོག་ཅིང་སྒོམ་པ་བདག་པོ་ལ་གཏོད་པ་ཡིན་པས་འདིའི་རྗེས་ཟློས། ༀ་ཤཱནྟིང་ཀུ་རུ་སྭཱ་ཧཱ། ཞེས་ཉི་ཤུ་རྩ་གཅིག་དང་། ད་ནི་བདག་མཉམ་རྗེས་དབྱེར་མེད་དུ་འདྲེས་ཕྱིན་ཆད་ནས། སེམས་ཅན་གྱི་དོན་ལས་རང་དོན་དུ་བལྟ་རྒྱུ་མེད་དོ། །མི་ལྟ། ལྟ་རེ་ཤི་།ལྟ་ནའང་ང་ལ་སྡིག །མི་སྒོམ། སྒོམ་རེ་ཤི་།སྒོམ་ནའང་ངལ་སྡིག །མི་སྤྱོད། སྤྱོད་རེ་ཤི །སྤྱོད་ནའང་ང་ལ་སྡིག །མི་སྒྲུབ། སྒྲུབ་རེ་ཤི །སྒྲུབ་ནའང་ང་ལ་སྡིག །ཅེས་བྲོ་བོར། སློབ་དཔོན་གྱིས། འོ་རང་འདོད་ཀྱི་ལྟ་སྤྱོད་སྒོམ་སྒྲུབ་རྣམས་སྤོངས་ལ། རྗེས་སྤྱོད་ཞི་བའི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛོད་ཅིག །ཅེས་བརྗོད། །དེ་བཞིན་དུ་ཞི་བའི་འབྲང་རྒྱས་ཤུལ་དུ་རྒྱས་པ་སོགས་ཀྱི་འབྲང་རྒྱས་རིམ་པར་སྤོ་བ་ལ་གཟུངས་ཐག་ནས་འཇུས་ཏེ། རྒྱས་པ་ལ། ༀ་པུཥྚི་ད་ཀུ་རུ་སྭཱ་ཧཱ། དབང་ལ། ༀ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། དྲག་པོ་ལ། ༀ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་ཉེར་གཅིག་རེའི་རྗེས་སུ། ལྟ་སྤྱོད་སྒོམ་སྒྲུབ་བཞི་རང་དོན་ལ་འཁྲིས་པའི་གཉེན་པོ་བཤིག་བྱེད་ཀྱི་མནའང་སྐྱལ་དུ་གཞུག་ཅིང་། རྗེས་སྤྱོད་ཕྲིན་ལས་གང་བྱེད་ཀྱིས་སེམས་ཅན་གྱི་དོན་མཛོད་ཅིག །ཅེས་གདམས་སོ། །དེ་ནས་ལུང་སྟོན་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། ཨ་ཀྵཿལྔ་བཅུ་པོ་ནས་དང་བསྲེས་པ་ཐོད་པའི་ནང་དུ་བླུགས་ལ་བླ་མས་རྟེན་འབྲེལ་སྙིང་པོ་མང་དུ་བཟླས་རྗེས། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་
༡༢༣ དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་པ་དང་། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་རྩལ་སྣང་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པས་ལུད་ལུངགསལ་པོར་སྟོན་ཅིག །ཅེས་དམོད་དོར་ནས། སློབ་མར་ཡི་གེ་ལེན་དུ་བཅུག་ལ། དེ་བླ་མ་ལ་ཕུལ་ནས། བླ་མས་ལུང་སྟོན་ཏེ། ཀ་ཁ་ག་གྷ་ང་། ཨཱི་རྀ་ཡ་ཤ་རྣམས་གང་རིགས་འདུག་ན། འདི་ནི་ཤར་ཕྱོགས་རླུང་གི་ཡི་གེ་ཡིན་པས། ཁྱོད་ཞིང་ཁམས་མངོན་པར་དགའ་བར་སངས་རྒྱས་མི་བསྐྱོད་པའི་རིགས་སུ་འཚང་རྒྱ། མཚན་རྡོ་རྗེའམ་ཡི་གེ་གང་ཡིན་ལས་གྲས་པའི་མཚན་ཐོབ། བརྒྱུད་པ་ཟིན་པའི་སློབ་མ་ཤར་ནས་འོང་། ཡི་དམ་རྡོ་རྗེའི་རིགས་སྒྲུབ་ཐག་ཉེ། ནད་རླུང་ནད་ལྡང་། གདོན་རྒྱལ་འགོང་གནོད། མི་རིགས་རླུང་ཤས་ཆེ། ལྷ་མིན་གྱི་སྐྱེ་སྒོ་དགག་པའི་ཐབས་ལ་འབད་པར་བྱ། རང་གི་མིང་ཡིག་ཐོག་མ་དང་ངོས་བཟུང་བའི་ཡི་གེ་གཅིག་ཏུ་བབས་ན་རབ། མ་བུ་གྲོགས་སུ་གྱུར་པ་བའབྲིང་། དགྲ་གཤེད་དུ་གྱུར་ན་ཐ་མའོ། །ཡང་། ཙ་ཚ་ཛ་ཛྷ་ཉ་ཨེ་ཨཽ་རཱྀ་ར་ཥ། འདི་ནི་ལྷོ་ཕྱོགས་མེའི་ཡི་གེ་ཡིན་པས། ཁྱོད་ཞིང་ཁམས་དཔལ་དང་ལྡན་པར་རིན་ཆེན་འབྱུང་གནས་གྱི་རིགས་སུ་འཚང་རྒྱ། མཚན་རིན་ཆེན་ནམ་རང་ཡིག་ལས་གྲས་པ། བརྒྱུད་འཛིན་ལྷོ། ལྷོ་རིན་ཆེན་རིགས། ནད་ཚད་པ། གདོན་ཕོ་གདོན། མི་རིགས་མེ། དམྱལ་བའི་སྐྱེ་སྒོ་བགག །རང་གི་མིང་ཐོག་བབས་པ་རབ། མ་བུ་གྲོགས་གསུམ་འབྲིང་། དགྲ་གྱུར་ཐ་མའོ། །ཡང་། ཊ་ཋ་ཌ་ཌྷ་ཎ་ཨ་ཨཱ་ཨཾ་ཨཿཀྵ། འདི་ནི་ནུབ་ཕྱོགས་ནམ་མཁའ་ལྕགས་ཀྱི་ཡི་གེ་ཡིན་པས། ཁྱོད་བདེ་བ་ཅན་དུ་སྣང་མཐའི་རིགས་སུ་འཚང་རྒྱ། མིང་པདྨའམ་རང་ཡིག་ལ་གྲས་པ། བརྒྱུད་འཛིན་ནུབ། ལྷ་པདྨའི་རིགས། ནད་ལྷ་ནད། གདོན་ལྷ་གདོན། མི་རིགས་ནམ་མཁའ། ལྷའི་སྐྱེ་སྒོ་དགག །མིང་ཡིག་ཐོག་མ་ལ་བབས་པ་རབ།
༡༢༤ མ་བུ་གྲོགས་གསུམ་འབྲིང་། དགྲ་གྱུར་ཐ་མའོ། །ཡང་། པ་ཕ་བ་བྷ་མ་ཨུ་ཨཱུ་ལྀ་ཧ་ཝ། འདི་ནི་བྱང་ཕྱོགས་ཆུ་ཡི་ག་ཡིན་པས། ཞིང་ཁམས་ལས་རབ་ཏུ་དོན་ཡོད་གྲུབ་པའི་རིགས་སུ་འཚང་རྒྱ། མིང་ཀརྨའམ་རང་ཡིག་ལས་དྲངས་པ་བརྒྱུད་འཛིན་བྱང་། ལྷ་ལས་རིགས། ནད་གྲང་བ། གདོན་མོ་གདོན། མི་རིགས་ཆུ། ཡི་དྭགས་ཀྱི་སྐྱེ་སྒོ་དགག །རང་གི་མིང་ཡིག་ཐོག་མ་བྱུང་ན་རབ། མ་བུ་གྲོགས་གསུམ་འབྲིང་། དགྲར་གྱུར་ཐ་མའོ། །ཡང་། ཏ་ཐ་ད་དྷ་ན་ཨོ་ཨཽ་ལྀ་ལ་ས། འདི་ནི་དབུས་དང་མཚམས་ཀྱི་ཡི་གེ་ཡིན་པས། ཞིང་སྟུག་པོ་བཀོད་པར་རྣམ་སྣང་གི་རིགས་སུ་འཚང་རྒྱ། མཚན་དེ་བཞིན་གཤེགས་པའམ་ཡི་གེ་གང་ཡིན་ལས་གྲས་པ། བརྒྱུད་འཛིན་དབུས་སམ་མཚམས་ནས་འོད་ལྷ་བུདྡྷའི་རིགས། ནད་ས་ནད། གདོན་ས་གདོན། མི་རིགས་ས། འདོད་ལྷའི་སྐྱེ་སྒོ་དགག་པ་ལ་འབད། རང་གི་མིང་ཡིག་ཐོག་མ་བྱུང་ན་རབ། མ་བུ་གྲོགས་གསུམ་འབྲིང་། དགྲ་གྱུར་ཐ་མའོ། །དེ་ཡང་ཡི་གེའི་རིགས་དང་མ་བུ་དགྲ་གྲོགས་ལ་བརྟེན་ནས། རབ་ཏུ་གྱུར་ན་བླ་མ་བརྟེན་དུས་ནས་རང་གཞན་གྱི་དོན་གྲུབ། འབྲིང་གིས་དཀའ་ཐུབ་ཐེམས་དུས་ནས་རང་གཞན་གྱི་དོན་གྲུབ། ཐ་མས་དཔའ་ཆེན་ལས་ལ་སྦྱར་དུས་ནས་རང་གཞན་གྱི་དོན་སྒྲུབ་ནུས་པ་ཡིན་ནོ། །དེས་ཤེར་དབང་སོང་། ད་ཚིག་དབང་བསྐུར་བ་ནི། ལས་ལ་སྦྱར་བའི་སྔགས་སྒོམ་པ་བདག་གཏོད་ཀྱི་སྙིང་པོ་ཅི་བྱས་གཞན་དོན་འབའ་ཞིག་ཏུ་འགྲོ་བའི་སྔགས་ཡིན་པས་འདིའི་ལུང་ལོང་ཞིག །ༀ་ཨཱཿཧཱུྃཿགུ་རུ་བྷུ་ཧུ་ཀུ་རུ་ཧཱུྃ། ཞེས་ལན་གསུམ། དེ་བརྟན་བྱེད་ཀྱི་སྙིང་པོ་བཟླས་པའི་མེ་ཏོག་འཐོར་ཞིང་། གྲུབ་པར་གྱུར་ཅིག །ཅེས་ལན་གསུམ། དེས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་པ་བླ་མ་སྤྲུལ་པའི་བའིསྐུའི་སྐུ་གསུང་ཐུགས་སློབ་མའི་ལུས་ངག་ཡིད་གསུམ་ལ་གཉིས་མེད་དུ་ཐིམ་པས་ཤེས་སྒྲིབ་ཕྲ་མོ་རྣམས་ཀྱང་དག་
༡༢༥ ཚོགས་ཆེན་རྫོགས་ནས་དབང་ཕྱུག་ཆེན་པོ་དྲུག་ག་དུས་གཅིག་ལ་ཐོབ་པར་འགྱུར་བ་ཡིན་ནོ། །དམ་ཐུག་གི་ཆོས་གསུམ་སྟེ། རྟེན་སྡོམ་པ་གསུམ་དང་ལྡན་ཞིང་། རྣལ་འབྱོར་གྱི་རངས་དྲུག་མ་ཉམས་པའི་སྒྲུབ་པ་པོ་དེས་དྲི་མ་བཞི་བསྲུང་བར་བྱ་སྟེ། འཁོར་བ་སྤང་བྱར་མཐོང་ན་རང་ཐོག་ཏུ་བོ་བས་རིགས་དྲུག་རང་སེམས་སུ་ཤེས་པར་བྱ། འབྲས་བུའི་སྒྲུབ་བློ་མ་དག་ན་གཞན་ཐོག་ཏུ་ཟགས་པས་སྐུ་བཞི་རང་ཆས་སུ་ཤེས་པར་བྱ། རེ་དོགས་ཀྱི་མཐའ་མ་སེལ། གོ་ཐོག་ཏུ་ལྟེམས་པས་ཡུལ་སེམས་ཐམས་ཅད་བསམ་པའི་རང་གཟུགས་སུ་ཤེས་པར་བྱ། སྤྱོད་ལམ་ཐ་མལ་དུ་ཤོར་ན་ཚེ་འདིར་ལོག་པས་མི་ཚེ་སྒྲུབ་པ་ལ་སྐྱལ་བར་བྱའོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་མཐར་སྒྲུབ་པ་སྒོམ་པ་བདག་གཏད་ཀྱི་དབང་བསྐུར་བ་ཚང་བ་ཡིན་པས་ངེད་ལ་གཏོང་རག་གི་ཕྱག་གསུམ་འཚོལ་ལ། བཀའ་དྲིན་ཆེ་ལགས་ཞེས་བརྗོད། ལམ་ཕྱི་མ་བཞི་ལའང་འཇུག་ཡོན་དང་ལམ་ལྔ་ཀའི་རྗེས་སུ་གཏོང་རག་གི་མཎྜལ་འབུལ་བ་དབང་ཆོག་ལས་མི་འབྱུང་ཡང་སྤྱི་འགྲོ་ལྟར་ཕྱག་ལེན་དུ་གནང་བ་མི་འགལ་ལོ། །རྗེས་ཆོག་བདུན་པོ་བློ་སྦྱོང་ལྟར་བྱའོ། །ལམ་ལྔ་ལས་ཐར་ལམ་སྒོམ་པ་བདག་གཏོད་ཀྱི་དབང་སྟེ་ལམ་ལྔའི་དབང་ཆོག་ཚར་རོ། །ཨི་ཐི།། །།ༀ་སྭ་སྟི། གཉིས་པ་དབང་པོ་འབྲིང་གི་གང་ཟག་སྨིན་པར་བྱེད་པ་ལམ་གསུམ་གཞུང་མའི་དབང་ལ་གསུམ་ལས། དང་པོ་བློ་སྦྱོང་གི་སྔ་མ་དང་འདྲ་བ་ལས་ལམ་ལྔ་ཐོབ་པ་དེས་གོ་ཆོད་མོད། མ་ཐོབ་ན་འདིར་བླངས་ནས་བསྐུར་རོ། །གཉིས་པ་དཀའ་ཐུབ་ལ། བཤམས་བཀོད་དང་བདུད་རྩིའི་ཕྲད་ཀ་རས་བྱ་བ་རྣམས་འདྲ་བ་ལས། ཁྱད་པར་ཡིག་འབྲུ་རྣམས་བླ་མ་ལོངས་སྐུ་བདེ་མཆོག་གི་ལྷ་ཚོགས་སུ་བྱིན་གྱིས་བརླབས། དེ་ནས་སློབ་མ་རྣམས་འདུས་པ་དང་། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དབང་འབྲིང་སྨིན་བྱེད་ལམ་
༡༢༦ གསུམ་གཞུང་མ་ལ་ལེགས་པའི་ལམ་གསུམ་ལས་བློ་སྦྱོང་ཚར་ནས་འདིར་དཀའ་ཐུབ་ཀྱི་དབང་ཞུས་ནས་ཉམས་སུ་བླང་སྙམ་པས་གསན་འཚལ། དེའང་དབྱིངས་རྣལ་འབྱོར་གསུམ་ལས། བྱེད་པ་ལམ་གྱི་རྣལ་འབྱོར་ལ་ཡང་གསུམ་གྱི་གཉིས་པ་དཀའ་ཐུབ་ཀྱི་དབང་གི་སྐབས་ཡིན། འདི་ལའང་གཞན་ལས་ཁྱད་པར་ལྔས་འཕགས་པའི་དབང་བཀའ་སྲོལ་འགྲན་ཟླ་དང་བྲལ་བ་ལགས་པས་ཐུགས་སྤྲོ་བ་བསྐྱེད་ནས། ཐོག་མར་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྗེས་ཟློས། བླ་མ་དམ་པ་རྣམས་ལ་ཞེས་པ་ནས། དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཅིག །ཅེས་པའི་བར་ལན་གསུམ། དངོས་གཞི་ལ་དབང་བཞི་ལས། དང་པོ་བུམ་པའི་དབང་ནི། མིག་ཡུལ་གྱི་གཟུགས་སྣང་དང་རང་གི་ཕུང་ཁམས་སྐྱེ་མཆེད་སྐྲ་སེན་སོགས་ཐམས་ཅད་བླ་མ་བདེ་མཆོག་ཡབ་ཡུམ་གྱི་སྐུར་སྒོམ་ལ་འདིའི་རྗེས་ཟློས། ཐུར་མ་བཙུགས་ལ་ཨཀྵཿབརྗོད། རྣ་བའི་ཡུལ་གྱི་སྒྲ་གྲགས་དང་། རང་གི་བརྗོད་པ་ཐམས་ཅད་བླ་མ་བདེ་མཆོག་གི་གསུང་དུ་མོས་ལ་ཨཀྵཿབརྗོད། གཞན་སྣང་གི་དྲན་རྟོག་དང་རང་གི་འཆར་སྒོ་ཐམས་ཅད་བླ་མ་བདེ་མཆོག་གི་ཐུགས་སུ་མོས་ལ་ཨཀྵཿསྣང་གྲགས་དྲན་པའི་ཆོས་ཐམས་ཅད་ཀྱང་རང་གི་སེམས་ལས་བྱུང་ཞིང་སེམས་གདོད་ནས་སྟོང་པ་ཉིད་དུ་དག་པ་ལས་སྣང་གྲག་དྲན་པ་ཐམས་ཅད་རང་བཞིན་མ་འགགས་པའི་རང་རྩལ་ཙམ་དུ་ཤེས་པ་འདིའི་ཨཀྵཿབརྗོད། བརྟན་བྱེད་བདུད་རྩིའི་རྡུལ་ཕྲ་རབ་རེ་རེ་བཞིན་བདེ་མཆོག་ཏུ་གྱུར་པ་སྤྱི་བོ་ནས་ཐིམ་པས་རྩ་ཁམས་ཀྱི་ཡི་གེའི་སྒྲིབ་པ་དག་ནས་ཡི་གེ་རྣམས་བླ་མ་བདེ་མཆོག་ཡབ་ཡུམ་གྱི་སྐུར་གྱུར་པའི་བའིམོས་པས། བྲོད་པའི་བདུད་རྩི་སྤྱི་བོར་བཞག་ཅིང་ཨཀྵཿཚར་གཅིག་བརྗོད་དོ། །གསང་དབང་བསྐུར་བ་ནི། ཨ་བྷི་ཥིཉྩ་ༀ། ཨ་བྷི་ཥིཉྩ་ཨཱཿ ཨ་བྷི་ཥིཉྩ་ཧཱུྃ། ཨ་བྷི་ཥིཉྩ་ཧྲཱིཿ ཞེས་གནས་བཞིར་སྲིན་ལག་གིས་བདུད་རྩིའི་ཐིག་ལེ་བཀོད་
༡༢༧ པས་བླ་མ་དང་དབྱེར་མེད་པའི་བདེ་མཆོག་སྤྱི་བོར་དཀར་པོ། མགྲིན་པར་དམར་པོ། ཐུགས་ཀར་སྔོན་པོ། ལྟེ་བར་སེར་པོ་རྣམས་ཚོན་གང་པ་རེ་རེས་རྒྱས་བཏབ་པར་གྱུར། བརྟན་བྱེད་ༀ་ཨཱཿཧཱུྃ་ཞེས་བདུད་རྩི་ལན་གསུམ་བླུད་པས། ཡི་དམ་གྱི་ལྷ་ཐམས་ཅད་ཀྱི་ཐུགས་དམ་དུས་གཅིག་ལ་སྐོང་ནས་ཉམས་རྟོགས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ། །ཤེར་དབང་བསྐུར་བ་ནི། ལུས་ཆོས་བདུན་བཅའ། ངག་རླུང་ཁ་སྦྱར། རླུང་སེམས་འོད་གསལ་གྱི་མདངས་ལ་བཅིངས་ཏེ། ཐུན་འགོར་འགོདསྒྲིམས་སློད་ལྷོདཀྱི་ཚུལ་གྱིས་སྤྱན་ལྔ་དང་སྦྱར་བས་དུག་ལྔའི་རྟོག་པ་ཕྲ་རགས་བཅད། ཐུན་མཇུག་ཏུ་ལྟ་སྟངས་ལྔས་རེ་དོགས་ཆགས་སྡང་ཆེ་ཐབས་དང་ལྔ་པོ་རང་སར་འདག་ཏུ་བཅུག །མཉམ་བཞག་དེ་ལས་ལངས་ནས་ཐུན་མཚམས་སུ་སྤྱོད་ལམ་བཞི་ཀ་ལ་ལྟ་སྟངས་ལྔ་བསྒྱུར། ལྟ་སྟངས་རེ་ལ་སྤྱན་ལྔས་སྒྲིམ་སློད་ལྷོདཀྱི་ཚུལ་གྱིས་ཉམས་སུ་བླང་འཚལ། བརྟན་བྱེད་སྣང་གྲགས་འགྱུ་གསུམ། སྒྱུ་མ། བྲག་ཆ། ཆུ་ལྦུར་ལྟར་ཤེས་པར་མཛོད་ཅིག །ཚིག་དབང་བསྐུར་བ་ནི། དམ་པ་རིན་པོ་ཆེ་བརྒྱུད་པ་དང་བཅས་པའི་བླ་མ་གྲུབ་ཐོབ་རྣམས་ཀྱི་ཡི་དམ་བདེ་མཆོག་ལགས་ལེགསཔས་སྙིང་པོ་འདིའི་རྗེས། ༀ་ཨཱཿཧྲཱིཿགུ་རུ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཧཱུྃ། ཞེས་ཅི་འགྲུབ་བཟླ། བརྟན་བྱེད་བླ་མ་དང་གཉིས་སུ་མེད་པའི་བདེ་མཆོག་རང་ལ་ཐིམ་པར་སྒོམས་ཤིག །མེ་ཏོག་འཐོར་ཞིང་གྲུབ་པར་གྱུར་ཅིག །ཅེས་ལན་གསུམ། དེ་ལྟར་དབང་བཞི་རྫོགས་ནས་མཇུག་གི་ཆོས་གསུམ་ནི། རྟེན་སྡོམ་པ་གསུམ་དང་ལྡན་ཞིང་། རྣལ་འབྱོར་གྱི་རང་ས་དྲུག་མ་ཉམས་པའི་སྒོ་ནས། དཀའ་ཐུབ་ཀྱི་བོ་ཟགས་ལྟེམས་ལོག་བཞིའི་དྲི་མ་བསྲུང་བ་ལ་འབད་པར་མཛོད་ཅིག །དེས་དཀའ་ཐུབ་ཀྱི་བྱིན་གྱིས་བརླབས་ཚར་བས་དྲིན་ཕྱག་གསུམ་འཚོལ་ལ། བཀའ་དྲིན་ཆེ་ལགས། ཞེས་བརྗོད། རྗེས་ཆོག་བདུན་
༡༢༨ སྔར་ལྟར་རོ། །གསུམ་པ་ཐར་ལམ་བདག་གཏོད་ལ། བཤམས་བཀོད་བདུད་རྩིའི་ཕྲད་སོགས་སྔར་གྱི་ཐར་ལམ་ལྟར་ལས། ཁྱད་པར་ཡིག་འབྲུའི་ལྷ་རྣམས་མི་དམིགས་པར་ཡལ་བ་ལས་མཁའ་འགྲོ་སྡེ་ལྔར་བྱིན་གྱིས་བརླབ་བོ། །དེ་ནས་སློབ་མ་རྣམས་གྲལ་དུ་འཁོད་པ་དང་། སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལེགས་པའི་ལམ་གསུམ་པ་ཐར་ལམ་བདག་གཏོད་ཡེ་ཤེས་གཞན་འཇུག་གི་དབང་ཞུས་ནས་ཉམས་སུ་བླང་སྙམ་པས་གསན་འཚལ། དབང་འདི་ཡང་དབང་གཞན་ལས་ཁྱད་པར་ལྔས་འཕགས་པས་ཐུགས་སྔོ་བ་བསྐྱེད་ནས་ཐོག་མར་སྦྱོར་བ་སྐྱབས་སེམས་ཀྱི་རྗེས་ཟློས། བླ་མ་དམ་པ་རྣམས་ལ་སོགས་ལན་གསུམ་བརྗོད། དངོས་གཞི་ལ་དབང་བཞི་ལས། བུམ་དབང་ནི། གླེགས་བམ་གྱི་ཡིག་འབྲུ་ལ་ཐུར་མ་ལུགས་ལྡོག་གིས་བཙུགས་པ་ལ་ཨ་འབའ་ཞག་ལྔ་བཅུ་ཚར་བཞི་བརྗོད། དང་པོའ་ཚེ་སྐད་ཅིག་དང་པོ་ལ་ལྷར་འཛིན་གྱི་སྣང་བ་དབྱིངས་སུ་ཐིམ་ནས། སྐད་ཅིག་གཉིས་པ་ལ་མ་འགགས་པའི་རང་རྩལ་དུ་སྣང་བ་ཐམས་ཅད་བླ་མ་དང་གཉིས་སུ་མེད་པའི་མཁའ་འགྲོ་སྡེ་ལྔའི་སྐུར་ཤེས་པར་གྱིས་ཤིག །ལན་གཉིས་པའི་ཚེ། སྐད་ཅིག་དང་པོ་ལ་གྲག་པ་གསུམ་འཛིན་དབྱིངས་སུ་ཐིམ་ནས། སྐད་ཅིག་གཉིས་པར་མ་འགགས་པའི་རང་རྩལ་སྒྲ་ཐམས་ཅད་བླ་མ་མཁའ་འགྲོའི་གསུང་དུ་ཤེས་པར་གྱིས་ཤིག །ལན་གསུམ་པའི་ཚེ། སྐད་ཅིག་དང་པོ་ལ་དྲན་རྟོག་ཐུགས་འཛིན་དབྱིངས་སུ་ཐིམ་ནས། སྐད་ཅིག་གཉིས་པར་མ་འགགས་པའི་རང་རྩལ་དུ་དྲན་རྟོག་ཐམས་ཅད་བླ་མ་མཁའ་འགྲོའི་ཐུགས་སུ་ཤེས་པར་གྱིས་ཤིག །བཞི་པའི་ཚེ། སྐད་ཅིག་དང་པོ་ལ་སྣང་གྲགས་དྲན་རྟོག་སེམས་ལས་བྱུང་ཞིང་སེམས་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐིམ་ནས། སྐད་ཅིག་གཉིས་པ་ལ་དེའི་རང་རྩལ་ལས་འགྲོ་དོན་ཕྱོགས་མེད་དུ་གྲུབ་པའི་མོས་པ་མཛོད། བརྟན་བྱེད་
༡༢༩ བདུད་རྩིའི་ཆར་གྱི་རྣམ་པར་ཚངས་བུག་ནས་ཐིམ་པས་རྩ་ཁམས་ཀྱི་ལྷ་ཚོགས་དབྱིངས་སུ་ཐིམ་ནས་རྩ་ཁམས་ཐམས་ཅད་མཁའ་འགྲོ་སྡེ་ལྔར་གྱུར་པར་བརསྒོམས་མཛོད། ཅེས་ཐོད་པའི་བདུད་རྩི་སྤྱི་བོར་བཞག་ཅིང་ཨཀྵཿལྔ་བཅུ་བརྗོད་གསང་དབང་ནི། བོ་དྷི་ཙིཏྟ་ༀཿ བོ་དྷི་ཙིཏྟ་ཨཱཿ བོ་དྷི་ཙིཏྟ་ཧཱུྃ། བོ་དྷི་ཙིཏྟ་ཧྲཱི༔་ཞེས་སྔགས་བཞི་པོ་རེ་རེ་ནས་ཆར་གཉིས་བཟླས་པ་དང་བསྟུན། གནས་བཞིར་བདུད་རྩིའི་ཐིག་ལེ་གཉིས་རེ་བྱས་པའི་དང་པོའ་རྐྱེན་གྱིས། འཁོར་ལོ་བཞིའི་ལས་བཞི་པོ་འོད་དུ་ཞུ་ནས་མི་དམིགས་པས་ལྷར་འཛིན་གྱི་རྟོག་པ་དབྱིངས་སུ་ཐིམ། གཉིས་པས་མཁའ་འགྲོ་སྤྱི་བོར་དཀར་མོ། །མགྲིན་པར་དམར་མོ། །སྙིང་གར་སྔོན་མོ། །ལྟེ་བར་སེར་མོ་རྣམས་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་དབྱེར་མེད་པའི་མོས་པ་མཛད་འཚལ། བརྟན་བྱེད་ༀ་ཨཱཿཧཱུྃ་ཞེས་བདུད་རྩི་ལན་གསུམ་བླུད་པས། འགྲོ་དོན་རྩོལ་མེད་ལྷུན་གྲུབ་ཏུ་ཤར་བར་འགྱུར། ཤེར་དབང་ནི། གླེགས་བམ་གྱི་ཁར་མཉྫི་བཞག་པའི་འོག་ཏུ་ཐོད་པའི་ནང་དུ་ཨཀྵཿལྔ་བཅུ་ནས་དང་བསྲེས་པ་ལ་རྟེན་འབྲེལ་སྙིང་པོས་རབ་གནས་བྱས་ནས་མཎྜལ་ཚོམ་བུ་བདུན་བཀོད་པ་ཞིག་གིས་ཁ་བཅད་ལ་བཞག །མཉྫིའི་ཁར་ལས་བཞི་གང་ཡིན་གྱི་འབྲང་རྒྱས་བཀོད་པ་ལ་གཟུངས་ཐག་བཏགས་ནས། དེ་ལ་ཐམས་ཅད་ཀྱིས་འཇུས་ཏེ། བཟླས་ལུང་དཔོག་ཅིང་སྒོམ་པ་བདག་པོ་ལ་གཏོད་པ་འདིའི་རྗེས་ཟློས། ཞེ་བར། ༀ་ཤཱནྟིང་ཀུ་རུ་སྭཱ་ཧཱ། རྒྱས་པར། པུཥྚིཾ། དབང་ལ། ཝཱ་ཤཾ །དྲག་པོ་ལ། རཀྵས རྗེས་ལ། ལན་གསུམ་རེ་བཟླས། དེ་བཞི་རེ་རེའི་གཤམ་དུ། ད་ཕྱིན་ཆད་རང་དོན་དུ་མི་ལྟ། ལྟ་རེ་ཤི །ལྟ་ནའང་ང་ལ་སྡིག །མི་སྒོམ མི་སྤྱོད། མི་སྒྲུབ་སོགས་རིག་རིགསའགྲེ་སྦྱར། མཇུག་ཏུ་བླ་མས། འོ་རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་གང་དང་གང་གིས་འདུལ་བའི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག །ཅེས་གདམས།
༡༣༠ རྡོ་རྗེས་བྷནྡྷའི་ཡིག་འབྲུ་ལ་དམོད་བོར་ནས་ལེན་དུ་བཅུག་ལ། བླ་མས་སྔར་ལྟར་ལུང་སྟོན། འོན་ཀྱང་ལམ་ལྔའི་བདག་གཏོང་གཏོདཐོབ་ན་འདིར་མ་བྱས་ཀྱང་ཆོག་གསུང་ངོ་། །ཚིག་དབང་ན་སྒོམ་པ་བདག་གཏོད་ཀྱི་སྙིང་པོ་ཡིན་པས་འདིའི་ལུང་ལོང་ཞིག །ༀ་ཨཱཿཧྲཱཿཧི་རི་ནི་ས་ཧཱུྃ། ཞེས་བཟླར་བཅུག །བརྟན་བྱེད་བླ་མ་རྡོ་རྗེ་རྣལ་འབྱོར་མར་གསལ་བ་དེ་ཁྱེད་རང་ལ་ཐམ་པའི་མོས་པ་མཛོད། མེ་ཏོག་འཐོར་ཞིང་གྲུབ་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད། དེ་ལྟར་དབང་བཞི་ཐོབ་ནས་མཇུག་གི་ཆོས་གསུམ་ནི། རྟེན་སྡོམ་པ་གསུང་དང་ལྡན་ཞིང་རང་ས་དྲུག་མ་ཉམས་པའི་སྒོ་ནས་བདག་གཏོད་ཀྱི་བོ་ཟགས་ལྟེམས་ལོག་བཞིའི་དྲི་མ་བསྲུང་བ་ལ་འབད་པར་མཛོད་ཅིག །དེ་བདག་གཏོད་ཀྱི་བྱིན་རླབས་ཚར་བས་བླ་མ་ལ་དྲིན་ཕྱག་གི་ཕྱག་གསུམ་འཚོལ་ལ། བཀའ་དྲིན་ཆེ་ལགས་ཞེས་བརྗོད། རྗེས་ཆོག་བདུན་སྔར་ལྟར་བའོ། །དབང་པོ་འབྲིང་སྨིན་བྱེད་ལམ་གསུམ་གཞུང་མའི་དབང་ཆོག་ཚར་རོ། །ༀ་སྭ་སྟི། གསུམ་པ་དབང་རྣོན་ལ་རྫོགས་པའི་དབང་གཅིག་མའམ་ཟབ་མོ་ཀུ་སུ་ལུའི་དབང་ཞེས་པ་ལམ་གསུམ་གླེགས་བམ་ལ་མི་ལྟོས་པར་བླ་མའི་སྐུའི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་པ་ཏིང་ངེ་འཛིན་ལམ་གསུམ་གྱི་དབང་བསྐུར་བ་ནི། ཕྱག་བཞེས་སུ་གླེགས་བམ་གཤམས་པར་མཛད་ཅིང་། དེ་ཡང་མི་འདྲ་བའི་ཁྱད་པར་འདིར་གླེགས་བམ་གྱི་ཁར་ནས་ཕུང་པར་བརསྤུངས་པས་དབྱིབས་སྒྱུར་མོར་བྱས་པའི་སྟེང་དུ་བྷཉྫ་དམ་རྫས་གུར་དང་བཅས་པ་བཤམས་ཤིང་ཕྱོགས་བཞིར་འབྲང་རྒྱས་ཀྱིས་བསྐོར་བ་སོགས་གཞན་འདྲ་བར་མཛོད། ཆོ་ག་ནི་བདག་བསྐྱེད་སྔོན་དུ་འགྲོ་བས་ཚོགས་དང་དབང་རྫས་བྱིན་རླབས་བྱས་ལ། སློབ་མ་རྣམས་ཁྲུས་ཕྱག་སྔོན་འགྲོས་གྲལ་དུ་འཁོད་པ་དང་། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དབང་རྣོན་སྨིན་པར་བྱེད་པ་ཟབ་མོ་ཀུ་སུ་ལུའི་དབང་ཏིང་ངེ་འཛིན་ལམ་གསུམ་གྱི་བྱིན་རླབས་ཞུས་
༡༣༡ ལ་ཉམས་སུ་བླང་སྙམ་པས་གསན་འཚལ། དེས་ན་སྤྲུལ་པའི་བའིསྐུ་རྗེ་བཙུན་དམ་པ་རྒྱ་གར་བའི་བཀའ་དྲིན་གྱིས་བརྡ་ལ་བརྟེན་ནས་དོན་གཅེར་མཐོང་དུ་རྟོགས་ཤིང་། བྱིན་རླབས་རང་བྱུང་དུ་བབས་པ། ཉམས་ཡེ་ཤེས་སུ་འབར་བ་བླ་མ་རྫོང་པའི་ལུགས་ཀྱི་བློ་སྦྱོང་དཀའ་ཐུབ་བདག་གཏོང་གཏོདགསུམ་དུས་གཅིག་ཏུ་བསྐུར་བའི་བཀའ་སྲོལ་གྱི་དབང་འདི་སྒྲུབ་པར་བྱེད་པ་ལ། ཐོག་མར་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྗེས་ཟློས། བླ་མ་དམ་པ་རྣམས་ལ་ཞེས་པ་ནས། དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཅིག །ཅེས་པའི་བར་ལན་གསུམ། དངོས་གཞི་ལ་ལན་གསུམ་གྱི། དང་པོ་བླ་མ་ཆོས་སྐུར་སྒྲུབ་པ། བསྙེན་པ་བློ་སྦྱོང་གི་དབང་བཞི་ལས། བུམ་དབང་གི་ལམ་ཁྱེར་ནི། སློབ་དཔོན་དང་སློབ་མ་གཉིས་ཀ་ཡི་དམ་བདེ་མཆོག་གི་སྐུར་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཆོས་བཞི་ལྡན། སྤྱི་མགྲིན་སྙིང་ལྟེའི་གནས་བཞིར་འཁོར་ལོ་བཞི་རེ་རེ་ལའང་རྩ་འདབ་ལྔ་བཅུར་གནས་པའི་འདབ་མ་ལ་ཨཱ་ལི་ཀཱ་ལིའི་ཡིག་འབྲུ་རྣམས་སྤྱི་བོར་དཀར་པོ། མགྲིན་པར་དམར་པོ། སྙིང་གར་སྔོན་པོ། ལྟེ་བར་སེར་པོ་རྣམས་གསལ་བར་གྱུར། དེ་ནས་ཨཀྵཿལན་བཞི་རྗེས་ཟློས་བྱས་པའི་ལན་དང་པོས། བླ་མ་རྣམ་པ་ཡི་དམ་ལ་ངོ་བོ་ཆོས་སྐུའི་བདག་ཉིད་ཅན་དུ་བཞུགས་པའི་སྤྱི་བོའ་ཡིག་འབྲུ་ལས་འོད་ཟེར་དཀར་པོ་འཕྲོས་སྨིན་མཚམས་ནས་ཐོན། རང་རང་གི་ཚངས་བུག་ནས་ཞུགས་ཏེ་སྤྱི་བོའ་ཡིག་འབྲུ་རྣམས་ལ་ཐིམ་པས། ཡིག་འབྲུ་རྣམས་ལས་འོད་དཀར་པོ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ལུས་ཀྱི་ནང་ཐམས་ཅད་གང་། །ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་ཤེལ་སྒོང་ལྟར་གྱུར། གཟུགས་སྣང་ཐམས་ཅད་བླ་མའི་སྐུར་ཤར་བའི་མོས་པ་སྒོམ་དུ་གཞུག །ལན་གཉིས་པས། བླ་མའི་མགྲིན་པའི་ཡིག་འབྲུ་ལས་འོད་དམར་པོ་འཕྲོས་ལྗགས་སྟེང་ནས་ཐོན། །
༡༣༢ རང་རང་གི་མགྲིན་པར་ཐིམ་པས་ཡིག་འབྲུ་ལས་བྱུང་བའི་འོད་དམར་པོས་ལུས་གང་། ངག་གི་སྡིག་སྒྲིབ་སྦྱངས། ལུས་མཆོང་ལྟར་དམར་ལྟེམ་གྱིས་སོང་། སྒྲ་གྲགས་ཐམས་ཅད་བླ་མའི་གསུང་དུ་ཤར་བར་མོས། ཡང་ལན་གསུམ་པས། བླ་མའི་ཐུགས་ཀའི་ཡིག་འབྲུ་ལས་འོད་སྔོན་པོ་འཕྲོས། རང་རང་གི་སྙིང་གར་ཐིམ་པས་ཡིག་འབྲུ་ལས་བྱུང་བའི་འོད་སྔོན་པོས་ལུས་ནང་གང་། སེམས་ཀྱི་སྡིག་སྒྲིབ་སྦྱངས། རང་ལུས་འཇའ་ཚོན་ལྟར་དངས་དྭངསཔར་གྱུར། དྲན་རྟོག་ཐམས་ཅད་བླ་མའི་ཐུགས་སུ་ཤར་བར་མོས། ཡང་ལན་བཞི་བས་བླ་མའི་ལྟེ་བའི་ཡིག་འབྲུ་ལས་འོད་ཟེར་སེར་པོ་ཐོན། རང་རང་གི་ལྟེ་བར་ཐིམ་པས་ཡིག་འབྲུ་ལས་བྱུང་བའི་འོད་སེར་པོས་ལུས་ནང་གང་། སྒོ་གསུམ་ཕྲ་བ་བག་ཆགས་ཀྱི་སྒྲིབ་པ་སྦྱངས། རང་ལུས་ནམ་མཁའ་གསེར་གྱི་ཁ་དོག་ལྟ་བུར་དྭངས། སྣང་གྲགས་དྲན་པའི་ཆོས་ཐམས་ཅད་སྟོང་ཉིད་ཀྱི་རྩལ་ཙམ་ལས་ཡང་དག་པར་བདེན་པར་མ་གྲུབ་པའི་གཤིས་རྣམ་པར་དག་པ་ད་བླ་མའི་དགོངས་པ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་མོས་ལ་མཉམ་པར་བཞག་གོ །གསང་དབང་གི་ལམ་ཁྱེར་ནི། ཨ་བྷི་ཥིཉྩ་ༀ། ཨ་བྷི་ཥིཉྩ་ཨཱཿ ཨ་བྷི་ཥིཉྩ་ཧཱུྃ། ཨ་བྷི་ཥིཉྩ་ཧྲཱིཿ ཞེས་སྲིན་ལག་གིས་བདུད་རྩིའི་ཐིག་ལེ་གནས་བཞིར་བཀོད་པས། སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ༀ་དཀར་པོ། མགྲིན་པར་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་ཨཱཿདམར་པོ། །སྙིང་གར་རྡོ་རྗེ་སྔོན་པོའ་ལྟེ་བར་ཧཱུྃ་སྔོན་པོ། ལྟེ་བར་རིན་ཆེན་སེར་པོ་ཟུར་བརྒྱད་པའི་ལྟེ་བར་ཧྲཱིཿསེར་པོ་རྣམས། བླ་མའི་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ། ཡོན་ཏན་ཕྲིན་ལས་འདུས་པའི་རྡོ་རྗེའི་ངོ་བོར་མོས་པ་མཛོད། ཤེར་དབང་གི་ལམ་ཁྱེར་ནི། ལུས་གནད་ཆོས་བདུན་བཅའ། རླུང་སྟེང་འོག་ཁ་སྦྱར་ལ་དབུ་མར་བཅུག །ཡིད་བྲལ་བ་གསུམ་ངང་དུ་དལ་བས་པའོ། །སེམས་མ་བཅོས་
༡༣༣ པར་རྩེན་གྱིས་ཞོག་ལ་སྒྲིམ་སློད་ལྷོདཀྱིས་ཉམས་སུ་བླངས་པས་ཉམས་རྟོགས་ཇེ་བཟང་ལ་འགྲོ་བ་ཡིན་ནོ། །ཚིག་དབང་ལམ་ཁྱེར་ནི། སྤྱི་བོར་བླ་མ་ཆོས་ཀྱི་སྐུ་ནམ་མཁའི་གོས་ཅན་གྱི་རྣམ་པར་གསལ་ཐོབ་ལ་བློ་སྦྱོང་བའི་སྙིང་པོ་འདིའི་ལུང་ལོངས་ཤིག །ༀ་ཨཱཿཧྲཱིཿགུ་རུ་སིདྡྷི་ཧཱུྃ། ལན་གསུམ། སྤྱི་བོའ་བླ་མ་རང་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། མེ་ཏོག་འཐོར་ཅིང་གྲུབ་པར་གྱུར་ཅིག །ཅེས་བརྗོད། གཉིས་པ་བླ་མ་ཡི་དམ་གྱི་ལྷར་སྒྲུབ་པར་བྱེད་པ་སྒྲུབ་པ་དཀའ་ཐུབ་ཀྱི་དབང་ལ་བཞི་ལས། བུམ་དབང་གི་ལམ་ཁྱེར་ནི། ཨཀྵཿའི་རྗེས་ཟློས་ལན་བཞི་བྱས་པའི་དང་པོས། བླ་མ་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་སྨིན་མཚམས་ནས་ཡི་གེའི་འོད་ཟེར་དཀར་པོ་ཐོན། རང་གི་སྤྱི་བོར་ཐིམ་པས། རང་ལུས་དང་ཕྱིའི་ཡུལ་སྣང་ཐམས་ཅད་བདེ་མཆོག་ལྷན་སྐྱེས་ཀྱི་སྐུ་སྣང་སྟོང་དུ་གྱུར་པར་བསམོས། ལན་གཉིས་པས། ཞལ་ནས་ཡིག་འབྲུའི་འོད་དམར་པོ་ཐོན། རང་གི་མགྲིན་པར་ཐིམ་པས་རང་གི་ངག་ནས་ཅི་བརྗོད་དང་ཕྱི་རོལ་གྱི་སྒྲ་ཐམས་ཅད་ལྷན་སྐྱེས་ཀྱི་གྲགས་སྟོང་གཞོམ་མེད་དུ་མོས། ལན་གསུམ་པས། ཐུགས་ཀ་ནས་ཡིག་འབྲུའི་འོད་ཟེར་མཐིང་ག་ཐོན། རང་གི་སྙིང་གར་ཐིམ་པས། རང་གི་རྟོག་པ་ཅི་འགྱུས་དང་གཞན་རྒྱུད་ཀྱི་དྲན་རྟོག་ཐམས་ཅད་ཀྱང་ལྷན་སྐྱེས་སུ་ཡོད་པས་དེ་དག་ཐམས་ཅད་ཀྱང་དེ་ལས་མ་འདས་པར་ཐག་བཅད་དོ། །ལན་བཞི་པ། ལྟེ་བ་ནས་ཡིག་འབྲུའི་འོད་ཟེར་སེར་པོ་ཐོན། རང་གི་ལྟེ་བར་ཐིམ་པས་བླ་མ་བདེ་མཆོག་ཏུ་གསལ་བའི་སྐུ་གསུང་ཐུགས་ཡོན་ཏན་དང་བཅས་རང་ལ་བརྒྱན་པར་མོས་ལ་མཉམ་པར་བཞག་གོ །གསང་དབང་ལམ་ཁྱེར་ནི། འཁོར་ལོ་བཞིའི་ལྟེ་བའི་ཡི་གེ་ༀ་ཨཱཿཧཱུྃ་ཧྲཱིཿརྣམས་འོད་དུ་ཞུ་ཞུགསབ་ལས། སྤྱི་བོར་སྐུའི་བདེ་མཆོག་དཀར་པོ། མགྲིན་པར་གསུང་
༡༣༤ གི་བདེ་མཆོག་དམར་པོ། སྙིང་གར་ཐུགས་ཀྱི་བདེ་མཆོག་སྔོན་པོ། ལྟེ་བར་ཡོན་ཏན་གྱི་བདེ་མཆོག་སེར་པོ་རྣམས་ཀྱིས་རྒྱས་བཏབ་པར་གྱུར། ཤེར་དབང་ལམ་ཁྱེར་ནི། ལུས་གནད་ཆོས་བདུན་བཅའ། རླུང་གནད་ཁ་སྦྱར་ལ་འགྱུ་བ་བཅད། ཡིད་སྒོམ་འདོད་ཀྱི་རྟོག་པ་སྤངས་ལ། སྤྱན་ལྔ་བསྒྱུར་བར་བྱ་སྟེ། དེའང་ཉོན་མོངས་པའི་རྟོག་པ་ཤིན་ཏུ་རགས་པ་ལ་རུས་སྦལ་ལྟ་བུ། ཐ་མལ་རང་ག་ལ་ཟླ་ཚེས་ལྟ་བུ། ཐ་མ་རྐུན་བུ་ལ་མཁལ་མ་ལྟ་བུ། ཤེས་པ་དྲན་མེད་འཐིབས་པོ་ལ་ཟླ་བ་ཉ་གང་བ་ལྟ་བུའི་སྤྱན་གྱིས་ནམ་མཁའི་དབྱིངས་སུ་ལྟ་ཞིང་། གསལ་བདོ་བ་ལ་བཤིག་པས་རྗེས་བླེ་བྲལ་དུ་འཆར་རོ། །ཐུན་མཚམས་སུ་ཉལ་འདུག་ལངས་འགྲོའི་རྩ་བའི་སྤྱོད་ལམ་བཞི་ལ་ཡན་ལག་ལྔ་ལྔར་ཕྱེ་བའི་ཉི་ཤུ་དང་། ལྟ་སྟངས་ལྔ་ལ་སྤྱན་ལྔ་བསྒྱུར་པས་བསཐམས་ཅད་དུ་ཡེངས་པ་མེད་པར་བསྐྱང་བར་བྱོས་ཤིག །ཚིག་དབང་ལམ་ཁྱེར་ནི། རྒྱུ་རྩལ་བཞི་དང་ལྡན་པའི་སྒོ་ནས་ཡི་དམ་བདེ་མཆོག་གི་སྙིང་པོ་འདི་ཡི་ལུང་ལོང་ཞིག །ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ལན་གསུམ། བླ་མ་བདེ་མཆོག་ཏུ་གསལ་པ་རང་ལ་ཐིམ་པའི་མོས་པ་གྱིས་མེ་ཏོག་འཐོར་ཞིང་གྲུབ་པར་གྱུར་ཅིག །ཅེས་བརྗོད། གསུམ་པ་བླ་མ་མཁའ་འགྲོར་སྒྲུབ་པ་ལས་སྦྱོར་སྒོམ་པ་བདག་གཏོད་ཀྱི་དབང་ལ་བཞི་ལས། བུམ་དབང་ལམ་ཁྱེར་ནི། ཨ་ཡིག་ལྔ་བཅུའི་རྗེས་ཟློས་ལན་བཞིའི་དང་པོས། བླ་མ་རྡོ་རྗེ་མཁའ་འགྲོར་གསལ་བའི་སྨིན་མཚམས་ནས་ཨ་དཀར་པོ་ཐོན། རང་གི་སྤྱི་བོར་ཐིམ་པས། ཕྱི་རོལ་གྱི་སྣང་བ་ཐམས་ཅད་སྐྱེ་མེད་ཀྱི་ཀློང་དུ་ཡལ། མ་འགགས་པའི་རྩལ་སྣང་དུ་ཤར་བའི་གཟུགས་ཐམས་ཅད་རྡོ་རྗེ་ཌཱ་ཀིའི་སྐུ་སྣང་སྟོང་དུ་གྱུར་པར་བརམོས། ལན་གཉིས་པས། ལྗགས་སྟེང་ནས་ཨ་དམར་པོ་ཐོན། རང་གི་མགྲིན་པར་ཐིམ། སྒྲར་གྲགས་ཐམས་ཅད་སྐྱེ་མེད་ཀྱི་ཀློང་དུ་ཡལ་
༡༣༥ མ་འགགས་པའི་རྩལ་དུ་ཤར་བའི་སྒྲ་ཐམས་ཅད་རྡོ་རྗེ་ཌཱ་ཀའི་གསུང་གྲགས་སྟོང་གཞོམ་མེད་དུ་མོས། ལན་གསུམ་པས། ཐུགས་ཀ་ནས་ཨ་སྔོན་པོ་ཐོན། རང་གི་སྙིང་གར་ཐིམ། དྲན་རྟོག་ཐམས་ཅད་སྐྱེ་མེད་ཀྱི་ཀློང་དུ་ཡལ། མ་འགགས་པའི་རྩལ་དུ་ཤར་བའི་དྲན་རྟོག་ཐམས་ཅད་རྡོ་རྗེ་ཌཱ་ཀིའི་ཐུགས་བདེ་སྟོང་དུ་མོས། ལན་བཞི་པས། ལྟེ་བ་ནས་ཨ་སེར་པོ་ཐོན། རང་གི་ལྟེ་བར་ཐིམ། སྣང་གྲགས་འགྱུ་གསུམ་ཐམས་ཅད་སྐྱེ་མེད་ཀྱི་ཀློང་དུ་ཡལ། མ་འགགས་པའི་རྩལ་དུ་ཤར་བའི་སྣང་གྲགས་དྲན་རྟོག་ཐམས་ཅད་རྡོ་རྗེ་ཌཱ་ཀིའི་སྐུ་གསུང་ཐུགས་ཀྱི་རོལ་པར་བརམོས་ལ་མཉམ་པར་བཞག་གོ །གསང་དབང་ལམ་ཁྱེར་ནི། འཁོར་ལོ་བཞིའི་ལྟེ་བའི་བདེ་མཆོག་ཡབ་ཡུམ་ལ་ཐིམ། ཡུམ་རྣམས་ཡོངས་སུ་གྱུར་པ་བལས་མཁའ་འགྲོ་བཞིར་གྱུར་ཏེ། སྤྱི་བོར་སངས་རྒྱས་མཁའ་འགྲོ་དཀར་མོ་གཡས་འཁོར་ལོ་དཔྲལ་བར་འཕྱར་བས་སྣང་བ་ཐམས་ཅད་ཟིལ་གྱིས་གནོན་པ། མགྲིན་པར་པདྨ་མཁའ་འགྲོ་དམར་མོ་གཡས་པདྨ་མགྲིན་པར་འཛིན་པས་སྣང་བ་ཐམས་ཅད་དབང་དུ་སྡུད་པ། སྙིང་གར་རྡོ་རྗེ་མཁའ་འགྲོ་སྔོན་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་པས་སྣང་བ་དག་ཅིང་ལས་སུ་རུང་བར་བྱེད་པ། ལྟེ་བར་རིན་ཆེན་མཁའ་འགྲོ་སེར་མོ་རིན་ཆེན་ལྟེ་བར་འཛིན་པས་དགོས་འདོད་ཐམས་ཅད་སྒྲུབ་པ། ཐམས་ཅད་ཀྱང་གཡོན་ཐོད་ཁྲག་འཛིན་ཅིང་། ཕྱག་རྒྱ་ལྔས་བརྒྱན་པ་རོའ་གདན་ལ་གར་སྟབས་ཀྱིས་མེའི་དབུས་སུ་བཞུགས་པས་རྒྱས་བཏབ་པའོ། །ཤེར་དབང་ལམ་ཁྱེར་ནི། ད་ཕྱིན་ཆད་སེམས་ཅན་གྱི་དོན་མ་གཏོགས་རང་དོན་དུ་མི་ལྟ། མི་སྒོམ། མི་སྤྱོད། མི་སྒྲུབ་སྙམ་དུ་རང་དོན་དུ་རང་ལ་འཁྲིལ་བའི་གཉེན་པོ་བཤིག་ཅིང་། བློ་ཐག་བཅད་ནས་གཞན་དོན་དུ་ཅི་འགྱུར་ལ་བསླབ་པར་བྱོས་ཤིག །
༡༣༦ ཚིག་དབང་ལམ་ཁྱེར་ནི། མཁའ་འགྲོ་རྣམས་ལས་ལ་བཀོལ་བའི་ཕྱིར་འཁོར་ལོ་བཞིའི་མཁའ་འགྲོ་མ་རྣམས་ལ་དམིགས་པ་གཏད་ནས་བླ་མ་མཁའ་འགྲོར་སྒྲུབ་པའི་ལུང་འདི་ལོངས་ཤིག །ༀ་ཨཱཿཧྲཱིཿཧ་རི་ནི་ས་ཧཱུྃ། ལན་གསུམ། བླ་མ་ཌཱ་ཀིར་གསལ་བ་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས། འགྲུབ་པར་གྱུར་ཅིག །ཅེས་མེ་ཏོག་དོརགཏོར། དེས་བློ་སྦྱོང་དཀའ་ཐུབ་བདག་གཏོད་གསུམ་ཏིང་ངེ་འཛིན་ལ་བརྟེན་ནས་སྟན་ཐོག་གཅིག་ཏུ་བསྐུར་བ་ཀུ་སུ་ལུའི་ཉམས་ལེན་རྫོང་པའི་དབང་གཅིག་མར་གྲགས་པ་དེ་ཚར་བ་ལགས་པས་བླ་མ་ལ་དྲིན་ཕྱག་གསུམ་འཚོལ། བཀའ་དྲིན་ཆེ་ལགས། ཞེས་བརྗོད། དེ་ནས་རྗེས་ཀྱི་ཆོ་ག་རྣམས་སྔར་གྱི་འགྲོས་ལྟར་ཤེས་པར་བྱའོ། །དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་དབང་ཆོག་བཀླག་པས་གྲུབ་པ་ལས། བཀའ་བབས་ཕྱི་མའི་རྩ་བ་གླེགས་བམ་གྱི་དབང་རྒྱས་འབྲིང་བསྡུས་གསུམ་བཤད་པའི་ལེ་ཚན་ནོ། །དར་རྒྱས་འཕེལ།།

རྗེ་བཙུན་མི་ལའི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་རྩ་བ་བཞུགས་སོ།

༦༦ ༈ །རྗེ་བཙུན་མི་ལའི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་རྩ་བ་བཞུགས་སོ། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་བརྒྱུད་པའི་རིམ་པ་ནི། །སློབ་དཔོན་ཆེན་པོ་ཏི་ལོ་པས། །མཁས་པ་ཆེན་པོ་ནཱ་རོ་པ་ལ། །དེས་ལྷོ་བྲག་མར་པ་ལའོ། །གུང་ཐང་པའི་རྣལ་འབྱོར་བདག །ལྷོ་བྲག་གི་རྗེ་བཙུན་ལ། །དད་ཅིང་ནི་མོས་གྱུར་ནས། །ཞབས་དྲུང་དུ་འཁོར་ཡུན་རིང་། །ཐུགས་རྗེས་ནི་དགོངས་ནས་གནང་། །གདམས་ངག་ནི་དང་དུ་བླངས། །རྩོལ་སྒྲུབ་ཀྱིས་དྲག་ཏུ་བསྒོམས། །བསྒོམ་པས་ཡི་བྱིན་རླབས་ཀྱིས། །ལུས་ལ་ནི་གཏུམ་མོ་འབར། །རས་གོས་ནི་རྐྱང་རེས་དྲོས། །སེམས་ལ་ནི་འོད་གསལ་ཤར། །རྒྱུད་ལུང་ནི་མང་གིས་ཀྱང་། །འདི་དག་དང་གཞན་མི་མཉམ། །ཁྱད་པར་གྱི་བྱེ་བྲག་ལྟོས། །ཉམས་སུ་ནི་ལེན་པའི་དུས། །དངོས་པོའ་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་པའོ། །དེ་ལ་འདིར་སེམས་ཉིད་དངོས་པོའ་གནས་ལུགས་ནི་ཕྱག་རྒྱ་ཆེན་པོ་ཡིན་ཏེ། །འདི་ལ་ཕྱག་རྒྱ་ཆེན་པོའ་མཚན་ཉིད་བསྟན་པ་ལ་གསུམ་སྟེ། །གཞི་ཕྱག་རྒྱ་
༦༧ཆེན་པོ། །ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་ཕྱག་རྒྱ་ཆེན་པོའོ། །དང་པོ་དངོས་པོ་གཤིས་ཀྱི་གནས་ལུགས། སངས་རྒྱས་ཀྱི་དགོངས་པ། སེམས་ཅན་གྱི་སེམས་ཉིད། ཁ་དོག་དང་དབྱིབས་སུ་མ་གྲུབ་པ། མཐའ་དང་དབུས་སུ་མ་གྲུབ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། ཡོད་མ་མྱོང་། །མེད་མ་མྱོང་། མ་འཁྲུལ། མ་གྲོལ། རྒྱུས་མ་བསྐྱེད། རྐྱེན་གྱི་མ་བསྒྱུར། སངས་རྒྱས་མཁས་ཏེ་མ་བཅོས། སེམས་ཅན་བླུན་ཏེ་མ་བསླད། རྟོགས་པས་བཟང་དུ་མ་སོང་། འཁྲུལ་པས་ངན་དུ་མ་སོང་། དེ་ནི་གཞི་ཀུན་ལ་གནས་པས་གཞི་ཕྱག་རྒྱ་ཆེན་པོའོ། །ལམ་ཕྱག་རྒྱ་ཆེན་པོ་ནི། གཞི་དེའི་སྟེང་དུ་ཉམས་སུ་བླངས་པའི་ཆོས་འཇོག་དུས་དམིགས་མེད་དུ་འཇོག །གནས་ན་ཡེངས་མེད་དུ་གནས། ཁྱེར་དུས་འཛིན་མེད་དུ་ཁྱེར། འཆར་ན་ཆོས་ཉིད་དུ་འཆར། གྲོལ་དུས་རང་གྲོལ་དུ་འགྲོ་བ་གཅིག་ཉམས་སུ་ལེན་པའོ། །དེ་ནི་ལམ་ཕྱག་རྒྱ་ཆེན་པོའོ། །འབྲས་བུ་ཕྱག་རྒྱ་ཆེན་པོ་ནི། །གྲོལ་བྱ་གྲོལ་བྱེད་དང་བྲལ་བ། །རེ་དོགས་དང་བྲལ་བ། བློ་ཟད་ཆོས་ཟད་འཛིན་མེད་ཞེས་པ་བློ་ལས་འདས་པས་བརྗོད་པ་དང་བྲལ་བའོ། །དེ་ནི་འབྲས་བུ་ཕྱག་རྒྱ་ཆེན་པོའོ། །འདིར་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་ཉམས་སུ་ལེན་པའོ། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གདམས་པ། རྗེ་བཙུན་མི་ལ་རྣལ་འབྱོར་གྱིས་མཛད་པའོ། །།།།།

།ཀུ་སུ་ལུའི་ཚོགས་གསོག་གི་བློ་སྦྱོང་།

༈ །ཀུ་སུ་ལུའི་ཚོགས་གསོག་གི་བློ་སྦྱོང་།

༩༨

༈ །ཀུ་སུ་ལུའི་ཚོགས་གསོག་གི་བློ་སྦྱོང་། ཇོ་བོའ་ཞལ་ནས། ཀུ་སུ་ལུའི་ཚོགས་གསོག་འདི་བསོད་ནམས་ཆེ་བ་ཡིན། འཁོར་བ་དོང་སྤྲུགས་བྱས་པ་ཡིན། ཀུ་སུ་ལུའི་ཚོགས་གསོག་འདི་ལ་ཕན་ཡོན་བརྒྱད་ཡོད་གསུངས། ལུས་ཐ་མལ་གྱི་ཞེན་པ་ཆོད་པ་དང་། འཆི་བ་བསླུ་བ་དང་། དམ་ཚིགས་ཉམས་པ་སྐོང་བ་དང་། རྨི་ལམ་འབད་མེད་དུ་ཟིན་

༩༩

པ་དང་། །གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བ་དང་། བར་དོར་དག་པའི་སྒྱུ་ལུས་ངོས་ཟིན་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང་། སྨོན་ལམ་དང་ཐུགས་རྗེའི་དབང་གིས་གཞན་དོན་འབད་མེད་དུ་འགྲུབ་པ་དང་བརྒྱད་དོ། །འདི་བསྒོམ་པའི་དུས་སུ་སྟན་བདེ་བ་ལ་འདུག་སྟེ། ལུས་སེམས་གནད་དང་ལྡན་པར་བྱས་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་ཀུ་སུ་ལུའི་གདམས་ངག་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། རང་གི་ལུས་འདིའི་ནང་སྟོང་པ་རྫ་མའི་ནང་ལྟ་བུར་བསྒོམ། མགྲིན་པ་ནས་ཚངས་པའི་བུ་ག་མན་ཆད་བུམ་པའི་མགྲིན་པ་ལྟར་སྐྱ་སེང་བ་གཅིག་བསམ། རང་ལུས་སྟོང་པའི་ཐུགས་ཀར་རང་གི་སེམས་ཀྱི་རྣམ་པ་ཧཱུྃ་སྔོན་པོ་གཅིག་ཏུ་གྱུར་པར་བསམ། དེ་རླུང་གིས་ཡར་བཏེགས་པས་ཚངས་པའི་བུ་ག་ལས་ཡར་འཐོན་ནམ་མཁའི་སོར་བཞི་ཙམ་ན་ཡོད་པར་བསམས་ལ། དེ་ལ་དམིགས་ལ་ༀ་སྭ་བྷཱ་བ་ཤུདྡྷཿསརྦ་ཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པ་ལན་གསུམ་བརྗོད་དེ་རྨི་ལམ་སྒྱུ་མ་ཙམ་དུ་གྱུར་པར་བསམ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ལན་གསུམ་བརྗོད་པས་ཧཱུྃ་དེ་སྟོང་པར་གྱུར་པར་བསམ། དེའི་ངང་ནས་ནམ་མཁའ་ལ་པདྨ་དམར་པོ་གཅིག་བསམ། དེ་འོད་དུ་ཞུ་བ་ལས་པདྨའི་གདན་གཅིག་ཏུ་གྱུར། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བ་དམར་པོ་གཅིག་བསམ། བཾ་འོད་དུ་ཞུ་བ་ལས་གྲི་གུག་གཅིག་ཏུ་གྱུར། ཆང་ཟུང་ཡུ་བ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་དམར་པོ་གཅིག་བསམ། དེ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག་པས་སེམས་ཅན་ཐམས་ཅད་ཇོ་མོ་རྡོ་རྗེ་རྣལ་འབྱོར་མར་གྱུར་བར་བསམ། འོད་ཟེར་ཚུར་འདུས་གྲི་གུག་གི་ཡུ་བའི་བཾ་ལ་ཐིམ་པར་

་༡༠༠

བསམ། བཾ་གྲི་གུག་དང་བཅས་པ་ཞུ་ནས་རང་གི་སེམས་འདི་ཇོ་མོའ་བྲིས་སྐུ་འདྲ་བ་གཅིག་ཏུ་གྱུར་པར་བསམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་བསམ། དེ་ལས་འོད་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་ཇོ་མོ་ཡེ་ཤེས་པ་སྤྱན་དྲངས་ནས་བྱོན་པར་བསམ། ཛཿ ཞེས་པས་སྤྱི་བོར་བྱོན། ཧཱུྃ་གིས་ཐིམ། བཾ་གྱིས་གཉིས་མེད་དུ་གྱུར། ཧོཿས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་འདུས་པའི་སྐུའི་ངོ་བོར་གྱུར་པ་ཇོ་མོ་རྡོ་རྗེ་རྣལ་འབྱོར་མ་རང་ཉིད་ཡིན་ཨཾ་སྙམ་དུ་དགའ་བ་བསྒོམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་དམར་པོ་གཅིག་བསམ། སྤྱི་བོར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་དཀར་པོ་གཅིག་བསམ། མགྲིན་པར་ཨ་ལས་ཟླ་བའི་སྟེང་དུ་ཨཱཿདམར་པོ་གཅིག་བསམ། ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་གཅིག་བསམ། དེ་རྣམས་ལ་དམིགས་ལ་ༀ་ཨཱཿཧཱུྃ་གསུམ་བརྗོད། དེ་ནས་རང་ལུས་མི་རོར་གྱུར་པ་དེ་རྣལ་འབྱོར་མའི་མདུན་དུ་ལིང་ངེ་ཡོད་པར་བསམས་ལ། དེའི་རྩར་ཡཾ་ལྗང་གུ་གཅིག་བསམ། དེ་འོད་དུ་ཞུ་བ་ལས་རླུང་གི་དཀྱིལ་འཁོར་འོད་མའི་གཞུའི་དབྱིབས་སུ་ཡོད་པ་མཆོག་མ་གཉིས་ན་རླུང་གི་བ་དན་སྔོན་པོ་རེ་ཡོད་པར་བསམ། དེའི་ཆང་ཟུང་ལ་རཾ་དམར་སེར་གཅིག་བསམ་དེའི་ཕྱོགས་རེ་རེ་ན་ཧཱུྃ་སྔོ་སྐྱ་རེ་རེ་བསམ། ཧཱུྃ་འོད་དུ་ཞུ་བས་མི་མགོ་རློན་པའི་སྒྱེད་བུ་གསུམ་ཡོད་པར་བསམ། དེ་ནས་རང་གི་སེམས་རྡོ་རྗེ་རྣལ་འབྱོར་མར་གྱུར་པའི་ཕྱག་གཡས་ཀྱི་གྲི་གུག་དེས་མི་རོའ་ཐོད་པ་འབྲེག་མཚམས་སུ་བྲེག་ནས་མི་མགོའ་སྒྱེད་པུ་དེའི་སྟེང་དུ་བཞག་པར་བསམ། ཐོད་པ་དེ་ཡང་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་གྱུར་པར་བསམ། དེའི་ནང་དུ་མི་རོ་དེ་བཅུག་ལ་མི་རོ་དེའི་སྟེང་དུ་ཨ་ལས་ཟླ་བའི་དལ་གྱི་སྟེང་དུ་བཾ་བསམ། དེ་འོད་དུ་ཞུ་བས་གྲི་གུག་གཅིག་

་༡༠༡

དེའི་ཆང་ཟུང་གི་སྟེང་ན་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་བསམ། དེ་ལས་འོད་འཕྲོས་པས་མི་རོ་དེ་བདུད་རྩིར་གྱུར། ཡང་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩི་བབས་པས་ཐོད་པ་གང་བར་བསམ། རྣལ་འབྱོར་མའི་ཐུགས་ཀའི་བཾ་ལས་འོད་ཟེར་འཕྲོས་པས་འོད་ཀྱི་སྣ་ལ་བདུད་རྩི་སྤྲིན་འཁྲིགས་པའི་གསབ་ནས་བདུད་རྩི་བབས་པས་སྐྱ་མེར་གྱིས་གང་བར་བསམ། གྲི་གུག་གིས་དཀྲུགས་པས་བདུད་རྩི་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་འདྲེས་པར་བསམ། གྲི་གུག་དང་ཡིག་འབྲུ་རྣམས་བདུད་རྩིར་གྱུར། དེ་ནས་རྣལ་འབྱོར་མས་ཧཱུྃ་ལན་གསུམ་ཤངས་ནས་རླུང་དྲག་པོ་ཤང་ཤང་བྱུང་ནས་བ་དན་གཉིས་པོ་ལ་ཕོག་ནས་དེ་གཉིས་ཀྱིས་རླུང་གཡབ་པས་རཾ་ལས་མེ་འབར་བར་བསམ། །དེ་ནས་བདུད་རྩི་ལྷོག་ཆིལ་གྱིས་ཁོལ་བར་བསམ། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་པས་བདུད་རྩི་དཀར་མེར་གྱིས་གྱུར་པར་བསམ། དེ་ནས་རང་རྣལ་འབྱོར་མའི་ཐུགས་ཀ་ནས་ཧཱུྃ་ལས་འོད་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ནས་ཇོ་མོ་རྣལ་འབྱོར་མ་དཔག་ཏུ་མེད་པ་བྱོན་ནས་ཀ་པཱ་ལས་བདུད་རྩི་བཅུས་ཏེ་ཁྱེར་ནས་དམྱལ་བའི་གནས་སུ་སོང་བས་དམྱལ་བ་རེ་རེའི་མགོ་ན་ཡང་ཇོ་མོ་རེ་རེ་ཡོད་པར་བསམ། སེམས་ཅན་དམྱལ་བ་དེ་རྣམས་ཀྱི་ཁ་ནས་མར་རང་དབང་མེད་པར་བླུགས་པས་དེ་ཐམས་ཅད་ཀྱི་ཚ་གྲང་གི་སྡུག་བསྔལ་ཞི་ནས་དེ་རྣམས་ཐམས་ཅད་རྣལ་འབྱོར་མའི་སྐུར་གྱུར་པར་བསམ། ལྷག་མ་དེ་ཕོ་བས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཞིང་དུ་གྱུར་པར་བསམ། དེ་ནས་རིགས་དྲུག་ཀ་ལ་དེས་མཚོན་པས་ཆོག་པ་ཡིན་གསུངས། དེ་ནས་ལྷག་མ་དེ་དཀོན་མཆོག་ལ་དབུལ་བར་མི་འོས་ན་ཡང་བྲོས་འཐུང་གི་ལྷག་མ་མེད་པར་དཀོན་མཆོག་ལ་ཕུལ་ན་ཆོག་པ་ཡིན་གསུངས། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། སྨོན་ལམ་གདབ་བོ།།

༄༅། བྱིན་རླབས་སྤྲིན་ཕུང་ཡེ་ཤེས་འབེབས་པ་བཞུགས་སོ། ༎

༥༧ མ་འོངས་སྐལ་ལྡན་ཐར་པར་འདོད་རྣམས་ཀྱིས། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །དབང་ཕྱུག་དམ་པའི་འབྱོར་པས་ཡོངས་གང་ཞིང་། །འགྲོ་ཀུན་དགའ་བསྐྱེད་རྒྱལ་མཚན་འཛིན་པར་བྱེད། །དཔལ་ལྡན་བླ་མ་མཚུངས་མེད་ཆོས་རྗེའི་ཞབས། །གང་ལ་དད་བརྒྱའི་པདྨོས་ལེགས་བཏུད་དེ། །དེ་ཡི་ཚིག་དོན་རྣམ་བཀྲའི་མེ་ཏོག་ཕྲེང་། །སྐལ་བཟང་སྐྱེ་བོ་རྣམས་ལ་གཟིགས་པར་ཕུལ། །རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་དབང་གི་རྣམ་པར་ཕྱེ་བ་ལས། སྤྲོས་པ་མེད་པ་གསང་བའི་དབང་གི་ཆོ་གའི་རིམ་པ་གསལ་བར་བྱེད་པ་རིན་པོ་ཆེའི་དྲ་བ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ། །དགེའོ། །བྱིན་རླབས་སྤྲིན་ཕུང་ཡེ་ཤེས་འབེབས་པ་བཞུགས་སོ། །བྱིན་རླབས་སྤྲིན་ཕུང་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སྤྲོས་མེད་དབང་གི་འཇུག་པ་ཡི། །ཡེ་ཤེས་དབབ་པ་གསལ་བར་བྱ། །དེ་ཡང་ཐུན་མོང་གི་འཇུག་པ་རྫོགས་ནས། །ཐུན་མོང་མ་ཡིན་པར་འཇུག་པ་ལ་བརྩམ་པའི་བར་དེར། བླ་མ་དང་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས་འཇུག་པ་ཕྱག་ལེན་དུ་མཛད་པ་ནི། བླ་མས་ཁྲོ་བོའ་ང་རྒྱལ་གྱིས་བགེགས་བསྐྲད་ཅིང་། གུ་གུལ་དང་ཚིལ་ཆེན་དང་འདོམ་དཀྲིས་ཀྱི་དུམ་བུ་དང་། ཉུང་ནག་དང་མུ་ཟི་རྟ་བོན་བསྲེགས་པའི་དུ་བས་བདུག་ཅིང་། རོལ་མོའ་སྒྲ་བསྒྲགས་ལ་སློབ་མ་རྣམས་པདྨ་མཁའ་འགྲོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པའི་སྙིང་ནང་དུ་འོད་ལྔའི་གཡུང་དྲུང་འཁྱིལ་བ་རེ་བསྒོམ་དུ་བཅུག་ལ། རྐང་པའི་ལོང་བུ་གཤིབས་ལག་པ་སྤྱི་བོར་ཐལ་མོ་སྦྱར། མིག་བཙུམས་པ་ལ་བླ་མས་གསལ་གདབ་པ་ནི། ཨེ་མ་བུ་རྣམས་དད་གུས་རྩེ་གཅིག་པས་མ་ཡེངས་པར་ཉོན་ལ་མོས་གུས་གྱིས་ཤིག །ནམ་མཁའི་དཀྱིལ་ན་ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་མཐིང་ག་འོད་ཕུང་དུ་འབར་བའི་མཐའ་བསྐོར་དུ།
༥༨ བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ་སྤྲིན་ཕུང་འཐིབས་པ་ཙམ་བྱོན་ནས་རང་རང་གི་སྤྱི་བོར་བྱོན་པར་སྒོམས་ཤིག །ༀ་གུ་རུ་ཀུན་ཏུ་བཟང་པོ་ས་མ་ཡ་ཛ་ཛཿ ཞེས་པ་ནས་རྩ་བའི་བླ་མའི་བར་བརྗོད་དེ། ཛཿཧཱུྃ་བཾ་ཧོ། །ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཿ ཞེས་དང་རོལ་མོ་བསྒྲག་གོ །ཁྱད་པར་དུ་རྒྱ་ནག་རི་བོ་རྩེ་ལྔ་ནས། གུ་རུ་བི་མ་ལ་མི་ཏྲ་སྐུ་མདོག་ལྗང་སེར་པཎྜི་ཏའི་ཆ་བྱད་ཅན་པོ་ཏི་བསྣམས་པ། འཁོར་པཎྜི་ཏ་དང་མཁའ་འགྲོ་མས་བསྐོར་བ་ནམ་མཁའ་ནས་ཚུར་བྱོན་པར་གྱུར་ནས། རང་གི་སྤྱི་བོར་ཐིམ་པར་སྒོམས་ཤིག །ༀ་གུ་རུ་བི་མ་ལ་མི་ཏྲ་ས་མ་ཡ་ཛ་ཛཿ ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཿ ཡང་ནུབ་ཕྱོགས་ཨུ་རྒྱན་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་དཀར་སེར་རྡོ་རྗེ་དང་དྲིལ་བུ་བསྣམས་པ་མཁའ་འགྲོ་སྡེ་ལྔས་བསྐོར་བ་བྱོན་ནས་སྤྱི་བོར་ཐིམ་པར་སྒོམས་ཤིག །ༀ་བཛྲ་གུ་རུ་པདྨ་སིདྡྷི་ཨཱཿཧཱུྃ་ས་མ་ཡ་ཛ་ཛཿ ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཿ །ཞེས་པ་དང་རོལ་མོ་བསྒྲག་གོ །དེ་ནས་ཡི་དམ་རིགས་ལྔས་བྱིན་དབབ་པ་ལས་འོག་མིན་ནས་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་བསྣམས་པ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ནས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་བསྣམས་པ། ལྷོ་ཕྱོགས་དཔལ་དང་ལྡན་པ་ནས་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་བསྣམས་པ། ནུབ་ཕྱོགས་པདྨ་བརྩེགས་པ་ནས་སྣང་བ་མཐའ་ཡས་དམར་པོ་པདྨ་བསྣམས་པ། བྱང་ཕྱོགས་ལས་རབ་རྫོགས་པ་ནས་དོན་ཡོད་གྲུབ་པ་ལྗང་གུ་རྡོ་རྗེ་རྒྱ་གྲམ་བསྣམས་པ། འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པས་བསྐོར་བ་བྱོན་ཏེ་རང་རང་གི་སྤྱི་བོར་བྱོན་པར་སྒོམས་ཤིག །ༀ་ཨཱཿཧཱུྃ་སྭཱ་ཧཱ་ས་མ་ཡ་ཛ་ཛཿ ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཿ ཞེས་བརྗོད་དོ། །དེ་ནས་མཁའ་འགྲོ་མས་བྱིན་དབབ་པ་ནི། ནམ་མཁའི་དབྱིངས་ནས་རྡོ་རྗེ་ཕག་མོ་མཐིང་ག་ལ། རྡོ་རྗེ་མཁའ་འགྲོ་དཀར་མོ། རིན་ཆེན་མཁའ་འགྲོ་སེར་མོ། པདྨ་མཁའ་འགྲོ་དམར་མོ། ལས་ཀྱི་མཁའ་འགྲོ་ལྗང་གུ། ཐམས་ཅད་ཀྱང་གྲི་གུག་དང་ཐོད་པ་འཛིན་ཅིང་གྲུ་མོ་ན་ཁ་ཾ་ག་གཡོབ་པ་གར་སྟབས། ལིང་ལིང་གླུ་ལེན་བྲོ་བརྡུང་གར་བྱེད་སིལ་སྙན་འཁྲོལ་ཞིང་། ནམ་མཁའ་ཐམས་ཅད་ཁྱབ་པར་བུན་ནུ་ནུ་བྱོན་ནས་སྤྱི་བོར་ཐིམ་པར་སྒོམས་ཤིག །ༀ་བཛྲ་བྷཱ་རཱ་ཧཱི། ཧ་རི་ནི་ས། ཨཱ་བེ་ཤཱ་ཡ། ཨཱ་བེ་ཤ་ཡ།
༥༩ ཧྲིཾ་ཧྲིཾ། ཕཻཾ་ཕཻཾ། མི་མི། ཡཾ་ཡཾ། ཛཿཛཿ ཞེས་བརྗོད་དོ། །ཡང་དཔའ་བོ་རིགས་ལྔ་བུན་ནུ་ནུ་བྱོན་ནས་ཐིམས་པར་སྒོམས་ཤིག །ༀ་བཛྲ་ཀིང་ཀ་ར། ར་ཙ་ཧྲི་ཡ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ས་མ་ཡ་ཛཿཛཿ ཧ་ཧ་ཧེ་ཧེ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ། ཅེས་པས་བྱིན་དབབ་བོ། །དེས་ནི་ངོ་འཕྲོད་ཅིང་དངོས་གྲུབ་རྣམ་པ་གཉིས་མྱུར་ཏུ་འགྲུབ་པར་བྱེད་དོ། །བླ་མ་དམ་པའི་ཕྱག་བཞེས་ཇི་ལྟ་བ་བཞིན། སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་རང་བྱུང་པདྨའི་གནས་སུ་བཀོད་པ་རྫོགས་སོ། །དགེའོ། །མངྒ་ལཾ།

འབྲས་བུ་ལུས་འཆི་མེད་ཀྱི་རྩ་བ་བཞུགས་སོ།

༡༩ ༈ །འབྲས་བུ་ལུས་འཆི་མེད་ཀྱི་རྩ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨ་མཱ་ར་སིདྡྷི་མཱུ་ལ། བོད་སྐད་དུ། འཆི་མེད་གྲུབ་པ་ཞེས་བྱ་བའི་རྩ་བ། དབུ་བཅད་སྤྱན་གསུམ་དམར་བའི་མདོག་འཛིན་ཞིང་། །འཆི་བའི་འཇིགས་སེལ་རྣལ་འབྱོར་རྣལ་འབྱོར་མའི། །ཕྱག་རྒྱ་དེ་བཞིན་བི་བརྒྱུད་པར་འཛིན། །དྲག་པོའ་ཁམས་ཀྱི་
༢༠ སྟོབས་ལྡན་དེ་ལ་འདུད། །ཕྱག་འཚལ་རྡོ་རྗེ་རྣལ་འབྱོར་མ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའབའི་མེ་ལྟར་འབར་བའི་འོད། །ཕྱག་རྒྱ་ཆེན་པོ་རྣམ་བཤད་པ། །རྒྱུད་རྣམས་ཀུན་ཏུ་སྦས་པའི་དོན། །མིང་ནི་གང་གིས་ཐོས་པ་ཡིས། །ལྷ་རྣམས་ཀུན་གྱིས་མཆོད་པར་འགྱུར། །སྐྱེ་བ་བྱེ་བ་སྟོང་དག་ཏུ། །ལེགས་བྱས་རྒྱ་ཆེན་རྣམས་བྱས་པས། །དེ་ཐོབ་འཁོར་བའི་རྒྱ་མཚོ་ལས། །ཕ་རོལ་དུ་ནི་རྣལ་འབྱོར་འགྲོ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །བདེ་བ་ཆེན་པོའ་འཁོར་ལོ་ནི། །མི་སྐྲག་པ་དང་རྒྱུན་ཆད་མེད། །ནུབ་ཀྱི་རྩ་རུ་བསྐུལ་བྱས་པས། །ས་ཡི་དཀྱིལ་འཁོར་བསྒྲུབ་པར་བྱ། །གཤང་ལམ་གྱེན་དུ་དྲངས་པ་ཡི། །མེ་ཡི་དཀྱིལ་འཁོར་བསྒྲུབ་པར་བྱ། ཧཱུྃ་གིས་རླུང་གི་དཀྱིལ་འཁོར་ནི། གྱེན་དུ་དྲངས་པས་འདུལ་བར་བྱེད། །རྩ་བའི་དཀྱིལ་འཁོར་དབྱེ་བ་ཡིས། །མ་ནི་སུ་ར་ཀི་རུ་བྱ། །དེས་ནི་ཆུ་ཡི་དཀྱིལ་འཁོར་ཐུལ། །རྟག་པ་དང་ནི་མི་རྟག་དང་། །འཁོར་བ་དང་ནི་མྱ་ངན་འདས། །སྐྲག་པ་མེད་ཅིང་ཐུལ་བར་འགྱུར། །རྒྱུན་ཆད་མེད་པའི་དཀྱིལ་འཁོར་གྱིས། །རིགས་དྲུག་འགྲོ་བའི་འཁོར་ལ་བཏུལ། །ཐོག་མར་གཡས་ཀྱི་མིག་ཏུ་ན། །རྣལ་འབྱོར་མ་ནི་ཆེན་མོ་སྟེ། །དབུགས་རྣམས་ཐམས་ཅད་སྡུད་པར་བྱེད། །གཡོན་གྱི་ངོས་ན་ལ་ལཱ་ན། །དེ་ཡང་དེ་བཞིན་བསྡུ་བ་ཡི། །དབུ་མའི་རྩ་རུ་བཙུད་བྱས་ནས། །ཞེན་པ་དང་ནི་གདུང་བ་སྤོང་། །རྐྱེན་རྣམས་གང་གིས་མི་ཤེས་ཤིང་། །ཐིག་ལེ་ནཱ་ད་རྣམ་པར་སྤངས། །འབྱུང་པོ་རྣམས་ཀྱིས་བཀུར་སྟི་བྱེད། །དེ་ནི་ལུས་ཀྱི་དབྱེ་བའོ། །གཡོན་པའི་རྟིང་པས་བཤང་ལམ་དགག །རྩ་བས་དམ་དུ་རྣམ་པར་མནན། །རྩ་སྒོ་གཉིས་ནི་དམ་དུ་བསྡམ། །གཡས་པ་ཅུང་ཟད་བརྐྱང་བར་བྱ། །སྟན་ལ་ལེགས་པར་འདུག་བྱས་ཏེ། །སྙིང་ག་ལྐོག་མས་མནན་པར་བྱ། །སྒོ་གསུམ་དགག་པའི་སྦྱོར་བའོ། །རླུང་རྣམས་གཅིག་ཏུ་བསྡུ་བར་བྱ། །རྐང་
༢༡ པ་བཞི་པར་སེམས་ནི་བསྡུ། །རླུང་གིས་གདམས་པ་བརྩམ་པར་བྱ། །ཉི་ཟླ་གཉིས་ཀྱིས་བཅག་པར་བྱ། །དེ་ལྟར་བྱས་པས་རླུང་ནི་དགག །བཤང་ལམ་འཁོར་ལོ་གྱེན་དུ་བཟློག །ཐིག་ལེ་སྒྲ་གཅན་གྱེན་དུ་བླང་། །རྩ་རྣམས་ཐམས་ཅད་རབ་ཏུ་གཡོ། །མཆོག་གི་རྩ་ནི་གྱེན་དུའོ། །ལུས་ངག་ཡིད་གསུམ་སྦྱོར་བ་ཡིས། །སྐུ་གསུང་ཐུགས་ནི་སྒྲུབ་པ་ཡིན། །གོམས་པ་བརྟན་པར་གྱུར་པབ་ཡི། །རང་གི་མེ་ནི་གསལ་བའོ། །ཕྱག་རྒྱ་འདི་ཡིས་ཐམས་ཅད་དུ། །རྣལ་འབྱོར་པ་ནི་ངེས་པར་འགྲོ། །འདི་ནི་ཁ་སྦྱོར་སྦྱོར་བ་སྟེ། །རྩ་བའི་སྡོམ་པར་འདོད་པའོ། །འདི་ནི་རླུང་གི་སྦྱོར་བ་ཡིན། །མཁས་པ་རྣམས་ཀྱིས་འདི་བསྒྲུབ་བོ། །ཕྱག་རྒྱ་གཉིས་སུ་ཤེས་བྱ་སྟེ། །ཇི་བཞིན་སྡོམ་པའི་ཆོ་གས་ཤེས། །ཛྙོ་ནི་ལྷ་མོའ་ཕྱག་རྒྱ་ཡིན། །ལིང་གའི་ཕྱག་རྒྱ་ལྷ་ཡིན་ནོ། །ཕོ་དང་མོ་ཡི་སྦྱོར་བ་ལས། །ཕྱི་རོལ་དུ་ནི་སྐྱེ་བར་འགྱུར། །ཇི་བཞིན་སྦྱོར་བ་དེ་གཉིས་ཀྱིས། །སྐྱེ་བ་ནང་དུ་གསད་པར་བྱ། །རྩ་ནི་ཡོན་ཏན་གཟུགས་ཅན་ཏེ། །སྐྱེས་པ་མེད་ན་འབྲས་བུ་མེད། །ཕྱག་རྒྱ་ཆེ་དང་བསྡམས་པ་མེད། །དབྱེ་བ་མེད་ན་འབྲས་བུ་མེད། །རླུང་ནི་འཁོར་ལོ་གཅིག་ཏུ་བསྡུ། །ཇི་སྲིད་བསྡམས་པ་བཞིན་དུ་བྱ། །རྣལ་འབྱོར་པ་ཡིས་གཞིག་པར་བྱ། །རང་གི་རླུང་སེམས་གཞིག་པར་བྱ། །རླུང་གི་སྟོབས་དང་ལྡན་བྱས་ལ། །དབུ་མའི་སྒོ་རུ་གཞུག་པར་བྱ། །སྦྱོར་བའི་རིམ་པས་གཞིག་པར་བྱ། །འཁོར་ལོ་བཞི་པོ་རླུང་གིས་དབུག །ལག་པའི་ལིངྒ་བསྡམ་བྱ་སྟེ། །རྐང་པ་གཉིས་ནི་སྟེང་དུ་བསྟན། །རྩེ་མོ་གཉིས་ནི་ས་ལ་གཟུག །བརྟན་པར་བརླ་ལ་བརྡབ་པར་བྱ། །ཇི་སྲིད་ཐུབ་ཚད་སྤྲུགས་པར་བྱ། །རླུང་གིས་རླུང་ནི་བཤིག་པར་བྱེད། །རླུང་གིས་རླུང་ལ་བསྐྲུན་པར་བྱ། །རླུང་གིས་རླུང་ནི་གསད་པར་བྱ། །རླུང་གིས་ཡོངས་ལ་ཁྱབ་པ་ཡི། །རླུང་གིས་དངོས་གྲུབ་ཐམས་ཅད་སྦྱིན། །རླུང་གིས་འཆི་བ་མེད་པར་འགྱུར། །དེས་ན་བདུད་རྩི་གྲུབ་པ་ཞེས། །
༢༢ བིརྺ་པ་ཡིས་གསུངས་པ་ཡིན། །ལེགས་བསྡམ་ལུས་ཀྱི་ལས་ཡིན་ཏེ། །ལྷུན་པོ་ཡིས་ནི་བར་དག་ཏུ། །རྡོ་རྗེའི་རླུང་རྩེ་བྱ་བ་ཡིས། །དབུག་པའི་སྦྱོར་བ་འདི་ཡིས་ནི། །ཚངས་པའི་མདུད་པ་བཤིག་པར་བྱ། །ལྷུན་པོའ་སྟེང་དུ་ལྷ་རྣམས་འགྲོ། །ལྷུན་པོ་དག་ནི་གཡོ་འགྱུར་ཏེ། །དེས་ནི་ཐམས་ཅད་བརྒྱལ་བར་འགྱུར། །ཚངས་པ་ལ་སོགས་ལྷ་རྣམས་གསང་། །དང་པོ་ཡི་ནི་སྦྱོར་བ་ཡིས། །ཚངས་པའི་མདུད་པ་བཤིག་པར་བྱ། །དེ་བཤིག་ནས་ནི་བིཥྞུ་བཤིག །དེ་ནས་དབང་ཕྱུག་མདུད་པ་བཤིག །དེ་ནས་གཏི་མུག་ལ་སོགས་སྤངས། །ཚངས་པའི་སྒོ་ནི་སྦས་པ་ལ། །རླུང་གི་སྒོ་ནི་རྣམ་པར་དབྱེ། །གདམས་པ་ཆེ་དང་འབིགས་པ་ཆེ། །ཕྱག་རྒྱ་ཆེ་ནི་གསུམ་པ་ཡིན། །འདི་ནི་གསང་བ་གསུམ་ཡིན་ནོ། །དེ་དག་གིས་ནི་སྦྱོར་གྲུབ་གྲགས། །དེ་ཉིད་གསུམ་ནི་གང་རིགས་པས། །དེ་ནི་འཇིག་རྟེན་གསུམ་རིག་གོ །གང་གིས་འདི་ལ་གོམས་བྱས་ན། །ཐམས་ཅད་ཀྱི་ནི་མངའ་བདག་འགྱུར། །བསྲུང་བ་ལྷ་ཡི་ལྷ་རྣམས་དང་། །མི་ཡི་བདག་པོའ་བདག་པོར་འགྱུར། །དབང་བསྐུར་ཀུན་ལ་དག་པ་ཡིན། །ཐམས་ཅད་མ་ལུས་ལྷག་པར་འགྱུར། །དེས་ན་ལྷ་རྣམས་ཀུན་གྱིས་འབད། །ཕྱག་རྒྱ་ཆེ་ལ་གོམས་པར་བྱ། །ཕྱག་རྒྱ་འདི་ཡིས་ཐམས་ཅད་འབྱུང་། །གྲུབ་པ་ཆེན་པོ་གང་ཡིན་པ། །རྣམ་གཉིས་དེ་ནི་དམ་པ་དང་། །འཆི་བ་ལས་ནི་གྲོལ་བ་དང་། །ལུས་སེམས་ལ་ནི་ཕན་པ་འབྱུང་། །སེམས་ལ་གནས་པ་ཙམ་གྱིས་ཀྱང་། །མངལ་དུ་སྐྱེ་བར་མི་འགྱུར་རོ། །ཕྱག་རྒྱའི་དམ་ཚིག་ཇི་ལྟ་བུ། །ལས་ཀྱི་ཕྱག་རྒྱ་དག་ལ་ནི། །འགྲོ་བ་རྣམས་ནི་དེ་ལས་སྐྱེས། །ལས་ནི་རིགས་དྲུག་དག་ཀྱང་ཡིན། །ཆོས་ནི་ཆོས་ཀྱི་ཕྱག་རྒྱ་ཡིན། །སེམས་ཀྱིས་དེ་བླང་ཉམས་སུ་སྦྱར། །བླ་མའི་ཞབས་ལ་བཏུད་བྱས་ཏེ། །བླ་མ་ལ་གུས་དགའ་བར་བཟུང་། །འདི་ནི་དམ་ཚིག་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོས་རྩ་དགུ་བསྡམ། །རྐང་པ་ལག་པས་བསྡམ་བྱ་སྟེ། །རྩ་རྣམས་ཐམས་ཅད་
༢༣ འཐེན་པར་བྱ། །སྲོག་རླུང་ལན་གསུམ་དབྱུང་བྱ་སྟེ། །ལངས་པས་རྩ་རྣམས་གྱེན་དུ་ཕྱོགས། །ནད་རྣམས་ཐམས་ཅད་བཅོམ་ནས་ནི། །ཕྱག་རྒྱ་ཆེན་པོའ་དོན་ཡང་རྫོགས། །ཇི་ལྟར་བར་སྣང་ནམ་མཁའ་ལ། །སྤྲིན་ཚོགས་འབར་བ་འཁྲིགས་པ་སྟེ། །རླུང་གིས་ཤུགས་ཀྱིས་གཏོར་བ་ལྟར། །དེ་བཞིན་ལུས་འདི་དག་ཀྱང་ནི། །ནད་ཀྱིས་ཡོངས་སུ་བགོས་གྱུར་ཀྱང་། །ཐབས་ཀྱི་རླུང་གིས་གཞོམ་པར་བྱ། །དཀའ་བས་འབྱུང་བ་ལྔ་དག་ཀྱང་། །ལས་ཀྱི་བྱ་བས་མཉེ་བྱ་ཞིང་། །དབང་པོ་ངལ་ཞིང་དུབ་པའི་ཚེ། །རྩེ་གཅིག་སེམས་ཀྱི་ངང་དུ་བཞག །བསྡམ་པ་ཆེན་པོས་གནས་པར་བྱ། །སྟོབས་ཀྱི་འཁོར་ལོ་འདི་ཡིས་ནི། །སྟེང་དུ་ལྷ་ཡི་འཇིག་རྟེན་སྐྲག །རྐང་པ་འོག་ཏུ་བརྐྱང་པ་ཡིས། །ཀླུ་རྣམས་ཀུན་ཀྱང་སྐྲག་པར་བྱེད། །ལག་པ་བརྐྱང་བསྐུམ་འདི་ཡིས་ནི། །ཕྱོགས་བཞི་དག་ཀྱང་གཡོ་བར་བྱེད། །འདི་ནི་ཛྷ་ཧི་ཏའི་སྐར་མའོ། །དང་པོ་མི་ནི་ཡི་གེ་ཡིན། །སྦྱོར་བ་ལྡན་པར་བཤད་པར་བྱ། །དད་དང་ལྡན་པའི་སྦྱོར་བ་ཡིས། །རྣལ་འབྱོར་པས་ནི་ངེས་པར་ནི། །ཕྱག་རྒྱ་ཆེན་པོ་འགྲུབ་པ་ཡིན། །སྡོམ་པ་ཆེན་པོ་བཤད་པར་བྱ། །རླུང་གིས་ལུས་ནི་འཇིགས་པར་འགྱུར། །སྡོམ་པ་གཉིས་སུ་ཤེས་བྱ་སྟེ། །ཇི་བཞིན་ཐིག་ལེ་གནས་པ་དང་། །ཛྷ་ཀི་བྷནྡྷའི་ལྷ་མོ་ཡིན། །མགྲིན་པ་བསྡམ་པ་ལྷ་ཡིན་ནོ། །དགང་བ་ཅན་དང་བུམ་པ་ཅན། །ཕྱག་རྒྱ་བཟུང་བར་རྣམ་པར་བྱ། །སྐད་ཅིག་ཉིད་ལ་བསྡམ་པར་བྱ། །ལྷ་དང་ལྷ་མིན་ཀུན་ལ་གསང་། །བཤང་ལམ་བསྡམ་པ་དང་ལྡན་པས། །རླུང་ནི་རྣམ་པར་བསྐུམ་པ་དང་། །གྱེན་དུ་བླང་བར་བྱས་པ་ཡིན། །མཉམ་པའི་རླུང་དང་བསྲེ་བར་བྱ། །རྣལ་འབྱོར་བསྡམ་པར་བྱས་པ་ཡིན། །དབུ་མའི་སྒོ་རུ་གཏད་པར་བྱ། །ལམ་གསུམ་རྣམ་པར་འགོག་པར་བྱ། །རླུང་ནི་ནང་དུ་བཟུང་བར་བྱ། །སྲོག་གི་རླུང་ཡང་བརླན་པར་བྱ། །དེ་ལྟར་བྱས་པས་འོག་ཏུ་འབམ། །གྱེན་དུ་བསྐྱོད་པར་བྱ་བ་ཡིན། །སྟེང་འོག་རླུང་གི་སྦྱོར་བའོ། །
༢༤ འདི་ལྟར་མི་ཡི་ལུས་ལ་ནི། །གྲུབ་པའི་ལམ་ནི་རབ་གསལ་བ། །ཉམས་མྱོང་སྐྱེ་ཞིང་ལུས་རྒྱས་འགྱུར། །རྒུས་པར་ཡང་ནི་མི་འགྱུར་རོ། །རྩ་རྣམས་རྒྱུན་ནི་འབབ་པ་དང་། །རྟག་པར་འོག་ཏུ་འགྲོ་བ་ཡིན། །བསྡམ་པ་ཆེན་པོ་འདི་ཡིས་ནི། །རྣམ་པར་བཟློག་པར་འགྱུར་བ་ཡིན། །གཤིས་ནི་ཐུར་དུ་འགྲོ་བ་ཡིན། །ལུས་ཀྱི་ཕྱི་རོལ་འགྲོ་བ་དང་། །ཡུང་བའི་ནང་དུ་ཆུ་འབབ་སྟེ། །དེ་ནི་བསྡམས་པས་ལྡོག་པར་འགྱུར། །ཇི་སྲིད་ཕྱི་རོལ་འགྲོ་བ་དང་། །བསྡམས་པས་ལྡག་པར་འགྱུར་བ་ཡིན། །དེ་བཞིན་ནང་གི་ལུས་ལ་ཡང་། །རྣལ་འབྱོར་རྟག་ཏུ་ཤེས་པར་བྱ། །ལུས་ཀྱི་རྩ་ནི་མ་ལུས་ཀྱང་། །འདིས་ནི་བསྡམ་པར་རབ་ཏུ་གྲགས། །གདམས་པ་འདི་ཡི་མཐུ་ཡིས་ནི། །ལྷ་རྣམས་ཀུན་གྱིས་གསལ་བར་འགྱུར། །འདི་ལྟར་གདམས་པ་བཞི་ཡིས་ནི། །ལམ་གསུམ་རྣམ་པར་བཀག་པའོ། །ལམ་བཞི་པོ་ནི་གསལ་བ་ཡིན། །གྲུབ་པ་ལྷ་ཡི་ལམ་དུ་འགྲོ། །སྐྱེ་དང་འཆི་བའི་ལམ་གཉིས་པོ། །འོག་གི་ལམ་དུ་བཤད་པ་ཡིན། །བསོད་ནམས་དང་ནི་སྡིག་རྒྱུ་ཡིན། །དེ་ཕྱིར་སྐྱོན་གཉིས་རྣམ་པར་སྤངས། །རླུང་གི་དེ་ཉིད་བུམ་པ་ཅན། །དེ་ནི་རབ་ཏུ་མཉམ་པར་བྱ། །སྟེང་གི་ལམ་དུ་རྣམ་བྱས་ལ། །རླུང་དང་ལྷན་ཅིག་སྦྱོར་བ་ཡི། །གདམས་པས་ཆུ་རྒྱུན་འགག་པ་ལྟར། །འགྲོ་བ་ཐམས་ཅད་རྣམ་པར་འགོག །དེས་ན་དེ་ཡི་བཀའ་དྲིན་གྱིས། །ཛྷོ་ནི་གདམས་པ་ཞེས་གྲགས་སོ། །གྲུབ་པའི་ལམ་དང་ཡང་དག་ལྡན། །མི་ནི་འགྱུར་ཏེ་གཞན་དུ་མིན། །ཕྱག་རྒྱ་འདི་ནི་ཤེས་པ་ཡིས། །དྲེགས་པ་ཡོད་ཀྱང་དོན་དང་ལྡན། །དེས་ནི་ཐམས་ཅད་ཤེས་པ་ཡིན། །འཆི་མེད་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་བིར་ཝ་མཛད་པ་རྫོགས་སོ། །རྒྱ་གར་གྱི་རྣལ་འབྱོར་པ་ཆེན་པོ་དཔལ་དུར་ཁྲོད་པའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་མར་པ་ལོ་ཙཱ་བས་ཏེ་ཏོའ་དུར་ཁྲོད་དུ་བསྒྱུར་བའོ།

༄༅། །ལམ་ཟབ་ཐུན་མོང་གི་ཁྲིད་བཞུགས་སོ༎ ༎

༡༤༣ ལམ་ཟབ་ཐུན་མོང་གི་ཁྲིད་བཞུགས་སོ།། །།
༡༤༤ རྣམ་པ་ཀུན་གྱི་མཆོག་ལྡན་ལ། །ཐམས་ཅད་མཁྱེན་པའི་སྐད་ཅན་ཏེ། །ཤེས་རབ་ཐབས་སུ་མི་ཕྱེད་པའི། །དཔལ་ལྡན་རྩ་བའི་བླ་མར་འདུད། །རིགས་པས་གྲུབ་པ་ལུང་གི་བཅུད། །ཉམས་སུ་བླངས་ཀྱིན་མཚར་བའི་ལམ། །ཟབ་མོ་འདི་སྙམ་འབའ་ཞིག་ནས། །སློབ་མ་སངས་རྒྱས་སར་ཁྲིད་པ། །དྭགས་པོ་བཀའ་བརྒྱུད་ལ་འཁུ་བའི། །གངས་ཅན་པ་དག་བསྔགས་པའི་ལམ། །དཔེ་ནི་རྗེས་དཔག་གཡང་ས་ན། །མི་བཟད་འཁོར་བའི་གཅོད་དུ་བསྐྱུར། །ཨེ་མ་རང་ཉིད་བསླུར་མི་ཕོད། །ལྷག་པར་གཞན་དོན་འགྲུབ་རིངས་པ། །དེ་དག་ཟླ་འོད་གཞོན་ནུའི་རྗེས། །སྙེག་པའི་སྐལ་བཟང་ལྷ་ལ་སློང་། །འདིར་བླ་ན་མེད་པའི་བྱང་ཆུབ་ཏུ་མྱུར་བ་ལས་ཆེས་མྱུར་བར་འཁྲིད་པའི་ལམ་ཟབ་བླ་མའི་སྒྲུབ་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། །དང་པོ་ལ། སྔོན་འགྲོ་བསླབ་པ་གསུམ་ལ་བསླབ་པ། །དངོས་གཞི་སྨིན་གྲོལ་གཉིས་ལ་བསླབ་པ། །རྗེས་ངོ་སྤྲོད་པ་ལ་བསླབ་པ་ལས། །དང་པོ་ནི། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས་ཅི་མཛད་གདུལ་བྱ་འདུལ་བྱེད་ཀྱི་ཐབས་སུ་ཤེས་པར་བྱས་ལ། རྣམ་པར་ཐར་
༡༤༥ པ་ཅིར་སྟོན་ཡང་ལོག་པར་མི་བལྟ། བཀའ་གང་གནང་གདམས་ངག་ཏུ་ཤེས་པར་བྱས་ལ། ཅི་གསུང་ཡང་དང་ལེན་གྱི་གོ་ཆ་གྱོན། །གང་འདུལ་གྱི་སྐུ་མི་གཟུགས་སུ་སྣང་བ་མ་གཏོགས་རྫོགས་པའི་སངས་རྒྱས་དངོས་རང་དུ་ཤེས་པར་བྱས་ལ། བཟང་ངན་མི་བརྟག །མི་དགྱེས་པ་སྐད་ཅིག་ཀྱང་མ་ཤོར་བར་བྱའོ། །གལ་ཏེ་ཐོག་མ་མེད་པའི་མ་རིག་པའི་དབང་གིས་སྡོམ་པ་གསུམ་དང་འགལ་བའི་ཉེས་པའམ། རང་བཞིན་གྱིས་གནས་ངན་ལེན་སྤྱད་པས་མི་དགྱེས་པ་བྱུང་ན། སྦྱོར་དངོས་རྗེས་གང་ཡིན་པ་དེ་ཉིད་དུ་རང་རིག་པའི་ཡེ་ཤེས་ཀྱིས་སྦྱང་། །དེས་མོད་ལ་དག་པར་འགྱུར་ལ། །གཞན་དུ་ཉིན་ཞག་གཅིག་གི་ཁོངས་ཡན་ཆད་དུ་བཤགས་ཕུལ་དང་བསམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་བརྟེན་གྱི་སྟོབས། །སྔར་བྱས་ལ་འགྱོད་སེམས་རྣམ་པར་སུན་འབྱིན་གྱི་སྟོབས། བླ་མ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་གནས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་ཉེས་པ་ལས་སླར་བཟློག་པའི་སྟོབས་བཞིས་སྦྱོང་བར་བྱའོ། །དེ་ནི་རྒྱུན་དུ་དམ་ཚིག་གཙང་བ་ལ་བསླབ་པའོ། །དེ་ནས་མཉེས་
༡༤༦ པ་གསུམ་གྱིས་བསྟེན། །རང་གི་ལུས་ལོངས་སྤྱོད་དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་དང་བཅས་པ་ཐམས་ཅད་ལྟོས་མེད་དུ་བླ་མ་ལ་འབུལ་བ་ནི་བསོད་ནམས་ཀྱི་ཚོགས་གསོག་བ་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་ལ། །དེ་ཉིད་ཀྱིས་དངོས་པོ་ཐམས་ཅད་ལ་ཆགས་པ་མེད་པའི་ཏིང་ངེ་འཛིན་རྙེད་ཅིང་། ཏིང་ངེ་འཛིན་དེ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པར་འགྱུར་ཏེ། ཚུལ་འདིས་མཆོད་བྱ་དང་མཆོད་བྱེད་གཉིས་སུ་མེད་པར་མཆོད་པས་ཡེ་ཤེས་ཀྱི་ཚོགས་ཀྱང་མཐར་ཐུག་པ་གསོག་པར་བྱེད་དོ། །གཞན་དུ་བླ་མའི་མཎྜལ་ལ་བརྩོན་པར་བྱ་སྟེ། བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་ལས་འབྱུང་བ་བཞིན་ནམ། མདོར་བསྡུས་པས་ཀྱང་ངོ་། །དེ་ནི་ཚོགས་བསགས་པ་ལ་བསླབ་པ་ཞེས་བྱའོ། །དེ་ནས་གསང་སྔགས་བྱིན་རླབས། བྱིན་རླབས་མོས་གུས། །མོས་གུས་གསོལ་འདེབས་ཀྱིས་རྙེད་པར་སླ་བས་གསོལ་བ་གདབ་པའི་ཚུལ་ནི། རྩ་བའི་བླ་མ་ཉིད་དུས་གསུམ་གྱི་བླ་མ་ཐམས་ཅད་པར་བཞེངས་པ་ནམ་མཁའ་སྤྲིན་གྱིས་གང་བ་ལྟ་བུའམ། དཔག་བསམ་གྱི་ཤིང་ཡལ་ག་དང་ཡལ་ག་ཕྲ་འུར་གྱེས་པ་ལྟར་དམིགས་པ་རིང་རྫོགས། བཀའ་བརྒྱུད་ཀྱི་བླ་མ་མུ་ཏིག་རྩལ་ལ་བརྒྱུས་པ་ལྟ་བུར་ཐོར་རྩེགས་སུ་བསྒོམ་པ་ཉེ་བརྒྱུད། བླ་མ་ཉིད་བླ་མ་ཀུན་འདུས། དཀོན་མཆོག་གསུམ་གྱི་རང་བཞིན། རྟེན་དཀྱིལ་འཁོར་བརྟེན་པ་ལྷ་དང་བཅས་པའི་ཡི་དམ། བྱིན་རླབས་སྟེར་བའི་མཁའ་འགྲོ། བར་ཆད་སེལ་བའི་ཆོས་སྐྱོང་དུ་ངེས་པ་ཀུན་འདུས་ནོར་བུ་ལུགས་ཏེ། གསུམ་གར་འདི་དང་ཕྱི་མ་དུས་ཐམས་ཅད་དུ་སྐྱབས་མགོན་གཞན་དུ་མི་འཚོལ་བར་བློ་བླ་མ་འབའ་ཞིག་ལ་བཀལ། རོགས་གསོལ་འདེབས་འབའ་ཞིག་ལ་བཅོལ། ཉམས་ལེན་མོས་གུས་འབའ་ཞིག་ལ་བྱས་ན་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཐེ་
༡༤༧ ཚོམ་མེད་དོ། །གལ་ཏེ་ཉོན་མོངས་པ་དང་རྣམ་པར་རྟོག་པ་ལ་སོགས་པ་སྐྱེས་ན། དུས་དེར། བླ་མ་རང་སེམས་དབྱེར་མེད་དུ་བསྲེས་ནས་གང་ཤར་གསོལ་འདེབས་ཀྱི་གདངས་སུ་ཁྱེར་བས་རང་ཞི་ལ་འགྲོ་བ་ཞི་བའི་གསོལ་འདེབས། ཁམས་འདུས་པ་མྱ་ངན། ཡིད་མི་བདེ་བའམ། མི་མ་ཡིན་གྱི་བར་ཆད་དྲག་པོ་བྱུང་བའི་དུས་སུ། སྙིང་གར་བླ་མ་འཛུམ་དམུལ་ལེ་བ། རང་ཉིད་ཀྱང་དགའ་ཡ་ལེ་འཛུམ་དམུལ་ལེ་བ། སྣང་བ་ཐམས་ཅད་ཀྱང་བླ་མའི་སྐུ་རྡོ་རྗེ་འཛུམ་དམུལ་ལེ་བར་བསམས་ནས། གསོལ་འདེབས་ཀྱི་དབྱངས་ལ་སེམས་རྒྱ་ཡན་དུ་བོར་བས་སྐྱོན་རང་གྲོལ་དུ་ཞིག །སྣང་བ་འབལ། འབོལ་དུ་སོང་། ཡོན་ཏན་གྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་འགྱུར་བས་རྒྱས་པའི་གསོལ་འདེབས། ཡར་མོས་གུས་ཀྱིས་བླ་མ་དཀོན་མཆོག་དབང་དུ་བསྡུ། མར་སྙིང་རྗེས་འགྲོ་དྲུག་གི་སེམས་ཅན་དབང་དུ་བསྡུ་བས་དབང་གི་གསོལ་འདེབས། བསམ་པ་ཚེ་འདིར་ཤོར་བས་འཇིག་རྟེན་ཆོས་བརྒྱད་ཀྱིས་ཟིན། དེ་དུས་ཙ་ན་རང་གིས་རང་ལ་ཆོས་བྱེད་པར་མ་བཅས། བླ་མ་དཀོན་མཆོག་ཆོས་བྱེད་བྱེད་འདྲ་བའི་ཁ་སྦྱང་གིས་བསླུ་བའི་དྲེད་པོ་ཁྱོད་འདྲ་བ་ཞེས་པ་ལ་སོགས་པའི་ཞེ་ཁྲེལ་དེ། སྐྱོན་དེ་དག་འདོར་འདོད་པ་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་རྒྱང་འབོད་དུ་བཏབ་པས་བླ་མ་དཀོན་མཆོག་ར་མདར་སྦྲན་པ་དྲག་པོའི་གསོལ་འདེབས་ཞེས་བྱའོ། །དེ་ནི་རྒྱུན་དུ་གསོལ་བ་གདབ་པ་ལ་བསླབ་པའོ། །གཉིས་པ་དངོས་གཞི་སྨིན་གྲོལ་གཉིས་ལ་བསླབ་པ་ལ་བསྙེན་པ། སྒྲུབ་པ། ལས་སྦྱོང་གསུམ་ལས། དང་པོ་ལ། ཕྱི་སྒྲུབ་ཕྱག་གི་བསྙེན་པ། ནང་སྒྲུབ་གསོལ་འདེབས་ཀྱི་བསྙེན་པ། གསང་སྒྲུབ་བཟླས་པའི་བསྙེན་པ་ལས། །དང་པོ་ནི། གནམ་དང་
༡༤༨ ས་འབྱར་བར་སྣང་བའི་ཐད་ནས་སྐོར་བ་སྤྱན་རས་གཟིགས་བཅུ་གཅིག་ཞལ། ཕྱག་སྟོང་ལ་སྤྱན་སྟོང་མངའ་བ། བཞེངས་པ་ཤིན་ཏུ་ཞི་བའི་ཉམས་ཅན། དེའི་ཐུགས་ཀར་བསམ་གཏན་གྱི་ཁང་བུ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། མལ་ཁ་སར་ཎ་མཆོག་སྦྱིན་དང་། ཐུགས་ཀར་ཨུཏྤལ་དཀར་པོ་བསྣམས་པ་ཕྱེད་སྐྱིལ་གྱིས་བཞུགས་པ། གཅིག་གིས་ཐུགས་ཀར་གཅིག་མེ་ལོང་དྲི་མ་མེད་པ་ལ་གཟུགས་བརྙན་ལྟ་བུ། དེའི་ཐུགས་ཀར་རང་འདུག་པའོ། །ༀ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ་བར་བྱའོ། །དེ་ནས་སྲུང་འཁོར་དེའི་ནང་རང་གི་མདུན་གྱི་ནམ་མཁར། བྃ་ལས་གང་ཆེན་མཚོ། དབུས་སུ་པདྨའི་སྡོང་པོ་དཔག་བསམ་གྱི་ཤིང་ལྟར་ཡིད་དུ་མཆིས་པའི་དཔལ་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བ་ལ། ལཾ་ལས་ཀུན་ཏུ་བཟང་པོའི་ཞིང་ཁམས་བཀོད་བ་བསམ་གྱིས་མི་ཁྱབ་པ། རྡུལ་རེ་རེ་ལས་ཀྱང་རྡུལ་སྙེད་ཀྱི་ཞིང་དུ་ཀུན་ཏུ་སྟོན་པ་དེར། བླ་མ་བརྒྱུད་པ་དང་བཅས་པ་ཡེ་ཤེས་ཀྱི་སྤྱི་གཟུགས། བླ་མའི་ཐུགས་ཡི་དམ་གྱི་ལྷ་ཞི་ཁྲོའི་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན་ཐམས་ཅད་དུ་སྣང་བས་གང་བར་གྱུར་པ། བསམ་པ་ཞེ་ཐག་པས། དཔལ་ལྡན་བླ་མ་དམ་པའི་ཐུགས་རྡོ་རྗེ་ཁམས་གསུམ་པོ་ཀུན་གྱི་བདག་ཉིད་བདེ་བ་ཆེན་པོའི་རྣམ་པའི་ཧེ་རུ་ཀ་རྡོ་རྗེ་སངས་རྒྱས་དང་། གསུང་རྡོ་རྗེ་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱིས་ཆོས་དང་། སྐུ་རྡོ་རྗེ་འཁོར་ལོར་གནས་པའི་རྣལ་འབྱོར་བ་དང་རྣལ་འབྱོར་མའི་དགེ་འདུན་ལ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱིས་འཁྱུད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བ་ཆེན་པོའི་བདག་ཉིད་ཅན་དུ་སེམས་
༡༤༩ བསྐྱེད་པར་བགྱིའོ། །སྨོན་སེམས། འདི་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གང་ཡིན་པ་རྡོ་རྗེ་ཐེག་པ་ལ་བདག་གིས་བརྟེན་པར་བགྱིའོ། །ཞེས་འཇུག་པ་སྟེ་ལན་གསུམ། དེ་ནས་རང་གི་སྤྱི་བོར་པདྨ་དང་ཟླ་བ་ལ་རྒྱུ་དུས་ཀྱི་བླ་མ་རྡོ་རྗེ་སེམས་དཔའ་ཧཱུྃ་ཡིག །ལམ་གྱི་རྡོ་རྗེ་སེམས་དཔའ་འམ་འོད་ཟེར་གྱི་སྤྲོ་བསྡུས་སྣོད་བཅུད་ཀྱི་མ་དག་པ་སྦྱངས་ནས་རྡོ་རྗེ་སེམས་དཔའ་ཉིད་དུ་འགོད་པར་བཞེངས་པ་ཡོངས་སུ་གྱུར་པ་ལས་འབྲས་བུའི་རྡོ་རྗེ་སེམས་དཔའ་དཀར་ཞིང་དྲི་མ་མེད་པ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུར་བརྟེན་པ་རྡོ་རྗེའི་སྤྱིལ་ཀྲུང་བཅིངས་ཏེ་རྡོ་རྗེ་སྙེམས་མ་ལ་འཁྱུད་པ། རུས་པ་དང་རིན་པོ་ཆེས་བརྒྱན་པའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུྃ། མཐར་ཡིག་བརྒྱས་བསྐོར་བ། ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་བཟླ་དུས། དེའི་སྦྱོར་མཚམས་ནས་སྐུའི་བདུད་རྩི། སྔགས་ལས་གསུང་གི། ཟླ་བ་ལས་ཐུགས་ཀྱི། རྡོ་རྗེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས། བདག་གི་སྤྱི་བོ་ནས་ཞུགས་ལུས་ངག་ཡིད་ཡེ་ཤེས་ཀྱིས་བསྐྱེད་པའི་སྡིག་སྒྲིབ་དུད་ཁུ་དང་སོལ་ཁུ། གདོན་བགེགས་སྲིན་བུའི་རྣམ་པར་དབང་པོའི་སྒོ་བ་སྤུའི་ཁུང་ཐམས་ཅད་ནས་ཐོན་ཏེ། དྲི་མ་མེད་ཅིང་བྱང་ཆུབ་སེམས་ཀྱིས་ཁྱབ་པ་འོ་མས་ཤེལ་གྱི་ཕོར་བ་བཀང་བ་ལྟ་བུ། མཐར་སྡིག་སྒྲིབ་དག་གོ་ཞེས་གནང་བ་བྱིན་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ་པར་བསམ་མོ། །དེ་ནས་ཚོགས་ཀྱི་ཞིང་སྐྱབས་ཡུལ་དུ་སྤྲོས་པས་སླར་གསལ་བཏབ་ནས་རང་གི་ལུས་ཇི་སྙེད་པ་དེ་བརྙེད་པའི་རྡུལ་དང་མཉམ་པ་རེ་རེའང་མགོ་དང་ལྕེའི་དབང་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བལྟས་ཏེ། བདག་དང་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ཅིག །བླ་མ་བླ་མ་སྙམ་པས་ལུས་ཀྱི་ཕྱག །ངག་ཏུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་
༡༥༠ རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ། བླ་མ་སངས་རྒྱས་རིན་པོ་ཆེ་ལ། ཞེས་པ་སྟོང་ཕྲག་གཅིག་ནས། རྒྱལ་བ་ཀུན་དངོས་བླ་མ་ལ། །ལུས་ངག་ཡིད་གསུམ་གུས་བའི་བློས། །སྤྲོ་བའི་སྙིམས་པ་དང་བཅས་ནས། །རབ་ཏུ་བཏུད་དེ་གུས་ཕྱག་འཚལ། ཞེས་བརྗོད་པས་ཕྱག་བྱའོ། །དེ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་རང་གི་གནས་ལུས་ལོངས་སྤྱོད་ཀུན་གཞིའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་ཁམས་རྣམ་བརྒྱ་ཆེ་བའི་མཆོད་རྫས་ཐམས་ཅད་ཆར་དུ་བབས་པ་ཕྱི་མཆོད། བབས་བ་དེ་དག་རང་བཞིན་ཤ་ལྔ་བདུད་རྩི་ལྔར་དག་པས་ནད་མཆོད། ངོ་བོ་འདོད་པ་ལྔའི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་རྡོ་རྗེ་སེམས་དཔའི་བུད་མེད་ཡིན་པས་དེ་ལ་འཁྱུད་པ་གསང་མཆོད། འཁོར་གསུམ་ཡོངས་དག་གམ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་སྣང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་གྱི་རྒྱན་ཚད་མེད་པ་སྣང་བའི་མཎྜལ་འདིས་འབུལ་བར་བྱའོ། །ནམ་མཁའི་དབྱིངས་རྣམས་ཀུན་ནས་གང་བའི་སྤོས་ཀྱི་ཆུ་གཏང་འདོད་དགུའི་དཔལ་འབྱུང་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་རྒྱས་པས་ཁྱབ་པའི་སྙིང་པོར་ནོར་བུའི་ཁོར་ཡུག་གི། །ནང་ན་ཞིང་ཁམས་རྒྱ་མཚོ་ས་གཞི་རིན་ཆེན་ལས་གྲུབ་རིམ་གྱིས་གཞོལ་བ་བཀོད་ལེགས་མ་ལུས་བཀོད་པའི་ཕུལ་གྱིས་འཇིག་རྟེན་ཁམས་རེའང་འདོད་ཡོན་རྨད་ཀྱིས་འཕྱུར་བ་གང་། །མཐའ་ཡས་སངས་རྒྱས་ཞིང་གིས་བསྐོར་ཅིང་ཀུན་བཟང་མཆོད་སྤྲིན་མ་ཚང་མེད་བའི་རྒྱན་གྱིས་རྣམ་པར་བརྒྱན་པའི་རྡུལ་རེར་རྒྱལ་བ་སྲས་བཅས་མཛད་པ་ཐམས་ཅད་སྣང་བ་ཅན། །གཅིག་ཏུ་འདུ་ཞིང་སོ་སོར་མ་འདྲེས་བྱིན་གྱིས་བརླབས་པའི་རྣམ་འཕྲུལ་ཇི་བཞིན་དེ་དག་བདག་གིས་དགེ་བའི་སེམས་ཀྱིས་སྤྲུལ་ཏེ་དཔལ་ལྡན་བླ་མར་དང་
༡༥༡ པས་འབུལ་བར་བགྱི། ཞེས་སམ། བསྡུས་པར། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་སྤྲིན་རྒྱ་མཚོའ་ཚོགས་རྣམས་ཀུན། །རྣམ་པ་ཀུན་ཏུ་མཆོད་པར་འབུལ། །ཞེས་ལན་གསུམ། དེ་ནས། ཐོག་མེད་དུས་ནས་བསགས་པ་ཡི། །ཐུན་མོང་ཁྱད་པར་དང་འགལ་བའི། །མི་དགེ་བཅུ་སོགས་ཉེས་པའི་ཚོགས། །མ་ལུས་འགྱོད་པའི་སྒོ་ནས་བཤགས། །ཞེས་སྡིག་པའི་གཉེན་པོ་སྟེ་སྟོབས་གཞན་གསུམ་གྱིས་ཟིན་པར་བྱས་པ་ལན་གསུམ་གྱིས་སྡིག་པ་བཤགས། ནམ་མཁའི་མཐར་ཐུག་ཕྱོགས་ཀུན་ཏུ། །འགྲོ་ལ་ཕན་པར་མཛད་པ་ཡི། །དུས་གསུམ་རྒྱལ་བ་སྲས་བཅས་ལ། །དགའ་བའི་སེམས་ཀྱིས་རྗེས་ཡི་རང་། །ཞེས་པས་རྗེས་སུ་ཡི་རང་། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །རང་རང་བསམ་པ་ཇི་ལྟ་བར། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཐེག་མཆོག་ཆོས་འཁོར་བསྐོར་དུ་གསོལ། །ཞེས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱི། །གསང་བ་བསམ་གྱིས་མི་ཁྱབ་པ། །ཇི་སྲིད་འཁོར་བ་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཞེས་མྱ་ངན་ལས་མི་འདའ་བར་གསོལ་བ། བདག་གཞན་ཀུན་གྱིས་བསགས་པ་ཡི། །དུས་གསུམ་དགེ་བ་གཅིག་བསྡུས་ནས། །མར་གྱུར་འགྲོ་བ་མ་ལུས་པ། །བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ། །ཞེས་བསྔོ་བ་བྱས་ནས། མཐར་ཚོགས་ཀྱི་ཞིང་བླ་མ་ཉིད་ལ་བསྟིམ་སྟེ་སྤྱི་བོར་སྤྱན་དྲངས། རྗེ་མ་ལུས་ཀུན་ཁྱབ་སྒྲིབ་གཉིས་དག་པ་ཡི། །ཞེས་པ་ལ་སོགས་པས་གསོལ་བ་བཏབ། བླ་མ་དང་རང་གི་གནས་བཞིར་ཡི་གེ་བཞི་གསལ་བཏབ་ནས། བླ་མའི་དཔྲལ་བའི་ༀ་ལས་སྐུའི་བྱིན་རླབས་འོད་ཟེར་དཀར་པོ་བྱུང་། རང་གི་དཔྲལ་བའི་ༀ་ལུས་ཀྱི་བདག་
༡༥༢ ཉིད་ལ་ཞུགས་པས་སད་པའི་གནས་སྐབས་སྐྱེད་པའི་སྒྲིབ་པ་སྦྱངས། །བུམ་དབང་ཐོབ། སྐུ་རྡོ་རྗེ་ལྷག་བར་གནས་པར་བྱས། བླ་མའི་མགྲིན་པའི་ཨཱཿལས་གསུང་གི་བྱིན་རླབས་འོད་ཟེར་དམར་པོ་བྱུང་། རང་གི་མགྲིན་པའི་ཨཱཿངག་གི་རང་བཞིན་ལ་ཞུགས། རྨི་ལམ་གྱི་གནས་སྐབས་སྐྱེད་པའི་དྲི་མ་སྦྱངས། གསང་བའི་དབང་ཐོབ། གསུང་རྡོ་རྗེ་ལྷག་པར་གནས་པར་བྱས། བླ་མའི་ཐུགས་ཀའི་ཧཱུྃ་ལས་ཐུགས་ཀྱི་བྱིན་རླབས་འོད་ཟེར་སྔོན་པོ་བྱུང་། རང་གི་སྙིང་གའི་ཧཱུྃ་ཡིད་ཀྱི་རང་བཞིན་ལ་ཞུགས། གཉིད་སྟུག་གི་གནས་སྐབས་སྐྱེད་པའི་དྲི་མ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེ་ལྷག་པར་གནས་པར་བྱས། དེ་ནས་བླ་མའི་ལྟེ་བའི་ཧོཿཡིག་ལས་ཡེ་ཤེས་ཀྱི་བྱིན་རླབས་འོད་ཟེར་ལྗང་གུ་བྱུང་། བདག་གི་ལྟེ་བའི་ཧོཿཡེ་ཤེས་ཀྱི་རང་བཞིན་ལ་ཞུགས། བཞི་པའི་གནས་སྐབས་སྐྱེད་པའི་དྲི་མ་སྦྱངས། ཤེས་རབ་ཡེ་ཤེས་ཆེན་པོའི་དབང་ཐོབ། །ཡེ་ཤེས་རྡོ་རྗེ་ལྷག་པར་གནས་པར་བྱས། མཐར་བླ་མ་འོད་དུ་ཞུ། །བདག་ལ་ཆུ་དང་ཆུ་བསྲེས་པ་བཞིན། སེམས་མ་བཅོས་བར་གཉིས་སུ་མེད་པ་ལ་ཡེངས་མེད་དུ་གཞག་གོ། །དེ་བས་ལངས་ནས་དགེ་བའི་རྩ་བ་འདི་ལྟར་བསྔོ་སྟེ། བདག་གིས་བྱས་ཤིང་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་མཐུས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་གཅིག་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་དཔལ་ལྡན་བླ་མ་དམ་པ་འགྲུབ་པར་གྱུར་ཅིག །ཅེས་པས་སོ། །གཉིས་པ་ནང་སྒྲུབ་གསོལ་འདེབས་ཀྱི་བསྙེན་པ་ནི། སྲུང་འཁོར། སྐྱབས་སེམས། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔར་བཞིན་དུ་བྱས་ལ། དེ་ནས་རང་གི་མདུན་གྱི་ནམ་མཁར། གྱད་དང་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་ཟླ་ཉི་སྒྲ་
༡༥༣ གཅན་བདུད་བཞི་བརྩེགས་པའི་གདན་ལ། ཕུང་པོ་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་གདན་གསུམ་གྱི་ལྷར་གདོད་མ་ནས་གྲུབ་པ་དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི་སྐུའི་ངོ་བོ་ཉིད་དུ་ཡོངས་སུ་རྫོགས་པ། སྐྱབས་གསུམ་གྱི་འདུས་པ། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་འཆར་གཞི། རིགས་ཐམས་ཅད་ཀྱི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔ་གཅིག་པའི་སྤྱི་གཟུགས། དེ་ཡང་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་སྟོན་ཟླ་ལྟ་བུ་རྡོ་རྗེ་ཕག་མོ་དང་ལྷན་ཅིག་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་བཞུགས་པ། དེའི་ཐུགས་ཀར་ཟླ་བ་ལ་དཔལ་མཆོག་དང་པོའ་སྐྱེས་བུ་ཧཱུྃ་འོད་ཟེར་ལྔར་འབར་བས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་བླ་མ་དམ་པ་ཉིད་ཀྱི་འཁོར་ལོ་གསུམ་གྱི་ལྷར་སད་པར་བྱས། དེ་དག་ལ་དམིགས་ཏེ། ༀ་ཨཱཿཤྲི་མཱ་ནྶ་དྒུ་རུ་ཙ་ར་ཎ་ཡཱ་མི། ཞེས་པས་གཉིས་སུ་མེད་པར་ཕྱག་བྱ། དེ་ནས་རང་གི་སེམས་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་སྤྱི་བོ་ནས་ཐོན། དེས་གྲི་གུག་གིས་ཐོད་པ་བྲེགས་པ་མི་མགོ་གསུམ་གྱི་ཁར་བཞག་པ་ནམ་མཁའི་ཁྱོན་ཙམ་ནང་དུ་འདོད་པ་ལྔའི་ལོངས་སྤྱོད་ཐམས་ཅད་དང་། རང་གི་ལུས་ངག་ཡིད་གསུམ་ༀ་ཨཱཿཧཱུྃ་ཧྲཱིཿས་སྦྱངས་རྟོགས་སྤར་བདུད་རྩིར་ཞུ་བ་བླ་མ་དམ་པའི་ཚོགས་ཀྱི་དཀྱིལ་འཁོར་ལ་སྙོམས་འཇུག་གི་བདེ་བ་དྭངས་མའི་བདུད་རྩི་ལྔའི་རོ་དང་དབྱེར་མེད་པས་མཆོད་དེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བདག་ཉིད། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མ་དམ་པ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་རང་རིག་གི་གདོད་མའི་རྡོ་རྗེ་བཞིར་མཉམ་པར་སྦྱོར་བ་དུས་རྒྱུན་ཆད་མེད་པར་བདེ་བ་ཆེན་པོའི་མཆོད་པའི་སྤྲིན་རབ་འབྱམས་གྱིས་མཉེས་པར་གྱུར་
༡༥༤ ཅིག །དེ་ནས་མ་ནམ་མ་བཞི་སྐོར་ཅི་རིགས་པ་གྲང་། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་སྟོང་ཕྲག་གཅིག་གི་མཐར། བླ་མ་སངས་རིན་མ་སོགས་ཀྱིས་གསོལ་བ་གདབ། བླ་མའི་ཐུགས་ཀ་ནས་འོད་ཟེར་བྱུང་། བདག་གི་ལུས་ལ་ཕོག །བླ་མའི་ཞལ་དུ་ཞུགས། ཡབ་ཡུམ་རྗེས་ཆགས་ཀྱི་མེས་བྱང་ཆུབ་སེམས་སུ་བཞུ། ཨ་བྡྷཱུ་ཏཱི་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས། །ཧེ་རུ་ཀའི་སྐུར་གྱུར་པ་ལ་སླར་ཡང་བླ་མ་ཡབ་ཡུམ་གྱི་གདན་གསུམ་གྱི་དབང་ལྷ་བྱང་ཆུབ་ཀྱི་སེམས་སུ་ཞུ་བས་ལྕེ་ཐོག་ཏུ་གཞག་པས་དབང་བསྐུར། ལུས་གང་། དྲི་མ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སུ་ཞུགས་པར་གྱུར་པའི་མཐར། བླ་མ་ཡབ་ཡུམ་མེ་ལོང་གི་དབུགས་ཐིམ་པ་ལྟར་རང་དང་རོ་མཉམ་པ་རང་བཞིན་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག །དགེ་བའི་རྩ་བ་སྔར་བཞིན་དུ་བསྔོའོ། །གསུམ་པ་གསང་སྒྲུབ་བཟླས་པའི་བསྙེན་པ་ནི། སྲུང་འཁོར་སྐྱབས་སེམས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔར་བཞིན། དེ་ནས་རང་ཉིད་ཀྱི་སྤྱི་བོར་ལམ་ཟབ་བརྒྱུད་པའི་བླ་མ་ཐོ་བརྩེགས་སུ་གསལ་བཏབ་ནས། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །ཞེས་སོགས་ཀྱིས་གསོལ་བ་བཏབ། འོད་དུ་ཞུ་བ་རང་ལ་བསྟིམ་མོ། །དེ་ནས་རྣལ་འབྱོར་བཅུ་ལ་འཇུག་སྟེ། དང་པོར་ཚད་མེད་པའི་རྣལ་འབྱོར་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་པར། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ། བདེ་སྡུག་གི་རྒྱུ་ཆགས་སྡང་གཉིས་དང་བྲལ་པའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག་སྙམ་པའི་ཚངས་པའི་གནས་བཞི་བསྒོམ། དེ་ནས་ལྷའི་རྣལ་འབྱོར་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿ
༡༥༥ སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སེམས་ཀྱི་དེ་ཁོ་ན་ཉིད་འོད་གསལ་བ་ལས། སྐད་ཅིག་ཙམ་གྱིས་ལུས་དམ་པ་རིགས་བརྒྱའི་སྤྱི་གཙུག་དཔལ་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཁྲོ་འཛུམ་རལ་པའི་ཅོད་པན་ཅུང་ཟད་ཡོ་བ་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་འཆང་བ། མགོ་བོའི་ཅོད་པན་དང་དོ་ཤལ་ཅན། ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གིས་རྡོ་རྗེ་ཕག་མོ་ལ་འཁྱུད་པ། སྟག་གི་ཤམ་ཐབས་ལྡན་པའི་ཞབས་གཡས་པ་རྐྱང་བས་འཇིགས་བྱེད་དུས་མར་བཅས་པ་བརྗེས་ཏེ་ཉི་མ་དང་པདྨའི་གདན་ལ་བཞུགས་པ་དམ་ཚིག་སེམས་དཔའ། དེའི་ཐུགས་ཀར་སེམས་དང་མི་ཕྱེད་པའི་བླ་མ་རྡོ་རྗེ་འཆང་ཚོན་གང་ཙམ་པ་ཡབ་ཡུམ་ཕྱག་རྒྱ་དྲུག་གིས་བརྒྱན་པ་ཡེ་ཤེས་སེམས་དཔའ་འོ། །དེའི་སྙིང་གར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མར་མེ་ལྟར་འབར་བ་ནི་ནང་གི་བདག་ཉིད་རྡོ་རྗེའི་བཅོམ་ལྡན་འདས་སོ། །ༀ་བཛྲ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཞེས་པའི་སྔགས་ཀྱིས་བསྐོར་བའོ། །དེ་ནི་ཏིང་ངེ་འཛིན་སེམས་དཔའ་འོ། །ལྟ་ལ་དམིགས་པས་དུ་བ་ན་ངག་ཏུ་སྔགས་ཁྲི་ཕྲག་རེ་རེ་བཟླ་བ་བཟླས་པའི་རྣལ་འབྱོར་དང་། སྤྲོ་བསྡུའི་རྣལ་འབྱོར་ནི། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་ལུས་དཀྱིལ་གྱི་རིགས་བརྒྱའི་ལྷ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ་ཕན་ཚུན་རྒོད་པ་དང་། ལྟ་བ་དང་། ལག་བཅངས་དང་། གཉིས་གཉིས་འཁྱུད་པས་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་བྱང་སེམས་འཁོར་ལོ་བཞིར་བབ། གསང་བའི་སྣར་ལྷན་ཅིག་སྐྱེས་དགའ་མངོན་དུ་བྱས་པའི་དབང་བླང་བའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ནི། མཐར་ཡེ་ཤེས་སེམས་དཔའི་རྗེས་ཆགས་ཀྱི་བདེ་བའི་སྒྲས་བརྟན་གཡོ་ཐམས་ཅད་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་རོལ་པ་བསད། ཞལ་དུ་ཞུགས་
༡༥༦ བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེར་ཞུ། ཡུམ་གྱི་མཁར་ལྷུང་བ་བྃ་ཡིག་གི་རྣམ་པར་གྱུར་པ་ལས་རྣམ་པ་སྣ་ཚོགས་པའི་རིག་མ་རྣམས་སུ་གྱུར་ཏེ་ནམ་མཁར་ཐོན་ནས་སེམས་དཔའ་གསུམ་མཆོད་པས་ཕྱི་ནང་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངོ་བོར་ཐིམ། །ཟག་པ་མེད་པ་ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག་གོ། །བསྔོ་བའི་རྣལ་འབྱོར་ནི་སྔ་མ་བཞིན་ནོ། །བཟའ་བཏུང་ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་ནི། རང་ཉིད་དཔལ་ལྡན་བླ་མའི་རྡོ་རྗེ་གསུམ་གྱི་ལྟར་གདོད་མ་ནས་གྲུབ་པ་གསལ་བཏབ། བཟའ་བཏུང་ༀ་ཨཱཿཧཱུྃ་ཧྲཱིཿས་སྦྱངས་རྟོགས་སྦར་བདུད་རྩིར་བཞུ་བའམ། བཟའ་བཏུང་སོགས་འདོད་ཡོན་གྱི་སྣང་བ་མཐའ་དག་སྒྱུ་མའི་འཁོར་ལོར་ཤེས་པ་ལ་གཉིས་སུ་མེད་པར་སྤྱོད། ཐུན་མཚམས་གཏོར་མའི་རྣལ་འབྱོར་ནི། བླ་མའི་གཏོར་མ་ཡི་གེ་བཞིས་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་འོད་ཀྱིས་བརྟན་གཡོའི་ཚོགས་ཐམས་ཅད་བླ་མའི་རྡོ་རྗེ་གསུམ་དུ་སྣང་བར་བྱས་ཏེ། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བར་བསམས་ཏེ། ༀ་བཛྲ་གུ་རུ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་འདོད་དོན་གསོལ། ཀུ་སཱ་ལའི་ཚོགས་གསོག་པའི་རྣལ་འབྱོར་ནི། སྲོད་ཉལ་ཁར་ཕཊ། རང་གི་རྣམ་ཤེས་རྡོ་རྗེ་རྣལ་འབྱོར་མའི་གཟུགས་སུ་ཚངས་བུག་ནས་ཐོན། ཕཊ། དེའི་གྲི་གུག་གིས་རང་གི་ཐོད་པ་བྲེགས། མི་མགོའི་སྒྱེད་བུ་གསུམ་གྱི་ཁར་བཞག །སྟོང་གསུམ་ཙམ་ཁྱབ་པ། ཕཊ། ལུས་གྲི་གུག་གིས་དེར་བཅུག་རུབ་ཀྱིས་གཏུབས། ༀ་ཨཱཿཧཱུྃ་ཧྲཱིཿ བདུད་རྩིར་སྦྱངས་རྟོགས་སྦར་བཞུ། ཕཊ། དཀོན་མཆོག་སྲི་ཞུའི་མགྲོན། ཕཊ། མགོན་པོ་ཡོན་ཏན་གྱི་
༡༥༧ མགྲོན། ཕཊ། སྣང་སྲིད་ལྷ་འདྲེ་ལན་ཆགས་ཀྱི་མགྲོན། ཕཊ། འགྲོ་དྲུག་སྙིང་རྗེའི་མགྲོན་ཐམས་ཅད་བོས། ཕཊ། ཐམས་ཅད་ཀྱིས་གསོལ་བས་ཚིམ། ཕཊ། མཆོད་ཡུལ་གྱི་མགྲོན། མཆོད་རྫས། མཆོད་བྱེད་ཀྱི་རྣལ་འབྱོར་མ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་དུ་ཡལ་གྱིས་གཏད་དོ། །བཅུ་པ་འོད་གསལ་གྱི་རྣལ་འབྱོར་ནི། ཉལ་དུས་སེམས་དཔའ་གསུམ་བརྩེགས་སུ་གསལ་བཏབ་པ་ལ། སྣང་བའི་ཚོགས་ཁམས་ཕྲ་བ་ལ་བཅུག །དེ་སེམས་ལ་གཞུག །དེ་སེམས་བྱུང་ལ་གཞུག །དེ་མ་རིག་པ་ལ་གཞུག །དེ་འོད་གསལ་བ་ལ་བཅུག་པས་གཉིད་ལོག་པ་དང་སད་པ་ཁྱད་པར་མེད་པར་ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངང་དུ་གནས་པར་འགྱུར་ཏེ་རྟོགས་པའི་འོད་གསལ་ལོ། །གཉིས་པ་སྒྲུབ་པ་ནི། སྲུང་འཁོར། སྐྱབས་སེམས། རྡོར་བཟླས། བརྒྱུད་པའི་གསོལ་འདེབས། ཚད་མེད་པ། དམ་ཚིག་སེམས་དཔའ་བསྐྱེད་པ་རྣམས་གསང་སྒྲུབ་བཞིན་བྱས་ནས། དམ་ཚིག་སེམས་དཔའ་དེའི་སྐུའི་ནང་དུ་རྩ་དབུ་མ། དེ་ལས་རོ་རྐྱང་དུ་གྱེས་པ། སྤྱི་བོར་རྩ་འཁོར་སོ་གཉིས་ལ་བླ་མ་རྣམ་སྣང་ཧེ་རུ་ཀ་ཡབ་ཡུམ་དཀར་པོ། མགྲིན་པའི་རྩ་འཁོར་བཅུ་དྲུག་ལ་བླ་མ་ཧེ་རུ་ཀ་ཡབ་ཡུམ་དམར་པོ། །སྙིང་གའི་རྩ་འཁོར་བརྒྱད་ལ་བླ་མ་རྡོ་རྗེ་ཧེ་རུ་ཀ་ཡབ་ཡུམ་སྔོན་པོ། ལྟེ་བའི་རྩ་འཁོར་དྲུག་ཅུ་རྩ་བཞི་ལ་བླ་མ་རིན་ཆེན་ཧེ་རུ་ཀ་ཡབ་ཡུམ་སེར་པོའམ། རྩ་འདབ་ཀྱི་གྲངས་མཉམ་གང་མོས། རང་རང་གི་སྙིང་གར་ཟླ་བ་ལ་ས་བོན་རིམ་པ་བཞིན་ༀ་ཧྲཱིཿཧཱུྃ་ཏྲཱཾ་མཐར། ༀ་བཛྲ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ་ཕཊ། ཅེས་པས་བསྐོར་བར་བལྟས་ཏེ། ཐོག་མར་ཐོ་རངས་ཀྱི་དུས། སྤྱི་བོའི་རྣམ་སྣང་ལ་ལས་དང་མཐུན་པའི་མཆོད་པའི་སྤྲིན་གྱིས་སྤྲུལ་ཏེ་
༡༥༨ མཆོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ་ཞི་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ། ས་བོན་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་གནོད་བ་ཐམས་ཅད་ཞི་བར་བྱེད་པ་སྨན་གྱི་བུ་མོ་ལྟ་བུ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེ་བར་འཚེ་བའི་རིགས་ཐམས་ཅད་བསལ། ཞི་བའི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ལ་ཐིམ། བདག་ཉིད་ཞི་བའི་ལས་ལ་མཐུ་དང་ལྡན་པར་བསམ་ལ་སྔགས་ཁྲི་ཕྲག་ཞིག་བཟླ། མཐར་ལྷ་འོད་དུ་ཞུ་ནས་ཟག་པ་མེད་པའི་ཡེ་ཤེས་སུ་གནས་པ་ལ་མཉམ་པར་བཞག །དགེ་བ་བསྔོའོ། །སྔ་དྲོ་ལྟེ་བའི་རིན་ཆེན་འབྱུང་གནས་ལ་ལས་མཐུན་གྱི་མཆོད་པ་ཡིད་ཀྱིས་ཕུལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། སྟོབས་མངའ་ཐང་སྟེ་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ་ཅེས་གསོལ་བ་བཏབ། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སེར་པོ་རྒྱལ་མཚན་རྩེའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་བར་བྱས། རྒྱས་པའི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། བདག་ཉིད་རྒྱས་པའི་མཐུ་དང་ལྡན་པར་བསམས་ལ་བཟླས་ལ་སོགས་སྔར་བཞིན་ནོ། །དགོངས་མོ་མགྲིན་པའི་འོད་དཔག་མེད་ལ་ལས་མཐུན་གྱིས་མཆོད། ཁམས་གསུམ་དབང་དུ་འདུ་བར་མཛད་དུ་གསོལ་ཅེས་གསོལ་བ་བཏབ། འོད་ཟེར་དམར་པོ་དབང་ཕྱུག་ཆེན་པོའི་ལྕགས་ཀྱུ་ལྟ་བུ་འཕྲོས། ཁམས་གསུམ་པོ་ཐམས་ཅད་ཀྱི་སྙིང་ལ་བཏབ། བདག་གི་མདུན་དུ་བཅིངས་ཏེ་བོར་བས་ཅི་བསྒོབ་མཉན་པ་དབང་དུ་འདུས་པར་བསམ། ཁྱད་པར་དབང་གི་ལས་ལ་
༡༥༩ མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། བདག་ཉིད་དབང་གི་ལས་ལ་མཐུ་དང་ལྡན་པར་བསམ་གཞན་འདྲའོ། །དེ་ནས་སྲོད་ཀྱི་དུས་ལ་སྙིང་གའི་མི་བསྐྱོད་པ་ལ་ལས་མཐུན་གྱིས་མཆོད། གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ་ཅེས་གསོལ་བ་བཏབ། སྔགས་ཕྲེང་ལས་འོད་ཟེར་ནག་པོ་སྤུ་གྲི་ཅན་གྱི་རླུང་ལྟ་བུ་ཕྱོགས་བཅུར་འཕྲོས་བསྒྲལ་བར་འོས་པའི་ཞིང་ཐམས་ཅད་ལ་ཕོག་པས་དུམ་བུ་དུམ་བུར་བཏང་སྟེ་མཐར་རྡུལ་བརླག །དྲག་པོའི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་པས་བདག་ཉིད་དྲག་པོའི་ལས་ལ་མཐུ་དང་ལྡན་པར་བསམ་གཞན་སྔར་བཞིན་ནོ། །གསུམ་པ་ལས་སྦྱོར་ནི། དེ་ལྟར་བླ་མ་བསྒྲུབས་ནས་ཕྲིན་ལས་གང་འདོད་ལ་སྦྱོར་བ་སྟེ། ནད་ཞི་བར་འདོད་ན་བླ་མ་སྨན་པའི་རྒྱལ་པོ། གདོན་ཞི་བར་འདོད་ན་ཕྱག་རྡོར། སྡིག་སྒྲིབ་ཞི་བར་འདོད་ན་རྡོ་རྗེ་སེམས་དཔའ། དབང་དུ་འདུ་བར་འདོད་ན་རྟ་མགྲིན། གྲུབ་པ་བརྒྱད་ཐོབ་པར་འདོད་ན་བདེ་མཆོག །བྱིན་རླབས་འཇུག་པར་འདོད་ན་ཕག་མོ། དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་འདོད་ན་འཇམ་དཔལ་གཤིན་རྗེའི་གཤེད་དང་མགོན་པོ། ནོར་ཆེ་བར་འདོད་ན་ནོར་ལྷ་ཛམྦྷ་ལ་ལ་སོགས། འཁོར་མེད་པར་འདོད་ན་བསྟན་པའི་གཙོ་བོ། །ཚེ་རིང་བར་འདོད་ན་ཚེ་དཔག་ཏུ་མེད་པ་སྟེ། ཐམས་ཅད་ལ། ཐ་མ་ཉིད་ཚོགས་ཀྱི་ཞིང་དེར་བསྒོམ། གང་འདོད་པ་དེ་མཆོད་པའི་རྫས་སུ་ཕུལ། མོས་གུས་ཀྱི་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་འདོད་པ་སྨྲད་དུ་གསོལ་བས། གང་དགོས་ཡིད་བཞིན་དུ་འགྲུབ་སྟེ། མཆོག་གི་དངོས་གྲུབ་ཀྱང་དཀའ་བ་མེད་ན་ཐུན་མོང་རྣམས་ལྟ་ཅི་སྨོས་སོ། །རྗེས་ངོ་སྤྲད་བ་ལ་བསླབ་པ་ནི། བླ་མའི་སྐུ་རྡོ་རྗེ་གང་ལ་ཟེར་ན་ཁམས་གསུམ་དུ་དུས་གསུམ་དུ་འབྱུང་བའི་རྡུལ་མེད་པ་སྣ་ཚོགས་པའི་གཟུགས་བརྙན་འཆར་བའི་འོད་
༡༦༠ གསལ་བ་ལ་ཟེར་བས་ན་སྣང་ཚད་བླ་མ་སྤྲུལ་སྐུ། དགེ་འདུན་དཀོན་མཆོག །གང་ཤར་མཇལ་ཁ་རང་ངོ་རང་ཤེས། མོས་གུས་སུ་གྲུབ་དུས་བསམ་གྱིས་མི་ཁྱབ་པའི་སྐུ། བསམ་གྱིས་མི་ཁྱབ་པའི་མིག་གིས་ཡང་ལན་བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱི་གློང་དུ་འབྱམས་ཀླས་པར་གདའོ། །བླ་མའི་གསུང་རྡོ་རྗེ་གང་ལ་ཟེར་ན། གཞོམ་དུ་མེད་པའི་སྒྲ་བརྙན་བརྗོད་དུ་མེད་ལ། བརྗོད་པ་ཐམས་ཅད་པར་འཆར་བ་ལ་སྒྲ་ཚུལ་ལ་ཟེར་བས་ན། གྲགས་ཚད་བླ་མ་ལོངས་སྐུ། ཆོས་དཀོན་མཆོག །གར་ཐོས་ཆོས་འཁོར། རང་ངོ་རང་ཤེས། མོས་གུས་སུ་གྲུབ་དུས་བསམ་གྱིས་མི་ཁྱབ་པའི་གསུང་། བསམ་གྱིས་མི་ཁྱབ་པའི་རྣ་བར་ཐོས་ནས་བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱི་ཀློང་དུ་འབྱམས་ཀླས་པར་གདའ་འོ། །བླ་མའི་ཐུགས་རྗེ་གང་ལ་ཟེར་ན། བདེ་སྟོང་ལྷན་ཅིག་སྐྱེས་པ་ཐམས་ཅད་པ་ཞིག་ལ་ཟེར་བས་ན། དེ་རང་སེམས་ལས་གཞན་མིན། དེའི་ཕྱིར་དྲན་རིག་བླ་མ་ཆོས་སྐུ། སངས་རྒྱས་དཀོན་མཆོག །གང་སྐྱེས་མཉམ་ཉིད། རང་ངོ་རང་ཤེས། མོས་གུས་སུ་གྲུབ་དུས་སུ་བསམ་གྱིས་མི་ཁྱབ་པའི་ཐུགས། བསམ་གྱིས་མི་ཁྱབ་པའི་ཡིད་ཀྱིས་རིག་ནས། བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱི་ཀློང་དུ་འབྱམས་ཀླས་པར་གདའ་སྟེ། དོན་འདི་ལ་ཆོས་རྗེས། བླ་མ་རང་སེམས་དབྱེར་མ་ཕྱེད། །གཟུགས་སྐུར་འཛིན་པ་སྦྱོར་ནས་ཐལ། །མོས་གུས་བྱ་བའི་ཡུལ་མ་རྙེད། །གསོལ་བ་འདེབས་ན་ཇི་ལྟར་འདེབས། །ཞེས་གསུངས་པ་དང་། རྒྱལ་བ་རྒོད་ཚང་པས། མི་བདག་གིས་བླ་མ་བསྒྲུབས་པས་གྲུབ། །བླ་མ་ཆོས་སྐུའི་ཞལ་ཡང་མཐོང་། །སྣང་སྲིད་བླ་མ་ཆོས་སྐུར་ཤར། །ཞེས་སོ། །གནད་ཀ་འདིས་དཔལ་རྒྱལ་བའི་དབང་པོས། །ལམ་ཟབ་མོ་བླ་མ་སྒྲུབ་པ་ལ། །སྐྱབས་གསུམ་ཀུན་འདུས་ཀྱི་གདམས་ངག་ཡོད། །ལམ་སྣ་ཆོད་མི་འདི་ལྟར་
༡༦༡ ལགས། །ཞེས་གསུང་བར་མཛད་པ་ཡིན་ནོ། །ལུང་དོན་རིགས་པས་གཏན་ལ་མི་ཕེབས་པའི། །ཁ་བཤད་ཕལ་མོ་སྤྲིན་གྱི་གྲིབ་མ་འདྲ། །བསིལ་སྐྱོབ་རེས་ཀྱང་དགོས་དུས་ཐོག་མི་ཁེལ། །དེ་བས་དང་པོར་གཅེས་པ་ཡོངས་འཛིན་ཡིན། །གང་ཞིག་ཉམས་བླངས་གྲུབ་པ་མཆོག་གི་ཁྱུ། །སུ་མང་ཆོས་ཀྱི་ཟབ་ཁྱད་ལགས་པའི་ཕྱིར། །གྲགས་པ་ཚད་མས་གཞལ་ནས་ཉམས་ལེན་འོས། དཔེ་ལོགས་རྫུན་གྱིས་བཀང་ལ་དབུ་མ་འཁོར། །རྒྱ་གར་ཡུལ་ན་ཉི་ཟླ་ལྟ་བུར་གསལ། །གངས་རིའི་ཁྲོད་འདིར་ཆེན་པོའི་གཙུག་གི་རྒྱན། །ད་ལྟའང་དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་ལས། །ས་གསུམ་མཆོད་སྡོང་འོས་པའི་བསྟན་འཛིན་སུ། །ལམ་ཟབ་ཐུན་མོང་བ་འདི་ལ་ཟིན་བྲིས་སྣ་ཚོགས་པས་དོན་གཞན་དུ་འགྱུར་ཉེ་བར་མཐོང་བ་མི་འཕྱུགས་པར་བྱ་བའི་ཆེད་དང་། བྱར་ཁྲི་ལྕམ་ཀུན་དགའ་དཔལ་སྒྲོན་གྱི་ཉམས་བཞེས་སུ་མཛད་པའི་བརྗེད་བྱང་དུའང་བསྐུལ་བས། པདྨ་དཀར་པོ་ཞེས་གྲགས་པའི་བ་དན་སྐྱོང་བ་དེ་ཡིས་སྦྱར་བ་ཡིན་ནོ།། །།

༄༅། །ཨརྱ་ཛམ་བྷ་ལའི་རྗེས་གནང་བཞུགས་སོ། །

XXX ཨརྻ་ཛམ་བྷ་ལའི་རྗེས་གནང་བཞུགས་སོ། །
XXX ཆོས་སྐུ་སྐྱེ་བ་མེད་པའི་ནམ་མཁའ་ལ། །ལོངས་སྤྱོད་རྫོགས་སྐུའི་སྤྲིན་ཆེན་ཆེར་འཁྲིགས་ནས། །སྤྲུལ་སྐུ་མཆོག་གིས་དངོས་གྲུབ་ཆར་ཆེན་འབེབས། །སྐུ་གསུམ་ལྷུན་གྲུབ་ཛམ་བྷ་ལྷ་ལ་འདུད། །འདིར་རྗེ་བཙུན་ཛམ་བྷ་ལྷ་ལའི་རྗེས་གནང་འདི་ལ་དོན་གསུམ་སྟེ། སྔོན་འགྲོ་དང་དངོས་གཞི་རྗེས་སོ། །དང་པོ་སྔོན་འགྲོ་ལ་གཉིས་ཏེ། བཀོད་པ་བཤམས་པ་དང༌། མངོན་རྟོགས་བསྒོམས་ནས་བདག་འཇུག་བླངས་པའོ། །དང་པོ་བཀོད་པ་བཤམས་པ་ནི། མཎྜལ་པདྨ་འདབ་མ་བརྒྱད་པ། ལྟེ་བ་སེར་པོ། ཕྱོགས་བཞིར་ཕྱོགས་མདོག །མཚམས་བཞིར་མཛེས་ཚོན། །འདབ་མ་བརྒྱད་ལ་ནོར་བུ་རེ་རེ་བྲི། མཐའ་ལ་མཆོད་གཏོར་གྱིས་བསྐོར། ཁ་རྒྱན་མགུལ་ཆིངས་དང་བཅས་པའི་ལས་བུམ་ཡང་བཤམས། གཞན་ཡང་རྗེས་གནང་ལ་མཁོ་བའི་རྫས་རྣམས་ཀྱང་ཚོགས་པར་བཤམ་མོ། །གཉིས་བསྐྱེད་པའི་རིམ་པ་བསྒོམ་པ་ནི། དབེན་པའི་གནས་སུ་བདེ་བའི་གདན་ལ། ཁ་ཤར་དུ་བལྟས་ཏེ་འདུག་ལ་ཐོག་མར་སྐྱབས་འགྲོ་སེམས་སྐྱེད་ཡན་ལག་བདུན་པ། ཚད་མེད་པ་བཞི་སོགས་རྣམས་ནི་སྤྱི་དང་མཐུན་ནོ། །བྱེ་བྲག །སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རྒྱུ་ནོར་བུ་རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཁྲི། བུམ་བསྣོལ་གྱིས་བརྒྱན་པའི་སྟེང་དུ། པཾ་ལས་སྣ་ཚོགས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་སྟེང་དུ་བཱི་ཛ་པུ་ར་ཛཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པའི་ཚོགས་རྣམས་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཛམ་བྷ་ལ་སྐུ་མདོག་གསེར་བཙོ་མ་ལྟར་འབར་བ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དར་སྣ་ཚོགས་ཀྱིས་སྟོད་གཡོགས་ཅན། གསེར་གྱི་སྐུ་རགས་ལ་ལྟེ་བ་ནོར་བུས་མཚན་པ་བཅིངས་པ། གསུས་ཁྱིམ་ཆེ་ཞིང་ཡན་ལག་དང་ལྷུ་ཚིགས་རྒྱས་པ། ཕྱག་གཡས་པས་མཆོད་སྦྱིན་པུས་མོའི་སྟེང་དུ་མཛད་ནས། ཤིང་ཐོག་པཉྩ་པུ་ར་ཀའི་ལྟེ་བ་ཡིད་
XXX བཞིན་གྱི་ནོར་བུས་མཚན་པ་འཛིན་པ། གཡོན་པས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེའི་རྐྱལ་པ་བསྣམས་པ། ཞལ་ཅུང་ཟད་ཁྲོ་ཞིང་ཡིད་ཙམ་འཛུམ་པ། ཉི་མའི་དཀྱིལ་འཁོར་ལྟར་རབ་ཏུ་རྒྱས་པ། དབུ་སྐྲ་རལ་པའི་ཐོར་ཅོག་གྱེན་ལ་བཅིངས་ཤིང་ལྷག་མ་མཐུར་དུ་འཕྱང་བ། མེ་ཏོག་གི་ཕྲེང་བས་སྐྲ་ཆིངས་དང༌། ཡིད་བཞིན་གྱི་ནོར་བུ་འོད་འབར་བ་ལྔའི་རྩེ་ཕྲན་གྱིས་བརྒྱན་པ། རིན་པོ་ཆེ་དུ་མས་སྙན་ཆ་དང་མགུལ་རྒྱན། དཔུང་རྒྱན་དང་ཕྱག་གདུབ། རྐེད་རྒྱན་དང་ཞབས་གདུབ། རིན་པ་ཆེ་དང་ཨུཏྤལ་སྔོན་པོས་དོ་ཤལ་དང་ཆུན་པོས་བརྒྱན་པ། མུ་ཏིག་སྣ་ལྔའི་ཕྲེང་བ་དང༌། དར་གྱི་ཅོད་པན་གྱིས་མཛེས་པ། འོད་ཟེར་སྣ་ལྔའི་ཕྲེང་བས་བསྐོར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། སྙིང་ཁར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་འཕྲོས་ལྕང་ལོ་ཅན་ནས་རང་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས་ལ་དབྱེར་མེད་དུ་བསྟིམ། སླར་འོད་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། དབང་བསྐུར། སྡིག་སྒྲིབ་དག །བདུད་རྩིའི་ལྷག་མ་ཡར་ལུད་པ་ལས་རིན་འབྱུང་ལ་སོགས་རིགས་ལྔས་བུ་བརྒྱན་པར་བསམ། སྙིང་ཁར་པད་ཟླའི་སྟེང་དུ་ནོར་བུ་འོད་འབར་བའི་ལྟེ་བ་ཛཾ་གྱིས་མཚན་པ་ལ་སྔགས་ཀྱི་བསྐོར་བ་ལས་འོད་འཕྲོས། ཕྱི་སྣོད་ལ་ཕོག་གཞལ་ཡས་ཁང༌། ནང་བཅུད་ལ་ཕོག་ཛཾ་བྷ་ལར་གྱུར། ཚུར་འདུས་རང་ལ་ཐིམ། ཐུགས་ཀར་འཁོར་བར་བསམ། འོད་ཟེར་གྱི་རྩེ་ན་གནས་པའི་ཛཾ་བྷ་ལ་རྣམས་ཀྱིས་རིན་པོ་ཆེ་སྣ་ལྔའི་ཆར་ཕབ་པར་བསམ་ལ་བསྙེན་པ་བསྐྱལ་ལོ། །དེ་ནས་མདུན་བསྐྱེད་ནི། མདུན་གྱི་མཎྜལ་གྱི་སྟེང་དུ་ཡང༌། བདག་བསྐྱེད་ཇི་ལྟ་བ་བཞིན་དུ་ཛཾ་བྷ་ལ་བསྐྱེད་ལ། ཡེ་ཤེས་པ་བསྟིམ། དབང་བསྐུར་རྒྱས་གདབ་བོ། །ལས་བུམ་གྱི་ནང་དུ་བདུད་རྩི་འཁྱིལ་པ་གཞུང་བཞིན་
XXX བསྐྱེད་ལ་དབང་བསྐུར་རྒྱས་གདབ་སྤྱི་དང་མཐུན། དེ་ནས་རང་གི་ཐུགས་ཀ་ནས་སྔགས་ཕྲེང་འཁོར་བ་ལས་འོད་འཕྲོས། མདུན་བསྐྱེད་དང་བུམ་བསྐྱེད་གཉིས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་འཁོར་ཞིང་ཐུགས་རྒྱུད་བསྐུལ་བས། སྔགས་གསུངས་ཤིང་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། བསྙེན་པ་བརྒྱ་སྟོང་ལ་སོགས་བསྐྱལ། སླར་དེ་དག་ལ་མཆོད་ཅིང་བསྟོད། གཏོར་མ་ཕུལ་ལ་འདོད་དོན་དུ་གསོལ་བ་གདབ། དེ་ནས་སྐབས་འདིར་ཡང་འོག་ནས་འབྱུང་བའི་རིམ་པས། རང་ཏིང་ངེ་འཛིན་གྱིས་བདག་འཇུག་བླང་བར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། རྗེས་གནང་གི་སྔོན་འགྲོ་དང༌། དངོས་གཞི་རྗེས་སུ་གནང་བའོ། །དང་པོ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས། གྲལ་ལ་འཁོད་དེ། བགེགས་བསྐྲད། སྲུང་འཁོར་བསྒོམ། མཎྜལ་ཕུལ། དེ་ནས་སྐྱབས་འགྲོའི་སྡོམ་པ་སྦྱིན་པ་ནི། ཐལ་མོ་སྦྱོར་ལ་ངའི་རྗེས་ཟློས་ཅིག་ཅེས་བརྗོད་ལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱི་སྐྱབས་འགྲོའི་སྡོམ་པ་བྱིན། དེ་ནས་སེམས་བསྐྱེད་ཀྱི་སྡོམ་པ་སྦྱིན་པ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་གྱིས་སེམས་བསྐྱེད་ཀྱི་སྡོམ་པ་བཟུང་ངོ༌། །དེ་ནས་ཡན་ལག་བདུན་
XXX པ་བྱ་བ་ནི། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་ཛཾ་བྷ་ལ་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བྱའོ། །དེ་དག་གིས་སྔོན་འགྲོ་རྣམས་སོང་ནས། །གཉིས་པ་དངོས་གཞི་ལྔ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་དང་ལྔའོ། །དང་པོ་སྐུའི་རྗེས་གནང་ཞུ་བའི་ཡོན་ཏུ་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། ཀྱཻ། སྟོན་པ་ཐུགས་རྗེའི་མངའ་བདག་ཛཾ་བྷ་ལ། །བདག་ཅག་འཁོར་བས་འཇིགས་ཤིང་ཐུགས་རྗེས་བཟུང་དུ་གསོལ། །མུན་པར་གྱུར་པའི་འགྲོ་བའི་གྲོང་ཁྱེར་ན། །འཇིགས་ཤིང་ཡ་ང་ཁྱོད་ལ་གསོལ་བ་འདེབས། །བདེ་བ་ཆེན་པོ་མྱ་ངན་འདས་པའི་གྲོང༌། །ཞབས་ཀྱི་རྡུལ་ལ་རེག་ཅིང་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། །དེ་ནས་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། །བདག་གི་ཐུགས་རྗེའི་ཉི་མ་ཡི། །འོད་ཀྱིས་མ་རིག་མུན་པ་བསལ། །ཁྱེད་ཀྱི་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །ཞེས་པ་བརྗོད་དོ། །དེ་ནས་སློབ་མ་རྣམས་ལས་བུམ་གྱིས་ཆུས་བསངས། སྭ་བྷ་ཝས་སྦྱངས་ནས། ཛཾ་བྷ་ལ་མངོན་རྟོགས་ནས་བྱུང་བ་ལྟར་བསྐྱེད་ལ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཐ་དད་པའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཕོག་པས། ཐམས་ཅད་ཛཾ་བྷ་ལའི་རྣམ་པ་སྐུ་ཆུང་ལ་ཡན་ལག་རག་པ། ཕྱག་མཚན་གསལ་བ་དཔག་ཏུ་མེད་པ་བྱུང༌། བླ་མའི་སྐུ་ལས་ཀྱང་ཛཾ་བྷ་ལའི་སྐུ་དཔག་ཏུ་མེད་པ་ཆད་ནས་བྱུང་བས།
XXX མེ་ཏོག་འདི་དང་གཉིས་སུ་མེད་པ་སློབ་མའི་ལུས་ལ་མཚོ་ལ་ཁ་བབས་པ་ལྟར་སིབ་སིབ་ཐིམ་པར་བསྒོམ་ལ། མེ་ཏོག་གཏོར། སྤོས་དང་རོལ་མོ་དཀྲོལ། སློབ་མའི་སྤྱི་བོར་སྐུ་བཞག་ལ། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཛཿཧཱུྃ་བཾ་ཧོཿཞེས་བརྗོད། དེ་ལྟར་སྐུའི་རྗེས་གནང་གི་ཕན་ཡོན་ལ། གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བ་དང༌། མཐར་ཐུག་ཏུ་མཚན་དཔེས་བརྒྱན་པའི་ཛཾ་བྷ་ལའི་སྐུ་ཐོབ་པའི་དགོས་པ་ཡོད་དེ། ཞེས་བརྗོད་དོ། །གཉིས་པ་གསུང་གི་རྗེས་གནང་ཞུ་བ་ཡོན་དུ་མཎྜལ་ཕུལ་ལ་གསོལ་བ་གོང་བཞིན་བཏབ་ལ། དེ་ནས་དཔོན་སློབ་གཉིས་ཀ་ཛམ་བྷ་ལར་བསྐྱེད་པའི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཾ་སེར་པོ་ལ་སྔགས་ཀྱིས་བསྐོར་བར་བསམ། དེ་ནས་བླ་མའི་ཞལ་ནས་སྔགས་ཕྲེང་གསེར་ཞུན་མ་ལྟ་བུའི་ཕྲེང་བ་ནར་གྱིས་ཐོན་ནས། སློབ་མའི་ཞལ་དུ་ཞུགས། སྙིང་པའི་ཛཾ་ཡིག་ལ་འཁོར་བར་དམིགས་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་སྔགས་ཉི་ཤུ་རྩ་གཅིག་གི་བར་དུ་ཕྲེང་བ་ལ་བཟུང་ལ་རྗེས་ཟློས་བྱེད་དུ་གཞུག །དེ་ནས་ཕྲེང་བ་སློབ་མའི་མགྲིན་པར་རེག་སྟེ། སློབ་དཔོན་གྱིས། བཅོམ་ལྡན་རིགས་སྔགས་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད། འདི་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ལས། གནས་སྐབས་སུ་སྔགས་ཀྱི་ནུས་པ་ཆེ་ཞིང་ངག་གི་འཆད་རྩོད་རྩོམ་གསུམ་ལ་མཁས་པ་དང༌། མཐར་ཐུག་ཏུ་གང་བདེན་པའི་ཚིག་འགྲུབ་ཅིང༌། སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་ལྡན་པར་འགྱུར་རོ། །ཞེས་བརྗོད་དོ། །གསུམ་པ་ཐུགས་ཀྱི་རྗེས་གནང་
XXX ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གོང་ལྟར་བཏབ། དེ་ནས་སློབ་མ་ལུས་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱས་ལ། བདུན་གྱི་ནམ་མཁར་ཛཾ་སེར་པོ་གསེར་གྱི་མདོག་ཅན་ཞིག་བསམ། དེ་ནས་རང་གི་ལུས་འཇའ་ལུས་སུ་ཡལ་ནས། མདུན་གྱི་ཛཾ་ཡིག་ལ་ཐིམ་པ་ལ་རིག་པ་གཏད་ཅིང༌། ཛཾ་ཡིག་ཀྱང་ནམ་མཁར་འཇའ་ཡལ་བ་ལྟར་སོང་བར་བསམ་ཞིང་སེམས་སྟོང་གསལ་ནམ་མཁའ་གཡའ་དག་པ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་བཞག་པ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །འདི་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ཏེ། །གནས་སྐབས་སུ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེད་བ་དང༌། མཐར་ཐུག་ཏུ་ཆོས་ཉིད་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་དགོས་པ་ཡོད་དོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ་གསོལ་བ་གོང་བཞིན་བཏབ། དེ་ནས་སློབ་མ་ཛཾ་བྷ་ལར་བསྐྱེད་དུ་བཅུག་ལ། སློབ་དཔོན་གྱིས་ལག་པ་གཡས་སུ་ནོར་བུ་གཏད་ལ། འདི་འཕགས་པ་ཛཾ་བྷ་ལའི་ཕྱག་མཚན་ཡིད་བཞིན་གྱི་ནོར་བུ་སྟེ། བསམ་དོན་ཐམས་ཅད་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །ཞེས་བརྗོད་དོ། །ལག་པ་གཡོན་དུ་ནེའུ་ལེ་གཏད་ལ། འདིར་ཨཱརྻ་ཛཾ་བྷ་ལའི་ཕྱག་མཚན་ནེའུ་ལེ་ཡིན་ཏེ། འདི་འཆང་བ་ཙམ་གྱིས་དགོས་འདོད་ཆར་ལྟར་དུ་འབབ་པར་འགྱུར་རོ། །ཞེས་བརྗོད་དོ། །འདིའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ལམ་གྱི་ཡོན་ཏན་མཐའ་དག་འགྲུབ་པ་དང༌། མཐར་ཐུག་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་མཐའ་དག་ཐོབ་པར་འགྱུར་རོ། །ཞེས་བརྗོད་དོ། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ཞུ་བའི་
XXX ཡོན་དུ་མཎྜལ་ཕུལ་ལ་གསོལ་བ་གོང་བཞིན་བཏབ། དེ་ནས། སློབ་མ་ཛཾ་བྷ་ལར་བསྐྱེད་པའི་ཡན་ལག་ལྔ་དང༌། དཀྱིལ་འཁོར་གྱི་ལྷ་དང་བླ་མ་ཐ་མི་དད་པའི་ཡན་ལག་ལྔ་ནོར་བུར་བསྐྱེད་པ་ནི། སྤྱི་བོར་ཡིད་བཞིན་གྱི་ནོར་བུ་དཀར་པོ། ཕྲག་པ་གཡས་པར་དམར་པོ། གཡོན་པར་སྔོན་པོ། དཔྱི་མགོ་གཡས་སུ་སེར་པོ། གཡོན་དུ་ལྗང་ཁུ་འོད་འབར་བ་ལྔ་ལས་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༌། ཚངས་པ་དང་བརྒྱ་བྱིན་ལ་སོགས་དང༌། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་དང༌། གཙུག་ན་རིན་ཆེན་ལ་སོགས་ཀླུ་ཆེན་པོ་བརྒྱད་ཀྱི་ལོངས་སྤྱོད་དང༌། སྣོད་བཅུད་ཀྱི་ཟས་ནོར་ཐམས་ཅད་ནོར་བུའི་རྣམ་པ་ཅན་དུ་འདུས་ནས། དཀྱིལ་འཁོར་གྱི་ལྷ་དང་བླ་མ་ཐ་མི་དད་པའི་གནས་ལྔའི་ནོར་བུ་ལ་ཐིམ། ནོར་བུ་དེ་དག་ལས་ནོར་བུ་རིགས་ལྔ་མང་པོ་འཕྲོས་ནས་སློབ་མའི་ནོར་བུ་ལ་ཐིམ་པས་ལོངས་སྤྱོད་ཆར་ལྟར་བབ་པར་བསྒོམས་ཤིག །ཅེས་བརྗོད་ལ། ནོར་བུ་གནས་ལྔར་གཏུགས་ཤིག །ནོར་བུ་འདི་ལྔས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་ཞིང་དགོས་འདོད་ཆར་ལྟར་དུ་འབབ་པར་འགྱུར་རོ། །ཞེས་བརྗོད་དོ། །འདི་དག་ཕན་ཡོན་ནི་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ཕྲིན་ལས་རྣམ་བཞིའི་འགྲུབ་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་དགོས་པ་ཡོད་དོ། །ཞེས་བརྗོད་ལ། བླ་མ་ལ་གཏང་རག་གི་མཎྜལ་ཕུལ་ལ། དེང་ནས་བཟུང་སྟེ་ཁྱོད་བྲན་དུ། །ཞེས་སོགས་ལན་གསུམ་བརྗོད། གསུམ་པ་རྗེས་ནི། གཏང་རག་གི་མཆོད་པ་དང་བསྟོད་པ་བྱ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །དེ་ནས་བཀྲ་ཤིས་བརྗོད་དོ། །ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །བཅོམ་ལྡན་ཛམ་བྷ་ལྷའི་རྗེས་གནང་རིམ་པ་འདི། །བླ་མའི་ཞལ་ནས་ཇི་ལྟར་བྱུང་བ་བཞིན། །ནོར་འཁྲུལ་མེད་པ་འོད་དཔག་རྡོ་རྗེས་བཀོད། །དགེ་བས་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག། །།སརྦ་དཱ་ཀ་ལྱཱ་ཎ་བྷ་བ་ཏུ།

།སྐྱིད་སྡུག་ལམ་ཁྱེར་གྱི་བློ་སྦྱོང་།

༈ །།སྐྱིད་སྡུག་ལམ་ཁྱེར་གྱི་བློ་སྦྱངསྦྱོང་།

༡༠༡༈ །།སྐྱིད་སྡུག་ལམ་ཁྱེར་གྱི་བློ་སྦྱངསྦྱོང་། བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱིད་སྡུག་ལམ་ཁྱེར་གྱི་མན་ངག་
༡༠༢ནི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། སྐྱིད་པར་བྱུང་ན་སྐྱིད་མཁན་དེ་ལུས་དང་སེམས་གང་ཡིན་ངོས་ཡེར་གྱིས་བཟུང་། ལུས་བེམ་པོ་རོ་དང་འདྲ་སྟེ་སྐྱིད་མཁན་རུ་མ་གྲུབ། སེམས་སྟོང་པ་ནམ་མཁའ་དང་འདྲ་སྟེ་ཁོ་ཉིད་ཁོ་རང་གིས་སྟོང་པས་སྐྱིད་པ་པོ་མ་གྲུབ། དེས་ན་སྐྱིད་པ་པོར་འཛིན་པ་དེ་ཉིད་ཁོ་རང་གིས་སྟོང་པས་སྟོང་པ་ལ་སྟོང་པར་ཤེས་པར་བྱས་ལ་སྟོང་པའི་ངང་ལས་སིང་ངེ་ཡེར་རེ་ལྷོད་དེ་ཤག་གེ་སྡོད་ཚད་མཉམ་པར་བཞག །དེ་ནི་མ་བཅོས་དྲི་མེད་ཆོས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ངང་ལ་སྐྱིད་པར་སྣང་བ་དེ་ཉིད་རང་གི་ཡི་དམ་གང་ཡིན་དེ་ཉིད་ཀྱི་ངོ་བོར་ཡེར་གྱིས་བསྒོམ། སེམས་ཡེངས་རུང་མ་ཡེངས་རུང་ཡི་དམ་ལྷ་དང་འབྲལ་མེད་དུ་རྒྱས་གདབ། དེ་ནི་དག་པའི་གདུལ་བྱ་འདུལ་བྱེད་ལོངས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ང་རྒྱལ་དང་མ་བྲལ་བས་སྐྱིད་པར་སྣང་བ་དེ་ཉིད་སེམས་ཅན་གྱི་དོན་དུ་བསྔོ་སྟེ། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །ཅེས་ལན་གསུམ་བརྗོད། དེ་ནི་དག་པའི་གདུལ་བྱ་འདུལ་བྱེད་སྤྲུལ་སྐུ་ཐོབ་པའི་ཐབས་ཡིན་ནོ། །སྡུག་མཁན་དེ་ལུས་དང་སེམས་གང་ཡིན་ངོས་ཡེར་གྱིས་བཟུང་། ལུས་བེམ་པོ་རོ་དང་འདྲ་སྟེ་སྡུག་མཁན་དུ་མ་གྲུབ། སེམས་སྟོང་པ་ནམ་མཁའ་དང་འདྲ་སྟེ་ཁོ་ཉིད་ཁོ་རང་གིས་སྟོང་པས་སྡུག་པ་པོར་མ་གྲུབ་པས། དེས་ན་སྡུག་པར་འཛིན་པ་དེ་ཉིད་ཁོ་རང་གིས་སྟོང་པས་སྟོང་པ་ལ་སྟོང་པར་ཤེས་པར་བྱས་ལ་སྟོང་པའི་ངང་ལ་སིང་ངེ་ཡེར་རེ་ལྷོད་དེ་ཤིག་གི་སྡོད་ཚད་དུ་མཉམ་པར་བཞག་མ་བཅོས་དྲི་མེད་ཆོས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ངང་ལ་སྡུག་པར་འཛིན་པ་དེ་ཉིད་རང་གི་ཡི་དམ་གང་ཡིན་པ་དེའི་ངོ་བོར་ཡེར་གྱིས་བསྒོམ། སེམས་ཡེངས་རུང་མ་ཡེངས་རུང་ཡི་དམ་ལྷ་དང་འབྲལ་མེད་དུ་རྒྱས་གདབ། དེ་ནི་དག་པའི་གདུལ་བྱ་འདུལ་བྱེད་ལོངས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་
༡༠༣

ང་རྒྱལ་དང་མ་བྲལ་བས་སྡུག་པར་སྣང་བ་དེ་ཉིད་སེམས་ཅན་གྱི་དོན་དུ་བསྔོ་སྟེ། སྡུག་ན་ཀུན་གྱི་སྡུག་བསྔལ་བླང་། །སྡུག་བསྔལ་རྒྱ་མཚོ་སྐེམསྐ་མ་པར་ཤོག །ཅེས་ལན་གསུམ་བརྗོད། དེ་ནི་མ་དག་པའི་གདུལ་བྱ་འདུལ་བྱེད་སྤྲུལ་སྐུ་ཐོབ་པའི་ཐབས་ཡིན་ནོ། །སྐྱིད་སྡུག་ལམ་ཁྱེར་གྱི་མན་ངག་གོ་།འདིའི་བརྒྱུད་པ་ནི། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ། མཁན་ཆེན་ལྷོ་བྲག་པ། མཁན་ཆེན་བདེ་བ་བྱམས་ཆེན་པོ། །རིན་པོ་ཆེ་གྲགས་པ་བཤེས་གཉེན། །ཆོས་རྗེ་བསོད་ནམས་རིན་ཆེན། གཞོན་ནུ་རྒྱལ་མཆོག་གོ

གནད་ཡིག་བུམ་པའི་བརྡ་དོན་བཞུགས།

༥༩ ་་་་གནད་ཡིག་བུམ་པའི་བརྡ་དོན་བཞུགས། སྤྲོས་མེད་དབང་གི་བརྡའི་གནད་ཡིག་གོ །རང་རིག་གདོད་ནས་དག་པའི་ནམ་མཁའ་ལ། །སེམས་ཉིད་རྒྱལ་པོ་འགྱུར་མེད་ལྷུན་གྱིས་གྲུབ། །རང་གསལ་རིགས་ལྔའི་ཕོ་བྲང་རང་ཤར་བའི། །ཐུགས་རྗེ་ཕྱོགས་བཅུར་འཕྲོ་ལ་ཕྱག་འཚལ་ལོ། །གང་འདིར་སྙིང་གི་འོད་ཀྱི་ཕུང་པོ་ཡི། །རང་བཞིན་དེར་གནས་སྒྲིབ་བྲལ་གདོད་མའི་ངང་། །འགྲོ་རྣམས་ཡིད་ལ་སྣང་བར་བྱེད་དོན་དུ། །དབང་གི་ཆུ་བོ་བཞི་ལས་སྤྲོས་མེད་བརྗོད། །དག་པའི་སེམས་ལ་རང་གསལ་བུམ་པའི་སྐུ། །གཞི་དང་ལམ་དང་འབྲས་བུ་རྣམ་པ་གསུམ། །རང་བབས་གནས་པ་བརྡ་ཡིས་འདིར་བསྟན་ཕྱིར། །བུམ་པ་བསྣོལ་མའི་ཐིག་འདི་གསལ་བར་བྱ། །གྲུ་བཞི་པ་ནི་ཆ་བཞིར་བགོ །ནང་གི་ཆ་གཉིས་བུམ་པའི་ལྟོ། །གསུམ་པ་ཕྱེད་བགོས་ཕྱི་ཐིག་གི །གཡས་གཡོན་ལྟོ་བའི་བཞི་ཆ་རེ། །མཚན་མ་བྱས་ལ་གྱེན་མཐུར་གདབ། །དེ་ཡང་ཕྱེད་དུ་བགོས་པ་ཡི། །ཤར་དང་ལྷོ་ནི་བུམ་པའི་གཤམ། །ནུབ་དང་བྱང་ནི་ཁ་ཡིན་ཏེ། །ལོགས་ཟུར་གང་རུང་རྩེ་ནས་བསྐོར། །ལོགས་ན་བསྐོར་ན་བཞི་པ་ཡིས། །ཤར་ལྷོའི་ཕྱོགས་ལ་བུམ་གདན་བྱ། །ནུབ་བྱང་སྒངས་པོ་ཁ་རྒྱན་བྲི། །ཟུར་ནས་
༦༠ བསྐོར་ན་ཤར་དང་ལྷོའི། །བཞི་པ་རིལ་པོ་བུམ་པའི་གདན། །ནུབ་དང་བྱང་གི་བཞི་པ་ནས། །ཟླུམ་སྐོར་བར་དུ་དཔག་བསམ་ཤིང་། །ལོ་འདབ་ལྗང་ལ་སྙིང་པོ་དམར། །འབྲས་བུ་སེར་པོ་བྲི་བར་བྱ། །བུམ་པ་དམར་པོ་འོད་ལྔས་བསྐོར། །བུམ་གདན་སྣ་ཚོགས་པདྨ་སྟེ། །བར་ཁྱམས་སྟོང་གསལ་ནམ་མཁའི་མདོག །ཕྱི་རིམ་འོད་ལྔའི་ར་བས་བསྐོར། །དེ་ཡང་ནང་ནས་རིམ་པ་བཞིན། །དཀར་དམར་མཐིང་སེར་ལྗང་གུའོ། །དེ་ཀུན་སྐུ་གསུང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་རྣམ་ལྔའི་བརྡ། །དེ་ཡི་དག་པ་དྲན་པ་ནི། །ཕྱོགས་རིས་རྒྱ་ཆད་མེད་པས་ན། །ཡུད་ཙམ་ཟླུམ་ལ་བརྟགས་ན་མིན། །རང་གསལ་གདངས་ལྔར་གནས་པས་ན། ཁ་དོག་ལྔ་ཡི་ར་བས་བསྐོར། །སྣང་སྟོང་ཆོས་སྐུ་གཟུགས་སྐུའི་བརྡར། །ལྟ་ལུགས་གཉིས་ཀྱི་བུམ་པ་གཉིས། །དེ་ལས་འདོད་རྒུ་ལྷུན་གྲུབ་ཕྱིར། །དཔག་བསམ་ཤིང་གིས་ཁ་རྒྱན་ཅན། །སྟོང་གསལ་སྣ་ཚོགས་ཉིད་ཀྱི་ཕྱིར། །བུམ་གདན་སྣ་ཚོགས་པདྨའི་ཚུལ། །དེ་ཀུན་འོད་ལྔས་ཡོངས་བསྐོར་བ། །ཀུན་ཀྱང་གདོད་ནས་རིགས་ལྔའི་དང་། །རང་བཞིན་གནས་པའི་བརྡ་ཡིན་ནོ། །དེ་འདྲའི་རང་བཞིན་བུམ་པ་སྟེ། །འགྲོ་བ་ཀུན་ལ་ཡེ་ནས་གནས། །རང་སེམས་འོད་མཐའ་མེད་པ་ནི། །སེམས་ཉིད་ཀ་དག་ཆོས་སྐུའི་ངང་། །འོད་གསལ་གཟུགས་སྐུའི་རང་བཞིན་ཤར། །དེ་ལ་སྐུ་ལྔ་ཡེ་ཤེས་ལྔ། །རང་གདངས་ཁ་དོག་རྣམ་ལྔར་ཤར། །དེ་ཕྱིར་ཆོས་སྐུ་གཟུགས་སྐུ་གཉིས། །གཞི་ནས་རྫོགས་ཕྱིར་སྣང་སྟོང་ཕྱིར། །གཞི་ཡང་བུམ་པའི་བརྡས་བསྟན་ནོ། །ལམ་ཡང་ཀ་དག་ལྷུན་གྲུབ་གཉིས། །གནས་ཕྱིར་དེ་ཡི་རྩལ་ཡང་གཉིས། །འགྱུ་བའི་སེམས་དང་འབྱུང་བཞིའི་ལུས། །གདོས་བཅས་ཡུལ་དང་བཅས་པའོ། །དེ་ལྟར་རྩལ་གཉིས་སྦྱང་བའི་ཕྱིར། །ཉམས་ལེན་ཁྲེགས་ཆོད་ཐོད་རྒལ་གཉིས། །ཁྲེགས་ཆོད་
༦༡ ཅོག་བཞག་རང་གྲོལ་གྱིས། །སྟོང་པའི་རྩལ་ལས་འཕྲོས་པ་ཡི། །འགྱུ་བའི་རིག་པ་ཟད་སར་སྐྱེལ། །ཐོད་རྒལ་རང་འོད་དབྱིངས་ཤར་ལ། །མི་འགྱུར་མཉམ་པའི་གཟེར་ཐེབས་པས། །ལུས་དང་ཡུལ་གྱི་རྡོས་བཅས་ནུབ། །རང་གསལ་གདོད་མའི་འོད་ལྔར་གྲོལ། །ཟད་པའི་ས་ལ་གྲོལ་བར་བྱེད། །དེ་ཕྱིར་ཁྲེགས་ཆོད་ཐོད་རྒལ་གཉིས། །སྣང་སྟོང་ཆོས་སྐུ་གཟུགས་སྐུ་གཉིས། །ཉམས་སུ་ལེན་ཕྱིར་ལམ་ཉིད་ནི། །བུམ་པའི་བརྡ་ཡིས་མཛད་པའོ། །འབྲས་བུ་ཀ་དག་ལྷུན་གྲུབ་གཉིས། །དེ་ཡང་ཟད་སར་གྲོལ་བའི་ངང་། །རིག་པ་སྔོན་ཐོག་ཉིད་ཀྱི་གཞི། །རང་འོད་ལྔ་ཡི་གདངས་དང་བཅས། །རིགས་ལྔའི་ཚུལ་དུ་ལྷུན་གྱིས་གྲུབ། །དེ་ཡི་ངོ་བོ་སྣང་ཙམ་ནས། །བརྗོད་བྲལ་ཀ་དག་ཆེན་པོར་གནས། །དེ་ཡང་རང་རིག་འོག་མིན་གནས། །ཕྱོགས་བཅུ་ན་མེད་དབུས་མཐའ་མེད། །སྟོང་ཁམས་རིག་པའི་ཞིང་ཁམས་ན། །སེམས་དེ་འོད་དང་འོད་ཁྱིམ་དང་། །གཙོ་འཁོར་ཡོངས་རྫོགས་ཚུལ་དུ་སྣང་། །ལྷུན་འབྱམས་སྙིང་པོ་རྒྱལ་པའི་ཞིང་། །རྣམ་དག་སྟུག་པོ་བཀོད་པའོ། །ཞིང་དེའི་རྒྱལ་བ་རྒྱ་མཚོ་ཡང་། །མི་གསུང་མི་གཡོ་སྤྲོས་བྲལ་དང་། །བྱིན་གྱིས་རླབས་ཀྱིས་རང་བྱུང་བའི། །བསྟན་པ་གསང་བ་སྤྱོད་པ་ཡང་། །རང་བས་ཕྱོགས་བཅུར་རང་སྣང་ངོ་། །དེ་ལྟར་སྐུ་གསུང་ཐུགས་ཆེན་པོ། །རང་བཞིན་ལྷུན་རྫོགས་ངང་ཉིད་ལས། །གདུལ་བྱའི་འཇིག་རྟེན་གང་ཡོད་དེར། །སྤྲུལ་པ་གང་འདུལ་དེར་སྣང་བས། །འགྲོ་བའི་དོན་ཀུན་ལྷུན་གྱིས་གྲུབ། །བརྗོད་བྲལ་ཀུན་གྱི་ངོ་བོ་ནི། །ཆོས་སྐུ་རང་བཞིན་གཟུགས་ཀྱི་སྐུ། །ཐུགས་རྗེ་དེ་ལས་འཕྲོས་པ་ཡི། །སྤྲུལ་པ་རྣམས་དེ་དེ་ལྟར་ནས། །འབྲས་བུའང་ཆོས་སྐུ་གཟུགས་སྐུ་གཉིས། །བུམ་པའི་བརྡ་ཡིས་བསྟན་པའོ། །འདི་ནི་བྱར་མེད་ཀློང་ཡངས་ཀྱིས། །མཆིམས་ཕུ་དཔལ་གྱི་རི་ལ་སྦྱར་བ་རྫོགས་སོ། །དགེའོ། །དགེའོ། །དགེའོ། །

སེམས་འཆི་མེད་ཀྱི་རྩ་བ་བཞུགས་སོ།

༢༤ ༈ སེམས་འཆི་མེད་ཀྱི་རྩ་བ་བཞུགས་སོ། །རྒྱ་གར་སྐད་དུ། །ཤྲཱི་ཨ་མཱ་ར་མ་ཧཱ་ཛྙཱ་ན་ནཱ་མ། །
༢༥ བོད་སྐད་དུ། དཔལ་འཆི་མེད་ཡེ་ཤེས་ཆེན་པོ་ཞེས་བྱ་བ། དཔལ་འཆི་མེད་ཡེ་ཤེས་ཆེན་པོ་ལ་ཕྱག་འཚལ་ལོ། །རྒྱལ་བ་ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །འཆི་མེད་ཡེ་ཤེས་རང་སྒྲ་འདི་སྐད་ཐོས། །གང་ཞིག་དད་ལྡན་དབང་པོ་དམ་ཚིག་ཅན། །བླ་མ་མཆོག་བསྟེན་འདི་དོན་རྟོགས་པར་གྱིས། །གང་གིས་ཚེ་འདི་བློས་བཏང་ནས། །རྩེ་གཅིག་ཞག་བདུན་ལོ་ཟླ་ཡིས། །ཇི་ལྟར་ཉོན་མོངས་ལུས་དག་ལ། །ཡེ་ཤེས་ལུས་ནི་རང་དགར་འབྱུང་། །ཚད་མེད་སེམས་བསྐྱེད་སྔོན་འགྲོ་བས། །ཆོ་ག་གསུམ་མམ་སྐད་ཅིག་གིས། །རང་ལུས་ཡི་དམ་ཡབ་ཡུམ་གྱི། །སྤྱི་གཙུག་ས་བོན་འོད་ཟེར་གྱིས། །ལུས་ཀྱི་ཕྱི་ནང་ཐམས་ཅད་ཀུན། །དག་ཅིང་སྟོང་གསལ་ཉིད་སྦྱངས་པས། །སྣང་སྟོང་འཇའ་ཚོན་འོད་ཀྱི་སྐུ། །རང་བཞིན་མེད་བཞིན་སྐུ་མདོག་དང་། །ཞལ་ཕྱག་རྒྱན་དང་མེ་ཕུང་བཅས། །གསལ་ལ་རྟོག་པ་མེད་པ་ཡི། ཧཱུྃ་དང་བཾ་གྱི། །ཟག་མེད་བདེ་སྟོང་ཆེན་པོར་ལྟོས། །རང་ལུས་སྣང་སྟོང་ལྷ་སྐུ་སེམས། །སེམས་ནི་སྣང་སྟོང་ལྷ་ཡི་སྐུ། །སེམས་དང་ལྷ་སྐུ་དབྱེར་མེད་དེ། །རྨི་ལམ་ཡུལ་དུ་ཆུ་ཟླ་ལྟར། །རང་བཞིན་ཟུང་འཇུག་ཆེན་པོ་ཡི། །ངོ་བོ་བརྗོད་བྲལ་བློ་འདས་ཏེ། །དེ་ནི་དུས་གསུམ་སངས་རྒྱས་ཀྱིས། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །དེ་ལ་ན་རྒྱུ་འཆི་རྒྱུ་དང་། །འཁོར་བ་མྱང་འདས་མ་གྲུབ་ཅིང་། །འཕོ་བྱ་འཕོ་བྱེད་བྲལ་བས་ན། །དེ་ཕྱིར་འཆི་མེད་རང་གྲོལ་ལོ། །དེ་ལྟར་མ་རྟོགས་རྣལ་འབྱོར་བས། །བསྐལ་པརབར་བསྒྲུབ་ཀྱང་དོན་མེད་འགྱུར། །ལོག་པའི་ལམ་ཞུགས་ཁོ་ནར་ཟད། །གང་གིས་མཚམས་མེད་ལྔ་རྫོགས་མ་གྲུབ། ཀྱང་། །འཆི་ཁའི་དོ་ཚའམ་དུས་གཞན་དུ། །འཆི་མེད་རྡོ་རྗེའི་ཚིག་རྐང་བཞི། །ཡེ་ཤེས་རྒྱ་མཚོའ་རྒྱུད་ལས། །སྐད་ཅིག་ཡུད་ཙམ་གཅིག་པའམ། །དྲན་ཐོས་རེག་པར་གྱུར་བས་ཀྱང་། །གནད་གཅོད་སྡུག་བསྔལ་རང་དག་ནས། །བར་དོར་ལོངས་སྐུར་མངོན་སངས་རྒྱ། །སྒྲིབ་པ་ཆུང་
༢༦ ྣམས་སྨོས་ཅི་དགོས། །འདི་ནི་འཆུགས་མེད་གནད་ཡིན་ནོ། །གལ་ཏེ་ལུས་སེམས་རྐྱེན་དབང་གིས། །འཆི་ཁར་དྲན་པར་མ་གྱུར་ཀྱང་། །དཔེར་ན་སྒྱོགས་ཀྱི་འཁྲུལའཕྲུལ་འཁོར་བཞིན། །སྔར་གྱི་གནད་ཀྱིས་བར་མ་དོར། །རྒྱལ་བ་ལོངས་སྐུ་རང་ཤར་འབྱུང་། །མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་ཀྱང་། །གསལ་དྭངས་རྫིང་བུར་རྡོ་རྒྱབ་བཞིན། །སྔར་གྱི་གནད་ཀྱིས་བར་མ་དོར། ལོངས་སྐུ་བདེ་ཆེན་རང་ཤར་འབྱུང་། །བརྟན་པར་མ་གྱུར་ལོང་མེད་ཀྱང་། །བཅོ་ལྔའི་ཉི་རྒསརྒྱས་ཟླ་ཤར་བཞིན། །འཆིའམ་འཆི་ཁར་དྲན་ཐོས་ཀྱིས། །བར་དོར་ལོངས་སྐུ་ཐེ་ཚོམ་མེད། །རང་སེམས་སྐྱེ་མེད་ཆོས་སྐུ་ལས། །འགགས་མེད་གཟུགས་སྐུར་རང་ཤར་གྱིས། །འཁོར་བའི་རྒྱ་མཚོ་མ་སྟོངས་བར། །གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །ངོ་བོ་རྣམ་པ་ཕྲིན་ལས་རྣམས། །ཟུང་འཇུག་ཆེན་པོར་རྟོགས་པར་གྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །འཆི་རྒྱུ་མེད་པ་དབང་པོ་རབ། །དེ་དོན་སྐད་ཅིག་རྟོགས་འགྱུར་པསབས། །དག་པ་བདེ་སྟོང་མཁའ་སྤྱོད་འགྲོ། །དུས་གསུམ་རྒྱལ་བས་འདི་རྟོགས་པས། །བདུད་བཏུལ་སངས་རྒྱས་འཁོར་ལོ་བསྐོར། །དེ་ཕྱིར་རྒྱལ་བའི་ཐུགས་བཅུད་འདི། །མདོ་རྒྱུད་དུ་མར་བསྟན་གྱུར་ཀྱང་། །དམ་པའི་དྲིན་གྱིས་མ་གཏོགས་པ། །ཐབས་གཞན་གང་གིས་རྙེད་མི་འགྱུར། །དེ་ཕྱིར་བླ་མ་མཆོག་བརྟེན་ནས། །གུས་ཤིང་མཉེས་པ་གནད་ཡིན་ནོ། །སྙིགས་མ་ལོག་ལྟས་རྒྱུད་དཀྲུགས་ཚེ། །ཡིད་ཆེས་ལུང་གིས་བརྒྱན་པར་བྱ། །འཆི་མེད་ཡེ་ཤེས་ཆེན་པོ་འདི། །ཆིག་བརྒྱུད་རྡོ་རྗེའི་རྒྱ་ཡིས་བཏབ། །མི་རབས་བདུན་ནས་གསུམ་ལའོ། །རང་སེམས་འཆི་མེད་རང་གྲོལ་རྫོགས་སོ། །ཡེ་ཤེས་ཀྱི་ཌཱ་ཀི་མས་སེང་ལྡེང་གི་ནགས་གསེབ་ཏུ་གསུངས་ནས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ལོ་ཙཱ་བ་དེ་ཉིད་དང་། རིན་ཆེན་བཟང་པོས་ཀྱང་གཏན་ལ་ཕབ་པའོ། །ཌཱ་ཀི་མ་དེ་ཉིད་ལ་བདག་ཁྱུང་པོ་རྣལ་
༢༧ འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་པའོ། །འཆི་མེད་ཚིག་རྐང་རྫོགས་སོ། །དགེའོ།། །།དགེའོ།། །།དགེའོ།། །། །།

༄༅། །ལམ་ཟབ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་སྙིང་པོ་བཞུགས་སོ༎

༡༦༣ ལམ་ཟབ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་སྙིང་པོ་བཞུགས་སོ།། །
༡༦༤ ལམ་ཟབ་ཐུན་མོང་མ་ཡིན་པའི་བསྒོམ་བྱ་ཉམས་སུ་བླང་བ་ལ། ཞིང་དང་བསམ་པ་དངོས་པོ་ཀུན། །གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། །གང་འདོད་འབྲས་བུ་འབྱུང་བར་ངེས། །ལྟེམ་རྐྱང་མ་བྱེད་རྣལ་འབྱོར་པ། ཞེས་གསུངས་པའི་དོན། བཏགས་པའི་དཀྱིལ་འཁོར་དུ་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ། ལུས་ཀྱི་དཀྱིལ་འཁོར་དུ་བླ་མ་ལོངས་སྐུར་སྒྲུབ་པ། བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་སྐུར་སྒྲུབ་པ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་དང་བཞི་ལས། དང་པོ་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཞེས་སོགས་སྐྱབས་འགྲོ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་མི་བཟད་པའི་སྡུག་བསྔལ་ལས་བསྒྲལ་ནས། མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྱིར། བླ་མ་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལ་འཇུག་པར་བྱའོ། །ཞེས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང་། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་པ་བཞི་བསྒོམས་པས་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་ནས་ༀ་སྭ་བྷཱ་ཝ་སོགས་མངོན་རྟོགས་སུ་ཇི་ལྟར་བཤད་པ་
༡༦༥ བཞིན་གྱིས་བདག་བསྐྱེད། མདུན་བསྐྱེད་བསྒོམ། ཕྱག་འཚལ། མཎྜལ། མཆོད་པ་སོགས་ཡན་ལག་བདུན་པ་བྱ། བདག་འཇུག་བླང་། དེ་རྗེས་ཕར་ཐིམ་འགྲོ་བ་ལྟ་བུ། ཚུར་འབྲལ་མི་ཕོད་པ་ལྟ་བུའི་མོས་གུས་ཀྱི་གདུང་ཤུགས་དྲག་པོས། རྗེ་དམིགས་མེད་ཐུགས་རྗེས་གང་འདུལ་སྐུར་སྟོན་པ། འགྲོ་བ་མ་ལུས་སྨིན་པར་མཛད་པ་ཡི། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྣང་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྣང་མ་ཐག་ཏུ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་དངོས་གྲུབ་ཞུས་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བདག་ཉིད་ལ་ཐིམ་པས་བདག་དང་གཉིས་སུ་མེད་པར་བསམ་ནས་གསལ་སྣང་མ་བྱུང་བར་དུ་ཡང་ཡང་བསྒོམ། དེ་ལ་སུན་ན། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་དབུས་སུ་ཧཱུྃ་ཡིག་སྔོན་པོའི་མཐར། ༀ་
༡༦༦ བཛྲ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཞེས་པས་བསྐོར་བ་ལ་དམིགས་ནས། ངག་ཏུའང་ཅི་ཙམ་ནུས་ཀྱི་བར་དུ་བཟླ། སྔགས་ཕྲེང་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། སངས་རྒྱས་ཐམས་ཅད་མཆོད། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པར་རང་གི་བ་སྤུའི་བུ་ག་ནས་ཞུགས་ནས་རང་ལ་བསྟིམ། དེ་ལྟར་སྤྲོ་བསྡུའི་དམིགས་པ་ཡང་ཡང་བྱ། དེ་ནས་མེ་ལོང་ལ་ཧས་བཏབ་པ་ལྟར་གཞལ་ཡས་ཁང་། འཁོར་གྱི་ལྷ་དང་བཅས་པའི་ལྷ་རང་ལ་བསྟིམ་ནས། རང་ཉིད་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་མ་བྲལ་བར་བྱེད། དེ་ནས་ཕྲ་ཐིག་གི་རྣལ་འབྱོར་སྒོམ་པ་ནི། རང་ཉིད་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་སྙིང་གར་རྡོ་རྗེ་སེམས་དཔའ་སྐུ་མདོག་ཟླ་བ་ལྟར་དཀར་བ་བཞེངས་པའི་སྐུ། བདུད་བཞི་ཞབས་འོག་ཏུ་མནན་པ། ཕག་མོ་དང་མཉམ་པར་སྦྱོར་བ། དེའི་ཐུགས་ཁར་པདྨ་དཀར་པོ་འདབ་མ་བཞི་པའི་སྟེང་དུ་རྡོ་རྗེ་ནས་འབྲས་ཙམ་བུ་གུ་ཅན་གྱི་ལྟེ་བར། བླ་མ་རྡོ་རྗེ་འཆང་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མིག་འབྲས་ཀྱི་ནང་དུ་གཟུགས་ཤར་བ་བཞིན་དུ་བསྒོམ། རླུང་སྣའི་སྒོ་ནས་ཕྱིར་འགྲོ་བའི་དུས། རྡོ་རྗེའི་ལྟེ་བའི་དཀྱིལ་འཁོར་གྱི་ལྷ་ལས་འོད་ཟེར་འཕྲོས་པའི་འོད་ཟེར་གྱི་སྣ་ལས་སངས་རྒྱས་ཀྱི་སྐུ་སྣ་ཚོགས་པས་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད། རླུང་ནང་དུ་འོང་དུས་སྙིང་གའི་ལྷ་ལ་ཐིམ། ནང་དུ་གནས་པའི་ཚེ་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསམ། གཞན་ལ་མ་ཡེངས་པར་དེ་ཁོ་ན་ལ་རྩེ་གཅིག་ཏུ་བསྒོམ་པ་ཕྲ་མོའི་རྣལ་འབྱོར་རོ། །དེ་ལ་དམིགས་པ་བརྟན་ནས། སྙིང་གར་བསྒོམས་པའི་རྡོ་རྗེ་སེམས་དཔའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་ཟར་མའི་མེ་ཏོག་ལྟར་སྔོ་ལ་དྭངས་པ་ཞིག་བསྒོམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་འོ་མ་ལྟ་བུ་རྒྱུན་ཆད་མེད་པར་བབས། སྙིང་གའི་རྡོ་རྗེ་སེམས་དཔའི་ཡབ་ཡུམ་གྱི་སྦྱོར་མཚམས་ལས་བྱུང་། རང་གི་ལྟེ་བར་རླུང་གི་དཀྱིལ་འཁོར་དང་མེའི་དཀྱིལ་འཁོར་
༡༦༧ སེན་མོ་ཙམ་པའི་སྟེང་དུ་པདྨ་ཐོད་པ་བདུད་རྩིས་གང་བ། དབུས་སུ་ཨཱ་ལི་ཀཱ་ལི་ལས་ཟླ་བའི་དཀྱིལ་འཁོར་དང་བཅས་ཧཱུྃ་གིས་བྱིན་གྱིས་བརླབས་ནས། རླུང་གིས་མེ་སྦར། དེས་ཐོད་པའི་བདུད་རྩི་ཁོལ་བ་ཕྱིར་ལུད་པས། ལུས་ཐམས་ཅད་ཁྱབ་ཟག་པ་མེད་པའི་བདེ་བས་ཚིམ་པར་བསྒོམ། དེ་ནི་ཐིག་ལེའི་རྣལ་འབྱོར་རོ། །དེས་བླ་མའི་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འཇའ་ཚོན་ལྟ་བུ་ཐོབ་པར་འགྱུར་བ་བུམ་དབང་གི་ཉམས་ལེན་ཡིན་ནོ། །གཉིས་པ་ལུས་དཀྱིལ་དུ་བླ་མ་ལོངས་སྐུར་སྒྲུབ་པ་ལ། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ་བཞི་ལས་རྒྱུད་ཀྱི་རིམ་པའི་བསྒོམ་བྱ་ནི། རང་གི་ལུས་འདི་ཀ་རྟེན་གཞལ་ཡས་ཁང་། དེའི་དབུས་ཀྱི་རྩ་དབུ་མ་རོ་མ་རྐྱང་མ་གསུམ་འཁོར་ལོ་བཞིའི་དང་པོ་བརྟེན་པ་ལྷའི་ངོ་བོ་ཡིན་པས་དེ་ལྟར་བསྒོམ་པ་ལ་སྤྱི་བོར་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི། དེ་ཡང་རྩ་རྣམས་ཡུམ། དེའི་ནང་བྱང་ཆུབ་སེམས་ཀྱིས་གང་བ་ཡབ་ཏུ་ཤེས་པར་བྱས་ཏེ། སྤྱི་བོའི་དབུས་སུ་བླ་མའི་སྐུ་རྡོ་རྗེ་ཡབ་ཡུམ་ཧཾ་ཡིག་གི་རང་བཞིན། དེའི་ཕྱིར་དབྱངས་ཡིག་བཅུ་དྲུག་དཔའ་བ་དང་། །དེ་ལ་འཁྱུད་པའི་རྩ་འདབ་དཔའ་མོ། སྙིང་གའི་དབུས་སུ་བླ་མའི་ཐུགས་རྡོ་རྗེ་ཡབ་ཡུམ་ཧཱུྃ་གི་རྣམ་པ་ཕྱིའི་འདབ་མའི་ཕྱོགས་བཞི་ལ་ཨ་ཨི་ཨུ་ཨེ། མཚམས་སུ་ཡ་ར་ལ་ཝ་བཞི་སྟེ་བརྒྱད། མགྲིན་པའི་དབུས་སུ་བླ་མའི་གསུང་རྡོ་རྗེ་ཡབ་ཡུམ་ཨཿཡིག་གི་རྣམ་པ། ཕྱིའི་ཕྱོགས་བཞིར། ཨཱ་ཨཱི་ཨཱུ་ཨཱེ། མཚམས་བཞིར། །རྀ་རཱྀ་ལྀ་ལཱྀ་བཞི་སྟེ་བརྒྱད། ལྟེ་བའི་དབུས་སུ་བླ་མའི་ཐུགས་ཡེ་ཤེས་རྡོ་རྗེ་ༀ་ཡིག་གི་རྣམ་པ། ཕྱི་རོལ་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད། སྤྱི་བོའི་རྩ་འདབ་དང་མགྲིན་པའི་རྩ་ཁ་སྦྱར། སྙིང་ག་དང་ལྟེ་བའི་རྩ་འདབ་ཁ་སྦྱར་བ་ཐབས་ཤེས་ལྟེ་འོག་ཏུ་ཨ་ཤད་སུམ་འཁྱོག་པླུ་ཏིའི་དབྱིབས་ཀྵ་
༡༦༨ ཡིག་གདན་དུ་བྱས་པ། རྩ་གསུམ་གྱི་ཡས་སྣ་སྤྱི་བོ་ནས་སོ་སོར་གྱིས་ནས་དབུ་མ་སྨིན་མཚམས་སུ་ཟུག་པ། རོ་རྐྱང་གཉིས་སྣ་གཡས་གཡོན་གྱི་རྩེ་ལ་ཟུག་པ་བསྒོམ། རླུང་ཕྱིར་འགྲོ་དུས་ལྟེ་འོག་གི་ཨ་ཤད་ལས་ཨ་ཡིག་ཅིག་ཟུར་དུ་ཕྱེ་ནས་ལུས་ཀྱི་གཡས་འབའ་ཞིག་ནས་འཁོར་ལོ་བཞིའི་ལྟེ་བར་ཕྱིན། ཡི་གེ་དབུས་མ་རྣམས་ལ་སྐོར་བ་ལན་གསུམ་གསུམ་བྱས། སྤྱི་བོ་ནས་སྨིན་མཚམས་བརྒྱུད་སྣ་རྩེར་ཐོན་པར་བསམ། རླུང་ནང་དུ་འོང་དུས་ༀ་ཡིག་གི་རྣམ་པར་སྣ་གཡོན་ནས་ཞུགས། ལུས་ཀྱི་གཡོན་འབའ་ཞིག་ནས་བརྒྱུད། དབུས་ཀྱི་ཡི་གེ་ལ་བསྐོར་བ་བྱས། གསང་གནས་ཨ་ཤད་ཆུན་སླེབ་པར་བསམ། ནང་དུ་གནས་པའི་དུས་ཧཱུྃ་ཡིག་གི་རང་བཞིན་ཨ་ཤད་དང་གཅིག་ཏུ་འདྲེས་པས་ཐམས་ཅད་མིག་ལ་གཟུགས་ཤར་བ་བཞིན་བསྒོམ། སྔགས་ཀྱི་རིམ་པ་ནི། ལུས་རྣམ་སྣང་གི་ཆོས་བདུན་བྱ། རླུང་སྣ་སྒོ་གཉིས་ནས་ཞུགས། ལྟེ་འོག་ཏུ་སོང་། འོག་རླུང་ལྟེ་འོག་ཏུ་སླེབ་པ་དང་གཅིག་ཏུ་འདྲེས་ནས། ཀྵ་ཡིག་གི་ནང་དུ་ཞུགས་ཨ་ཤད་ལ་ཕོག་པས་ཨ་ཤད་དུ་བར་འཐུལ་མེ་འབར་བས་འཁོར་ལོ་བཞིའི་རྩ་གནས་ཐམས་ཅད་མེའི་རྣམ་པར་ལྕགས་གོང་མེས་བསྲེགས་པ་བཞིན་སོང་། སྤྱི་བོའི་ཧཾ་ཡིག་བྱང་ཆུབ་ཀྱི་སེམས་ལས་བདུད་རྩིའི་རྒྱུན་བབས་ཏེ་འབར་འཛག་འཐབས་པའི་དམིགས་པ་ཡང་ཡང་དུ་བསྒོམ་པར་བྱ། །གསུམ་པ་ཡེ་ཤེས་ཀྱི་རིམ་པ་ནི། དེ་ནས་གཏུམ་མོའི་མེས་ལུས་ཀྱི་རྩ་ཐམས་ཅད་བསྲེགས་པ་མགར་བའི་ཐབ་ཏུ་ལྕགས་གོང་བསྲེགས་པ་བཞིན་གྱུར། སྤྱི་བོ་བརྒྱུད་སྨིན་མཚམས་ནས་ཕྱིར་འཐོན་མཐོང་སྣང་ཐམས་ཅད་གཏུམ་མོ་ཡེ་ཤེས་ཀྱི་མེར་སོང་། སྣོད་བཅུད་ཐམས་ཅད་ཀྱི་བཅུད་བསྡུས་བདུད་རྩི་བྱང་ཆུབ་ཀྱི་སེམས་འོ་མའི་རྒྱུན་ལྟ་བུས། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བའི་རྩ་འདབ་ཐམས་ཅད་མེར་གྱིས་གང་། གསང་གནས་སུ་ངལ་གསོ་བའི་ཚུལ་དུ་གནས་པར་བསྒོམས་ནས། མ་འགགས་ཀུན་ཁྱབ་སྐུ་ལ་ཞིང་
༡༦༩ ཁམས་སྣང་། སོགས་གསོལ་འདེབས་བྱས། འདོད་དོན་ཞུས། ཐམས་ཅད་བདེ་བའི་རང་བཞིན་དུ་ཐིམ་པར་བསམ། བཞི་པ་གསང་བའི་རིམ་པ་ནི། རླུང་བཀག་ནས་བསྒོམས་པས་རླུང་ཟིན། དེ་ཡང་ཤུགས། གྲངས་རིང་ཐུང་། ཁ་དོག་ནུས་པ་ཟིན་པ་རྣམས་རིམ་པར་འབྱུང་། དེས་གཏུམ་མོའི་བདེ་དྲོད་རྒྱས་པས་རྩ་ཁ་བྱེ། དེར་རླུང་གིས་ཐིག་ལེ་ཁྲིད་པས་རྩ་ཟུག་དང་རླུང་ཟུག་འབྱུང་། བག་ཆགས་ཀྱི་དབང་གིས་དག་མ་དག་གི་སྣང་བ་སྣ་ཚོགས་སུ་འཆར་བས། འདུས་པ་དང་པོ་དྲོད་དམ་སྡུག་བསྔལ་གྱི་དུས། དེ་ནས་དྲོད་ཀྱིས་བྱང་སེམས་རྒྱས་པས་ལུས་ལ་བདེ་བ་མི་བཟོད་པ་སྐྱེ་བ་གཉིས་པ་བདེ་བའི་དུས། ནང་གི་བདེ་བས་ཡིད་འཕྲོགས་ཕྱིའི་འདོད་པ་ལ་བློ་མི་འཇུག །དེས་རྣམ་རྟོག་འགགས་མི་རྟོག་པའི་ཏིང་འཛིན་སྐྱེ་བས། གསུམ་པ་མི་རྟོགས་པའི་དུས། སྲོག་རྩོལ་གྱི་སྟོབས་ཀྱིས་རླུང་དབུ་མར་ཚུད། ཡོན་པའི་རྒྱུ་བ་ཁེག །འཆི་བ་བསླུས། དེ་ནས་རགས་པའི་རྩའི་མདུད་པ་གྲོལ། སྟེང་འོག་གི་རླུང་གཅིག་ཏུ་འདྲེས་པས་རྣལ་འབྱོར་གྱི་སྟོབས་ཀྱིས་རླུང་དབུ་མར་ཚུད། སྙིགས་མའི་ཁམས་ཐམས་ཅད་དངས་མར་སོང་། ཡོན་ཏན་བརྒྱད་དང་ལྡན་པའི་འཇའ་ལུས་སུ་འགྱུར། ལས་རླུང་ཉི་ཁྲི་ཆིག་སྟོང་དབུ་མར་ཐིམ་པས། བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པ་ཡིན་ནོ། །གསུམ་པ་བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་སྐུར་སྒྲུབ་པ་ལ། བདག་གི་བཟང་པོ། གཞན་གྱི་བཟང་པོ། དུས་ཀྱི་བཟང་པོ། ཡེ་ཤེས་ཀྱི་བཟང་པོ་བཞི་ལས། བདག་གི་བཟང་པོ་ནི། བརྟག་གཉིས་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། ཅེས་གསུངས་པའི་དོན། ལུས་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཞུ་བའི་ཁུ་བ་ཐབས། དེ་ལ་བརྟེན་པའི་བདེ་བ་ཤེས་རབ། དེའང་ཐབས་བྱུང་གི་སེམས་ཏེ། ཚེས་གཅིག་ནས་བཅོ་ལྔའི་བར་རྐང་པའི་མཐེ་བོང་ནས་
༡༧༠ སྤྱི་བོའི་བར་དུ་ལུས་ཀྱི་གཡོན་ནས་རིམ་པས་འཕེལ་ནས་ཆ་བཅུ་དྲུག་བར་ལུས་ཐམས་ཅད་ལ་ཁྱབ་པ་དེ་ཉིད་སྙིང་རྗེ་བཅུ་དྲུག་གི་རང་བཞིན། མར་ངོའི་ཚེས་གཅིག་ནས་བཅོ་ལྔའི་གང་བ་མཐར་ཐུག་པར་ལུས་ཀྱི་གཡས་ལ་བསྟེན་ནས་འབབ་པ། སྟོང་ཉིད་བཅུ་དྲུག་གི་རང་བཞིན་དུ་གནས་པ་ཡིན་པས། དེ་ལྟར་ཉམས་སུ་བླང་བ་ནི། རང་ཉིད་བཅོམ་ལྡན་འདས་དང་བཾ་ཡིག་གིས་བྱིན་གྱིས་བརླབས་པའི་ལག་པ་བཅོམ་ལྡན་འདས་མ་ཁ་སྦྱར་བའི་བྱེད་པ་ལ་བརྟེན་ནས། རྗེས་སུ་ཆགས་པའི་མེས་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིའི་གནས་སུ་བབས། དེ་གཉིས་གཅིག་ཏུ་འདྲེས་པས། འཛག་མེད་ཀྱི་བདེ་བ་སྟོང་པ་ཉིད་དང་དབྱེར་མེད་པར་བསྒོམ་མོ། དེ་ནི་རྡོ་རྗེ་མཁའ་འགྲོར། བདག་གི་དེ་ཉིད་རྡོ་རྗེ་འཛིན། །བདག་གི་དབུས་སུ་ཚུད་བྱས་ནས། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཐམས་ཅད་རྡོ་རྗེའི་རང་བཞིན་དུ། །བྱས་ནས་དེ་ཚེ་རྣམ་པར་བསྒོམ། ཞེས་པའི་དོན་རང་ལུས་ཐབས་ལྡན་གྱི་ཉམས་ལེན། གཉིས་པ་གཞན་གྱི་བཟང་པོ་ནི། །ལས་ཀྱི་ཕྱག་རྒྱ་མཚན་དང་ལྡན་པ་ལ་དངོས་སུ་སྦྱར་བའི་ཉམས་ལེན་གྱི་རྗེས་ཆགས་ཀྱི་མེས། སྤྱི་བོའི་བྱང་ཆུབ་ཀྱི་སེམས་ཞུ་བ་གསང་གནས་ཀྱི་རྩེར་ཤེས་རབ་མའི་དམར་ཆ་དང་འདྲེས་པའི་བདེ་བ་སྟོང་ཉིད་དབྱེར་མེད་པའི་དོན་ལ་མ་ཡེངས་པར་བཞག་གོ། དེ་ཡང་རྡོ་རྗེ་མཁའ་འགྲོར། འཁོར་ལོ་ཅན་ཀུན་བསྡུས་ནས་ནི། །བཙུན་མོའི་བྷ་གར་བདེ་ཆེན་སྤྲོ། །དེར་ནི་དཀྱིལ་འཁོར་ཀུན་ཏུ་བྲི། །གཞན་གྱི་དེ་ཉིད་ཇི་བཞིན་གསུངས། ཞེས་གསུངས་པའི་དོན་གཞན་ཤེས་རབ་ཕྱག་རྒྱའི་ལམ་ཁྱེར་དུ་ཤེས་པར་བྱའོ། །གསུམ་པ་དུས་ཀྱི་བཟང་པོ་ནི། གསང་གནས་ཀྱི་སྣ་རྩེར་བྱང་སེམས་ཆ་བཅོ་ལྔ་པའི་དུས་ལོངས་སྐུའི་ཐིག་ལེ། དེ་ཕྱིར་འཕྲོས་ན་སྤྲུལ་སྐུའི་ཐིག་ལེ་དཀར་དམར་འདྲེས་པའི་དུས་འཛད་མེད་དུ་བཅིངས་པའི་ཆ་བཅུ་དྲུག་པའི་བདེ་བ་སྟོང་པ་དང་གཅིག་ཏུ་འདྲེས་པ་ལ། ཡིད་ནང་དུ་ཆུད་པ་ཟེར། དོན་ལྷན་སྐྱེས་
༡༧༡ མཚན་ཉིད་པ་ཡིན་ནོ། །དེ་ནི། རྒྱལ་བས་ཀུན་ནས་ཡེ་ཤེས་མེད། །ཅུང་ཟད་ཤེས་པ་ཕྱི་མོའི་ཕྱེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡེ་ཤེས་ཕྱི་མ་ཉིད་དུ་འགྱུར། ཞེས་གསུངས་པའི་དོན། བཞི་པ་ཡེ་ཤེས་བཟང་པོ་ནི། གསང་གནས་ཀྱི་རྩེར་བྱང་ཆུབ་ཀྱི་སེམས་རང་རིག་གི་གནད་ཀྱིས་འཛག་མེད་བཅིངས་པས། གྱེན་དུ་གཤེགས་པས་མས་བརྟན་གྱི་དགའ་བཞིས། ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་སྒྲིབ་བྲལ་དུ་བྱས། གནས་སྐབས་བཞི་སྦྱངས། བླ་མ་ཆོས་ཀྱི་སྐུ་འགྲུབ་པ་ཡིན་ནོ། །ཆོས་སྐུའི་གསོལ་འདེབས་བྱས་འདོད་པའི་དོན་ཞུས་ནས་ཐུན་ལས་ལྡང་བར་བྱའོ། །བཞི་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་ལ། བདག་གི་གདན། གཞན་གྱི་གདན། རྣལ་འབྱོར་གྱི་གདན། དེ་ཁོ་ན་ཉིད་ཀྱི་གདན་བཞི། དང་པོ་ནི། ལུས་དྲང་པོར་བསྲང་། མིག་ཐད་ཀའི་བར་སྣང་ལ་ལྟ་སྟངས་བཅུད་ནས་དམིགས་པ་ཉེ་བར་ཞི་བའི་ཡུལ་ལ་མཉམ་པར་བཞག་གོ། དེ་ཉིད་ས་ར་ཧས། དབང་པོ་གང་དུ་ནུབ་གྱུར་ཅིང་། །རང་གི་ངོ་བོ་ཉམས་པར་འགྱུར། །གྲོགས་དག་དེ་ནི་ལྷན་ཅིག་སྐྱེས་པའི་ལུས། །བླ་མའི་ཞལ་ལས་གསལ་བར་དྲིས། ཞེས་པའི་དོན་ནོ། །གཉིས་པ་ནི། མཉམ་གཞག་དེ་ལས་ལངས་པའི་དུས་སུ་ཡང་། སྣང་བ་ཐམས་ཅད་ཞེན་མེད་སྒྱུ་མ་ལྟ་བུར་འཆར་བས་སྤང་བླང་གི་མཚན་མ་རང་སར་གྲོལ་བའི་ཚུལ་གྱིས་ཉམས་སུ་བླང་བར་བྱའོ། །དེ་ནི་གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། རིགས་དང་བྱེ་བྲག་དག་ཏུ་མ་འབྱེད་ཅིག །ཅེས་པའི་དོན་ཏོ། རྗེས་ཐོབ་ཀྱི་ཉམས་ལེན་ནོ། །གསུམ་པ་ནི། མཉམ་བཞག་ཏུ་འོད་གསལ་ལས་གཡོ་བ་མེད་པས་ཡེ་ཤེས་ཀྱི་ཚོགས། རྗེས་ཐོབ་ཏུ་སྙིང་རྗེ་ཆེན་པོས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པས་ཟུང་འཇུག་གི་སྐུ་བླ་མ་ངོ་བོ་ཉིད་ཀྱི་སྐུ་མཐར་ཕྱིན་པ་འགྲུབ་པ་ཡིན་ནོ། །ས་ར་ཧས། ནམ་ཞིག་སྦྱོར་བ་ཞི་གནས་
༡༧༢ གཅིག་ལ་ནི་ཞུགས་པ་ན། བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་པའི་དོན་ནོ། །གསུམ་པ་གེགས་སྲུང་པའི་དམ་ཚིག་ནི། །ཁྱེད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་ལོང་། །གཞན་གྱི་བུད་མེད་བརྟེན་པར་གྱིས། །ཞེས་གསུངས་པ་ལས་མི་འདའ་བའོ། །བཞི་པ་བོགས་འདོན་གྱི་སྤྱོད་པ་བཞི་དུས་ཚོད་དང་འབྲེལ་བར་བྱའོ། །ལམ་ཟབ་ཐུན་མོང་མ་ཡིན་པའི་ཉམས་ལེན་སྙིང་པོར་དྲིལ་བ་པདྨ་དཀར་པོས་ཟིན་བྲིས་སུ་ལེགས་པར་བཀོད་པའོ།། །།

༄༅། །ཐེག་པ་ཆེན་པོའི་བློ་སྦྱོང་གི་དཀར་ཆག་བཞུགས་སོ།

༣༧༧

ཐེག་པ་ཆེན་པོའི་བློ་སྦྱོང་གི་དཀར་ཆག་བཞུགས་སོ། །མཁས་པ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པ་དང༌། མུས་པ་ཆེན་པོ་དཀོན་མཆོད་རྒྱལ་མཚན་པ་དཔོན་སློབ་གཉིས་ཀྱིས་ཐེག་པ་ཆེན་པོ་བློ་སྦྱོང་གི་རྒྱ་གཞུང་བོད་གཞུང་ཤིན་ཏུ་གཅེས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་པུསྟི་འདིར་བཞུགས་པའི་དཔེ་ཚན་གྱི་རྣམ་གྲངས་ལ། ཇོ་བོ་རྗེས་རྒྱལ་སྲིད་སྤངས་ཏེ་ཐར་པ་སྒྲུབ་པའི་རྣམ་ཐར་འབྲོམ་སྟོན་གྱིས་མཛད་པ། ཇོ་བོ་མཉམ་མེད་གསེར་གླིང་པ་དང་མཇལ་བའི་རྣམ་ཐར། བློ་སྦྱོང་དོན་བདུན་མའི་གཞུང་མཆན་ཡོད་པ་གཅིག །མེད་པ་གཅིག །བློ་སྦྱོང་དོན་བདུན་མའི་འགྲེལ་པ། བློ་སྦྱོང་མཚོན་ཆ་འཁོར་ལོ། བློ་སྦྱོང་རྨ་བྱ་དུག་འཇོམས། གྱེར་སྒོམ་རྡོ་རྗེའི་གླུ། བྱམས་པའི་རྣལ་འབྱོར་པའི་བློ་སྦྱོང༌། བློ་སྦྱོང་སེམས་དཔའི་རིམ་པ། སེམས་དཔའི་རིམ་པ་ལས་རང་རྒྱུད་ངན་པ་སྨ་དབབ་པ། སེམས་དཔའི་རིམ་པ་ལས་ཟག་བཅས་དགེ་བའི་སྟོབས་བསྐྱེད་པ། གསེར་གླིང་པས་ཇོ་བོ་ལ་མཐའ་འཁོབ་འདུལ་བའི་ཆེད་དུ་གནང་བའི་བློ་སྦྱོང༌། ཉོན་མོངས་ལམ་དུ་སློང་བའི་མན་ངག །བླ་མའི་རྣལ་འབྱོར། ཐེག་ཆེན་མཁོན་སྤྱོད། ཇོ་བོ་ལ་རྣལ་འབྱོར་མ་གཉིས་ཀྱིས་སེམས་སྦྱོངས་ཤིག་ཅེས་གནང་བའི་བློ་སྦྱོང༌། ཀུ་སཱ་ལིའི་ཚོགས་གསོག །སྐྱིད་སྡུག་ལམ་ཁྱེར། སུམ་པ་ལོ་ཙཱ་བ་ལ་མཁའ་འགྲོ་མས་གནང་བའི་བློ་སྦྱོང༌། །ཀུན་ཏུ་བཟང་པོའི་བློ་སྦྱོང༌། བློ་སྦྱོང་ཐུན་བརྒྱད་མ། ཟས་ལ་བརྟེན་པའི་བློ་སྦྱོང༌། དབུགས་ལ་བརྟེན་པའི་བློ་སྦྱོང༌། ལུས་གང་གཱ་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་པའི་བློ་སྦྱོང༌། ཤ་ཁྲག་ལ་བརྟེན་པའི་བློ་སྦྱོང༌། གཏོར་མ་ལ་བརྟེན་པའི་བློ་སྦྱོང༌། འབྱུང་བ་ལ་བརྟེན་པའི་བློ་སྦྱོང༌། ལུས་ཡིད་བཞིན་ནོར་བུར་བསྒྱུར་བའི་བློ་སྦྱོང༌། འཆི་ཁ་མའི་བློ་སྦྱོང༌། གེགས་སེལ་

༣༧༨

བློ་སྦྱོང༌། མ་འོངས་པའི་འགལ་རྐྱེན་སྤོང་བའི་བློ་སྦྱོང༌། ཇོ་བོའི་བློ་སྦྱོང་དོན་བདུན་མ། མཆིམས་ཀྱི་བློ་སྦྱོང༌། བིར་ཝ་པའི་བློ་སྦྱོང༌། རྣམ་དག་གཙུག་གི་ནོར་བུ་ལ་གནང་བའི་བློ་སྦྱོང༌། བློ་སྦྱོང་ཚིག་རྐང་བརྒྱད་མ་ལོ་རྒྱུས་དང་བཅས་པ། གླང་ཐང་པའི་ཚིག་རྐང་བརྒྱད་མའི་འགྲེལ་པ། ཨ་ཏི་ཤ་ལ་གསེར་གླིང་པས་མཐའ་འཁོབ་འདུལ་བའི་ཆེད་དུ་གནང་བའི་བློ་སྦྱོང༌། ཐེག་པ་ཆེན་པོའི་བློ་སྦྱོང་ཞེས་པའི་དཔེ་ཚན་གཅིག །ཞང་རཏྣ་གུ་རུའི་ཚོགས་ཆོས་ཆེན་མོ། །ཡང་དགོན་པའི་བློ་སྦྱོང༌། རྟེན་འབྲེལ་སྙིང་པོའི་ཁྲིད་ཡིག་རྣམས་བཞུགས་སོ།། །སརྦ་མངྒ་ལཾ།

༄༅། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྨིན་གྲོལ་སྙིང་པོ་ཕྱོགས་གཅིག་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ༎ ༎

༣༨༡ སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྨིན་གྲོལ་སྙིང་པོ་ཕྱོགས་གཅིག་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།། །།
༣༨༢ རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །མཁྱེན་བཟང་ཐུགས་ཆུད་སྲིད་དང་ཞི་བའི་ཕ་མཐའ་རབ་བརྒལ་ཡེ་ཤེས་སྐུ། །དམིགས་མེད་བརྩེ་བས་ལོངས་སྤྱོད་སྤྲིན་བཀོད་སྤྲུལ་པའི་ཆར་འབེབས་གཞོམ་མེད་གསུང་། །རྟོག་བྲལ་ནུས་པས་འཁོར་བའི་གཡུལ་ཟློག་གཉིས་འཛིན་འཆིང་གཅོད་ཟབ་གསལ་ཐུགས། །གསང་བ་བསམ་ཡས་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དངོས་བླ་མར་འདུད། །རབ་འབྱམས་དཀྱིལ་འཁོར་མ་ལུས་འཕྲོ་བའི་གཞི། །སྔགས་དང་རྒྱུད་ཀྱི་འབྱུང་གནས་ཨེ་ཝཾ་དངོས། །བདེ་ཆེན་གར་གྱིས་གསང་མཆོག་དགྱེས་པ་ན། །རོལ་མཛད་བརྒྱུད་པར་བཅས་པས་བྱིན་རླབས་སྩོལ། །ཉིན་མོར་བྱེད་ལས་སྣང་བའི་དཔལ་བཞིན་ཏུ། །སྲིད་ཞིའི་གནས་ན་ཕུན་ཚོགས་ཅི་ཡོད་པ། །དེ་ཀུན་རིན་ཆེན་གསུམ་ལས་རྟག་བྱུང་བས། །རྒྱུ་མཚན་ཤེས་པའི་དད་པས་སྐྱབས་སུ་བསྙེན། །མཁས་དང་གྲུབ་པའི་ཕྲིན་ལས་བསམ་ཡས་པས། །ལུང་དང་རྟོགས་པའི་བསྟན་པ་འཕགས་བོད་དུ། །ཡོངས་སུ་བརྡལ་མཛད་མདོ་སྔགས་ཤིང་རྟ་ཆེའི། རྣམ་ཐར་རྒྱ་མཚོར་བསྔགས་བརྗོད་མེ་ཏོག་འབུལ། །ཞི་དང་ཆགས་དང་
༣༨༣ འབར་བ་ཆེན་པོ་སོགས། །དངོས་གཅིག་དུ་མའི་ཉམས་ཀྱིས་གདུལ་དཀའ་རྣམས། །འདུལ་མཛད་ཐུགས་རྗེའི་གར་མཁན་ཡི་དམ་ལྷས། །འདོད་དོན་མཐའ་རུ་ཕྱིན་པའི་དངོས་གྲུབ་སྩོལ། །ཡེ་ཤེས་མཁར་རྒྱུ་ལེགས་ཉེས་སྟངས་འཛིན་པ། །གནས་གསུམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་རྣམས། །ཐ་ཚིག་གཉན་དགོངས་གནང་བའི་སྐབས་ཕྱེ་ཞིང་། །གེགས་བྱེད་ཚར་ཆོད་སྐལ་ལྡན་རྗེས་འཛིན་མཛོད། །ཁ་བ་ཅན་ལྗོངས་ཡོངས་སུ་གྲགས་པ་ཡི། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་རྗེས་འབྲངས་བཅས། །གདམས་ངག་ཟབ་དགུའི་ནོར་བུ་ཀུན་ཚང་བའི། །སྔོན་མེད་ངོ་མཚར་མཛོད་ཀྱི་སྒོ་ཆེན་དབྱེ། །འདིར་སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་ཐམས་ཅད་ཀྱི་ཉིད་ཁུ། མདོ་དང་རྒྱུད་ཀྱི་ཟབ་དོན་ཉམས་ལེན་གྱི་རིམ་པ་མཐའ་དག་མ་ཚང་བ་མེད་པ། དབང་པོ་རབ་འབྲིང་ཐ་མ་གསུམ་ཀའི་བློ་དང་འཚམས་ཤིང་འཇུག་བདེ་བ། མྱུར་བ་ཉིད་དུ་བྱང་ཆུབ་ཆེན་པོའ་གོ་འཕང་མངོན་དུ་བྱེད་པའི་སྒྲུབ་ཐབས་ཟབ་མོ་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ཆེན་པོའ་དཀར་ཆག་མདོར་བསྡུས་བཀོད་པ་ལ་དོན་ལྔ། མཛོད་ཆེན་བསྡུ་བའི་དགོས་ཆེད། བཀའ་
༣༨༤ སྲོལ་འཕགས་བོད་དུ་ཇི་ལྟར་བྱུང་བ། བསྟན་པའི་ངོ་བོ་ངོས་བཟུང་བ། ཆོས་ཀྱི་རྣམ་གྲངས་ཇི་ཙམ་བཞུགས་པ། དེ་ཉིད་གང་ལས་བརྒྱུད་པའི་རིམ་པ་སྨོས་པའོ། །དང་པོ་ལ་བཞི། གང་ཞིག་བསྒྲུབ་པར་བྱ་བ། གང་གིས་སྒྲུབ་པའི་ཐབས། གང་ལ་ཇི་ལྟར་འཇུག་པ། དེ་ལྟར་བསྒྲུབས་པའི་དགོས་པ་དང་ཕན་ཡོན་སྨོས་པའོ། །དང་པོ་ནི། གང་གི་ཚེ། སྒྲོན་མེའི་བསྐལ་པ་བཟང་པོ་འདིར་རྒྱལ་བ་ཉི་མ་འཇིག་རྟེན་དུ་བྱོན་པ་ཐམས་ཅད་ཀྱི་ནང་ནས་ཐུགས་བསྐྱེད་གོ་ཆ་གཞན་ལས་ཁྱད་པར་དུ་འཕགས་ཤིང་། རྩོད་དུས་ཀྱི་གདུལ་བྱ་མ་བསྒྲལ་བ་རྣམས་སྒྲོལ་བའི་མཛད་པ་ཀུན་ལས་ཀྱང་རྨད་དུ་བྱུང་བ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཉམ་མེད་།།།་དབང་པོ་ཞེས་མཚན་ཙམ་ཐོས་པས་ཀྱང་བསྐལ་ཆེན་བརྒྱད་ཁྲིའི་སྡིག་པ་ལས་རྣམ་པར་གྲོལ་ཞིང་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་སྨོན་ལམ་མངའ་བ་གང་གི་བསྟན་པ་རིན་པོ་ཆེ་འཇིག་རྟེན་ན་འཚོ་ཞིང་གཞེས་པ་དང་། དེ་ལས་ཀྱང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་ཨུ་དུམྦ་ར་ལྟར་འབྱུང་བར་དཀོན་པའི་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་ཁྱད་པར་བའི་སྣང་བ་བརྡལ། སྟེས་དབང་ཙམ་མ་ཡིན་པར་སྔོན་རབས་དུ་མ་ནས་རྣམ་དཀར་གྱི་བསགས་པ་སྟོབས་སུ་ཆེ་བའི་རྒྱུས་དལ་འབྱོར་གྱི་རྟེན་བཟང་སྐྱོན་མེད་པ་ཐོབ་ནས་རྒྱལ་བསྟན་གྱི་སྒོར་འཇུག་ཏུ་ཡོད་པའི་སྐལ་བཟང་དབུལ་པོའ་རྨི་ལམ་ན་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལྟ་བུ་མི་སྲིད་སྲིད་པའི་ཆོས་ཅན་འདི་ལྟ་བུ་ཐོབ་པའི་སྐབས་འདིར་ངེས་པར་རང་གཞན་གྱི་དོན་རླབས་པོ་ཆེ་བསྒྲུབ་པའི་ཕྱིར་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོ་མཐར་ཐུག་པ་བདེ་སྟོང་དབྱེར་མེད་པ་ཡེ་ཤེས་ཀྱི་སྐུ་གཅིག་པུ་དེ་ཉིད་དོན་དུ་གཉེར་ཅིང་འཐོབ་ངེས་པ་བྱ་དགོས། དེའང་གང་ཞེ་ན། དོན་དམ་པའི་བདེན་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའ་ཆ་ཤས་ཡོངས་སུ་རྫོགས་པའི་འོད་གསལ་བའི་ཡུལ་ཅན་ཡེ་ཤེས་དང་། དེ་ཉིད་ཤེས་བྱ་ཐམས་ཅད་ཀྱི་རྣམ་པར་ཤར་བའི་སྒྱུ་མའི་སྐུ་ཀུན་རྫོབ་པའི་བདེན་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་
༣༨༥ པའི་ཡུལ་སྟོང་པ་ཉིད་རོ་མཉམ་པ་གཅིག་ཏུ་གྱུར་ནས་དབྱེར་མི་ཕྱེད་པ་ཉིད་དེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའ་སངས་རྒྱས་རིས་མེད་པ། ཞེས་གསུངས་པ་མི་སློབ་པའི་ཟུང་འཇུག་གདོད་མའི་མགོན་པོ་རྡོ་རྗེ་འཆང་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་དེ་ལ། དུས་ཀྱི་འཁོར་ལོ། རྡོ་རྗེ་སེམས་དཔའ། གསང་བ་འདུས་པ། བདེ་མཆོག་འཁོར་ལོ། །ཀྱེ་།།།་རྡོ་རྗེ་སོགས་མཚན་དང་སྐུའི་རྣམ་འགྱུར་མཐའ་ཡས་པ་མངའ་བ། སླན་ཆད་བག་ཆགས་ཀྱི་རྟེན་མི་བྱེད་པས་གཙང་བ་དང་། བདག་དང་བདག་མེད་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བས་དམ་པའི་བདག་དང་། ཡིད་ཀྱི་རང་བཞིན་གྱི་ལུས་སྤངས་ཤིང་མ་རིག་བག་ཆགས་ཀྱི་ས་ལོག་པས་ཤེས་བྱ་ཐམས་ཅད་གཉིས་སུ་མེད་པར་གཟིགས་ཏེ་གཞན་གྱི་དབང་དུ་མ་གྱུར་པས་བདེ་བ་དང་། རྣམ་མཁྱེན་སྐད་ཅིག་དང་པོ་དེ་ཉིད་ལས་ནམ་མཁའ་ཇི་སྲིད་པར་སྔ་ཕྱིའི་རྣམ་འགྱུར་མི་འདྲ་བ་གཏན་ནས་མེད་པས་རྟག་པ་དམ་པའི་ཕ་རོལ་ཏུ་སོན་པ་སྟེ་ཕར་ཕྱིན་བཞི་དང་ལྡན་ལ། གློ་བུར་གྱི་དྲི་མ་སྒྲིབ་གསུམ་བག་ཆགས་བཅས་པ་མཐའ་དག་སྤངས་པའི་སྤངས་པ་ཆེན་པོ་དང་། པྲ་ཕབ་ཀྱི་སྣང་བརྙན་དང་སྒྱུ་མ་ལ་སོགས་པ་བཞིན་ཏུ་ཤེས་བྱའི་ཆོས་མ་ལུས་པ་མ་བརྟགས་པར་མངོན་སུམ་དུ་རྟོགས་པ་ཆེན་པོ་དང་། སེམས་ཅན་གང་ལའང་ཉེ་རིང་མི་མངའ་བར་ཁྱབ་ཅིང་འགྲོ་བ་མཐའ་དག་གི་དོན་ནམ་མཁའ་ཇི་སྲིད་དུ་རྒྱུན་མི་འཆད་པར་རྟག་པའི་སེམས་ཆེན་པོ་སྟེ་ཆེན་པོ་གསུམ་དང་ལྡན་པ། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་པ་ལྟར་སྐུ་ལྔ་དང་ཡེ་ཤེས་ལྔ་ཟུང་དུ་འཇུག་པའི་བདག་ཉིད་དེ་ཁོ་ན་དོན་ཏུ་གཉེར་ཞིང་བསྒྲུབ་པར་བྱ་དགོས་སོ། དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་མཆོག་གི་འབྲས་བུ་དེ་ཉིད་ལྷག་པའི་བསམ་པ་དང་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་བསྒྲུབས་ན། ཕྲིན་ལས་བཞི་དང་དབང་བཅུ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལོ་ལེགས་ན་ཕུབ་སོག་ཞོར་ལ་འབྱུང་བབ་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་
༣༨༦ པ་ཆོས་ཉིད་དོ། །གཉིས་པ་ནི། དེ་ལྟ་བུའི་ཁྱད་པར་དུ་འཕགས་པའི་བསྒྲུབ་བྱ་དེ་ཉིད་ཐབས་སམ་ལམ་གང་ལ་བརྟེན་ནས་བསྒྲུབ་ན། །སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། ཞེས་གསུངས་པ་ལྟར། རྒྱལ་བ་ཐམས་ཅད་མཁྱེན་པས་རྨད་དུ་བྱུང་བའི་ཆོ་འཕྲུལ་ཆེན་པོ་གསུམ་ལ་བརྟེན་ནས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྟན་པ་རིན་པོ་ཆེ་མ་ནུབ་པར་བཞུགས་བཞིན་པ་འདི་ཉིད་ཀྱི་སྒོར་ཞུགས་ཏེ་ཚུལ་བཞིན་ཉམས་སུ་བླངས་ནས་བསྒྲུབས་དགོས་ཤིང་། ཁྱད་པར་ཟུང་འཇུག་མཆོག་ཏུ་མི་འགྱུར་བའི་གོ་འཕང་མཐར་ཐུག་པ་ནི་རྡོ་རྗེ་ཐེག་པ་བླ་ན་མེད་པའི་མྱུར་ལམ་ཁོ་ན་ལམ་བརྟེན་པར་གཞན་གྱིས་བསྒྲུབ་པར་མི་ནུས་ལ། བསྟན་པ་དམ་པའི་ཆོས་བརྗོད་བྱ་བསླབ་པ་གསུམ། རྗོད་བྱེད་སྡེ་སྣོད་གསུམ་ཀྱིས་བསྡུས་པ་ཐམས་ཅད་ཀྱང་མདོར་བསྡུ་ན། །སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར་ལུང་དང་རྟོགས་པའི་ཆོས་གཉིས་སུ་འདུ་བ་ཡིན་ཅིང་། །དེ་ལ་རྟོགས་པའི་ཆོས་ནི། རྒྱུད་བླ་མར། གང་ཞིག་གང་གིས་ཆགས་བྲལ་བ། བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། ཞེས་གསུངས་པ་ལྟར། གང་ཞིག་འདོད་ཆགས་དང་བྲལ་བ་འགོག་བདེན་དང་། གང་གིས་འདོད་ཆགས་དང་བྲལ་བར་བྱེད་པ་ལམ་བདེན་གཉིས་ལས། དེ་བཞིན་ཉིད་ལ་དམིགས་པས་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགགས་པ་ནི་འགོགས་བདེན་གྱི་མཚན་ཉིད་དེ། སློབ་མི་སློབ་ཀྱི་སྤངས་པ་དང་། ལྷག་མེད་ཀྱི་མྱང་འདས། ཐེག་ཆེན་ལུགས་ཀྱི་སངས་རྒྱས་ཀྱི་ཆོས་སྐུ་རྣམས་སོ། །དེ་ནི་འབྲས་བུའི་ཆོས་ཞེས་ཀྱང་བྱ་སྟེ་སྡུག་བསྔལ་རྒྱ་དང་བཅས་པ་ནི་མྱ་ངན་ཏེ་དེ་ལས་འདས་པ་ཞི་བའི་མཚན་ཉིད་བདུན་དང་ལྡན་ཅིང་མི་རྟག་པ་བཞི་ལས་ལྡོག་པའོ། །འགོག་པ་མངོན་ཏུ་བྱེད་པའི་ཐབས་ཟག་མེད་ཀྱི་ཡེ་ཤེས་འཁོར་དང་བཅས་པ་ནི་ལམ་བདེན་གྱི་མཚན་ཉིད་དེ་མཐོང་
༣༨༧ སྒོམ་མི་སློབ་གསུམ་མམ་ཐེག་ཆེན་ལུགས་སུ་མཐོང་སྒོམ་ཡིན་ལ། འཁོར་ནི་ཚོགས་སྦྱོར་གཉིས་སོ། །རྟོགས་པའི་ཆོས་དེ་ལ་འཇུག་པའི་རྗོད་བྱེད་ནི་ལུང་གི་ཆོས་ཀྱི་མཚན་ཉིད་དེ་ཆོས་ཉིད་རྟོགས་པར་བྱེད་པའི་རྒྱུ་མཐུན་པ་གསུང་རབ་ཡན་ལག་བཅུ་གཉིས་སོ། །འདི་ལའང་སྒྲུབ་པའི་ཆོས་བཤད་པའི་ཆོས་གཉིས་ལས་སྔ་མ་ནི། འབྲས་བུའི་ཆོས་དེ་འཐོབ་པར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་བཞི་དང་ལྡན་པ་སྟེ། འདིས་མྱང་འདས་ཀྱི་གྲོང་ཁྱེར་དུ་ཕྱིན་པར་བྱེད་ཅིང་འཁོར་བའི་གྲོང་ཁྱེར་དུ་ཕྱིན་པར་མི་བྱེད་པས་སྲེད་ལེན་ཡོད་པ་མ་ཡིན་པ་དང་། མྱང་འདས་དང་འབྲེལ་བས་བར་མཆོད་ཅིང་རྒྱུན་མི་འགྱུར་བས་རྒྱུན་མི་འཆད་པ་དང་། འདོད་ཆགས་ལ་སོགས་པའི་ཆོམ་པོས་མི་འཕྲོག་པས་གནོད་པ་མེད་པ་དང་། ཆོས་ལ་དགའ་བའི་ཟས་དང་ལྡན་པས་ཉེ་བར་སྟོན་པ་ཕུན་སུམ་ཚོགས་པ་བཞིའོ། །བཤད་པའི་ཆོས་ནི་ལམ་གྱི་ཆོས་དེ་གསལ་བར་བྱེད་པ་བྱ་བ་བཞི་དང་ལྡན་པ་སྟེ། འདི་ནི་ལམ་ཡིན་ནོ་ཞེས་ཉན་པ་ཉིད་དང་། འདི་ཉིད་ལམ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ངེས་པར་བྱེད་པ་ཉིད་དང་། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་འདི་ནི་ལམ་གྱི་རྒྱུ་ཡིན་ནོ་ཞེས་དེའི་ཚོགས་གསལ་བར་བྱེད་པ་དང་། ལས་དང་ཉོན་མོངས་པ་ཚེའི་སྒྲིབ་པ་རྣམས་ནི་ལམ་གྱི་གེགས་བྱེད་པ་ཡིན་ནོ་ཞེས་སྒྲིབ་པ་རབ་ཏུ་ཉེ་བར་ཞི་བ་སྟོན་པ་རྣམས་སོ། །དེའི་བཤད་པའི་ཆོས་ལའང་། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་ཏེ། །དེ་ཡི་དབང་གིས་།།།་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཅེས་པ་ལྟར་རྣམ་པ་བཅུས་ལེགས་པར་གསུངས་པའི་བཀའ་དང་། དེའི་དགོངས་པ་འགྲེལ་པའི་བསྟན་བཅོས་གཉིས་ལས། དང་པོ་ནི། བརྗོད་བྱ་གཏན་གྱི་དོན་ཆེན་པོ་སྒྲུབ་པ་དང་འབྲེལ་ཞིང་། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་པ་མཐའ་དག་སྤོང་བ། འབྲས་བུ་ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པ།
༣༨༨ བདག་རྐྱེན་སངས་རྒྱས་ཀྱི་མཛད་པ་ལས་བྱུང་བ་སྟེ། དབྱེ་བ་ནི་གསུངས་པའི་དུས་ཀྱི་དབང་དུ་བྱས་ནས་བཀའ་འཁོར་ལོ་དང་པོ། །བར་པ། ཐ་མ་གསུམ། བརྗོད་བྱ་ལ་ལྟོས་ནས་བདེན་པ་གཉིས། རྗོད་བྱེད་ཀྱི་སྒོ་ནས་གསུང་རབ་ཡན་ལག་བཅུ་གཉིས། །སྤང་བྱ་བསླབ་བྱ་ཤེས་བྱ་སྟེ་གཉེན་པོའ་རིམ་པས་སྡེ་སྣོད་གསུམ། གདུལ་བྱ་དམན་མཆོག་ལ་ལྟོས་ནས་ཐེག་དམན་དང་ཐེག་ཆེན་གཉིས་ནི། རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་ལམ་བྱེད་སྔགས་ཀྱི་ཐེག་པ་གཉིས། བདག་རྐྱེན་གྱི་སྒོ་ནས། ཞལ་ནས་གསུངས་པ། རྗེས་སུ་གནང་བ། བྱིན་གྱིས་བརླབས་པའི་བཀའ་རྣམས་སུ་ཡོད་པ་ལས་མཛོད་ཆེན་འདིར་ནི་འཁོར་ལོ་གསུམ་ཀའི་ཉམས་སུ་བླང་བྱའི་དོན་ཚང་ཞིང་དོན་དམ་བདེན་པ་གཙོ་བོར་གྱུར་པ་དང་། ཤིན་ཏུ་རྒྱས་པའི་སྡེའི་གཙོ་བོར་གྱུར་ཅིང་ལྷག་པ་སེམས་དང་ཏིང་ངེ་འཛིན་གྱི་བསླབ་པ་ཁྱད་པར་དུ་སྟོན་ལ། ཐེག་པ་ཆེན་པོ་དང་དེ་ལས་ཀྱང་སྔགས་ཀྱི་ཐེག་པ་འབའ་ཞིག་འཆད་ཅིང་རྡོ་རྗེའི་ཚིག་རྐང་སོགས་ཞལ་ནས་གསུངས་པ་རྩ་བར་བྱས་པའོ། །གཉིས་པ་བསྟན་བཅོས་ནི། རྩོམ་པ་པོ་ཉོན་མོངས་པའི་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཀའི་དོན་ཟབ་བ་དང་རྒྱ་ཆེ་བའི་སྒོ་ནས་བཤད་ཅིང་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ། ཉན་པ་པོའ་རྒྱུད་ཉོན་མོངས་པ་དུག་གསུམ་ལས་བསླབ་པ་གསུམ་ལྡན་ཏུ་འཆོས་ཤིང་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབས་པ་སྟེ། འདི་ལ་དབྱེ་སྒོ་མང་ཡང་མཆོག་དམན་གྱི་རིམ་པས་ས་སྡེ་ལས་དགུར་བཤད་པ་ལས། བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་པ་ལྟར་འདི་ནི་དམན་པའི་བསྟན་བཅོས་དྲུག་དང་བྲལ་ཞིང་། དོན་དང་ལྡན་པ། སྡུག་བསྔལ་སྤོང་བ། སྒྲུབ་པ་ལྷུར་ལེན་པ་སྟེ་ཡང་དག་མཆོག་གི་བསྟན་བཅོས་གསུམ་གྱི་མཛོད་དུ་གཏམས་པའོ། །ཁྱད་པར་སྔགས་ཀྱི་ཐེག་པ་ནི། སྟོན་པ་ཉིད་ཁ་སྦྱོར་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་དང་། ལ་ལར་མཆོག་གི་སྤྲུལ་པའི་སྐུ་ཡང་སྟོན་ཅིང་། ཁ་ཅིག་རྗེས་སུ་གནང་བ་དང་བྱིན་གྱིས་བརླབས་པའི་ཚུལ་གྱིས་གདུལ་བྱ་རིག་པ་འཛིན་པ་
༣༨༩ དང་། །དཔའ་བོ་རྣལ་འབྱོར་མའི་ཚོགས་ལ་དུས་རྒྱུན་མི་འཆད་པར་བརྗོད་བྲལ་རང་བཞིན་སྒྲ་ཐམས་ཅད་པའི་སྒྲ་བརྙན་གྱི་ཚུལ་གྱིས་གནས་ཐ་དད་པར་སྣང་བ་རྣམས་སུ་ཆོས་འཁོར་བསྐོར་བ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ནི། སྤྲོས་མཚན་གྱི་ཡུལ་ལས་འདས་པ་ཆོས་དབྱིངས་འགྱུར་མེད་དོན་དམ་པའི་གནས་ཆོས་ཀྱི་འབྱུང་གནས་ཐར་པ་ཆེན་པོའ་ཕོ་བྲང་བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་གཞལ་མེད་ཁང་། རྡོ་རྗེ་བཙུན་མོའ་བྷ་གལ་སོགས་པ་དང་། ཀུན་རྫོབ་པའི་དབྱེ་བས་བསྟན་པ་འོག་མིན་དགའ་ལྡན་རི་རབ་རྩེ་ཨོ་རྒྱན་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་སོགས་པར། དང་པོའ་སངས་རྒྱས། རྡོ་རྗེ་འཆང་། དུས་ཀྱི་འཁོར་ལོ་ལ་སོགས་པ་དཀྱིལ་འཁོར་སོ་སོའ་གཙོ་བོའ་སྐུར་བཞེངས་ནས་ཡེ་ཤེས་རང་རྩལ་སྟོན་འཁོར་ཐ་མི་དད་པ་བདེ་བ་ཆེན་པོ་གཅིག་གི་རང་བཞིན་ལས་རྡོ་རྗེ་ནཱ་ད་མི་ཤིགས་པའི་སྒྲའི་གསང་བ་ཆེན་པོས་ཆོས་ཀྱི་འཁོར་ལོ་རྟག་པ་རྒྱུན་མི་འཆད་པར་སྣང་བ་མཛད་པ་ཉིད། གསང་བའི་བདག་པོ་དང་རྡོ་རྗེ་སྙིང་པོ་ལ་སོགས་པ་ཉིད་ལས་མི་གཞན་པའི་འཁོར་རྣམས་ཀྱིས་བསྡུས་ཤིང་མི་ཡུལ་དུ་སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ལ་ཆ་ཤས་ཙམ་བྱོན་པ་རྒྱུད་སྡེ་རབ་འབྱམས་ལས་ས་བཅུའི་དབང་ཕྱུག་དང་གྲུབ་པའི་སློབ་དཔོན་རྣམས་ཀྱིས་འགྲེལ་པས་བཀྲལ་ཞིང་། འཕགས་ཡུལ་ལ་སོགས་པའི་དབང་རབ་དུ་མས་ཐུགས་ཉམས་སུ་བཞེས་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་རྣམས་ཀྱིས་སྐལ་པ་དང་ལྡན་པའི་གདུལ་བྱ་སོ་སོར་རྒྱུད་སྡེའི་ཟབ་དོན་གདམས་ངག་ཏུ་སྩལ་བ་རྣམས་ལོ་པཎ་སྤྲུལ་པའི་སྐྱེས་མཆོག་རྣམས་ལས་རིམ་པར་བརྒྱུད་དེ་ལྗོངས་འདིའི་བསོད་ནམས་ཀྱི་མགྲོན་དུ་བྱོན་པ་དང་། བོད་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱལ་བའི་གསུང་རབ་ཚད་མར་གྱུར་ཅིང་ཆོས་ཉིད་ཇི་བཞིན་ཏུ་གཟིགས་པ་ཡོངས་སུ་གྲགས་པ་ཕལ་མོ་ཆེའི་གདམས་ཟབ་རིན་པོ་ཆེའི་དབྱིག་དུ་མ་ཕྱོགས་སུ་བསྡུས་པའི་མཛོད་ཆེན་པོར་གྲུབ་པའོ། །ལྷག་པར་སྔ་འགྱུར་རྙིང་མའི་ལུགས་སུ། སྟོན་པ་སྐུ་གསུམ་གྱི་ཡེ་ཤེས་རང་སྣང་དུ་ཤར་བ་རྒྱལ་བ་དགོངས་བརྒྱུད། །དགའ་རབ་
༣༩༠ རྡོ་རྗེ་དང་དམ་པའི་རིགས་ཅན་དྲྭ་མ་ལྔ་སོགས་བརྡ་ཙམ་གྱིས་ཆོས་དོན་རྫོགས་པར་ཁོང་དུ་ཆུད་པ་རིག་འཛིན་བརྡ་བརྒྱུད། རྒྱལ་པོ་ཛཿལ་སོགས་པ་གཅིག་ནས་གཅིག་གི་སྒྲལ་བརྟེན་ཏེ་རྣ་བར་བརྒྱུད་པ་གང་ཟག་སྙན་ཁུངས་བརྒྱུད་པ་གསུམ་ལས་བར་མ་ཆད་པར་བྱོན་པ། ནང་པ་དབང་སྒྱུར་ཐབས་ཀྱི་ཐེག་པ་ཆེན་པོ་གསུམ་གྱི་རྩེ་མོར་གྱུར་པ་ཨ་ཏི་སེམས་ཀློང་མན་ངག་གི་གདམས་པའི་ཟབ་དོན་སྙིང་པོ་རྣམས་དང་། མ་ཧཱ་རྡོར་སེམས་སྒྱུ་འཕྲུལ་དྲྭ་བའི་གདམས་ཁྲིད་སོགས་ཀྱང་བཞུགས་པའོ། །དེ་ལྟ་བུའི་བསྟན་པ་རིན་པོ་ཆེ་དེའང་། སློབ་དཔོན་དབྱིག་གཉེན་གྱིས། དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པ་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་ལྟར། ལུང་གི་བསྟན་པ་དམ་པའི་ཆོས་རྣམས་ནི་བཤད་ཉན་དང་ཐོས་བསམ་གྱིས་འཛིན་དགོས་ལ། རྟོགས་པའི་བསྟན་པ་དམ་པའི་ཆོས་རྣམས་ནི་བསླབ་པ་རང་རྒྱུད་ལ་སྦྱོར་ཏེ་སྒྲུབ་ཅིང་དོན་སྒོམ་པས་འཛིན་དགོས་ཏེ། འཕགས་པའི་ཡུལ་དུ་བཙུན་པ་ཆེན་པོའ་སྡེ་རྣམས་དང་། འཛམ་གླིང་མཛེས་པའི་རྒྱན་དྲུག །ཆེན་པོ་བཞི། །རྨད་དུ་བྱུང་བའི་སློབ་དཔོན་གཉིས། མཁས་པ་སྒོ་དྲུག །རྡོ་རྗེ་གདན་པ་རིམ་བྱོན་ལ་སོགས་པ་རྣམས་ཀྱིས་གཙོ་བོར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལུང་གི་བསྟན་པ་སྐྱོང་ཞིང་། སློབ་དཔོན་རྟ་མཆོག་ཞབས། བྲམ་ཟེ་ཆེན་པོ་ཡབ་སྲས། ལཱུ་དྲིལ་ནག་གསུམ། དུས་ཞབས་པ་ཆེ་ཆུང་། ཏེ་ལོ་པ་སོགས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིས་མཚོན་བགྲང་ལས་འདས་པར་བྱོན་པ་རྣམས་ཀྱིས་གཙོ་བོར་སྒྲུབ་པའི་སྒོ་ནས་རྟོགས་པའི་བསྟན་པ་འཛིན་པར་མཛད། བོ་ཡུལ་འདིར་ཡང་བཤད་བརྒྱུད་འདེགས་པའི་ཀ་ཆེན་བཅུ་རྗེས་འབྲང་དང་བཅས་པ་རྣམས་ཀྱིས་བཤད་པ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོའ་བརྒྱུད་འཛིན་རྣམས་ཀྱིས་སྒྲུབ་པའི་ལམ་བཟང་གཙོར་མཛད་ནས་རྒྱལ་བསྟན་སྐྱོང་བ་ཡིན་ནོ། །གསུམ་པ་ནི། སྤྱིར་འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་སྐྱེས་ཏེ་ཐར་པ་དོན་ཏུ་གཉེར་བའི་གང་ཟག་གང་ཞིག །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་ཞུགས་ནས་དམ་པའི་ཆོས་ཉམས་སུ་ལེན་
༣༩༡ པའི་གོ་རིམ་གྱི་དབང་དུ་བྱས་ན། ཐོག་མར་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་ལ་བརྟེན་དགོས་ཏེ། སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་པ་སོགས་ལུང་རིགས་རྒྱུ་མཚན་མཐའ་ཡས་པ་འབྱུང་བའི་དགེ་བའི་བཤེས་གཉེན་སློབ་དཔོན་གྱི་མཚན་ཉིད་ཀྱང་ཐེག་པ་གོང་འོག་གི་ཁྱད་པར་དང་མཐུན་པར་མང་དུ་ཡོད་ཀྱང་བཤད་ཚོད་རྙེད་པར་དཀའ་ལ། མེད་ཐབས་མེད་པའི་ཡན་ལག་མཁས་པའི་ཤེས་རབ། བརྩེ་བའི་བསམ་པ། སྦྱོར་བས་བཟོད་པ་གསུམ་དང་ལྡན་པ་ཞིག་ནི་དགོས་ལ། དེ་ཡང་བཤད་བྱའི་ཆོས་དེའི་ཚིག་དོན་ལ་མཁས་ཤིང་གཞན་གྱི་ཐེ་ཚོམ་གཅོད་ནུས་པ། རྗོད་བྱེད་ཀྱི་བརྡ་དག་པ། རང་གི་ཀུན་སྤྱོད་དགེ་བས་བཀུར་བ་འོས་ཤིང་སྣོད་ཀྱི་ཀུན་སྤྱོད་དམ་མཚན་ཉིད་ལ་མཁས་པ་ནི་མཁས་པའི་ཡོན་ཏན་དང་། རབ་སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོའ་གོ་འཕང་ལ་འགོད་འདོད་ཀྱི་སྙིང་རྗེ་ཚིག་ཙམ་མ་ཡིན་པ། འབྲིང་གདུལ་བྱ་དེ་སངས་རྒྱས་ཀྱི་སར་འགོད་འདོད་ཀྱི་ལྷག་བསམ། ཐ་མ་གང་འཆད་བྱའི་དོན་དེ་ཕ་རོལ་པོས་ལེགས་པར་ཤེས་ཤིང་ཕན་འདོད་ཀྱི་བསམ་པས་ཟང་ཟིང་ལ་ལྟོས་མེད་དུ་འཆད་པའི་སྙིང་རྗེ་ནི་ངེས་པར་དགོས་པ་ལས། དེ་མེད་ན་ཆོས་འཚོང་བའི་ཉེས་པར་འགྱུར་རོ། །ཆོས་འཆད་དུས་ངལ་དུབ་ལ་མི་སྐྱོ་བའི་བཟོད་པ། སློབ་མས་དྲི་བར་བཟོད་པ། གཞན་གྱིས་བརྩད་པར་བཟོད་ཅིང་ལན་འདེབས་ནུས་པ་རྣམས་ནི་ངེས་པར་དགོས་སོ། །གདམས་མཛོད་འདིར་ཡང་དེ་དག་གཞིར་བྱས། རྒྱུད་སྡོམ་པ་གསུམ་དང་ལྡན་ཅིང་འཆད་བྱའི་ཚིག་དོན་མ་ནོར་བར་ཤེས་ལ་ཁྲིད་གཙོ་བོའ་རིགས་སོགས་ཉམས་ལེན་བྱས་པས་མྱོང་བ་ཅི་རིགས་དང་ལྡན་པ་ཞིག་ནི་ངེས་པར་དགོས་སོ། །སློབ་མའི་མཚན་ཉིད་མང་དུ་བཤད་ཀྱང་གཙོ་བོར་ཚེ་འདིའི་ཁེ་གྲགས། གཞན་གྱི་འགྲན་ཟླ། ཐོབ་ཐོབ་ཞུས་ཞུས་ཀྱི་རྣམ་གྲངས་ཙམ་ལ་ལྟོས་པ་མ་ཡིན་པ། སྙིང་ནས་ཐར་པ་དོན་དུ་གཉེར་ཞིང་ཆོས་དཀར་ཐམས་ཅད་ཀྱི་རྩ་བ་དང་པ་རྣམ་པ་
༣༩༢ གསུམ་ལ་བློ་བརྟན་པ། ཐོས་པའི་ཆོས་དེ་ལ་རང་གི་བློ་རིགས་དང་མཐུན་པར་ཅི་ནུས་ཉམས་སུ་ལེན་ངེས་པ་ཞིག་དགོས་པའོ། །དཔོན་སློབ་རྟེན་འབྲེལ་ཚོགས་ནས་མཉེས་པ་རབ་འབྲིང་ཐ་མ་གང་ནུས་བསྒྲུབས་ནས་ཚུལ་བཞིན་བསྟེན་པ་ན། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཞེས་འབྱུང་བ་ལྟར། ཐོག་མར་ཡོན་ཏན་སྐྱེ་བའི་གཞི་རྟེན་ཏུ་ཚུལ་ཁྲིམས་ཀྱི་བསླབ་པ་ནུས་པ་དང་འཚམས་པར་བླངས་ལ་ཚུལ་བཞིན་ཏུ་བསྲུང་། རྒྱལ་བའི་གསུང་རབ་ལ་ཐོས་པ་ཇི་ཙམ་མང་གིས་བཟང་མོད། ཁྱད་པར་བློ་ཁ་དམ་པའི་ཆོས་ལ་སྦྱོར་ཞིང་ཕྱིར་མི་ལྡོག་པར་བྱེད་པའི་ལམ་བསླུབ་མེད་པ་སྐྱེས་བུ་གསུམ་གྱི་ལམ་རིམ་ལ་ཐོས་པ་ཞིབ་ཏུ་བྱ། ཐོས་པའི་དོན་ཡང་ལན་རེ་ཙམ་གྱི་གོ་ཡུལ་དུ་ཤོར་ན་རྒྱུད་ལ་མི་འབྱོར་བས་ཡང་ནས་ཡང་དུ་བསམ་མནོ་ཞིབ་པར་དཔྱད། དེས་ཚེ་འདིའི་སྣང་ཤས་ལ་ཞེན་པ་གཏིང་ནས་ལོག་སྟེ་ཕྱི་མའི་ངེས་ལེགས་དོན་གཉེར་གྱི་བློ་ཐུན་མོང་མ་ཡིན་པ་སྐྱེ་བར་འགྱུར་ལ། དེ་ཙ་ན་རང་དང་གཞན་དག་ཆོས་བྱེད་དུ་རློམས་པ་ཕལ་ཆེར་གྱི་བྱ་བ་ལ་བརྟགས་ན། བཤད་ཆོས་དང་ཟ་ཆོས་དང་ཞོར་ཆོས་དང་མཛེས་ཆོས་སུ་སོང་བས་ཕྱི་མར་མི་ཕན་པ་མ་ཟད་གནོད་པར་ཡང་ཤེས་ཏེ་ཆོས་ཚུལ་བཞིན་ཉམས་སུ་ལེན་པའི་སྒོམ་སྒྲུབ་ལ་འཇུག་པར་སྤྲོ་བ་འབྱུང་སྟེ། འཕགས་པ་ཀླུས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ལ་ནི་རབ་ཏུ་སྦྱོར། དེ་ལས་དངོས་གྲུབ་བླ་ན་མེད་པ་འབྱུང་། ཞེས་གསུངས་སོ། །སྤྱིར་ཟབ་མོའ་དོན་ཉམས་སུ་ལེན་པར་བྱེད་པའི་གང་ཟག་ལ་རིགས་གཉིས་ཡོད་པའི་སྐལ་ལྡན་སྦྱངས་པ་ཅན་ལ་ནི་ཟབ་ལམ་གཅིག་ཆར་དུ་བསྟན་པས་ཆོག་ལ། ཐོག་མ་ཉིད་ནས་ཟབ་དོན་ཉམས་སུ་ལེན་པའི་སྐལ་བ་དམན་པ་དང་དང་པོའ་ལས་ཅན་རྣམས་ནི་ཐེམས་སྐས་ལ་རིམ་པར་འཇོགས་པའི་ཚུལ་ལྟར་སྐྱེས་བུ་གསུམ་གྱི་ལམ་ལ་རིམ་པར་འཁྲིད་པ་ཉིད་ལེགས་པ་ཡིན་ཏེ། སྤྱོད་བསྡུས་ལས། སེམས་ཅན་དང་པོའ་ལས་ཅན་རྣམས། །དམ་པའི་
༣༩༣ དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་བཞག །ཅེས་དང་། བརྟག་གཉིས་ལས་ཀྱང་། སེམས་ཅན་སྐལ་མེད་གདུལ་དཀའ་བ་ལ་དགོངས་ཏེ། དང་པོར་གསོ་སྦྱོང་སྦྱིན་པར་བྱ། སོགས་རིམ་འཇུག་གི་ཚུལ་རྒྱས་པར་གསུངས་པ་དང་། ཀ་དཔེ་སྔ་ཕྱི་ལས། རིམ་གྱིས་པ་ཡི་སྨན་ཆེན་དེ། །གཅིག་ཅར་པ་ཡི་དུག་ཏུ་འགྱུར། །གཅིག་ཅར་པ་ཡི་སྨན་ཆེན་དེ། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །དེས་ན་སྦྱངས་པའི་འཕྲོ་ཅན་ལ། །གཅིག་ཅར་བ་ནི་བསྟན་པར་བྱ། །སེམས་ཅན་དང་པོའ་ལས་ཅན་ལ། །རིམ་གྱིས་པ་ནི་བསྟན་པར་བྱ། ཞེས་གསུངས་པ་ལྟར། གདམས་ངག་རིན་པོ་ཆེའི་མཛོད་འདིར་འཇུག་པ་ལའང་། སྤྱིར་སྒྲུབ་བརྒྱུད་ཤིང་རྟའི་བཀའ་སྲོལ་རེ་རེ་ལའང་བྱང་ཆུབ་སྒྲུབ་པའི་རིམ་པ་ཡོངས་སུ་རྫོགས་ཤིང་ཟབ་ལམ་ཁྱད་པར་དུ་འཕགས་པ་ཤ་སྟག་ཡིན་པས་སོ་སོའ་མོས་པ་དང་བློའི་ནུས་པར་འཚམས་པའི་ཤིང་རྟ་རེ་རེའི་གདམས་ངག་ཚང་བའམ་ཐོར་བུའི་རིམ་པ་སོགས་ཇི་ལྟར་འདོད་པའི་སྨིན་གྲོལ་ཁོལ་འདོན་ཏུ་བྱས་ཀྱང་གོ་ཆོད་པ་ཁོ་ན་ཡིན་མོད། ཁྲིད་ཆེན་རྣམས་ལ་སྨིན་བྱེད་སྔོན་ཏུ་མ་སོང་བར་ཁྲིད་འཆད་ཐབས་མེད་ཅིང་། ལམ་རིམ་དང་ཁྲིད་ཕྲན་འགའ་ཞིག་ལ་དབང་བསྐུར་མི་དགོས་པའི་རྣམ་དབྱེ་ཕྱེད་པར་བྱ། ཡོངས་རྫོགས་འཆད་ཉན་བྱེད་པའི་སྐབས་གླེགས་བམ་གྱི་བཞུགས་ཚུལ་ནི་ཟབ་ཆོས་དེ་ཉིད་བོད་ཡུལ་དུ་བྱོན་སྔ་ཕྱིའི་གོ་རིམ་ལྟར་བཀོད་པ་ཡིན་ལ། འཆད་དུས་བསྟན་པའི་གོ་རིམ་དང་མཐུན་པར་དགོས་པས་བཀའ་གདམས་ལམ་རིམ་ནས་དབུ་བཟུང་། རྡོ་རྗེ་གསུམ་ཀྱི་བསྙེན་སྒྲུབ་རྫོགས་པའི་རྗེས་སུ་རྫོགས་ཆེན་སྡེ་གསུམ་གྱི་སྨིན་གྲོལ་འབོགས། གདམས་ཕྲན་གཞན་རྣམས་གསེབ་ཚགས་སུ་འཆད། ཚེ་ཁྲིད་ཀྱིས་མཐར་དགེ་བྱས་ན་ལེགས་པར་འགྱུར་བ་ཡིན་ནོ། །དེའང་སློབ་མ་ཁྱིམ་པ་ལྟ་བུ་སྡོམ་པ་དང་མི་ལྡན་པ་ཡོད་ན་ཐོག་མར་དགེ་བསྙེན་སོགས་སོ་ཐར་གྱི་སྡོམ་པ་བསྲུང་གང་ཐུབ་འབོགས། སྐྱེས་བུ་ཆེན་པོའ་ཁྲིད་
༣༩༤ ཀྱི་ཐོག་མར་ཟབ་མོ་ལྟ་བརྒྱུད་དང་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་སེམས་བསྐྱེད་སྡོམ་ཆོག་བྱ། ཁྲིད་ཆེན་རྣམས་སོ་སོའ་སྔོན་དུ་དབང་བསྐུར་སོ་སོའ་ཕྱག་ལེན་ལྟར་བྱ། ཞེན་པ་བཞི་བྲལ་སོགས་ཞག་གྲངས་ངེས་པ་ཅན་དེ་ལྟར་ཁྲིད། ཐམས་ཅད་སྤྱིར་ནི་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཁྲིད་བརྒྱ་ཉིད་རྩ་བར་བཟུང་དགོས་པས་ཀུན་གྱི་སྔོན་འགྲོ་དང་དམ་ཚིག་རྡོ་རྗེའི་སྒོམ་བཟླས་བཤད་ལ་ནང་ནུབ་ཐུན་བར་ཀུན་ཏུ་དེའི་བསྒོམ་བཟླས་བྱར་གཞུག །ཁྲིད་དངོས་ལ་མདོར་བསྟན་རྒྱས་བཤད་དོན་བསྡུས་གསུམ་གྱི་ཚུལ་དུ་བྱེད་པ་རྗེ་བླ་མའི་ཕྱག་ལེན་ཡིན་པས་ཐོག་མར་སོ་སོའ་བརྒྱུད་འདེབས་བཏོན། ཁྲིད་དེའི་ལོ་རྒྱུས་བརྗོད་པས་མཚམས་སྦྱར་ལ་མཎྜལ་འབུལ། ཁྲིད་བརྒྱར་བཞུགས་པ་དེས་བཅད་སོ་སོར་ཕྱེས་ནས་ཚར་གཅིག་བཀླགས་པ་མདོར་བསྟན་བྱས། དེའི་གཞུང་ཁྲིད་གང་ཡིན་པ་དེ་རྒྱས་བཤད་དང་། སླར་ཁྲིད་བརྒྱ་ལྟར་ཚར་གཅིག་བསྒྲགས་པ་དོན་བསྡུ་ཡིན་ལ། གོ་རིམ་ཁྲིད་བརྒྱ་ལྟར་མུ་དེད་དགོས་པའི་ངེས་པ་མེད་པས་ལམ་རིམ་ཀྱི་ཕྱོགས་མཐུན་དང་དབུ་མའི་ལྟ་ཁྲིད་ཀྱིས་མཚོན་མདོ་ཕྱོགས་ཀྱི་ཁྲིད་རྣམས་ལམ་རིམ་རྗེས་འབྲེལ་དུ་བཏང་། ཤིང་རྟ་སོ་སོའ་བཀའ་སྲོལ་རྣམས་སོ་སོའ་ཕྱོགས་སུ་བསྡེབས། རྒྱུད་སྡེའི་རྫོགས་རིམ་དེར་མ་འདུས་པ་རྣམས་བཀའ་བརྒྱུད་ཀྱི་རྗེས་འབྲེལ་དུ་སྦྱོར་ཆོག་པས་མཚོན་བརྒྱུད་པའི་ཁུངས་ཕྱོགས་མཐུན་ལ་བསྙེགས་པ་སོགས་ཅི་བདེར་བྱ། ཁྲིད་ཡོངས་རྫོགས་གྲུབ་པའི་རྗེས་སུ་ཁྲིད་བརྒྱའི་བོད་ལུང་དེའང་སྦྱར་བས་ལེགས་པར་འགྱུར་རོ། །འཆད་ཉན་གང་གི་སྐབས་སུའང་དམ་ཆོས་པདྨ་དཀར་པོ་ལས་གསུངས་པ་ལྟར། སྦྱོར་བ་བཀོད་བ་བཤམས་པ་དང་། དཀོན་མཆོག་ལ་གསོལ་བ་གདབ་པ་དང་། བདུད་ཚར་གཅོད་པའི་སྔགས་བརྗོད་ཅིང་འཁོར་ལ་བྱམས་པས་།།།་ཁྱབ་པར་བྱ། ཁྱད་པར་སྔགས་ཀྱི་ཁྲིད་རྣམས་འཆད་པའི་སྐབས་ཐ་མལ་གྱི་འདུ་ཤེས་ཀྱིས་འཆད་ཉན་མི་རུང་བས་སྣོད་བཅུད་དག་པའི་དཀྱིལ་འཁོར་དང་འཆད་པ་པོ་རྒྱུད་ཀྱི་བདག་པོའ་གསལ་སྣང་སོགས་དང་མ་བྲལ་བའི་ངང་ནས། དངོས་
༣༩༥ གཞི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པས་བཤད་ཅིང་། རྗེས་ནོངས་པ་བཟོད་གསོལ། དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་རྣམ་པར་མི་རྟོག་པས་རྒྱས་གདབ། ཉན་པ་པོའ་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །ལས་དང་མི་མཐུན་པ་དང་འཛིན་པའི་སྐྱོན་ལྔ་ལ་སོགས་སྤངས་ཏེ་རྟོགས་པར་ནུས་པའི་བློ་གྲོས་དང་། དོན་དུ་གཉེར་བའི་འདུན་པ་དང་། ང་རྒྱལ་མེད་པའི་གུས་པ་དང་དད་པ་རྩེ་གཅིག་པས། སྦྱོར་བ་ཆོས་སྒྲུབ་པའི་བསམ་པ། སྒོ་གསུམ་གུས་པའི་སྤྱིད་ལམ། ཆོས་ཐོས་པའི་རྐྱེན་ཚོགས་པ་ལ་དགའ་བ་དང་ལྡན་པས། དངོས་གཞི་ཕར་ཕྱིན་དྲུག་དང་ལྡན་པའི་སྒོ་ནས་ཉན། རྗེས་ནོངས་པ་བཟོད་པར་གསོལ་ཞིང་དགེ་བ་བྱང་ཆུབ་ཆེན་པོར་བསྔོས་ལ་གཏང་རག་གི་ཕྱག་བྱ་བར་བཤད་པ་ལྟར་ལག་ལེན་ཏུ་བྱའོ། །བཞི་པ་ལ་གཉིས། བསྡུ་བའི་དགོས་ཆེད་དངོས་དང་། བསྡུས་པའི་ཕན་ཡོན་སྨོས་པའོ། །དང་པོ་ནི། སྤྱིར་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་རེ་རེ་ལའང་མདོ་དང་རྒྱུད་ཀྱི་ཁུངས་ཟབ་ཅིང་རྒྱ་ཆེ་བ་དང་། ལུང་དང་མན་ངག་གི་སྐོར་མཐའ་ཡས་པར་བཞུགས་པ་ནི་བསྡུ་བར་མི་ནུས་ཤིང་། སྔ་འགྱུར་མ་ཧཱ་ཡོ་གའི་རྩ་བ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་རྒྱུད་བཤད། ཨ་ནུ་འདུས་མདོའ་དབང་བསྐུར། བཀའ་གདམས་གཞུང་དྲུག །ལམ་འབྲས་ཚོགས་བཤད། དྭགས་པོའ་ཕྱག་ཆེན་དང་ཆོས་དྲུག་སོགས་ནི་དེང་སང་ཡང་རང་རྐང་འཛིན་པའི་འཆད་ཉན་གྱི་སྡེ་དར་རྒྱས་ཆེ་བར་བཞུགས་པས་སེམས་ཕྲལ་མ་དགོས་མོད། དེ་དག་གི་ཡན་ལག་ཁྱད་པར་ཅན་གྱི་ཁྲིད་དང་ཡིག་རྙིང་གི་ལུང་རྒྱུན་ཙམ་ཡང་དཀོན་པ་དང་། ཤངས་ཆོས། ཞི་བྱེད། བསྙེན་སྒྲུབ་སོགས་ཀྱི་རྒྱུན་ཤིན་ཏུ་དཀོན་ཅིང་ནུབ་ཏུ་ཕོངས་པ་རྣམས་ཀྱི་དབང་ལུང་ཁྲིད་གསུམ་ཆོས་རྒྱུན་ལ་ཕན་དུ་རེ་བའི་ལྷག་བསམ་དང་བརྩོན་འགྲུས་ཆེན་པོས་འབད་པས་བཙལ་བ་དོན་ཡོད་པར་བྱ་བའི་ཕྱིར་དང་། དེ་དག་ཀྱང་རིང་བརྒྱུད་ཐག་རུལ་བྲེང་མཐུང་མ་ཆད་ཙམ་ལ་བློ་གཏད་ཁོ་ནར་འཆའ་མ་དགོས་པ་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བཀའ་བབས་ཆེན་པོ་བདུན་ཏུ་བཞུགས་
༣༩༦ པའི་ཐོག་མ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་རིང་བརྒྱུད་བླ་མ་དགེ་བའི་བཤེས་གཉེན་རིས་སུ་མཆོད་པ་ལས་དཀའ་སྤྱད་འབད་རྩོལ་ཆེན་པོས་གསན་པ་མཐར་ཕྱིན་པར་མཛད་ཅིང་། ཉེ་བརྒྱུད་སོ་སོའ་བཀའ་བབས་བྱུང་ཚུལ་ལོ་རྒྱུས་ཟུར་དུ་གསལ་བ་ལྟར་ལ། ཁོ་བོས་སྔར་མ་ཐོས་པའི་རིགས་ཐམས་ཅད་ཡང་ནས་ཡང་དུ་གསོལ་བ་བཏབ་པས་དགྱེས་པ་ཆེན་པོས་བུམ་པ་གང་བྱོའི་ཚུལ་དུ་སྩལ་བ་ཙམ་དུ་མ་ཟད། འཆད་རྩོམ་སྒྲུབ་པའི་སློབ་དཔོན་ཏུ་མངའ་གསོལ་ཞིང་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པས་གཟེང་བསྟོད་པ་དང་། སྔར་ཐོས་པ་ཕལ་ཆེར་ཡང་བྱིན་རླབས་ཉེ་བརྒྱུད་ཀྱི་ཆེད་དུ་ནན་བསྐྱར་ཞུས་ནས་དྲི་མ་མེད་ཅིང་འདོད་རྒུ་ཡིད་བཞིནྟུ་འཇོ་བའི་གདམས་ངག་ཡིད་བཞིན་ནོར་བུའི་མཛོད་ཆེན་པོ་འདི་ཉིད་བསྒྲུབ་པ་ལའང་སྤྲོ་བ་བརྟས་པས་བླ་མ་བརྒྱུད་པ་དང་བཅས་པའི་དགོངས་པ་སྐོང་བར་ཡང་སེམས་སོ། །གཉིས་པ་ཕན་ཡོན་ཅུང་ཟད་སྨོས་ན། སྤྱིར་དམ་པའི་ཆོས་ཉན་བཤད་བྱས་པ་ལ་ཕན་ཡོན་ཆེན་པོ་ཡོད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། ཐོས་པས་སྡིག་ལས་ལྡོག་པར་འགྱུར། ཐོས་པས་དོན་མེད་སྤོང་བར་འགྱུར། ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་དང་། སློབ་དཔོན་དབྱིག་གཉེན་གྱིས་ཐོས་པའི་ཕན་ཡོན་ལྔ་ཚན་གསུམ་དཔེ་དང་བཅས་པ་བསྟན་པ་སོགས་ཆོས་ཉན་པའི་ཕན་ཡོན་ཤིན་ཏུ་མང་ལ། བཤད་པའི་ཕན་ཡོན། མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་གྱི། །མེ་ཏོག་བྱུག་པ་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་མ་ཡིན། །ཅེས་སོགས་སངས་རྒྱས་ལ་མཆོད་པ་བླ་ན་མེད་པར་འགྱུར་བ་དང་། བྱམས་པ་སེང་གེ་སྒྲའི་མདོ་ལས། གངྒཱའི་བྱེ་སྙེད་རིན་ཆེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ། །དེའི་ཕན་འདོགས་ཅི་འདྲ་དེ་ལ་མེད། །ཅེས་སོགས་ཟང་ཟིང་གི་སྦྱིན་པ་ལས་ཆེས་མཆོག་ཏུ་གྱུར་ཅིང་ཕན་འདོགས་པའི་མཆོག་ཡིན་པ་དང་། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། །ཅེས་སོགས་
༣༩༧ གཟུངས་དང་མངོན་ཤེས་ཐོབ་པའི་རྒྱུར་འགྱུར་བ་དང་། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། ཟང་ཟིང་མེད་པའི་ཆོས་སྦྱིན་གྱི་ཕན་ཡོན་ཉི་ཤུ་གསུངས་པས་མཚོན་བསོད་ནམས་འཕེལ་བས་བྱང་ཆུབ་འཐོབ་པར་འགྱུར་བའོ། །བཤད་ཉན་གཉིས་ཀས་ཀྱང་། ཐེག་པ་གསུམ་གྱི་ཁམས་བརྟས་པ་དང་། མཁས་པར་གྱུར་པས་ཀུན་གྱིས་བཀུར་བ་དང་། བསྟན་པ་བཟུང་བས་བྱང་ཆུབ་ཐོབ་པར་འགྱུར་ལ། བསྟན་པ་དམ་ཆོས་བཟུང་བའི་ཕན་ཡོན་ན་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་ཏུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །མཐར་མི་ཕྱིན་པར་འགྱུར་བ་ལགས། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། རྒྱལ་བ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར། །ལྷ་དང་ཀླུ་རྣམས་མིའམ་ཅི་རྣམས་དང་། །བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངས་སུ་བཟུང་། །ཞེས་སོགས་ནས། བདེ་དང་ཡིད་བདེས་བྱང་ཆུབ་དེ་འཚང་རྒྱ། །ཞེས་སོགས་ཕན་ཡོན་ཚད་མེད་པ་གསུངས། དེ་ལས་ཀྱང་ཐེག་ཆེན་གྱི་ཆོས་བཤད་ཉན་བྱས་པའི་ཕན་ཡོན་ཆེས་ཆེ་སྟེ། གཞིའི་དུས་སུ་ཐེག་དམན་གྱི་རིགས་མཐའ་དག་ཟིལ་གྱིས་གནོན་ཅིང་རིགས་ཁམས་གསོས་ཐེབས་པ་སོགས་ཤེར་ཕྱིན་ལས་གསུངས་པ་དང་། ལམ་གྱི་དུས་སུ་སྒྲིབ་པ་མ་ལུས་པ་སྤངས་ནས་བསོད་ནམས་གཞན་ལས་ལྷག་པ་རྒྱུད་བླ་མ་ལས་གསུངས་པ་དང་། འབྲས་བུའི་དུས་སུ་རྣམ་པ་ཐམས་ཅད་མཁྱེན་པ་མངོན་ཏུ་འགྱུར་བ་མདོ་སྡེ་རྒྱན་ལས་བཤད་པ་སོགས་མང་ངོ་། ཁྱད་པར་རྒྱལ་བའི་བསྟན་པ་འཇིག་པར་ཉེ་བ་དེང་སང་གི་དུས་ལྟ་བུར་དམ་པའི་ཆོས་འཛིན་པ་ལ་ཕན་ཡོན་ཚད་མེད་པར་གསུངས་ཏེ། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བའི་མདོ་ལས། གང་དག་ཕྱིན་ཆད་མདོ་སྡེ་འདི་འཛིན་པ། །དེ་དག་རྟག་ཏུ་ང་དང་མཐུན་པའི་སྲས། །སངས་རྒྱས་བྱེ་བ་དེ་དག་བསྔགས་
༣༩༨ བརྗོད་ཀྱང་། །དེ་དག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར། །ཞེས་དང་། གང་གིས་སངས་རྒྱས་སྟོང་རྣམས་དང་། བརྒྱ་དང་བྱེ་བ་བགྲང་དག་ལ། །བསྐལ་པ་གངྒཱའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བསྐུར་བ་བས། །འཇིག་རྟེན་མགོན་གྱིས་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། ཞེས་དང་། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་པས། །མཆོག་ཏུ་གཟུགས་བཟང་ལྟ་ན་སྡུག་པ་དང་། སྐྱེས་པ་བུད་མེད་ལྷ་རྣམས་དགའ་བ་དང་། །བདེ་ཞིང་མཁས་ལ་བསྔགས་ཤིང་ཤེས་རབ་ལྡན། །སྟོན་པ་སྟོབས་བཅུ་མངའ་བ་ལྷ་ཡི་ལྷས། །གང་གི་མདུན་དུ་མདོ་འདི་རབ་བཤད་པ། །མི་དེའི་ལག་ཏུ་མདོ་སྡེ་འདི་འདྲ་འདི། །ཕྱི་མའི་དུས་ཀྱི་ཚེ་ན་ཐོབ་པར་འགྱུར། །ཞེས་དང་། གཞན་ཡང་འཕགས་པ་དགོན་མཆོག་བརྩེགས་པ་ཆེན་པོའ་ཆོས་ཀྱི་རྣམ་གྲངས་ལས་ཀྱང་། དེ་ལ་ཤཱ་རིའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས། འདི་ལྟ་བུའི་མི་བཟད་པ་དང་མི་བསྔགས་པ་དང་། དམ་པའི་ཆོས་རབ་ཏུ་འཇིག་པ་མཐོང་ནས་བརྩོན་འགྲུས་ཆེན་པོའ་ཤུགས་རབ་ཏུ་བསྐྱེད་དེ། འདི་ལྟ་སྟེ། འདི་ལྟ་བུའི་མདོ་སྡེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་མཉན་པར་བྱ། བཟུང་བར་བྱ། ཡི་གེར་བྲིས་ནས་བཅང་བར་བྱ། གཞན་ལ་ཡང་གོ་བར་བྱ། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེས་ཀྱང་འདུ་ཤེས་བཞི་བསྐྱེད་པར་བྱ་སྟེ། བཞི་གང་ཞེ་ན། བདག་གི་ཕའི་ནོར་གྱི་ཕུང་པོ་འདི་རབ་ཏུ་འཇིག་པར་གྱུར་ཏེ། གང་གི་ཕྱིར་བཅོས་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་།།།་ཐུབ་པ་དེས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ནས་བཟུང་སྟེ། དཀའ་བ་སྤྱད་པ་ཡིན་ན། དེའི་ཕྱིར་རབ་ཏུ་འཇིག་པར་མི་འགྱུར་བར་བཟུང་བར་བྱ། ཀུན་ཆུབ་པར་བྱ། བཟུང་བར་བྱ་སྟེ། ཆུད་མི་ཟ་བར་བྱའོ། །བརྩོན་འགྲུས་བརྩམ་མོ། །འདི་ལྟ་སྟེ། དཔེར་
༣༩༩ ན་ཤཱ་རིའི་བུ་སྐྱེས་བུ་ཞིག་ལ་བུ་གཅིག་ཅིག་ཡོད་དེ། བྱམས་སྡུག་ཡིད་དུ་འོང་ཞིང་མི་མཐུན་པ་མེད་པར་སྣང་བ་དེ་གཡང་ས་ཆེན་པོར་ལྟུང་བར་གྱུར་པ་དང་། དེས་དེ་ལག་གིས་བཟུང་སྟེ། སེམས་ཅན་དམྱལ་བའི་གཡང་ས་འདིར་ལྷུང་བར་མ་གྱུར་ཅིག་ཅེས་འཛིན་རབ་ཏུ་འཛིན་པ་དེ་བཞིན་ཏུ། ཤཱ་རིའི་བུ་གང་སྐྱེས་བུ་དམ་པ་དེ་དག་ང་ལ་དད་ཅིང་ཆོས་དཀོན་མཆོག་བླ་ན་མེད་པ་འདི་ཡང་ཡོངས་སུ་མི་གཏོང་ཞིང་། མྱ་ངན་ལས་འདས་པ་ལ་ཡང་རེ་བར་འགྱུར་བ་དེ་དག་དེའི་དུས་ན་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བས་ངས་དེ་དག་ལ་བྱང་ཆུབ་མཆོག་འདི་གཏད་པར་བྱའོ། །འདི་ལྟ་སྟེ་དཔེར་ན། ཤཱ་རིའི་བུ་གཡུལ་ཆེན་པོའ་ནང་ན་གང་སྐྱེ་བོ་མང་པོ་བསྲུང་བའི་ཕྱིར་དམག་གི་མདུན་ན་འདུག་པར་འགྱུར་པའི་སེམས་ཅན་དེ་དག་ནི་ཉུང་བར་འགྱུར་རོ། །ཡང་ཤཱ་རིའི་བུ་གང་དཔལ་འོས་སུ་གྱུར་བར་བྱས་པ་གཡུལ་ལས་རྣམ་པར་རྒྱལ་བ་དེ་དག་དེ་ན་གཡུལ་མི་བཟད་པ་ཆེན་པོའ་དུས་ན་སྐྱེ་བོ་མང་པོའ་ཕྱིར་མདུན་ན་འདུག་པ་དེ་བཞིན་དུ། ཤཱ་རིའི་བུ་དེའི་ཚེ་དམ་པའི་ཆོས་འཇིག་པར་རབ་ཏུ་ཉེ་བར་གནས་པ་ན། གང་ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདས་པ་འདོད་པ། དཔའ་བ་བརྩོན་འགྲུས་བརྟན་པར་གོ་ཆ་སྲ་བ་བགོས་པ་དེ་དག་བརྩོན་འགྲུས་ཆེན་པོའ་སྟོབས་བསྐྱེད་དེ་བདུད་ཀྱི་དམག་ལས་རྒྱལ་ཞིང་འདི་ལྟ་བུའི་ཆོས་དཀོན་མཆོག་འདི་ལས་སྙིང་པོ་ཅུང་ཟད་ཙམ་ལེན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡོངས་སུ་སྤོང་བ་ལ་རྗེས་སུ་ཡི་རང་བར་མི་བྱེད་ཅིང་རྩོད་པར་བྱེད་ལ་འདི་ནི་སངས་རྒྱས་ཀྱིས་བཤད་པའོ་ཞེས་སྐྱེ་བོ་མང་པོ་ལ་སྒྲོགས་ཤིང་ཤེས་པར་བྱེད་པ་དེ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལེགས་པར་བཤད་པ་ལ་རྗེས་སུ་ཡི་རང་བ་སྟེ། ཤཱ་རིའི་བུ་དེ་ལྟ་བུའི་གང་ཟག་རྣམས་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཆུང་ངོ་ཞེས་ང་མི་འཆད་དེ། ནམ་མཁའ་དང་མཉམ་པའི་བསོད་ནམས་
༤༠༠ ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྐྱེས་བུ་དམ་པ་དེ་ལྟ་བུ་ནི་ཤིན་ཏུ་དཀོན་ཏེ་སྐྱེས་བུ་མཆོག་ཅེས་བརྗོད་དོ། །སྐྱེས་བུ་རབ་ཅེས་བརྗོད་དོ། །སྐྱེས་བུ་དཔའ་བོ་ཞེས་བརྗོད་དོ། །སྐྱེས་བུ་ཆེན་པོ་ཞེས་བརྗོད་དོ། །དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་ཕྱོགས་སོ། །དེ་དག་སྡེར་མི་སྨྲ་མི་འཁྲུག་གོ །དེ་དག་ནན་ཏན་སྙིང་པོར་བྱེད་པ་སྟེ། ཤཱ་རིའི་བུ་འཆི་བའི་མཐའི་བར་དུ་ནན་ཏན་སྙིང་པོར་བྱའོ། །འཆི་བའི་མཐའི་བར་དུ་དམ་པའི་ཆོས་ཡོངས་སུ་བཟུང་བར་བྱའོ། །འཆི་བའི་མཐའི་བར་དུ་སྟོང་པ་ཉིད་ལ་མོས་པར་བྱའོ། །ཤཱ་རིའི་བུ་ཆོས་དེ་བཞི་དང་ལྡན་དེའི་ཚེ་དེའི་དུས་ན། དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པའི་དུས། དམ་པའི་ཆོས་ནུབ་པར་འགྱུར་བའི་དུས། ཚུལ་ཁྲིམས་འཆལ་བའི་ཕྱོགས་མང་བའི་དུས། འཇིག་རྟེན་རྒྱངས་འཕེན་པའི་གསང་ཚིག་ཀུན་ཏུ་ཚོལ་བ་མང་བའི་དུས། བསྐལ་པ་སྙིགས་མའི་དུས། སེམས་ཅན་སྙིགས་མའི་དུས། ཚེ་སྙིགས་མའི་དུས། ཉོན་མོངས་པ་སྙིགས་མའི་དུས། ལྟ་བ་སྙིགས་མའི་དུས། དུས་གསུམ་ལ་གནས་བར་བྱ། འཐབ་མོ་ཉེ་བར་ཞི་བ་ལ་གནས་པར་བྱ། སངས་རྒྱས་ཀྱི་བྱང་ཆུབ་དང་འབྲལ་བར་མི་འགྱུར་བར་བྱ་སྟེ། ཤཱ་རིའི་བུ་དུས་གསུམ་ལ་རབ་ཏུ་གནས་པར་བྱའོ། །ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་བཟོ་ཡིན། །རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟེན་ཞིང་། ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། སངས་རྒྱས་སྤྱན་གྱི་གཟིགས་བའི་ཞིང་མང་པོ། རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། །ཞེས་དང་། དེ་དག་རྣམས་ཀྱི་ཡོན་ཏན་ཕན་ཡོན་རྣམས། བསྐལ་པ་རྒྱུན་རྒྱུན་མི་འཆད་པར་བརྗོད་བྱས་ཀྱང་། །དམ་ཆོས་འཛིན་པའི་ཕན་ཡོན་འདི་དག་ནི། །བརྗོད་བས་མཐའ་མར་ཕྱིན་པར་མི་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་
༤༠༡ ལྟར་རོ། །དེ་དག་ཐམས་ཅད་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་བླ་མེད་ཀྱི་ཆོས་རྣམས་ལ་ཉན་བཤད་སྒོམ་སྒྲུབ་བྱས་པའི་ཕན་ཡོན་བརྒྱ་སྟོང་མང་པོའ་འགྱུར་ཁྱད་ཆེ་སྟེ་རྡོ་རྗེ་ཐེག་པ་ནི་སངས་རྒྱས་ལས་ཀྱང་འབྱུང་བ་དཀོན་ཅིང་། །བདག་ཅག་གི་སྟོན་པ་འདིའི་རྩོད་ལྡན་གྱི་འགྲོ་བ་མ་དུལ་བ་རྣམས་འདུལ་བའི་ཐུགས་བསྐྱེད་ཁྱད་པར་དུ་འཕགས་པའི་སྟོབས་ཀྱིས་བསྟན་པ་འདི་ལ་བྱོན་པ་མ་གཏོགས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་མ་བྱུང་མི་འབྱུང་འབྱུང་བར་མི་འགྱུར་བར་གསུངས་པས་ན། རྒྱུད་སྡེ་ཟབ་མོ་རྣམས་འདྲི་འཆང་ཀློག་ཅིང་དོན་སྒོམ་པར་བྱེད་པ་རྣམས་བྱང་ཆུབ་རྡོ་རྗེ་ཉིད་དུ་བལྟ་བར་བྱ་བ་སོགས་རྒྱུད་སྡེ་རྣམས་ལས་རྐྱ་ཆེར་གསུངས་པ་དཔེར་མཚོན་ན། སྔ་འགྱུར་རིན་ཆེན་སྤུངས་པའི་རྒྱུད་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིགས་རྣམས་ཀྱི་དབང་ཐོབ་སྟེ། །རྒྱུད་འདི་བཅང་བ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་བར་འགྱུར། །རྒྱུད་འདི་སུ་ཡིས་བཀླག་པའི་མི། ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡིས་བྲིས་པའི་མི། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་པ་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་བཅང་བ་ཙམ་གྱིས་ཀྱང་། །ལུང་དང་མན་ངག་འཛིན་པར་འགྱུར། །ཅེས་སོགས་འབྱུང་བ་དང་། དེར་མ་ཟད་རྒྱུད་ཀྱི་ཚིག་དོན་ཉམས་སུ་ལེན་པའི་རྣལ་འབྱོར་བ་དེའི་ཞལ་མཇལ་བ་དང་། གསུང་ཐོས་པ་དང་། ཕྱག་ཞབས་ཀྱི་དབང་ཐོབ་པས་མཚོན་ལུས་ཀྱི་ཆ་ཤས་ལ་རེག་པ་ཙམ་གྱིས་ཀྱང་སྔོན་བསགས་ཀྱི་སྡིག་པ་ཐམས་ཅད་སྐད་ཅིག་ལ་བྱང་ཞིང་རིང་པོར་མི་ཐོགས་པར་ཧེ་རུ་ཀའི་གོ་འཕང་ཐོབ་པར་འགྱུར་བའི་ཚུལ། བདེ་མཆོག་རྩ་རྒྱུད་ལས། མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་བ། །དེ་ལྟ་ཉིད་དུ་ཐེ་ཚོམ་མེད། །
༤༠༢ ཅེས་དང་། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །རྣམ་པར་དག་པའི་མཚན་ཉིད་ཀུན། སྒྲུབ་པ་པོ་ཡི་བདེ་བའི་ཆུ། གཉིས་མེད་གཉིས་སུ་མེད་པ་ཉིད། གཉིས་མེད་སྦྱོར་བ་ཡིས་རེག་པ། དག་བྱེད་སྡིག་པ་འཇོམས་བྱེད་པ། རེག་པ་དང་ན་སྨྲས་པས་ཀྱང་། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། སྡིག་པ་ཐམས་ཅད་རྣམ་གྲོལ་ཞིང་། ལུས་དག་པ་ལས་སྐྱོན་མེད་པ། མི་མཆོག་ཀུན་ནས་སྦྱང་བྱེད་པ། སྡིག་པ་ཐམས་ཅད་རྣམ་དག་པའི། དེ་བཞིན་གཤེགས་པའི་ས་ཐོབ་འགྱུར། དེ་བཞིན་གཤེགས་པའི་རིགས་སྐྱེ་ཞིང་། ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །ཅེས་སོ། །དེའི་རྒྱུ་མཚན་ཀྱང་རྒྱུད་དོན་ཉམས་སུ་ལེན་པའི་རྣལ་འབྱོར་པ་དེ་ལ་དཔལ་ཧེ་རུ་ཀས་རྟག་ཏུ་བྱིན་གྱིས་རློབས་པར་མཛད་ཅིང་། དེའི་སྙིང་གར་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་ལ་སོགས་པའི་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་མངོན་ཏུ་བཞུགས་ནས་དེ་དང་ལྷན་ཅིག་པར་དགྱེས་ཤིང་བརྩེ་བའི་སྒོ་ནས་རྗེས་སུ་ཆགས་པར་མཛད་པའི་ཕྱིར། རྣལ་འབྱོར་པ་དེ་དང་དུས་མཉམ་དུ་སྐྱེས་ནས་མཐོང་ཐོས་དྲན་རེག་གི་འབྲེལ་བ་ཐོགས་པའི་སྲོག་ཆགས་རྣམས་ཀྱང་བསོད་ནམས་རྒྱ་ཆེན་པོ་བསགས་པས་གསུངས་ཏེ། དེ་ཉིད་ལས། རྟག་པ་ཉིད་དུ་དཔའ་ཆེན་དང་། །རོལ་པར་ལྡན་པ་ཐེ་ཚོམ་མེད། །དེ་ཡི་ཐུགས་ཀར་གནས་ཕག་མོ། །ང་དང་དཔའ་བོ་རྣལ་འབྱོར་མ། །ཕོ་ཉ་རྣམས་དང་ལྷན་ཅིག་གནས། དེ་དང་གང་ཞིག་ལེགས་སྐྱེས་པའི། སྲོག་ཆགས་བསོད་ནམས་མཐོང་བ་ཡིན། ཅེས་གསུངས་སོ། །མདོ་རྒྱུད་གང་ཡང་ཉན་བཤད་ཐོས་བསམ་གྱི་མཐར་སྒོམ་སྒྲུབ་ཉམས་ལེན་ལ་དྲིལ་དགོས་ཤིང་། སྨྲ་བ་ཁོ་ན་ལ་གཡེང་ན་དོན་འབྲས་མེད་པ་མ་ཟད་སྨྲ་ལ་དགའ་བའི་ཉེས་པ་ཤིན་ཏུ་མང་པོ་ལྷག་པའི་བསམ་པ་སྐུལ་བའི་མདོ་ལས་གསུངས་པ་དང་། ཡང་དག་པའི་དོན་མ་བསྒོམས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་དམ་པའི་ཆོས་ལ་ཚིག་ཙམ་གྱི་ཐོས་བསམ་ལ་སོགས་པ་ཅི་བྱས་ཀྱང་གནས་སྐབས་ཀྱི་འབྲས་བུ་ཙམ་ལས།
༤༠༣ མཐར་ཐུག་པའི་རྣམ་གྲོལ་མི་ཐོབ་པར་དཔེ་དུ་མའི་སྒོ་ནས་གསུངས་ཏེ། སྡོང་པོ་བཀོད་པ་ལས། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་པོ། དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་དང་། སྐོམ་ནས་ཤི་བར་གྱུར་པ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་བྱིན་གྱུར་ཀྱང་། བདག་ནི་བཀྲིས་པས་ཤི་བ་ལྟར། མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། ཇི་ལྟར་སྨན་པ་ལ་ལ་ཞིག །སྨན་རྣམས་ཐམས་ཅད་བདོག་བཞིན་དུ། ལྷོ་བོ་ནད་ཀྱིས་ཤི་བ་བཞིན། ཆོས་ལ་མ་བསྒོམས་དེ་བཞིན་ནོ། ཇི་ལྟར་དབྱིག་གི་མཛོད་དག་ཏུ། །རིན་ཆེན་གྲངས་མང་བགྲང་བྱེད་ཀྱང་། །བདག་ཉིད་གཅིག་ཙམ་མི་ཐོབ་པ། ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་བདེ་བ་ཀུན་ལྡན་པའི། །རྒྱལ་པོའ་ཕོ་བྲང་འཁོར་སྐྱེས་ཀྱང་། །ཟས་དང་སྐོམ་དག་མི་བདོག་བ། མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་དུས་དབུས་སུ་འདྲིར་བཅུག་ཀྱང་། བདག་ཉིད་ཀྱིས་ནི་མི་མཐོང་བ། ཆོས་ལ་མ་བསྒོམས་དེ་བཞིན་ནོ། ཇི་ལྟར་མཚོ་ཆེན་མཉན་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །བདག་ཉིད་དོ་ནང་འཆི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་ལམ་གྱི་གཞི་མདོར་ཡང་། །ཕུན་སུམ་ཚོགས་པ་ཀུན་བརྗོད་ཅིང་། །བདག་གིས་ཐོབ་པར་མི་འགྱུར་བ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་པ་ལྟར་རོ། །ཡང་མ་བསྒོམས་ན་སེམས་ཉོན་མོངས་ཀྱི་དབང་དུ་ཡེངས་ནས་ངན་འགྲོར་ལྟུང་སྟེ། རྣམ་པར་རོལ་པའི་མདོ་ལས། སེམས་ཀྱི་རང་བཞིན་མ་རྟོགས་ན་སེམས་རྣམ་པར་རྟོག་པའི་ཁ་ཐབས་སུ་སོང་བས་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་པ་ཡིན་ནོ། །ཞེས་སོགས་བཀའ་བསྟན་བཅོས་རྣམས་ལས་རྒྱ་ཆེར་གསུངས་སོ། །ཡང་དག་པའི་དོན་བསྒོམས་པའི་བསོད་ནམས་ནི་དཔག་ཏུ་མེད་དེ། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་
༤༠༤ གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་ཏོག་པ་ཙམ་ཅིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་དང་། གཙུག་ཏོར་ཆེན་པོའ་མདོ་ལས། བསྐལ་པ་མང་པོར་ཐོས་པ་དང་བསམས་པ་བས་ནི་ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམས་ན་བསོད་ནམས་ཆེའོ། དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་འབྲལ་བར་བྱེད་པའི་ཕྱིར་རོ། ཞེས་དང་། རྟོགས་པ་རྒྱས་པའི་མདོ་ལས། ཐངས་ཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་སྦྱིན་པས་ནི་འདི་དོན་ཆེ། ཞེས་སོ། གཞན་ཡང་ཏིང་ངེ་འཛིན་བསྒོམས་པས་འདོད་ཡོན་ལ་ཞེན་པ་བཟློག་པ་དང་། ཐེ་ཚོམ་གྱི་གནས་རྣམས་གཅོད་པ་དང་། མངོན་ཤེས་དང་ཏིང་ངེ་འཛིན་འཆར་བ་དང་། སྙིང་རྗེ་ཆེན་པོ་སྐྱེ་ཞིང་ཡང་དག་པའི་དོན་མཐོང་བ་དང་། གདུལ་བྱ་བྱང་ཆུབ་ལ་འགོད་ནུས་པ་སོགས་ཀྱི་ཡོན་ཏན་མང་དུ་གསུངས་ཏེ། མདོ་སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིགས་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་འགྲུབ། །ཅེས་དང་། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། ཏིང་འཛིན་བསྒོམས་པས་ཐེ་ཚོམ་གཅོད་འགྱུར་གྱི། །དེ་མ་རྟོགས་པར་གཞན་གྱིས་ནུས་མ་ཡིན། །དེ་བས་ཏིང་འཛིན་བསྒོམ་པ་མཆོག་ཡིན་གྱི། མཁས་པ་དག་གིས་དེ་ལ་ནན་ཏན་བྱ། །ཞེས་དང་། ཆོས་ཡང་དག་བར་སྡུད་པ་ལས། ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོར་འཇུག་གོ །ཞེས་དང་། མདོ་སྡེ་རྒྱན་ལས། བསམ་གཏན་གྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད། ཅེས་པ་ལྟར་རོ། །དེ་ལྟ་བུའི་དོན་ཆེན་པོ་དང་ལྡན་པའི་ཟབ་ཆོས་ཐམས་ཅད་མཛོད་ཆེན་པོ་
༤༠༥ འདིའི་ནང་དུ་འདུས་པ་ཡིན་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རང་གི་ཉམས་སུ་ལེན་པ་དང་གཞན་དག་ལ་འཆད་ཅིང་སྤེལ་བའི་སྒོ་ནས་རྒྱུན་སྐྱོང་བར་མཛད་ན་འཕྲལ་དང་ཡུན་གྱི་དོན་ཆེན་པོ་འགྲུབ་པར་འགྱུར་རོ། །འདི་ལྟར་སྨོས་པའི་དགོས་པའང་། རྣམ་བཤད་རིག་པར། མདོ་དོན་ཆེ་བ་ཉིད་མཐོང་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་དེ་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་པ་ལྟར་རོ། །གཉིས་པ་བསྟན་པ་འདི་འཕགས་བོད་དུ་ཇི་ལྟར་བྱུང་བའི་ཚུལ་མདོ་ཙམ་བརྗོད་ན། སྤྱིར་གངས་ཅན་གྱི་ལྗོངས་འདིར་སྒྲུབ་བརྒྱུད་ཀྱི་རིང་ལུགས་སུ་འདྲེན་པ་ཆེ་ཕྲ་མང་དུ་བྱུང་བར་སྣང་ཡང་། གཙོ་བོའ་རིགས་བསྡུ་བའམ་རྐང་ཚུགས་པ་ནི་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ་རྣམས་ཡིན་ཏེ། མཁས་གྲུབ་ཆེན་པོ་།།།་ར་སྨིས། རྒྱལ་བས་ལུང་བསྟན་གངས་ཅན་འགྲོ་བའི་མགོན། །གཅིག་ཏུ་བསྟན་པ་འབའ་ཞིག་ཉེར་དགོངས་པའི། །སྔོན་གྱི་ཆོས་རྒྱལ་ལྷ་གཅིག་བཙན་པོ་དེ། །གངས་རིའི་ཁྲོད་འདིར་སྟོན་པ་གཉིས་པ་ཡིན། ཞུ་ཆེན་ལོ་ཙཱ་བ་གོར་བཻ་རོ་དང་། །རྒྱལ་བའི་གདུང་འཚོ་བ་འབྲོམ་སྟོན་ཨུ་པ་སཱི། །མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ། སྐད་གཉིས་སྨྲ་བ་བླ་ཆེན་འབྲོག་མི་དང་། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མར་པའི་ཞབས། །གྲུབ་པའི་སར་བཞུགས་དམ་པ་རྒྱ་གར་དང་། །གྱི་ཇོ་ལོ་ཙཱ་མཁས་གྲུབ་ཨོ་རྒྱན་པ། །བྱང་ཕྱོགས་སྒྲུབ་བརྒྱུད་འདེགས་པའི་ཀ་ཆེན་བརྒྱད། །དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོངས་པའི། །གངས་རིའི་ཁྲོད་འདིར་སྒྲུབ་བརྒྱུད་ཀ་ཆེན་བརྒྱད། །དེ་དག་གྲུབ་ཐོབ་གོང་མའི་གཤེགས་ཤུལ་ཡིན། །ཐར་འདོད་རྣམས་ཀྱང་ལམ་དེའི་རྗེས་སུ་ཞུགས། ཞེས་གསུངས་པ་ལྟར་རིགས་གསུམ་མགོན་པོའ་སྒྱུ་འཕྲུལ་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུ་གྲགས་པ་རིམ་པར་བྱོན་པའི་ཐུགས་བསྐྱེད་དང་ཕྲིན་ལས་རྨད་དུ་བྱུང་བའི་བཀའ་དྲིན་ལས་གངས་ཅན་མུན་པའི་ལྗོངས་སུ་རྒྱལ་བསྟན་ཉིན་མོའ་སྣང་བས་ཁྱབ་པར་གྱུར་པ་ལས་བསྟན་པའི་སྙིང་
༤༠༦ པོ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ནི། སྔ་འགྱུར་རྙིང་མ། བཀའ་གདམས་པ། ལམ་འབྲས་པ། མར་པའི་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་ཡན་ལག་དང་བཅས་པ། སྦྱོར་དྲུག །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་རིང་ལུགས་འཛིན་པ་རྣམས་སོ། །དེ་ལ་དང་པོ་ནི། ཀུན་བཟང་གདོད་མའི་མགོན་པོའ་ཡེ་ཤེས་ཀྱི་སྣང་ཆར་རང་སྣང་ལོངས་སྐུ་རྡོ་རྗེ་འཆང་དུ་ཤར་བའི་ཐུགས་རྗེའི་གཞན་སྣང་རིགས་ལྔའི་རྒྱལ་བ་རྣམས་ཀྱིས་ས་བཅུའི་བྱང་སེམས་རྣམས་ལ་དབང་བསྒྱུར་ཐབས་ཀྱི་ཐེག་པ་མཐའ་ཡས་པ་བསྟན་ཅིང་། གཙང་རིས་ཀྱི་འོག་མིན་ཏུ་ཆོས་མཐུན་གྱི་ལོངས་སྐུས་ཀུན་འབྱུང་འདྲིན་པའི་ཐེག་པ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་རྣམས་བསྟན་པའི་རྫོགས་པ་ཆེན་པོ་རྡོ་རྗེ་སེམས་དཔའ། ཨ་ནུ་ཡོ་ག་རིག་འཛིན་ཀུནྫ་ར། མ་ཧཱ་ཡོ་ག་རྡོ་རྗེ་ཆོས་སོགས་ཀྱིས་བསྡུས་ཤིང་རིགས་གསུམ་མགོན་པོ་དང་མཁའ་འགྲོ་མ་ལས་ཀྱི་དབང་མོ་སོགས་ལ་གཉེར་དུ་གཏད་པ་ནི་སྟོན་འཁོར་དགོངས་པ་མཉམ་ཉིད་དུ་བཞུགས་ཤིང་ཆོས་བསྟན་བྱ་སྟོན་བྱེད་མེད་ཀྱང་ཡེ་ཤེས་ཀྱི་རྩལ་ལས་ཚུལ་ཙམ་དུ་སྣང་བས་རྒྱལ་བ་དགོངས་བརྒྱུད་དང་། ཨ་ཏི་ཡོ་ག་རྣམས་ལྷའི་བུ་སེམས་ལྷག་ཅན། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིཾ་ཧ། བི་མ་ལ་མི་ཏྲ་སོགས་རིམ་པར་བརྒྱུད་པ་དང་། ཨ་ནུ་དང་མ་ཧཱ་རྣམས་རིགས་གསུམ་མགོན་པོ་དང་། དམ་པའི་རིགས་ཅན་དྲྭ་མ་ལྔ་སོགས་ལ་བརྡ་ཙམ་བསྟན་པས་ཁོང་དུ་ཆུད་པ་རིག་འཛིན་བརྡའི་བརྒྱུད་པ་དང་། གསང་བའི་བདག་པོའ་བྱིན་རླབས་ལས་སྐལ་ལྡན་རྒྱལ་པོ་ཛཿའི་ཁང་སྟེང་དུ་ཏནྟ་སྡེ་བཅོ་བརྒྱད། སིངྒ་གླིང་གི་ནགས་ཚལ་དུ་ཨ་ནུ་ཡོ་གའི་གླེགས་བམ་སོགས་དངོས་སུ་བབས། རྒྱལ་པོ་ཛཿལ་གསང་བའི་བདག་པོའ་ཞལ་བསྟན་ཅིང་དབང་བསྐུར། དེ་ནས་རིམ་པར་ཀུ་ཀུ་རཱ་ཛ། ཨིནྡྲ་བོ་དྷི། སིཾ་ཧ་རཱ་ཛ་སོགས་མིའི་རིག་འཛིན་ལ་རིམ་པར་བཤེད་ནས་བྱུང་བ་ནི་གང་ཟག་སྙན་ཁུངས་བརྒྱུད་པ་སྟེ། དེ་ལྟར་བརྒྱུད་པ་གསུམ་ལྡན་ལས་བྱོན་པའི་ཨ་ཏི་ཨ་ནུ་སོགས་ཤིན་ཏུ་ཟབ་པའི་སྐོར་རྣམས་འཕགས་ཡུལ་དུ་སྐལ་ལྡན་
༤༠༧ གང་ཟག་རེ་རེ་ཙམ་ལ་ལྐོགས་ཆོས་སུ་གདམས་པ་ལས་ཁྱབ་བརྡལ་དུ་མི་སྤེལ་བ་ཆོས་རྒྱལ་ཡོན་མཆོད་རྣམས་ཀྱིས་རྒྱ་རུ་སྤྲོད་ཀྱིས་བསྡམས་ཏེ་རྡོ་རྗེ་གདན་ལ་སོགས་པར་སྦས། བོད་ཡུལ་འདིར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱལ་བསྟན་ཐོག་མར་དང་བར་མཛད་པའི་སྐབས་སུ་བྱོན་པ་ལས་རིམ་པ་མང་དུ་བཤད་ཀྱང་གཙོ་བོར་བསྡུ་ན་དྲུག་སྟེ་དང་པོ། སངས་རྒྱས་གཉིས་པ་པདྨཱ་ཀ་རས་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་མན་ངག་ལྟ་བའི་ཕྲེང་བ་ཙམ་ཞིག་གསུངས། ཐུན་མོང་མ་ཡིན་པའི་སྐལ་ལྡན་རྣམས་ལ་ཡོ་ག་རྣམ་པ་གསུམ་གྱི་སྨིན་གྲོལ་ཟབ་ཅིང་རྒྱ་ཆེ་བ་སྩལ་བའི་བཀའ་བརྒྱུད་ཀྱང་ཉང་སྤངས་མཁོན་གནུབས་རྨ་རོང་ཟོམ་སོགས་བརྒྱུད་དེ་གྲུབ་ཐོབ་རིག་འཛིན་བར་མ་ཆད་པ་བྱོན་པ་དང་། གདམས་སྐོར་ཕལ་མོ་ཆེ་ཕྱི་རབས་གདུལ་བྱའི་དོན་ཏུ་གཏེར་རྒྱས་བཏབ་པར་མཛད། གཉིས་པ་ལོ་ཆེན་བཻ་རོ་ཙ་ནས་རྒྱ་གར་མཁས་པ་ཉེར་ལྔ་སོགས་བསྟེན་ཅིང་ཁྱད་པར་རིག་འཛིན་ཤྲཱི་སིཾ་ཧ་ལས་རྫོགས་པ་ཆེན་པོའ་ཟབ་ཆོས་རྒྱ་ཆེར་གསན་ཅིང་བོད་དུ་སྤེལ་བ་ལས་སེམས་སྡེ་རིམ་པ་ལྔ་དང་། ཀློང་སྡེ་རྣ་བརྒྱུད་ཟམ་མ་ཆད་པར། གསུམ་པ་པཎ་ཆེན་བི་མ་ལ་བོད་དུ་བྱོན་ནས་ཉང་བན་ཆེན་པོ་སོགས་ལ་རྫོགས་ཆེན་མན་ངག་སྡེའི་ཆོས་སྐོར་གནང་བ་རྣམས་བཀའ་བརྒྱུད་གཏེར་བརྒྱུད་གཉིས་སུ་བྱོན། བཞི་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་རྒྱ་གར་བལ་པོ་བྲུ་ཤའི་སློབ་དཔོན་རྣམ་པ་བཞི་ལས་ལུང་ཆེན་འདུས་པ་མདོ་དང་གཤེད་སྐོར་སོགས་གདམས་པ་མཐའ་ཡས་པ་གསན་ཅིང་འདུས་མདོའ་བཀའ་བརྒྱུད་ཀྱང་ད་ལྟའི་བར་བཞུགས། ལྔ་པ་གནུབས་ནམ་མཁའི་སྙིང་པོས་སློབ་དཔོན་ཧཱུྃ་ཀར་ལས་དཔལ་ཡང་དག་གི་ཆོས་སྐོར་གསན་ཅིང་སྤེལ་བ་དང་། རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མ་ཟུར་ལ་བབས་ཞེས་གྲགས་པ་ལྟར་དེ་དག་གི་ཆོས་བརྒྱུད་སློབ་བརྒྱུད་མཐའ་ཡས་པ་དང་། ཁྱད་པར་ཟུར་མེས་དབོན་རྣམ་གསུམ་སྐབས་སུ་བོད་ལ་གསང་སྔགས་ཀྱི་བསྟན་པ་དར་
༤༠༨ ཚུལ་ཨཽ་ཊཱི་ཡན་དང་མཚུངས་པར་གྲགས། དྲུག་པ་ཕྱི་རབས་ཀྱི་དུས་སུ་རྗེ་འབངས་རྣམས་ཀྱི་རྣམ་པར་འཕྲུལ་པ་སྐལ་ལྡན་གྱི་སྐྱེས་བུ་རིམ་པར་བྱོན་པ་རྣམས་ཀྱིས་གཏེར་དུ་སྦས་པའི་ཟབ་ཆོས་རྣམས་དུས་དང་འཚམས་པར་སྤྱན་དྲངས་ཏེ་བོད་ཁམས་མཐའ་དབུས་ཀྱི་སྐྱེ་དགུ་ཡོངས་ལ་འཕྲལ་ཡུན་གྱི་ཕན་བདེ་བླ་ན་མེད་པར་སྟེར་བཞིན་པར་སྣང་ངོ་། །གཉིས་པ་བཀའ་གདམས་པ་ནི། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་འཕྲུལ་ས་གསུམ་དུ་གྲགས་པས་ཁྱབ་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས། ལོག་པའི་རྒྱལ་པོ་གླང་དར་མས་ཆོས་རྒྱལ་མོས་དབོན་གྱི་བསྟན་པ་བསྣུབས་པའི་སྐྱོན་གྱིས་མདོ་འདུལ་ཉམས། གསང་སྔགས་འཆོལ་བར་སྤྱོད་པ་འགོགས་ཤིང་ཐུབ་བསྟན་དྲི་མ་མེད་པ་སླར་ཡང་གསལ་བར་མཛད་པའི་སླད་དུ་མདོ་སྡེ་རྒྱན་དང་བྱང་ས་སོགས་ཀྱི་བསྟན་དོན་སྐྱེས་བུ་གསུམ་གྱི་ལམ་རིམ་ཡོངས་སུ་རྫོགས་པ་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད། ལྟ་བ་དབུ་མ། སྤྱོད་པ་འདུལ་བ། གདམས་ངག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཙོར་སྟོན། རྒྱལ་བའི་བཀའ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་ཤར་བའི་ཁྲིད་སྲོལ་བཙུགས་པ་ལས། སློབ་མའི་ཐུ་བོ་རིགས་གསུམ་སེམས་དཔའི་རྣམ་འཕྲུལ་ཁུ་རྡོག་འབྲོམ་གསུམ་ལས་སྤྱན་རས་གཟིགས་དངོས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་སློབ་མ་སྐུ་མཆེད་གསུམ་དུ་གྲགས་པའི། པུ་ཏོ་བ་རིན་ཆེན་གསལ་ལས་གླང་ཤར་ཉི་ཟླ་ཟུང་འབྲེལ་སོགས་གཞུང་དྲུག་གི་བཤད་སྲོལ་འཛིན་པ་བཀའ་གདམས་གཞུང་པ་དང་། སྤྱན་སྔ་ཚུལ་ཁྲིམས་འབར་ལས་བདེན་བཞི་གདམས་ངག་ཏུ་སྟོན་པ་བྱ་ཡུལ་བ་སོགས་བརྒྱུད་པའི་གདམས་ངག་པ། བུ་ཆུང་བ་གཞོན་ནུ་རྒྱལ་མཚན་ལས་མན་ངག་ཐིག་ལེ་བཅུ་དྲུག་གི་སྨིན་གྲོལ་རྒྱབ་བརྟེན་གསང་ཆོས་གླེགས་བམ་རིན་པོ་ཆེ་བཅས་སྟབས་ཀ་བ་སོགས་ལས་བརྒྱུད་པ་མན་ངག་པ་སྟེ་གསུམ་དང་། གཞན་ཡང་ནག་ཚོའ་བཀའ་བརྒྱུད་རྒྱ་ཆེར་བྱོན་པས་ཁམས་དབུས་ཀུན་ཏུ་ཁྱབ། ཕྱིས་སུ་རང་རྐང་འཛིན་པའི་སྡེ་ཅུང་ཟད་འགྲིབས་
༤༠༩ པ་ན་འཇམ་དབྱངས་རྣམ་འཕྲུལ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་བསྟན་པ་སླར་ཡང་གསལ་བར་མཛད་པའི་ཕྲིན་ལས་ཀྱི་སྣང་བས་བསྟན་པ་ས་སྟེང་ཀུན་ཏུ་ཁྱབ་པར་གྱུར་ཏོ། །གསུམ་པ་ལམ་འབྲས་བུ་དང་བཅས་པ་ནི། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་ལ་རྡོ་རྗེ་བདག་མེད་མས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། ས་དྲུག་པའི་རྟོགས་པ་མངོན་དུ་གྱུར་ནས་གྲུབ་ཆེན་བི་རཱུ་པའམ་བི་པ་ཞེས་གྲགས་པ་དེ་ཉིད་ཀྱིས་ཀྱེ་རྡོ་རྗེའི་རྒྱུད་ལ་བརྟེན་ནས་ཤར་ཕྱོགས་ནག་པོ་པའི་དོན་དུ་ལམ་འབྲས་རྡོ་རྗེའི་ཚིག་རྐང་སྩལ། རྒྱུད་ཀྱི་བཤད་པ་བསྡུས་པ་དང་། ལམ་འབྲས་བུ་དང་བཅས་པའི་གདམས་ངག་རྒྱས་པ་གནང་། ཌོམྦྷི་པ་ལ་རྒྱུད་བཤད་རྒྱས་པ་དང་གདམས་ངག་བསྡུས་པ་གནང་། དེ་དག་ལས་གྲུབ་པའི་སློབ་དཔོན་རྣམས་རིམ་པར་བརྒྱུད་དེ་བྱོན་པ་ལས། བོད་ཡུལ་བསྟན་པ་ཕྱི་དར་གྱི་ལོ་ཙཱའི་ནང་ནས་མར་འགོས་འབྲོག་གསུམ་ཞེས་གསང་སྔགས་རྡོ་རྗེ་ཐེག་པའི་འབྱུང་ཁུངས་སུ་བྱེད་པའི་ཡ་གྱལ་འབྲོག་མི་ལོ་ཙཱ་བ་།།།་ཡེ་ཤེས་ཀྱིས་ག་ཡ་དྷ་ར་དང་དཔའ་བོ་རྡོ་རྗེ་ལས་གཞུང་དང་གདམས་ངག་ཡོངས་སུ་རྫོགས་པ་ཞུས། གྲུབ་ཆེན་མཚོ་སྐྱེས་ཀྱི་གདམས་པ་སོགས་ལམ་སྐོར་ཕྱི་མ་བརྒྱད་པོ་རྣམས་ཀྱང་གསན་ནས་བོད་དུ་གནང་བའི་སློམ་བ་གྲུབ་ཐོབ་བདུན། གཞུང་རྫོགས་པའི་སློབ་མ་བདུན། མན་ངག་རྫོགས་པའི་སློབ་མ་བཞིན་རྣམས་སུ་བྱོན་པ་ལས་ལམ་འབྲས་སྲས་སློབ་བརྒྱུད་པ་གསུམ་དུ་བྱུང་བའི་ནང་ཚན་སེ་མཁར་ཆུང་བ་ནས་ཐོབ་པ་རབ་འབྲིང་ཐ་གསུམ་ལས་འབྲིང་པོ་ཞམ་ནས་འཕེལ་བ་ལའང་ལུགས་སྲོལ་བདུན་ཙམ་བྱུང་བ་དང་། རབ་ཏུ་ཐོབ་པ་ཞང་སྟོན་ཆོས་འབར་ལས་ས་ཆེན་ཀུན་དགའ་སྙིང་པོས་གསན་ཅིང་སྔ་བུ་ཕག་གྲུ་དང་ལྕེ་སྒོམ་གྱི་ལུགས། ཕྱི་ཕུ་ལ་རིང་བརྒྱུད་ཉེ་བརྒྱུད་གཉིས་རྣམས་བྱུང་། གྱི་ཇོ་ལོ་ཙཱ་བས་ཀྱང་ག་ཡ་དྷ་ར་ལས་གསན་ནས་རིམ་པར་བརྒྱུད་པ་བཅས་ལམ་འབྲས་ལུགས་སྲོལ་བཅོ་བརྒྱད་དུ་གྲགས་པ་བྱུང་བ་ལས་ས་ལུགས་ཉིད་དེང་སང་གི་བར་དུ་ཕྲིན་ལས་དར་རྒྱས་སུ་བཞུགས་ཤིང་། འདི་
༤༡༠ ལའང་གྲུབ་ཆེན་བུདྡྷ་ཤྲཱི་ལས་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་གསན་ཅིང་དེ་ནས་རིམ་གྱིས་བརྒྱུད་པ་ངོར་ལུགས་ཚོགས་བཤད་དང་། སྔགས་འཆང་གཟུངས་ཀྱི་དཔལ་བ་ལས་བརྒྱུད་ཅིང་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་བའི་བཀའ་སྲོལ་ལམ་འབྲས་རྫོང་ལུགས་དང་། རྡོ་རིང་ཀུན་སྤངས་པ་ཆེན་པོ་ལས་ཚར་ཆེན་བློ་གསལ་རྒྱ་མཚོས་གསན་ཅིང་ཐུགས་སྲས་ཉི་ཟླ་ལྟ་བུ་གཉིས་ལས་བརྒྱུད་པ་ཚར་ལུགས་སློབ་བཤད་བཅས་བྱུང་བ་རྣམས་ཀྱང་ད་ལྟའི་བར་བཞུགས་བཞིན་པ་ཉིད་དོ། །སྤྱིར་བླ་ཆེན་འབྲོག་མི་ལོ་ཙཱ་ལ་བཀའ་བབས་པའི་ལམ་སྐོར་དགུར་གྲགས་པའི་གདམས་ངག་ཁྱད་པར་ཅན་གྱི་ཐོག་མ། རྣལ་འབྱོར་དབང་ཕྱུག་བི་པས་མཛད་པའི་ལམ་འབྲས་བུ་དང་བཅས་པའི་སྐོར་ནི་གོང་དུ་སོང་། ལམ་སྐོར་ཕྱི་མ་བརྒྱུད་ལ་བདེ་ཀྱེ་གསང་གསུམ་གྱི་རྫོགས་རིམ་དུ་འགྲོ་བ་དྲུག་རྒྱུད་སྡེ་སྤྱི་འགྲེལ་གཉིས་ལས་ཐོག་མར་ཀྱཻ་རྡོར་འགྲེལ་པ་ལུགས་ཀྱི་རྫོགས་རིམ། ཌོམྦྷི་ཧེ་རུ་ཀས་རྒྱུད་བརྟག་པ་གཉིས་པ་ལ་བརྟེན་ནས་ལྷན་ཅིག་སྐྱེས་གྲུབ་མཛད། གཉིས་པ་སློབ་དཔོན་པདྨ་བཛྲས་རྡོ་རྗེ་གུར་གྱི་རྒྱུད་ལ་བརྟེན་ནས་སྒྲུབ་ཐབས་མཚོ་སྐྱེས་མཛད་པ་ལ་ཀྱཻ་རྡོར་མཚོ་སྐྱེས་ལུགས་སུ་གྲགས་པའི་རྫོགས་རིམ་ཟབ་བའི་ཚུལ་དགུ་དང་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག །གསུམ་པ་ནག་པོ་སྤྱོད་པའི་རྡོ་རྗེས་བདེ་མཆོག་བཤད་རྒྱུད་ལ་བརྟེན་ནས་ནག་པོའ་གཞུང་དྲུག་མཛད། དེ་དག་གི་ནང་ནས་ཨོ་ལ་པ་ཏིའི་ཉམས་ལེན་གཏུམ་མོ་ལམ་རྫོགས། བཞི་པ་སློབ་དཔོན་ཨུ་ཙི་ཏ་འཆི་བ་མེད་པས་མཛད་པའི་དཔྱིད་ཀྱི་ཐིག་ལེའི་རྩའི་སྡོམ་ཉམས་སུ་ལེན་པ་ཡོན་པོ་བསྲང་བའི་མན་ངག །ལྔ་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པ་ལ་བརྟེན་ནས་བྱང་ཆུབ་སེམས་འགྲེལ་མཛད། དེའི་ཉམས་ལེན་མཆོད་རྟེན་དྲུང་དུ་སེམས་ཐག་གཅོད་པའི་མན་ངག་གསང་འདུས་མི་བསྐྱོད་པ་དང་འབྲེལ་བའི་རྫོགས་རིམ། དྲུག་པ་པཎ་ཆེན་ངག་གི་དབང་ཕྱུག་གྲགས་པས་དཔལ་གསང་བ་འདུས་པའི་དགོངས་པ་གཙོར་བཏོན་པའི་
༤༡༡ བསྟན་བཅོས་ཡན་ལག་བདུན་པ་སྣང་བྱེད་ལ་སོགས་པ་མཛད་པའི་ཉམས་ལེན། ཡེ་ཤེས་ཞབས་ལུགས་དང་འབྲེལ་བ་ཕྱག་ཆེན་ཡི་གེ་མེད་པ། བདུན་པ་གྲུབ་ཆེན་ཏོག་ཙེ་པས་སམྦུ་ཊི་ལ་བརྟེན་ནས་མཛད་པའི་བསམ་གྱིས་མི་ཁྱབ་པའི་རིམ་པའི་མན་ངག །བརྒྱད་པ་ཆོས་རྒྱལ་ཨིནྡྲ་བྷཱུ་ཏིས་བླ་མེད་ཀྱི་རྒྱུད་སྡེ་ཀུན་ལ་བརྟེན་ནས་དབང་ཡོན་ཏན་གྱི་རིམ་པ་མཛད་པའི་ཉམས་ལེན་ཕྱག་རྒྱ་བཞི་རྫོགས་རྣམས་དང་། འབྲོག་མི་ལོ་ཙཱས་བསླབ་གཉེར་རྫོགས་ནས་བོད་དུ་འབྱོན་ཀར་བི་ཀྲ་མ་ཤཱི་ལའི་མཁས་པ་སྒོ་དྲུག་ལ་ཆོས་འབྲེལ་རེ་ཞུས་པ་ལ་གདམས་ངག་རེ་གནང་བའི་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པ་སོགས་ཀྱང་ཁྲིད་དང་ལུང་རྒྱུན་བར་མ་ཆད་དུ་བཞུགས་པ་ཡིན་ནོ། །བཞི་པ་མངའ་བདག་མར་པའི་བཀའ་བརྒྱུད་ནི། དཔལ་ཏེ་ལོ་པ་ཆེན་པོས་རིང་བརྒྱུད་འཕགས་པ་ཀླུ་སྒྲུབ་ཌོམྦྷི་པ་ལཱུ་ཡི་པ་སུ་ཁ་སིདྡྷི་རྣམས་ལས་བརྒྱུད་པའི་གདམས་ངག་གྲུབ་ཆེན་སོ་སོ་ལས་གསན་པས་བཀའ་བབས་བཞིའི་མངའ་བདག་ཏུ་གྱུར། སྒྲུབ་པ་ཡུན་རིང་མཛད་ཅིང་ལམ་གྱི་རྟོགས་པ་སྦྱངས་པས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་ཏེ་རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ་དངོས་ཀྱིས་རྗེས་སུ་བཟུང་སྟེ་རྒྱུད་སྡེ་བཞིའི་མཛོད་གཏད། དེ་ལ་པཎ་ཆེན་ནཱ་རོ་པས་དཀའ་བ་ཆེན་པོ་བཅུ་གཉིས་སྤྱད་དེ་བསྟེན་པའི་མཐར་བརྡ་དང་ཚིག་ཙམ་གྱིས་དོན་མ་ལུས་པ་ཁོང་དུ་ཆུད་ཅིང་གྲུབ་པ་བརྙེས། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་འཕགས་ཡུལ་དུ་ལན་གསུམ་མམ་བཞིར་བྱོན་ཅིང་ནཱ་རོ་མི་ཏྲི་གཙོ་བོར་གྱུར་པའི་མཁས་གྲུབ་མང་པོ་ལས་མདོ་རྒྱུད་མཐའ་དག་གསན་ཅིང་ཁྱད་པར་ནཱ་རོ་པ་ཉིད་སྔ་རྗེས་བསྡམས་པར་ལོ་བཅུ་དྲུག་དང་ཟླ་བ་བདུན་ཏུ་བསྟེན་ནས་གསན་བསམ་སྒོམ་པ་ཟུང་དུ་སྦྲེལ་བས་གྲུབ་པའི་གོ་འཕང་ལ་གནས་པར་མཛད། འབྱོན་ཐེབས་རྗེས་མའི་སྐབས་ནཱ་རོ་པ་སྤྱོད་པ་ལ་གཤེགས་ཟིན་ཀྱང་དཀའ་སྤྱད་ཆེན་པོས་བཙལ་ཞིང་གསོལ་བ་བཏབ་པས་བྱང་པུཥྤ་ཧ་རིར་མངོན་སུམ་དུ་མཇལ་ཞིང་ཟླ་བ་བདུན་ཏུ་བཞུགས་ཏེ་བདེ་མཆོག་ཡབ་ཡུམ་གྱི་སྙན་བརྒྱུད་རྫོགས་
༤༡༢ པར་གནང་། བོད་ཡུལ་དུ་ཟབ་ཆོས་སྩལ་བའི་སློབ་མའི་གཙོ་བོ་ཀ་ཆེན་བཞི་ལས་མེས་རྔོག་མཚུར་གསུམ་ལ་བཤད་བརྒྱུད་དང་། རྗེ་བཙུན་མི་ལ་རས་པར་སྒྲུབ་བརྒྱུད་ཀྱི་བཀའ་བབས། མི་ལའི་སློབ་མ་མཁའ་སྤྱོད་དུ་གཤེགས་པ་བདུན། རས་པ་མཆེད་བརྒྱད་སོགས་མང་དུ་བྱོན་པ་རྣམས་ཀྱི་གཙོ་བོ་ཐུགས་སྲས་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་ལས་རས་ཆུང་བཀའ་བརྒྱུད་བྱུང་། ཚེ་དཔག་མེད་དང་གཏུམ་པོ་སོགས་གདམས་ངག་འགའ་ཞིག་ནི་གངས་ཅན་ཐམས་ཅད་ལ་ཁྱབ། ཉི་མ་ལྟ་བུ་རྒྱལ་བའི་ལུང་གིས་བསྔགས་པའི་མཉམ་མེད་སྒམ་པོ་པ་ཆེན་པོ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་ཆོས་མཚུངས་པས་སྨིན་གྲོལ་དུ་མཛད་པའི་སློབ་མ་བསམ་གྱིས་མི་ཁྱབ་ཀྱང་བརྒྱུད་འཛིན་གཙོ་བོ་འབའ་རོམ་པ་དར་མ་དབང་ཕྱུག་ལས་འབའ་རོམ་བཀའ་བརྒྱུད། ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ཕག་གྲུ་བཀའ་བརྒྱུད། དཔལ་ལྡན་དུས་གསུམ་མཁྱེན་པ་ལས་ཀརྨ་བཀའ་བརྒྱུད། དབོན་སྒོམ་ཚུལ་ཁྲིམས་སྙིང་པོའ་སློབ་མ་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་ལས་ཚལ་པ་བཀའ་བརྒྱུད་དེ་ཆེ་བཞིར་གྲགས་པ་དང་། དྭགས་པོ་རྩ་བའི་གདན་སར་དྭགས་པོ་ཁུ་དབོན་གསུམ་ནས་རིམ་པར་བྱོན་པ་དྭགས་པོ་བཀའ་བརྒྱུད་བཅས་ལྔ་བྱུང་། ཕག་གྲུའི་སློབ་མ་གདུགས་ཐོགས་ལྔ་བརྒྱར་གྲགས་པའི་གཙོ་བོ་རྣམས་ལས་བཀའ་བརྒྱུད་ཆུང་བརྒྱད་དམ་ཟུང་བཞི་ཡ་བརྒྱད་དུ་གྲགས་པ་རྣམས་བྱུང་སྟེ། སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་ལས་འབྲི་གུང་བཀའ་བརྒྱུད། ཐང་པ་བཀྲ་ཤིས་དཔལ་བ་ལས་སྟག་ལུང་བཀའ་བརྒྱུད། འགྲོ་མགོན་རྒྱལ་ཚ་ཁུ་དབོན་ལས་ཁྲོ་ཕུ་བཀའ་བརྒྱུད། གླིང་རས་པདྨ་རྡོ་རྗེ་ལས་གླིང་རས་བཀའ་བརྒྱུད། སྨར་པ་རིན་ཆེན་བློ་གྲོས་ལས་སྨར་ཚང་བཀའ་བརྒྱུད། ཡེལ་པ་ཡེ་ཤེས་བརྩེགས་པ་ལས་ཡེལ་པ་བཀའ་བརྒྱུད། ཟ་ར་བ་ཡེ་ཤེས་སེང་གེའི་སློབ་མ་རྒྱལ་བ་གཡའ་བཟང་པ་ལས་གཡའ་བཟང་བཀའ་བརྒྱུད། སྙི་ཕུ་གྱེར་སྒོམ་ཆོས་ཀྱི་སེང་གེ་ལས་ཤུག་གསེབ་བཀའ་བརྒྱུད་རྣམས་དང་། དེ་རེ་རེ་
༤༡༣ ལའང་གདན་ས་ཆོས་བརྒྱུད་ཕྲིན་ལས་མཐའ་ཡས་པ་བྱུང་ཞིང་། ཁྱད་པར་གླིང་རྗེ་རས་པའི་ཐུགས་སྲས་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་བུ་སློབ་གཙོ་བོ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལས་སྟོད་འབྲུག་གནམ་གྱི་སྐར་མར་གྲགས་པ་དང་། འདིའི་སློབ་བརྒྱུད་ལས་རྒྱལ་བ་ཡང་དགོན་པ། ལ་སྟོད་ཤེས་རབ་མགོན་པོ། འབའ་ར་བ་རྒྱལ་མཚན་བཟང་པོ་སོགས་ཀྱི་བཀའ་བརྒྱུད་ཟུར་དུ་བྱུང་། ལོ་རས་དར་མ་དབང་ཕྱུག་ལས་སྨད་འབྲུགས་སའི་དྲེག་པ། གདན་ས་འཛིན་པའི་སེང་གེ་དགུ་ཚར་ལས་བར་འབྲུག་གི་བཀའ་བརྒྱུད་བར་མཆད་དུ་བྱོན། རྗེ་དུས་གསུམ་མཁྱེན་པ་ཉིད་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་གྱིས་བསམ་བཞིན་དུ་སྐྱེ་བ་བཞེས་པའི་སྐུ་ཕྲེང་རེ་རེའི་བུ་སློབ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་ཀཾ་ཚང་རྩ་བའི་བཀའ་བརྒྱུད་དུ་འདུ་ཞིང་། རྗེ་ལྔ་པ་དེ་བཞིན་གཤེགས་པས་སྙན་བརྒྱུད་ནོར་བུ་སྐོར་གསུམ་གྱི་བདག་པོར་མངའ་གསོལ་བ་དྲུང་རྨ་སེ་བློ་གྲོས་རིན་ཆེན་ལས་ཟུར་མང་བཀའ་བརྒྱུད་དང་གར་དབང་དྲུག་པ་ཆོས་ཀྱི་དབང་ཕྱུག་གི་ཞལ་སློབ་མཁས་གྲུབ་ཀརྨ་ཆགས་མེད་ལས་གནས་མདོ་བཀའ་བརྒྱུད་གཉིས་སུ་གྱེས། །དེ་རྣམས་ལས་ད་ལྟ་ནི་བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་ཀརྨ་བཀའ་བརྒྱུད་དང་། ཆུང་བརྒྱད་ལས་འབྲུག་པ་དང་འབྲི་སྟག་གཉིས་ཙམ་རྐང་ཚུགས་པར་བཞུགས་ཤིང་། གཞན་པ་འགའ་ཞིག་གི་སྨིན་གྲོལ་ཕྲན་ཚེགས་རེའི་རྒྱུན་མ་ནུབ་ཙམ་ལས་ཆེར་མི་སྣང་ངོ་། ལྔ་པ་ཤངས་པ་བཀའ་བརྒྱུད་ནི། རྒྱལ་པས་ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཞེས་ལུང་བསྟན་པའི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་དེ་ཉིད་ཐོག་མར་ཡབ་ཆོས་བོན་དང་རྙིང་མ་ལ་རིམ་གྱིས་ཞུགས་ཏེ་སོ་སོར་མཁས་ཤིང་ནུས་པ་བརྙེས་ཀྱང་བྱང་ཆུབ་སྤྱོད་པའི་སྨོན་ལམ་དུས་སུ་སོན་པའི་སྟོབས་ཀྱིས་དེ་ཙམ་གྱིས་ཐུགས་མ་ཚིམས་ཏེ་འཕགས་ཡུལ་དུ་བྱོན། རྡོ་རྗེ་གདན་པ་སོགས་རྩ་བའི་བླ་མ་རྣམ་བཞི་གཙོ་བོར་གྱུར་པའི་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། ཁྱད་པར་རྡོ་རྗེ་འཆང་ལས་
༤༡༤ དངོས་སུ་ཆོས་གསན་ཅིང་དག་པའི་ས་གསུམ་ལ་བཞུགས་པ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང་། སུ་ཁ་སིདྡྷི་དངོས་སུ་མཇལ་ཞིང་གདམས་པ་ཟབ་མོ་བསྩལ་བས་སྐུའི་གནས་ལྔར་རྒྱུད་སྡེ་ལྔ་དངོས་སུ་གྲུབ་པས་མཚོན། མདའ་བསྣུན་ཞབས་སོགས་མཆོག་གི་གྲུབ་ཆེན་རྣམས་དང་དབྱེར་མི་ཕྱེད་པའི་གྲུབ་བའི་དབང་ཕྱུག་ཆེན་པོར་གྱུར། གཙང་གཡས་རུ་ཤངས་ཀྱི་ཞང་ཞོང་དུ་གདན་ས་མཛད་པས་བླ་མ་ཤངས་པ་དང་། བརྒྱུད་འཛིན་རྣམས་ལའང་ཤངས་པ་བཀའ་བརྒྱུད་དུ་གྲགས། དགུང་ལོ་བརྒྱ་དང་ལྔ་བཅུར་བཞུགས་ཤིང་གདུལ་བྱ་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་མཛད་པས་བཤེས་གཉེན་ཁྲི་ཕྲག་བཅོ་བརྒྱད་ལ་སོགས་པའི་བུ་སློབ་རྣམས་ཀྱི་གཙོ་བོ་སྔ་བུ་ལྔ་དང་ཕྱི་བུ་དྲུག་པོ་རྣམས་ཡིན་ཅིང་། དེ་ལས་རྡོ་རྗེ་འཆང་གི་གསང་ཚིག་ཆིག་བརྒྱུད་ཀྱི་བཀའ་བབས་ནི་རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་ཁོ་ན་ཡིན་ལ། དེ་ནས་རིམ་བཞིན་དབོན་སྟོན་སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། འགྲོ་མགོན་སྟོན་པའི་བར་དུ་བརྒྱུད། ཆིག་བརྒྱུད་རྡོ་རྗེའི་རྒྱ་རྡོ་རྗེ་འཆང་དང་ཡེ་ཤེས་ཌཱ་ཀིས་ལུང་བསྟན་པ་བཞིན་དུ་རིན་ཆེན་བདུན་པ་ཆོས་རྗེ་སྟོན་པས་བཀྲོལ་ཏེ་གྲུབ་ཐོབ་ཀྱི་སློབ་མས་ཛམྦུའི་གླིང་དང་གླིང་ཕྲན་པ་ཚུན་ཆད་ཁྱབ་པར་མཛད་པ་ལས། བརྒྱུད་འཛིན་གཙོ་བོ་གཙང་མ་ཤངས་སྟོན། བསམ་སྡིངས་པ་གཞོན་ནུ་གྲུབ། འཇག་ཆེན་རྒྱལ་མཚན་འབུམ་སྟེ་མཁས་གྲུབ་རྣམ་པ་གསུམ་གྱིས་གདམས་ངག་ཡི་གེར་བཀོད། འཇག་བསམ་གཉིས་ཀྱི་གདན་ས་སློབ་བརྒྱུད་མཐའ་ཡས་པ་བྱུང་། གཙང་མ་ཤངས་སྟོན་སློབ་མ་ཁྱུང་པོ་ཚུལ་མགོན་སོགས་རིན་ཆེན་རྣམ་བདུན་ཕྱི་མར་གྲགས་པའི་སྐྱེས་ཆེན་ཁྱད་པར་ཅན་བྱོན། གཞན་ཡང་ཆོས་རྗེ་སྟོན་པའི་དངོས་སློབ་གསེར་གླིང་པ་བཀྲ་ཤིས་དཔལ་ལས་གྱེས་པ་དང་། ལ་སྟོད་དཀོན་མཆོག་མཁར་གྱི་སློབ་བརྒྱུད་ལས་གྱེས་པ་སོགས་མཐའ་ཡས་ཤིང་། ཕྱིས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྟོད་བརྒྱུད་སྨད་བརྒྱུད་སོ་སོར་གསན་ནས་ཐུགས་ཉམས་སུ་བཞེས་པས་ཡེ་ཤེས་མཁའ་འགྲོ་དངོས་ཀྱིས་རྗེས་
༤༡༥ སུ་བཟུང་བའི་ཉེ་བརྒྱུད་རིམ་པ་གསུམ་བྱུང་བས་ད་ལྟའི་བར་རྒྱུན་བཞུགས་པ་དང་། རྗེ་བཙུན་གྲོལ་མཆོག་ཞབས་ཀྱིས་རིང་བརྒྱུད་རྣམ་གྲངས་ཉེར་བཞི་གསན། ཉེ་བརྒྱུད་ཌཱ་ཀིས་གདམས་པ་དངོས་སུ་སྩལ་བའི་ངོ་མཚར་ཤིན་ཏུ་ཉེ་བརྒྱུད་བཅས་པའི་བརྒྱུད་པའི་རྣམ་གྲངས་ཉེར་ལྔ་རྗེ་བཙུན་ཏཱ་ར་ནཱ་ཐའི་ཁྲིད་ཡིག་འདིར་འདུ་བ་ཡིན་ལ། མཁས་གྲུབ་ཁྱུང་པོའ་ཁྱད་པར་གྱི་ཆོས་སྐྱོང་མྱུར་མཛད་ཡེ་ཤེས་མགོན་པོའ་ཆོས་སྐོར་ནི་སྔོན་དུས་སྟོད་ལུགས་པས་ཕལ་ཆེར་ལ་ཁྱབ། ཕྱིས་དུས་རི་གོང་ནས་བརྒྱུད་པའི་སྨད་ལུགས་པས་གྲུབ་མཐའ་ཕལ་མོ་ཆེར་ཁྱབ་ཅིང་ཁྱད་པར་རྗེ་རིན་པོ་ཆེ་ཡབ་སྲས་རྣམས་ཀྱིས་ཆོས་སྐྱོང་གི་གཙོ་བོར་མཛད་པས་དབུས་གཙང་ཁམས་གསུམ་རྒྱ་སོག་ཡན་ཆད་དུ་མཆོད་བསྟོད་སྒྲུབ་ཕྲིན་གྱིས་ཁྱབ། །གསེར་ཆོས་རྩ་བ་རྣམས་ནི་རྐང་ཚུགས་པའི་ལུགས་འཛིན་དེང་སང་ཤིན་ཏུ་དཀོན་པར་སྣང་ངོ་། དྲུག་པ་ཞི་བྱེད་ཡན་ལག་དང་བཅས་པ་ནི། རྒྱ་གར་བེ་ཏཱའི་ཡུལ་གྱི་ཙ་ཏ་སེང་ངར་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལའམ་བོད་དང་རྒྱ་ནག་ཏུ་ཕ་དམ་པ་སངས་རྒྱས་སུ་གྲགས་པ་དེས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་ང་བཞི་ལས་གདམས་པ་ཟབ་མོ་མཐའ་དག་གསན་ནས་རྩ་གཅིག་ཏུ་སྒྲུབ་པ་མཛད་པས་བཅུད་ལེན་སོགས་ཐུན་མོང་གྲུབ་པ་ཆེན་པོ་བརྒྱད་ཐོབ་པས་དགུངས་ལོ་ལྔ་བརྒྱ་དང་བདུན་ཅུ་བཞུགས། ཐུགས་དམ་བདེ་གཤེགས་བཅུ་གཉིས་དང་། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་བཅུ་རྩ་དྲུག་སོགས་ཀྱིས་ཞལ་གཟིགས། མཆོག་གི་དངོས་གྲུབ་མཐོང་ལམ་ཆེན་པོའ་ཡེ་ཤེས་བརྙེས་པ་དེ་ཉིད་ཀྱིས་རྟེན་གཞིའི་གཙོ་བོ་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ། ཨཱ་ལི་ཀཱ་ལི་ཀླུང་ཆེན་པོའ་རྒྱུད་སོགས་ཀྱི་དོན་ཉམས་ལེན་ཏུ་དྲིལ་བ། རྟེན་སྔོམ་པ་གསུམ་ལྡན། ལམ་དཀའ་ཐུབ་ཀྱི་སྲང་། འབྲས་བུ་གཞན་དོན་སྤྱོད་པ་སྟེ་ཉིད་ཀྱི་རྣམ་པར་ཐར་པ་དང་མཐུན་པར་ལས་ཅན་གནམ་གྱི་སྐར་མ་ཙམ་སངས་རྒྱས་ཀྱི་ས་ལ་བསྒྲལ་བར་མཛད་པའི་དམ་ཆོས་སྤྱི་མིང་སྒེར་དུ་ཆགས་པ་སྡུག་བསྔལ་ཞི་བྱེད་ཅིས་བྱ་བ་འདི་ཉིད་ལ་དབང་
༤༡༦ པོའ་རིམ་པས་ཁྲིད་ཚུལ་བསམ་གྱིས་མི་ཁྱབ་པ་མཆིས་ཀྱང་། དམ་པ་ཉིད་བོད་ཡུལ་འདིར་ལན་ལྔ་ཙམ་ཕེབས། ཞི་བྱེད་ཀྱི་བརྒྱུད་པ་རིམ་པ་གསུམ་དུ་གྲགས་ཆེ་བའི་བརྒྱུད་པ་དང་པོ་ཁ་ཆེ་ཛྙཱན་གུ་ཧྱ་ལ་ཞི་བྱེད་སྒྲོན་མ་སྐོར་གསུམ་གནང་བ་ཨང་པོ་ལོ་ཙཱ་སོགས་ནས་བྱུང་བ་དང་། བརྒྱུད་པ་བར་པའི་གཙོ་བོ་རྨ་སོ་ཀཾ་གསུམ་ནི། རྨ་ཆོས་ཀྱི་ཤེས་རབ་ལ་ཕྱག་ཆེན་ཚིག་བརྒྱུད་དོན་བརྒྱུད། སོ་ཆུང་དགེ་འདུན་འབར་ལ་རིག་པ་གཅེར་མཐོང་གི་མན་ངག་ཚིག་བརྒྱུད་དང་དོན་བརྒྱུད། ཀཾ་ཡེ་ཤེས་རྒྱལ་མཚན་ལ་ཤེར་ཕྱིན་གྱི་གདམས་པ་ཡས་བརྒྱུད་དང་མས་བརྒྱུད་རྣམས་དང་། བརྒྱུད་ཕྲན་གསུམ་ནི། དགེ་བཤེས་གྲྭ་བ་ལ་ཞི་བྱེད་སྒྲོན་མ་དགུ་སྐོར་ལྕེ་ཙནྡྲ་ཀི་རྟིལ་མདོ་རྒྱུད་ཞལ་སྦྱོར་གྱི་གདམས་པ། ལྗང་བཀའ་གདམས་པ་ལ་ཤེར་ཕྱིན་ཡི་གེ་མེད་པའི་གདམས་ངག་གནང་བ་དང་། བརྒྱུད་པ་ཐོར་བུ་ལབ་སྒྲོན་གཅོད་ཡུལ་གྱི་གདམས་པ་སོགས་གདམས་ཕྲན་བཅོ་ལྔ་ཙམ་བྱུང་བར་བཤད། བརྒྱུད་པ་ཐ་མ་ནི། དམ་པ་རྒྱ་ནག་ནས་ཡར་ཕེབས་དིང་རིར་བཞུགས་པའི་སྐབས་འཕྲུལ་ཞིག་ཉི་ཤུ་རྩ་དྲུག །ཁྱད་འཕགས་བུ་ཆེན་བརྒྱ་རྩ། མ་ཇོ་མོ་ཉི་ཤུ་རྩ་བཞི། གདན་ནོན་གྱི་སློབ་མ་བཅུ་གཉིས་སོགས་བྱུང་བའི་སོ་སོ་ལ་གནང་བའི་གདམས་ངག་སྨིན་གྲོལ་གྱི་རྒྱུན་སྲོལ་ཚད་བཟུང་དུ་མ་མཆིས་ཀྱང་གཙོ་བོ་སྒོ་བའི་རྣལ་འབྱོར་པ་བཞི་ཡིན་ཏེ། ཤར་ན་དམ་པ་ཕྱར་ཆེན་གྱིས་བཀའ་མདོ་སྦྱོར་གྱི་སྐོར། ལྷོར་བཛྲ་ཀྲོ་དྷས་རིན་ཆེན་དོན་སྡེབ་ཀྱི་སྐོར། ནུབ་ན་དམ་པ་ཕུར་ཆུང་གིས་དུམ་དུམ་ཁྲིགས་ཀྱི་སྐོར། བྱང་ན་བྱང་ཆུབ་སེམས་དཔའ་ཀུན་དགས་བཀའ་ཆོ་ལུའི་སྐོར་གྱི་བཀའ་བསྡུ་མཛད་ཅིང་ཡི་གེར་བཀོད། དེ་ལ་བརྒྱུད་པ་བར་པ་ནི་བཀའ་ཐ་མ་ངེས་དོན་མདོ་སྡེ་རྣམས་དང་མཐུན་ལ། ཕྱི་མ་ནི་སྔགས་དང་གཙོ་བོར་མཐུན་པར་བཤད། དེ་དག་ཐམས་ཅད་ལས་ཀྱང་ལམ་ཡོངས་སུ་རྫོགས་པས་ཁྱད་པར་འཕགས་པ་ནི་ཉིད་དང་དགོངས་པ་མཉམ་པར་ཞལ་གྱིས་བཞེས་པ་དམ་པ་ཀུན་དགའི་བཀའ་སྲོལ་ཉིད་ཡིན་ཅིང་། ཆོས་སྐོར་འདི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡེ་ཚན་རྒྱ་ཆེར་བཞུགས་
༤༡༧ ཤིང་། བརྒྱུད་པ་གསུམ་ཀ་སྔར་དར་རྒྱས་སུ་བཞུགས་པར་འདུག་ཀྱང་དེང་སང་མཚན་ཙམ་དུ་གྱུར་ཅིང་། སྨིན་གླིང་ལོ་ཆེན་།།།་ཤྲཱིས་འབད་རྩོལ་ཆེན་པོས་རྒྱུན་གང་བཞུགས་གསན་ཅིང་ཡིག་ཆ་བཀླགས་ཆོག་ཏུ་མཛད་པའི་བཀའ་དྲིན་ལས། བརྒྱུད་པ་སྔ་ཕྱི་བར་གསུམ་དང་ཁྱད་པར་དམ་པ་ཀུན་དགའི་ལུགས་ཀྱི་སྨིན་གྲོལ་རྩ་བ་ཙམ་བཞུགས་པར་སྣང་ངོ་། །ཡན་ལག་གཅོད་ཡུལ་ལ་ཕོ་གཅོད་མོ་གཅོད་གཉིས་སུ་གྲགས་པ་ལས། སྔ་མ་ནི། ཕ་དམ་པ་སངས་རྒྱས་ཀྱིས་སྐྱོ་།།།་ཡེ་ཤེས་དང་ཡར་ཀླུང་སྨ་ར་སེར་པོ་ལ་མདོ་ལུགས་རང་རྐང་གི་གཅོད་།།།་དེ་བའི་གཞུང་ཆུང་ལྔ་བཅུ་པའི་དོན་གདམས་ངག་བྲུལ་ཚོ་དྲུག་པ་ཞེས་བྱ་བ་གནང་། སྐྱོས་རང་གི་དབོན་བསོད་ནམས་བླ་མ། དེས་མ་གཅིག་ལབ་སྒྲོན་ལ་བྲུལ་ཚོ་བཞི་གནང་བར་གྲགས། སྨ་ར་སེར་པོ་ལས་བརྒྱུད་པའི་སྐོར་རོ་གཤེས་རབ་འོད་དང་མཁས་གྲུབ་གཞོན་ནུ་གྲུབ་རྣམས་ལས་འཕེལ་བ་ནི་ཕོ་གཅོད་དུ་གྲགས་པའོ། །མོ་གཅོད་ནི། ཡུམ་ཆེན་མོ་ཤེས་རབ་ཕར་ཕྱིན་མི་མོའ་རྣམ་པར་སྣང་བ་མ་གཅིག་ལབ་སྒྲོན་ཉིད། ཤེར་ཕྱིན་བཀླགས་པས་སྟོང་ཉིད་ཀྱི་ལྟ་བ་སྐྱེས། དམ་པས་སྙིང་གཏམ་ཚིག་གཅིག་གསུངས་པས་རྒྱུད་གྲོལ་ཏེ་རང་བཞིན་གྱི་རྣལ་འབྱོར་མར་གྱུར། ཤེར་ཕྱིན་གྱི་དགོངས་དོན་མ་གཅིག་ཉིད་ཀྱི་དགོངས་ཉམས་ལས་འཁྲུངས་པའི་གཅོད་ཡུལ་གྱི་ལམ་སྲོལ་རྒྱ་ཆེན་པོ་ཕྱེས་ཏེ་གདམས་སྐོར་བསམ་གྱིས་མི་ཁྱབ་པ་མཛད་པ་ཐམས་ཅད། ཕ་བརྒྱུད་ཐབས། མ་བརྒྱུད་ཤེས་རབ། གཉིས་མེད་དོན། མཁའ་འགྲོ་ཉམས་ཀྱི་བརྒྱུད་པ་བཞིས་བསྡུས་ཤིང་། ཞལ་སློབ་གྲུབ་ཐོབ་ཕོ་མོ་བརྒྱ་དང་རྩ་བརྒྱད་སོགས་སློབ་ཚོགས་མང་པོས་བོད་ཁམས་ཁྱབ་པར་གྱུར་པའི་གཙོ་བོ་བཀའ་བབས་བུ་ཆེན་བཅུ་དྲུག་གི་ཕྲིན་ལས་ཀུན་ཏུ་འཕེལ། མདོའ་བརྒྱུད་འཛིན་སྲས་གླང་ལུང་པ་རྒྱལ་བ་དོན་གྲུབ་བརྒྱུད་པའི་གཙོ་བོར་གྱུར། སྔགས་ཀྱི་བརྒྱུད་འཛིན་ཐོད་སྨྱོན་བསམ་འགྲུབ་གྲུབ་ཐོབ་ཡོངས་གྲགས་སུ་གྱུར་པས་གངས་བ་ཞེས་པའི་གཅོད་བརྒྱུད་ཁྱད་པར་ཅན་ཟུང་དུ་བྱུང་། ཟུང་འཇུག་བརྒྱུད་འཛིན་ཁུ་
༤༡༨ སྒོམ་ཆོས་ཀྱི་སེང་གེའི་བརྒྱུད་པ་གྲུབ་ཐོབ་སོ་སོ་ལས་བརྒྱུད་པ་མང་དུ་འཕེལ། ཁྱད་པར་རྒྱལ་དབང་རང་བྱུང་རྡོ་རྗེས་གནམ་མཚོ་དོ་པ་ལས་གཅོད་ཡུལ་གསན་ཅིང་དེ་ནས་བརྒྱུད་པ་ལ་རུ་པའི་གཅོད་བརྒྱུད་རྣམས་དང་། ཕྱིས་སུ་ཟུར་མང་། གནས་མདོའ་ལུགས་རྣམས་འཕེལ། རྗེ་བཙུན་སྐྱ་སེ་རྟོགས་ལྡན་ལས་སྐྱབས་ཆེ་དང་། ཏྲེ་ཧོ་ཆོས་ཀྱི་དབང་པོ་ལས་ཏྲེ་གཅོད་ཀྱི་རྒྱུན་བྱུང་བས་མཚོན་བརྒྱུད་འཛིན་སོ་སོ་ལས་མཐའ་ཡས་པ་འཕེལ། སྲས་མོ་ལ་ལྕམ་ལས་རིམ་པར་བརྒྱུད་པའི་རིང་བརྒྱུད་དང་། རྒྱལ་ཐང་པ་བསམ་གཏན་འོད་ཟེར་གྱིས་བརྒྱུད་སྲོལ་ཐ་དད་པ་མང་དུ་གསན་ཅིང་མ་གཅིག་དངོས་དང་མཇལ་ནས་གདམས་པ་སྩལ་བ་ཉེ་བརྒྱུད་རྒྱལ་ཐང་ལུགས་དང་། ཟབ་ཆོས་མང་པོ་སློབ་མ་རྣམས་ལ་མ་གནང་བར་གཏེར་དུ་སྦས་པ་ཕྱིས་མ་གཅིག་ཉིད་ཀྱི་རྣམ་འཕྲུལ་ལ་འདུས་རྡོ་རྗེ་སྒྲོན་མས་བཏོན་པ་དང་། ཁུ་སྒོམ་སྐྱེ་བ་ཀུན་སྤངས་བརྩོན་འགྲུས་སེང་གེས་གཏེར་ནས་ཕྱུངས་པ་ཟབ་ཅིང་རྒྱ་ཆེ་བ་བཞུགས་པ་ལས། ཕྱི་མའི་རྒྱུན་རྒྱ་སྟོན་གཅོད་བརྒྱུད་ད་ལྟ་བར་ཟམ་མ་ཆད་པར་སྣང་ངོ་། །བདུན་པ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ནི། །སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཏུ་རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྩ་བའི་རྒྱུད་མཐའ་དག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འདུས་པ་ཆེན་པོའ་འཁོར་རྣམས་ལ་བསྟན་པའི་ཚེ། སྤྲུལ་པའི་ཆོས་རྒྱལ་ཟླ་བ་བཟང་པོས་གསོལ་བ་བཏབ་པའི་ངོར་དུས་ཀྱི་འཁོར་ལོའ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་པ་ཉིད་ཤམྦྷ་ལའི་ཡུལ་དུ་ཆོས་རྒྱལ་བདུན་རྫོགས་ཀྱི་བར་དར་རྒྱས་སུ་སྤྱོད། དེ་ནས་རིགས་ལྡན་འཇམ་དཔལ་གྲགས་པས་དེ་ལས་བསྡུས་པའི་རྒྱུད་མཛད་པ་ལ། རིགས་ལྡན་པདྨ་དཀར་པོས་འགྲེལ་ཆེན་གྱིས་བཀྲལ། སྤྲུལ་པའི་རིགས་ལྡན་རིམ་པར་བྱོན་པ་རྣམས་ཀྱིས་སྤེལ་བར་མཛད་པ་ལས་འཕགས་ཡུལ་དུའང་སྔ་ཐོག་ཞིག་ནས་གྲུབ་ཆེན་རྣམས་ལ་ཐོར་བུར་སྣང་མོད། ཐུན་མོང་གི་སྤྱོད་ཡུལ་དུ་ཐོག་མར་སྣང་བར་མཛད་པ་པོ་ནི་ཙི་ལུ་པཎྜིཏ་སྟེ། དེ་ཉིད་ཤམྦྷ་ལར་སེམས་འགྲེལ་ཚོལ་བར་
༤༡༩ བྱོན་པའི་ལམ་ཀར་རིགས་ལྡན་གྱི་སྤྲུལ་པས་རྗེས་སུ་བཟུང་སྟེ་དབང་རྒྱུད་འགྲེལ་མན་ངག་མཐའ་དག་གནང་ཞིང་བྱིན་གྱིས་བརླབས་པས་མཐའ་དག་ཁོང་དུ་ཆུད། དེའི་སློབ་མ་པིཎྜོ་ཨཱ་ཙ་སྟེ་སློབ་དཔོན་བསོད་སྙོམས་པར་གྲགས་པ་ལས། དུས་འཁོར་ཞབས་ཆེན་པོའམ་ཙི་ལུ་པ་ཆུང་བར་ཡང་གྲགས་པ་འཇམ་པའི་རྡོ་རྗེ་གསན། སྤྲུལ་པའི་རིགས་ལྡན་གྱིས་བྱིན་གྱིས་བརླབས་པའི་མཐུས་གྲུབ་པ་བརྙེས་ཏེ་ཀ་ལཱ་པར་དངོས་སུ་ཕེབས་ཏེ་དབང་རྒྱུད་མན་ངག་རྫོགས་པར་མཛད། འདི་ཉིད་རྩལ་དུ་བཏོན་ནས་འཆད་ཉན་མཛད་པ་ལས། ནཱ་རོ་པ། རཏྣཀ་ར་གུཔྟ་སོགས་སློབ་མ་མང་དུ་བྱུང་བ་ལས། ཨ་བ་དྷཱུ་ཏི་པ། ཤྲཱི་བྷ་དྲ་བྷོ་དྷི། ནཱ་ལེནྡ་པ་གསུམ་ཀ་ལ་དུས་ཞབས་ཆུང་བ་སོ་སོར་གྲགས། །བོད་ཡུལ་འདིར་ཐོག་མར་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་དུས་ཞབས་པ་ཤྲཱི་བྷ་དྲ་སྤྱན་དྲངས་ནས་རྒྱུད་འགྲེལ་བསྒྱུར་ཅིང་མན་ངག་བསྒྱུར། ཁྲོམ་ལོ་ཙཱ་བ་པདྨ་འོད་ཟེར་སོགས་བུ་ཆེན་བཞིར་གྲགས་པ་བྱུང་། ཁྲོམ་ལོ་ལས་བརྒྱུད་པའི་གྱི་ཇོ་ལུགས་དང་། ནཱ་ལེནྡ་བའི་སློབ་མ་མཉྫུ་ཀཱི་རྟི། དེའི་སློབ་མ་བལ་པོ་ས་མནྟ་ཤྲཱི། དེ་ལས་རྭ་ལོ་ཙ་བ་ཆོས་རབ་ཀྱིས་གསན་པའི་རྭ་ལུགས་དང་། ཡང་། ནཱ་ལེནྡ་པའི་སློབ་མ་ཁ་ཆེ་ཟླ་བ་མགོན་པོ། དེ་ལས་འབྲོ་ལོ་ཤེས་རབ་གྲགས། སྒོམ་པ་དཀོན་མཆོག་སྲུང་སོགས་ལས་བརྒྱུད་པའི་འབྲོ་ལུགས་དང་། ན་ལེནྡ་པ། ཙྭ་མི་སངས་རྒྱས་གྲགས། དེ་ནས་རིམ་པར་བརྒྱུད་པ་ཙྭ་མི་ལུགས། དེའི་སློབ་མ་སེ་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས། དེ་ལས་གཉོས་དར་མ་འོད་ཀྱིས་གསན་བ་སོགས་གཉོས་ལུགས། ཡང་། ནཱ་ལེནྡ་པ། ཨ་བྷ་ཡཱ་ཀ་ར། ནིཥྐ་ལངྐ། བལ་པོའ་པཎྜི་ཏ་རེ་བེནྡྲ། ཆག་ལོ་ཆོས་རྗེ་དཔལ་ལས་བརྒྱུད་པ་ཆག་ལོ་ལུགས། ཨ་བྷ་ཡཱ། བི་ཁྱཱ་ཏ་དེ་བ། ཁ་ཆེ་པཎ་ཆེན་།།།་ཤྲཱི། དཔྱལ་ཆོས་ཀྱི་བཟང་པོ་ནས་བརྒྱུད་པཎ་ཆེན་ལུགས་སམ་དཔྱལ་ལུགས། རྭ་ཆོས་རབ་ནས། ཡེ་ཤེས་སེང་གེ། འབུམ་སེང་། རོང་པ་་ལོ་རྣམ་རྒྱལ་རྡོ་རྗེ་སོགས་ལས་བརྒྱུད་པ་རོང་ལུགས། ཙཱ་མི་ནས་ཁམས་པ་་ལོ་གཞོན་ནུ་དཔལ། དེས་ཞང་ཚལ་པ་ལ་གནང་བ་ཚལ་ལུགས། ་ལོ་ནས་ས་སྐྱ་པ་ཆེན་པོ་ལ་གནང་བའི་ས་ལུགས་
༤༢༠ གྲུབ་ཆེན་ཤ་བ་རི་དབང་ཕྱུག་གིས་པཎ་ཆེན་བི་བྷཱུ་ཏི་ཙནྡྲ་ལ་དངོས་སུ་སྩལ། །དས་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་ལ་གནང་བ་ཀོ་བྲག་ལུགས། མཉྫུ་ཀཱི་རྟི་དང་ཨ་བྷཱ་ཡས་གཉན་ལོ་དང་་ལོ་ལ་གནང་། དེ་གཉིས་ཀ་ལས་བླ་མ་འགོས་ཀྱིས་གསན་པ་འགོས་ལུགས། ཡང་། ཆག་ཆོས་རྗེ་དཔལ་བ་ནས། གོ་ལུང་པ་མདོ་སྡེ་དཔལ། མཁས་གྲུབ་ཨོ་རྒྱན་པ། སྙེ་མདོ་བ་ཀུན་དགའ་དོན་གྲུབ། རྗེ་རང་བྱུང་བ་སོགས་ལ་བརྒྱུད་པ་དང་། ཙྭ་མིའི་ལུགས་གཙོ་བོར་བཏོན་པ་ཀར་ལུགས། གཞན་ཡང་ཤོང་དབང་ནས་བརྒྱུད་པ་པོ་དོང་ལུགས། ལྐོག་འཕྲང་བའི་ལུགས་དང་། ལ་སྟོད་དབང་རྒྱལ་ལུགས་སོགས་མང་དུ་བྱོན་ཀྱང་། ཕྱིས་ནས་དུས་ཀྱི་འཁོར་ལོ་གངས་ཅན་ལྗོངས་འདིར་ཤིན་ཏུ་དར་བར་མཛད་པ་ནི་ཇོ་ཞལ་གཉིས་ཏེ། འདི་གཉིས་ཀས་དང་པོ་རྭ་པའི་བརྒྱུད་པ་ལས་གསན་ཅིང་། ཕྱིས་སུ་འབྲོ་ལུགས་ལ་ཞུགས་པས་རྭ་འབྲོའི་བརྒྱུད་འཛིན་ཏུ་གྱུར་མོད། བུ་ལུགས་གཙོ་བོར་བཤད་པའི་བཀའ་བབས་པས་ད་ལྟའི་བར་དུའང་བུ་སྟོན་ཆེན་པོ་ལས་བརྒྱུད་པའི་རྒྱུད་བཤད་རྒྱུན་མ་ཆད་པར་བཞུགས་པར་སྣང་བ་དང་། ཇོ་ནང་པ་རིགས་ལྡན་སྤྲུལ་པའི་སྐུ་རིམ་པར་བྱོན་པ་རྣམས་ལས་ཀུན་སྤངས་ཆེན་པོས་བོད་དུ་འགྱུར་རོ་ཅོག་གི་དུས་འཁོར་ལུགས་སྲོལ་རྫོགས་པར་གསན། སློབ་མ་ཀུན་སྤངས་བུ་བཞིར་གྲགས་པ་བྱོན། ཀུན་མཁྱེན་དོལ་པོ་བ་ཆེན་པོས་རྣལ་འབྱོར་ཡན་ལག་དྲུག་པའི་ཕྲིན་ལས་ངོ་མཚར་བསམ་གྱིས་མི་ཁྱབ་པ་སྤེལ་བ་ལས། གཙོ་བོར་རང་མཉམ་སློབ་མ་བཅུ་བཞི་པོ་སོ་སོས་གདམས་སྲོལ་སྤེལ་བའི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པས་སྒྲུབ་བརྒྱུད་ཀྱི་བཀའ་བབས། ཉམས་རྟོགས་ཕུལ་དུ་ཕྱིན་པའི་རྒྱུན་ད་ལྟའནག་མཉམས་པར་བཞུགས་པར་སྣང་ངོ་། །སྤྱིར་རྒྱ་གར་འཕགས་པའི་ཡུལ་དུ་དུས་ཞབས་པ་ཆེ་ཆུང་། ཤ་བ་རི་པ། དཔེ་མེད་འཚོ། ཉི་མ་དཔལ་ཡེ་ཤེས། ནཱ་རོ་པཎ་ཆེན། ཁ་ཆེ་པཎ་ཆེན། གྲུབ་ཆེན་ཞི་བ་སྦས་པའི་ལུགས་སོགས་བྱུང་བར་སྣང་ཞིང་། བོད་འདིར་གྲགས་ཆེ་བ། གྱི་ཇོ། འབྲོ་རྭ། དིང་རི་ཆོས་གྲགས་ཏེ་སྔོན་བྱོན་བཞི། མན་ལུང་གུ་རུ། ཐར་ལོ། །ཨོ་རྒྱན་པ། བི་བྷཱུ་ཏི་ཙནྡྲ་སྟེ་བར་བྱོན་བཞི། ཤ་བ་རི་
༤༢༡ ཐོག་མཐའ་བར་གསུམ། ཕྱིས་བྱོན་པཎ་ཆེན་ནགས་ཀྱི་རིན་ཆེན་ལས་བྱུང་བའི་བཀའ་སྲོལ་རྣམས་སུ་སྣང་ངོ་། །བརྒྱད་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ནི། མཁས་གྲུབ་ཨོ་རྒྱན་པ་རིན་ཆེན་དཔལ་དེ་ཉིད་མདོ་སྔགས་ཀྱི་སྦྱངས་པ་མཐར་ཕྱིན། ཁྱད་པར་དུས་ཀྱི་འཁོར་ལོ་ལ་མཁས་པའི་ཕུལ་དུ་གྱུར། རྒྱལ་བ་རྒོད་ཚང་པ་ལས་རྟོགས་པ་མཐར་ཐུག་སྐྱེས་ཏེ་མཐོང་ལམ་གྱི་བདེན་པ་གཟིགས། ཆོས་རྗེས་ཀྱང་བརྟུལ་ཞུགས་རང་དང་མཉམ་པའི་ཐུགས་སྲས་སུ་བསྔགས་ལ་དེས་སྤྱོད་པ་མཐར་ཕྱིན་པར་བྱ་བའི་ཕྱིར་ཛ་ལེནྡྷར་སོགས་གནས་ཡུལ་མང་དུ་བྱོན། ཁྱད་པར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་བྱོན་པ་ན་བར་ཆད་དང་ཆོ་འཕྲུལ་མང་དུ་བྱུང་བ་ལྟ་བའི་གདིང་དང་བརྟུལ་ཞུགས་ཀྱི་ཟིལ་གྱིས་མནན། ཡུལ་དབུས་དྷཱུ་མ་ཐ་ལའི་ཕྱོགས་བཞིར་རིགས་བཞི་མཁའ་འགྲོས་བྱིན་གྱིས་བརླབས། སྤྲུལ་པའི་མཛེས་མས་ལུང་བསྟན་པ་བཞིན་ཀ་བོ་ཀ་ཞེས་པའི་གྲོང་དུ་རྡོ་རྗེ་རྣལ་འབྱོར་མ་ཉིད་སྨད་འཚོང་མའི་གཟུགས་སུ་བསྟན་ནས་བཟའ་བཏུང་དང་རེག་བྱའི་བདེ་བ་སྩལ་ཏེ་རྩ་མདུད་བཀྲོལ། སྒྲ་དང་ས་གཡོ་བ་སོགས་ལྟས་ཆེན་པོ་དང་བཅས་སླར་རྡོ་རྗེ་བཙུན་མོ་དངོས་སུ་སྣང་བས་གདམས་པ་འདི་རྫོགས་པར་གནང་། སྔར་གྱི་མཁའ་འགྲོ་བཞི་དང་སེང་གེའི་གདོང་ཅན་ལྔ་པོས་ཀྱང་གདམས་པ་སྣ་རེ་གནང་བས་མཆོག་ཐུན་མོང་གི་གྲུབ་པ་བརྙེས། བོད་དུ་བྱོན་ནས་ཐོག་མར་ལུང་བསྟན་ཐོབ་པའི་སློབ་མ་མཁར་ཆུ་རིན་པོ་ཆེས་གསོལ་བ་བཏབ་པའི་ངོར་རྡོ་རྗེའི་ཚིག་རྐང་ཡི་གེར་བཀོད། དམིགས་རྐང་གནང་བ་རྣམས་བརྗེད་ཐོ་བསྡུས་པའང་མཛད། ཁྲིད་གཉེར་བཟླ་བ་སེར་གེས་མན་ངག་རྣམས་གླེགས་བམ་དུ་བསྡམས། གོ་ལུང་པ་གཞོན་ནུ་དཔལ་གྱིས་དྲི་བ་ཞུས་པའི་ལན་འདེབས་གནང་བ་ཐོར་བཀོད་པ་དང་། ཟུར་ཕུག་པ་རིན་ཆེན་དཔལ་བས་མཛད་པའི་ཊཱིཀ་ཆེན་དང་། མཁས་པ་ཤངས་སྟོན་དང་། སྙེ་མདོ་ཀུན་དགའདོན་གྲུབ་གཉིས་ཀྱིས་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་མཛད་པ་རྣམས་ལ་ཊཱིཀ་ཆེན་བཞི་ཟེར། སྤ་ཏྲ་པ་བསོད་ནམས་འོད་ཟེར་ལས་ཆོས་རྗེ་གངས་པ་བརྒྱུད་དཔལ་ལྡན་བླ་མ་བསོད་
༤༢༢ ནམས་རྒྱལ་མཚན་ནས་གསན་པ་སོགས་རྒྱུན་སྲོལ་ཡང་མང་དུ་བྱུང་ཞིང་། ཀུན་མཁྱེན་རང་བྱུང་ཞབས་ཀྱིས་གྲུབ་ཆེན་པ་ཉིད་ལས་གདམས་སྐོར་རྫོགས་པར་གསན་ཏེ་རྡོ་རྗེའི་ཚིག་གི་མདུད་འགྲེལ་དང་གདམས་ངག་གི་གནད་གཞན་ལས་ཁྱད་པར་འཕགས་པའི་ལམ་བཟང་པོ་གསལ་བར་མཛད་དོ། །གསུམ་པ་བསྟན་པའི་ངོ་བོ་ངོས་བཟུང་བ་ལའང་བརྒྱད། སྔ་འགྱུར་རྙིང་མ། བཀའ་གདམས། ལམ་འབྲས། བཀའ་བརྒྱུད། ཤངས་པ། ཞི་གཅོད། སྦྱོར་དྲུག །བསྙེན་སྒྲུབ་བོ། །དང་པོ་ནི། སྤྱིར་སྔ་འགྱུར་རྙིང་མ་ལ་ཐེག་པ་དགུར་དབྱེ་བའི་ནང་པ་ཐབས་རྒྱུད་ཡོ་ག་རྣམ་པ་གསུམ་སོ་སོའ་སྒོམ་རིམ་མང་དུ་འབྱུང་བ་རྣམས་ཀྱང་བསྡུ་ན་མཚན་བཅས་མཚན་མེད་གཉིས་སུ་འདུ་སྟེ། རིམ་གསུམ་ལས། མཚན་མ་བསྒོམ་པའི་རིམ་པ་དང་། །དེ་བཞིན་ཉིད་ནི་བསྒོམ་པ་ཡི། །བྱེ་བྲག་རྣམ་པ་གཉིས་སུ་གསུངས། །ཞེས་སོ། །དེ་ལ་འདིར་ཐེག་དགུའི་ཡང་རྩེ་ཨ་ཏི་ཡོ་གའི་སྒོམ་རིམ་རྩ་བར་བཀོད་པ་སྟེ་བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ་གྱི་ཕྱི་མ་ཡིན་ལ། དེའང་མ་ཧཱ་སནྡྷི་ཞེས་པའི་སྒྲ་ལས་དྲངས་ན་ཏིང་འཛིན་ཆེན་པོའམ་བསམ་གཏན་ཆེན་པོ་ཞེས་པར་འགྱུར་ཏེ་ཐེག་བརྒྱད་བློའི་གྲུབ་མཐའ་ཀུན་ལས་འདས་པའི་གནས་ལུགས་གཅིག་པུའི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ཤར་བའི་ཡེ་ཤེས་བླ་ན་མེད་པའི་དོན་ཏོ། །དེ་ལ་དབྱེ་ན་བཀོད་པ་ཆེན་པོ་ལས། །ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་པ་ལྟར། རང་བྱུར་ཡེ་ཤེས་ལམ་དུ་བྱེད་པ་ལ་མི་ཟབ་པ་དང་། ཟབ་པའི་ཁྱད་པར་གྱིས་རྫོགས་པ་ཆེན་པོ་སྡེ་གསུམ་དུ་གྲགས་པ་ལས། ཆོས་ཐམས་ཅད་སེམས་ཉིད་གཅིག་པུའི་རོལ་པར་རྒྱུ་རྐྱེན་རྩོལ་སྒྲུབ་ལས་འདས་པར་རྟོགས་པས་སྤང་བྱའི་མཐའ་ལས་གྲོལ་བ་ཕྱི་སེམས་སྡེ། དེ་ལ་ནང་གསེས་སུ་འབྲས་བུ་སེམས་ཀྱི་བྱུང་སར་འདོད་པ་སོགས་བདུན་ཡོད། ཆོས་ཅན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའ་ཀློང་ལས་འགྲོ་འོང་མེད་པའི་ཕྱིར་སྐུ་གསུམ་རང་ཆས་ཀྱི་དབྱིངས་ལས་མི་འགྱུར་བར་རྟོགས་པས་གཉེན་པོའ་མཐའ་ལས་
༤༢༣ གྲོལ་བ་ནང་བྱ་བྲལ་ཀློང་སྡེ། དེ་ལ་དཀར་ནག་ཁྲ་གསུམ་རབ་འབྱམས་ཀྱི་ཀློང་སྡེ་བཞི་ཡོད། གཞི་ལམ་འབྲས་གསུམ་གྱི་ཆོས་ཐམས་ཅད་ཀ་དག་དང་ལྷུན་གྲུབ་དབྱེར་མེད་པའི་དོན་རང་གི་མཚན་ཉིད་ཡིན་ལུགས་རྟོགས་པ་ལྟར་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་གསང་བ་ཟབ་པ་མན་ངག་སྡེ། དེ་ལ་ཁ་གཏམ་ཁ་འཐོར། རྒྱུད་རང་གཞུང་དུ་བསྟན་པ་དང་གསུམ་དུ་ཡོད་དོ། །དེའང་ཀུན་བྱེད་རྒྱལ་པོ་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའ་གོལ་སར་བསྟན། །ཅེས་སོགས་ཀྱིས་མདོ་སྡེ་སྔགས་ཕྱི་ནང་ཨ་ནུ་ཡོ་ག་མན་ཆད་ཀྱི་ཞེན་དོན་ཐམས་ཅད་བློས་རེག་པའི་གྲུབ་མཐའ་ཁོ་ན་ཡིན་པས་གདོད་མའི་གནས་ལུགས་ཇི་བཞིན་པ་མི་མཐོང་བའི་གོལ་སར་ལྷུང་བའི་ཚུལ་རེ་རེ་བཞིན་གསལ་བར་བསྟན་ཅིང་། རྫོགས་པ་ཆེན་པོའ་ཡེ་ཤེས་ནི་བསམ་བརྗོད་རྒྱུ་འབྲས་དང་བཅས་པའི་རྣམ་ཤེས་ཚོགས་བརྒྱད་ལས་འདས་པ། སེམས་དང་སེམས་བྱུང་མཐའ་དག་དབྱིངས་སུ་ཞི་བའི་སྤྲོས་བྲལ་ཆེན་པོ། རིག་པ་རང་བྱུང་གི་ཆོས་ཉིད་བྱ་བྲལ་བློ་འདས་ཆེན་པོའ་གཤིས་ལུགས་ངང་བཞག་རང་གནས་ལས་བཟོ་མི་འཆོས་བས་རྩལ་སྣང་གློ་བུར་བའི་དྲི་མ་གཉུག་མའི་དབྱིངས་སུ་རང་དེངས་ལ་འགྲོ་བའི་ཕྱིར་གྲུབ་མཐའ་འོག་མ་ཀུན་ལས་ཁྱད་པར་དུ་འཕགས་པའི་ཚུལ་ཡང་། རིག་པ་རང་ཤར་ཆེན་པོའ་རྒྱུད་ལས། ཨེ་མ་རྫོགས་ཆེན་ཨ་ཏི་ནི། །གང་གི་ཕྱོགས་སུ་མ་ལྷུང་ལ། །རང་བྱུང་ཡེ་ཤེས་དོན་ལ་སྤྱོད། །དཔེར་ན་གཅན་གཟན་སེང་གེ་ཡིས། །སྡེར་ཆགས་ཟིལ་གྱིས་མནན་པ་བཞིན། །རྫོགས་ཆེན་རང་སྐད་སྨྲ་ཞིང་ཐེག་དམན་ཟིལ་གྱིས་གནོན། །རྫོགས་ཆེན་རང་སྐད་སྨྲས་ནས་རང་གི་དོན་ལ་འཇོག །ཅེས་སོགས་ལྟ་སྒོམ་ཐུན་མོང་མ་ཡིན་པའི་ངེས་གསང་རྣམས་རྒྱས་པར་བསྟན་ཅིང་། ཨ་ཏི་བཀོད་པ་ཆེན་པོ་ལས་ཀྱང་། ཡིད་དཔྱོད་འཛིན་པའི་ལྟ་སྒོམ་རྣམས་ལས་ཁྱད་པར་འཕགས་ཚུལ་རྒྱས་པར་བསྟན་པའི་རྗེས་སུ། དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེའམ། །བ་ལང་རྣམས་ལས་གླང་ཆེན་ནས། །གཅན་གཟན་རྣམས་
༤༢༤ ལས་སེང་གེའམ། །རྐང་ཐང་རྣམས་ལས་རྟ་པ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་པས་མཚོན་ཏེ་རྒྱ་ཆེར་འབྱུང་ངོ་། །ལམ་གྱི་གནད་ཀྱང་། རྫོགས་པ་ཆེན་པོ་ལ་ཁྱད་ཆོས་གྲོལ་བ་བཞི་ལྡན་གྱི་གདམས་པ་བླ་ན་མེད་པ་མངའ་བ་དང་། ཁྱད་པར་གསང་སྐོར་མན་ངག་སྡེའི་རིག་པའི་རྩལ་དབང་ཐོབ་ཅིང་དད་པ་དང་དམ་ཚིག་མ་ཉམས་པས་ཉིན་མཚན་གྱི་རྣལ་འབྱོར་ལ་ཅི་རིགས་པ་གོམས་ན་ཚེ་འདིའི་གདོད་མའི་གྲོལ་སར་མ་སྙོགས་ཀྱང་། རིག་འཛིན་བརྒྱུད་པའི་བྱིན་རླབས་དང་ཆོས་ཉིད་བདེན་པའི་མཐུ་ལས་ལུས་རྒྱ་གྲོལ་བའི་ཚེ་སྤྲུལ་པའི་ཞིང་ཁམས་ཡིད་ལ་དྲན་མ་ཐག་པར་ཕྱོགས་བཅུའི་སྤྲུལ་པའི་ཞིང་མཐོང་ནས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་དབུགས་ཆེན་འབྱིན་པའི་ཚུལ་ཡང་། ཨ་ཏི་བཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་འདི་ནི་མི་ཡུལ་སྣང་། །དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་གྱུར་པ། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའ་དོན་འདི་གདིང་དུ་མ་གྱུར་ཀྱང་། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་པ། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང་། །བརྫུས་སྐྱེས་དག་པས་མངལ་གྱི་རྒྱ་དང་བྲལ། །ཅེས་སོགས་གསུངས་སོ། །གཉིས་པ་བཀའ་གདམས་པ་ནི། གངས་ཅན་ལྷ་གཅིག་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་རྒྱལ་བའི་བཀའ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་ཤར་བའི་དོན་ཏེ། བརྒྱུད་འཛིན་རྣམས་ལྷ་བཞིས་ལུས་བརྒྱན། སྡེ་སྣོད་གསུམ་གྱིས་ངག་བརྒྱན། བསླབ་པ་གསུམ་གྱིས་ཡིད་བརྒྱན། ཅེས་པའི་ལྷ་བཞི་ནི། བསྟན་པའི་བདག་པོ་།།།་ཐུབ་པ། བྱམས་སྙིང་རྗེའི་བདག་པོ་སྤྱན་རས་གཟིགས། ཕྱིའི་བར་ཆད་སེལ་བ་སྒྲོལ་མ། ནང་གི་བར་ཆད་སེལ་བ་མི་གཡོ་བ་རྣམས་དང་། སྡེ་སྣོད་གསུམ་རྗོད་བྱེད་དང་། བསླབ་པ་གསུམ་བརྗོད་བྱ་ཡིན་པས་གཅིག་ཏུ་བསྡུས་ཏེ་ལྷ་ཆོས་བདུན་ལྡན་གྱི་མངའ་བདག་ཏུ་གྲགས་པ་འདི་ལ་གཞུང་གདམས་མན་ངག་གསུམ་དུ་བྱུང་བའི་དང་པོ་
༤༢༥ གཞུང་བ་ནི། སྐྱེས་ཚོམ་དད་པ་སྐྱེད་པའི་གཞུང་། བསླབ་སྤྱད་སྤྱད་པ་སྟོན་པའི་གཞུང་། ས་རྒྱན་ཏིང་ངེ་འཛིན་གྱི་གཞུང་སྟེ་དྲུག་པོ་དེ་ལ་ཉན་བཤད་ཕྱག་ལེན་གཙོར་མཛད། གདམས་ངག་པ་ནི་སྡུག་བསྔལ་ཀུན་འབྱུང་འགོག་ལམ་གྱི་བདེན་པ་བཞིར་འཇུག་ལྡོག་གི་སྒོ་ནས་ཁྲིད། མན་ངག་པ་གསང་ཆོས་གླེགས་བམ་རིན་པོ་ཆེའི་ཉམས་ལེན་ནི། གཞུང་ལས། སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། །ངག་གིས་བཟླས་བརྗོད་རྒྱུན་པར་མཛོད། །འགྲོ་བ་མ་ལུས་ཕ་མར་སོམས། །སེམས་ཀྱི་གནས་ལུགས་སྟོང་པར་དཔྱོད། །ལྔ་པོ་འདི་ཡི་སྐྱ་བར་ནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་བླ་མ། ལྷ། སྔགས། སྙིང་རྗེ། སྟོང་པ་ཉིད་རྗེས་སུ་དྲན་པ་ལྔ་ལས་འཕྲོས་པའི་ཀུན་རྫོབ་དང་དོན་དམ་གྱི་ཐིག་ལེ་བཅུ་དྲུག་ལམ་དུ་བྱེད་པའོ། །གཞུང་གདམས་ཟུང་འབྲེལ་དུ་སྟོན་པ་ནི་ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་སྟེ། ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་ཕྱིན་ཆད་ནོར་བ་མེད་པའི་ལམ་སྲོལ་འདི་ལ་མི་འཇུག་པའི་ཐབས་མེད་པས་བྱང་ཆུབ་ལམ་གྱི་རིམ་པའམ་སྐྱེས་བུ་གསུམ་གྱི་ལམ་རིམ་ཞེས་གྲགས་པ་འདིའི་བརྗོད་བྱ་ནི། གཞུང་ལས། ཆུང་ངུ་འབྲིང་དང་མཆོག་གྱུར་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་ཏེ། སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་ནུས་ལྡན་ལ་འཇུག་པས་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་ནུས་པ་ཞིག་ལ་སྐབས་འདིར་བསྟན་གྱི་སྐྱེས་བུ་ཞེས་བྱ། འདི་ལ་ཐོག་མར་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་དང་། དལ་འབྱོར་རྙེད་དཀའི་ཚུལ་རྣམས་གསུམ་ཀའི་ལམ་གྱི་གཞི་རྟེན་ཡིན་པས་སྔོན་ཏུ་བཏང་། དེ་ནས་འཕགས་པ་ཀླུས། དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པར་འོང་། །ཞེས་གསུངས་པ་ལྟར། ཐོག་མར་ཚེ་འདི་ལ་ཞེན་པ་ལོག་ནས་ཕྱི་མ་རང་ཉིད་ཁོ་ན་སྲིད་པ་དེའི་ཆེད་དུ་ལས་འབྲས་ཀྱི་བླང་དོར་སྒྲུབ་ནུས་པ་ནི་སྐྱེས་བུ་ཆུང་ངུ་སྟེ། འདིའི་ལམ་གྱི་དངོས་གཞིར་མི་རྟག་པ། ངན་སོང་གི་ཉེས་
༤༢༦ དམིགས། སྐྱབས་འགྲོ། ལས་འབྲས་བཅས་དམིགས་སྐོར་བཞི་འབྱུང་། འཁོར་བ་མཐའ་དག་ལ་ཞེན་པ་ལོག་ནས་དེ་ལས་ཐར་བའི་ཆེད་དུ་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་ཏུ་བསྒྲུབ་ནུས་པ་ནི་སྐྱེས་བུ་འབྲིང་པོ་སྟེ། འདི་ལ་ཐེག་པའི་སྒོ་ནས་ཉན་རང་གཉིས། །བསྒོམ་བྱའི་སྒོ་ནས་བདེན་པ་བཞི་དང་རྟེན་འབྲེལ། གང་ཟག་གི་བདག་མེད་རགས་པ་དང་ཕྲ་བ་གཉིས་སོགས་འབྱུང་། སྲིད་ཞིའི་མཐའ་གཉིས་ཀ་ལ་སྐྱོན་དུ་མཐོང་ནས་འགྲོ་ཀུན་སངས་རྒྱས་ཀྱི་ས་ལ་འགོད་པའི་ཁུར་ཁྱེར་ནུས་པ་ནི་སྐྱེས་བུ་ཆེན་པོ་སྟེ། འདི་ལ་ལྟ་བའི་སྒོ་ནས་དབུ་སེམས་དང་། ཐེག་པའི་སྒོ་ནས་མདོ་སྔགས་གཉིས་སུ་དབྱེ་བ་ཡོད་ལ། ལམ་གྱི་ཁྱད་པར་སེམས་བསྐྱེད་སྔོན་ཏུ་འགྲོ་བས་རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་དང་བྱེ་བྲག་ལ་བསླབ་པའི་ཚུལ་འབྲས་བུ་དང་བཅས་པ་བསྟན་ཏོ། །སྤྱིར་སྐྱེས་བུ་གསུམ་གྱི་ཐ་སྙད་ནི་གཏན་ལ་དབབ་པ་བསྡུ་བ་དང་མཛོད་འགྲེལ་སོགས་འགའ་ཞིག་ཏུ་འབྱུང་ཞིང་། ཉམས་ལེན་གྱི་རིམ་པ་རྣམས་རྒྱན་གཉིས་དང་ས་སྡེ་སོགས་ལས་བཤད་པའི་དོན་བསྡུས་པ་སྟེ། རྒྱལ་བས་ལེགས་པར་གསུངས་པའི་བཀའ་ཇི་སྙེད་པ་ཐམས་ཅད་རིམ་པ་གསུམ་གྱི་ལམ་འདིར་འདུ་བ་ཡིན་ནོ། །སྤྱོད་འཇུག་དང་བསླབ་བཏུས་ལ་སོགས་པའི་ཉམས་ལེན་གྱི་བཅུད་ཇོ་བོའ་བླ་མ་རྣམ་གསུམ་གྱི་རྒྱ་གཞུང་གཙོས་བདག་གཞན་བརྗེ་བའི་གདམས་ངག་བློ་སྦྱོང་གི་རིགས་རྣམས་ནི་ལམ་རིམ་གསུམ་གྱི་མཐར་ཐུག་སྐྱེས་བུ་ཆེན་པོའ་ལམ་གྱི་རྩ་བའི་བསྒོམ་བྱ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བྱམས་པ་དང་སྙིང་རྗེའི་ཏིང་ངེ་འཛིན་གྱི་བོགས་འདོན་ཁྱད་པར་དུ་གྱུར་པའོ། །གསུམ་པ་ལམ་འབྲས་ནི། དགྱེས་པ་རྡོ་རྗེའི་རྒྱུད་གསུམ་གྱི་རྫོགས་པའི་རིམ་པ་རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པས་ཐུགས་ཉམས་སུ་བཞེས་ཤིང་མན་ངག་གི་གཞུང་དུ་བསྡེབས་པ་སྙན་བརྒྱུད་ཚད་མ་བཞི་དང་ལྡན་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པར་གྲགས་པ་སྟེ། འདི་ལ་ཚད་མ་གསུམ་དང་སྙན་བརྒྱུད་བཞིའི་སྒོ་ནས་སློབ་མ་དཀྲི་བའི་ཚུལ་རྣམ་པ་བཞིར་བཞུགས་པ་ལས། གཞུང་ཤིང་རྒྱས་པ་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་དབང་དུ་བྱས་ན།
༤༢༧ རྗེ་ས་སྐྱ་པ་ཆེན་པོས། སྣང་བ་གསུམ་གྱིས་ལམ་གྱི་གཞི་བཅས་ཏེ། །ཉམས་ལེན་མ་ལུས་རྒྱུད་གསུམ་དག་གིས་ཤེས། །ཞེས་གསུངས་པ་ལྟར། ལམ་གྱི་གཞི་བཅའ་བ་ཕར་ཕྱིན་ཐེག་པ་དང་ཐུན་མོང་བ་སྣང་བ་གསུམ་ལས། མ་དག་པའི་སྣང་བ་འཁོར་བའི་ཉེས་དམིགས། དལ་འབྱོར་རྙེད་དཀའ། ལས་རྒྱུ་འབྲས་ལ་ཡིད་ཆེས་སྒོམ་པས་ཉན་ཐོས་ཀྱི་ལམ་རྫོགས། ཉམས་ཀྱི་སྣང་བ་ལ་ཐུན་མོང་གི་རྣལ་འབྱོར་པས་བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས་རྣམས་སྒོམ་པས་ཐེག་ཆེན་ཐུན་མོང་བའི་ལམ་རྫོགས། ཐུན་མིན་རྣལ་འབྱོར་པས་རྡོ་རྗེ་ཐེག་པའི་ལམ་བསྒོམས་པས་ཉམས་སྣང་བསམ་གྱིས་མི་ཁྱབ་པ་སྐྱེ་བ་ཐམས་ཅད་བཅོ་ལྔར་འདུས་པར་ཤེས་པས་སྤྲོས་པ་བཅད་ནས་ནམ་ཞིག་དེ་དག་སྐྱེས་པའི་ཚེ་ངོ་ཤེས་པས་བྱུང་རྒྱལ་དུ་བསྐྱང་། དག་པའི་སྣང་བ་འབྲས་དུས་ཀྱི་མི་ཟད་པ་རྒྱན་གྱི་འཁོར་ལོ་སོགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་དྲན་པར་བྱས་ལ་རང་གིས་ཀྱང་འདི་ལྟ་བུ་འཐོབ་པར་འགྱུར་བ་ཡིན་སྙམ་དུ་སྤྲོ་བ་བསྐྱེད་ལ་བསྒོམ་པ་རྣམས་ཀྱིས་རྒྱུད་སྦྱང་། སྔགས་ལམ་ཐུན་མོང་མ་ཡིན་པའི་ཐོག་མར་རྒྱུ་དུས་དབང་བསྐུར་ནས་གཞིའི་དམ་ཚིག་ལ་གནས་པར་བྱས་ཏེ། ལམ་དངོས་ལ་རྒྱུད་གསུམ་ལས། ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་གསལ་སྟོང་ཟུང་འཇུག་ཏུ་ངོ་སྤྲད་ཅིང་བསྒོམ་པ་དང་། ལམ་ཐབས་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་བཞི་འབྱུང་བ་ལས། བུམ་དབང་གི་ལམ་ཕྱི་དང་ནང་གི་བསྐྱེད་རིམ་དང་། ལམ་དུས་ཀྱི་དབང་བསྐུར་ནས་དེའི་དོན་ལམ་ཟབ་ཉིན་ཞག་རེ་ལ་ཐུན་བཞིར་སྒོམ་པ་དང་། གསང་དབང་གི་ལམ་རླུང་དང་གཏུམ་མོ། །ཤེར་དབང་གི་ལམ་གཞན་ལུས་ཕོ་ཉ། དབང་བཞི་པའི་ལམ་རྡོ་རྗེའི་རྦ་རླབས་ཏེ་རྫོགས་རིམ་གྱི་ལམ་གསུམ་བསྒོམ་པས་དཔེ་དང་དོན་གྱི་ཡེ་ཤེས་འདྲེན་པ་སྟེ། དེ་ལྟར་ལམ་བཞི་བསྒོམས་པས་འཇིག་རྟེན་ལམ་དུ་ངོ་བོ་ཉིད་གསུམ་སོགས་ཀྱི་ལྟ་བ་བཞི་འཆར་ཞིང་། འདས་པའི་ལམ་དུ་གྲུབ་མཐའ་བཞི་སྙོགས་ནས་འབྲས་བུའི་རྒྱུད་སྐུ་ལྔ་མངོན་ཏུ་འགྱུར་བའོ། །མདོར་ན་
༤༢༨ སྣང་བ་གསུམ་གྱིས་ལམ་གྱི་གཞི་བཅའ། རྒྱུད་གསུམ་གྱིས་དངོས་གཞིའི་ཉམས་ལེན་བྱས། ཚད་མ་བཞི་དང་སྙན་བརྒྱུད་བཞིས་སྒྲོ་འདོགས་བསལ། རྟེན་འབྲེལ་ལྔས་ལམ་གྱིས་མཚམས་བཅད་ནས་ཉམས་སུ་ལེན་པའི་ཚེ། ཁམས་འདུས་པ་གསུམ་གྱི་སྐབས་ཤེས་པས་ཕན་འདོགས་པའི་མན་ངག་བདུན་དང་། གེགས་སེལ་བའི་ཐབས་རྣམས་ལ་མཁས་པར་བྱས་ནས་ཉམས་སུ་བླངས་པས་གྲུབ་མཐའ་སྙོགས་པ་ནི་ལམ་རྒྱས་པའི་ཁྲིད་ཚུལ་ཡིན་ལ། ལམ་འབྲིང་པོའ་ཁྲིད་ཚུལ་ས་བཅད་ལྔ་དང་། ལམ་བསྡུས་པ་རྣམ་གྲངས་བཞིས་བསྡུས་པ་སྟེ། དེ་དག་གང་ཡང་ལམ་གྱི་དུས་ནས་འབྲས་བུ་ཐོབ་རུང་དུ་གནས་པས་གཞི་ལམ་འབྲས་གསུམ་དབྱེར་མེད་པའི་དོན་སྟོན་པས་ལམ་འབྲས་སུ་གྲགས་པའོ། །བཞི་པ་བཀའ་བརྒྱུད་པ་ནི། རྗེ་བཙུན་ནཱ་རོ་དང་མཻ་ཏྲི་པའི་བཀའ་སྲོལ་མངའ་བདག་མར་པ་ལོ་ཙཱའི་བཀའ་བརྒྱུད་འཛིན་པའི་གྲུབ་ཆེན་ཤིང་རྟའི་སྲོལ་འབྱེད་རྣམས་ལ་རྣལ་འབྱོར་བླ་མེད་དང་གཙོ་བོར་འབྲེལ་པའི་གདམས་ངག་རྒྱ་མཚོ་ལྟ་བུ་བཞུགས་པ་མཐའ་དག་བརྗོད་པས་མི་དཔོག་ཀྱང་། བསྒོམ་དོན་གཙོ་བོར་བསྡུ་ན། ཐབས་ལམ་ནཱ་རོ་ཆོས་དྲུག་དང་། གྲོལ་ལམ་ཕྱག་རྒྱ་ཆེན་པོ་གཉིས་སུ་འདུ། གཉིས་ཀའང་རྡོ་རྗེའི་ཆིངས་ཆེན་པོ་གསུམ་གྱིས་བསྡུས་པ་སྟེ། རིམ་ལྔ་བསྡུས་གསལ་དང་ཀ་དཔེ་ཕྱི་མ་ལས། དངོས་པོའ་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པ་ལྟར། གཞི་དངོས་པོའ་གནས་ལུགས། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་ཏུ་བྱེད་པའི་ཚུལ་རྣམས་སུ་ཡོད་པ་ལས། གནས་ལུགས་ལའང་གཞི་དངོས་པོའ་གནས་ལུགས་དང་། སེམས་དངོས་པོའ་གནས་ལུགས་གཉིས། དེ་རེ་རེ་ལའང་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་གསུམ་རེ་ཡོད་པ་སྦྱང་གཞིར་བྱས། ལམ་ལ་སྨིན་གྲོལ་གཉིས་ལས་དབང་བསྐུར་བ་ནུས་ཡུལ་དང་མཐུན་པའི་རབ་འབྲིང་ཐ་མ་གང་རུང་གིས་རྒྱུད་སྨིན་པ་སྔོན་ཏུ་སོང་ནས། གྲོལ་བྱེད་བསྐྱེད་རྫོགས་གཉིས་ལ་ལས་དང་པོ་པས་རེས་འཇོག་དང་།
༤༢༩ གོམས་ནས་གཅིག་ཆར་དུ་ཉམས་སུ་ལེན། རྫོགས་རིམ་ལའང་ཐབས་ལམ་དང་གྲོལ་ལམ་གཉིས་སྦྱང་གཞི་དང་མཐུན་པའི་སྦྱོང་བྱེད་ཉམས་སུ་བླངས་པས། འབྲས་བུ་རྟགས་བཅུ། ཡོན་ཏན་བརྒྱད། ཕྲིན་ལས་བཞི་སོགས་ཐུན་མོངས་དང་ཡན་ལག་བདུན། དབང་ཕྱུག་བརྒྱད། སྐུ་བཞི་ཡེ་ཤེས་ལྔ་ལྡན་མཆོག་གི་དངོས་གྲུབ་རྣམས་སྐལ་བ་དང་བརྩོན་འགྲུས་ཀྱི་ཁྱད་པར་ལས་ཚེ་འདིའམ་བར་དོ་ལ་མངོན་ཏུ་འཐོབ་པར་འགྱུར་རོ། །དེ་ལ་ཐབས་ལམ་ཆོས་དྲུག་ནི། ཐབས་བདེ་བ་སོགས་ལ་བརྟེན་ནས་ཐབས་བྱུང་ཕྱག་རྒྱ་ཆེན་པོའ་ཡེ་ཤེས་མངོན་ཏུ་བྱེད་པའི་མྱུར་ལམ་ཟབ་མོ་དང་དབང་རྣོན་བརྩོན་འགྲུས་དང་ལྡན་པའི་ཉམས་ལེན། དཔལ་ནཱ་རོ་ཏ་པའི་བཀའ་སྲོལ་ལས་བྱོན་པ་སྟེ། བརྟེན་གཞིའི་གཙོ་བོ་བདེ་དགྱེས། མཱ་ཡ། གདན་བཞི། གསང་འདུས་ཀྱི་ཁྱད་པར་རྒྱུད་སྡེ་ལྔ། སྤྱི་ཁྱབ་དུས་ཀྱི་འཁོར་ལོ་རྣམས་ཀྱི་དགོངས་པའི་གནད་བསྡུས་པ་ཡིན་པས་རྒྱུད་དང་འབྲེལ་བའི་ཐབས་ལམ་ཞེས་གྲགས། དེའང་བཀའ་ཡང་དག་པའི་ཚད་མ་ལས། གཏུམ་མོ་ལས་ཀྱི་ཕྱག་རྒྱ་དང་། །སྒྱུ་མ་རྨི་ལམ་འོད་གསལ་དང་། །བར་དོ་འཕོ་བ་གྲོང་འཇུག་གོ །ཞེས་པ་ལྟར་གཏུམ་མོ་ལམ་གྱི་རྩ་བ། ལས་རྒྱ་ལམ་གྱི་བོགས་འདོན། སྒྱུ་ལུས་ལམ་གྱི་སྲོག་ཤིང་། རྨི་ལམ་ལམ་གྱི་དྲོད་ཚད། འོད་གསལ་ལམ་གྱི་སྙིང་པོ། བར་དོ་ལམ་གྱི་བློ་ཆོད། འཕོ་བ་ལམ་གྱི་སུན་མ། གྲོང་འཇུག་ལམ་གྱི་ཆད་མཐུད་དུ་གྲགས་པ་རྣམས་ལས། གཏུམ་མོ་སྒྱུ་ལུས་རྨི་ལམ་འོད་གསལ་རྣམས་ལ་རྩ་བའི་ཆོས་བཞིར་གྲགས་ཤིང་ཚེ་གཅིག་གིས་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པའི་ཟབ་ལམ་ཡིན་ལ། དེ་དག་གིས་ཚེ་འདིར་འབྲས་བུ་མངོན་ཏུ་བྱེད་མི་ནུས་པའི་སྐལ་པ་དམན་པ་རྣམས་ལ་བར་དོ་དང་འཕོ་བའི་གདམས་ངག་བསྟན་པས་ཆོས་དྲུག་ཡིན་ལ། ལས་རྒྱ་དང་གྲོང་འཇུག་ཐོགས་འབྱིན་དང་ཆད་མཐུད་ཀྱི་ཡན་ལག་ཡིན་པས་ཟུར་དུ་མི་བགྲང་ངོ་། །འདི་ནི་རྗེ་སྒམ་པོ་པའི་བཞེད་པ་དྭགས་པོ་བཀའ་བརྒྱུད་པ་རྣམས་མགྲིན་གཅིག་ཏུ་བཞེད་པ་ཡིན་ལ། རྗེ་མར་པས་
༤༣༠ འཚང་རྒྱ་བའི་ཆོས་ཟུར་བཞིར་སྡུད་པ་དང་། རྔོག་པ་ཡབ་སྲས་ཆོས་དྲུག་གི་སྙིང་པོ་བསྲེ་བ་དང་འཕོ་བ་གཉིས་སུ་མཛད་པ་དང་། རྗེ་བཙུན་མི་ལས་བར་དོ་བརྒྱད་ཀྱི་ངོ་སྤྲོད་དུ་གསུངས་པ་དང་། ཏེ་པུ་པས་ཟུང་བཞི་ཡ་བརྒྱད་དུ་བཞེད་པ་དང་། རས་ཆུང་པས་བསྲེ་བ་སྐོར་གསུམ་མམ་བསྲེ་འཕོ་དགུ་སྐོར་དུ་བཞེད་པ་སོགས་དབྱེ་བསྡུ་མང་ཡང་དོན་སྔར་བཤད་པ་ཉིད་ལ་འདུའོ། །གྲོལ་ལམ་ཕྱག་རྒྱ་ཆེན་པོ་ལ་བརྒྱུད་པ་རིན་པོ་ཆེ་འདི་པའི་ལུགས་ཀྱིས་མདོ་ལུགས་དང་མཐུན་པའི་སྤྲོས་བྲལ་འོད་གསལ་གྱི་ཡུལ་ལ། ཡུལ་ཅན་ཡིད་ལ་མི་བྱེད་པའི་གདམས་པས་མཉམ་པར་འཇོག་པ་དང་། སྔགས་ལུགས་བདེ་སྟོང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དབང་ལས་སྐྱེས་པའི་ཡེ་ཤེས་དང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་ཁྱད་པར་དུ་བྱས་པ་གཉིས་སུ་བཞེད་པའི་ཕྱི་མ་ནི་གོང་དུ་སྨོས་པ་ལྟར་ལ། སྔ་མ་མངའ་བདག་མཻ་ཏྲི་པའི་བཀའ་སྲོལ་ལས་གཙོ་བོར་བྱོན་པ་སྟེ། དེའང་ངོ་བོ་ནི། འཁོར་འདས་ཀུན་ལ་ཁྱབ་པ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཁྱད་པར་བདུན་དང་ལྡན་པའོ། །ངེས་ཚིག་མ་ཧཱ་མུ་དྲ་ཞེས་པའི་སྒྲ་ལས་དྲངས་ན། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་འདི་ལས་མི་འདའ་བས་ཕྱག་རྒྱ། དེ་ལས་གོང་དུ་ཆོས་གཞན་མེད་པས་ན་ཆེན་པོ་སྟེ་གཞི་མཐུན་པའི་བསྡུ་བའོ། །དབྱེ་ན། གཞི་ལམ་འབྲས་བུའི་ཕྱག་རྒྱ་ཆེན་པོ་གསུམ་ལས། དང་པོ་ནི། གནས་ལུགས་ཀྱི་དོན་དེ་ཉིད་རྟོགས་མ་རྟོགས་ཀྱི་དབང་ལས་གྲོལ་འཁྲུལ་གཉིས་སུ་བྱུང་བས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ལས་མི་འདའ་བས་ཕྱག་རྒྱ། དེ་ཉིད་ལས་གཞན་པའི་ཆོས་ཀྱི་སྐུ་ཞེས་པ་བཙལ་དུ་མེད་པས་ཆེན་པོའོ། །གཉིས་པ་ནི། བླ་མའི་མན་ངག་གིས་ངོ་སྤྲད་ནས་ཉམས་སུ་ལེན་པའི་ཚེ་ནའང་། ཤེས་དང་ཤེས་བྱ་ཐམས་ཅད་དེའི་གདངས་ལས་མི་འདའ་བས་ཕྱག་རྒྱ། དེ་ལས་གཞན་པའི་སངས་རྒྱས་ཀྱི་ཡེ་ཤེས་བཙལ་དུ་མེད་པས་ཆེན་པོའོ། །གསུམ་པ་ནི། ལམ་གྱིས་གློ་བུར་བའི་དྲི་མ་སྦྱངས་པས་གཞིའི་བཞུགས་ཚུལ་མངོན་ཏུ་གྱུར་པའི་ཚེ། སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་ཐམས་ཅད་དེའི་ངོ་བོ་ལས་མི་འདའ་བས་
༤༣༡ ཕྱག་རྒྱ། མཐར་ཐུག་པའི་གོ་འཕང་ཡིན་པས་ཆེན་པོའོ། །ལྷན་ཅིག་སྐྱེས་པ་ལའང་རང་བཞིན་ལྷན་སྐྱེས་དང་ཞུ་བདེ་ལྷན་སྐྱེས་གཉིས་སུ་ཡོད་པ་ལས། འདིར་དཔྱད་མཐར་མ་རྙེད་པའི་རྗེས་དཔག་གི་རྟོག་སྒོམ་ཙམ་མ་ཡིན་པར་སྣང་རིག་མ་འགགས་པ་ལ་དེར་འཛིན་གྱི་རྟོག་པ་མེད་པ་མངོན་སུམ་རྟོག་བྲལ་ལམ་དུ་བྱས་པས་དོན་གྱི་ལྷན་སྐྱེས་ལ་སྦྱོར་བར་བྱེད་པས་དེ་སྐད་དུ་གྲགས་པ་སྟེ། རྗེ་སྒམ་པོ་པས། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། དང་པོར་ལྷན་ཅིག་སྐྱེས་པ་སྟེ། །གདམས་པས་གཅིག་ཏུ་སྦྱོར་བའི་ཕྱིར། །ལྷན་ཅིག་སྐྱེས་སྦྱོར་མི་ཟེར་རམ། །ཞེས་སོ། །དེ་ལྟ་བུའི་ལམ་ཉམས་སུ་ལེན་པ་ལ། ཏེ་ལོ་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་ཚིག་ལས་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏེ་ལོ་ང་ཡིས་ཅི་ཡང་བསྟན་ཏུ་མེད། །རང་གིས་རང་ལ་མཚོན་ཏེ་ཤེས་པར་བྱོས། །ཞེས་གསུངས་པ་ལྟར་གཞི་ལྟ་བའི་གནས་ལུགས་རང་ངོ་ཤེས་ནས། ཏེ་ལོའ་ཆོས་དྲུག་ཏུ་གྲགས་པ། མི་མནོ་མི་བསམ་མི་དཔྱད་ཅིང་། །མི་བསྒོམ་མི་སེམས་རང་བབ་བཞག །ཅེས་པའི་ཚུལ་གྱིས་ལམ་སྒོམ་པས་ཉམས་སུ་ལེན་པ་ནི་མཻ་ཏྲི་བའི་ཡིད་ལ་མི་བྱེད་པའི་ཆོས་སྐོར་རྣམས་དང་དོན་གཅིག་ཏུ་འབབས་པ་ཡིན་ལ། རྗེ་སྒམ་པོ་པས་དེའི་སྟེང་དུ་ཇོ་བོ་རྗེས་མཛད་པའི་ཕྱག་ཆེན་གོ་ཆ་གཉིས་པ་དང་། བཀའ་གདམས་ལུགས་ཀྱི་ཁྲིད་ཚུལ་ལ་བརྟེན་ཏེ་སྒོམ་མ་སྐྱེས་པ་སྐྱེས་པར་བྱེད་པ་སྔོན་འགྲོ་བཞི་སྦྱོར། །སྐྱེས་པ་ལམ་དུ་བྱེད་པ་ངོ་སྤྲོད་རྣམ་གསུམ། དེ་ལ་བོགས་དབྱུང་ཞིང་ཡོན་ཏན་སྐྱེད་པའི་ཚུལ་རྣམས་ཀྱིས་དབང་པོ་མཆོག་དམན་ལ་མ་བརྟགས་པར་ཁྲིད་འབྱམས་ཡུག་ཏུ་བསྐྱངས་པས་རྒྱུད་འབྱངས་པ་ན་དབང་པོ་དམན་པ་རྣམས་ཀྱང་རབ་ཏུ་འཕོས་ནས་རང་གྲོལ་དུ་འགྱུར་བའི་ཐབས་ལ་མཁས་པའི་གདམས་པ་བླ་ན་མེད་པ་ཡིན་ལ། དེའི་རྗེས་འབྲང་དཔལ་ལྡན་ཕག་མོ་གྲུ་པ་དང་། འབྲི་གུང་འཇིག་རྟེན་གསུམ་མགོན་ཡབ་སྲས་ཀྱིས་ལྔ་ལྡན་གྱི་གདམས་པ་རྩལ་དུ་བཏོན། དཔལ་ཀརྨ་པས་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་དང་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པས་
༤༣༢ སྨིན་གྲོལ་མཛད། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ལས་སྟོད་འབྲུག་པས་ཁྲིད་ཆེན་བརྒྱད། སྨད་འབྲུག་པས་ཐུབ་པ་ལྔ་ལྡན། རྩ་བའི་བཀའ་བརྒྱུད་པས་སྐོར་དྲུག་གི་ལམ་གྱིས་ཁྲིད་པས་མཚོན། ཆེ་བཞི་ཆུང་བརྒྱད་དང་དེ་ལས་གྱེས་པ་སོ་སོའ་བཀའ་སྲོལ་མཐའ་ཡས་པ་རེ་རེས་ཀྱང་གདུལ་བྱ་དུ་མ་གྲུབ་པའི་གོ་འཕང་ལ་བཀོད་པའི་ཚུལ་རྒྱ་ཆེར་སྣང་བས་ཡིད་ཆེས་པ་ཤ་སྟག་གོ །ལྔ་པ་ཤངས་པ་བཀའ་བརྒྱུད་ནི། སྤྱིར་མཐར་ཐུག་ལྔ་ལྡན་མཁས་གྲུབ་ཁྱུང་པོས་འཕགས་ཡུལ་གྱི་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་རྫོགས་པར་བཞེས་པས་ཆོས་ཀྱི་སྒོ་མཐའ་ཡས་ཤིང་འགྲན་ཟླ་དང་བྲལ་བར་གྲགས་པས་ཕྱོགས་གཅིག་ཏུ་ཚད་བཟུང་གི་ངེས་པ་བྲལ་ཡང་། རིགས་བསྡུ་ན་བཤད་རྩོད་སྒྲུབ་པའི་ལམ་རིམ་སྟེ་བཀའ་སྲོལ་གསུམ་དུ་བྱོན་པའི་ཕྱི་མ་ལའང་། ནི་གུ་མའི་ཆོས་སྐོར། སུ་ཁ་སིདྡྷིའི་ཆོས་སྐོར། རྡོ་རྗེ་གདན་པའི་ཆོས་སྐོར། མཻ་ཏྲི་པའི་ཆོས་སྐོར། རཱ་ཧུ་ལའི་ཆོས་སྐོར་ཏེ་རྣམ་གྲངས་ལྔར་བཞུགས་པའི་གཙོ་བོ་ཡེ་ཤེས་ཌཱ་ཀི་ནི་གུཔྟའི་ཆོས་སྐོར་ལའང་ཤངས་པ་བཀའ་བརྒྱུད་པ་རྣམས་ཀྱིས་རྒྱས་པ་རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ། བསྡུས་པ་ལུས་གསུམ་གྱི་གདམས་པ། ཤིན་ཏུ་བསྡུས་པ་སེམས་འཆི་མེད་རང་གྲོལ་ཁོ་ནར་བསྡུ་བ་སོགས་ཡོད་ཀྱང་། གཅིག་བརྒྱུད་རྡོ་རྗེའི་རྒྱ་ལྡན་གྱི་བཀའ་སྲོལ་ཡོངས་གྲགས་སུ་ཤངས་པའི་གསེར་ཆོས་རྣམ་ལྔ་ཞེས། རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད་བཅས་རྡོ་རྗེ་འཆང་དང་ཡེ་ཤེས་མཁའ་འགྲོའི་རྡོ་རྗེའི་ཚིག་རྐང་ལ་གདམས་ངག་དམིགས་པའི་ཐེམས་ཡིག་ཏུ་བཏབ་པས་དམིགས་རྐང་དང་གསོལ་འདེབས་ཙམ་ཡང་གང་ཟག་གི་བློས་བཅོས་བསྒྱུར་བསྲེ་བསླད་བྱར་མེད་པ་གསེར་ཞུན་མ་ལྟ་བུའི་ཐོག་མ་ཆོས་དྲུག་ནི། རྡོ་རྗེའི་ཚིག་རྐང་ལས། དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་།།།་་།།།་་།།།་་།།།་་།།།་་།།།་་།།།་་།།།་་།།།་་
༤༣༣ གང་གིས་འབད་གྱུར་ན། །ཟླ་དྲུག་ལོའམ་ཚེ་འདིར་འཚང་རྒྱ་འགྱུར། །ཅེས་གསུངས་པ་ལྟར་རྒྱུད་ཆེན་རིན་ཆེན་རྒྱ་མཚོ་ལས་གསུངས་པའི་རྒྱུད་སྡེ་ལྔའམ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་སོ་སོའ་བྱིན་རླབས་ཀྱི་བཀའ་ནོས་པས་སྨིན་ཅིང་ཐུན་མོང་གི་སྔོན་འགྲོ་ལེགས་པར་འབྱངས་པའི་གང་ཟག་གིས་ཉམས་སུ་བླང་བྱའི་དང་པོ། དག་བྱེད་ཨའི་སྟོང་རས་རྒྱུད་སྦྱང་། དེ་ནས་ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིད་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས་བཞི་པོ་རྩ་བར་བྱས་ནས་གནས་སྐབས་བཞིའི་འཁྲུལ་པའི་དྲི་མ་བསལ། འཕོ་བ་མ་བསྒོམས་འཚང་རྒྱ། བར་དོ་རྒྱལ་བ་ལོངས་སྐུ་གཉིས་བརྩོན་འགྲུས་དང་དབང་པོ་དམན་པའི་སྒོམ་རིམ་གྱི་ཆ་ལག་ཏུ་བཏང་བས་མཆོག་འབྲིང་དམན་པའི་རིམ་པས་བར་དོ་གསུམ་ལ་རྣམ་པར་གྲོལ་བར་འགྱུར་རོ། །ཕྱག་ཆེན་ནི། ཡིད་ལ་མི་བྱེད་པ་སྙིང་པོ་དོན་གྱི་གདམས་པའི་རྡོ་རྗེའི་ཚིག་རྐང་རྣམས་མཁས་གྲུབ་ཁྱུང་པོས་ཤིན་ཏུ་ཐུགས་བརྩིགས་ཆེ་བས་ཤོག་དྲིལ་བལ་པོའ་གྭའུ་སྙིང་འདྲ་བ་ཞིག་གི་ནང་དུ་བཅུག་ནས་མགུལ་བར་འཆང་བས་ཕྱག་ཆེན་གྭའུ་མར་གྲགས་པ་ནི། སྔོན་འགྲོ་རང་བབས་གསུམ་གྱིས་ཞི་གནས་དང་ལྷག་མཐོང་བསྐྱེད། དངོས་གཞི་རྡོ་རྗེའི་ཡེ་ཤེས་འབེབས་པས་རྐུ་ཐབས་སུ་ངོ་སྤྲད་ཅིང་སྐྱོན་བཞི་རང་སར་གྲོལ་བའི་སྒོ་ནས་སེམས་ཉིད་ཀྱི་གདར་ཤ་བཅད། རྗེས་སྐུ་གསུམ་རང་ཤར་གྱི་ངང་བསྐྱང་ཞིང་ཐུན་མོང་མ་ཡིན་པའི་བོགས་འདོན་དང་གེགས་སེལ་བརྟེན་པས་མདོ་རྒྱུད་ཐམས་ཅད་ཀྱི་བསྟན་བྱའི་སྙིང་པོ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། ཕྱག་རྒྱ་ཆེན་པོ་སྐུ་བཞི་རང་གྲོལ་མངོན་ཏུ་འགྱུར་བ་དང་། སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་བླ་མ་ཡི་དམ་སྒྱུ་མ་གསུམ་གྱི་རང་བཞིན་གནད་དང་ལྡན་པས་ལམ་དུ་ཁྱེར་བས་ལོ་ཟླ་ཙམ་གྱིས་གསལ་སྟོང་བདེ་ཆེན་སྐུ་གསུམ་རང་ཤར་དུ་འབྱུང་བ་དང་། བཅོམ་ལྡན་འདས་མ་རྡོ་རྗེ་བཙུན་མོ་ཉི་ཟླའི་མདངས་འཛིན་ཁྱད་འཕགས་གསོལ་འདེབས་
༤༣༤ དང་དམིགས་པའི་གནད་ཀྱིས་བསྐུལ་ཞིང་འཁོར་ལོའ་གནས་བཞིར་ཆགས་གྲོལ་སོ་སོ་ལ་བརྟེན་པའི་བདེ་སྟོང་གི་ཙཎྜ་ལཱི་སྦར་བས་རྟེན་དེ་ཉིད་ཀྱིས་ཟུང་འཇུག་ཆེན་པོའ་མཁའ་ལ་སྤྱོད་པར་འགྱུར་བ་དང་། འཆི་མེད་གྲུབ་པའི་འཁྲུལ་འཁོར་སུམ་བཅུ་རྩ་གཉིས་ཀྱིས་ལུས་ཐར་པའི་ལམ་དུ་གཟུང་། རང་སེམས་གདོད་མ་ནས་མ་སྐྱེས་པས་འཆི་མེད་རང་གྲོལ་ཆེན་པོར་གྲུབ། རྣམ་སྨིན་ཕུང་པོ་བེམ་པོའ་ཚོགས་པ་སྐྱེ་འཆིའི་གདགས་གཞིས་སྟོང་། དོན་ཏུ་ལུས་ཀྱང་སེམས་སྣང་ཙམ་ལས་བྱུང་ཞིང་སེམས་སྐྱེ་འཆི་མེད་པར་རྟོགས་པའི་གདིང་ཐོབ་པ་ན་ལུས་སྣང་ལྷ་སྐུ་ཕྱག་རྒྱ་ཆེན་པོ་འཁྲུལ་སྣང་གིས་འཆུགས་པ་མེད་པའི་དབྱིངས་སུ་བསྡམས་པ་སྟེ། གདམས་ངག་སྣ་རེས་ཀྱང་ཚེ་འདི་ལ་ཟུང་འཇུག་གི་སྐུ་བརྙེས་ཤིང་། ཐོས་པ་ཙམ་གྱིས་ཀྱང་བར་དོ་རྒྱལ་བ་ལོངས་སྐུར་འཚང་རྒྱ་བ་སོགས་གསུངས་ཏེ། རྡོ་རྗེའི་ཚིག་རྐང་ལས། ལམ་གྱི་མཆོག་གྱུར་འདི་ཉིད་ཉམས་ལེན་རྣམས། །གཞན་གྱི་དུས་མིན་འདིའམ་བར་མ་དོར། །བདེ་སྟོང་དབྱེར་མེད་སྐུ་གསུམ་རང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཉིད་དུ་འགྲོ། །ཞེས་གསུངས་པ་ལྟར་རོ། །ཡེ་ཤེས་ཀྱི་མཁའ་འགྲོ་སུ་ཁ་སིདྡྷིའི་ཆོས་སྐོར་ལས་ཤིན་ཏུ་ཟབ་པའི་ཐབས་ལམ་ཆོས་དྲུག་དང་ཕྱག་ཆེན་དག་པ་ཡེ་ཤེས་གཉིས་ཙམ་བཞུགས་པར་སྣང་བ་དང་། གྲུབ་ཆེན་རཱ་ཧུ་ལའི་གདམས་ངག་ལྷ་བཞི་དྲིལ་སྒྲུབ། མཻ་ཏྲི་པའི་ཟབ་ཆོས་མྱུར་མཛད་ཡེ་ཤེས་མགོན་པོ་རྣམས་ཀྱང་ཉམས་མྱོང་བྱིན་རླབས་ཀྱི་རྒྱུན་ལྡན་འབའ་ཞིག་ཏུ་སྣང་ངོ་། །དྲུག་པ་ཞི་བྱེད་ནི། དེའང་ཞི་བྱེད་ཅེས་པའི་སྒྲ་དོན། །བོད་དུ་བྱོན་པའི་ཁྲིད་ཚུལ་རྣམས་ཀྱིས་སློབ་མ་མི་དགེ་བའི་ལམ་ལས་བཟློག་ཏུ་བཅུག་ནས་གཟོད་སེམས་རྒྱུད་ཀྱི་ཉོན་མོངས་སྦྱོང་བར་བྱེད་པ་གཙོ་ཆེ་བ་ལས། འདིས་ནི་སྔོན་ལས་ཀྱི་དབང་གིས་ལུས་དམན་པ་དང་། ནད་བུ་ཅན་དུ་གྱུར་པ་སོགས་འཕྲལ་འཕྲལ་དུ་ཞི་བར་བྱས་ནས་རྣལ་འབྱོར་ལ་སྦྱོར་བཟོད་པར་བྱེད་པས་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་སྤྱི་མིང་སྒེར་དུ་ཆགས་པ་སྟེ། ཡུམ་ལས། སྡུག་བསྔལ་ཐམས་ཅད་རབ་
༤༣༥ ཏུ་ཞི་བར་བྱེད་པའི་སྔགས། ཅེས་དང་། རྒྱུད་ཀྱི་རྒྱལ་པོ་ལས། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །ཞེས་སོགས་གསུངས་པ་ལ་བརྟེན་ནས་བཏགས་པར་མཛད་ཅིང་། ངོ་བོ་ཕ་རོལ་ཏུ་ཕྱིན་པ། སྔགས་དང་རྗེས་སུ་མཐུན་པ་ཞེས་མདོ་རྒྱུད་ཐམས་ཅད་ཀྱི་ཟབ་གནད་གཅིག་ཏུ་དྲིལ་བའི་གདམས་པ་ཁྱད་པར་ཅན་ཡིན་ལ། སྤྱིར་གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་སྐྱེ་མེད་ཨཱ་ལི་ཀཱ་ལིའི་སྒྲ་དོན་ལ་མངའ་བརྙེས་ཤིང་། གསང་བ་བསམ་གྱིས་མི་ཁྱབ་པས་གདུལ་བྱའི་ཁམས་དབང་དང་འཚམས་པར་བརྡ་དང་ཚིག་དང་དོན་གྱི་ཆོས་སྒོ་ཚད་མེད་པར་བསྟན་པས་ལུགས་སྲོལ་གཅིག་ཏུ་རྣམ་པར་བཞག་ཏུ་མེད་ཀྱང་། སློབ་མ་རྣམས་རང་ཉིད་ཀྱི་རྣམ་ཐར་དང་མཐུན་པར་རྟེན་སྡོམ་པ་གསུམ་ལྡན། ལམ་དཀའ་ཐུབ་ཀྱི་སྲང་། འབྲས་བུ་གཞན་དོན་སྤྱོད་པ་གསུམ་གྱིས་འཁྲིད་པ་ལ་ཕལ་ཆེར་མཐུན་ཅིང་། ཐོག་མར་ཞི་བྱེད་སྒྲོན་མ་སྐོར་གསུམ་མཛད་དེ་ལྷག་པའི་བསླབ་པ་གསུམ་པོ་དབང་པོ་དམན་འབྲིང་མཆོག་གི་ཉམས་ལེན་ཏུ་བསྡུས་ཏེ་བསྟན། བོད་འདིར་བཀའ་བབས་སྔ་ཕྱི་བར་གསུམ་དུ་གྲགས་པའི་དང་པོ་ཁ་ཆེ་ལུགས་ནི། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་གདམས་པ་ཐམས་ཅད་དཔེ་ལྔས་མཚོན་པའི་གནད་ལྔར་བསྡུས་ནས་གསུངས། བར་པ་ལ་རྨ་སོ་ཀཾ་གསུམ་ལས། རྨ་ལུགས་ནི་དོན་གྱི་བརྒྱུད་པ་ལ་བརྟེན་ནས་ལག་ཁྲིད་བཅུ་དྲུག་གིས་ངོ་སྤྲད་ཅིང་། ཚིག་གི་བརྒྱུད་པ་ལ་བརྟེན་ནས་གནད་ཆེན་བཅུ་དྲུག་གིས་སྒྲོ་འདོགས་བཅད། སོ་ལུགས་ནི། བཞག་ཐབས་གནད་གསུམ་དང་ལྡན་པ་ལ་རབ་འབྲིང་ཐ་མའི་ཚུལ་གྱིས་ངོ་སྤྲད་ནས་ཆིངས་བཅུ་དང་ལྡན་པས་ཉམས་སུ་ལེན། ཀཾ་ལུགས་ལ་ཁྲིད་སྲོལ་རྒྱ་ཆེར་བྱུང་ཡང་ཕྱིས་ནི་ཤེར་ཕྱིན་སྙིང་པོའ་དོན་ཁྲིད་ཙམ་བཞུགས་པར་སྣང་། བཀའ་བབས་ཕྱི་མ་བྱང་ཆུབ་སེམས་དཔའ་ཀུན་དགའི་ལུགས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག །གསང་སྔགས་དང་རྗེས་སུ་མཐུན་པ། རྩ་བརྒྱུད་ལ་བསྐུར་བ་སྙིང་པོ་དོན་གྱི་ངོ་སྤྲོད། ཐབས་རྟེན་འབྲེལ་གྱི་ཆེ་བ་དུ་མས་བརྒྱན་ནས་སངས་རྒྱས་
༤༣༦ ཀྱི་བསྟན་པ་ཐམས་ཅད་གདན་གཅིག་གི་སྟེང་དུ་དུས་གཅིག་ལ་ཉམས་སུ་ལེན་པའི་མན་ངག །དྲི་མེད་ཐིགས་པ་ཕྱག་བཞེས་ཀྱི་སྐོར་ལ། རྟེན་མ་སྨིན་པ་སྨིན་པར་བྱེད་པ་ལུགས་འདིའི་ཐུན་མོང་མ་ཡིན་པའི་ཟབ་མོ་བརྡའི་དབང་བཞི་བསྐུར་བ་སྔོན་ཏུ་སོང་ནས། ཉམས་མྱོང་མ་སྐྱེས་པ་སྐྱེ་བར་བྱེད་པ་དཀར་དམར་ནག་ཁྲིད་ཀྱི་སྲང་ནས་འདོན། རྟོགས་པ་མ་ཤར་བ་ཤར་བར་བྱེད་པ་བླ་མའི་བྱིན་རླབས་ལམ་དུ་བྱེད། སྤྲོས་པ་མ་ཆོད་པ་ཆོད་པར་བྱེད་པ་ཚིག་ཚོགས་ཀྱིས་དོན་བློ་ལ་འཐེམ་པར་བྱེད་པ་རྣམས་ཀྱིས་བསྡུས་པ་ལས། ཁྲིད་ཚུལ་དངོས་གདན་རྫོགས་བདུན་གྱི་མན་ངག་ལྟར་ན། དབང་པོ་རབ་གཟུང་འཛིན་ལས་འདས་པའི་གཉུག་མའི་སེམས་མ་བཅོས་པའི་གནས་ལུགས་མངོན་སུམ་དུ་མཐོང་བས་གཅིག་ཆར་དུ་འཚང་རྒྱ་བར་བྱེད་པ་དཀར་ཁྲིད་རིག་པ་གཅེར་མཐོང་གི་གནད། འབྲིང་སྒོ་གསུམ་ཆ་མཉམ་གྱི་ཐིག་ལེ་སྦྱོང་བ་བླ་མ་སྐུ་བཞིའི་ལམ་རྫོགས་པས་ཐོད་རྒལ་དུ་སྐུ་བཞིར་གྲུབ་པ་དམར་ཁྲིད་མོས་གུས་ཆིག་ཆོད་ཀྱི་གནད། ཐ་མ་རིམ་འཇུག་གི་ལམ་ལྔ་ཐོབ་པས་ནག་ཁྲིད་གདམས་ངག་ཕྲ་གཅོད་ཀྱི་གནད་གསུམ་ལས། ཕྱི་མ་ལ། ཕྱི་མཚན་ཉིད་ཀྱི་གདམས་པ་སྐབས་བརྒྱད་རྩ་བ་གཅིག་ཏུ་བསྡུས་ནས་ལམ་ལྔ་གདན་གཅིག་ཏུ་ཉམས་སུ་བླངས་པ་ལ་བརྟེན་ནས་ཚོགས་ལམ་བློ་སྦྱང་གིས་བསྟོད། མ་རྒྱུད་གཡོ་བ་རླུང་སྦར་འཛིན་གྱི་ལམ་རིམ་ལྔ་གདན་གཅིག་ཏུ་རྫོགས་པ་ལ་བརྟེན་ནས་སྦྱོར་ལམ་དཀའ་ཐུབ་ཀྱི་སྲང་དུ་བཅུག །མ་རྒྱུད་བདེ་བ་ཉམས་ཀྱི་གདམས་ངག་ཕྱག་རྒྱ་བཞི་གདན་རྫོགས་སུ་སྒོམ་པ་ལ་བརྟེན་ནས་མཐོང་ལམ་གྱིས་རྗེས་བཅད། སྙིང་པོ་དོན་གྱི་གདམས་པ་རྣལ་འབྱོར་བཞིའམ་ཏིང་ངེ་འཛིན་བཞི་གདན་རྫོགས་སུ་བསྒོམ་པ་ལ་བརྟེན་ནས་སྒོམ་ལམ་རོ་སྙོམས་ཀྱིས་བོགས་དབྱུང་། རིག་པ་རང་གྲོལ་གྱི་གདམས་པ་སྦྱོར་བ་ཡན་ལག་དྲུག་གདན་རྫོགས་སུ་བསྒོམ་པ་ལ་བརྟེན་ནས་མཐར་ཕྱིན་བྱ་བྲལ་གྱི་ལམ་ཐོབ་པར་བྱེད་པའོ། །ཚུལ་འདི་ནི་སྔོན་ཆད་རྒྱ་བོད་དུ་མ་བྱུང་བ་དམ་པ་སངས་རྒྱས་ཀྱི་ཁྱད་ཆོས། ཕྱི་སྡེ་སྣོད་གསུམ་གྱི་སྙིང་ཕྱུངས་
༤༣༧ ནང་རྒྱུད་སྡེ་བཞིའི་སྲོག་བཅད། གསང་བ་སྙིང་པོ་དོན་གྱི་མིག་འབྱེད། དེ་ཁོ་ན་ཉིད་མཁའ་འགྲོ་མ་རྣམས་ཀྱི་བཀའ་རྒྱ་བཀྲོལ་ནས་སངས་རྒྱས་ཀྱི་བསྟན་པ་མཐའ་དག་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་སྒྲུབ་པའི་སྲང་ཡོད་ཅིང་ཐབས་རྟེན་འབྲེལ་གྱི་ཆེ་བ་དུ་མས་བརྒྱན་པ་སྟེ། ཞིག་པོ་ཉི་སེང་གི་ལམ་རིམ་ལས། སྒྲུབ་བརྒྱུད་སྤྱིའི་ལན་ཚྭ་ལམ་རིམ་ཆེན་མོ་སྒྲུབ་པའི་སྲང་། །མདོ་རྒྱུད་སྤྱིའི་མན་ངག་ཞལ་སྦྱོར་འདི་ནི་ཀུན་ལ་མེད་མོད་ཀྱེ། ཞེས་འབྱུང་ངོ་། །དེའི་ཡན་ལག་དམ་ཆོས་བདུད་ཀྱི་གཅོད་ཡུལ་དུ་གྲགས་པ་ལ། མཐུན་ཕྱོགས་ནས་མཚན་དུ་གསོལ་ན། བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་གསང་སྤྱོད་རིག་སྤྱོད་སོགས་བོགས་འདོན་སྤྱོད་པའི་རྣམ་བཞག་མང་དུ་གསུངས་པ་དང་། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའ་སྤྱད་པ་སྤྱོད་པར་འདོད་པ་དེས་འདི་ལྟར་བསླབ་པར་བྱ་སྟེ། ཞེས་པའི་དོན་ལག་ཏུ་ལེན་པས་སྤྱོད་ཡུལ་ཅེས་བཏགས་པ་དང་། མི་མཐུན་གཉེན་པོའ་ཆ་ནས་མཚན་གསོལ་ན། རྒྱུ་ཕར་ཕྱིན་གྱི་སྐབས་སུ་བདེན་པ་བཞིའི་སྤང་བླང་གི་འཇུག་ལྡོག་ལས་སྡུག་བསྔལ་དང་ཀུན་འབྱུང་བདེན་པ་ལམ་དུ་ཁྱེར་བའི་ཕྱིར་གཉེར་པོ་ཟློག་སྒོམ་དང་རོ་སྙོམས་ཀྱི་གནད་ཟབ་མོ་ཉམས་སུ་ལེན་པས་བདུད་ཀྱི་གཅོད་ཡུལ་ཅེས་བྱ་སྟེ། དེའང་གཅོད་ཅེས་པའི་སྒྲ་དོན་བྲམ་ཟེ་།།།་དེ་བའི་གཞུང་ཆུང་ལས། སེམས་ཀྱི་རྩ་བ་གཅོད་པ་དང་། །ཉོན་མོངས་དུག་ལྔ་རྩད་གཅོད་དང་། །ལྟ་མཐར་སྒོམ་པའི་རྒྱུ་བྱེད་དང་། །སྤྱོད་པ་ཉམ་ང་རེ་དོགས་དང་། །སྙེམས་བྱེད་ཐམས་ཅད་གཅད་པའི་ཕྱིར། །ངེས་པའི་ཚིག་ཏུ་གཅོད་ཅེས་བྱ། །ཞེས་བཤད་པ་ལྟར་དང་། ཡུལ་ཅེས་པའི་དོན་ནི། གཅད་པར་བྱ་རྒྱུའི་ཉོན་མོངས་ནི་ཚུལ་བཞིན་མ་ཡིན་པའི་ཡུལ་ཡིད་ལ་བྱེད་པ་ལས་སྐྱེ་བའི་ཕྱིར། རྣལ་འབྱོར་པས་ཡུལ་ཉེར་བཅུག་ནས་བག་ཆགས་བླངས་ནས་དེ་ཉིད་ཀྱི་ཐོག་ཏུ་གཅོད་པས་སོ། །འདི་ལ་རྒྱ་ཆོས་བོད་ལ་དར་བའི་གཞུང་བཞིའི་ནང་ཚན་ཕ་དམ་པ་སངས་རྒྱས་ནས་བརྒྱུད་པ་ཕོ་གཅོད་
༤༣༨ མོ་གཅོད་གཉིས་ལ་དེང་སང་ཀུན་ལ་ཁྱབ་པ་ནི་ཕྱི་མ་ཉིད་ཡིན་ལ། འདིའང་གཙོ་བོ་མ་གཅིག་ཉིད་བཀའ་ཐོག་ནས་གྲོལ་བ་ཐོབ་པ་གྲུབ་ཐོབ་ཉམས་ཀྱི་བརྒྱུད་པ། ལྟ་བའི་གཞུང་ཤེར་ཕྱིན་དང་ཐབས་ཀྱི་བྱེ་བྲག་སྔགས་ཀྱིས་ཁྱད་པར་དུ་བྱས་པས་མདོ་སྔགས་རྟོགས་པ་བསྲེས་པར་བཞེད་པ་འདིའི་ལམ་གྱིས་ཁོག་དབུབ་ནི། མདོ་སྡུད་པ་ལས། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་སྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། ཅེས་པའི་བསྟན་དོན་བཞི་པོ་ཉམས་སུ་ལེན་པ་སྟེ། སྟོང་པ་ཉིད་ལ་གནས་པའི་ལྟ་བ། སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ། ཇི་སྐད་གསུངས་པ་བཞིན་བྱེད་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས། བདེ་བར་གཤེགས་པས་བྱིན་གྱིས་བརླབས་པ་བཞི་ཡིན་ལ། དེའང་སྟོང་པར་གནས་པའི་ལྟ་བ་ནི། ཐོག་མར་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལ་བདག་ཏུ་ལྟ་བ་སྤངས་ནས་སེམས་ཅན་གཞན་གྱི་ཡུལ་གང་ལའང་དངོས་པོ་གང་མཚན་མའི་འདུ་ཤེས་མི་བྱེད་པར་བདག་མེད་ཀྱི་དོན་ལ་རྟག་ཏུ་གནས་པ་དང་། སེམས་ཅན་ཡོངས་སུ་མི་གཏོང་བ་ནི། གཟུགས་ཅན་ཉམ་ཐག་དང་ནད་པ་སོགས་ལ་ལྷག་པར་བརྩེ་ཞིང་གཟུགས་མེད་ལྷ་འདྲེ་ལའང་གནོད་སེམས་ཀྱིས་འཚེ་བ་མི་བྱེད་པར་སྙིང་རྗེ་ཆེན་པོས་སེམས་ཅན་འཚེ་བའི་སྤྱོད་པ་དེ་ལས་ཟློག་ནས་བྱང་ཆུབ་ཀྱི་ལམ་ལ་འཛུད་པར་བྱེད་པ་དང་། ཇི་སྐད་སྨྲས་བཞིན་བྱེད་པ་ནི། ཐོ་ཅོའ་སྤྱོད་པ་སྤངས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེའི་ཁས་བླངས་དང་འགལ་བ་མི་བྱེད་པ་དང་། བདེར་གཤེགས་ཀྱིས་བྱིན་གྱིས་བརླབས་པ་ནི། སྐྱབས་སུ་སོང་ནས་རྩ་བརྒྱུད་བླ་མ་རྣམས་ལ་མོས་གུས་དྲག་པོས་གསོལ་བ་འདེབས་པ་སྟེ། དེ་དག་གཞིར་བྱས་ནས་གདམས་ངག་ཉམས་སུ་ལེན་པའི་ཐོག་མར་སྣོད་རུང་གི་དབང་བསྐུར་ཐུན་མོང་མ་ཡིན་པ་རྣམས་ནོད། གདམས་ངག་དངོས་གཞི་མདོ་ལུགས་སྔགས་ལུགས་
༤༣༩ མདོ་སྔགས་རྟོགས་པ་བསྲེས་པ་སོགས་བཀའ་སྲོལ་ཐམས་ཅད་ཀྱི་སྤྱི་ཁོག །སྔོན་འགྲོ་ཐུན་མོང་མ་ཡིན་པ་ནང་ལུས་ཀྱི་ཚོགས་བསགས་ཤིང་མོས་གུས་གསོལ་འདེབས་ཀྱི་བྱིན་རླབས་གནད་ནས་འབེབས། དངོས་གཞི་རིག་པ་རྐྱང་འདེད་ལ་བརྟེན་ནས་སེམས་ཀྱི་མཚངས་ཚོལ། ཁྲིགས་སུ་ཚུད་ནས་བཞག་ཐབས་བསྟན། ནམ་མཁའ་སྒོ་འགྱེད་ལ་བརྟེན་ནས་ཡུམ་དོན་ངོ་སྤྲད། མཉམ་བཞག་ཏུ་སྨྲ་བསམ་བརྗོད་མེད་ཀྱི་རང་ངོ་བསྐྱངས་ནས་ཆོས་སྐུ་སྟན་ཐོག་གཅིག་ཏུ་བསྒྲུབ། རྗེས་ཐོབ་ཏུ། བཀའ་ཚོམས་ལས། ཐོགས་བཅས་ཡུལ་གྱི་འཁྲི་བ་བཅད། །ཐོགས་མེད་ཡིད་ཀྱི་འཁྲི་བ་བཅད། དགའ་བྲོད་ཞེན་པའི་འཁྲི་བ་བཅད། །བདུད་ལ་རྣམ་པ་བཞི་རུ་དབྱེ། །དེ་ཡང་སྙེམས་བྱེད་བདུད་དུ་འདུས། །ཞེས་གསུངས་པའི་བདུད་བཞི་པོ་རེ་དོགས་སྔར་བླང་གཟུང་འཛིན་དང་བྲལ་བས་བཅད་ཅིང་། གང་བཅད་པར་དཀའ་བ་ལ་ཉམ་ང་མེད་པའི་ཐོག་བརྫིས་ཀྱིས་བཅད། གཉན་ཁྲོད་སྟན་ཐོག་ཏུ་ཆོད་ནས་བོགས་འདོན་དུ་གཉན་ཁྲོད་དུ་གདམས་ངག་དང་ལྡན་པས་འགྲིམས་ཞིང་བསླང་ཚད་བྱུང་ན་དབྱིངས་རིག་བསྲེས་ཏེ་ཕུང་པོ་གཟན་བསྐྱུར་དམིགས་པ་དཀར་འགྱེད་དམར་འགྱེད་ཁྲ་འགྱེད་སོགས་ཞི་དྲག་སྤེལ་མས་བཟང་ངན་གྱི་རྟོག་པ་རོ་སྙོམས་པས་ཕྱི་ལྷ་འདྲེ་དང་ནང་བདག་འཛིན་བཅས་བདག་མེད་ཀྱི་མཐའ་ལ་གཏད་པས་གནས་སྐབས་སུ་ཚར་ཚད་རྫོགས་ཤིང་མཐར་ཐུག་གདིང་ཆེན་གསུམ་ཐོབ་ནས་ས་ལམ་རང་ཤུགས་ལ་རྫོགས་པར་འགྱུར་བ་ཉིད་དོ། །དྲུག་པ་རྡོ་རྗེའི་རྣལ་འབྱོར་ནི། བདེ་དགྱེས་སོགས་བླ་མེད་ཀྱི་བསྡུས་རྒྱུད་རྣམས་སུ་རྡོ་རྗེའི་ཚིག་གིས་སྦས་པའི་དོན་དཔལ་དུས་ཀྱི་འཁོར་ལོར་གསལ་བར་བསྟན་ཅིང་། མཆོག་གི་དང་པོའ་སངས་རྒྱས་ལ་སོགས་པ་རྩ་བའི་རྒྱུད་རྒྱས་པ་ཐམས་ཅད་དུ་དགོངས་པ་གཅིག་གིས་དངོས་སུ་བསྟན་པའི་ཟབ་དོན་མཆོག་གྱུར་ཕྱག་རྒྱ་ཆེན་པོའ་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ་འདི་ནི་རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་གི་
༤༤༠ སྐྱེལ་སོ་བླ་ན་མེད་པ་སྟེ། ལམ་འདི་ལ་དཀྲི་བའི་ཚུལ་ནི་དྲི་མེད་འོད་ལས། སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོ་རེ་ཞིག་རྒྱུད་ལ་ཡིད་ཆེས་པ་དང་། དེ་ནས་བླ་མ་ལ་ཡིད་ཆེས་པ་དང་། དེ་ནས་བདག་ཉིད་ལ་ཡིད་ཆེས་པ་སྟེ་འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཡིད་ཆེས་གསུམ་དང་ལྡན་པས་མཆོག་གི་དངོས་གྲུབ་ལ་ཉེ་བར་སྦྱོར་བའི་ལམ་རྣམ་པར་དག་པར་འགྱུར་ལ། དེའང་བསྒྲུབ་བྱ་ནི་དེ་བཞིན་གཤེགས་པའི་གསང་གསུམ་ཡེ་ཤེས་རྡོ་རྗེ་རྣམས་ཡིན་ལ། སྒྲུབ་བྱེད་སྦྱོར་བ་ཡན་ལག་དྲུག་ནི། དུས་འཁོར་རྩ་རྒྱུད་ལས། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་དང་། གསང་འདུས་རྒྱུད་ཕྱི་མ་དང་མཁའ་འགྲོ་རྒྱ་མཚོ་ལས་ཀྱང་དེ་མཚུངས་གསུངས་པ་ལྟར་ཡིན་ལ། ཇི་ལྟར་སྒྲུབ་པའི་ཚུལ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱིས་སྒྲུབ་པ་སྟེ། དེའང་རྫོགས་རིམ་ཉིད་ཀྱི་སྔོན་འགྲོ་དངོས་གཞི་སྦྲགས་པ་ལ་བསྙེན་སྒྲུབ་ཡན་ལག་བཞི་ཚར་གཅིག་རྫོགས་པའི་དབང་དུ་བྱས་ན། སྔོན་འགྲོ་ལྟོས་མེད་བཞི་ཡིས་ལྷ་སྐུའི་གཞི་འདིང་བར་བྱེད་པས་བསྙེན་པའི་ཡན་ལག །དངོས་གཞི་སོར་བསམ་སྲོག་འཛིན་རྣམས་དེ་ཉིད་ཉེ་བར་སྒྲུབ་པའི་ཡན་ལག །ཕྱག་རྒྱ་གསུམ་གྱིས་འདོད་ཆགས་རྗེས་སུ་དྲན་པ་ནི་ཆགས་ཆེན་མི་འགྱུར་བའི་བདེ་བ་སྒྲུབ་པའི་ཡན་ལག །ཏིང་ངེ་འཛིན་ནི་ཡེ་ཤེས་ཀྱི་སྐུ་དངོས་སུ་སྒྲུབ་པར་བྱེད་པས་སྒྲུབ་པ་ཆེན་པོའ་ཡན་ལག་རྣམས་སུ་འགྱུར་བ་ཡིན་ལ། སྒྲུབ་ཚུལ་དངོས་ལ་ལྟོས་ན། སོར་བསམ་གཉིས་སྐུ་རྡོ་རྗེའི་ངོ་བོ་རྣལ་འབྱོར་ཏེ་དབུ་མ་སྦྱང་ཞིང་རྡོ་རྗེའི་སྐུ་རྣམ་པ་ཐམས་ཅད་པ་བསྒྲུབ། སྲོག་འཛིན་གསུང་རྡོ་རྗེའི་རྣལ་འབྱོར་ཏེ་སྲོག་རྩོལ་གྱིས་རེ་རྐྱང་གི་རླུང་དབུ་མར་འཛུད་ཅིང་། འཛིན་པས་དེ་བརྟན་པར་བྱས་པས་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པ་བསྒྲུབ། རྗེས་
༤༤༡ དྲན་ཐུགས་རྡོ་རྗེའི་རྣལ་འབྱོར་ཏེ་ཕྱག་རྒྱ་གསུམ་ལ་བརྟེན་ནས་བྱང་སེམས་བཞུས་པ་དེ་ཟག་བྲལ་གྱིས་བཟུང་བས་ཐུགས་རྡོ་རྗེ་རྣམ་པ་ཐམས་ཅད་པ་བསྒྲུབ། ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེ་སྟེ་བདེ་བ་དེ་ཉིད་གཟུགས་ཀྱི་སྐུ་དང་དབྱེར་མེད་ཁ་སྦྱོར་དུ་བྱས་པས་བདེ་སྟོང་ཟུང་འཇུག་ཡེ་ཤེས་རྡོ་རྗེ་རྣམ་པ་ཐམས་ཅད་པ་བསྒྲུབ་པའོ། །གཞན་ཡང་སོར་བསམ་གཉིས་གཟུང་སྒྲུབ་ཀྱི་ཡན་ལག །སྲོག་འཛིན་གཉིས་སྲོག་སྒྲུབ་ཀྱི་ཡན་ལག །རྗེས་དྲན་བདེ་བ་སྒྲུབ་པའི་ཡན་ལག །ཏིང་ངེ་འཛིན་དེ་ཉིད་གྲུབ་པའི་ཡན་ལག །ཅེས་ཀྱང་བྱའོ། །དེ་དག་རྣམས་ཀྱང་དུས་ཞབས་སྙན་བརྒྱུད་ལས། ཀུན་ལ་དྲུག་དྲུག་ཤེས་བྱ་སྟེ། །ཞེས་སོགས་གསུངས་པའི་དགོངས་དོན་ཏུ་མཛད་ནས་བརྒྱུད་པ་གོང་མ་རྣམས་ཀྱིས། སོ་སོའ་མཚན་དོན། སྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལག །བསྒོམས་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་ས་བཅད་དྲུག་རེས་འཆད་པར་མཛད། དེ་དག་ཀྱང་དགེ་བ་གསུམ་གྱིས་བསྡུས་པ་སྟེ། སོར་བསམ་གཉིས་ཐོག་མར་དགེ་བ། སྲོག་འཛིན་གཉིས་བར་དུ་དགེ་བ། དྲན་ཏིང་གཉིས་ཐ་མར་དགེ་བའི་ལམ་དུ་རྡོ་རྗེ་སྙིང་པོས་གསུངས། སྤྱིར་སྟོན་པའི་བསྟན་པ་མཐའ་དག་ཐོག་མཐའ་བར་དུ་དགེ་བ་ཡིན་ཀྱང་། ངེས་དོན་མཐར་ཐུག་འདིའི་དབང་དུ་བྱས་ན་དེ་དག་རྣམ་པར་རྟོག་པའི་སྒོམ་པ་དང་། ལས་རྒྱའི་བདེ་བ་དོན་དམ་དུ་འཛིན་པ་དང་དཔྱད་མཐར་མི་རྟོག་པའི་སྟོང་ཉིད་སྒོམ་པ་རྣམས་ཀྱང་ཀུན་རྫོབ་འཁོར་བའི་རྒྱུའི་མཚན་ཉིད་ཅན་ཡིན་པས་ཤིན་ཏུ་དགེ་བ་མ་ཡིན་ཅིང་། དོན་དམ་པའི་དཀྱིལ་འཁོར་དང་བདེ་ཆེན་དང་སྟོང་ཉིད་ཀྱང་མ་ཡིན་ལ། ལམ་འདིར་ནི་ཐོག་མར་སྟོང་གཟུགས་དོན་དམ་པའི་དཀྱིལ་འཁོར་དུ་སྒྲུབ་པར་བྱེད་པས་ཐོག་མར་དགེ་བ་དང་། བར་དུ་རྣམ་རྟོག་གི་རྒྱུ་ལས་རླུང་འགོག་པར་བྱེད་པས་བར་དུ་དགེ་བ་དང་། མཐར་དོན་དམ་པའི་ཐིག་ལེ་མི་འགྱུར་བ་སྒྲུབ་པར་བྱེད་པ་གསུམ་དང་། ཐོག་མཐའ་བར་གསུམ་དུ་དཔྱད་པ་སྤངས་པའི་རྣམ་པར་མི་
༤༤༢ རྟོག་པ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ཅན་ཡིན་པའི་ཕྱིར་དགེ་བ་སྟེ། དགེ་བའི་དོན་ཡང་བདེ་བ་རྒྱུ་དང་བཅས་པ་ལ་ངོས་འཛིན་པ་ཡིན་ནོ། །དེ་ལ་ཐོག་མར་དགེ་བས་ཐུན་མོང་མ་ཡིན་པའི་ཞི་ལྷག་གི་ཏིང་ངེ་འཛིན་སྒྲུབ། བར་དགེ་སྔ་མས་རླུང་སེམས་བསྲེ་ཞིང་ཕྱི་མས་འཁོར་ལོ་རྣམས་ཀྱི་སྒོ་དབྱེ། མཐར་དགེས་འགྱུར་བ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱེད་པའོ། །དེ་ལྟ་བུའི་ཡན་ལག་དྲུག་ལ་རྣལ་འབྱོར་དུ་བྱས་པས། ཐོག་མར་རྡོ་རྗེའི་ཡེ་ཤེས་ཆ་ཤས་བབས། རིམ་གྱིས་རྡོ་རྗེ་འབེབས་པའི་བྱིན་རླབས་རྫོགས་པར་ཐོབ་པས་མཐོང་ཉམས་རྟགས་སྣང་ཤར། སེམས་མི་རྟོག་པ་ལ་རང་ཤུགས་སུ་གནས། ལུས་ཉམས་འཕར་གཡོ་དང་ངག་ཉམས་བརྗོད་པ་སྣ་ཚོགས་འབྱུང་བ་སོགས་བྱུང་རྒྱལ་དུ་བསྐྱངས་པས་སྒོ་གསུམ་གྱི་མདུད་པ་རིམ་གྱིས་གྲོལ། མཐར་འཁོར་ལོ་དྲུག་གི་ཁུ་རྡུལ་རླུང་གསུམ་དག་ནས་རྒྱལ་བ་རིགས་དྲུག་གི་ཡེ་ཤེས་ཀྱི་སྐུ་འགྲུབ་པར་འགྱུར་རོ། །བརྒྱད་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ནི། གསང་བ་འདུས་པ་ལས། ཁྱོད་ཀྱི་ལུས་སེམས་ལྟ་བུ་དང་། སེམས་ལུས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག །ཅེས་གཞིའི་དུས་སུ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་འབྲེལ་བཀོད་ནས། ལམ་དུས་སུ་རྡོ་རྗེ་དབྱེར་མི་ཕྱེད་པའི་རྣལ་འབྱོར་བསྒོམས་པས། འབྲས་དུས་སུ་རྡོ་རྗེའི་གསང་བ་གསུམ་མངོན་དུ་བྱེད་པའི་གདམས་པ་ཁྱད་པར་དུ་གྱུར་པ་སྟེ། རྡོ་རྗེའི་ཚིག་རྐང་ལས། རྩ་སྦྱངས་པས་ནི་ལུས་ཀྱི་དྲི་མ་དག །རླུང་སྦྱངས་པས་ནི་ངག་གི་དྲི་མ་དག །འཛག་མེད་ཐོབ་པས་ཡིད་ཀྱི་བག་ཆགས་བཅོམ། །འཁོར་ལོའ་མདུད་པ་དགའ་བཞིའི་འགྲོས་ཀྱིས་བཤིགས། །མ་རིག་གཉིད་ནི་བརྒྱལ་བ་ལོག་པས་དྭངས། །ཆགས་བྲལ་ཉམས་པ་ཞེ་སྡང་ཟད་པའི་སེམས། །ཆགས་པ་དག་པས་བདེ་བ་ཆེན་པོར་གྲོལ། །ཅེས་གསུངས་པའི་དོན། ལུས་རྩ་དག་པར་བྱེད་པ་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག་ལ་ལུས་གནད་བྱེད་པའི་རྣལ་འབྱོར་རྒྱུ་སོར་སྡུད། དེའི་བྱེད་ལས། འབྲས་བུ་བསམ་གཏན། སྡེ་གསུམ་གྱི་
༤༤༣ སྒོ་ནས་གཏན་ལ་དབབ་པ་དང་། ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེ་སྒྲུབ་པའི་ཡན་ལག་ལ་རྡོ་རྗེའི་བཟླས་པ་སྔོན་ཏུ་འགྲོ་བས་རྒྱུ་སྲོག་རྩོལ་དང་། དེའི་འབྲས་བུ་འཛིན་པ། དེ་གཉིས་ཀྱི་བྱེད་ལས། དེས་བསྒྲུབས་པའི་འབྲས་བུ་དང་བཞིའི་སྒོ་ནས་གཏན་ལ་དབབ་པ་དང་། ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེ་སྒྲུབ་པ་ཆེན་པོའ་ཡན་ལག་ལ། འཇིག་རྟེན་པའི་ལམ་རྫོགས་པར་བསྟན་པ་རྗེས་དྲན། དབང་པོ་རབ་གཏུམ་མོ། །འབྲིང་རང་ལུས། ཐ་མ་གཞན་ལུས་ལ་བརྟེན་པ་གསུམ། འཇིག་རྟེན་ལས་འདས་པའི་ལམ་རྫོགས་པར་བསྟན་པ་ཏིང་ངེ་འཛིན་དམིགས་བཅས་དང་དམིགས་མེད་ཀྱི་བདེ་བ་ཆེན་པོ་གཉིས་སུ་མེད་པ་རང་རིག་པའི་བདེ་བ་ལ་སེམས་རྩེ་གཅིག་ཏུ་གནས་པས། །ཕྱི་རོལ་ཏུ་འཕོ་བའི་དྭངས་མའི་ཐིག་ལེ་ཐམས་ཅད་འཛག་མེད་དུ་བཅིངས་པ་སྟེ། དེ་ལྟར་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཚུལ་བཞིན་ཉམས་སུ་བླངས་པས་སྒྲིབ་པ་གསུམ་ཚན་གསུམ་དག་པའི་འབྲས་བུ་སྐུ་གསུམ་ཚེ་གཅིག་ལུས་གཅིག་ལ་ཐོབ་པའོ། །དེ་ལྟར་སྒྲུབ་བརྒྱུད་ཀྱི་ལམ་སྲོལ་རྣམས་བཀའ་བབས་བརྒྱད་དུ་བསྡུས་པའང་བོད་ཡུལ་དུ་ཤིང་རྟའི་ལམ་སྲོལ་གཙོ་བོར་གྱུར་པ་དང་། ལམ་གྱི་ལུས་ཡོངས་སུ་རྫོགས་པའི་དབང་དུ་བྱས་པ་ཡིན་གྱི། ལུགས་སྲོལ་ཕྲན་ཚེགས་ནི་ཤིན་ཏུ་མང་བས་བྱུང་ཁུངས་དང་གདམས་ངག་གི་རྣམ་བཞག་སོགས་སྨོས་ཀྱིས་མི་ལོངས་སོ། །བཞི་པ་ཆོས་ཀྱི་རྣམ་གྲངས་ཇི་ཙམ་བཞུགས་པ་ནི། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གཞུང་རྩ་བའི་སྙིང་པོ་དང་། སྨིན་གྲོལ་བཅུད་ཀྱི་ཡང་ཟབ། ཞར་བྱུང་ཁྲིད་ཐོར་བུ་བའི་སྐོར། དེ་རྣམས་ཀྱི་རྒྱབ་བརྟེན་བཅས་ཕྱོགས་གཅིག་ཏུ་བསྡུས་པའི་གླེགས་བམ་ཕྱོགས་ཀྱི་གྲངས་ལྡན་འདི་ལ་སྐོར་བཅུ་སྟེ། སྔ་འགྱུར་རྙིང་མ། བཀའ་གདམས། ལམ་འབྲས། དྭགས་པོ་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་གཅོད་ཡུལ། སྦྱོར་བ་ཡན་ལག་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ། ཁྲིད་ཐོར་བུ་བའི་སྐོར། ཀུན་གྱི་རྒྱབ་བརྟེན་རྗེ་བཙུན་གྲོལ་མཆོག་གི་ཁྲིད་བརྒྱ་དང་བཅས་
༤༤༤ པའོ། །དང་པོ་བསྟན་པ་སྔ་དར་སྐབས་སུ་བྱོན་པའི་ཟབ་ཆོས་ཐུན་མོང་མ་ཡིན་པ་ཡོ་ག་གསུམ་དུ་བཞུགས་པའི་དང་པོ་མ་ཧཱ་ཡོ་གའི་སྐོར་ལ། སངས་རྒྱས་གསང་བའི་ལམ་ཆུང་། སློབ་དཔོན་རིན་པོ་ཆེས་མཛད་པའི་མན་ངག་ལྟ་བའི་ཕྲེང་བ། དེའི་འགྲེལ་པ་ཉི་མའི་འོད་ཟེར། མ་མོ་ལས་ཀྱི་ཐིག་ལེ། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛོད་པའི་སྒྱུ་འཕྲུལ་སྙིང་པོའ་དོན་ཁྲིད་རྣམས་སོ། །གཉིས་པ་ཨ་ནུ་ཡོ་གའི་སྐོར་ལ། བདེ་བ་གསལ་མཛད་ཀྱི་རྣལ་འབྱོར་བཞི་རིམ། འདུས་པ་མདོ་ལས་ཕྱུངས་པའི་ངང་སྒོམ་གྱི་ཁྲིད། དོངས་སྤྲུགས་ཀྱི་ཁྲིད་ཡིག་ཟབ་ལམ་སྣང་བྱེད་ལོ་ཆེན་།།།་ཤྲཱིས་མཛད་པ་རྣམས་སོ། །གསུམ་པ་ཨ་ཏི་ཡོ་ག་ལ་གསུམ། སེམས་ཀློང་མན་ངག་གོ །དང་པོ་ཕྱི་སེམས་སྡེའི་སྐོར་ལ། ཀུན་བྱེད་རྒྱལ་པོའ་རྒྱུད་ལས་ལེའུ་སོ་བདུན་པ་ཁོལ་ཕྱུངས་མཚན་བཅས། སེམས་སྡེའི་སློབ་དཔོན་བཅོ་བརྒྱད་ཀྱི་རྡོ་རྗེའི་གླུ། སྙིང་པོའ་བསྟན་བཅོས་བྱང་ཆུབ་སེམས་སྒོམ་པ་རྡོ་ལ་གསེར་ཞུན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲད་པའི་ཐབས་རིག་པའི་རྩལ་དབང་གི་ཆོ་ག་ཀཿཐོག་པ་རྨོག་སྟོན་རྡོ་རྗེ་དཔལ་བཟང་པོས་མཛད་པ། ཀུན་བྱེད་རྒྱལ་པོའ་དོན་ཁྲིད་ཀློང་ཆེན་རབ་འབྱམས་བཟང་པོས་མཛད་པ། ཉང་ལུགས་ཁྲིད་ཡིག་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། བརྒྱུད་འདེབས་དེ་ཉིད་ཀྱི་གསུང་ལ་སྨིན་གཏེར་གྱིས་ཁ་སྐོང་ཅན། ཁམས་ལུགས་ཀྱི་ཁྲིད་ཀཿཐོག་པ་ནམ་མཁའ་རྡོ་རྗེས་མཛད་པ། ཨ་རོ་ལུགས་ཀྱི་ཁྲིད་ཡིག་ཞྭ་དམར་མཁའ་སྤྱོད་དབང་པོས་མཛད་པ་རྣམས་སོ། །གཉིས་པ་ནང་ཀློང་སྡེའི་སྐོར་ལ། ཀློང་ཆེན་རབ་འབྱམས་ཆེན་པོའ་རྒྱུད་ཀྱི་སྙིང་པོ་ལེའུ་བཞི་པ་ཁོལ་ཕྱུངས་མཆན་ཅན། རྡོ་རྗེ་ཟམ་པའི་གཞུང་མན་ངག་ཞལ་གདམས་དང་བཅས་པ་བཻ་རོ་ཙ་ནས་བསྟན་པ། ཟམ་ཆུང་བསྡུས་པ་ཐུན་གཅིག་མ། བཀའ་བརྒྱུད་རིན་པོ་ཆེའི་ཉམས་ཀྱི་ཕྲེང་བ། བྱང་ཆུབ་སེམས་ཀྱི་ཕན་ཡོན་དཔེ་དྲུག་གིས་མཚོན་ནས་མགུར་དུ་བཞེངས་པ། ཞལ་གདམས་རིན་པོ་ཆེའི་
༤༤༥ ཕྲེང་བ། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་ལག་ལེན་རྒྱས་པར་བཀོད་པ། སྒོམ་རྟེན་ཚུལ་ཤིང་གི་ཡི་གེ། སྒོམ་ཁྲིད་ཀྱི་ལག་ལེན་འོལ་བ་ཇོ་སྲས་ཀྱི་བཅུད་རྒྱ་སྒོམ་པའི་སྣོད་དུ་བླུགས་པ། སྤྱན་སྔ་ཆོས་ཀྱི་གྲགས་པས་མཛད་པའི་ཁྲིད་ཡིག་སྐལ་བཟང་མིག་འབྱེད་རྣམས་སོ། །གསུམ་པ་གསང་བ་མན་ངག་གི་སྡེའི་སྐོར་ལ། འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་གནད་ཀྱི་བཅུད་ཕུར་སངས་རྒྱས་ཀྱི་འདས་རྗེས་དང་པོ་དགའ་ལྡན། གཉིས་པ་གསང་རོལ། གསུམ་པ་བྱ་རྒོད་རིར་བབས་པ། དེའི་འགྲེལ་པ་འོད་གསལ་སྣང་བའི་རྒྱན། དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་རྡེག །འཇམ་དཔལ་བཤེས་གཉེན་སྒོམ་ཉམས་དྲུག་པ། ཤྲཱི་སིཾ་ཧའི་གཟེར་བུ་བདུན་པ། ཡེ་ཤེས་མདོའ་བཞག་ཐབས་བཞི་པ་བཅས་རིག་འཛིན་བཞིའི་འདས་རྗེས། བླ་མ་ཡང་ཏིག་གི་སྤྲོས་བཅས་དབང་ཆོག་ཚངས་པའི་དྲྭ་བ། སྤྲོས་བཅས་མིང་གི་རིམ་པ། མཎྜལ་འབུལ་བའི་ཆོ་ག་ཚོགས་གཉིས་སྤྲིན་ཚོགས། སྤྲོས་མེད་ཀྱི་དབང་ཆོག་རིན་པོ་ཆེའི་དྲྭ་བ། གནད་ཡིག་བུམ་པའི་བརྡ་དོན། བྱིན་རླབས་སྤྲིན་ཕུང་ཡེ་ཤེས་འབེབས་པ། ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲྭ་བ། གླིང་བཞིའི་རྒྱན་གྱུར་གྱི་མཎྜལ། རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲྭ་བ། ལྔ་ཚན་ལྔའི་མཎྜལ། ཚོགས་མཆོད་རིམ་པ་ཡིད་བཞིན་རྒྱ་མཚོ། སྙིང་ཐིག་མ་བུ་ཆུ་བོ་གཅིག་འདྲེས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་། རྫོགས་ཆེན་གསང་སྐོར་གྱི་དབང་། དེའི་ཁྲིད་གཞུང་དབང་ཆོག་བཅས་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པ། པད་ལུགས་མཁའ་འགྲོ་ཡང་ཏིག་ཁྲིད་ཡིག་རིན་ཆེན་གསེར་ཕྲེང་། ཞར་བྱུང་ཁྲིད་རྒྱུན་ལ་བསམ་ནས་བཞག་པ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའ་གནས་གསུམ་དགེ་བ་གསུམ་གྱི་དོན་ཁྲིད། ཀློང་ཆེན་བཀའ་ཐོར་བུ་ལས་བྱུང་བའི་རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ། ཆོས་ཉིད་རང་གྲོལ། མཉམ་ཉིད་རང་གྲོལ་ཏེ་རང་གྲོལ་སྐོར་གསུམ་དུ་གྲགས་པ་
༤༤༦ རྣམས་དང་། སྙིང་ཐིག་བརྒྱུད་པའི་བླ་མ་མཆོད་པའི་ཆོ་ག་ཀུན་བཟང་རྣམ་པར་རོལ་པའི་རྒྱན། བཀའ་སྲུང་ཨི་ཀ་ཛཱ་ཊི་སྡེ་བདུན་གྱི་རྗེས་གནང་ཡི་གེ་འདོད་བུམ་ལས་ཁོལ་དུ་ཕྱུངས་པ་རྣམས་སོ། །གཉིས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་ལས་བྱོན་པའི་བཀའ་གདམས་རིན་པོ་ཆེ་ལ་གསུམ། གཞུང་། གདམས་པ། མན་ངག་གོ །དང་པོ་གཞུང་ལ། རྩ་བ་བྱང་ཆུབ་ལམ་གྱི་སྒྲོན་མ་ཇོ་བོ་རྗེས་མཛད་པ། དེའི་འགྲེལ་པ་བྱང་ཆུབ་ལམ་གྱི་སྣང་བ་རབ་ཏུ་གསལ་བ། སྒམ་པོ་ལུགས་ཀྱི་ལམ་རིམ་རྟོགས་ལྡན་མཁའ་སྤྱོད་དབང་པོས་མཛད་པ། སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་རྗེ་བཙུན་ཏཱ་ར་ན་ཐས་མཛད་པ། ལམ་རིམ་བསྡུས་དོན་གྱི་ཚིགས་བཅད་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པ། བྱང་ཆུབ་ལམ་རིམ་ལ་ཐོག་མར་བློ་སྦྱོང་བ་ཆོས་ཀྱི་སྒོ་འབྱེད་རྒྱ་མ་བ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། ལམ་རིམ་ཁྲིད་གསེར་ཞུན་མ་རྒྱལ་བ་བསོད་ནམས་རྒྱ་མཚོས་མཛད་པ། ལམ་རིམ་དམར་ཁྲིད་ཟུང་འཇུག་བདེ་ལམ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ། ལམ་རིམ་ཉམས་སུ་ལེན་པའི་ཚུལ་རྗེ་བླ་མ་རིན་པོ་ཆེས་མཛད་པ། དེའི་ཆ་ལག་ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་བྱང་ཆུབ་གཞུང་ལམ། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་ཆོ་ག་བྱང་ཆུབ་ལམ་བཟང་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེས་མཛད་པ། གཉིས་པ་གདམས་ངག་གི་སྐོར་ལ། བྱ་འཆད་དཀའ་བ་ཡེ་ཤེས་རྡོ་རྗེས་མཛད་པའི་བློ་སྦྱོང་དོན་བདུན་མའི་རྩ་བ་མཆན་བུ་དང་བཅས་པ། །སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གི་མཚན་གཞན་དཀོན་མཆོག་འབངས་སུ་གྲགས་པ་དང་མུས་ཆེན་དཀོན་མཆོག་རྒྱལ་མཚན་དཔོན་སློབ་ཀྱིས་ཐེག་པ་ཆེན་པོའ་བློ་སྦྱོང་གི་རྒྱ་གཞུང་བོད་གཞུང་ཤིན་ཏུ་གཅེས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བློ་སྦྱོང་བརྒྱ་རྩར་གྲགས་པ་དཀར་ཆག་རང་གཞུང་དུ་གསལ་བ་ལྟར་ཚང་བ། བློ་སྦྱོང་
༤༤༧ ཁྲིད་ཡིག་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པ། བློ་སྦྱོང་དོན་བདུན་མའི་ཉམས་ལེན་སྙིང་པོར་དྲིལ་བ་ཕན་བདེའི་ས་བོན་འཇམ་དབྱངས་བླ་མས་མཛད་པ། བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་ཉམས་སུ་ལེན་བདེར་བཀོད་པ་བློ་དམན་འཇུག་བདེ། དེའི་བརྒྱུད་འདེབས། སྨོན་ལམ་གཏན་བདེའི་ས་བོན་བཅས། གསུམ་པ་མན་ངག་གི་སྐོར་ལ། གསང་ཆོས་གླེགས་བམ་རིན་པོ་ཆེའི་རྩ་བ་བྱང་སེམས་ནོར་བུའི་ཕྲེང་བ། ཐིག་ལེ་བཅུ་དྲུག་གི་དབང་ཆོག །བསྒོམ་བཟླས་ཉམས་ལེན་སྙིང་པོར་དྲིལ་བ་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པ། ཁྲིད་ཡིག་གྲུབ་གཉིས་མཆོག་སྦྱིན་རྗེ་བླ་མ་རིན་པོ་ཆེས་མཛད་པ། ཞར་བྱུང་བཀའ་གདམས་ལྷ་བཞིའི་རྗེས་གནང་གི་ཡི་གེ་ཇོ་ནང་རིན་འབྱུང་ལས་ཁོལ་ཕྱུངས་བཀླག་ཆོག་ཏུ་བཀོད་པ། ལྷ་བཞིའི་ཁྲིད་ཡིག་མདོ་སྔགས་ལམ་ཀྱི་བཅུད་འདུས། བཀའ་གདམས་གསར་མའི་མཚན་གཞི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྩ་བ་རྗེ་རིན་པོ་ཆེ་བློ་བཟང་གྲགས་པས་མཛད་པ། དེའི་རྣམ་བཤད་གོ་སླ་ཉུང་འདུས་སྐལ་བཟང་ཐར་པའི་འཇུག་ངོགས། དེ་དག་གི་རྗེས་འབྲེལ་དུ་དགེ་ལྡན་ཕྱག་ཆེན་རྒྱལ་བའི་གཞུང་ལམ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ་གཞུང་གསལ་བྱེད་བཅས། དབུ་མའི་ལྟ་ཁྲིད་བདུད་རྩིའི་སྙིང་པོ་མང་ཐོས་ཀླུ་སྒྲུབ་ཀྱིས་མཛད་པ། གཞན་སྟོང་དབུ་མའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད། བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་མཆོད་པའི་ཆོ་ག་ཐར་པའི་ལམ་སྒྲོན། བཀའ་སྲུང་མགོན་པོ་གྲི་གུག་མའི་རྗེས་གནང་གི་ཡི་གེ་གསར་བཀོད་རྣམས་སོ། །གསུམ་པ་གསང་སྔགས་བསྟན་པའི་མངའ་བདག་དཔལ་ལྡན་ས་སྐྱ་པའི་གདམས་ངག་གི་གཙོ་བོ་ལམ་འབྲས་ལམ་སྐོར་དང་བཅས་པ་ལ་གསུམ། དང་པོ་ལམ་འབྲས་བུ་དང་བཅས་པའི་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་། དེའི་བསྡུས་དོན་མཆན་དང་བཅས་པ། འཁོརའདས་དབྱེར་མེད་ཀྱི་གཞུང་རྩ་བ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ། གཞུང་ཇི་ལྟ་བ་
༤༤༨ བཞིན་དཀྲི་བའི་ཁྲིད་ཡིག་ཇོ་ལྕགས་མ། །རྣམ་འགྲེལ་དོན་བསྡུས་ཚིགས་བཅད་མ་མཆན་བཅས། ཡང་ཚིགས་བཅད་མ། དེའི་བསྡུས་དོན་མཆན་མ་ངོར་ཆེན་ཀུན་དགའ་བཟང་པོས་མཛད་པ། གཞུང་རྡོ་རྗེའི་ཚིག་རྐང་གི་འགྲེལ་པ་གཉགས་མ་མཆན་ཅན་བཅས། གཉིས་པ་སྨིན་བྱེད་དབང་ལ། ཀྱེ་རྡོར་མན་ངག་ལུགས་ཀྱི་རྒྱུ་དབང་ལ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས། དཀྱིལ་ཆོག །གཏོར་ཆོག །དབང་བསྐུར་གྱི་ཕྱག་ལེན་བཀླགས་ཆོ་གམ་ངོར་པ་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོས་མཛད་པ་བཅས། གསུམ་པ་གྲོལ་བྱེད་ཁྲིད་ལ། ལམ་འབྲས་བརྒྱུད་པའི་གསོལ་འདེབས། རིང་བརྒྱུད་ལམ་ཇི་ལྟ་བ་བཞིན་ཏུ་དཀྲི་བའི་ཁྲིད་ཡིག་སྦས་དོན་གསལ་བ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། ཉེ་བརྒྱུད་ལམ་སྦས་བཤད་དང་། ཤིན་ཏུ་ཉེ་བརྒྱུད་བརྡ་དོན་གསལ་བའི་ཁྲིད་ཡིག་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། ཕྱི་མ་འདི་ཀྱེ་རྡོར་ལུགས་ཀྱི་སྦྱོར་དྲུག་ཏུའང་གྲགས། ལམ་འབྲས་ཕག་གྲུ་ལུགས་ཀྱི་ཁྲིད་སྟག་ལུང་ཐང་པ་རིན་པོ་ཆེས་ཟིན་བྲིས་མཛད་པ། བཤད་རྒྱུད་རྡོ་རྗེ་གུར་གྱི་དགོངས་པ་དག་པ་གསུམ་གྱི་ཁྲིད་ཆོས་རྒྱལ་འཕགས་པས་མཛད་པ། འགྲེལ་པ་ལུགས་རྩ་བ་མེད་པའི་ལམ་འབྲས་སུ་གྲགས་པ། ལམ་སྐོར་ཕྱི་མ་བརྒྱད་ཀྱི་བརྒྱུད་འདེབས་ངོར་ཆེན་གསུང་ཁ་སྐོང་བཅས། ཌོམྦྷི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་མཆན་དང་བཅས་པ། སློབ་དཔོན་པདྨ་བཛྲ་གྱིས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་རྒྱ་གཞུང་། བསྐྱེད་རིམ་ཟབ་མོའ་ཚུལ་དགུ་དང་རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་རྗེ་བཙུན་གྲགས་པས་མཛད་པ། །ནག་པོ་སྤྱོད་པའི་རྡོ་རྗེས་མཛད་པའི་གཏུམ་མོ་ལམ་རྫོགས་ཀྱི་གདམས་ངག་རྗེ་བཙུན་གྲགས་པས་མཛད་པ། སློབ་དཔོན་ཨུ་ཙི་ཏ་འཆི་བ་མེད་པས་མཛད་པ་རྩ་རླུང་ཐིག་ལེ་ཡོན་པོ་སྲང་བའི་མན་ངག་གི་ལོ་རྒྱུས་གདམས་ངག་དང་བཅས་པ་རྗེ་བཙུན་གྲགས་པས་མཛད་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་
༤༤༩ ཀྱིས་མཛད་པའི་མཆོད་རྟེན་དྲུང་ཐོབ་བམ་སེམས་ཐག་བཅད་པའི་མན་ངག་གི་གསལ་བྱེད་གྲགས་པས་མཛད་པ། སློབ་དཔོན་ངག་དབང་གྲགས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་མན་ངག་གྲགས་རྒྱལ་གྱིས་མཛད་པ། སློབ་དཔོན་ཏོག་ཙེ་པས་མཛད་པའི་བསམ་གྱིས་མི་ཁྱབ་པའི་མན་ངག་གི་རིམ་པའི་རྒྱ་གཞུང་། དེའི་ལོ་རྒྱུས། དེའི་བསྡུས་དོན་མཆན་ཅན་དང་། གདམས་ངག་གི་གསལ་བྱེད་རྗེ་བཙུན་གྲགས་པས་མཛད་པ། ལོག་གཞོན་རྣམ་པ་ལྔའི་གདམས་ངག་བཅས། སློབ་དཔོན་ཨིནྡྲ་བྷཱུ་རྟིས་མཛད་པ་ཕྱག་རྒྱའི་ལམ་གྱིས་གདམས་ངག་རྩ་བ་གསལ་བྱེད་དང་བཅས་པ་རྗེ་བཙུན་གྲགས་པས་མཛད་པ། རྩ་བའི་གཞུང་དེ་རྣམས་ཀྱི་གསལ་བྱེད་ཁྲིད་ཡིག་ལེ་ཚན་བརྒྱད། སྒོ་དྲུག་ཆོས་འབྲེལ་དུ་གྲགས་པ་།།།་པའི་མདོ་རྒྱུད་བསྲེ་བའི་ཉམས་ལེན། ནཱ་རོ་པའི་སྡུག་བསྔལ་གསུམ་སེལ། ངག་གི་དབང་ཕྱུག་གྲགས་པའི་གཉུག་མ་དྲན་གསལ། ཤེས་རབ་འབྱུངགནས་སྤྲས་པའི་ཕྱི་རོལ་གདོན་གྱི་བར་ཆད་སྲུང་བ། ཛྙཱ་ན་ཤྲཱིའི་འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་སེལ་བ། རིན་ཆེན་རྡོ་རྗེའི་ཏིང་ངེ་འཛིན་སེམས་ཀྱི་བར་ཆད་སྲུང་བའི་མན་ངག་བཅས། དེ་རྣམས་ཀྱི་ཞར་བྱུང་དུ་བཞག་པ། ཞེན་པ་བཞི་བྲལ་གྱི་བརྒྱུད་འདེབས་ངོར་ཆེན་གྱིས་མཛད་པ་ཁ་སྐོང་བཅས། ལོ་རྒྱུས་རྩ་ཚིག །ཞེན་པ་བཞི་བྲལ་གྱི་གདམས་ངག་གྲགས་པས་མཛད་པའི་ཚིགས་བཅད་མ། ས་པཎ་གྱིས་མཛད་པའི་ཚིག་ལྷུག །ནུབ་པ་རིག་འཛིན་གྲགས་ཀྱི་ཟིན་བྲིས། ཁྲིད་ཡིག་ཀུན་དགའ་ལེགས་རིན་གྱིས་མཛད་པ། དེའི་འཆད་ཐབས་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ངག་དབང་ལེགས་གྲུབ་ཀྱིས་མཛད་པ་བཅས། ལམ་འབྲས་བླ་མཆོད་ཆོས་རྗེ་ཀུན་དགའ་ཆོས་འཕེལ་གྱིས་མཛད་པ། བསྟན་སྲུང་མགོན་པོ་གུར་ལྷ་བརྒྱད་ཀྱི་རྗེས་གནང་གི་ཡི་གེ་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ་རྣམས་སོ། །བཞི་པ་སྒྲུབ་བརྒྱུད་བསྟན་པའི་སྤྱི་མེས་དགྱེས་མཛད་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་མངའ་བདག་མར་པའི་བཀའ་བརྒྱུད་ཀྱི་གདམས་ངག་ལ་གཉིས། གཞུང་རྩ་འགྲེལ་གྱི་སྐོར། གདམས་ངག་ཁྲིད་ཀྱི་རིམ་པའོ། །དང་པོ་ལ་གཉིས།
༤༥༠ ཐུན་མོང་ཕྱག་ཆེན་གྱི་སྐོར། ཐུན་མིན་ཆོས་དྲུག་གི་སྐོར་རོ། །དང་པོ་ནི། དཔལ་རྙོགས་པ་མེད་པའི་རྒྱུད། བྲམ་ཟེ་ཆེན་པོས་མཛད་པའི་དམངས་དོ་ཧ། དེའི་བསྡུས་དོན་སྤར་ཕུ་བས་མཛད་པ། ཤ་བ་རི་པའི་སྙིང་པོ་དོན་གྱི་མན་ངག །ཏཻ་ལོ་པའི་ཕྱག་ཆེན་གངྒཱ་མ། དེའི་ས་བཅད་དང་འགྲེལ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེས་མཛད་པ། ནཱ་རོ་པའི་ཕྱག་ཆེན་ཚིག་བསྡུས། དེའི་འགྲེལ་ཆུང་རྟོགས་པར་སླ་བ་རྗེ་བླ་མ་འཇམ་དབྱངས་མཁྱེན། འདི་ལ་ལུང་མེད། བརྩེའི་དབང་པོས་མཛད་པ། མཻ་ཏྲི་པའི་དེ་ཁོ་ན་ཉིད་བཅུ་པ། མར་པའི་ཡིད་ལ་མི་བྱེད་པའི་མགུར་རྩ། རྗེ་བཙུན་མི་ལའི་ཡེ་ཤེས་གསལ་བྱེད། སྒམ་པོ་པའི་ལམ་གཅིག་ཆོད་བཅས། ཕྱག་ཆེན་རྒྱ་གཞུང་གྲུབ་པ་སྡེ་བདུན་གཙོར་གྱུར་པུ་སྟི་གཉིས་ཙམ་ལུང་རྒྱུན་བཅས་བཞུགས་པར་སྣང་ཡང་འདིར་བརྒྱུད་པ་འདི་དང་འབྲེལ་མཚུངས་མཚོན་བྱེད་ཙམ་བཀོད་པའོ། །གཉིས་པ་ལ། བཀའ་ཡང་དག་པའི་ཚད་མ་ཡེ་ཤེས་མཁའ་འགྲོའི་གསུང་། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་རྒྱལ་བ་རྡོ་རྗེ་འཆང་གི་བཀའ། འདི་ལ་བརྟག་བྱར་སྨྲ་བ་ནི་ཕྱོགས་ཞེན་ཙམ་དུ་ཟད། དེའི་འགྲེལ་ཆུང་རྡོ་རྗེའི་ཚིག་འབྱེད། ཆོས་དྲུག་གི་ཀ་དཔེ་ཆེ་ཆུང་གཉིས། ཏཻ་ལོ་པའི་ཆོས་དྲུག་མན་ངག །ནཱ་རོ་པའི་ཆོས་དྲུག་རྡོ་རྗེའི་མགུར། རྗེ་བཙུན་མི་ལའི་སྙན་བརྒྱུད་གསལ་བ་སྐོར་གསུམ་བཅས། གཉིས་པ་གདམས་ཁྲིད་ཀྱི་རིམ་པ་ལ་གཉིས། སྨིན་བྱེད་དབང་། གྲོལ་བྱེད་ཁྲིད་གཞུང་དངོས་སོ། །དང་པོ་ནི། བཀའ་སྲོལ་འདིར་རྩ་བའི་སྨིན་བྱེད་བདེ་མཆོག་ཡབ་ཡུམ་གང་རུང་ལ་བརྟེན་ཅིང་དེའང་ནཱ་རོ་ལུགས་གཙོ་བོར་མཛད་པ་མཐུན་ཀྱང་ལུགས་སྲོལ་དེ་ལ་སྙན་བརྒྱུད་ཐུན་མོང་མ་ཡིན་པ་དང་། ཐུན་མོང་བཀའ་བརྒྱུད་སོ་སོའ་བཀའ་སྲོལ་ལས་བྱོན་པའི་རྣམ་གྲངས་མང་དུ་བཞུགས་པ་ལས། འདིར་སྤྱི་ཙམ་དུ་བཀའ་བརྒྱུད་རྩ་བ་དྭགས་པོ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་དབང་གི་སྒྲུབ་དཀྱིལ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ་ཙམ་བཞུགས། གཉིས་པ་ལ་གཉིས། རྩ་བ་སྙན་བརྒྱུད་ཀྱི་ཆོས་སྐོར་ལས་བྱུང་བ་དང་། བཀའ་
༤༥༡ བརྒྱུད་སོ་སོ་ལས་བྱོན་པའི་ཡིག་ཆ་རྣམས་སོ། །དང་པོ་ནི། རྒྱས་པ་རས་ཆུང་སྙན་བརྒྱུད་ལས་བྱུང་བ་ཏིལླི་པའི་གཞུང་ཆུང་། ཐུན་མོང་ཡིད་བཞིན་ནོར་བུ། སྟེང་སྒོ་རྣམ་གྲོལ་ཆོས་དྲུག །ཐབས་ལམ་འཁྲུལ་འཁོར། འོག་སྒོ་བདེ་ཆེན། འོད་རིག་བདེ་ཆེན། ཕྱག་ཆེན་ཡི་གེ་བཞི་པ། དེའི་འབྲུ་འགྲེལ། སྙན་བརྒྱུད་བརྒྱུད་འདེབས་དང་ལམ་རིམ་ཡིད་བཞིན་ནོར་བུའི་སྙིང་པོ་རྗེ་བླ་མས་མཛད་པ། འབྲིང་པོ་ངམ་རྫོང་སྙན་བརྒྱུད་ཀྱི་རྩ་བ་ཚེ་རིང་སྐོར་གསུམ་གྱི་གཞུང་། ཕྱག་ཆེན་ཡེ་ཤེས་གསལ་བྱེད་གསང་པ་ངོ་སྤྲོད་པའི་གདམས་ངག་ཟུར་མང་སྙན་བརྒྱུད་ལས་བྱུང་བ། བསྡུས་པ་དྭགས་པོ་སྙན་བརྒྱུད་ཀྱི་མན་ངག་གི་རྩ་བ་བརྗེད་བྱང་མ། རྗེ་རས་ཆུང་བའི་གདམས་པ་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་རྩ་བ་ཟུར་མང་སྙན་བརྒྱུད་ལས་བྱུང་བ། ཁྲིད་རས་ཆུང་སྙན་བརྒྱུད་ལས་བྱུང་བ། རྗེ་མར་པས་མཚུར་སྟོན་ལ་གནང་བའི་སྙན་གྱི་ཤོག་དྲིལ་བཞིའི་མན་ངག་རྣམས། གཉིས་པ་དྭགས་པོ་བཀའ་བརྒྱུད་ཀྱི་བཀའ་སྲོལ་སོ་སོ་ལས་བྱུང་བའི་ཁྲིད་ཀྱི་སྐོར་ལ། རྩ་བ་དྭགས་པོ་གདན་སའི་ལུགས་ཀྱི་ཟབ་ལམ་ཆོས་དྲུག་གི་ཁྲིད་ཡིག་ཆེན་མོ་གསང་ཆེན་གྱི་དེ་ཉིད་གསལ་བ། ཕྱག་རྒྱ་ཆེན་པོའ་ཁྲིད་ཡིག་ཆེན་པོ་གཉུག་མའི་དེ་ཉིད་གསལ་བ་བཅས་དྭགས་པོ་བཀྲས་རྣམ་གསུང་། དྭགས་པོ་རིན་པོ་ཆེའི་ཆོས་བཞི་མདོར་བསྡུས། བཀྲས་རྣམ་པའི་སྒྲུབ་པའི་ཞལ་བརྐོས། སེམས་ཁྲིད་ཡིད་བཞིན་ནོར་བུ་དང་འཕོ་བ་དོན་གྱི་གྲོང་འཇུག་གཉིས་ཟུར་མང་སྙན་བརྒྱུད་ལས་བྱུང་བ། འགྲོ་མགོན་ཚལ་པ་བཀའ་བརྒྱུད་ལས། སྐྱེ་མེད་ཞང་རིན་པོ་ཆེས་མཛད་པའི་ཕྱག་རྒྱ་ཆེན་པོའ་ལམ་མཆོག་མཐར་ཐུག །ཕྱག །ལུང་མེད། རྒྱ་ཆེན་པོ་སྒོམ་མ་མོ་ཆེན་མོའ་སྔོན་འགྲོ་དངོས་གཞི། བཀའ་རྒྱ་མའི་དོན་བསྡུས་ཟིན་བྲིས་ཞྭ་དམར་ལྔ་པའི་གསུང་། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཁྲིད་སྐོར་ལས། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག །ཆོས་དྲུག་གོ་བྱའི་ཆིངས་དང་། ཆོས་དྲུག་གསེར་ཞུན་མ་བཅས་རྒྱལ་དབང་ཐམས་
༤༥༢ ཅད་མཁྱེན་པ་རང་བྱུང་ཞབས་ཀྱིས་མཛད་པ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་སྤྱི་སྡོམ་རྩ་ཚིག །ཕྱག་ཆེན་ཁྲིད་ཡིག་ཆོས་སྐུ་མཛུབ་ཚུགས་རྗེ་དགུ་པ་དབང་ཕྱུག་རྡོ་རྗེས་མཛད་པ། ཕྱག་ཆེན་སྔོན་འགྲོའི་ངག་འདོན་གསུང་རྒྱུན་ལས་བྱུང་བ། རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་ལྷ་ཁྲིད་སྙིང་པོ་བསྡུས་པ་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པ། ཕྱི་སྒྲུབ་ཟིན་བྲིས་གཙུག་ལག་རྒྱ་མཚོས་མཛད་པ། རླུང་སེམས་གཉིས་མེད་རྩ་བ་རང་བྱུང་ཞབས་ཀྱི་གསུངས། དེའི་ཁྲིད་ཡིག་ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པ། ཆོས་དྲུག་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པ། སྐུ་གསུམ་ངོ་སྤྲོད་རྗེ་རང་བྱུང་རྡོ་རྗེས་མཛད་པ། ཡང་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་རྗེ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས་མཛད་པ། ནཱ་རོ་པའི་གེགས་སེལ་གཟེར་ལྔ། ཐུན་བཞི་བླ་མའི་རྣལ་འབྱོར་རྗེ་བརྒྱད་ལ་མི་བསྐྱོད་རྡོ་རྗེས་མཛད་པ། དེའི་དམིགས་རིམ་དང་རྡོ་རྗེ་འཆང་ཆུང་མའི་ཟིན་བྲིས་ཀརྨ་ཆགས་མེད་གསུང་། ཟུར་མང་བཀའ་བརྒྱུད་ལས། དྲུང་རྨ་སེ་བློ་གྲོས་རིན་ཆེན་གྱིས་མཛད་པའི་ཕྱག་ཆེན་ཁྲིད་ཡིག །དྲུང་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པའི་རི་ཆོས་།།།་ཕྲེང་བ། གནས་མདོ་བཀའ་བརྒྱུད་ལས། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ཚོང་དཔོན་བུ་ལུ་ལ་གནང་བའི་ཐུགས་རྗེ་ཆེན་པོའ་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ། ཕག་གྲུ་བཀའ་བརྒྱུད་རྩ་བའི་ཆོས་སྐོར་ལས། འགྲོ་མགོན་ཕག་གྲུས་མཛད་པའི་ཕྱག་རྒྱ་ཆེན་པོའ་གདམས་པ། ཟུང་བཞི་ཡ་བརྒྱད་ཀྱི་སྐོར་ལས། དཔལ་འབྲི་གུང་པའི་དམ་ཆོས་དགོངས་པ་གཅིག་པའི་རྩ་བ་ལྷན་ཐབས་དང་བཅས་པའི་གཞུང་ཆིངས་ཁོག་དབུབ་དང་བཅས་པ། དམ་ཆོས་དགོངས་པ་གཅིག་པའི་ཁོག་དབུབ་སྙིང་པོར་དྲིལ་བ། ལྔ་ལྡན་གཏོར་དབང་ཡིད་བཞིན་ནོར་བུ། རྗེ་།།།་ཀཱ་རས་མཛད་པའི་ལྔ་ལྡན་ཚིགས་བཅད་མ། ལྔ་ལྡན་ཁྲིད་ཡིག་ཞྭ་དམར་ལྔ་པས་མཛད་པ། བླ་མེད་ལྷན་སྐྱེས་རྣམ་བཞིའི་རྫོགས་རིམ། ཆོས་དྲུག་དྲིལ་བའི་གདམས་པ་བཅས་དཔལ་ཆོས་ཀྱི་གྲགས་པའི་གསུང་།
༤༥༣ སྟག་ལུང་ཐང་པ་ཆེན་པོས་མཛད་པའི་ཕྱག་ཆེན་དང་ཆོས་དྲུག་གི་ཁྲིད་ཡིག་ཡིད་བཞིན་ནོར་བུ། ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ཡིག །ཡོ་ག་བཞི་པའི་ཁྲིད་ཡིག །གླིང་རས་བཀའ་བརྒྱུད་དཔལ་ལྡན་འབྲུག་པའི་ཟབ་ཆོས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་སྔོན་འགྲོ་དང་དངོས་གཞིའི་ཁྲིད། ཆོས་དྲུག་བསྡུས་པའི་ཟིན། སྤྱོད་པ་ཆོས་ཀྱི་གླུ་ཞེས་རོ་སྙོམས་རྩ་བ་རྒྱ་གཞུང་གཏེར་མ། རོ་སྙོམས་སྐོར་དྲུག་གི་ཁྲིད་མཁའ་སྤྱོད་པས་མཛད་པ། རོ་སྙོམས་དགོངས་དྲིལ། རྟེན་འབྲེལ་སྒོམ་རིམ། བླ་སྒྲུབ་རྒྱ་གཞུང་། ལམ་ཟབ་ཐུན་མོང་ཐུན་མིན། ཁྲིད་ཆེན་བརྒྱད་ཀྱི་མཛེས་རྒྱན། ཁྲིད་ཆུང་བརྒྱད། དགེ་སྦྱོར་བདུན་པའི་ཉམས་ལེན་སྒང་བསྒྲིལ་བཅས་ཀུན་མཁྱེན་པདྨ་དཀར་པོའ་གསུང་གཙོ་བོར་གྱུར་པའོ། །ལོ་རས་ཐུབ་པ་ལྔ་ལྡན་ཁྲིད། རྒྱལ་བ་ཡང་དགོན་པའི་རི་ཆོས་སྙིང་པོ་མ་དྲུག་གི་གདམས་པ། རྗེ་འབའ་ར་བ་རྒྱལ་མཚན་དཔལ་བཟང་གི་ཟབ་ཆོས་ཕྱག་ཆེན་ཏིང་ངེ་འཛིན་གྱི་དབང་། ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོ། རྩ་ཡིག །གཞུང་ཆུང་། གནད་ཡིག །ངོ་སྤྲོད། ཆོས་དྲུག་རྡོ་རྗེའི་གཞུང་། རྗེ་བློ་གྲོས་ཆོས་འཕེལ་གྱི་ཟབ་གཏེར་བླ་སྒྲུབ་ཕྱག་ཆེན་ཆོས་དྲུག་བཅས་མདོར་བསྡུས་སྙིང་པོར་དྲིལ་བ། བཀའ་བརྒྱུད་སྤྱིའི་བླ་མ་མཆོད་པའི་ཆོ་ག་།བཀའ་སྲུང་མགོན་པོ་ཕྱག་བཞི་པ་་ལོ་ལུགས་དང་། ལྷ་མོ་དུད་སོལ་མའི་རྗེས་གནང་། དེ་དག་གི་ཡིག་ཆ་བཅས་སོ། །ལྔ་པ་ས་བཅུའི་དབང་ཕྱུག་ཡེ་ཤེས་ཌཱ་ཀི་རྣམ་གཉིས་ཀྱི་ཞལ་ལུང་གཙོ་བོར་གྱུར་པའི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གདམས་སྐོར་ལ་གསུམ། རྩ་བ་རྡོ་རྗེའི་ཚིག་རྐང་འགྲེལ་པ་དང་བཅས་པའི་སྐོར། སྨིན་བྱེད་དབང་དང་བྱིན་རླབས། གྲོལ་བྱེད་ཁྲིད་ཀྱི་སྐོར་རོ། །དང་པོ་ནི། རྩ་བ་ཆོས་དྲུག །སྡོང་པོ་ཕྱག་ཆེན། ཡལ་ག་ལམ་ཁྱེར། འབྲས་བུ་འཆི་མེད་དང་བཅས་པའི་རྡོ་རྗེའི་ཚིག་རྐང་འགྲེལ་བ་དང་བཅས་པའི་སྐོར། མེ་ཏོག་མཁའ་སྤྱོད་རྩ་བ། གཉིས་པ་ནི། བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས། བྱིན་རླབས་ཁོག་དབུབ་ཀྱི་
༤༥༤ བཀའ་གཉིས། བྱིན་རླབས་གཞུང་ཤིང་གི་བཀའ་དྲུག །གཞུང་བཀའ་ཕྱི་མ་རྣམས་ཀྱི་བྱིན་རླབས་ཀྱི་ཡི་གེ་ཞྭ་ལུ་མཆོག་སྤྲུལ་གྱིས་མཛད་པ། བདེ་མཆོག་ལྷ་ལྔའི་མངོན་རྟོགས། དཀྱིལ་ཆོག །ཚོགས་ཀྱི་ཆོ་ག་།སྒྲུབ་ཐབས་ཀྱི་རྣམ་བཤད་རྣམས་རྗེ་བཙུན་རིན་པོ་ཆེ་ཏཱ་ར་ནཱ་ཐས་མཛད་པ། རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་སྒྲུབ་ཐབས་རྗེ་བཙུན་རིན་པོ་ཆེས་མཛད་པ། དཀྱིལ་ཆོག་ཉུང་བསྡུས། བསྙེན་ཡིག་ཟབ་དོན་སྙིང་པོ། གསུམ་པ་ནི། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་མཛད་པའི་ཆོས་དྲུག་ཁྲིད་ཀྱི་གནད་ཡིག་སྙིང་པོ་ཀུན་འདུས། ཕྱག་ཆེན་གྭའུ་མ། ལམ་ཁྱེར་གསུམ། ལུས་སེམས་འཆི་མེད། བླ་མགོན་དབྱེར་མེད་རྣམས་ཀྱི་ཁྲིད། རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ཀྱི་གསོལ་འདེབས་གནས་སྦྱར་མ། ཆོས་དྲུག་ཁྲིད་ཡིག་ཟབ་དོན་ཐང་མར་བརྡལ་བ། གཞུང་ཁྲིད་མ་མོའ་ལྷན་ཐབས་ཁ་སྐོང་། འཁྲུལ་འཁོར་རྩ་ཚིག་རྣམས་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱིས་མཛད་པ། ཆོས་དྲུག་སྟན་ཐོག་གཅིག་མའི་ཁྲིད་ཡིག་ཡེ་ཤེས་ཌཱ་ཀིའི་ཞལ་ལུང་། ཕྱག་ཆེན་གྭའུ་མའི་ཁྲིད་ཡིག་རྗེ་བཙུན་རིན་པོ་ཆེས་མཛད་པ། མཁའ་སྤྱོད་དཀར་དམར་གྱི་ཉམས་ལེན་དབུ་མའི་མདུད་འགྲོལ། མཁའ་སྤྱོད་དཀར་མོའ་བསྟོད་པ་དཱི་པཾ་ཀ་རས་མཛད་པ། མཁའ་སྤྱོད་དཀར་དམར་འཕོ་ཁྲིད་ཡིག་རྙིང་། སུ་ཁ་སིདྡྷིའི་ཆོས་སྐོར་རྒྱ་གཞུང་། སུ་ཁ་ཆོས་དྲུག་གི་བརྒྱུད་འདེབས་བདེ་ཆེན་ཆར་འབེབས། ཆོས་དྲུག་གི་ཁྲིད་ཡིག་ཟུང་འཇུག་མྱུར་ལམ། ལྷ་བཞི་དྲིལ་སྒྲུབ་ཀྱི་ཁྲིད་ཡིག་ཡེ་ཤེས་འོད་འཕྲོ། ཉམས་ལེན་ཡེ་ཤེས་རང་གསལ། གསེར་ཆོས་ལྔའི་སྔོན་རྗེས་ངག་འདོན་རྡོ་རྗེའི་ཚིག་རྐང་བྱིན་རླབས་འོད་འབར། རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད། ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ། བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབེབས་པ། ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་རྗེས་གནང་། མྱུར་མཛད་ཡེ་ཤེས་མགོན་པོའ་བྱིན་རླབས་བཀའ་ཆེན་བཅུ་གསུམ་གྱི་ཡིག་ཆ་གསར་སྤེལ། མགོན་པོ་སྙིང་ཞུགས་ཀྱི་བྱིན་རླབས་
༤༥༥ དང་ཁྲིད་ཀྱི་ཡི་གེ། ཀྵེ་ཏྲ་པཱ་ལའི་རྗེས་གནང་ཕྱག་དྲུག་པའི་གཏོར་ཆོག་དང་ཁ་སྐོང་བཅས། དྲུག་པ་གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་ལ་བཀའ་བབས་པའི་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་སྐོར་ལ་གཉིས། དངོས་དང་། ཡན་ལག་གོ །དང་པོ་ལ་གསུམ། རྩ་བ། དབང་། གདམས་ཁྲིད་དོ། །དང་པོ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་སྡེའི་དུམ་བུ་མཆན་འགྲེལ་དང་བཅས་པ། ལམ་དྲི་མ་མེད་པ་དངུལ་སྒོང་དག་པའི་སྐོར། གསེར་སྒོང་དག་པའི་སྐོར། ཤེལ་སྒོང་དག་པའི་སྐོར། ཞལ་གདམས་དིང་རི་བརྒྱད་ཅུ། རྗེ་བཙུན་མི་ལ་རས་པར་གནང་བའི་རྡོ་རྗེའི་མགུར་ས་བཅད་དང་བཅས་པ། གཉིས་པ་ལ། བཀའ་བབས་དང་པོ་ཁ་ཆེ་ལུགས་ཀྱི་སྒྲོན་མ་རྣམ་གསུམ་དབང་། ལྷ་གསུམ་གྱི་རྗེས་གནང་། བཀའ་བབས་བར་པ་རྨ་ལུགས་ཕྱག་ཆེན་དབང་། སོ་ལུགས་བླ་མའི་བྱིན་རླབས། ཀ་མ་ལུགས་ཤེར་ཕྱིན་མའི་རྗེས་གནང་། བཀའ་བབས་ཕྱི་མ་དམ་པ་ཀུན་དགའི་ལུགས་ཀྱི་ལམ་ལྔའི་གླེགས་བམ་གྱི་དབང་རྒྱས་པ། རྟེན་འབྲེལ་བདག་གཏོད་དམ་པའི་བྱིན་རླབས། ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་དབང་། མགོན་པོ་ཨ་གྷོ་རའི་རྗེས་གནང་། ཞིང་སྐྱེས་ཀུན་ཏུ་རི་ཀ་དང་ནོར་བུ་བཟང་པོའ་རྗེས་གནང་བཅས་ཀྱི་ཡི་གེ་ལོ་ཆེན་།།།་ཤྲཱིས་མཛད་པ། གསུམ་པ་ལ། གསོལ་འདེབས་གསེར་ཕྲེང་མ། ཞི་བྱེད་སྔ་ཕྱི་བར་གསུམ་གྱི་ཁྲིད་ཡིག་ཕྱོགས་བསྡེབས་བདུད་རྩིའི་ཉིད་ཁུ་ལོ་ཆེན་གསུང་། ཞི་བྱེད་ལམ་ལྔའི་ཁྲིད་ཡིག་སྙེ་མདོ་བསོད་ནམས་དཔལ་གྱིས་མཛད་པ། དམ་པའི་སྨོན་ལམ་སུམ་ཅུ། ཀུན་དགའི་སྨོན་ལམ་བཅུ་གསུམ། ཞི་བྱེད་བླ་མ་མཆོད་པའི་ཆོ་ག་བཅས། གཉིས་པ་ཡན་ལག་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་སྐོར་ལ་གསུམ། གཞུང་རྩ་བ། སྒོ་འབྱེད་དབང་། གདམས་ངག་ཁྲིད་ཀྱི་རིམ་པའོ། །དང་པོ་ལ། བྲམ་ཟེ་།།།་དེ་བའི་གཞུང་ཚིགས་བཅད་ཆེན་མོ། །དེའི་གཞུང་འགྲེལ་ཟག་མེད་སྦྲང་རྩི་དྲུང་ས་རུ་པས་མཛད་པ། མ་གཅིག་གི་བཀའ་ཚོམས་ཆེན་མོ། །དེའི་ས་བཅད་དང་འགྲེལ་བ་རང་བྱུང་ཞབས་ཀྱིས་མཛད་པ། ཡང་ཚོམས་ཞུས་
༤༥༦ ལན་མ། ཉིང་ཚོམས་ཆོས་ཀྱི་རྩ་བ། ཐུན་མོང་གི་ལེ་ལག་བརྒྱད། ཐུན་མོང་མིན་པའི་ལེ་ལག་བརྒྱད། ཁྱད་པར་གྱི་ལེ་ལག་བརྒྱད། ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་བ། ཟབ་དོན་ཐུགས་ཀྱི་སྙིང་པོའ་གཞུང་། གཉིས་པ་ནི། ཟུར་མང་ལུགས་ཀྱི་གཏོར་དབང་རྒྱལ་ཐང་ལུགས་ཀྱི་དབང་རྗེ་བཙུན་རིན་པོ་ཆེའི་གསུང་ཟིན་བཅས། གསུམ་པ་ལ། རང་བྱུང་ཞབས་ཀྱིས་མཛད་པའི་གཅོད་ཡུལ་གྱི་ཁྲིད་ཡིག །ཟིན་བྲིས་ཤེལ་དཀར་མེ་ལོང་དང་རི་འགྲིམས་ཟིན་རྟོགས་ལྡན་རྣམ་དག་གིས་མཛད་པ། བཀའ་བབས་ཕྱི་མ་རྒྱལ་ཐང་ལུགས་ཀྱི་ཁྲིད་ཡིག་གནད་དོན་སྙིང་པོ་རྗེ་བཙུན་རིན་པོ་ཆེས་མཛད་པ། དཀོན་མཆོག་ཡན་ལག་གིས་མཛད་པའི་གཅོད་ཁྲིད་འདོད་རྒུའི་ཆར་འབེབས། ཆགས་མེད་རིན་པོ་ཆེའི་གསུང་ལུས་སྦྱིན་དང་བསྟབས་པའི་འདོན་འགྲིགས། ཟུང་གཅོད་ཀྱི་ཚོགས་ལས་རྒྱལ་དབང་བཅུ་བཞི་པས་བསྒྲིགས་པ་ཡན་ལག་རྣམས་བཅས། ལུས་མཆོད་སྦྱིན། དེའི་ཟིན་བྲིས་བཅས། བདུན་པ་དཔལ་མཆོག་གི་དང་པོའ་སངས་རྒྱས་དུས་ཀྱི་འཁོར་ལོ་སོགས་རྩ་རྒྱུད་རྒྱས་པ་རྣམས་ཀྱི་དགོངས་པ་དང་དབྱངས་གཅིག་གིས་བསྟན་པའི་ཟབ་ལམ་མཐར་ཐུག་རྡོ་རྗེ་རྣལ་འབྱོར་གྱི་སྐོར་ལ་གསུམ། གཞུང་རྩ་བ། སྨིན་བྱེད་དབང་། གྲོལ་བྱེད་གདམས་ཁྲིད་དོ། །དང་པོ་ནི། དུས་འཁོར་རྒྱུད་ཀྱི་སྙིང་པོ། སྦྱོར་དྲུག་མན་ངག་དུས་ཞབས་སྙན་བརྒྱུད། ཤ་བ་རིའི་གཞུང་ཆུང་འགྲེལ་པ་དང་བཅས་པ། གཉིས་པ་ལ། དུས་འཁོར་ལྷ་དགུའི་སྒྲུབ་ཐབས། དེའི་མཆོད་པའི་ཆོ་ག་།རྡོ་རྗེའི་ཡེ་ཤེས་འབེབས་པའི་སྔོན་འགྲོ་མཆོག་དབང་རྣམ་གསུམ་ཐུན་མོང་མ་ཡིན་པར་བསྐུར་ཚུལ་བཅས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏྭ་ར་ནཱ་ཐས་མཛད་པ། གསུམ་པ་ལ། སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་ཡིག་མཐོང་བ་དོན་ལན། རྟགས་ཀྱི་ཡི་གེ། ཚད་ཀྱི་ཡི་གེ། གེགས་སེལ་བཅས་རྗེ་བཙུན་རིན་པོ་ཆེས་མཛད་པ། སྟན་ཐོག་གཅིག་མའི་ཁྲིད་ཡིག །ལམ་ཟབ་བདུད་རྩིའི་ཐིག་ལེ་དང་། གསོལ་འདེབས་བརྒྱུད་འཛིན་མཆོག་རྒྱས་རིག་འཛིན་ཚེ་དབང་
༤༥༧ ནོར་བུས་མཛད་པ། སྔོན་འགྲོའི་ངག་འདོན་རྗེ་པདྨ་ཉིན་བྱེད་དབང་པོས་མཛད་པ། བརྒྱུད་འདེབས་རྡོ་རྗེ་འབེབས་པ། སྦྱོར་དྲུག་འབྲིང་པོར་གྲགས་པ་གྲུབ་ཆེན་དཔེ་མེད་འཚོའ་ལུགས་ཀྱི་རྣལ་འབྱོར་སྙིང་པོ་ངེས་པ། དེའི་ཁྲིད་རྡོ་རྗེའི་ཚིག་འབྱེད་པད་དཀར་ཞབས་ཀྱིས་མཛད་པ། བསྡུས་པ་ལྕེ་རྩེ་རྐན་སྦྱར་གྱི་གདམས་ངག་རྩ་བ། དེའི་ཁྲིད་རྡོ་རྗེ་འཛིན་པའི་ཉེ་ལམ་པད་དཀར་གསུང་། འཁྲུལ་འཁོར་འགྲེལ། ལྷན་སྐྱེས་རྗེས་གནང་། དེའི་སྒོམ་བཟླས། རིགས། ལུང་མེད། ལྡན་བླ་མའི་རྣལ་འབྱོར། རྡོ་རྗེ་ཤུགས་ཀྱི་གཏོར་དབང་། དེའི་ཡི་གེ་བཅས། བརྒྱད། ལུང་མེད། པ་མཁས་གྲུབ་ཨོ་རྒྱན་པ་ལ་དྷཱ་མ་ཐ་ལའི་གྲོང་ཁྱེར་དུ་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་སྩལ་བའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལ། གཞུང་རྩ་བ་རིགས་བཞི་མཁའ་འགྲོས་གནང་བའི་ཐབས་ལམ་གྱི་གཞུང་། སྨོན་ལམ་གྱི་རྡོ་རྗེའི་གླུ། བསྙེན་སྒྲུབ་ཀྱི་འབྲེལ་བཤད་ཡིད་བཞིན་ནོར་བུ། སྔོན་འགྲོའི་ཆོ་ག་།བསྙེན་སྒྲུབ་ཀྱི་ཁྲིད་ཡིག་བཅས་ཟླ་བ་སེང་གེས་མཛད་པ། བསྙེན་སྒྲུབ་གདན་རྫོགས་སུ་སྒོམ་པའི་སྙིང་ཏིག་འབྲུག་པ་པདྨ་དཀར་པོས་མཛད་པ་བཅས། དགུ་པ་བརྒྱུད་སྲོལ་སྣ་ཚོགས་ལས་བྱོན་པའི་གདམས་ངག་ཁྲིད་ཐོར་བུའི་སྐོར་ལ། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་གྲངས་དང་བྱིན་རླབས་ལ་བོད་འདིར་ལུགས་སྲོལ་འདྲ་མིན་གསུམ་ཙམ་བྱུང་ཡང་རྟོག་བཟོས་བསླད་པས་ཆོས་སྤྱན་མངའ་པའི་མཁས་པ་རྣམས་ཐུགས་མི་བརྟོན་ཅིང་། དེ་ལ་པཎྜི་ཏ་དཔའ་བོ་འོད་གསལ་གྱི་ལུགས་ཀྱི་རྒྱ་གཞུང་མེ་ཉག་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་ཀྱིས་བསྒྱུར་བ་འདི་ཉིད་ཁུངས་བཙུན་པ་དང་། ལུགས་དེའི་བྱིན་རླབས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱག་བཞེས་ཀྱི་རྒྱུན་འདི་བླ་མ་རྒྱ་གར་བའི་བཀའ་སྲོལ་རྗེས་གནང་སྤྱི་འགྲོས་ཀྱིས་མ་བསླད་པའི་ཡིད་ཆེས་སུ་སྣང་ལ་དེ་ཉིད་གྲུབ་ཐོབ་རེ་རེ་བཞིན་བྱིན་རླབས་བྱ་བ་ཡིན་མོད་ཀྱི། འདིར་བསྐུར་སྒྲུབ་ཆབ་གཅིག་ཏུ་བྱ་བའི་ཚུལ་བཀོད་པ་འདིའང་བྱ་སླའི་ཆེད་དུ་རང་བཟོ་ཁོ་ན་མ་ཡིན་པ། རྗེ་བླ་མ་འཇམ་དབྱངས་མཁྱེན་
༤༥༨ བརྩེའི་དབང་པོ་ལ་གྲུབ་ཆེན་ལྭ་ཝ་པས་རྗེས་སུ་གདམས་པ་ལྟར་བཀའི་གནང་བ་དམིགས་སུ་སྩལ་ནས་ལག་ལེན་ཡི་གེར་བཀོད་པ་དང་། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་མཆོད་པའི་ཆོ་ག་བླ་མའི་རྣལ་འབྱོར་རྒྱ་གར་ལུགས། གྲུབ་ཐོབ་ཆོས་དྲུག་གི་ཁྲིད་ཡིག་གཞུང་རྙིང་བཅས་བཞུགས། པཎ་ཆེན་ཤྲཱི་པུ་ཏྲ་ལ་བཀའ་བབས་པའི་ཟབ་ཆོས་གཡེར་པོ་ཆེ་གྲུབ་ཆེན་མི་ཏྲ་ཛོ་གིའི་མན་ངག་སྙན་བརྒྱུད་མི་ཏྲ་ཁྲིད་དྲུག་ཏུ་གྲགས་པའི་སྐོར་ལ། དབང་དང་གདམས་སྐོར་གཉིས་ལས། དང་པོ་ནི། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའ་དབང་། དེའི་རྗེས་གནང་། དྲག་པོ་རྟ་མགྲིན་དམར་པོའ་རྗེས་གནང་། འཇམ་དབྱངས། ཕྱག་ན་རྡོ་རྗེ། ཚེ་དཔག་མེད། སྒྲོལ་མ། ཛམྦྷ་ལ་སྟེ་ལྷ་ལྔ་སོ་སོའ་རྗེས་གནང་། བཀའ་སྲུང་བྲག་ལྷ་མགོན་པོའ་རྗེས་གནང་བཅས་ཀྱི་ཡི་གེ། གཉིས་པ་ནི། བརྒྱུད་པའི་རྣམ་ཐར་མདོར་བསྡུས་སུ་བཀོད་པ། སྤྱན་རས་གཟིགས་ཀྱི་ལམ་རིམ་རྡོ་རྗེའི་ཚིག་རྐང་པཎྜི་ཏ་ཤ་རི་པུ་ཏྲས་སྒྲ་རང་འགྱུར་དུ་བསྒྱུར་བ། སྤྱན་རས་གཟིགས་ཀྱི་བསྙེན་སྒྲུབ་དང་དབང་ཆོག་བདུད་རྩིའི་ཆུ་རྒྱུན་ཕྱོགས་གཅིག་ཏུ་བསྡེབས་པ། སྤྱན་རས་གཟིགས་ཀྱི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་བདུད་རྩིའི་དགའ་སྟོན། དེའི་དམིགས་ཁྲིད་མན་ངག་གསེར་གྱི་ཐུར་མ། འཇམ་དབྱངས་སྐུའི་ཁྲིད་ཤེས་རབ་འཕེལ་བ་ཡེ་ཤེས་རྒྱན་གྱི་འཁོར་ལོ། །ཕྱག་རྡོར་ཐུགས་ཀྱི་ཁྲིད་བདུད་དཔུང་འཇོམས་བྱེད། ཚེ་དཔག་མེད་ཡོན་ཏན་གྱི་ཁྲིད་འཆི་མེད་རྡོ་རྗེའི་སྐུ་སྒྲུབ་བྱེད། སྒྲོལ་མ་ཕྲིན་ལས་ཀྱི་ཁྲིད་འཇིགས་པ་བརྒྱད་སྐྱོབ་འཁོར་བ་འཕྲད་སྒྲོལ། ཛམྦྷ་ལའི་ཁྲིད་དངོས་གྲུབ་ཆར་འབེབས། ལམ་རིམ་བརྒྱུད་འདེབས་བྱིན་རླབས་ཆུ་གཏེར་བཅས་འོད་དཔག་རྡོ་རྗེས་མཛད་པ། བྲག་མགོན་གཏོར་ཆོག་གྲགས་པ་རིན་ཆེན་གྱིས་མཛད་པ་བཅས། ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའ་རྗེས་གནང་གི་ཡི་གེ། སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གསུངས་པའི་སེམས་ཉིད་ངལ་གསོའ་རྩ་བ། སྙིང་པོ་དོན་གྱི་ངོ་སྤྲོད། གཅེས་པའི་སྙིང་པོ། རྟོགས་བརྗོད་སུམ་ཅུ་པ། དེའི་འབྲུ་བཤད་
༤༥༩ གཞུང་འགྲེལ་སྙིང་པོ་བསྡུས་པ་རྗེ་བླ་མའི་གསུང་། སེམས་ཉིད་ངལ་གསོའ་རྩ་བ་མདོ་དང་། རྒྱུད་ཀྱི་ལུང་སྦྱོར་བུ་སྟོན་གསུང་། ཁྲིད་ཀྱི་ཟིན་བྲིས་འཇམ་དབྱངས་མཁྱེན་བརྩེས་མཛད་པ། ཁྲིད་ཀྱི་ཉམས་གླུ་བློ་གསལ་བསྟན་སྐྱོང་གསུང་། ཁྲིད་འཆད་ཐབས་རྗེ་བླ་མའི་གསུང་། གསོལ་འདེབས་གནས་སྦྱར་མ། གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་སྤྱན་རས་གཟིགས་ཀྱི་དམར་ཁྲིད་སྙིང་པོ་དོན་གསུམ་གྱི་གཞུང་མན་ངག་དང་བཅས་པ། རྩ་བ་རྡོ་རྗེའི་ཚིག་རྐང་། བརྒྱུད་འདེབས། ཉམས་ལེན་མདོར་བསྡུས་གྲུབ་པ་མཆོག་གི་ཤིང་རྟ། ངག་འདོན་སྙིང་པོ། དམར་ཁྲིད་ཚེམས་བུ་ལུགས་ཀྱི་གསོལ་འདེབས་རྗེ་བླ་མས་མཛད་པ། ཁྲིད་ཡིག་མཁྱེན་རབ་ཆོས་རྗེས་མཛད་པ་མཚན་བཅས། དེའི་ས་བཅད་རྒྱས་པ། བསྐྱེད་རྫོགས་ཉམས་ལེན་སྙིང་པོར་དྲིལ་བ་དང་། ཉམས་ལེན་ཤིན་ཏུ་བསྡུས་པ་རྗེ་བླ་མས་མཛད་པ། དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་བརྒྱུད་འདེབས། ངག་འདོན་སྙིང་པོར་དྲིལ་བ། དཔལ་མོ་ལུགས་ཀྱི་བརྒྱུད་འདེབས་དང་། ངག་འདོན་སྙིང་པོར་དྲིལ་བ་རྣམས་རྗེ་བླ་མས་མཛད་པ། དེའི་ཁྲིད་པད་དཀར་གསུངས། བྱང་སེམས་ཟླ་རྒྱལ་ལུགས་ཀྱི་དམར་ཁྲིད་བརྒྱུད་འདེབས། ཉམས་ལེན་སྙིང་པོ། རྒྱལ་པོ་ལུགས་ཀྱི་བརྒྱུད་འདེབས་སྨིན་ལོས་མཛད་པ། ཉམས་ལེན་སྙིང་པོར་དྲིལ་བ་རྗེ་བླ་མའི་གསུང་། ཐང་རྒྱལ་ལུགས་ཀྱི་ཡིག་དྲུག་ཉམས་ལེན་གཞུང་གསལ་བྱེད་དང་བཅས་པ། གསོལ་འདེབས། ཐང་རྒྱལ་ཉེ་བརྒྱུད་བླ་མའི་རྣལ་འབྱོར་གྱི་གདམས་པ། དེའི་ཁྲིད་ཡིག །ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་ཆེན་ཁྲིད་ཡིག་གྲུབ་པའི་ཞལ་ལུང་། དེའི་སྔོན་འགྲོའི་ངག་འདོན། ཟབ་གསལ་རིང་བརྒྱུད་ཀྱི་གསོལ་འདེབས། རས་ཆེན་དཔལ་འབྱོར་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག །སྔོན་འགྲོ་ངག་འདོན་གསུམ་སྦྱོར། ཐུབ་པ་མདོ་གཅོད་ཀྱི་ཁྲིད་ཡིག་ཟབ་དོན་ཡང་སྙིང་། དམར་འགྱེད་ཞལ་ཤེས། དམིགས་ཁྲིད་ཟིན་བྲིས། དེའི་ངག་འདོན་བཀླགས་པས་གྲུབ་པ། རས་ཆེན་དཔལ་འབྱོར་
༤༦༠ བཟང་པོའ་འཕོ་ཁྲིད་ལོ་རྒྱུས་གདམས་ངག་དང་བཅས་པ། རོང་སྟོན་ཆེན་པོས་ཡུམ་ལ་གནང་བའི་འཕོ་བའི་གདམས་སྐོར་གཞུང་ལྷན་ཐབས་དང་བཅས་པ། འཕོ་ཁྲིད་སྐལ་བཟང་ཐར་པར་འདྲེན་པའི་ལྕགས་ཀྱུ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསར་འགྱུར་བཀའ་བབས་བདུན་གྱི་རྩ་བ་ཁྲིད་དང་རྒྱ་གཞུང་ཚིགས་བཅད་བརྒྱ་རྩ་ལྔ་པ་གྲུབ་ཆེན་ཞི་བ་སྦས་པའི་གཞུང་ལས་རྣལ་འབྱོར་མ་དཱི་ན་ཀ་རས་བསྡུས་པ། དེའི་ཁྲིད་ཡིག་རྗེ་བཙུན་རིན་པོ་ཆེའི་གསུང་རྒྱལ་ཚབ་ཡེ་ཤེས་རྒྱ་མཚོས་ཟིན་བྲིས་སུ་བཏབ་པ། བཀའ་བབས་བདུན་གྱི་བརྒྱུད་འདེབས་བཅས། མེ་ཏོག་བཅུད་ལེན་གྱི་གདམས་པ་རིམ་པ་ལྔ། ཆུའི་བཅུད་ལེན་གྱི་གདམས་པ། སྙན་བརྒྱུད་རྡེའུ་དང་མེ་ཏོག་བཅུད་ལེན་འདོན་ཁྲིད་སྦྲགས་མ་རྣམས་སོ། །ཐ་མར་དགེ་བ་མི་ཆ་ལུགས་ཀྱི་ཚེ་དཔག་མེད་དཀར་པོའ་རྗེས་གནང་། ཏེ་པུ་པའི་ཉེ་བརྒྱུད་ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན། གཙུག་ཏོར་རྣམ་པར་རྒྱལ་མའི་རྗེས་གནང་། རྣམ་རྒྱལ་སྟོང་མཆོད་ཆོ་ག་རྗེ་བཙུན་རིན་པོ་ཆེས་མཛད་པ། སྒྲོལ་དཀར་བ་རི་ལུགས་ཀྱི་རྗེས་གནང་། དེའི་ཚེ་ཁྲིད་རིང་འཚོའ་བསིལ་སྦྱིན། ཉམས་ལེན་སྙིང་པོ་བསྡུས་པ། ཚེ་ལྷ་རྣམ་གསུམ་གཅིག་བསྡུས་ཀྱི་རྗེས་གནང་། ཚེ་ལྷ་རྣམ་གསུམ་མཆོད་པའི་ཆོ་ག་རྗེ་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ་རྣམས་བཞུགས།། ༈ །།དགུ་པ་དེ་དག་ཐམས་ཅད་ཀྱི་རྒྱབ་བརྟེན་ཏུ་གྱུར་པ་ཇོ་ནང་རྗེ་བཙུན་འཇམ་མགོན་གྲུབ་པའི་དཔའ་བོ་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའ་སྡེས་བསྒྲིགས་པའི་ཟབ་ཁྲིད་བརྒྱ་རྩ་བརྒྱད་ཀྱི་གླེགས་བམ་ལ། ཁྲིད་བརྒྱ་བརྒྱུད་པའི་གསོལ་འདེབས་རྩ་བ་གྲོལ་མཆོག་གི་གསུང་ཉིད་ཞལ་གསལ་དུ་སྤེལ་བ། ཁྲིད་བརྒྱའི་ཁུངས་གླེང་བ། སོ་སོའ་ལོ་རྒྱུས་ཀྱི་ཡི་གེ་རྗེ་བཙུན་རིན་པོ་ཆེས་ཁ་སྐོང་མཛད་པ། ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ། ཟབ་ཁྲིད་བརྒྱ་རྩ་བརྒྱད་ཀྱི་གཞུང་། ཁྲིད་བརྒྱའི་ས་འགྲེལ་ཡ་མཚན་འཕྲུལ་གྱི་ལྡེའུ་མིག །ཁྲིད་བརྒྱའི་མཚན་སྡོམ། པོད་
༤༦༡ དབང་བསྐུར་ཚུལ་ཞྭ་ལྭ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་གིས་མཛད་པ་རྣམས་སོ།། ༈ །།ལྔ་པ་དེ་དག་གང་ལས་བརྒྱུད་པའི་རིམ་པ་མདོར་བསྡུས་སྨོས་པ་ལ་དགུ། དང་པོ་སྔ་འགྱུར་རྙིང་མའི་སྐོར་གྱི་ཐོག་མ། ལམ་རིམ་ཆུང་བ། མན་ངག་ལྟ་ཕྲེང་། མ་མོ་ལས་ཐིག་རྣམས་པར་སྐབས་ནས་ཚིག་བརྒྱུད་ལྟ་ཞོག །དཔེ་རྒྱུན་ཙམ་ཡང་དཀོན་པར་གྱུར་ཀྱང་རྗེ་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དོན་བརྒྱུད་བར་མ་ཆད་པའི་ཡོངས་འཛིན་ཁུངས་ལྡན་རྣམས་ལས་གསན། རྗེ་ཉིད་ལ་བཀའ་བབས་ཆེན་པོ་བདུན་བཞུགས་པའི་དང་པོའ་མཚན་གཞི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རིང་ལུགས་རྣམས་ཡིན་པས་ཉེ་བརྒྱུད་ཀྱི་ལྗགས་ལུང་བཤད་ཁྲིད། རྗེས་སུ་གནང་བ་བཅས་ལེགས་པར་སྩལ་བའོ། །འོག་ནས་རིམ་པར་འབྱུང་བའི་གཞུང་རྙིང་རྗེ་བླ་མ་མཁྱེན་བརྩེའི་ཞལ་སྔ་ནས་བཀའ་དྲིན་ཏུ་ནོས་པ་ཐམས་ཅད་ཀྱི་བརྒྱུད་པའང་འདི་བཞིན་ཏུ་འདྲེན་དགོས་སོ། །ཀུན་མཁྱེན་ཀློང་ཆེན་པའི་སྒྱུ་འཕྲུལ་སྙིང་པོའ་དོན་ཁྲིད་ནི་མཛད་པ་པོ་ནས་རིམ་པར་བརྒྱུད་ཚུལ་སྨིན་གླུང་གཏེར་ཆེན་གསན་ཡིག་ལྟར་ལ། འགྱུར་མེད་རྡོ་རྗེ་ནས། རིན་ཆེན་རྣམ་རྒྱལ། ཤྲཱི་ནཱ་ཐ། འཇིགས་མེད་གླིང་པ། བྱང་ཆུབ་རྡོ་རྗེ། ཆོས་ཀྱི་བློ་གྲོས། རིག་པའི་རྡོ་རྗེ། མཁན་པདྨ་བཛྲ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེས་བདག་ལའོ། །བདེ་བ་གསལ་མཛད་ཀྱི་རྣལ་འབྱོར་བཞི་རིམ་ཡང་རྗེ་བླ་མ་དེ་ཉིད་ནས་འདི་གྲལ་དུ་འཇོག་རྒྱུ་བཀའ་དྲིན་སྩལ་ཡང་སྐབས་འདིར་དཔེ་མ་རྙེད། སླར་རྙེད་ན་འཛུད། འདུས་མདོ་ལས་བྱུང་བའི་ངང་སྒོམ་གྱི་ཁྲིད་ནི་བརྒྱུད་ཚུལ་སྨིན་ལུགས་ལྟར་ལ། གཏེར་ཆེན་ནས་རིམ་པར། ཤྲཱི། རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཕྲིན་ལས་རྣམ་རྒྱལ། རིག་འཛིན་དཔལ་འབྱོར་རྒྱ་མཚོ། འཇིགས་མེད་ངོ་མཚར། ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེ། རྒྱལ་སྲས་རིག་པའི་རྡོ་རྗེ། མཁན་དམ་ཆོས་འོད་ཟེར། ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ། དེ་ལས་ནོས། ཡང་ཟུར་གྱི་བརྒྱུད་འཛིན་།།།་
༤༦༢ མི་ཏྲ་ནས་ཀཿཐོག་པ་བྲའོ་ཆོས་འབུམ་གྱིས་གསན་ནས་མདོ་ཁམས་སུ་རིམ་པར་བརྒྱུད་པའི་སྨིན་གྲོལ་ཡང་རྡོ་རྗེ་འཛིན་པ་པདྨ་གསང་སྔགས་བསྟན་འཛིན་ལས་ནོས་པའོ། །རྫོགས་པ་ཆེན་པོ་ཕྱི་སེམས་སྡེ་ལས་ཀུན་བྱེད་རྒྱལ་པོའ་རྒྱུད་ལེའུ་སོ་བདུན་པ་ཁོལ་ཕྱུང་གི་བརྒྱུད་པ་ནི། རྙིང་རྒྱུད་སྨིན་གླིང་གཏེར་ཆེན་གསན་ཡིག་ལྟར་ལ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ནས། བོན་ལུང་བ་ཚུལ་ཁྲིམས་རྒྱལ་མཚན། ཐུགས་སྲས་བསྟན་འཛིན་འགྱུར་མེད། གསུང་སྤྲུལ་ངག་དབང་ཀུན་བཟང་རྡོ་རྗེ། ཐུགས་སྲས་འགྱུར་མེད་མཆོག་གྲུབ་དཔལ་འབར། གསུང་སྤྲུལ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ། མཁན་ཆེན་ཨོ་རྒྱན་བསྟན་འཛིན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཐམས་ཅད་མཁྱེན་པ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དཔལ་བཟང་པོ། དེས་བདག་ལའོ། །དེའི་མཆན་ཆུང་དང་། སེམས་སྡེའི་སློབ་དཔོན་བཅོ་བརྒྱད་ཀྱི་རྡོ་རྗེའི་གླུ་དང་། རྡོ་ལ་གསེར་ཞུན་རྣམས་ནི་རྗེ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་དྲིན་ཏུ་སྩལ། རྫོགས་པ་ཆེན་པོ་རྒྱལ་ཐབས་སྤྱི་བླུགས་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་བཙན་ཐབས་སུ་ངོ་སྤྲོད་པ་རིག་པའི་རྩལ་དབང་བཅོ་བརྒྱད་ཀཿཐོག་པ་རྨོག་སྟོན་རྡོ་རྗེ་དཔལ་བཟང་པོའ་ཡིག་ཆའི་སྟེང་ནས་བསྐུར་བའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་གསང་བདག་ཕྱག་རྡོར། སློབ་དཔོན་དགའ་རབ་རྡོ་རྗེ། མཁས་པ་ཉི་ཤུ་རྩ་གཅིག །སྒྲ་བསྒྱུར་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། གཉག་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས། གནུབས་སངས་རྒྱས་ཡེ་ཤེས། གནུབས་ཡེ་ཤེས་རྒྱ་མཚོ། ཉང་ཤེས་རབ་མཆོག །ཉང་ཡེ་ཤེས་འབྱུང་གནས། ཟུར་ཆེན་།།།་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། སྐྱོ་སྟོན་།།།་ཡེ་ཤེས། སྒྲོ་ཕུག་པ་།།།་སེང་གེ། འགྲོ་མགོན་དམ་པ་།།།་རྒྱལ། མཁས་པ་ལྕེ་སྟོན་ཡབ་སྲས། ལྕེ་སྟོན་ཟུང་ངེ། སྲས་སྟོན་བཀྲ་ཤིས། བླ་མ་ཐང་སྟོན་འབུམ་ཡེ། ཆོས་རྗེ་བླ་སྐྱབས་
༤༦༣ རྡོ་རྗེ། དྲིན་ཅན་མཁས་པ་ཆེན་པོ། མཁའ་འགྲོ་དཔལ་གྱི་ཡེ་ཤེས། མ་གཅིག་དྲིན་ཅན་ཟུར་མོ། །ཟུར་ཧྭཾ་།།།་འབྱུང་གནས། ཟུར་མོ་དགེ་འདུན་འབུམ། ཟུར་།།།་བཤེས་གཉེན། མཁས་གྲུབ་བྲའོ་ཆོས་འབུམ། བཤེས་གཉེན་དཀོན་མཆོག་བཟང་པོ། ཀཿཐོག་པ་རྡོ་རྗེ་བཟང་པོ། དར་ལུང་པ་རྡོ་རྗེ་རྣམ་རྒྱལ། ཁྱུང་ཚང་བ་བློ་གྲོས་དཔལ་ལྡན། དབང་སྟོན་ཀརྨ་གུ་རུ། བྱ་བཏང་ཀུན་བཟང་དཔལ་འབྱོར། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ལོ་ཆེན་ཆོས་རྒྱལ་བསྟན་འཛིན། གཏེར་ཆེན་འགྱུར་མེད་རྡོ་རྗེ་ལའོ། །འདི་ལས་བརྒྱུད་སྲོལ་མང་དུ་འདུས་པའི་ཚུལ་ནི་གསན་ཡིག་ལས་རྟོགས་པར་བྱའོ། །གཏེར་ཆེན་ནས། ཤྲཱི། རིན་ཆེན་རྣམ་རྒྱལ། ཨཽ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། པདྨ་དབང་རྒྱལ། ནམ་མཁའི་རྡོ་རྗེ། བསྟན་འཛིན་འཕེལ་རྒྱས། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའ་ཞལ་སྔ་ནས་བཀའ་དྲིན་ཏུ་སྩལ་བའོ། །ཡང་གཏེར་ཆེན་ནས། ལོ་ཆེན། མི་འགྱུར་དཔལ་སྒྲོན། རིན་རྣམ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། པདྨ་དབང་རྒྱལ། དེ་ལས་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ཀྱིས་གསན་པའོ། །སེམས་སྡེའི་བཀའ་སྲོལ་གཙོ་ཆེ་བ་གསུམ་གྱི་ནང་ཚན་ཉང་ལུགས་ཀྱི་ཁྲིད་ཡིག་སོག་ཟློག་པ་བློ་གྲོས་བཟང་པོས་མཛད་པའི་སྟེང་ནས་བཤར་ཁྲིད་འབྲུ་ལུང་གི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སིཾ་ཧ། བཻ་རོ། གཡུ་སྒྲ། གཉགས་ཛྙཱ་ན། དཔལ་ཡེ། གནུབས་ཆེན། གནུབས་ཡོན་ཏན་རྒྱ་མཚོ། ཉང་ཤེར་མཆོག །ཉང་ཡེར་འབྱུང་། ཟུར་ཆེ་ཆུང་། སྐྱོ་སྟོན། སྒྲོ་ཕུག་པ། ལྕེ་སྟོན་རྒྱ་ནག་པ། དབུས་པ་ཞིག་པོ། ཞིག་པོ་བདུད་རྩི། རྟ་སྟོན་ཇོ་ཡེས། རྟ་སྟོན་གཟི་བརྗིད། སྐྱེ་མེད་དམ་པ་སངས་རྒྱས། མཉམ་མེད་སྤྲུལ་སྐུ་ཆེན་པོ། ཟུར་བྱམས་སེང་། ཟུར་མོ་མཁས་བཙུན་སངས་རྒྱས། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། སྒྲོལ་
༤༦༤ མ་བ་སངས་རྒྱས་རིན་ཆེན། རྒྱལ་སྲས་ཐུགས་མཆོག་རྩལ། གྲགས་པ་དཔལ་འབྱོར། བློ་གྲོས་རབ་ཡངས། བླ་ཆེན་རྡོ་རྗེ་འཆང་། ལྷ་རྗེ་བློ་གྲོས་བཟང་པོ། རྡོ་རྗེ་ཡེ་ཤེས། སིདྡྷི་བཛྲ། གཏེར་ཆེན་རྗེ་ཕྱིན་ཆད་གོང་གི་དབང་བརྒྱུད་དང་འདྲ། སེམས་སྡེའི་བརྒྱུད་འདེབས་ཀྱང་མཛད་པ་པོ་ཕྱིན་ཆད་གོང་བཞིན་ནོ། །སེམས་སྡེ་ཁམས་ལུགས་ཀྱི་ཁྲིད་ཀཿཐོག་པ་སྤྱན་སྔ་ནམ་མཁའ་རྡོ་རྗེས་མཛད་པའི་ཁྲིད་ཡིག་སྒྱུ་འཕྲུལ་པྲ་ཁྲིད་ལྟར་ཁྲིད་ལུང་སྦྲགས་མའི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། འཇམ་བཤེས། དྷ་ཧེ་ཏ་ལ། ཨིནྡྲ་བྷཱུ་ཏི། གོ་མ་དེ་བ། རབ་སྣང་བརྟན། ཚོགས་བདག །ཀླུ་སྒྲུབ། རྡོ་རྗེ་ལེགས་པ་རྩལ། ཀུ་ཀུ་རཱ་ཛ། ཐོར་ཚུགས་དགུ་པ། མར་མེ་མཛད། ཤྲཱི་སིཾ་ཧ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། གསལ་རབ་ཆེན་པོ། རྨ་དཔལ་གྱི་རྒྱལ་པོ། གཉན་བྱང་ཆུབ་ཤེས་རབ། ཡོན་ཏན་འབྱུང་གནས། ཅོག་རོ་སྒོམ་ཆུང་། བྱམས་པ་སྒོམ་ཆེན། བྱང་སྟོན་རྣམ་དག །དམ་པ་བདེ་གཤེགས། ཆོས་རྗེ་གཙང་སྟོན། བྱམས་པ་འབུམ། ཡེ་ཤེས་འབུམ། གཡན་པ་རིན་པོ་ཆེ། བོ་དྷི་ཤྲཱི། བཛྲ་ཤྲཱི། ཡང་བྱམས་པ་ཆེན་པོ་ནས། ཙ་སྡེ་སྤྱན་སྔ་བ། དྲུང་ཐུགས་རྗེ་ཡེ་ཤེས། སྟོན་པ་དབང་འབྱོར་པ། བཛྲ་ཤྲཱི་སྟེ། གཡན་པ། བྱང་དཔལ། རྨོག་སྟོན་རྡོ་རྗེ་དཔལ་གསུམ་ཀ་ལས་དཔལ་འབར་བ་ནམ་མཁའ་རྡོ་རྗེས་ཞུས། དེ་ནས་དཔལ་འབུམ། རིན་ཆེན་དཔལ་བ། བློ་གྲོས་བཟང་པོ། བསོད་ནམས་དོན་གྲུབ། ནམ་མཁའ་རྒྱ་མཚོ། དབང་དྲག་རྒྱ་མཚོ། ཆོས་ཉིད་རྒྱ་མཚོ། བྱང་ཆུབ་རྒྱལ་མཚན། དབོན་ཨོ་རྒྱན་རྣམ་རོལ། དྲུང་ནམ་མཁའ་རྒྱ་མཚོ། བློ་གསལ་རྒྱ་མཚོ། ཆོས་ཀྱི་རྡོ་རྗེ། ཚེ་དབང་མཆོག་གྲུབ། དཀོན་མཆོག་ཐུབ་བསྟན་རྒྱ་མཚོ། འགྱུར་མེད་བསྟན་འཛིན། མཆོག་སྤྲུལ་ཐུབ་བསྟན་རྒྱལ་མཚན། ཀུན་བཟང་རྡོ་རྗེ་གཟི་བརྗིད། དེས་བདག་ལ་བཀའ་དྲིན་ཏུ་སྩལ་བའོ། །རྫོགས་པ་ཆེན་པོ་སེམས་སྡེ་ཁམས་ལུགས་ཨ་རོ་སྙན་བརྒྱུད་ཀྱི་ཁྲིད་ཞྭ་དམར་
༤༦༥ མཁའ་སྤྱོད་དབང་པོས་མཛད་པའི་མཁའ་དབྱིངས་སྙིང་པོའ་བདེ་ཁྲིད་ཀྱི་ཁྲིད་ལུང་བརྒྱུད་པ་ནི། ཐུབ་དབང་། ལྷའི་བུ་སེམས་ལྷག་ཅན། དགའ་རབ་རྡོ་རྗེ། ཤ་བ་རི་དབང་ཕྱུག །མཻ་ཏྲི་པ། ཤྲཱི་སིཾ་ཧ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། གཉགས་ལོ་ཡེ་ཤེས་གཞོན་ནུ། སྤྲུལ་པའི་སྐུ་ཨ་རོ་ཡེ་ཤེས་འབྱུང་གནས། ཡ་ཟི་བོན་སྟོན། ཅོག་རོ་ཟངས་དཀར་བ། བློ་གྲོས་འབྱུང་གནས། ཀོང་རབ་འཚོ་ལྡན་དར་མ་བ། ལྕེ་སྒོམ་ནག་པོ། བླ་མ་འདི་དང་གསར་མ་ལ་གྲགས་པ་དང་མི་གཅིག །བྲག་དཀར་བ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་ཆེན། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྴི། གཉན་རས་དགེ་འདུན་འབུམ། ཀུན་མཁྱེན་རང་བྱུང་རྡོ་རྗེ། རྟོགས་ལྡན་གྲགས་པ་སེང་གེ། རི་ཁྲོད་པ་དར་མ་རྒྱལ་བ། མཁའ་སྤྱོད་དབང་པོ། བླ་མ་།།།་གྲགས་པ། ཆོས་དཔལ་ཡེ་ཤེས། འདི་ཡན་ཉམས་ཁྲིད་བརྒྱུད་པ་བར་མ་ཆད་དུ་བྱོན། དེ་ནས་རྗེ་མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །མ་ཎི་བ་ཀརྨ་གསུང་རབ། རབ་འབྱམས་པ་ཀརྨ་རྡོ་རྗེ། དྷཱི་ཚ་ཀརྨ་ཕྲིན་ལས་དབང་པོ། ཀུན་གཟིགས་།།།་ཀ་ར། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། རྗེ་བླ་མ་ཀརྨ་བསྟན་པའི་ཉི་མའི་ཞལ་སྔ་ནས་བདག་ལའོ། །ཉེ་བརྒྱུད་ནི། ཨ་རོ་ཡེ་འབྱུང་། སྦ་སྒོམ་བསོད་ནམས་སྙིང་པོ། དུས་གསུམ་མཁྱེན་པ་སོགས་སོ། །ཡང་ན། ཀུན་བཟང་། རྡོར་སེམས། དགའ་རབ། ཤྲཱི་སིཾ། བཻ་རོ། གཡུ་སྒྲ། ཡེ་ཤེས་འབྱུང་གནས། ཡ་སེ་བོན་སྟོན། གྲུ་གུ་གློག་འབྱུང་། སྦ་སྒོམ་བསོད་ནམས་སྙིང་པོ། དམ་པ་མཛེས་སྒོམ་ཞིག་པོ། རྟོགས་ལྡན་འབའ་ར་སྒོམ་ཆེན། ཇོ་མོ་ཉང་མོ། །དམ་པ་།།།་རྒྱལ། དེ་ལས་དབུས་བསྟོན་།།།་དང་། དབུས་པ་ཞིག་པོ་གཉིས། གསུམ་ཀ་ལས་སྤྱི་མཁར་ལྷ་རྗེ་ལྷ་ཁང་པ་ཡོན་ཏན། ཞིག་པོ་བདུད་རྩི། རྟ་སྟོན་ཇོ་ཡེས། རྟ་སྟོན་གཟི་བརྗིད་
༤༦༦ གྲགས། གཡུང་སྟོན་རྡོ་རྗེ་དཔལ། རྒྱལ་དབང་རོལ་པའི་རྡོ་རྗེ། རྟོགས་ལྡན་མཁའ་སྤྱོད་དབང་པོ་མན་འདྲ། ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའ་དོན་ཁྲིད་རིན་ཆེན་གྲུ་བོའ་ལུང་ཁྲིད་ཀྱི་བརྒྱུད་པ་ནི། སྟོན་པ་ཀུན་བྱེད་རྒྱལ་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིཾ་ཧ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། ཅོག་རོ་སྐྱེས་བཟང་སྨིན་ལེགས། འབྲོམ་ལེགས་པའི་བློ་གྲོས། རྦ་རྒྱལ་བའི་དབང་པོ། མཚུར་མཆོག་གི་བླ་མ། དྲུང་ཡེ་ཤེས་དབང་པོ། ཟུར་པ་རིན་ཆེན་གྲགས། ལྕེ་དགའ་བའི་དབང་པོ། སྙན་རིན་ཆེན་རྩེ་མོ། །ཆོས་རྗེ་ཀུན་དགའ་དོན་གྲུབ། གཞོན་ནུ་གྲུབ། ཡེ་ཤེས་དབང་པོ། དྲི་མེད་འོད་ཟེར། བདེ་ལེགས་རྒྱ་མཚོ། མ་ཏི་མངྒ་ལ། ཡོན་ཏན་དཔལ་བ། བསམ་འགྲུབ་རྒྱ་མཚོ། ནམ་མཁའ་གཞོན་ནུ། ནམ་མཁའ་ཀློང་ཡངས། མ་ཏི་དྷྭ་ཛ། སྣ་ཚོགས་རང་གྲོལ། ཁྱབ་བརྡལ་ལྷུན་གྲུབ། ཀུན་བཟང་རྣམ་རྒྱལ། རྡོ་རྗེ་དཔའ་བོ། ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། རིག་འཛིན་བཟང་པོ། མཁན་པདྨ་མངྒ་ལ། གཞན་ཕན་མཐའ་ཡས། ཀུན་མཁྱེན་གསུམ་པ། དེས་བཀའ་དྲིན་ཏུ་སྩལ་ཏོ། །རྫོགས་པ་ཆེན་པོ་ནང་ཀློང་སྡེའི་སྐོར་ལ། ཀློང་ཆེན་རབ་འབྱམས་རྒྱལ་པོའ་རྒྱུད་སྙིང་ལེའུ་བཞི་པའི་བརྒྱུད་པ་ནི། གོང་གི་སེམས་སྡེའི་རྒྱུད་དུ་མ་དང་འདྲ། སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པ། མཐའ་རྟེན་ཚེ་དབང་། བཀའ་སྲུང་འབར་མ་མེ་གདོང་ཅན་གྱི་བཀའ་གཏད། འོལ་བ་ཇོ་སྲས་ཀྱི་བཅུད་རྒྱ་སྒོམ་གྱི་བཅུད་དུ་བླུགས་པ་དང་། ཞྭ་དམར་སྤྱན་སྔ་ཆོས་གྲགས་ཀྱིས་མཛད་པའི་སྙན་བརྒྱུད་ཁྲིད་ཡིག་སྐལ་བཟང་མིག་འབྱེད་ཀྱི་དམིགས་ཁྲིད། རྡོ་རྗེ་ཟམ་པའི་གཞུང་མན་ངག་ཞལ་གདམས་དང་བཅས་པ། ཟམ་ཆུང་བསྡུས་པ་སྙན་བརྒྱུད་རིན་པོ་ཆེ་ཉམས་ཀྱི་ཕྲེང་བ། ཁྲིད་ཡིག་གཉིས་བཅས་དབང་ལུང་ཁྲིད་གསུམ་ཀའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རྡོར་སེམས། སྤྲུལ་སྐུ་སེམས་ངག་ལྷའི་ནོར་བུ། དགའ་རབ་རྡོ་རྗེ། འཇམ་དཔལ་
༤༦༧ བཤེས་གཉེན། ཤྲཱི་སིཾ་ཧ། ལོ་ཆེན་བཻ་རོ། །སྤང་མི་ཕམ་མགོན་པོ། ངན་ལམ་བྱང་ཆུབ་རྒྱལ་མཚན། ཟང་མ་རིན་ཆེན་དབྱིག །ཁུ་འགྱུར་གསལ་བའི་མཆོག །ཉང་བྱང་ཆུབ་གྲགས། ཉང་ཤེས་རབ་འབྱུང་གནས། སྦ་སྒོམ་ཡེ་ཤེས་བྱང་ཆུབ། འཛེང་བོ་དྷི། འཛིང་དཀར་ཇོ་སྲས། སློབ་དཔོན་ཀུན་བཟང་རྡོ་རྗེ། སངས་རྒྱས་སྡོང་པོ། སྐྱེ་ཚེ་ཡེ་ཤེས་བྱང་ཆུབ། གཟིགས་ཡེ་ཤེས་དབང་པོ། མཁན་ཆེན་ངུར་པ་བསོད་ནམས་འོད། ངུར་སྟོན་བཛྲེ་ཤྭར། བསོད་ནམས་རྒྱལ་མཚན། ཤེས་རབ་རྒྱལ་མཚན། གཞོན་ནུ་ཤེས་རབ། གཞོན་ནུ་གྲགས་པ། སངས་རྒྱས་བཟང་པོ། བརྩོན་འགྲུས་དབང་ཕྱུག །མཐའ་བཞི་གྲགས་པ་རིན་ཆེན། བླ་ཆེན་།།།་རྒྱལ་པོ། འགོས་ལོ་གཞོན་ནུ་དཔལ་བ། ཞྭ་དམར་སྤྱན་སྔ་ཆོས་གྲགས། ཤེལ་བྲག་པ་ཆོས་ཀྱི་བློ་གྲོས། ཁྱུང་ཚང་བ་བློ་གྲོས་དཔལ་ལྡན། དཔང་སྟོན་ཀརྨ་གུ་རུ་པ། དཔང་སྟོན་ཆོས་དབང་ལྷུན་གྲུབ། ཆོས་དབང་ཀུན་བཟང་། དཔང་སྟོན་ཀུན་བཟང་ཆོས་རྒྱལ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཨཽ་ཌཱི་ཡ་ན། འགྱུར་མེད་རིག་འཛིན་བཟང་པོ། བྱང་སེམས་པདྨ་མངྒ་ལ། མཁས་གྲུབ་རིག་པའི་རྡོ་རྗེ། ཀུན་མཁྱེན་བླ་མ་མཉྫུ་གྷོ་ཥའི་ཞལ་སྔ་ནས་བཀའ་དྲིན་ཏུ་སྩལ་བའོ། །གཏེར་ཆེན་གྱིས་མཛད་པའི་ཀློང་སྡེའི་བརྒྱུད་འདེབས་ཀྱང་མཛད་པ་པོ་ཕྱིན་གོང་དང་འདྲའོ། །གསུམ་པ་གསང་སྐོར་འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་གནད་ཀྱི་བཅུད་ཕུར་སངས་རྒྱས་ཀྱི་འདས་རྗེས་གསུམ་པ་རིག་འཛིན་རྣམ་བཞིའི་ཞལ་ཆེམས་རྣམ་ཀྱི་བརྒྱུད་པ་ནི་འོག་གི་དབང་ཁྲིད་དང་འདྲ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བཟང་པོས་མཛད་པའི་བླ་མ་ཡང་ཏིག་གི་དབང་སྤྲོས་བཅས་སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་རྣམ་པ་བཞི་དང་། གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་ལྟར་གྱི་སྨིན་ཁྲིད་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། རྒྱལ་བ་ཞི་ཁྲོ་རབ་འབྱམས། བདེ་
༤༦༨ གཤེགས་རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། དུས་གསུམ་ཀུན་མཁྱེན་པདྨཱ་ཀ་ར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཏིང་འཛིན་བཟང་པོ། ལྡང་མ་ལྷུན་རྒྱལ། སེང་གེ་དབང་ཕྱུག །རྒྱལ་བ་ཞང་སྟོན། མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། སེང་གེ་རྒྱབ་པ། མེ་ལོང་རྡོ་རྗེ། ཀུ་མ་རཱ་ཛ། ཀློང་ཆེན་རབ་འབྱམས། ཁྱབ་བརྡལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དཔོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའ་ཞལ་སྔ་ནས་བཀའ་དྲིན་ཆེན་པོས་སྩལ་བའོ། །སྤྲོས་བཅས་སོགས་དབང་ཆོག་བཞི་ཆ་ལག་དང་བཅས་པ། ཚོགས་མཆོད་ཡིད་བཞིན་རྒྱ་མཚོ་རྣམས་ཀྱི་ལུང་བརྒྱུད་ཀྱང་གོང་དང་འདྲ། ཟབ་མོ་ཡང་ཏིག་ལས་བྱུང་བའི་སྙན་བརྒྱུད་ཐིག་ལེ་སྐོར་གསུམ་གྱི་དབང་། དབང་གི་ལག་ལེན་གསལ་བའི་སྒྲོན་མེ། མཆོག་གསང་ལག་ཁྲིད་ཆེན་མོ་དང་ལག་ཁྲིད་སྙིང་པོ་བཅས་བཤར་ཁྲིད་འབྲུ་ལུང་གི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། འཇམ་བཤེས། ཤྲཱི་སིཾ། བི་མ་ལ་མི་ཏྲ། ཉང་ཏིང་འཛིན་བཟང་པོ། །སྦས་བློ་གྲོས་དབང་ཕྱུག །འབྲོ་རིན་ཆེན་འབར་བ། ལྡང་མ་ལྷུན་གྱི་རྒྱལ་མཚན། ལྕེ་བཙུན་སེང་གེ་དབང་ཕྱུག །གུ་རུ་ཤངས་པ་རས་པ། བླ་མ་ཟབ་དོན་ཆོས་འབར། དམ་པ་གྱེར་སྟོན་ཡབ་སྲས། གཉེན་སྟོན་ཤེས་རབ་རྩེ་མོ། །ཡོན་ཏན་སྒང་གི་སྤྲུལ་སྐུ་མཆེད་གཉིས། རྒྱ་སྨན་མིག་བཞི་པ་ནམ་མཁའ་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། ཀུན་མཁྱེན་འོད་ཟེར་གོ་ཆ། བདེ་ལེགས་རྒྱ་མཚོ། མ་ཏི་མངྒ་ལ། བྱང་སེམས་ཡོན་ཏན་དཔལ། སྤྲུལ་སྐུ་བསམ་འགྲུབ་
༤༦༩ རྒྱལ་པོ། ཤངས་པ་རས་ཆེན། ནམ་མཁའ་གཞོན་ནུ། །མཁའ་ཀློང་ཡངས་པ། སྨན་རྩེ་བ་བློ་གྲོས་རྒྱལ་མཚན། རྒྱལ་སྲས་ཤེས་རབ་རྒྱལ་མཚན། ཚུལ་ཁྲིམས་སངས་རྒྱས། འོད་གསལ་མཆོག་དབྱངས། འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །མགོན་པོ་བསོད་ནམས་མཆོག་ལྡན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། པདྨ་བསྟན་འབྱུང་འགྱུར་མེད། དཔའ་བོ་གཙུག་ལག་ཆོས་རྒྱལ། རྫོགས་ཆེན་ལ་ཨོ་རྒྱན་ཆོས་འཕེལ། རྟོགས་ལྡན་ཀརྨ་འཕེལ་རྒྱས། སྤྲུལ་པའི་སྐུ་ཀརྨ་གཞན་ཕན་བསྟན་པ་དར་རྒྱས་ལས་བདག་གིས་སོ། །ཟབ་དོན་སྙིང་པོའ་ཁྲིད་ཡིག་རིན་ཆེན་གསེར་ཕྲེང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རིགས་ལྔ། སྤྲུལ་སྐུ་རྡོར་འཆང་། སྟོན་པ་རྡོ་རྗེ་སེམས་དཔའ། དགའ་རབ། ཤྲཱི་སིང་། པདྨ་ཐོད་ཕྲེང་། ཡེ་ཤེས་མཚོ་རྒྱལ། ལྷ་ལྕམ་པདྨ་གསལ། ལས་འབྲེལ་རྩལ། ལེགས་ལྡན་པ། ཀུན་མཁྱེན་དྲི་མེད་འོད་ཟེར། བདེ་ལེགས་རྒྱ་མཚོ། མཚུངས་མེད་ཡོན་ཏན་དཔལ་བ། སངས་རྒྱས་རིན་ཆེན། སངས་རྒྱས་རྒྱལ་མཚན། རྫ་ཡིག་ཚུལ་རྒྱལ། བསོད་ནམས་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་ཕྱིན་བླ་མ་ཡང་ཏིག་ལྟར་དྲངས་ཀྱང་ཆོག་ལ། ཡང་ན་གོང་གི་འདས་རྗེས་དང་ཞལ་ཆེམས་རྣམས་ཀྱི་བརྒྱུད་པ་ལྟར་རོ། །ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསུང་རབས་ལས་བྱུང་བའི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའ་གནས་གསུམ་དགེ་བ་གསུམ་གྱི་དོན་ཁྲིད། བཀའ་ཐོར་བུ་ལས་བྱུང་བའི་རང་གྲོལ་སྐོར་གསུམ་གྱི་ཁྲིད་ལུང་གི་བརྒྱུད་པ་ནི། མདོ་སྔགས་སོ་སོའ་བརྒྱུད་ལུགས་གོང་མ་རྣམས་ཀྱི་གསན་ཡིག་ཏུ་གསལ་བ་ལྟར་ལ། ཀློང་ཆེན་རབ་འབྱམས་ནས། ལྡན་སྒོམ་ཆོས་ཀྱི་གྲགས་པ། ངལ་པ
༤༧༠ སྟོན་པ། ཆོས་གྲགས། བསོད་ནམས་དཔལ་འབྱོར། སྨན་རྩེ་བ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ་སོགས་གོང་གསལ་སྒྱུ་འཕྲུལ་སྙིང་པོའ་དོན་ཁྲིད་ལྟར་རྗེ་རིན་པོ་ཆེ་མཁྱེན་བརྩེའི་དབང་པོའ་ཞལ་སྔ་ནས་དང་། ལྷོ་བྲག་གསུང་སྤྲུལ་སོགས་ནས་རྫོགས་ཆེན་ཕྱོགས་ལ་བརྒྱུད་པ་རྗེ་བླ་མ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་ཀྱང་ཐོས་སོ། །དོང་སྤྲུགས་ཁྲིད་ཡིག་མཛད་པ་པོ་ནས་སྨིན་གླིང་ཁྲི་བརྒྱུད་སྤྱི་ལྟར་བརྒྱུད། ཕྲིན་ལས་ཆོས་སྒྲོན། ཁྱབ་བདག་མཁྱེན་བརྩེའི་དབང་པོ་ལས་ནོས། བཀའ་སྲུང་ཨེ་ཀ་ཛ་ཊི་སྡེ་བདུན་གྱི་རྗེས་གནང་གི་བརྒྱུད་པ་ནི། ཀློང་ཆེན་པ་ཡན་སྙིང་ཐིག་སྤྱི་བརྒྱུད་ལྟར་ལ། དེ་ནས་བདེ་ལེགས་རྒྱ་མཚོ། མ་ཏི་མངྒ་ལ། ཡོན་ཏན་དཔལ། སྤྲུལ་སྐུ་བསམ་རྒྱལ། ནམ་མཁའ་གཞོན་ནུ། མཁའ་ཀློང་ཡངས་པ། སྨན་རྩེ་བ་བློ་རྒྱལ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། ཀརྨ་རྒྱལ་སྲས། རིན་ཆེན་དར་རྒྱས། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། དེ་ནས་བརྒྱུད་པའི་རྣམ་གྲངས་ཁ་ཤས་མཆིས་པ་ལས་འདིར་འགྱུར་མེད་ཐེག་མཆོག་བསྟན་འཛིན། འགྱུར་མེད་ཀུན་བཟང་རྣམ་རྒྱལ། པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། དེས་བདག་ལའོ། །གཉིས་པ་བཀའ་གདམས་རིན་པོ་ཆེའི་གཞུང་ལུགས་ཀྱི་རྩ་བ་མཉམ་མེད་ཇོ་བོ་རྗེས་མཛད་པ་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་རྩ་བ་བྱང་ཆུབ་ལམ་གྱི་སྒྲོན་མའི་བཤད་ཁྲིད་ལུང་དང་བཅས་པའི་བརྒྱུད་པ་ནི། པཎ་ཆེན་དཱི་པཾ་ཀ་ར། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། ཆུ་མིག་པ་ཤེས་རབ་གྲགས། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། རྒྱང་རོ་བླ་མ་བྱང་ཆུབ་འབུམ། མཆིམས་བློ་བཟང་གྲགས། ཡོལ་སྟོན་བསོད་ནམས་ལྷུན་གྲུབ།
༤༧༡ སློབ་དཔོན་གྲགས་པ་རྒྱ་མཚོ། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཙནྡྲ་དེ་བ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། མགར་སྟོན་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་འཕེལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། མགོན་པོ་བསོད་ནམས་མཆོག་ལྡན། རྩེ་ཚོགས་དབུ་མཛད་ཀུན་དགའ་དངོས་གྲུབ། རྗེ་ཕུན་ཚོགས་ལེགས་འབྱོར། བཀའ་འགྱུར་བ་ངག་དབང་རབ་བརྟན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། རྗེ་འཇམ་དཔལ་རྒྱ་མཚོ། མཁན་ཆེན་དགེ་འདུན་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་པོ། མཁན་དཀོན་མཆོག་རྒྱལ་མཚན། གྲུབ་ཆེན་དཀོན་མཆོག་རྒྱ་མཚོ། དཀོན་མཆོག་བསྟན་པ་རབ་རྒྱས། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། །དེས་བདག་ལ་བཀའ་དྲིན་ཏུ་སྩལ་བའོ། །སྒམ་པོ་ལུགས་ཀྱི་ལམ་རིམ་མཁའ་སྤྱོད་དབང་པོས་མཛད་པའི་བརྒྱུད་པ་འོག་གི་བྱང་སྡོམ་ཇོ་བོ་རྗེ་ནས་བརྒྱུད་པ་ལྟར་ལ། པདྨ་ཉིན་བྱེད་དབང་པོ། རྒྱལ་དབང་ཐེག་མཆོག་རྡོ་རྗེ་ལས་སོ། །སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་སྙིང་པོ་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་བཤད་ལུང་གི་བརྒྱུད་པ་ནི། ཟབ་མོ་ལྟ་བརྒྱུད། རྒྱ་ཆེན་སྤྱོད་བརྒྱུད། ཉམས་ལེན་བྱིན་རླབས་བརྒྱུད་པ་གསུམ་ཀ་གཅིག་འདྲིལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འབྲོམ་སྟོན། པོ་ཏོ་བ། ཤ་ར་བ། གཏུམ་སྟོན་བློ་གྲོས་གྲགས། རྡོ་སྟོན། དཔལ་ལྡན་གྲོ་མོ་ཆེ། སྐྱོ་སྟོན་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། སྨོན་ལམ་ཚུལ་ཁྲིམས། ཟེའུ་གྲགས་པ། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་རྒྱལ་བ། གྲུབ་པ་ཤེས་རབ། བསོད་ནམས་མཆོག་གྲུབ། དཔལ་ལྡན་དོན་གྲུབ། བསོད་ནམས་གྲགས་པ། ཀུན་དགའ་མཆོག་གྲུབ། ཀུན་དགའ་གྲོལ་མཆོག །ལུང་རིགས་རྒྱ་མཚོ། ཏཱ་ར་ནཱ་ཐ། རིན་ཆེན་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ་
༤༧༢ བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། ཀུན་དགའ་དགེ་ལེགས་དཔལ་འབར། ཀུན་དགའ་ལྷུན་གྲུབ། བཀའ་བརྒྱུད་བསྟན་འཛིན། ཀརྨ་ལྷག་མཐོང་། ཀརྨ་གཞན་ཕན་འོད་ཟེར། དེ་ལས་སོ། །འདི་ལ་བརྒྱུད་སྲོལ་ཁྱད་པར་ཅན་མང་ཡང་རྩ་བ་ཙམ་མོ། །རྗེ་བློ་བཟང་གྲགས་པས་མཛད་པའི་ལམ་རིམ་བསྡུས་དོན་གྱི་ཁྲིད་ལུང་བརྒྱུད་པ་ནི། རྗེ་རིན་པོ་ཆེ། མཁས་གྲུབ་པ། འབྲོང་རྩེ་རིན་ཆེན་རྒྱ་མཚོ། པཎ་ཆེན་བཟང་པོ་བཀྲ་ཤིས། པཎ་ཆེན་ན་བཟའ་བ། པཎ་ཆེན་ཡེ་ཤེས་རྩེ་མོ། །པཎ་ཆེན་དོན་ཡོད་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། སྐྱི་ཤོད་པ་ངག་དབང་བསྟན་འཛིན་ཕྲིན་ལས། གཟིམ་གཤག་བློ་བཟང་མཁས་བཙུན། དྲུང་པ་ངེས་ལེགས་ལྷུན་གྲུབ། རྗེ་ངག་དབང་ཆོས་གྲགས། དུས་འཁོར་བ་ཡོན་ཏན་དར་རྒྱས། རྗེ་བསོད་ནམས་བཟང་པོ། ངག་དབང་དོན་གྲུབ། ཀློང་བརྡོལ་ངག་དབང་བློ་བཟང་། ཡོངས་འཛིན་ངག་དབང་ཆོས་འཕེལ། འཇམ་མགོན་བྱམས་པ་ཕུན་ཚོགས། ཀུན་མཁྱེན་བླ་མ་རིན་པོ་ཆེ། དེས་ལྗགས་ཁྲིད་ཏུ་སྩལ་བའོ། །བྱང་ཆུབ་ལམ་རིམ་ཁྲིད་ཡིག་གསེར་གྱི་ཡང་ཞུན་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོས་མཛད་པའི་ལུང་བརྒྱུད་ནི། མཛད་པ་པོ་ནས། བྲག་དགོན་སྤྱན་སྔ་ཆོས་དཔལ་བཟང་པོ། མཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་དཔལ་འབྱོར་ཕྲིན་ལས་རབ་རྒྱས། ངག་དབང་བློ་བཟང་རྒྱ་མཚོ། གནས་བརྟན་འཇམ་དབྱངས་གྲགས་པ། སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ། ཕུར་བུ་ལྕོགས་ངག་དབང་བྱམས་པ། ཀློང་བརྡོལ་ངག་དབང་བློ་བཟང་། ཧར་ཆེན་སྒོ་མང་མཁན་པོ་བློ་བཟང་མཐུ་སྟོབས་ཉི་མ། ལྷ་བཙུན་དོན་གྲུབ་རྒྱལ་མཚན། བཤེས་གཉེན་ཡེ་ཤེས་གོང་འཕེལ། ཀུན་མཁྱེན་འཇམ་པའི་དབྱངས། དེས་བདག་ལའོ། །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ཁྲིད་ཡིག་བདེ་ལམ་གྱི་སྟེང་ནས་ལམ་རིམ་སྙན་བརྒྱུད་ཀྱི་ཁྲིད་ལུང་བརྒྱུད་པ་ནི། ཀློང་
༤༧༣ བརྡོལ་གསན་ཡིག་ལྟར་ན། རྗེ་འཇམ་དཔལ་སྙིང་པོ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་ཤེས་རབ་སེང་གེ། རྒྱལ་བ་དགེ་འདུན་གྲུབ། བ་སོ་ཆོས་ཀྱི་རྒྱལ་མཚན། འདུལ་འཛིན་བློ་གྲོས་སྦས་པ། གྲུབ་ཆེན་ཆོས་རྡོ་རྗེ། རྗེ་སྐྱབས་མཆོག་དཔལ་བཟང་། དབེན་ས་པ་བློ་བཟང་དོན་གྲུབ། རྒྱལ་བ་བསོད་ནམས་རྒྱ་མཚོ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། དྲུང་པ་རྟ་ཕུག་པ། བརྩོན་འགྲུས་རྒྱལ་མཚན། དྲུང་རྟ་ཕུག་པ་དམ་ཆོས་རྒྱལ་མཚན། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། ཕུར་བུ་ལྕོགས་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། གུང་ཐང་པ་དཀོན་མཆོག་བསྟན་པའི་སྒྲོན་མེ། གཞུང་པ་རི་ཁྲོད་པ་དཀོན་མཆོག་དར་རྒྱས། འཇམ་མགོན་བྱམས་པ་ཕུན་ཚོགས་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས། དེས་བདག་ལའོ། །སྐབས་འདིར་འབྲེལ་བའི་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་རྒྱུན་ཟབ་མོ་ལྟ་བརྒྱུད་ཇོ་བོ་ཐང་པ་ཛ་དང་འཇིགས་མེད་འབྱུང་གནས་ལས་བརྒྱུད་པ་དང་། སངས་རྒྱས་ཡེ་ཤེས་ནས་རྔོག་ལོ་ཆེན་པོ་སོགས་བརྒྱུད་སྲོལ་ཐ་དད་པ་ལས་བྱོན་པ་སོགས་ཡོད་མོད། འདིར་བརྒྱུད་སྲོལ་གཉིས་ཀ་མཉམ་མེད་ཇོ་བོ་རྗེ་ལས་བྱོན་པ་ལྟར་ན། ཟབ་མོ་ལྟ་བརྒྱུད་ནི། རྫོགས་པའི་སངས་རྒྱས་ཐུབ་པའི་དབང་པོ། འཇམ་དཔལ་གཞོན་ནུ། འཕགས་པ་ཀླུ་སྒྲུབ། ཨཱ་དེ་བ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །ཀུ་སཱ་ལི་ཆེ་ཆུང་། གསེར་གླིང་པ་ཆོས་ཀྱི་གྲགས་པ་དང་། རྒྱ་ཆེན་སྤྱོད་བརྒྱུད་ནི། བཅོམ་ལྡན་ཤཱཀ་ཐུབ་པ། རྒྱལ་ཚབ་བྱམས་མགོན། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་པར་སྣང་མཛད། སེང་གེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་། བྱང་སེམས་གསེར་གླིང་པ་ལའོ། །ལུགས་གཉིས་ཀ་ཇོ་བོ་མར་མེ་མཛད། འབྲོམ་རྒྱལ་བའི་འབྱུང་གནས། སྤྱན་སྔ་ཚུལ་ཁྲིམས་འབར། བྱ་ཡུལ་བ། ཡེ་ཤེས་འབར།
༤༧༤ རྒྱ་ལྕགས་རི་བ། སྣེ་ཟུར་བ། མཉམ་མེད་དྭགས་པོ་རིན་པོ་ཆེ། དུས་གསུམ་མཁྱེན་པ། རས་ཆེན་བསོད་ནམས་གྲགས་པ། རྒྱལ་སྲས་བསོད་ནམས་རྡོ་རྗེ། གྲུབ་ཆེན་ཆོས་ཀྱི་བླ་མ། གཉན་རས་དགེ་འདུན་འབུམ། རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། མགོན་པོ་རྒྱལ་མཚན། ཛམ་གླིང་ཆོས་ཀྱི་གྲགས་པ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། ཆོས་དཔལ་ཡེ་ཤེས། མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ཆོས་དབྱིངས་རྡོ་རྗེ། ཡེ་ཤེས་སྙིང་པོ། ཡེ་ཤེས་རྡོ་རྗེ། ཆོས་ཀྱི་དོན་གྲུབ། བྱང་ཆུབ་རྡོ་རྗེ། ཆོས་ཀྱི་འབྱུང་གནས། རྒྱལ་དབང་བདུད་འདུལ་རྡོ་རྗེ། བྱམས་མགོན་པདྨ་ཉིན་བྱེད་དབང་པོའ་ཞལ་སྔ་ནས་སྨོན་འཇུག་གི་ཆོ་ག་ལན་གཉིས་དང་། རྗེ་འཇིག་རྟེན་གསུམ་མགོན་ནས་བརྒྱུད་པའི་དོན་དམ་སེམས་བསྐྱེད་བཅས་བཀའ་དྲིན་ཏུ་ཐོབ། ཡང་རྗེ་ཆོས་ཀྱི་དབང་ཕྱུག་ནས། ཀརྨ་ཆགས་མེད། པདྨ་ཀུན་དགའ། ཕྲིན་ལས་དབང་འབྱུང་། ཤེས་རབ་གྲགས་པ། ཀརྨ་ཚངས་དབྱངས། མཆོག་སྤྲུལ་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས་ཞལ་སྔ་ནས་ཀྱང་ནོས་སོ། །རྒྱ་ཆེན་སྤྱོད་བརྒྱུད་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པ་རྣམ་པར་དག་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། མགོན་པོ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། སློབ་དཔོན་སེང་གེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ་དཔལ་མར་མེ་མཛད། རྒྱལ་བ་འབྲོམ་སྟོན། སྤྱན་སྔ་ཚུལ་ཁྲིམས་འབར། དགེ་བཤེས་བྱ་ཡུལ་བ། རྒྱལ་སྲས་ཆར་ཆེན་པ། མུས་སྨན་པའང་ཟེར། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེང་གེ་སྐྱབས།
༤༧༥ མཆིམས་ནམ་མཁའ་གྲགས། མཁན་ཆེན་སེང་གེ་སྐྱབས། མཁས་བཙུན་བསོད་ནམས་ཡེ་ཤེས། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང་། སྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མུས་ཆེན་བསོད་ནམས་དཔལ་བཟང་། མུས་ཆེན་ཡེ་ཤེས་རྒྱལ་མཆོག །ཡོངས་འཛིན་བློ་གྲོས་རྒྱ་མཚོ། ས་སྐྱ་པ་ངག་དབང་རྡོ་རྗེ་རིན་ཆེན། ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པ་ཡིན་ནོ། །ཡང་ན་བྱང་སེམས་བསོད་ནམས་གྲགས་པ་ནས། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ། འདུལ་འཛིན་བློ་གྲོས་སྦས་པ། པཎ་ཆེན་ལུང་རིག་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། དྲུང་པ་བརྩོན་འགྲུས་རྒྱལ་མཚན། རྟ་ཕུག་པ་དམ་ཆོས་རྒྱལ་མཚན། སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ། ཕུར་བུ་ལྕོགས་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། བཤེས་གཉེན་བློ་བཟང་རྒྱལ་མཚན། རིན་ཆེན་བློ་གསལ་བསྟན་སྐྱོང་། འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཡང་ན་རྒྱལ་སྲས་ཐོགས་མེད་ནས། ལོ་ཆེན་བྱང་ཆུབ་རྩེ་མོ། །དེ་དབོན་ལོ་ཆེན་གྲགས་རྒྱལ། བོ་དོང་པཎ་ཆེན་
༤༧༦ ཕྱོགས་ལས་རྣམ་རྒྱལ། བྱམས་གླིང་པ་བླ་ཆེན་བསོད་ནམས་རྣམ་རྒྱལ། གསེར་མདོག་པཎ་ཆེན་།།།་མཆོག་ལྡན། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །པཎ་ཆེན་ལུང་རིག་རྒྱ་མཚོ། རྗེ་བཙུན་ཀུན་དགའ་སྙིང་པོ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། རྗེ་ཡོན་ཏན་མགོན་པོ། གྲུབ་ཆེན་མགོན་པོ་དཔལ་འབྱོར། མཚུངས་མེད་མགོན་པོ་གྲགས་པ། གྲུབ་དབང་མགོན་པོ་རྣམ་རྒྱལ། རིག་འཛིན་འཇམ་དབྱངས་རྒྱ་མཚོ། ཀུན་གཟིགས་ཕྲིན་ལས་ཤིང་རྟ། རྨོག་ལྕོག་པ་ཀུན་དགའ་དགེ་ལེགས། ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། རྗེ་བཀའ་བརྒྱུད་བསྟན་འཛིན། བླ་མ་ཀརྨ་ལྷག་མཐོང་། གྲུབ་དབང་ཀརྨ་ནོར་བུ། དེས་བདག་ལ་བཀའ་དྲིན་ཆེན་པོས་སྩལ་བའོ། །གདམས་ངག་ལུགས་ཀྱི་གཙོ་བོ་བློ་སྦྱོང་དོན་བདུན་མའི་ཉམས་ཁྲིད་ལེགས་པར་ནོས་པའི་བརྒྱུད་པ་ནི། ཐུབ་དབང་། བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་གྲོལ། བཙུན་གྲོལ། གུ་ཎ་མི་ཏྲ། སེང་གེ་བཟང་པོ། གང་བ་སྤེལ། ཀུ་སཱ་ལི་ཆེ་ཆུང་། གསེར་གླིང་པ། མགོན་པོ་ཨ་ཏི་ཤ་།རྒྱལ་བ་འབྲོམ། པོ་ཏོ་བ། ཤ་ར་བ། བྱ་འཆད་དཀའ་བ་ཡེ་ཤེས་རྡོ་རྗེ། སེ་སྐྱིལ་བུ་བ་ཆོས་ཀྱི་རྒྱལ་མཚན། འོད་ཟེར་བླ་མ། ལྷ་།།།་སྡིངས་པ་བྱང་ཆུབ་འབུམ། དབོན་ཀུན་དགའ་རྒྱ་མཚོ། ཚོགས་ཡོན་ཏན་དཔལ། མཁན་བདེ་བ་དཔལ། བཀའ་བཞི་གྲགས་པ་གཞོན་ནུ། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། ཡོན་ཏན་བློ་གྲོས། གཞོན་ནུ་བློ་གྲོས། པཎ་ཆེན་ཤཱཀ་མཆོག །ཀུན་དགའ་མཆོག་གྲུབ། རྗེ་བཙུན་གྲོལ་མཆོག །ལུང་རིག་རྒྱ་མཚོ། ཏཱ་ར་ནཱ་ཐ། རྒྱལ་ཚབ་རྣམ་གཉིས། ཡོན་ཏན་མགོན་པོ། མགོན་པོ་དཔལ་འབྱོར། མགོན་པོ་གྲགས་པ། མགོན་པོ་རྣམ་རྒྱལ། ཚེ་དབང་ནོར་བུ། ཕྲིན་ལས་ཤིང་རྟ། ཀུན་དགའ་དགེ་ལེགས་དཔལ་འབར། ཀུན་དགའ་ལྷུན་གྲུབ། བཀའ་བརྒྱུད་བསྟན་འཛིན། ཀརྨ་ལྷག་མཐོང་། རྒྱལ་སྲས་བྱང་ཆུབ་སེམས་དཔའ་གཞན་ཕན་མཐའ་ཡས།
༤༧༧ ཡང་ན་རྒྱལ་སྲས་ཐོགས་མེད་ནས། བུདྡྷ་ཤྲཱི། ངོར་ཆེན་ཀུན་བཟང་། མུས་ཆེན་དཀོན་མཆོག་རྒྱལ་མཚན། ངག་དབང་ཤེས་རབ་བཟང་པོ། མྱུག་ལོ་པཎ་ཆེན་ངག་དབང་གྲགས་པ། ངག་དབང་ཆོས་གྲགས། ཤའུ་ལོ་ཙཱ་བ། བཅོ་བརྒྱད་པ་མཁྱེན་རབ་ཞབས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ཀུན་དགའ་ལེགས་འབྱུང་། ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན་དང་། འཇམ་མགོན་རྡོ་རྗེ་རིན་ཆེན། དེ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསན། དེས་བདག་ལ་བཀའ་དྲིན་ཏུ་སྩལ། བློ་སྦྱོང་དོན་བདུན་མའི་རྩ་བ་མཆན་བུ་དང་བཅས་པའི་ལུང་རྒྱུན་ཀྱང་དེ་གཉིས་ཀ་དང་འདྲ། རྒྱ་མ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད་ཀྱི་ཁྲིད་ལུང་གི་བརྒྱུད་པ་ནི། མཛད་པ་པོ་ནས། སེ་ར་དོན་ཡོད་དཔལ་ལྡན། པཎ་ཆེན་བསོད་ནམས་གྲགས་པ། རྒྱལ་བ་བསོད་ནམས་རྒྱ་མཚོ། པཎ་ཆེན་རིག་པའི་སེང་གེ། རྗེ་བཀྲ་ཤིས་རིན་ཆེན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ལྷ་ས་བློ་བཟང་བསྟན་པ་དར་རྒྱས། ཡོངས་འཛིན་བསོད་ནམས་གྲགས་པ། པཎ་ཆེན་བློ་བཟང་ཡེ་ཤེས། བློ་བཟང་བསྟན་པ། ཕུན་ཚོགས་རྒྱ་མཚོ། བློ་བཟང་ཚུལ་ཁྲིམས། ངག་དབང་རྒྱ་མཚོ། བདེ་བའི་རྡོ་རྗེ། ངག་དབང་ཆོས་འཛིན། མཁྱེན་རབ་བློ་གསལ། འཇམ་དབྱངས་སྨོན་ལམ། ཡེ་ཤེས་རྒྱ་མཚོ། བློ་བཟང་ཡེ་ཤེས་བསྟན་འཛིན། དཔལ་ལྡན་མཆོག་གྲུབ། ཐུབ་བསྟན་ཆོས་ཀྱི་གྲགས་པ། ཐུབ་བསྟན་ལེགས་བཤད་བཟང་པོ། དེས་བདག་ལའོ། །བློ་སྦྱོང་བརྒྱ་རྩར་གྲགས་པའི་བེ་བུམ་གྱི་བརྒྱུད་པ། མུས་ཆེན་སེམས་དཔའ་ཆེན་པོ་ཡན་གྱི་བརྒྱུད་པ་སོ་སོ་ལྔ་པ་རིན་པོ་ཆེ་དང་། ཞུ་ཆེན་སོགས་ཀྱི་གསན་ཡིག་ལྟར་ལ། མུས་ཆེན་སེམས་དཔའ་ཆེན་པོ་ནས། རྗེ་བཙུན་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། མུས་པ་དཀོན་མཆོག་རྒྱ་མཚོ། མུས་
༤༧༨ ཆེན་སངས་རྒྱས་རྒྱལ་མཚན། མུས་པ་གྲུབ་དབང་བསོད་ནམས་ལྷུན་གྲུབ། འཇམ་མགོན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །མཁན་ཆེན་དོན་གྲུབ་ལེགས་བཟང་། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་ལེགས་པའི་འབྱུང་གནས། བཀའ་འགྱུར་བ་ཐབས་མཁས་རྒྱ་མཚོ། དགེ་བཤེས་བློ་བཟང་རྒྱ་མཚོ། བྲག་རྒྱབ་བློ་བཟང་ཆོས་འཕེལ། དགེ་བཤེས་ཐོགས་མེད་དམ་དགེ་ལེགས་ཆོས་འཕེལ། མར་སྟོན་ཁྱབ་བདག་རྡོ་རྗེ། དཔལ་མང་དཀོན་མཆོག་རྒྱལ་མཚན། དཀོན་མཆོག་བསྟན་པ་རབ་རྒྱས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པའི་ལུང་གི་བརྒྱུད་པ་ནི། མཛད་པ་པོ་ནས། གཉགས་ཕུ་པ་བསོད་ནམས་བཟང་པོ། འཕགས་པ་བསོད་ནམས་དར། འཕགས་པ་ཀུན་དགའ་རྒྱལ་མཚན། ཀུན་མཁྱེན་།།།་འོད། དེ་དབོན་ཀུན་དགའ་འོད། ཤེའུ་ལོ་ཙཱ་ཀུན་དགའ་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་བསྟན་འཛིན་རྒྱ་མཚོ། བཀའ་འགྱུར་བ་ངག་དབང་རབ་བརྟན། བཀའ་འགྱུར་བ་ངག་དབང་ཆོས་རྒྱལ། བློ་བཟང་འཇམ་དཔལ་རྒྱ་མཚོ། རི་ཁྲོད་བློ་བཟང་དོན་གྲུབ། བྲག་དཀར་བཀའ་བཅུ་པ་ངག་དབང་གྲགས་པ། མཁན་ཆེན་དཀོན་མཆོག་རྒྱལ་མཚན། མར་སྟོན་ཁྱབ་བདག་རྡོ་རྗེ། སེར་བྱེས་མཁན་ཟུར་བསོད་ནམས་གྲགས་པ། ཆུ་བཟང་དགེ་བཤེས་སྐལ་བཟང་མཁས་གྲུབ། སྟག་ཕུ་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ། དཀོན་མཆོག་བསྟན་པ་རབ་རྒྱས། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །བཀའ་གདམས་གླེགས་བམ་རིན་པོ་ཆེའི་རྩ་བ་བྱང་སེམས་ནོར་བུའི་ཕྲེང་བའི་ལུང་བརྒྱུད་ནི། གཉུག་ལ་པཎ་ཆེན་ཡན་འོག་གི་དབང་བརྒྱུད་དང་འདྲ། དེ་ནས་དྭགས་པོ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། མངའ་རིས་པ་
༤༧༩ ལྷ་དབང་བློ་གྲོས། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ། ཁམས་སྟན་ཤེས་རབ་རྒྱལ་མཚན། ཐར་རྩེ་ནམ་མཁའ་རྒྱལ་མཚན། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། རིན་ཆེན་བསོད་ནམས་མཆོག་གྲུབ། ངག་དབང་བློ་བཟང་རྒྱ་མཚོ། གནས་བརྟན་འཇམ་དབྱངས་གྲགས་པ། རྗེ་ཕྲིན་ལས་ལྷུན་གྲུབ། ངག་དབང་བློ་བཟང་དར་རྒྱས། གྲགས་པ་རྒྱ་མཚོ། བློ་བཟང་བསྟན་པའི་རྒྱལ་མཚན། རྒྱལ་དབང་སྐལ་བཟང་རྒྱ་མཚོ། མཁན་པོ་སྐལ་བཟང་ཡོན་ཏན། མར་སྟོན་ཁྱབ་བདག །ཁྲི་ངག་དབང་ཆོས་འཕེལ། ཡེ་ཤེས་ཐུབ་བསྟན་རྒྱ་མཚོ། དཀོན་མཆོག་བསྟན་པ་རབ་རྒྱས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །བཀའ་གདམས་ཐིག་ལེ་བཅུ་དྲུག་དབང་གི་བརྒྱུད་པ་ནི། ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ། རྔོག་ལེགས་པའི་ཤེས་རབ། མངའ་རི་བ་ཤེས་རབ་རྒྱལ་མཚན། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། ཀ་མ་བ་འབྲོམ་རིན་ཆེན་རྒྱལ་མཚན། ཞང་སྟོན་དར་མ་རྒྱལ་མཚན། འབྲོམ་བྱང་ཆུབ་བཟང་པོ། །སྟོན་པ་ནམ་མཁའ་རིན་ཆེན། འབྲོམ་གཞོན་ནུ་བློ་གྲོས། སྣར་ཐང་མཁན་པོ་ཉི་མ་རྒྱལ་མཚན། གླིང་ཁ་བ་རིན་ཆེན་བྱང་ཆུབ། སྒ་ལུང་པ་རིགས་ཀྱི་བདག་པོའ་དཔལ། སྒ་ལུང་པ་བྱང་ཆུབ་དཔལ། ཉུག་པའི་སློབ་དཔོན་བསོད་ནམས་འོད་ཟེར། གོས་སྔོན་ཆུ་སེར་བ་སངས་རྒྱས་བཟང་པོ། བྱ་བྲལ་བ་བསོད་ནམས་བཟང་པོ། བླ་མ་དཔལ་ལྡན་པ། སྟག་ཚང་མཁན་ཆེན་ནམ་མཁའ་འོད་ཟེར། གནས་བརྟན་ཡེ་ཤེས་ཚུལ་ཁྲིམས། མཁན་ཆེན་རཏྣ་ཨ་ཀཱ་ར་། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། རྗེ་ཀུན་དགའ་ལེགས་གྲུབ། རྗེ་ཀུན་དགའ་ཆོས་གྲགས། བཅོ་བརྒྱད་པ་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་ངག་དབང་ལྷུན་གྲུབ། ཆོས་རྗེ་ཕྲིན་ལས་རྣམ་རྒྱལ། རིན་ཆེན་
༤༨༠ བསོད་ནམས་མཆོག་གྲུབ། ངག་དབང་བློ་བཟང་རྒྱ་མཚོ། གནས་བརྟན་འཇམ་དབྱངས་གྲགས། སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཕྲིན་ལས། རྗེ་བློ་བཟང་ཆོས་འཛིན། གདོང་སྐོར་ཞབས་དྲུང་ཕུན་ཚོགས་རྒྱ་མཚོ། ཞང་ཞུང་པ་ཡེ་ཤེས་མཐའ་ཡས། དཀོན་མཆོག་འཇིགས་མེད་དབང་པོ། གུང་ཐང་པ་དཀོན་མཆོག་བསྟན་པའི་སྒྲོན་མེ། དཀོན་མཆོག་བསྟན་པ་རབ་རྒྱས། ཀུན་གཟིགས་མཉྫུ་གྷོ་ཥའི་ཞལ་སྔ་ནས་དགྱེས་པ་ཆེན་པོས་སྩལ་ཏོ། །བསྒོམ་བཟླས་ཉམས་ལེན་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པ་ནི། །དེ་ལས་དཀོན་མཆོག་བསྟན་པ་རབ་རྒྱས། འཇམ་མགོན་བླ་མས་བདག་ལའོ། །བཀའ་གདམས་ལྷ་བཞིའི་ཐུབ་པ་རྡོ་རྗེ་གདན་གཙོ་འཁོར་གསུམ་པའི་རྗེས་གནང་གི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཇོ་བོ་རྗེ། དགོན་པ་བ། སྣེ་ཟུར་བ། གླང་ཐང་པ། ཞང་ཞུང་པ། སྨུས་སྨན་པ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། ཟེའུ་གྲགས་བརྩོན། ཟེའུ་གྲགས་ཤེ། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། སྤང་སྟོན་གྲུབ་པ་ཤེས་རབ། མཁན་ཆེན་དཔལ་ལྡན་དོན་གྲུབ། རྭ་སྟོན་ཡོན་ཏན་དཔལ་བཟང་། རྗེ་བཙུན་ཀུན་དགའ་མཆོག་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིག་རྒྱ་མཚོ། རྗེ་བཙུན་ཏཱ་ར་ནཱ་ཐ། དེ་ནས་རྒྱལ་ཚབ་རིན་ཆེན་རྒྱ་མཚོ་དང་། ཕྲིན་ལས་དབང་མོ། །དེ་གཉིས་ཀ་ལས་སྙིང་པོ་མཐའ་ཡས། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། བསྟན་འཛིན་ཆོས་ཀྱི་ཉི་མ། བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ། པདྨ་ཉིན་བྱེད་དབང་པོ། དེས་བདག་ལའོ། །སྤྱན་རས་གཟིགས། སྒྲོལ་མ། མི་གཡོ་བ་རྣམས་ཀྱང་དེ་དག་སོ་སོ་ལས་ཇོ་བོ་རྗེ་ཕྱིན་ཆད་ཐུབ་པ་དང་འདྲ། ཡང་བརྒྱུད་ཚུལ་གཅིག་ལ་ཐུབ་པའི་རྗེས་གནང་ནས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་།ནག་ཚོ་ལོ་ཙཱ་བ། རོང་པ་ཕྱག་སོར་བ། བྱ་འདུལ་།།།་
༤༨༡ ཆོས་ཀྱི་བྱང་ཆུབ། ཟུལ་ཕུ་བ། དཀོན་མཆོག་སེང་གེ། དེ་གཉིས་ཀ་ལས་ཚུལ་ཁྲིམས་རིན་ཆེན། དེ་ནས་དར་མ་བཟང་པོ། གཞོན་ནུ་རྒྱལ་མཚན། རྒྱལ་མཚན་དོན་གྲུབ། རིན་ཆེན་རྒྱལ་མཚན། བོ་དྷི་སཏྭ། རིན་ཆེན་གྲགས་པ། བསོད་ནམས་ལྷ་དབང་། ངག་དབང་གྲགས་པ། བསོད་ནམས་དཔལ་ལྡན། ཀླུ་སྒྲུབ་རྒྱ་མཚོ། ངག་དབང་ཆོས་གྲགས། ཀུན་དགའ་བསོད་ནམས། བསོད་ནམས་དབང་ཕྱུག །བསོད་ནམས་མཆོག་གྲུབ། ལྔ་པ་ཆེན་པོ། འཇམ་དབྱངས་གྲགས་པ། བློ་བཟང་ཆོས་འཛིན། བློ་བཟང་བསྟན་པ། བྱ་བཏང་ཆོས་རྗེ། ཡེ་ཤེས་མཐའ་ཡས། འཇིགས་མེད་དབང་པོ། བསོད་ནམས་དབང་རྒྱལ། དཀོན་མཆོག་རྒྱལ་མཚན། དཀོན་མཆོག་བསྟན་པ་རབ་རྒྱས། རྗེ་བླ་མ་མཁྱེན་བརྩེའི་ཞལ་སྔ་ནས། བདག་ལའོ། སྤྱན་རས་གཟིགས་གཙོ་འཁོར་གསུམ་གྱི་བརྒྱུད་པ་ནི། ཐུགས་རྗེ་ཆེན་པོ། རཱ་ཧུ་ལ་གུཔྟ་བཛྲ། ཨ་ཏི་ཤ་།ནག་ཚོ་ལོ་ཙཱ་བ། ཕྱག་སོར་བ་ཤེས་རབ་འབར། བ་ཡུ་བ་ཤེས་རབ་ཚུལ་ཁྲིམས། ལྕེེ་སྒོམ་ཤེས་རབ་རྡོ་རྗེ། སྐྱེར་སྒང་པ། གཉན་སྟོན་སངས་རྒྱས་སྟོན་པ། བརྩོན་འགྲུས་སེང་གེ། གྲུབ་ཐོབ་ཨ་སེང་། གསེར་གླིང་བཀྲ་ཤིས་དཔལ་བ། རྡོ་རྗེ་དཔལ་བ། ཆོས་དཔལ་ཤེས་རབ། སྤྱན་སྔ་གྲགས་འབྱུང་། ལོ་པ་ཚུལ་ཁྲིམས་དར། སྤྱན་སྔ་བསོད་ནམས་ལྷ་དབང་མན་ཆད་ཐུབ་དབང་རྗེས་གནང་ལྟར་རོ། སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ་པའི་རྗེས་གནང་གི་བརྒྱུད་པ་ནི། སྒྲོལ་མ། ཇོ་བོ་རྗེ། ནག་ཚོ་མན་ཐུབ་དབང་དང་འདྲ། མི་གཡོ་བ་སྔོན་པོ་གཙོ་རྐྱང་གི་བརྒྱུད་པ་ནི། ཁྲོ་རྒྱལ་མི་གཡོ་བ། ཨ་ཏི་ཤ་།དགོན་པ་བ། སྣེའུ་ཟུར་པ། རྟོགས་ལྡན་བཟང་མོ་བ། དགེ་འདུན་སྒང་པ། སངས་རྒྱས་ཇོ་བོ་ཚུལ་ཁྲིམས་མགོན་པོ། ཆོས་ཀྱི་རྡོ་རྗེ། གསེར་ཁང་པ་རིན་ཆེན་འཕེལ། ལོ་པ་ཚུལ་ཁྲིམས་དར། སྤྱན་སྔ་བསོད་ནམས་ལྷ་དབང་མན་ཐུབ་པའི་རྗེས་གནང་ལྟར་རོ། །ཐུབ་པའི་ལྟ་ཁྲིད་ཀྱི་བརྒྱུད་པ་ནི། ཐུབ་པ། སྤྱན་རས་གཟིགས། བྱམས་མགོན།
༤༨༢ ཐོགས་མེད་སྐུ་མཆེད། འཕགས་གྲོལ་གཉིས། རྣམ་སྣང་མཛད། སེང་གེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་། གསེར་གླིང་བ། ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ། གླང་ཐང་པ། རྒྱ་སྟོན་ལྕགས་རི་བ། དྭགས་པོ་ལྷ་རྗེ། རྣལ་འབྱོར་ཆོས་གཡུང་། གྱེར་སྒོམ་ཆེན་པོ། རྒྱ་སྒོམ་རི་པ། བོ་དོང་བརྩོན་འགྲུས་རྡོ་རྗེ། ཉན་ཆེན་བསོད་ནམས་བརྟན་པ། ཤེས་རབ་འབུམ། ཐོགས་མེད་བཟང་པོ། གྲགས་པ་རྒྱལ་མཚན། གྲགས་པ་བཤེས་གཉེན། རིན་ཆེན་རྒྱལ་མཚན། རྒྱལ་བ་ཕྱག་ན། ཀུན་དགའ་བློ་གྲོས། གཉུག་ལ་པཎ་ཆེན། ལོ་པ་སྤྱན་སྔ། ནམ་མཁའ་དབང་ཕྱུག །སངས་རྒྱས་རྒྱལ་མཚན། ཀུན་དགའ་བསོད་ནམས། བསོད་ནམས་དབང་ཕྱུག །བསོད་ནམས་མཆོག་གྲུབ། ལྔ་པ་ཆེན་པོ། དགེ་འདུན་དོན་གྲུབ། ངག་དབང་བསྟན་འཛིན་ཕྲིན་ལས། བློ་བཟང་ཆོས་འཛིན། ཕུན་ཚོགས་རྒྱ་མཚོ། བློ་བཟང་དོན་གྲུབ། ངག་དབང་བློ་བཟང་། བསྐལ་བཟང་ཐུབ་བསྟན། དགེ་ལེགས་བསྟན་འཛིན། དཀོན་མཆོག་རྒྱལ་མཚན། བསྟན་པ་རབ་རྒྱས། འཇམ་དབྱངས་བླ་མ། དེས་བདག་ལའོ། །སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཁྲིད་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། རཱ་ཧུ་ལ། ཨ་ཏི་ཤ་།ནག་ཚོ། རོང་པ། ཕྱག་སོར་བ། བ་ཡུ་བ། དེ་ལ་མངའ་རིས་པ་ཤེས་རབ་རྒྱལ་མཚན་དང་། ལྕེ་སྒོམ་གཉིས་ཀྱིས་གསན། གཉིས་ཀ་ལས་སྐྱེར་སྒང་པ། དེ་ནས་གཉན་སྟོན། སངས་རྒྱས་སྟོན་པ། གཙང་མ་ཤངས་སྟོན། རྒྱལ་མཚན་འབུམ། བྱམས་པ་དཔལ། བྱམས་པ་སྨོན་ལམ་དབང་ཕྱུག །བསོད་ནམས་རྒྱལ་མཚན། ཤེས་རབ་བཟང་པོ། གཉུག་ལ་པཎ་ཆེན་མན་ཆད་ཐུབ་པའི་ལྟ་ཁྲིད་དང་འདྲའོ། །སྒྲོལ་མའི་རྗེས་དྲན་ལྔའི་ཁྲིད་ནི། རྗེ་བཙུན་སྒྲོལ་མ། དཱི་པཾ་ཀ་ར། རྒྱལ་བའི་འབྱུང་གནས། ལེགས་པའི་ཤེས་རབ། མངའ་རིས་པ་ཤེས་རབ་རྒྱལ་མཚན། ཕུ་ཆུང་གཞོན་ནུ་རྒྱལ་མཚན། ཀ་མ་པ་རིན་ཆེན་རྒྱལ་མཚན། ཞང་སྟོན་དར་མ་རྒྱལ་མཚན། འབྲོམ་སྟོན་བྱང་ཆུབ་བཟང་
༤༨༣ པོ། སྟབས་ཀ་ནམ་མཁའ་རིན་ཆེན། འབྲོམ་སྟོན་གཞོན་ནུ་བློ་གྲོས། བླ་མ་བྲག་ཕུ་བ། མཁན་ཆེན་དགའ་ལུང་པ། དབོན་པོ་བསོད་ནམས་འོད། བསོད་ནམས་བཟང་པོ། བླ་མ་དཔལ་ལྡན་པ། གཙང་པ་བློ་གྲགས། རྒྱལ་མཚན། བསོད་ནམས་ལྷ་དབང་། ཆོས་གྲགས་རྒྱལ་མཚན། པཎ་ཆེན་ནམ་མཁའ་དབང་ཕྱུག་མན་ཐུབ་པའི་ལྟ་ཁྲིད་དང་འདྲའོ། །མི་གཡོ་ཆོས་དྲུག་ནི། རྡོ་རྗེ་འཆང་། ཨིནྡྲ་བྷུ་ཏི། ཀླུའི་རྣལ་འབྱོར་མ། བི་སུ་ཀལྤ། ས་ར་ཧ་པ། འཕགས་པ་ཀླུ་སྒྲུབ། ཙནྡྲ་ཀིརྟི། མི་ཏྲ། རོལ་པའི་རྡོ་རྗེ། སྒེག་པའི་ཞབས། པ། ཇོ་བོ་རྗེ། སྒོམ་པ་དབང་ཕྱུག་འབར། སྣེའུ་ཟུར་ར་པ། གྱེར་སྒོམ་ཆེན་པོ། སངས་རྒྱས་དབོན་སྟོན། རྟོགས་ལྡན་བཟང་མོ་བ། ལྷ་འཕྲང་སོ་བ། སློབ་དཔོན་ལྕགས་རི་བ། སངས་རྒྱས་གཞོན་ནུ་འོད། རྒྱ་མ་བ་བཀྲ་ཤིས་རྒྱལ་མཚན། མཁན་ཆེན་སངས་རྒྱས་རིན་ཆེན། གྲགས་པ་ཚུལ་ཁྲིམས། རྒྱལ་བ་བཟང་པོ། བྱ་བྲལ་བསོད་ནམས་རིན་ཆེན། ཆོས་གྲགས་བཟང་པོ། རིན་ཆེན་རྒྱལ་མཚན། རྒྱལ་བ་ཕྱག་ན། ཀུན་དགའ་བློ་གྲོས། ཏེའུ་རི་པ་རིན་ཆེན་ཆོས་རྒྱལ། གཉུག་ལ་པཎ་ཆེན་མན་ཆད་འདྲའོ། །རྗེ་རིན་པོ་ཆེའི་གསུང་རབ་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྩ་བའི་ལུང་བརྒྱུད་ནི། རྗེ་ཙོང་ཁ་པ། མཁས་གྲུབ་རྗེ། འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོའ་བློ་གྲོས། བཟང་པོ་བཀྲ་ཤིས། ཡེ་ཤེས་རྩེ་མོ། །ཚུལ་ཁྲིམས་སྟོབས་འབར་འོད་ཟེར། དོན་ཡོད་རྒྱལ་མཚན། སངས་རྒྱས་ཡེ་ཤེས། བློ་བཟང་ཆོས་རྒྱན། ངག་དབང་བསྟན་འཛིན་ཕྲིན་ལས། བློ་བཟང་མཁས་བཙུན། ངེས་ལེགས་ལྷུན་གྲུབ། ཡོན་ཏན་དར་རྒྱས། བསོད་ནམས་བཟང་པོ། ཀླུ་འབུམ་པ་དགེ་འདུན་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་པོ། བསྟན་འཛིན་རྒྱ་མཚོ། ལྷ་བཙུན་དོན་གྲུབ་རྒྱལ་མཚན། ཡེ་ཤེས་གོང་འཕེལ། རྗེ་བླ་མ། དེ་ལས་སོ། །དེའི་བཤད་ཁྲིད་ཀྱི་བརྒྱུད་པ་ནི། རྗེ་བཙུན་འཇམ་དཔལ་དབྱངས། རྒྱལ་བ་
༤༨༤ འཇམ་དཔལ་སྙིང་པོ། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་རྡོ་རྗེ། དབེན་ས་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས། མཁས་གྲུབ་ངག་དབང་བྱམས་པ། རྗེ་བྱམས་པ་སྨོན་ལམ། ཡེ་ཤེས་བསྟན་པ་རབ་རྒྱས། ཡོངས་འཛིན་ངག་དབང་ཆོས་འཕེལ། མཆོག་སྤྲུལ་ངག་དབང་ཡེ་ཤེས་རྒྱལ་མཚན། ཀུན་མཁྱེན་བླ་མ་རིན་པོ་ཆེ། དེས་བདག་ལའོ། །དགེ་ལྡན་ཕྱག་ཆེན་རྒྱལ་བའི་གཞུང་ལམ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ་ནི། དེ་ཉིད་ནས། འདིའི་བརྒྱུད་པ་བརྙེད་ན་འདིར་བཅུག །དབུ་མའི་ལྟ་ཁྲིད་བདུད་རྩིའི་སྙིང་པོ་མང་ཐོས་ཀླུ་སྒྲུབ་པས་མཛད་པའི་ཁྲིད་ལུང་གི་བརྒྱུད་པ་ནི། གྲོལ་མཆོག་ཡན་ཁྲིད་བརྒྱ་ལྟར་ལ། དེ་ནས་ཀླུ་སྒྲུབ་རྒྱ་མཚོ། ངག་དབང་ཆོས་གྲགས། ས་སྐྱ་པ་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །མཁན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་པ་ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། ཀུན་མཁྱེན་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །གཞན་སྟོང་ལྟ་ཁྲིད་ནི་གྲོལ་མཆོག་སོགས་འོག་ནས་འབྱུང་བའི་ཁྲིད་བརྒྱ་ལྟར་ལ། རིག་འཛིན་ཚེ་དབང་ནོར་བུ་ནས། ཀུན་མཁྱེན་བསྟན་པའི་ཉིན་བྱེད། ཀརྨ་ཚེ་དབང་ཀུན་ཁྱབ། རྒྱལ་དབང་བདུད་འདུལ་རྡོ་རྗེ། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའ་ཞལ་སྔ་ནས་བདག་ལའོ། །དབུ་མའི་ལྟ་ཁྲིད་གཉིས་ཀ་འོག་གི་ཁྲིད་བརྒྱའི་བརྒྱུད་པ་ལྟར་དྲངས་ན་ལེགས་སོ། །པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་བླ་མ་མཆོད་པའི་ཆོ་ག་བདེ་
༤༨༥ སྟོང་དབྱེར་མེད་མའི་ཁྲིད་ལུང་གི་བརྒྱུད་པ་ནི། རྗེ་བཙུན་འཇམ་དབྱངས། དབུ་མ་པ་དཔའ་བོ་རྡོ་རྗེ། རྗེ་འཇམ་དཔལ་སྙིང་པོ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། བ་སོ་ཆོས་རྒྱན། གྲུབ་ཆེན་ཆོས་རྡོར། བློ་བཟང་དོན་གྲུབ། སངས་རྒྱས་ཡེ་ཤེས། བློ་བཟང་ཆོས་རྒྱན། དཀོན་མཆོག་རྒྱལ་མཚན། བླ་བཟང་ཡེ་ཤེས། བཟོད་པ་རྒྱ་མཚོ། ངག་དབང་བྱམས་པ། ཡེ་ཤེས་རྒྱལ་མཚན། ཡེ་ཤེས་བསྟན་རྒྱས། འཇམ་དབྱངས་སྨོན་ལམ། བྱང་རྩེ་བློ་བཟང་མཁས་གྲུབ། ཀུན་མཁྱེན་བླ་མ་རིན་པོ་ཆེ། དེས་བདག་ལའོ། །བཀའ་སྲུང་མགོན་པོ་བཞི་སྦྲག་གི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། རཱ་ཧུ་ལ། ཇོ་བོ། །འབྲོམ། སྤྱན་སྔ། བྱ་ཡུལ་པ། མུས་སྨན་པ། གྲོ་སྟོན་བདུད་རྩི་གྲགས། ཞང་སྟོན་ཆོས་འབྱུང་། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ཚུལ། བྱང་ཆེན་པ་བསོད་ནམས་འཕེལ། བླ་མ་ཚུལ་རྒྱལ། བླ་ཆེན་བསོད་བློ། སྤྱན་སྔ་སྦྱིན་པ་དཔལ། མཁན་ཆེན་གྲགས་དོན་པ། རྭ་སྟོན་པ། རྗེ་ཀུན་དགའ་མཆོག་གྲུབ། རྗེ་གྲོལ་མཆོག །རྗེ་ཀུན་དགའ་བཀྲ་ཤིས། རྗེ་བཙུན་ཏཱ་ར་ནཱ་ཐ་མན་ཆད་གོང་གི་བཀའ་གདམས་ལྷ་བཞིའི་རྗེས་གནང་དང་འདྲ། གྲི་གུག་དཔའ་གཅིག་གི་བཟླས་ལུང་ནི། མཁན་ཆེན་གྲགས་དོན་དཔལ་ནས། མཁན་ཆེན་བསོད་ནམས་མཆོག་གྲུབ། མཁན་ཆེན་གནས་རྩེ་ལྡེང་བ། གནས་བརྟན་ལྷ་ཆུང་བ། རྗེ་བྱམས་པ་ལྷུན་གྲུབ། རྗེ་བཙུན་སོགས་སོ། །ཛམ་དཀར་ལྷ་ལྔ་ནི། སྤྱན་རས་གཟིགས། རྒྱ་བརྩོན་འགྲུས་སེང་གེ། ནག་ཚོ་ཚུལ་རྒྱལ། རོང་པ་ཕྱག་སོར་བ། པུ་ཏོ་བ། ཤ་ར་བ། གཏུམ་སྟོན་པ། ཆུ་མིག་པ་གྲགས་པ་རྒྱལ་མཚན། གྲོ་སྟོན་བདུད་རྩི་གྲགས། ཞང་སྟོན་ཆོས་བློ། མཆིམས་ནམ་མཁའ་གྲགས། དཔལ་སྡིངས་པ། འདུལ་འཛིན་གྲགས་པ། བླ་མ་རྒྱ་གར་རྒྱལ་མཚན། བླ་མ་སེང་གེ་རྒྱལ་མཚན། ཀུན་མཁྱེན་རོང་པོ། པཎ་ཆེན་རིན་པོ་ཆེ། བྲག་དཀར་སེམས་དཔའ། རྗེ་རྡོ་རིང་བ་ཀུན་དགའ་རྒྱལ་མཚན། རྗེ་བཙུན་ཏཱ་ར་ནཱ་ཐ་
༤༨༦ མན་ཆད་གོང་མ་རྣམས་དང་འདྲ། གསུམ་པ་གདམས་ངག་ལམ་འབྲས་ལམ་སྐོར་དང་བཅས་པ་རྣམས་ཀྱི་དང་པོ་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་། བསྡུས་དོན། རྣམ་འགྲེལ་ཚིག་བཅད་མ། འཁོར་འདས་དབྱེར་མེད་ཀྱི་གཞུང་རྩ་བ། ཁྲིད་ཡིག་ཇོ་ལྕགས་མ། ཚིག་བཅད་མ། དེའི་བསྡུས་དོན་ངོར་ཆེན་གསུང་། གཞུང་བཤད་གཉགས་མ་རྣམས་ཀྱི་ལུང་གི་བརྒྱུད་པ་ནི་ཡན་ཆད་འོག་གི་དབང་བརྒྱུད་ལྟར་ལ། ངོར་ཆེན། མུས་ཆེན། དེ་གཉིས་ཀ་ལས་རྒྱལ་ཚབ་ཀུན་དབང་། དཀོན་མཆོག་འཕེལ་བ། ས་ལོ་འཇམ་པའི་རྡོ་རྗེ། དེ་གཉིས་ཀ་ལས་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཀུན་དགའ་རིན་ཆེན། བསོད་ནམས་དབང་པོ། ཀུན་དགའ་བསོད་ནམས། ཀུན་དགའ་བཀྲ་ཤིས། བསོད་ནམས་རིན་ཆེན། ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། གདོང་བླ་མ་བསྟན་འཛིན་ཕུན་ཚོགས། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །གཉིས་པ་སྨིན་བྱེད་ཀྱི་རྡོར་མན་ངག་ལུགས་ཀྱི་རྒྱུ་དུས་ཀྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིར་ཝ་།།།པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། སེ་སྟོན་ཀུན་རིག །ཞང་སྟོན་ཆོས་འབར། ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། ཆོས་རྒྱལ་འཕགས་པ། དཀོན་མཆོག་དཔལ། བསོད་ནམས་དཔལ། དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་སེམས་དཔའ་ཆེན་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་མཆོག་འཕེལ་བ། ལྷ་མཆོག་སེང་གེ། དཀོན་མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ། །ནམ་མཁའ་དཔལ་བཟང་། བསོད་ནམས་ལྷུན་གྲུབ། དཔལ་མཆོག་རྒྱལ་མཚན། སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན། དཔལ་ལྡན་ཆོས་སྐྱོང་། ཆོས་སྐྱོང་བཟང་པོ། ནམ་མཁའ་འཆི་
༤༨༧ མེད། བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ། རྡོ་རྗེ་འཆང་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལ་ཐུགས་རྗེ་ཆེན་པོས་བཀའ་དྲིན་ཏུ་སྩལ་བའོ། །དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་དཀྱིལ་གཉིས་ཀྱི་ལུང་རྒྱུན་དེ་ཕྱིན་ཆད་དབང་བརྒྱུད་དང་མཚུངས་ལ། འཇམ་དབྱངས་བློ་གཏེར་དབང་པོས་མཛད་པའི་དབང་ཆོག་ནི་མཛད་པ་པོ་ཉིད་ལས་སོ། །གསུམ་པ་ཁྲིད་ལ་ལམ་འབྲས་ངོར་ལུགས་ཚོགས་བཤད་ཀྱི་བརྒྱུད་པའང་དེ་དང་མཚུངས། བརྒྱུད་འདེབས་སོགས་ངོར་ཆེན་གསུང་རྣམས་ཀྱང་དེ་དང་མཚུངས། ཁྲིད་ཡིག་སྦས་དོན་ཀུན་གསལ་སོགས་ཚན་བཞིའི་བརྒྱུད་པ་ནི། དཔལ་ལྡན་བླ་མ་དམ་པ། གཟུངས་ཀྱི་དཔལ་བ། བཟང་པོ་རྒྱལ་མཚན། སེམས་དཔའ་དཀོན་མཆོག་རྒྱལ་མཚན། རྫོང་ཆུང་བྱམས་པ་རྡོ་རྗེ་རྒྱལ་མཚན། དཀོན་མཆོག་དཔལ། ཆོས་དཔལ་འབྱོར། བྱང་ཆུབ་དབང་རྒྱལ། པཎ་ཆེན་བདེ་བའི་རྡོ་རྗེ། ལྷ་དབང་ཕྲིན་ལས། ཚུལ་ཁྲིམས་བཀྲ་ཤིས། རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཟུར་འཆད་པ་རིན་ཆེན་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། ས་སྐྱ་པ་ཀུན་དགའ་རྒྱལ་མཚན། རིན་ཆེན་བློ་གསལ་བསྟན་སྐྱོང་། འཇམ་མགོན་བླ་མ་རིན་པོ་ཆེ། དེས་བདག་ལ་བཀའ་དྲིན་ཏུ་སྩལ་ཏོ། །ལམ་སྦས་བཤད་དང་བརྡ་དོན་གསལ་བའི་ཁྲིད་བརྒྱུད་ནི། ཁྲིད་བརྒྱ་ལྟར་ལ། ལུང་བརྒྱུད་ནི། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤོངས་པ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །བསླབ་གསུམ་རྒྱལ་མཚན། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་
༤༨༨ གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོ། དེས་བདག་ལའོ། །ལམ་འབྲས་ཕག་གྲུ་ལུགས་སྟག་ལུང་ཐང་པ་རིན་པོ་ཆེས་མཛད་པའི་ཁྲིད་ཡིག་གི་ལུང་བརྒྱུད་ནི། ས་ཆེན། ཕག་གྲུ། ཐང་པ་བཀྲ་ཤིས་དཔལ། སྐུ་ཡལ་སྤྲུལ་པའི་སྐྱེས་མཆོག །སངས་རྒྱས་ཡར་བྱོན། སངས་རྒྱས་དབོན། ཨོ་རྒྱན་མགོན་པོ། རྒྱལ་བའི་མཚན་ཅན། རཏྣ་ཀཱ་ར། གྲགས་པའི་མཚན་ཅན། མི་གཡོ་མགོན་པོ། ཨ་བ་དྷཱུ་ཏི། འཇིག་རྟེན་དབང་ཕྱུག །པདྨ་རྒྱལ་པོ། མཚོ་སྐྱེས་རྡོ་རྗེ། ཀུན་དགའ་བཀྲ་ཤིས། ངག་དབང་རྣམ་རྒྱལ། བཀྲ་ཤིས་དཔལ་གྲུབ། གྲགས་པ་ལེགས་གྲུབ། དམ་ཆོས་ཕུན་ཚོགས། བསྟན་འཛིན་རྣམ་རྒྱལ། གྲགས་པ་རིན་ཆེན་ཤེས་རབ། བཀྲ་ཤིས་གྲགས་པ་རྒྱལ་མཚན། གྲགས་པ་རིན་ཆེན་ལེགས་གྲུབ། ཆོས་དབྱིངས་ལྷུན་གྲུབ། ངག་དབང་བསྟན་པའི་ཉི་མ། འཕགས་མཆོག་གྲགས་པ་ཀུན་གསལ། རྩེ་སྤྲུལ་གྲགས་པ་ཡོངས་ཁྱབ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །བཤད་རྒྱུད་རྡོ་རྗེ་གུར་གྱི་དགོངས་པ་དག་པ་གསུམ་གྱི་ཁྲིད་ཀྱེ་རྡོར་འགྲེལ་པ་ལུགས་སམ་རྩ་བ་མེད་པའི་ལམ་འབྲས་སུ་གྲགས་པའི་ཁྲིད་བརྒྱུད་ནི་ཁྲིད་བརྒྱ་ལྟར་ལ། འཕགས་པས་མཛད་པའི་ཁྲིད་ཡིག་གི་ལུང་བརྒྱུད་ནི། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་བ་འཛིན་པ། བྱང་ཆུབ་སེང་གེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། ཀུན་དགའ་དབང་ཕྱུག །དཀོན་མཆོག་འཕེལ་བ། ས་ལོ་ཀུན་དགའ་བསོད་ནམས། དཀོན་མཆོག་ལྷུན་གྲུབ། ཤར་ཁང་ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ་བཟང་། བྱམས་པ་ཀུན་དགའ་བཀྲ་ཤིས། ནམ་མཁའ་སངས་རྒྱས། དཔལ་མཆོག་རྒྱལ་མཚན། དོན་གྲུབ་རྒྱལ་མཚན། ཁམས་སྟོན་ནམ་མཁའ་དཔལ་
༤༨༩ བཟང་། སངས་རྒྱས་ཡེ་ཤེས། ཀུན་དགའ་བློ་གྲོས། ཆོས་བཀྲ་ཤིས། ཀུན་དགའ་རབ་རྒྱས། ཆོས་དཔལ་འབྱོར། ངག་དབང་གྲགས་པ། ཀུན་དགའ་དཔལ་བཟང་། ཀུན་དགའ་འཇམ་དཔལ། ངག་དབང་ལེགས་གྲུབ། ཀུན་མཁྱེན་བླ་མ་རིན་པོ་ཆེ། དེས་བདག་ལའོ། །ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་བརྒྱུད་ཇོ་ནང་ཁྲིད་བརྒྱ་ལྟར་ལ། དེ་དག་གི་གཞུང་རྙིང་ཌོམྦི་པའི་ལྷན་ཅིག་སྐྱེས་སྒྲུབ་ཀྱི་ལུང་བརྒྱུད་ནི། ཌོམྦི་པ། ངོ་མཚར་རྡོ་རྗེ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་།།།་ཡེ་ཤེས། སེ་སྟོན་ཀུན་རིག །ཞང་སྟོན་ཆོས་འབར། ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། ཁའུ་པ་འོད་ཟེར་། ལ་རུ་བ་བསོད་ནམས་སེང་གེ། ཡེ་ཤེས་མགོན་པོ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཚུལ་ཁྲིམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཞྭ་ལུ་བ་སངས་རྒྱས་དཔལ་བཟང་། མུས་པ་ནམ་མཁའ་དཔལ་བཟང་། དཀོན་མཆོག་ལྷུན་གྲུབ། ནམ་མཁའ་དཔལ་བཟང་། ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཡང་ན། ངོར་ཆེན་ནས། དཀོན་མཆོག་བློ་གྲོས། དཔལ་ལྡན་རྒྱལ་པོ། བཟང་པོ་དཔལ། ནམ་མཁའ་དབང་ཕྱུག །ཤེའུ་ལོ་ཙཱ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་བཟང་མན་སྔར་ལྟར་ལ། ཀུན་བློ་ནས། ཟུར་འཆད་པ་རིན་ཆེན་རྒྱལ་མཚན། སློབ་དཔོན་ཀུན་དགའ་བཀྲ་ཤིས། འཇམ་མགོན་ཀུན་དགའ་རྒྱལ་མཚན། རིན་ཆེན་བློ་གསལ་བསྟན་སྐྱོང་། འཇམ་མགོན་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །སློབ་དཔོན་མཚོ་སྐྱེས་ཀྱི་རྫོགས་རིམ་ཟབ་པའི་ཚུལ་དགུ་ནི། པདྨ་བཛྲའམ་མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨ།།།། ཀ་ར།
༤༩༠ ནག་པོ་སྤྱོད་པའི་རྡོ་རྗེ། བྲམ་ཟེ་དཔལ་འཛིན། པཎ་ཆེན་གྷ་ཡ་དྷ་ར། འབྲོག་མི་ལོ་ཙཱའོ། །ནག་པོ་སྤྱོད་པའི་རྡོ་རྗེའི་གཏུམ་མོ་ལམ་རྫོགས་ནི། ནག་པོ་སྤྱོད་པ། དཔལ་འཛིན། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། སློབ་དཔོན་ཨུ་ཙི་ཏ་འཆི་བ་མེད་པའི་ཡོན་པོ་བསྲང་བ་ནི། ཨུ་ཙི་ཏ། སྤྱོད་པའི་རྡོ་རྗེ། དཔལ་འཛིན། ག་ཡ་དྷ་ར། འབྲོག་མི། འཕགས་པ་ཀླུ་སྒྲུབ་ཀྱི་སེམས་ཐག་བཅད་པའི་མན་ངག་དང་། ངག་དབང་གྲགས་པའི་ཕྱག་ཆེན་ཡི་གེ་མེད་པ་སོགས་རྗེ་བཙུན་གྲགས་པས་མཛད་པ་རྣམས་ནི། མཛད་པ་པོ་ཕྱིན་བརྒྱུད་པ་སྔ་མ་དང་མཚུངས། ཏོག་ཙེ་པའི་བསམ་མི་ཁྱབ་པའི་རིམ་པ་ནི། ཏོག་ཙེ་པ། བྷུ་ཥ་ན་པ། དྷ་མ་པ། ཀཧྞ་པ། དཔའ་བོ་རྡོ་རྗེ། འབྲོག་མི། ཨིནྡྲ་བྷཱུ་ཏིའི་ཕྱག་རྒྱ་ལམ་རྫོགས་ཉེ་བརྒྱུད་ནི། ཨིནྡྲ་བྷཱུ་ཏི་ཆེ་བ། ལྕམ་ལེགས་སྨིན། པཎ་ཆེན་ཤེས་རབ་གསང་བ། འབྲོག་མི་ལོ་ཙཱ་མན་ཆད་སྔར་ལྟར་རོ། །སྒོ་དྲུག་ཆོས་འབྲེལ་གྱི་ཁྲིད་བརྒྱུད་ཇོ་ནང་ཁྲིད་བརྒྱ་ལྟར་ལ། ལུང་བརྒྱུད་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཕྱིན་ཆད་ཁྲིད་ཡིག་སྦས་དོན་གསལ་བ་དང་མཚུངས། བླ་མ་ས་སྐྱ་པ་ཆེན་པོའ་ཞེན་པ་བཞི་བྲལ་གྱི་ཁྲིད་བརྒྱུད་ནི། ཐུབ་དབང་། འཇམ་དབྱངས། ས་ཆེན་ཀུན་སྙིང་། བསོད་ནམས་རྩེ་མོ། གྲགས་རྒྱལ། ས་པཎ། འཕགས་པ། དཀོན་མཆོག་དཔལ། བྲག་ཕུག་བ། སྨོན་ལམ་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། ཡེ་ཤེས་རྒྱལ་མཚན། ངོར་ཆེན། དཀོན་མཆོག་རྒྱལ་མཚན། བསོད་ནམས་སེང་གེ། །སངས་རྒྱས་རིན་ཆེན། ནམ་མཁའ་དབང་ཕྱུག །ཀུན་དགའ་ལེགས་གྲུབ། ཀུན་དགའ་ཆོས་གྲགས། ཀུན་དགའ་རྣམ་རྒྱལ། བསྟན་འཛིན་བཟང་པོ། ངག་དབང་ལྷུན་གྲུབ། རྨོར་ཆེན། ཀུན་དགའ་ལེགས་འབྱུང་། ཀུན་དགའ་བློ་གྲོས། འཆི་མེད་བསྟན་པའི་ཉི་མ། རྡོ་རྗེ་རིན་ཆེན། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །དེའི་རྩ་ཚིག་སོགས་ཁྲིད་ཀྱི་ཡིག་
༤༩༡ ཆ་རྣམས་ནི་མཛད་པ་པོ་སོ་སོར་ཕྱིན་ཆད་ཁྲིད་ཀྱི་དཀྱུས་དང་མཐུན་ཞིང་། ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་ཁྲིད་འཆད་ཐབས་ནི། དེ་ཉིད་ནས་རྗེ་བླ་མ་ལའོ། །ཆོས་རྗེ་ཀུན་དགའ་ཆོས་འཕེལ་གྱིས་མཛད་པའི་ལམ་འབྲས་བླ་མཆོད་ནི། ངོར་གྱི་ཁྲི་རབས་རིམ་པར་བརྒྱུད་དེ། བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ། རྗེ་བླ་མ་ལས་སོ། །བསྟན་སྲུང་གུར་ལྷ་བརྒྱད་ཀྱི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ། ཀ་ར་ཝརྨ། ལོ་ཙཱ་བ་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ། །ས་སྐྱ་པ་གོང་མ་ལྔ། ཨ་གཉན་དམ་པ། བདག་ཉིད་ཆེན་པོ་བཟང་པོ་དཔལ། དགའ་ལྡན་པ་ཀུན་བསོད། གནས་རིན་རྒྱལ། བླ་མ་དམ་པ། དཔལ་ལྡན་པ། ཤར་ཆེན། ངོར་ཆེན། ཆུ་མིག་བདག་ཆེན། པཎ་ཆེན་རིན་པོ་ཆེ། སྤྱང་ལུང་པ། རྗེ་བཙུན་གྲོལ་མཆོག །འཇམ་དབྱངས་ཀུན་དགའ་རྒྱལ་མཚན། རྗེ་བཙུན་ཏཱ་ར་ནཱ་ཐ་ཕྱིན་ཆད་བཀའ་གདམས་ཀྱི་མགོན་པོ་བཞི་སྦྲགས་དང་མཚུངས་སོ། །བཞི་པ་མངའ་བདག་མར་པའི་བཀའ་བརྒྱུད་ཀྱི་གདམས་ངག་གི་ཐོག་མར་གཞུང་རྩ་འགྲེལ་རྣམས་ཀྱི་ཐུན་མོང་ཕྱག་ཆེན་སྐོར་ལ། དཔལ་རྙོགས་པ་མེད་པའི་རྒྱུད་ཀྱི་ལུང་རྒྱུན་ནི། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། བྲམ་ཟེ་ཆེན་པོ་ས་ར་ཧ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་ཤ་བ་རི་བ། མངའ་བདག་མཻ་ཏྲི་པ། མར་པ་ཆོས་ཀྱི་བློ་གྲོས། ཡང་ན་རྡོ་རྗེ་འཆང་། བདག་མེད་མ། ཀླུ་སྒྲུབ། ཏཻ་ལོ། ནཱ་རོ། མར་པ། མེས་སྟོན་བསོད་ནམས་རྒྱལ་མཚན། རྩ་སྐྱ་པ་།།།་ཡེ་ཤེས། རྒྱ་ཡོན་ཏན་བཟང་པོ། ཁམས་པ་།།།་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ། བུ་སྟོན་རིན་ཆེན་གྲུབ། གཡུང་སྟོན་རྡོ་དཔལ། ཡང་ན་མཻ་ཏྲི་པ་ནས། རྒྱ་གར་ཕྱག་ན། མངའ་རིས་ནག་པོ་ཤེར་དད། བླ་མ་སོ་སྟོན། མྱང་སྟོན་རྩག་སེ། རོག་སྟོན་བདེ་བ། ལྕེ་ཡོན་ཏན། ལྕེ་
༤༩༢ མདོ་སྡེ་སེང་གེ། ཆོས་སྐུ་འོད་ཟེར། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། རྒྱལ་བ་གཡུང་སྟོན་པ། དེ་ནས་བླ་མ་བསོད་ནམས་བཟང་པོ། བླ་མ་ཚུལ་ཁྲིམས་མགོན་པོ། བྱང་སེམས་བསོད་ནམས་རྒྱལ་མཚན་མཁན་ཆེན་བསོད་ནམས་བཟང་པོ། གོ་ཤྲཱི་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཀརྨ་ཀ་བདུན་པ་ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ་གྲུབ་ཆེན། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེ། ཀརྨ་ལེགས་བཤད་སྒྲ་དབྱངས། དགེ་སློང་རྡོ་རྗེ་ཆོས། ཆེ་ཚང་ཀརྨ་བསྟན་སྐྱོང་། རྗེ་དཀོན་མཆོག་བསྟན་འཛིན། འཇམ་མགོན་གསུང་རབ་རྒྱ་མཚོ། ཀུན་མཁྱེན་བསྟན་པའི་ཉིན་བྱེད། རྒྱལ་དབང་བདུད་འདུལ་རྡོ་རྗེ། དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་ཀྱི་རྒྱལ་པོ། དེས་བདག་ལ་སྩལ་བའོ། །བྲམ་ཟེ་ཆེན་པོའ་དམངས་དོ་ཧ་ནི། ས་ར་ཧ་པ། ཤ་བ་རི། མཻ་ཏྲི་པ། དངུལ་ཆུ་བཻ་རོ། རྗེ་དུས་གསུམ་མཁྱེན་པ། རས་ཆེན་བསོད་ནམས་གྲགས་པ། སྤོམ་བྲག་པ་བསོད་ནམས་རྡོ་རྗེ། ཀརྨ་པཀྴི། གཉན་རས་དགེ་འདུན་འབུམ། རྗེ་རང་བྱུང་རྡོ་རྗེ། གཡུང་སྟོན་པ་མན་ཆད་སྔར་དང་འདྲ། དེའི་བསྡུས་དོན་དཔལ་ཕུ་བས་མཛད་པ་ལུང་མེད། ཤ་བ་རི་པའི་སྙིང་པོ་དོན་གྱི་མན་ངག་གི་བརྒྱུད་པ་ནི། དེ་ཉིད་ནས་མཻ་ཏྲི་པ། རྒྱ་གར་ཕྱག་ན། བྲང་ཏི་བློ་གྲོས་དབང་། གཙང་ཡང་དག་འབར། ཕུག་གཟུངས་སྐྱབས། གཙང་འབྱུང་སེར། ལྕེ་སྟོན་མདོ་སྡེ་སེང་གེ་མན་ཆད་གོང་དང་མཚུངས། ཏཻ་ལོ་པའི་ཕྱག་ཆེན་གངྒཱ་མ་ནི། དེ་ཉིད་ནས། ནཱ་རོ་པ། མར་པ་ལོ་ཙཱ། མི་ལ་རས་པ། མཉམ་མེད་དྭགས་པོ། དུས་གསུམ་མཁྱེན་པ། འགྲོ་མགོན་རས་ཆེན། སྤོམ་བྲག་པ། གྲུབ་ཆེན་པཀྴི། གཉན་རས། རང་བྱུང་རྡོ་རྗེ། གཡུང་སྟོན་པ། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། དྲུང་རྨ་སེ་བློ་གྲོས་རིན་ཆེན། ཆོས་དཔལ་ཡེ་ཤེས། བློ་གྲོས་གྲགས་པ། བྱ་བཏང་བློ་གྲོས་རྒྱ་མཚོ། དོན་གྲུབ་བཀྲ་ཤིས། ལེགས་བཤད་སྒྲ་དབྱངས། བློ་
༤༩༣ གྲོས་རྣམ་རྒྱལ། སངས་རྒྱས་རིན་ཆེན། དྲུང་རིན་པོ་ཆེ་ཀུན་དགའ་རྣམ་རྒྱལ། གར་དབང་ཀརྨ་བསྟན་སྐྱོང་། བསོད་ནམས་འགྱུར་མེད། དཀོན་མཆོག་བསྟན་འཛིན། སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ། གསུང་རབ་རྒྱ་མཚོ། ཆོས་ཀྱི་འབྱུང་གནས། དགེ་ལེགས་རབ་རྒྱས། དྲུང་འགྱུར་མེད་བསྟན་འཕེལ། བསྟན་འཛིན་དགེ་ལེགས་ཉི་མ། དེས་བདག་ལའོ། །དེའི་ས་བཅད་དང་འགྲེལ་བ་རང་བྱུང་ཞབས་ཀྱིས་མཛད་པ་ནི། མཛད་པ་པོ་ཕྱིན་ཆད་དེ་དང་འདྲ། ནཱ་རོ་པའི་ཚིག་བསྡུས་ནི། དེ་ཉིད་ནས་མར་པ་ལོ་ཙཱ་སོགས་འདྲ། དེའི་འགྲེལ་ཆུང་རྟོག་སླ་མཛད་པ་པོ་ཉིད་ལས་ནོས། མཻ་ཏྲི་པའི་དེ་ཁོ་ན་ཉིད་བཅུ་པ་ནི། མཻ་ཏྲི་པ་མན་རྙོགས་པ་མེད་པའི་རྒྱུད་ལྟར་རམ། ཡང་ན་མཻ་ཏྲི་པ་ནས། གྲུབ་ཐོབ་ཏེ་པུ་པ། རས་ཆུང་རྡོ་རྗེ་གྲགས་པ། བུར་སྒོམ་ནག་པོ། ཕག་གྲུ་རྡོ་རྗེ་རྒྱལ་པོ། རྒྱལ་ལོ་ཕུག་པ། གསེར་སྡིང་པ་གཞོན་ནུ་གྲུབ། ཀུན་མཁྱེན་ཆོས་སྐུ་འོད་ཟེར་མན་གོང་ལྟར་རོ། །མར་པའི་ཡིད་ལ་མི་བྱེད་པའི་མགུར་རྩ་ནི། དེ་ཉིད་ནས་མི་ལ་སོགས་དང་། རྗེ་བཙུན་མི་ལས་མཛད་པའི་ཕྱག་ཆེན་ཡེ་ཤེས་གསལ་བྱེད་ནི། དེ་ཉིད་ནས་དྭགས་པོ་རིན་པོ་ཆེ་སོགས་དང་། རྗེ་བཙུན་སྒམ་པོ་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད་ཀྱི་གདམས་པ་ནི། དེ་ཉིད་ནས་དུས་མཁྱེན་སོགས་སྔ་མ་ལྟར་རོ། །ཐུན་མིན་ཆོས་དྲུག་གི་སྐོར་ལ། བཀའ་ཡང་དག་པའི་ཚད་མའི་ལུང་བརྒྱུད་ནི། རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ། ཕྱག་རྡོར། ཏཻ་ལོ། ནཱ་རོ། མར་པ། མི་ལ། རས་ཆུང་བ། དེ་ལས་རྒྱལ་བ་ལོ་དང་སུམ་པ་གཉིས། བུར་སྒོམ་རྣམས་ཀྱིས་གསན། ཕྱི་མ་ལས་ཕག་གྲུས་གསན། དེ་ནས་གླིང་རས་སམ། གླིང་རས་ཀྱིས་ལོ་སུམ་གཉིས་ལས་ཀྱང་གསན། དེས་གཙང་བ་རྒྱ་རས་ལ་གནང་། དེ་ནས་དབོན་རས་དར་མ་སེང་གེ། གཞོན་ནུ་སེང་གེ། ཉི་མ་སེང་གེ། དེ་ཁུ་དབོན་གཉིས་ཀ་ལས་དབོན་རྡོར་གླིང་པ་སེང་གེ་ཤེས་རབ་ཀྱིས་ཞུས། དེ་ནས་སྤོས་སྐྱ་བ་སེང་གེ་རིན་ཆེན།
༤༩༤ སེང་གེ་རྒྱལ་པོ། ཀུན་དགའ་སེང་གེ། རྡོ་རྗེ་རིན་ཆེན། བློ་གྲོས་སེང་གེ། ཤེས་རབ་སེང་གེ། ཡེ་ཤེས་རིན་ཆེན། ནམ་མཁའ་དཔལ་བཟང་། ཤེས་རབ་བཟང་པོ། ཆོས་རྗེ་ཀུན་དགའ་དཔལ་འབྱོར། ངག་དབང་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་ཆོས་ཀྱི་གྲགས་པ། དེ་ལས་ཨ་ཝ་དྷཱུ་ཏི་པ་དང་། ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་གཉིས་ཀྱིས་ཞུས། གཉིས་ཀ་ལས་ཀུན་མཁྱེན་པདྨ་དཀར་པོ། ལྷ་རྩེ་ངག་དབང་བཟང་པོ། དཔག་བསམ་དབང་པོ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། ཆོས་ཀྱི་དབང་ཕྱུག །དགེ་ལེགས་བཞད་པ། འཇམ་མགོན་དགྱེས་པ། འཇམ་དཔལ་དཔའ་བོ། །ཀུན་གཟིགས་ཆོས་ཀྱི་སྣང་བ། རྒྱལ་དབང་ཐེག་མཆོག་རྡོ་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ནི། རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ། ཏཻ་ལོ་པ་སོགས་དང་། ཆོས་དྲུག་ཀ་དཔེ་ཆེ་ཆུང་། ཏཻ་ལོ་པའི་ཆོས་དྲུག་མན་ངག །ནཱ་རོ་པའི་ཆོས་དྲུག་རྡོ་རྗེའི་མགུར། རྗེ་བཙུན་མི་ལའི་སྙན་བརྒྱུད་གསལ་བ་སྐོར་གསུམ་རྣམས་ཀྱང་གོང་གི་ཕྱག་ཆེན་གངྒཱ་མའི་བརྒྱུད་པ་དང་མཚུངས། གཉིས་པ་གདམས་ངག་ཁྲིད་ཀྱི་རིམ་པ་ལ། དང་པོ་སྨིན་བྱེད་རྒྱུ་དབང་། གཉིས་པ་གྲོལ་བྱེད་ཁྲིད་གཞུང་དངོས་ལ་རྩ་བ་དང་ཡན་ལག་གཉིས་ལས། དང་པོ་རྩ་བ་སྙན་བརྒྱུད་ཀྱི་ཆོས་སྐོར་ལ་རྒྱས་འབྲིང་བསྡུས་གསུམ་ལས། རྒྱས་པ་རས་ཆུང་སྙན་བརྒྱུད་ལས་བྱུང་བ་ཏིལླི་པའི་གཞུང་ཆུང་། ཐུན་མོང་ཡིད་བཞིན་ནོར་བུ། སྟེང་སྒོ་རྣམ་གྲོལ་ཆོས་དྲུག །ཐབས་ལམ་འཁྲུལ་འཁོར། འོག་སྒོ་བདེ་ཆེན། འོད་རིག་བདེ་ཆེན། ཕྱག་ཆེན་ཡེ་ཤེས་གསལ་བྱེད་བཅས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། རས་ཆུང་པ། ཁྱུང་ཚང་པ། དེའི་ཐུགས་སྲས་མར་སྟོན་ཚུལ་ཁྲིམས་འབྱུང་གནས། སློབ་དཔོན་སྟར་སྒོམ། མ་གཅིག་ཨང་ཇོ་སྟེ་ཐུགས་སྲས་གྲུབ་ཐོབ་རྣམ་གསུམ། གསུམ་ཀ་ལས་ཞང་
༤༩༥ ལོ་ཙཱ། འགྲོ་མགོན་དྷ་ར་ཤྲཱི། བྱང་སེམས་བསོད་ནམས་རྒྱལ་མཚན། མ་གཅིག་ཀུན་ལྡན་རས་མ། མཁས་བཙུན་གཟི་བརྗིད་རྒྱལ་མཚན། དབང་ཕྱུག་ཤེས་རབ། རི་ཁྲོད་པ་གཞོན་ནུ་རྒྱལ་མཚན། རས་ཆེན་གདན་གཅིག་པ། མཚན་ལྡན་འཕྱི་པ། འདུལ་འཛིན་ངག་གི་དབང་པོ། ཤར་རབ་འབྱམས་པ་སངས་རྒྱས་སེང་གེ། གཙང་སྨྱོན་ཆོས་ཀྱི་སེང་གེ། རྒོད་ཚང་རས་ཆེན། དེས་གནས་པ་རབ་འབྱམས་པ་བྱམས་པ་ཕུན་ཚོགས། ཀརྨ་བཀྲ་ཤིས། སངས་རྒྱས་འོད་ཟེར་ཏེ་རབ་འབྱམས་རྣམ་གསུམ་དུ་གྲགས་པ་ལ་གནང་། གསུམ་ཀ་ལས་ཀུན་མཁྱེན་གྲུབ་མཆོག་དབང་པོས་གསན། དེ་ནས་ཕྲིན་ལས་རྒྱ་མཚོ། བཀའ་བརྒྱུད་སྒྲོན་མེ། ཡོན་ཏན་རྒྱ་མཚོ། ཆོས་རྗེ་གླིང་པ། དབང་པོ། ཡེ་ཤེས་སྐལ་བཟང་། དཔལ་ལྡན་རྒྱ་མཚོ། དགེའུ་པ་ངེས་དོན་བསྟན་འཛིན་ཆོས་ཀྱི་རྒྱ་མཚོ། མཐུ་སྟོབས་རྒྱ་མཚོ། ཁ་རག་པ་རིན་ཆེན་འོད་ཟེར། དགེའུ་བཀའ་བརྒྱུད་ཕྲིན་ལས་དབང་ཕྱུག །འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཕྱག་ཆེན་ཡི་གེ་བཞི་པའི་སྒོར་བརྒྱུད་ནི། རྡོ་རྗེ་འཆང་། རྡོ་རྗེ་སྙིང་པོ། ཏེ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ། ཕག་གྲུ། གླིང་རས། རྒྱ་རས། རྒོད་ཚང་བ། ཡང་དགོན་པ། སྤྱན་སྔ་རིན་ལྡན། ཟུར་ཕུག་ཆོས་རྗེ། རི་ཁྲོད་རས་ཆེན། སྨན་སྒོམ་འོད་ཟེར་སེང་གེ། ལ་ཕྱི་པ་ནམ་མཁའ་རྒྱལ་མཚན། འདུལ་འཛིན་ངག་གི་དབང་པོ། སྟག་ལུང་ངག་དབང་གྲགས་པ། ཤ་ར་རབ་འབྱམས་པ་མན་ཆད་སྔར་ལྟར་རོ། །འབྲིང་པོ་ངམ་རྫོང་སྙན་བརྒྱུད་ཀྱི་རྩ་བ་ཚེ་རིང་སྐོར་གསུམ་གྱི་གཞུང་ནི། རས་པ་བོདྷི་རཱ་ཛ་ནས་གུང་ཐང་རས་པ་དང་གཡག་ཕུ་བ་སོགས་རིམ་པར་བརྒྱུད་དེ་སྙན་བརྒྱུད་ཀྱི་དཀྱུས་སུ་བཞུགས་ལ། ཕྱག་ཆེན་ཡེ་ཤེས་གསལ་བྱེད་དང་། བསྡུས་པ་དྭགས་པོ་སྙན་བརྒྱུད་ཀྱི་རྩ་བ་ནི་གོང་གསལ་མི་ལའི་ཕྱག་ཆེན་གྱི་རྩ་བ་སོགས་དང་བརྒྱུད་པ་འདྲ། ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་རྩ་བའི་
༤༩༦ ལུང་བརྒྱུད་ཀྱང་དེ་ལྟར་ལ་ཁྲིད་ཀྱི་བརྒྱུད་པ་ནི། རས་ཆུང་སྙན་བརྒྱུད་ལྟར་རོ། །སྙན་གྱི་ཤོག་དྲིལ་བཞི་ནི། ཟུང་མང་སྙན་བརྒྱུད་ཀྱི་དཀྱུས་སུ་བཞུགས་པས་བརྒྱུད་པ་རྩ་རླུང་འཕོ་བ་གཉིས་ནི་ནཱ་རོ་པས་མར་པ་ལ་གནང་། ཕྱག་ཆེན་བར་དོ་གཉིས་མཻ་ཏྲི་པས་མར་པ་ལ་གནང་། དེ་ནས་དོལ་གྱི་མཚུར་སྟོན་དབང་ངེ་། གཤན་སྒོམ་སྒོམ་ཆུང་། དྭགས་པོ་མདོ་རྩེ། སློབ་དཔོན་ཉི་མ་ལུང་པ། བདེ་གཤེགས་རིན་པོ་ཆེ་ཏོག་རྩེ་སྒང་པ། སྙེ་མདོ་ཐམས་ཅད་མཁྱེན་པ་ཆོས་རྗེ་ཀུན་དགའ་དོན་གྲུབ། གཡུང་སྟོན་རྡོ་རྗེ་དཔལ་མན་ཆད་སྙན་བརྒྱུད་དང་འདྲ། གཉིས་པ་དྭགས་པོ་བཀའ་བརྒྱུད་ཀྱི་བཀའ་སྲོལ་སོ་སོ་ལས་ཕྱུང་བའི་ཁྲིད་ཀྱི་སྐོར་ལ། རྩ་བ་དྭགས་པོ་གདན་སའི་ལུགས་ཟབ་ལམ་ཆོས་དྲུག་དང་། ཕྱག་རྒྱ་ཆེན་པོའ་ཁྲིད། ཁྲིད་ཡིག་གི་ལུང་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྣལ་འབྱོར་མ། བྱང་སེམས་བདེ་བའི་མགོན་པོ། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི་པ་སྟེ་ཕྱག་ཆེན་བརྒྱུད་པ། ཀླུ་སྒྲུབ། འཕགས་པ་ལྷ། ཟླ་བ་གྲགས་པ། མ་ཏཾ་གི་པ་སྟེ་བསྐྱེད་རིམ་སྒྱུ་ལུས་བརྒྱུད་པ། ལཱུ་ཡི་པ། ཌེཾ་གི་པ། དྷ་རི་ཀ་པ། སུ་ཁ་དྷ་རི་སྟེ་ཐབས་ལམ་གཏུམ་མོའ་བརྒྱུད་པ། ཌོམྦྷི་པ། བཱིན་ས། ལྭ་བ་པ། ཨིནྡྲ་བྷཱུ་ཏི་ཏེ་རྨི་ལམ་འོད་གསལ་བརྒྱུད་པ། རྣལ་འབྱོར་སུ་ཁ་པ། ཐང་ལོ་པ། ཤིང་ལོ་པ། ཀརྞ་རི་པ་སྟེ་བར་དོ་འཕོ་བའི་བརྒྱུད་པ། ཐམས་ཅད་ཀྱི་བཀའ་བབས་འདུས་པ་ཏེ་ལོ་ནས། ནཱ་རོ། ཨ་ཝ་དྷཱུ་ཏི་པ། མར་པ། མི་ལ། སྒམ་པོ་ལྷ་རྗེ། དབོན་སྒོམ་ཚུལ་ཁྲིམས་སྙིང་པོ། ལ་ཡག་པ་བྱང་ཆུབ་དངོས་གྲུབ། མཁན་ཆེན་བྱེད་དཀར་བ། སྙི་སྒོམ་ཆེན་པོ། འབྲི་གུང་གླིང་པ་མཆེད། དཔལ་ལྡན་ལྷ་ལུང་པ། མཁན་ཆེན་ལྷ་བཙུན་པ། ཇོ་སྲས་རྡོ་རྗེ་བློ་གྲོས། སྤྱན་སྔ་ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་སེང་གེ། ཆོས་ཀྱི་དབང་ཕྱུག །མཁན་ཆེན་རྒྱལ་མཚན་བཟང་པོ། སྤྱན་སྔ་བསོད་ནམས་རྒྱལ་མཚན། རྗེ་བསོད་ནམས་ལྷུན་གྲུབ། པཎ་ཆེན་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་མཚན་ཅན། ནོར་བུ་རྒྱན་པ།
༤༩༧ སྤྱན་སྔ་རིན་ཆེན་རྡོ་རྗེ། བཟང་པོ་རྡོ་རྗེ། ལྷུན་གྲུབ་ངེས་དོན་དབང་པོ། གྲུབ་ཆེན་དམ་ཆོས་དབང་ཕྱུག །བསྟན་པ་དར་རྒྱས། གྲུབ་དབང་བྱང་ཆུབ་རྡོ་རྗེ། བྱང་སེམས་ཀུན་དགའ་སྙིང་པོ། རྒྱལ་སྲས་གཞན་ཕན་མཐའ་ཡས། རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ། དེས་བདག་ལ་བཀའ་དྲིན་ཏུ་སྩལ་བའོ། །དྭགས་པོ་རིན་པོ་ཆེའི་ཆོས་བཞི་མདོར་བསྡུས་ཀྱི་བརྒྱུད་པའང་དེ་དང་མཚུངས། སེམས་ཁྲིད་ཡིད་བཞིན་ནོར་བུ་དང་འཕོ་བ་དོན་གྱི་གྲོང་འཇུག་གཉིས་ནི། རྗེ་བཙུན་སྒམ་པོ་པ། སྐྱེས་བུ་ཡེ་ཤེས་རྡོ་རྗེ། དེས་གཏེར་དུ་སྦས་པ་འགྲོ་མགོན་དུང་མཚོ་རས་པས་བཏོན་ཅིང་། སྣེའུ་བྱ་བྲལ་བ་རྡོ་རྗེ་མཛེས་པ་སོགས་ལ་བསྩལ་ནས་རིམ་པར་བརྒྱུད་དེ་གྲུབ་ཆེན་བློ་གྲོས་རིན་ཆེན་གྱིས་སྙན་བརྒྱུད་ཀྱི་ཆོས་སྡེར་བཀོད་པ་སྟེ་དེ་ཕྱིན་ཆད་སྙན་བརྒྱུད་གཞུང་དང་བརྒྱུད་པ་འདྲ། འགྲོ་མགོན་ཚལ་པ་བཀའ་བརྒྱུད་ལས། ཞང་ཚལ་བའི་ཕྱག་རྒྱ་ཆེན་པོའ་ལམ་མཆོག་མཐར་ཐུག་དང་སྒོམ་མ་མོ་ཆེན་མོ་གཉིས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཌཱ་ཀི། རྩ་བའི་བླ་མ་དྲུག །ཞང་བརྩོན་འགྲུས་གྲགས་པ། མཉམ་མེད་།།།་ཡེ་ཤེས། བཙན་ཁང་པ་སངས་རྒྱས་གཞོན་ནུ། ཀུན་དགའ་རྒྱལ་མཚན། རྗེ་གྲགས་པ་བཟང་པོ། བསོད་ནམས། ཕ་ལ། དཔལ་ལྡན་རྒྱལ་མཚན། གྲགས་པ་བསོད་ནམས། དགེ་འདུན་དཔལ་ལྡན། གྲགས་པ་རྒྱ་མཚོ། ངག་དབང་རྒྱ་མཚོ། བསོད་ནམས་རྒྱལ་མཚན། སྐལ་ལྡན་རྒྱ་མཚོ། ཆོས་དབྱིངས་རང་གྲོལ། ལྔ་པ་ཆེན་པོ། པདྨ་ཕྲིན་ལས། ཀུན་དགའ་བསོད་ནམས། ཐུབ་བསྟན་དར་རྒྱས། འགྱུར་མེད་ཆོས་འཕེལ། བློ་བཟང་འབྱུང་གནས། གྲགས་པ་མཁས་གྲུབ། སྐལ་བཟང་མཁས་གྲུབ། ཆུ་བཟང་བླ་མ། དགེ་བཤེས་ཡེ་ཤེས་གོང་འཕེལ། ཀུན་མཁྱེན་བླ་མ་འཇམ་དབྱངས་ཞབས་ལས་བཀའ་དྲིན་ཏུ་ནོས་སོ། །བཀའ་རྒྱ་མའི་དོན་བསྡུས་ཞྭ་དམར་ལྔ་པའི་གསུང་ནི། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ཀརྨ་ཉི་མ།
༤༩༨ ཀརྨ་ཕྲིན་ལས། དོན་ཡོད་སྙིང་པོ། ཆོས་ཀྱི་དོན་གྲུབ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། དེས་བདག་ལའོ། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཁྲིད་སྐོར་ལས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག །ཆོས་དྲུག་གོ་བྱའི་ཆིངས་དང་། ཆོས་དྲུག་གསེར་ཞུན་མ་བཅས་རྒྱལ་བ་རང་བྱུང་རྡོ་རྗེས་མཛད་པའི་བརྒྱུད་པ་ནི། མཛད་པ་པོ་ཕྱིན་ཆད་འོག་གི་ཕྱག་ཆེན་བརྒྱུད་པ་ལྟར་ལ་རྒྱལ་དབང་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས་བཀའ་དྲིན་ཏུ་སྩལ་བའོ། །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ས་ར་ཧ་པ། འཕགས་པ་ཀླུ་སྒྲུབ། ཤ་བ་རི་པ། མཻ་ཏྲི་པ། ལྷོ་བྲག་མར་པ། རྗེ་བཙུན་མི་ལ། ཆོས་རྒྱལ། དྭགས་པོ་ལྷ་རྗེ། དུས་གསུམ་མཁྱེན་པ། འགྲོ་མགོན་རས་ཆེན། སྤོམ་བྲག་པ། ཀརྨ་པཀྴི། མཁས་གྲུབ་ཨོ་རྒྱན་པ། རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། རྗེ་རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། རཏྣ་བྷ་དྲ། མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ཆོས་དབྱིངས་རྡོ་རྗེ། ཡེ་ཤེས་སྙིང་པོ། ཡེ་ཤེས་རྡོ་རྗེ། ཆོས་ཀྱི་དོན་གྲུབ། བྱང་ཆུབ་རྡོ་རྗེ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། ཆོས་གྲུབ་རྒྱ་མཚོ་གཉིས་ཀ་ལས་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོས་གསན། དེས་བདག་ལ་བཀའ་དྲིན་ཏུ་སྩལ། ཡང་པདྨ་ཉིན་བྱེད་ནས་རྒྱལ་དབང་བཅུ་བཞི་པ་དང་ཀརྨ་ཐེག་མཆོག་བསྟན་འཕེལ་གཉིས་ཀྱིས་གསན། དེ་གཉིས་ཀས་བདག་ལ་སྩལ། ཡང་རྗེ་བཅུ་གསུམ་པ་ནས། ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས། དེ་ལས་ཀྱང་བཀའ་དྲིན་ཐོབ། ཁྲིད་ཡིག་ཆོས་སྐུ་མཛུབ་ཚུགས་དང་སྔོན་འགྲོའི་ངག་འདོན་ལུང་རྒྱུན་ཀྱང་དེ་དང་འདྲ། རྡོ་རྗེ་རྣལ་འབྱོར་མའི་ལྷ་ཁྲིད་སྙིང་པོ་བསྡུས་པ་ནི། མཛད་པ་པོ་དཔལ་གཙུག་ལག་ཕྲེང་བ་
༤༩༩ ནས། རྒྱལ་དབང་དབང་ཕྱུག་རྡོ་རྗེ། ཀརྨ་དོན་རྟོགས། ཀརྨ་དཔལ་བཟང་། ཀརྨ་ཀུན་མཁྱེན། ཆོས་ཀྱི་འབྱུང་གནས། རྗེ་བཅུ་གསུམ་པ། པདྨ་ཉིན་བྱེད་དབང་པོ། ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ལས་ནོས། གཙུག་ལག་རྒྱ་མཚོས་མཛད་པའི་ཕྱི་སྒྲུབ་ཟིན་བྲིས་ནི། མཛད་པ་པོ་ནས། ཆོས་ཀྱི་དབང་ཕྱུག །གྲགས་པ་མཆོག་དབྱངས། ཀརྨ་ཚོགས་གཉིས། ཀརྨ་བསྟན་འཛིན་རྣམ་རྒྱལ། ཀརྨ་ཀུན་མཁྱེན་མན་ཆད་སྔ་མ་དང་འདྲ། རང་བྱུང་རྡོ་རྗེས་མཛད་པའི་སྐུ་གསུམ་ངོ་སྤྲོད་ནི་ཕྱག་ཆེན་ཁྲིད་ཡིག་སོགས་དང་འདྲ་བ་ལས་རྗེ་བཅུ་བཞི་པའི་ཞལ་སྔ་ནས་བཀའ་དྲིན་ཏུ་ཐོབ་བོ། །དེའི་ཁྲིད་ཡིག་ཀུན་ཁྱབ་ཀྱིས་མཛད་པ་ནི། མཛད་པ་པོ་ནས། མཆོག་སྤྲུལ་ཀརྨ་རཏྣ། རི་མགུལ་སྤྲུལ་སྐུ་ཀརྨ་ཆོས་རྒྱལ། ཀརྨ་ངེས་དོན་དཔལ་བཟང་། རྗེ་བླ་མ་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཁྲིད་ཀྱི་བརྒྱུད་པ་ནི། རིང་བརྒྱུད་བཀའ་བཞི་བརྒྱུད་པ་རྣམས་དང་། ཉེ་བརྒྱུད་རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། རྗེ་བཙུན་མི་ལ་མན་ཆད་གོང་གི་ཕྱག་ཆེན་དང་འདྲ། ཆོས་དྲུག་བདུད་རྩིའི་ཉིང་ཁུའི་ལུང་བརྒྱུད་ནི། མཛད་པ་པོ་གར་དབང་ཆོས་ཀྱི་དབང་ཕྱུག །རྗེ་བཅུ་པ་ཆོས་དབྱིངས་རྡོ་རྗེ་ཕྱིན་ཆད་ཀྱང་ཁྱད་པར་མེད། དཔལ་ལྡན་ཀརྨ་པའི་ཁྱད་ཆོས་སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་དང་ལུང་གི་བརྒྱུད་པ་ནི། གྲུབ་ཆེན་ཀརྨ་པ་ཆོས་ཀྱི་བླ་མ། མཁས་གྲུབ་ཨོ་རྒྱན་པ་ཕྱིན་ཆད་སྔར་དང་འདྲ་བ་ལས། རྒྱལ་དབང་བཅུ་བཞི་པའི་བཀའ་དྲིན་ལས་ཐོབ། རྗེ་དེ་ཉིད་ཀྱིས་མཛད་པའི་སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་ཡིག་ནི། མཛད་པ་པོ་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །ནཱ་རོ་པའི་གེགས་སེལ་གཟེར་ལྔའི་ལུང་བརྒྱུད་ནི་ཀ་དཔེ་ཆེ་ཆུང་རྣམས་ལྟར་རོ། །ཐུན་བཞིའི་བླ་མའི་རྣལ་འབྱོར་ནི། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེ་ཕྱིན་ཀཾ་ཚང་གསེར་ཕྲེང་ལྟར་ལ། པདྨ་ཉིན་བྱེད་དབང་པོ།
༥༠༠ ཀརྨ་ཐེག་མཆོག་བསྟན་འཕེལ་ལས་ནོས། དེའི་དམིགས་རིམ་དང་རྡོ་རྗེ་འཆང་ཆུང་མའི་ཟིན་བྲིས་བཅས་ཀྱི་ལུང་བརྒྱུད་ནི། མཛད་པ་པོ་ཀརྨ་ཆགས་མེད་ནས། བརྩོན་འགྲུས་རྒྱ་མཚོ། པདྨ་དོན་གྲུབ། པདྨ་ལྷུན་གྲུབ། བདེ་ཆེན་སྙིང་པོ། ཀཾ་ཀརྨ་ནོར་བུ། དེ་ལས་སོ། །ཟུར་མང་བཀའ་བརྒྱུད་ལས། དྲུང་རྨ་སེས་མཛད་པའི་ཕྱག་ཆེན་གྱི་ཁྲིད་ནི། རྨ་སེ་བློ་གྲོས་རིན་ཆེན། རྟོགས་ལྡན་ཆོས་དཔལ་ཡེ་ཤེས་ཕྱིན་ཀ་དཔེ་ཆེ་ཆུང་སོགས་དང་འདྲ། གནས་མདོ་བཀའ་བརྒྱུད་ཀྱི་སྙིང་པོ་ཐུགས་རྗེ་ཆེན་པོ་བུ་ལུའི་དམར་ཁྲིད་ནི། ཀརྨ་ཆགས་མེད། པདྨ་ཀུན་དགའ། ཕྲིན་ལས་དབང་འབྱུང་། ཤེས་རབ་གྲགས་པ། བསྟན་འཛིན་དོན་གྲུབ། རྗེ་དབོན་བསམ་གཏན་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་ཐེག་མཆོག་བསྟན་འཕེལ། དེ་ལས་བཀའ་དྲིན་ཏུ་ཐོབ་པའོ། །ཕག་གྲུབ་བཀའ་བརྒྱུད་རྩ་བའི་ཆོས་སྐོར་ལས་འགྲོ་མགོན་རྡོ་རྗེ་རྒྱལ་པོས་མཛད་པའི་ཕྱག་རྒྱ་ཆེན་པོའ་གདམས་པའི་ལུང་གི་བརྒྱུད་པ་ནི། དེ་ཉིད་ནས་གྲུབ་ཐོབ་གླིང་རས། གཙང་པ་རྒྱ་རས། རྒྱལ་བ་རྒོད་ཚང་པ། སྤྱན་སྔ་རིན་ལྡན་པ། ཟུར་ཕུག་པ། གཡག་ཕུག་པ། ཐང་ཆུང་བ་ཤཱཀ་སེང་། མཁོན་ཇོ་སྲས། བྱ་བྲལ་ནམ་མཁའ་འོད། མཁས་བཙུན་པ། རྡོར་འཛིན་པ། རིན་ཆེན་གཞོན་ནུ། སྤྱན་སྔ་བསོད་ནམས་རྒྱལ་མཚན་ནས་རིམ་པར་བརྒྱུད་དེ། དགེ་ཕྱོགས་ཀྱི་བླ་མ་ཞིག་ལས། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེས་གསན། དེ་ལས་བདག་གིས་སོ། །ཟུང་བཞི་ཡ་བརྒྱད་ཀྱི་སྐོར་ལས། མགོན་པོ་འབྲི་གུང་པའི་ཁྱད་ཆོས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། །མར་པ། མི་ལ། དྭགས་པོ། ཕག་གྲུ། འབྲི་གུང་རིན་ཆེན་དཔལ། ཚུལ་ཁྲིམས་རྡོ་རྗེ། བསོད་ནམས་གྲགས་པ། སྤྱན་སྔ་གྲགས་འབྱུང་། གཅུང་རྡོ་རྗེ་གྲགས། རིན་ཆེན་སེང་གེ། གྲགས་པ་སེང་གེ། རྡོ་རྗེ་རིན་ཆེན། རྡོ་རྗེ་རྒྱལ་པོ། འཛམ་གླིང་ཆོས་རྒྱལ། དོན་གྲུབ་རྒྱལ་པོ། རིན་ཆེན་དཔལ་གྱི་རྒྱལ་མཚན། རིན་ཆེན་དཔལ་བཟང་།
༥༠༡ རིན་ཆེན་ཆོས་རྒྱལ། ཀུན་དགའ་རིན་ཆེན། རིན་ཆེན་ཕུན་ཚོགས། བསོད་ནམས་དཔལ་གྱི་རྒྱ་མཚོ། ཆོས་རྒྱལ་ཕུན་ཚོགས། བཀྲ་ཤིས་ཕུན་ཚོགས། དཀོན་མཆོག་རིན་ཆེན། ཆོས་ཀྱི་གྲགས་པ། དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་རྒྱལ། བསྟན་འཛིན་འགྲོ་འདུལ། ལྷོ་ཆོས་ཀྱི་རྒྱལ་མཚན། བསྟན་འཛིན་ཆོས་ཀྱི་ཉི་མ། པདྨ་ཉིན་བྱེད་དབང་པོའ་ཞལ་སྔ་ནས་བཀའ་དྲིན་ཏུ་སྩལ། ཡང་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ་ནས་ཀརྨ་ཆགས་མེད་ཀྱིས་གསན་དེ་ནས་གནས་མདོ་གསེར་ཕྲེང་རིམ་པར་བརྒྱུད་དེ། ཐུགས་རྗེ་ཆེན་པོའ་དམར་ཁྲིད་རྒྱབ་ཆོས་ཀྱི་ཡིག་སྟེང་ནས་མཆོག་སྤྲུལ་བསྟན་འཛིན་ཕྲིན་ལས་ཞབས་ཀྱིས་སྩལ། ཞྭ་དམར་ལྔ་པའི་ཁྲིད་ཡིག་གི་ལུང་རྐྱང་བརྒྱུད་པ་ནི། དཀོན་མཆོག་འབངས། དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ཀརྨ་གསུང་རབ། ཀརྨ་རྡོ་རྗེ། ཀརྨ་ཕྲིན་ལས་དབང་པོ། འཇམ་མགོན་བསྟན་པའི་ཉིན་བྱེད། བདུད་འདུལ་རྡོ་རྗེ། རྡོ་རྗེ་འཆང་པདྨ་ཉིན་བྱེད། དེས་སོ། །རྗེ་།།།་ཀཱ་རས་མཛད་པའི་ལྔ་ལྡན་ཚིགས་བཅད་མའི་ཁྲིད་ནི། མཛད་པ་པོ་ནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད། དེ་ལས་སོ། །ཕྱག་ཆེན་ལྔ་ལྡན་གྱི་གཏོར་དབང་བརྒྱུད་པ་ནི། ཆོས་ཀྱི་ཉི་མ་ཡན་ལྔ་ལྡན་ཁྲིད་བརྒྱུད་ལྟར་ལ། དེ་ནས། བསྟན་འཛིན་པདྨའི་རྒྱལ་མཚན། འགར་དཀོན་མཆོག་བསྟན་འཛིན། ཆོས་ཉིད་ནོར་བུ། རིག་འཛིན་དཀོན་མཆོག་བསྟན་འཛིན། དེས་བདག་ལའོ། །ཆོས་དྲུག་གི་བརྒྱུད་པ་ནི། སྐྱོབ་པ་ཡན་ཆད་སྤྱི་ལྟར་ལ། དབོན་བསོད་ནམས་གྲགས་པ། གཅུང་རྡོ་རྗེ་གྲགས་པ། ཐོག་ཁ་པ་རིན་སེང་། མཚམས་བཅད་པ་གྲགས་བསོད། བཅུ་གཉིས་པ་རྡོར་རིན། ཉེར་བརྒྱད་པ་རྡོར་རྒྱལ། ཉེར་གཉིས་པ་ཆོས་རྒྱལ། དོན་གྲུབ་རྒྱལ་པོ། ནམ་མཁའ་རྒྱལ་མཚན། ངག་དབང་རྒྱལ་མཚན། ངག་དབང་གྲགས་པ། རིན་ཆེན་ཆོས་རྒྱལ། ཀུན་དགའ་རིན་ཆེན། རིན་ཆེན་ཕུན་ཚོགས། དཔལ་གྱི་རྒྱ་མཚོ། ཆོས་རྒྱལ་ཕུན་ཚོགས། རྣམ་
༥༠༢ འཇོམས་ཕུན་ཚོགས། ཆོས་ཀྱི་གྲགས་པ་ནས། ཆོས་ཀྱི་ཉི་མའི་བར་ལྔ་ལྡན་ལྟར་ལ། དེ་ནས་བསྟན་འཛིན་པདྨའི་རྒྱལ་མཚན། ངག་དབང་བསྟན་པའི་ཉི་མ། འཇམ་མགོན་མཁྱེན་བརྩེའི་ཞབས་ཀྱིས་བདག་ལའོ། །བླ་མེད་ལྷན་སྐྱེས་རྣམ་བཞིའི་རྫོགས་རིམ་སྤྱི་བརྒྱུད་ཀྱང་འདི་དང་འདྲ། དཔལ་སྟག་ལུང་པ་ཆེན་པོའ་ལུགས་ཀྱི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཉམས་ཁྲིད་བརྒྱུད་པ་ནི། མར་ཐང་གི་གདན་རབས་རིམ་བྱོན་ལྟར་ན། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། བདེ་བའི་དངོས་གྲུབ། ས་ར་ཧ་པ། ཀླུ་སྒྲུབ། ཤ་བ་རི་པ། མཻ་ཏྲི་པ། སྐྱེས་མཆོག་མར་པའམ། ཡང་ན། རྡོ་རྗེ་འཆང་། ཏཻ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ། ཕག་གྲུ། སྟག་ལུང་ཐང་པ། སྐུ་ཡལ་པ། སངས་རྒྱས་ཡར་བྱོན། སངས་རྒྱས་དབོན། བཀྲ་ཤིས་བླ་མ། སངས་རྒྱས་དཔལ་བཟང་། རཏྣ་གུ་རུ། རཏྣཱ་ཀ་ར། ནམ་མཁའ་འཇམ་དབྱངས། བཀྲ་ཤིས་དཔལ་བརྩེགས། བྱང་ཆུབ་རྒྱ་མཚོ། ངག་དབང་གྲགས་པ། རྣམ་རྒྱལ་གྲགས་པ། རྣམ་རྒྱལ་བཀྲ་ཤིས། རྣམ་རྒྱལ་དཔལ་བཟང་། ངག་དབང་རྣམ་རྒྱལ། བཀྲ་ཤིས་དཔལ་གྲུབ། གྲགས་པ་ལེགས་གྲུབ། འཇམ་དཔལ་རྒྱ་མཚོ། ཕྲིན་ལས་བསྟན་འཛིན། ཕྲིན་ལས་མཆོག་གྲུབ། དེ་གཉིས་ཀ་ལས་གྲགས་པ་རིན་ཆེན་ཤེས་རབ། ཕྱི་མ་གཉིས་ཀ་ལ་བཀྲ་ཤིས་གྲགས་པ་རྒྱལ་མཚན། གྲགས་པ་རིན་ཆེན་ལེགས་གྲུབ། ཆོས་དབྱིངས་ལྷུན་གྲུབ། ངག་དབང་བསྟན་པའི་ཉི་མ། ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེ། དེས་བདག་ལའོ། །མར་ཐང་གི་བརྒྱུད་པ་གསེར་ཕྲེང་ཆུང་བ་ལྟར་ན། སངས་རྒྱས་དབོན་ཡན་སྔར་ལྟར་ལ། རྗེ་ཨོ་རྒྱན་མགོན་པོ། རྒྱལ་བའི་བློ་གྲོས། རཏྣཱ་ཀ་ར། གྲགས་པ་རྒྱལ་མཚན། མི་གཡོ་མགོན་པོ། འཕགས་མཆོག་འཇིག་རྟེན་དབང་ཕྱུག །པདྨ་རྒྱལ་པོ། མཚོ་སྐྱེས་རྡོ་རྗེ། ཀུན་དགའ་བཀྲ་ཤིས། ངག་དབང་རྣམ་རྒྱལ་མན་ཆད་འདྲའོ། །ཚིག་བརྒྱུད་གཙོ་བོར་གྱུར་པ་ནི།
༥༠༣ སངས་རྒྱས་དབོན་གྲགས་པ་འོད་ཟེར། ཀུན་དགའ་དཔལ། ཨོ་རྒྱན་མགོན་པོ། ཡོན་ཏན་རྒྱལ་མཚན། ཡོན་ཏན་འོད་ཟེར། བློ་གྲོས་རིན་ཆེན། དོན་གྲུབ་རིན་ཆེན། ཆོས་དཔལ་བཟང་པོ། མཁར་དྲུང་བསོད་ནམས་བཀྲ་ཤིས། མཚོ་སྐྱེས་རྡོ་རྗེ་མན་འདྲ། བརྒྱུད་སྲོལ་འདིར་གདན་ས་བཀའ་བརྒྱུད། ཀརྨ་ཀཾ་ཚང་། འབྲི་གུང་། འབྲུག་པ་ནས་བརྒྱུད་པ་བཅས་འདུ་བས་བཀའ་བབས་ལྔར་བརྩི་བ་ཡིན་ནོ། །ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཁྲིད་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ། ཀླུ་སྒྲུབ། ཙ་པ། ལྭ་བ་པ། སྐལ་པ་བཟང་མོ་སྟེ་བཀའ་བབས་བཞིའི་བཅུད་འདུས་ཏེ་ལོ། ནཱ་རོ། །མར་པ། མི་ལ། དྭགས་པོ། ཕག་གྲུ། ཐང་པ་བཀྲ་ཤིས་དཔལ་མན་ཆད་ཕྱག་ཆེན་བརྒྱུད་པ་ལྟར་རོ། །འདི་ལའང་། ཀཾ་ཚང་། འབྲི་གུང་། འབྲུག་པ་སྟེ་བཀའ་སྲོལ་གྱི་ཆུ་བོ་བཞི་འདུའོ། །ཐང་པ་རིན་པོ་ཆེས་མཛད་པའི་ཕྱག་ཆེན་དང་ཆོས་དྲུག་གི་ཁྲིད་ཡིག་གཉིས་ཀྱི་ལུང་བརྒྱུད་ཀྱང་མཛད་པ་པོ་ཕྱིན་ཆད་དེ་ལྟར་རོ། ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་དང་ཡི་གེ་བཞི་པའི་ཁྲིད་ཀྱི་བརྒྱུད་པ་ནི་ཡན་ཆད་སྔོན་མ་རྣམས་ལྟར་ལ། འགྲོ་མགོན་རིན་པོ་ཆེ་དང་། རྒྱལ་ཚ་རིན་ཆེན་མགོན་པོ། ཀུན་ལྡན་གཙང་པ་རས་ཆུང་། ལོ་ཙཱ་བ་བྱམས་པའི་དཔལ། བླ་ཆེན་བསོད་དབང་། ཁྲོ་ཕུ་རིན་པོ་ཆེ། མང་རྩེ་བ་རིན་ཆེན་སེང་གེ། དགྲ་བཅོམ་པ་ཡོན་ཏན་བློ་གྲོས། སྤྱང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་།།།་མཆོག་ལྡན། ཡིག་དྲུག་པ་ཤེས་རབ་དཔལ་འབྱོར། འཇམ་དབྱངས་ཀུན་དགའ་གྲོལ་མཆོག །རྗེ་ཀརྨ་བཟང་པོ། འཇམ་དབྱངས་།།།་བསྟན་འཛིན། མཁས་དབང་ནོར་བུ། ཀུན་དགའ་ལེགས་པ། ལོ་ཆེན་བཤེས་གཉེན་རྣམ་རྒྱལ། རྒྱལ་མཚན་བཟང་པོ། དོལ་པཎ་ཕྱོགས་ལས་རྣམ་རྒྱལ། བསྟན་པ་རྒྱ་མཚོ། ངག་དབང་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ཐབས་མཁས་རྒྱ་མཚོ། མཁན་པོ་སྐལ་
༥༠༤ བཟང་རྣམ་རྒྱལ། བློ་བཟང་བསྟན་འཛིན་རྒྱ་མཚོ། ལྷོ་བྲག་དཔལ་ལྡན་གྲགས་པ། ལྷ་བཙུན་དོན་གྲུབ་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་པོའ་ཞལ་སྔ་ནས་ཐོབ་བོ། །འབྲུག་པའི་སྐོར་ལས་ཕྱག་ཆེན་དང་ཆོས་དྲུག་གི་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་རྡོར། ཏཻ་ལོ་སོགས་ནས། ཕག་གྲུ། གླིང་རས། རྒྱ་རས། དར་མ་སེང་དགེ་ནས་ངག་དབང་ཆོས་རྒྱལ་བར་བཀའ་ཡང་དག་པའི་ཚད་མ་དང་འདྲ། དེ་ནས་པདྨ་དཀར་པོ། ཆོས་ཀྱི་མགོན་པོ། ངག་དབང་བཟང་པོ་མན་ཆད་ཀྱང་དེ་དང་འདྲ་བ་ལས། ཆོས་ཀྱི་སྣང་བ་ནས། བསྟན་འཛིན་ཆོས་ཀྱི་དབང་པོ། རྗེ་དཀོན་མཆོག་བསྟན་འཛིན། ཀུན་མཁྱེན་བླ་མ་རིན་པོ་ཆེ། དེས་བདག་ལའོ། །རོ་སྙོམས་རྩ་བ་རྒྱ་གཞུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏེ་ལོ། །ནཱ་རོ། །ཏེ་པུ་པ། རས་ཆུང་རྡོ་རྗེ་གྲགས་པ། དེས་གཏེར་དུ་སྦས་པ་རྒྱ་རས་ཀྱིས་བཏོན། དེ་ནས་དབོན་རས་དར་མ་སེང་གེ། གཞོན་ནུ་སེང་གེ། ཉི་མ་སེང་གེ། རྡོར་གླིང་པ། སྤོས་སྐྱ་པ། བཅུ་གསུམ་པ། རྗེ་ཀུན་དགའི་མཚན་ཅན། མཁན་པོ་རྗེ། བློ་གྲོས་སེང་གེ། །མཁྱེན་བརྩེ་རྟོགས་ལྡན། ལེགས་པ་རིན་ཆེན། འཁྲུལ་ཞིག་ཡོན་ཏན་སངས་རྒྱས། རྒྱལ་དབང་རྗེ། གྲུབ་ཆེན་ཤཱཀ་འཕེལ། ངག་དབང་ཆོས་རྒྱལ། ཆོས་ཀྱི་གྲགས་པ། ཀུན་སྤོང་སྒྱུ་མའི་གར་མཁན། པདྨ་དཀར་པོ་སོགས་སོ། མཁའ་སྤྱོད་དབང་པོས་མཛད་པའི་རོ་སྙོམས་སྐོར་དྲུག་གི་ཁྲིད་ཡིག་ལུང་ནི་ལྔ་ལྡན་དང་འདྲ། རོ་སྙོམས་དགོངས་བསྒྲིལ་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏཻ་ལོ། ནཱ་རོ། ཏེ་ཕུ་པ། རས་ཆུང་པ། རྒྱལ་བ་ལོ། སུམ་པ། གླིང་རས། དཔོན་རས། གཞོན་སེང་། ཉི་མ་སེང་གེ། གཞོན་ནུ་ཉི་མ། གཉིས་ཀ་ལས་སེང་གེ་ཤེས་རབ། སེང་གེ་རིན་ཆེན། སེང་གེ་རྒྱལ་པོ། ཀུན་དགའ་སེང་གེ། རྡོ་རྗེ་རིན་ཆེན། བློ་གྲོས་སེང་གེ། མཁྱེན་བརྩེ་རྟོགས་ལྡན། ཡོན་ཏན་སངས་རྒྱས། རྒྱལ་དབང་རྗེ་ཡན་སྔར་ལྟར་རོ། །རྟེན་འབྲེལ་ཁོ་བོ་ལུགས་ཀྱི་སྙིང་པོ་ནི། སངས་
༥༠༥ རྒྱས་དཔའ་བོ་བདུན། རྒྱ་རས། དར་སེང་། གཞོན་སེང་། ཉི་སེང་། སེང་གེ་ཤེས་རབ། སེང་གེ་རིན་ཆེན། སེང་གེ་རྒྱལ་པོ། ཀུན་དགའ་སེང་གེ། རྡོ་རྗེ་རིན་ཆེན། བློ་གྲོས་སེང་གེ། བློ་གྲོས་མཆོག་ལྡན། དཀོན་བསམ་པ། ཡོན་ཏན་སངས་རྒྱས། རྒྱལ་དབང་རྗེ་མན་ཆད་འདྲའོ། །བླ་སྒྲུབ་རྒྱ་གཞུང་དང་ལམ་ཟབ་ཐུན་མོང་ཐུན་མིན་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏིལླི་པ། ནཱ་རོ་པ། མར་པ། མི་ལ། དྭགས་པོ་རིན་པོ་ཆེ། ཕག་མོ་གྲུ་པ། རྒྱ་རས་ནས་བློ་གྲོས་སེང་གེའི་བར་ཕྱག་ཆེན་སོགས་དང་འདྲ། དེ་ནས་དམ་པ་སྔོ་ཉལ་བ། སྒྲུབ་ཆེན་དཀོན་བསམ་པ། འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར། རྒྱལ་དབང་ཆོས་རྗེ། ངག་གི་དབང་པོ། འཇམ་དབྱངས་ཆོས་ཀྱི་གྲགས་པ། ཨ་ཝ་དྷཱུ་ཏི་པ། པདྨ་དཀར་པོ་ལའོ། །ཁྲིད་ཆེན་བརྒྱད་ཀྱི་བརྒྱུད་པ་ནི། གཙང་པ་རྒྱ་རས་ཡན་སྔ་མ་རྣམས་ལྟར་ལ། དེ་ནས་སངས་རྒྱས་དབོན། རྒྱལ་བ་རྒོད་ཚང་པ། ཡང་དགོན་པ། སྤྱན་སྔ་རིན་ལྡན། ཟུར་ཕུག་པ། འབའ་ར་བ། ཡོན་རྒྱལ་བ། གཉན་རས་ནམ་མཁའ་རྒྱལ་མཚན། རྒྱལ་དབང་རྗེ། ངག་དབང་ཆོས་རྒྱལ། པདྨ་དཀར་པོའོ། །ཁྲིད་ཆུང་རྣམས་ཀྱང་དེ་དང་འདྲ། དགེ་སྦྱོར་བདུན་པའི་ཉམས་ལེན་དགོངས་བསྒྲིལ་ནི། རྒྱ་རས་ཡན་འདྲ། དེ་ནས་འབྲས་མོ་བ། ཁོ་སྒོམ། ཤཱི་ལའི་མཐའ་ཅན། ཆོས་རྗེ་ཉི་མ། སྤོས་སྐྱ་པ། །བཅུ་གསུམ་པ། འཇམ་དབྱངས་རྗེ། མཁན་ཆེན་པ། བློ་གྲོས་སེང་གེ། ཡེ་ཤེས་རིན་ཆེན། ཤེས་རབ་བཟང་པོ། རྒྱལ་དབང་རྗེ། ངག་གི་དབང་པོ། ཆོས་ཀྱི་གྲགས་པ། ཀུན་སྤངས་རྗེ། པདྨ་དཀར་པོ་ལའོ། །པད་དཀར་ཞབས་ནས་ལྷ་རྩེ་བ་ངག་དབང་བཟང་པོ་ཕྱིན་ཆད་གོང་གི་ཕྱག་ཆེན་ལྟར་རོ། །སྨད་འབྲུག་ཐུབ་པ་ལྔའི་སྙིང་པོ་མདོར་བསྡུས་པའི་བརྒྱུད་པ་ནི། རྒྱ་རས། ལོ་རས། ཙཱ་རི་རས་པ། འཇམ་དབྱངས་མགོན་པོ། གཉིས་ཀ་ལས་དབོན་སྟོན། མགོན་པོ་ཡེ་ཤེས། རྒྱལ་མཚན་གཞོན་ནུ། དཀོན་མཆོག་དབང་པོ། མཁས་གྲུབ་པ། སངས་རྒྱས་བཟང་
༥༠༦ པོ། ཆོས་ཀྱི་དབང་ཕྱུག །སངས་རྒྱས་དཔལ་འབྱོར། དབང་ཕྱུག །འཇམ་དབྱངས་ཆོས་གྲགས། ཤེས་རབ་རྒྱ་མཚོ། པད་དཀར་མན་འདྲའོ། །ཁྲིད་རྒྱུན་ནི་ཁྲིད་བརྒྱ་ལྟར་རོ། །རྒྱལ་བ་ཡང་དགོན་པའི་རི་ཆོས་སྙིང་པོ་མ་དྲུག་གི་གདམས་པ་ནི། རྒྱལ་བ་ཡང་དགོན་པ། སྤྱན་སྔ་རིན་ལྡན། ཟུར་ཕུག་པ། རིན་ཆེན་དཔལ་བཟང་། རྗེ་འབའ་ར་བ། ནམ་མཁའ་སེང་གེ། བསོད་ནམས་དོན་གྲུབ། རི་ཁྲོད་རས་ཆེན། སྨན་སྒོམ་རྗེ། ལ་ཕྱི་བ། མཁས་གྲུབ་རྗེ། མཁས་བཙུན་པ། མགོན་པོའ་མཚན་ཅན། སྦས་སྒོམ་པ། ཆོས་ཀྱི་བློ་གྲོས། རིག་འཛིན་རྗེ། དཔལ་ལྡིང་བ། གླང་མཁར་བ། རབ་འབྱམས་ཆོས་རྗེ། ཨོ་རྒྱན་ཡོངས་གྲགས། འགྲོ་དོན་རབ་འཕེལ། ཀུན་བཟང་ཀློང་ཡངས། བློ་གྲོས་ཆོས་འཕེལ། ངག་དབང་ཡེ་ཤེས། ངག་དབང་ཆོས་གྲགས་རྒྱ་མཚོ། ཆོས་ཀྱི་རྒྱ་མཚོ། ཚེ་དབང་འཇིགས་མེད། གཙུག་ལག་ཆོས་ཀྱི་རྒྱལ་པོ། ཀརྨ་བསྟན་པ། ཟླ་བཟང་སྤྲུལ་པའི་སྐུ་རིན་པོ་ཆེ་ཀརྨ་བསྟན་པ་རབ་རྒྱས་ཀྱི་ཞལ་སྔ་ནས་བདག་ལའོ། །རྗེ་འབའ་ར་བའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའ་ཆོས་སྐོར་གྱི་ཁྲིད་ལུང་གི་བརྒྱུད་པ་ནི། འབའ་ར་རྒྱལ་མཚན་དཔལ་བཟང་ནས། བྱ་བྲལ་བ་པདྨ་བཟང་པོ། ཟུར་ཁང་པ་བསོད་ནམས་བཟང་པོ། སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན། གུང་པ་ནམ་མཁའ་རྡོ་རྗེ། ལྷུན་གྲུབ་རྒྱལ་མཚན། འཛམ་གླིང་སངས་རྒྱས་ཆོས་འཕེལ། མང་ཡུལ་དཀོན་མཆོག་རྒྱལ་མཚན། རིན་ཆེན་བསྟན་པའི་གསལ་བྱེད། རྗེ་བཙུན་བློ་གྲོས་ཆོས་འཕེལ། རིག་འཛིན་ཚེ་དབང་ནོར་བུ། འབའ་ར་བ་ངག་དབང་ཡེ་ཤེས། ཆོས་གྲགས་རྒྱ་མཚོ། ཆོས་ཉིད་རྒྱ་མཚོ། ཆོས་དབྱིངས་རྡོ་རྗེའི་བར་འབའ་ར་གསེར་ཕྲེང་དང་། དེ་ནས་ཞྭ་ལུ་བློ་གསལ་བསྟན་སྐྱོང་། རྗེ་ཐམས་ཅད་མཁྱེན་གཟིགས། དེས་བདག་ལའོ། །རྗེ་འབའ་ར་བས་ཤངས་འབའ་ར་བྲག་དཀར་དུ་སྦས་པ་གྲུབ་ཆེན་ཤ་བ་རིའི་རྣམ་འཕྲུལ་རྗེ་བློ་གྲོས་ཆོས་འཕེལ་གྱིས་སྤྱན་དྲངས་པའི་ཕྱག་ཆེན་ཆོས་དྲུག་བླ་སྒྲུབ་ཀྱི་ཡང་སྙིང་རྣམས་ཀྱང་།
༥༠༧ དེ་ཉིད་ལས། རིག་འཛིན་ཆེན་པོས་གསན་པ་ཕྱིན་ཆད་བརྒྱུད་པ་འདྲའོ། །བཀའ་སྲུང་མགོན་པོ་ཕྱག་བཞི་པ་་ལོའ་ལུགས་ཀྱི་བརྒྱུད་པ་ནི། ཕག་གྲུའི་ལུགས་ལྟར་ན། རྡོ་རྗེ་འཆང་། ཀླུ་སྒྲུབ་སྙིང་པོ། དེ་བ། རྟ་དབྱངས། རྡོ་རྗེ་གདན་པ། ཨ་བྷ་ཡ་ཀ་ར། ཙ་མི། ་ལོ། །ཕག་གྲུ། ཐང་པ། རཏྣ་ནཱ་ཐ། སངས་རྒྱས་ཡར་བྱོན། མངྒ་ལ་གུ་རུ། སངས་རྒྱས་དཔལ་བཟང་། རཏྣ་གུ་རུ། རཏྣ་ཀ་ར། ཀ་དྲུག་པ་རིན་ཆེན་དཔལ་བཟང་། འབལ་རཏྣ་སེང་ཧ། བླ་མ་སྨོན་ལམ་དཔལ་འབྱོར། ངག་དབང་གྲགས་པ། ཚུལ་ཁྲིམས་མཆོག་གྲུབ། རྣམ་རྒྱལ་བཀྲ་ཤིས། རྗེ་བཙུན་ཀུན་དགའ་བཀྲ་ཤིས། རྗེ་བཙུན་ཏཱ་ར་ནཱ་ཐ་ཕྱིན་ཆད་གོང་མ་རྣམས་དང་འདྲའོ། །ཚལ་ལུགས་ལྟར་ན། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན། ཀླུའི་བུ་ཐུབ་པ་མོ། །སྒྲ་གཅན་འཛིན་བཟང་པོ། ཀླུ་སྒྲུབ། དེ་བ། རྟ་དབྱངས། དུས་འཁོར་བ། ཡང་ན་རྣལ་འབྱོར་མ། དྲིལ་བུ་པ། ཡན་ལག་མེད་པའི་རྡོ་རྗེ། དགའ་རབ་རྡོ་རྗེ། དུས་འཁོར་པ། ཨ་བྷཱ་ཡ། ཙ་མི། ་ལོ། །ཞང་ཚལ་པ། ལྷ་ཕྱུག་པ། སངས་རྒྱས་ཚལ་པ། བླ་མ་བསམ་རྫོང་པ། བླ་མ་དབོན་པོ། ཀུན་མཁྱེན་རྒྱལ་པོ། ལེགས་པའི་རྒྱལ་མཚན། ཉི་མ་རྒྱལ་མཚན། སྐྱེས་མཆོག་ཐར་པ་བ། གྲུབ་ཆེན་རྒྱལ་འབུམ། བཟང་པོ་རྒྱལ་མཚན། དཔལ་ལྡན་སངས་རྒྱས། ངག་དབང་གྲགས་པ། སྐུ་རག་པ་བྱང་སེམས་ཤེར་དཔལ། བྲག་སྟོད་པ་ལྷ་དབང་གྲགས་པ། རྗེ་བཙུན་ཏཱ་ར་ནཱ་ཐ་ལའོ། །དཔལ་ཕག་མོ་གྲུ་པ་དང་སྟག་ལུང་ཐང་པ་ཡབ་སྲས་ནས་བརྒྱུད་པའི་ཡེ་ཤེས་མགོན་པོ་ཕྱག་བཞི་པ་སྐུ་རགས་མའི་ཆོས་སྐོར་ལས་ཁོལ་ཕྱུངས་ལེ་ཚན་གྱི་བརྒྱུད་པ་ནི་ཡན་ཆད་ཚལ་ལུགས་ཕྱག་བཞི་པ་དང་འདྲ། རྒ་ལོ་ནས། ཨ་སེང་། འགྲོ་མགོན། ཐང་པ། སངས་རྒྱས་སྒོམ་པ། མཁས་པ་བ། བཀྲ་ཤིས་བླ་མ། སངས་རྒྱས་དཔལ་བཟང་། རཏྣགུ་རུ། རཏྣཱ་ཀ་ར། ཀ་དྲུག་པ་ཆེན་པོ། ཆོས་རྒྱལ་མཚན། ངག་དབང་གྲགས་པ། སློབ་
༥༠༨ དཔོན་ཚུལ་མཆོག །རྣམ་རྒྱལ་ཞབས། ཀུན་དགའི་ཞབས། ངག་དབང་རྣམ་རྒྱལ། བཀྲ་ཤིས་དཔལ་གྲུབ། གྲགས་པ་ལེགས་གྲུབ། འཇམ་དཔལ་རྒྱ་མཚོ། འཕགས་མཆོག་ངག་དབང་གྲགས་པ། ཕྲིན་ལས་བསྟན་འཛིན། གྲགས་པ་བསྟན་འཛིན་འཕེལ། ཕྲིན་ལས་བསྟན་འཛིན། དགེ་ལེགས་དཔལ་འབྱོར། གྲགས་པ་རིན་ཆེན་ལེགས་གྲུབ། ངག་དབང་བསྟན་པའི་ཉི་མ། ལྷ་བཙུན་འཇམ་དཔལ་རྡོ་རྗེ། རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས། དེ་ལས་བཀའ་དྲིན་ཏུ་ཐོབ་བོ། །ལྷ་མོ་དུད་སོལ་མའི་རྗེས་གནང་ནི། རྡོ་རྗེ་འཆང་། ཏཻ་ལོ་པ། ནཱ་རོ་པ། མར་པ། རྔོག་ཆོས་སྐུ། རྔོག་མདོ་སྡེ། ཀུན་དགའ་དཔལ། གཟི་བརྗིད་གྲགས་པ། རིན་ཆེན་བཟང་པོ། ཆོས་རྒྱལ་བ། དོན་གྲུབ་དཔལ། བྱང་ཆུབ་དཔལ། བཀྲ་ཤིས་དཔལ་གྲུབ། བྱང་ཆུབ་གྲགས་པ། རྔོག་བློ་གྲོས་དཔལ་བཟང་། ཀུན་དགའ་གྲོལ་མཆོག །ལྷ་དབང་གྲགས་པ། རྗེ་བཙུན་རིན་པོ་ཆེ་ཏཱ་ར་ནཱ་ཐ་ཕྱིན་ཆད་སྔར་དང་འདྲའོ། །ལྔ་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གདམས་སྐོར་ལ་གསུམ། དང་པོ་རྩ་བ་རྡོ་རྗེའི་ཚིག་རྐང་འགྲེལ་པ་དང་བཅས་པའི་སྐོར་ལ། རྩ་བ་ཆོས་དྲུག །སྡོང་པོ་ཕྱག་ཆེན། ཡལ་ག་ལམ་ཁྱེར། མེ་ཏོག་མཁའ་སྤྱོད་རྩ་བ། འབྲས་བུ་འཆི་མེད་འགྲེལ་པ་དང་བཅས་པའི་བརྒྱུད་པ་ནི། གཙང་མ་ཤངས་སྟོན་ཡན་འོག་གི་བདེ་མཆོག་ལྷ་ལྔ་ལྟར་ལ། དེ་ནས་མུས་ཆེན་རྒྱལ་མཚན་དཔལ་བཟང་། བླ་མ་རྡོ་རྗེ་གཞོན་ནུ། མཚན་ལྡན་ནམ་མཁའི་རྣལ་འབྱོར། བྱང་སེམས་སྦྱིན་པ་བཟང་པོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། མང་མཁར་བ་བརྒྱུད་འཛིན་བློ་གྲོས་རྒྱལ་མཚན། པུ་ཧྲང་མཁས་གྲུབ་དཔལ་ལྡན་དར་པོ། ཞེ་དགོན་པ་བསོད་ནམས་རྩེ་མོ། །རྗེ་བཙུན་ཀུན་དགའ་གྲོལ་མཆོག །ལོ་ཆེན་འགྱུར་མེད་བདེ་ཆེན། མཁན་ཆེན་ངག་དབང་ཆོས་གྲགས། རྒྱ་མཁར་རྩེ་བ་ངག་དབང་བསོད་ནམས་རྒྱལ་མཚན། ཀ་སྤེ་བ་ངག་དབང་བསྟན་པ་རབ་རྒྱས། མང་ཐོས་བསོད་ནམས་ཆོས་འཕེལ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། འཕགས་པ་དགེ་
༥༠༩ ལེགས་རྒྱལ་མཚན། ཀུན་དགའ་ངེས་དོན་སྙིང་པོ། ལྕགས་ཟམ་བདུན་པ་ཡེ་ཤེས་ལྷུན་གྲུབ། དེ་གཉིས་ཀ་ལས་དགེ་སློང་བློ་བཟང་བསྟན་འཕེལ། བསྟན་འཛིན་བརྒྱད་པ་མཁྱེན་རབས་མཐུ་སྟོབས། རྗེ་བླ་མ་མཁྱེན་བརྩེའི་ཞབས་ཀྱིས་བདག་ལའོ། །གཉིས་པ་སྨིན་བྱེད་དབང་དང་བྱིན་རླབས་ཀྱི་སྐོར་ལ། བྱིན་རླབས་སྒོ་འབྱེད་ཀྱི་བཀའ་དང་པོ་བདེ་མཆོག་ལྷ་ལྔའི་དབང་བཞིའི་བརྒྱུད་རིམ་ནི། ཁྱབ་བདག་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུཔྟ་ཏེ་ངེས་པར་སྦས་མར་གྲགས་པ། མཁས་གྲུབ་ཁྱུང་པོ། རྨོག་ལྕོག་པ། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བྲལ་རི་ཁྲོད་རས་ཆེན། མཁྱེན་ལྡན་ཤངས་པ་དཀར་པོ། ལྐུག་ལུང་པ་མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་ནམ་རྒྱལ་བ། རྒྱ་སྒོམ་ལེགས་རྒྱལ། རྗེ་གྲོལ་མཆོག །ཆོས་སྐུ་ལྷ་དབང་གྲགས་པ། རྡོ་རིང་དབོན་ཀུན་དགའ་རྒྱལ་མཚན། གསང་བདག་ཏཱ་ར་ནཱ་ཐ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། བྱམས་པ་ཡོན་ཏན་མགོན་པོ། འཇའ་ལུས་མགོན་པོ་དཔལ་འབྱོར། རྗེ་མགོན་པོ་གྲགས་པ། གྲུབ་དབང་མགོན་པོ་རྣམ་རྒྱལ། རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། ཀུན་དགའ་དགེ་ལེགས་དཔལ་འབར། ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། གྲུབ་ཆེན་བཀའ་བརྒྱུད་བསྟན་འཛིན། གྲུབ་བརྙེས་ཀརྨ་ལྷག་མཐོང་། གྲུབ་དབང་ཀརྨ་གཞན་ཕན་འོད་ཟེར་གྱི་ཞལ་སྔ་ནས་བདག་ལའོ། །སྨོས་མ་ཐག་པའི་བདེ་མཆོག་དབང་བཞི་མ་གཏོགས་པའི་ཆོས་དྲུག་བཀའ་དགུ་པོ་དང་། ལམ་ཁྱེར་གསུམ་གྱི་བཀའ། ལུས་སེམས་འཆི་མེད་ཀྱི་བཀའ་བཅས་ས་ལུབས་ཀྱི་བརྒྱུད་པ་ནི། བསོད་ནམས་ཆོས་འཕེལ་ཡན་རྡོ་རྗེའི་ཚིག་རྐང་རྣམས་ཀྱི་ལུང་རྒྱུན་དང་འདྲ། དེ་ནས་སངས་རྒྱས་བསྟན་པ། སངས་རྒྱས་དཔལ་བཟང་། མུས་བསོད་ནམས་དཔལ་
༥༡༠ བཟང་། སྐལ་ལྡན་ཆོས་ཉིད་ཡེ་ཤེས། ཡེ་ཤེས་རྒྱལ་མཆོག །བློ་གྲོས་རྒྱ་མཚོ། འཇམ་མགོན་རྡོ་རྗེ་རིན་ཆེན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལ་བཀའ་དྲིན་ཏུ་སྩལ་བའོ། །དེ་དག་གི་སྟེང་དུ་ཕྱག་ཆེན་དབང་བཀའ་བསྣན་པའི་བརྒྱུད་ལུགས་གཅིག་ནི། ཤངས་སྟོན་ནས། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། འཇག་ཆུང་བློ་གྲོས་དཔལ། འཇག་ཆུང་ཀུན་དགའ་དཔལ་བཟང་། ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང་། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་རིན་ཆེན་མཆོག་གྲུབ། རྡོ་རིང་ཀུན་སྤངས་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བསྟན་པ་རབ་རྒྱས། མང་ཐོས་བསོད་ནམས་ཆོས་འཕེལ། ངག་དབང་ཀུན་དགའ་ལེགས་འབྱུང་ནས། མུས་ཆེན་བསོད་ནམས་དཔལ་བཟང་མན་གོང་ལྟར་རོ། །མཁའ་སྤྱོད་སྐོར་གསུམ་གྱི་བྱིན་རླབས་བརྒྱུད་པ་ནི། འཇག་ཆེན་པ་ནས་འཇམ་དབྱངས་བློ་གྲོས་དཔལ་བཟང་། འཇག་ཆུང་ཀུན་དགའ་དཔལ་བཟང་ནས་ཚར་ཆེན་བར་ཕྱག་ཆེན་ལྟར་ལ། དེ་ནས་འ་ཞྭ་མཁྱེན་བརྩེ། དབང་རབ། ངག་ཆོས། ངག་དབང་བསོད་རྒྱལ། རྒྱལ་བ་ལྷུན་གྲུབ། བསོད་ནམས་ཆོས་འཕེལ་མན་འདྲའོ། །བདེ་མཆོག་ལྷ་ལྔའི་དབང་གཉིས་པོ་མ་གཏོགས་པའི་ཆོས་དྲུག་བཀའ་བརྒྱད་པོ་ཇོ་ལུགས་ལས་བརྒྱུད་པ་ལྟར་ན། ལྷ་དབང་གྲགས་པ་ཡན་ཆད་བདེ་མཆོག་ལྟར་ལ། དེ་ནས་རྗེ་བཙུན་སྒྲོལ་བའི་མགོན་པོ། ཐུ་བཙུན་ཀུན་དགའ་བསོད་ནམས། རྨོག་ལྕོག་པ་བྱམས་པ་ལྷུན་གྲུབ། རྗེ་བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ཀུན་དགའ་ལྷུན་གྲུབ། འཚོ་མཛད་ངག་དབང་བློ་གྲོས། འཁྲུལ་ཞིག་ངག་དབང་འཇམ་དབྱངས། ཆོས་རྗེ་གྲགས་པ་ཆོས་འཕེལ། རྟག་བརྟན་སློབ་དཔོན་བློ་བཟང་མཐུ་སྟོབས། རིན་ཆེན་བློ་གསལ་བསྟན་སྐྱོང་། ཀུན་མཁྱེན་
༥༡༡ འཇམ་དབྱངས་བླ་མའི་ཞབས་པད་ནས་བཀའ་དྲིན་ཏུ་ནོད་པའོ། །བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་བཞིའི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ་ནས། རང་གྲོལ་ངག་དབང་ཆོས་གྲགས། རྒྱལ་རྩེ་བ་ངག་དབང་བསོད་ནམས་རྒྱལ་མཚན། མཁན་ཆེན་རྒྱལ་བ་ལྷུན་གྲུབ། སྤྲོ་མོ་ལུང་པ་བསོད་ནམས་ཆོས་འཕེལ། ཀུན་དགའ་ལེགས་པའི་འབྱུང་གནས། མུས་ཆེན་བསོད་ནམས་དཔལ་བཟང་། གྲུབ་དབང་ཆོས་ཉིད་ཡེ་ཤེས། བྱམས་པ་བསོད་ནམས་དབང་ཕྱུག །གྲུབ་དབང་དོན་ཡོད་རྡོ་རྗེ། ཞྭ་ལུ་མཆོག་སྤྲུལ་རིན་པོ་ཆེ། ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་སོ། །བྱིན་རླབས་གཞུང་ཤིང་གི་བཀའ་དྲུག་གི་བརྒྱུད་པ་གཅིག་ནི། བདེ་མཆོག་ལྷ་ལྔ་ལྟར་རྗེ་བླ་མ་གྲུབ་དབང་ཀརྨ་ནོར་བུ་ལས་ནོས་པའོ། །ཡེ་ཤེས་ཀྱི་མཁའ་འགྲོ་སུ་ཁ་སིདྡྷིའི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཌཱ་ཀི་སུ་ཁ་སིདྡྷི། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ། སྐྱེར་སྒང་པ། གཉན་སྟོན། ཆོས་རྗེ་སྟོན་པ། ཤངས་སྟོན་རྒྱལ་མཚན་འབུམ། བྱམས་པ་དཔལ། བློ་གྲོས་དཔལ། ཀུན་དགའ་དཔལ། བསོད་ནམས་བཟང་པོ། ཆོས་ཀྱི་ཉི་མ། ངག་དབང་ཆོས་ཀྱི་རྒྱལ་མཚན། ཀུན་དགའ་ཆོས་གྲགས། ནམ་མཁའ་ཆོས་དར། ངག་དབང་ཀུན་དགའ་དོན་གྲུབ། ངག་དབང་ཆོས་གྲགས། བསོད་ནམས་རྒྱལ་མཚན། རྒྱལ་བ་ལྷུན་གྲུབ། བསོད་ནམས་ཆོས་འཕེལ་མན་ས་ལུགས་དབང་སྤྱི་ལྟར་རོ། །འདི་ལ་ཚར་ལུགས་དང་ཞྭ་ལུ་ནས་བརྒྱུད་པའང་བཞུགས། གསང་སྒྲུབ་སྐོར་གསུམ་གྱི་དབང་གི་བརྒྱུད་པ་ནི། ཁྱུང་པོ་རྣལ་འབྱོར་ནས་ངག་ཆོས་ཡན་ས་ལུགས་བཀའ་སྤྱི་བརྒྱུད་ལྟར་ལ། དེ་ནས་བྱམས་པ་ངག་དབང་རྣམ་རྒྱལ། ས་སྐྱ་པ་ཀུན་དགའ་བཀྲ་ཤིས། རྗེ་བསོད་ནམས་ཆོས་འཕེལ་མན་ཆད་ཀྱང་དེ་དང་འདྲའོ། །ལྷ་བཞི་དྲིལ་སྒྲུབ་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། ངག་དབང་ཆོས་གྲགས་ཡན་དེ་ལྟར་ལ། དེ་ནས་ངག་དབང་བསོད་ནམས་རྒྱལ་མཚན། གསེར་མདོག་ཅན་པ་རྒྱལ་བ་ལྷུན་གྲུབ། སྤྲོ་ལུང་པ་བསོད་ནམས་ཆོས་
༥༡༢ འཕེལ་མན་ཆད་ཀྱང་འདྲའོ། །ནི་དྷི་གཉིས་ཀྱི་ཚེ་དབང་ཟབ་མོ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་རྣམ་པ་གཉིས་ཀྱིས་བོ་དོང་འཇིགས་མེད་གྲགས་པ་ལ་དགུང་ལོ་བཅུ་དྲུག་པའི་དུས་སུ་སྩལ། དེ་ནས་ཤངས་པ་རས་ཆེན་བསོད་ནམས་མཆོག་གྱུར། འཇིགས་བྲལ་རྣམ་འཕྲུལ་ཀུན་མཁྱེན་བྱམས་པ་ཆོས་ཉིད། པཎ་ཆེན་པདྨ་གར་དབང་། ལྕོག་གྲྭ་པ་འཇམ་དབྱངས་གྲགས་པ་འོད་ཟེར་དང་། བྱམས་པ་ཆོས་ཉིའི་རྣམ་འཕྲུལ་རབ་འབྱམས་ཆོས་རྗེ། དེ་གཉིས་ཀ་ལས་མཚུངས་མེད་རཏྣའི་མཚན་ཅན། དེ་ནས། གར་དབང་འདུས་ཆེན་རབ་འབྱམས། བརྟུལ་ཞུགས་ནམ་མཁའི་རྣལ་འབྱོར། མི་འགྱུར་རིན་ཆེན་བཟང་པོ། ཐམས་ཅད་མཁྱེན་པ་དགེ་ལེགས་རྒྱལ་མཚན། འགྲོ་འདུལ་རིག་འཛིན་ཆེན་མོ། །དེ་གཉིས་ཀ་ལས་སྐལ་བཟང་འཇམ་དབྱངས་རྣམ་རྒྱལ། དེ་ལ་ཐམས་ཅད་མཁྱེན་པ་ཕྲིན་ལས་ལྷུན་གྲུབ་དང་། མཁས་གྲུབ་རིག་འཛིན་རྣམ་རྒྱལ་གཉིས། གཉིས་ཀ་ལས་ཁྱབ་བདག་བདེ་ཆེན་མཚོ་མོ། །རྗེ་བླ་མ་ཚུལ་ཁྲིམས་རྡོ་རྗེ། ཀུན་གཟིགས་འཇམ་པའི་དབྱངས་ཀྱི་ཞལ་སྔ་ནས་བཀའ་དྲིན་ཏུ་ནོས་སོ། །གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་པའི། ཆོས་དྲུག །ཕྱག་ཆེན། ལམ་ཁྱེར་རྣམ་གསུམ། ལུས་སེམས་འཆི་མེད། མཁའ་སྤྱོད་དམར་མོའ་འཕོ་ཁྲིད། ཆོས་དྲུག་སྟན་ཐོག་གཅིག་མའི་ཉམས་ཁྲིད་བཅས་ཀྱི་བརྒྱུད་པ་ནི་རིང་བརྒྱུད་ས་ལུགས་ཀྱི་དབང་བརྒྱུད་ཟུང་དང་འདྲ། ཉེ་བརྒྱུད། རྡོ་རྗེ་འཆང་། ནི་གུ་མ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། བློ་གྲོས་རྒྱལ་མཚན་སོགས་སོ། །མཁའ་སྤྱོད་དཀར་མོའ་འཕོ་ཁྲིད་ཀྱང་ཉེ་བརྒྱུད་དེ་ཉིད་དོ། །ཡིག་ཆ་རྣམས་ཀྱི་ལུང་གི་བརྒྱུད་པའང་དེ་ཀའོ། །གྲུབ་དབང་ཀརྨ་ནོར་བུའི་ཞལ་སྔ་ནས་ཇོ་ནང་རྗེ་བཙུན་རིན་པོ་ཆེས་མཛད་པའི་ཁྲིད་ཡིག་རྣམས་ཀྱི་སྟེང་ནས་ཁྲིད་རྒྱས་བསྡུས་ལན་གསུམ་དང་། ཆོས་དྲུག་ཁྲིད་ཡིག་ཟབ་དོན་ཐང་བརྡལ། གཞུང་ཁྲིད་མ་མོའ་ལྷན་ཐབས། འཁྲུལ་འཁོར་རྩ་ཚིག་རྣམས་ཀྱི་ལུང་ནོས་པའི་བརྒྱུད་པ་ནི་བདེ་མཆོག་ལྷ་ལྔ་ལྟར་རོ། །བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་བཤད་
༥༡༣ ཇོ་ནང་རྗེ་བཙུན་རིན་པོ་ཆེས་མཛད་པའི་ལུང་གི་བརྒྱུད་པ་ནི། མཛད་པ་པོ་ནས། བྱ་བཏང་ཀུན་དགའ་ཡེ་ཤེས། བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ཀུན་དགའ་ལྷུན་གྲུབ། ཀུན་དགའ་བསོད་ནམས་ལྷུན་གྲུབ། ངག་དབང་ཀུན་དགའ་བཟང་པོ། ཀུན་བཟང་བསྟན་འཛིན་རྒྱ་མཚོ། ཡེ་ཤེས་བཟང་པོ། རྨོག་ལྕོག་པ་ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། བཀའ་བརྒྱུད་བསྟན་འཛིན། ཀརྨ་ལྷག་མཐོང་། ཀརྨ་གཞན་ཕན་འོད་ཟེར། དེ་ལས་སོ། །ཡང་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་ཞལ་སྔ་ནས། ཆོས་དྲུག་ཕྱག་ཆེན་གཉིས་ཀ་རྗེ་བཙུན་རིན་པོ་ཆེའི་ཡིག་ཆ་ལས་ཉམས་ཁྲིད་ཀྱི་བརྒྱུད་པ་ནི་ཆོས་དྲུག་བཀའ་ཇོ་ལུགས་དང་འདྲ། ལུང་རྐྱང་ཙམ་གྱི་བརྒྱུད་པ་ནི། རྗེ་བཙུན་ཏཱ་ར་ནཱ་ཐ། བྱ་བཏང་ཀུན་དགའ་ཡེ་ཤེས། བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ཀུན་དགའ་ལྷུན་གྲུབ། ཀུན་དགའ་བསོད་ནམས་ལྷུན་གྲུབ། ངག་དབང་ཀུན་དགའ་བཟང་པོ། བློ་བཟང་མཁས་གྲུབ་བསྟན་དར། ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། དགེ་སློང་བློ་བཟང་བསྟན་འཕེལ། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། རྗེ་བླ་མ་མཁྱེན་བརྩེའི་ཞལ་སྔ་ལས་སོ། །སུ་ཁ་ཆོས་དྲུག་གི་ཉམས་ཁྲིད་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བི་རཱུ་པ། སུ་ཁ་སིདྡྷི། ཁྱུང་པོ་ནས་ཤངས་སྟོན་པར་སྤྱི་ལྟར། རིག་པའི་རྡོ་རྗེ། ཁུ་སྟོན་ཚུལ་ཁྲིམས་མགོན་པོ། ཆོས་དཔལ་བཟང་པོ། ཚུལ་ཁྲིམས་རྒྱལ་མཚན། ཞྭ་ལུ་མཁྱེན་རབ་ཆོས་རྗེ། གཞོན་ནུ་ཆོས་གྲུབ། གྲོལ་མཆོག་སེམས་ཀྱི་མདུད་གྲོལ། ཆོས་སྐུ་ལྷ་དབང་གྲགས་པ། རྗེ་བཙུན་ཏཱ་ར་ནཱ་ཐ་ཕྱིན་ཆད་ཇོ་ནང་ཁྲིད་བརྒྱ་ལྟར་རོ། །ལྷ་བཞི་དྲིལ་སྒྲུབ་ཁྲིད་ཀྱི་བརྒྱུད་པ་ནི་གོང་སྨོས་བྱིན་རླབས་དང་འདྲ། བཀའ་རྒྱ་མ་རྣམ་གསུམ་སོགས་ཡིག་རྙིང་ཐོར་བུ་རྣམས་ཀྱི་ལུང་རྒྱུན་ནི་གཞུང་བཀའ་ས་ལུགས་ཀྱི་བརྒྱུད་པ་དང་འདྲ། མཁའ་འགྲོ་སྡེ་ལྔའི་གཏོར་དབང་གི་བརྒྱུད་པ་ནི། མཁའ་འགྲོ་སེང་གེའི་གདོང་ཅན། མཁའ་འགྲོ་སྡེ་ལྔ། གྲུབ་པའི་དབང་ཕྱུག་ཁྱུང་
༥༡༤ པོ་རྣལ་འབྱོར། དགེ་བཤེས་གྷ་པ་ཆོས་རྒྱལ། རྟོགས་ལྡན་ཞང་སྒོམ་ཆོས་སེང་། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། སློབ་དཔོན་གནས་རྙིང་པ་ཨའི་སེང་གེ། གསེར་གླིང་པ་བཀྲ་ཤིས་དཔལ། ཟག་ཆེན་པ་རྡོ་རྗེ་དཔལ། བྱ་བཏང་ཆུའི་རྣལ་འབྱོར། ཁུ་སྟོན་ཚུལ་ཁྲིམས་མགོན་པོ། སུམ་ཅུ་ཆོས་གྲགས་པ། མཉམ་མེད་པ། ཆོས་སྐུ་།།།་རིན་ཆེན། ངག་དབང་བློ་གྲོས། རྒྱ་སྒོམ་ཆེན་པོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །ཆོས་སྐུ་ལྷ་དབང་གྲགས་པ། རྗེ་བཙུན་ཏཱ་ར་ནཱ་ཐ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ་དང་། རིན་ཆེན་རྡོ་རྗེ་མ་གཉིས་ཀ་ལས། སྙིང་པོ་མཐའ་ཡས་ཀྱིས་ཞུས། འདི་ཕྱིན་ཆད་སྔ་མ་རྣམས་ལྟར་རོ། །མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། ནག་པོ་བར་ཆད་ཀུན་སེལ། མགོན་དཀར། མགོན་སེར། མགོན་དམར། མགོན་ལྗང་སྟེ་རིགས་ལྔ་ལ། རྡོ་རྗེ་འཆང་། ཤ་བ་རི། མཻ་ཏྲི་པ། ཡང་རྡོ་རྗེ་འཆང་། ཨ་ཏ་ཡ་བཛྲ། རཱ་ཧུ་ལ། མཁས་གྲུབ་ཁྱུང་པོ། རྨོག་ལྕོག་པ་དང་ཞང་སྒོམ་ཆོས་སེང་། དེ་གཉིས་ལས་སྐྱེར་སྒང་པ། གཉན་སྟོན་ཆེན་པོ། སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ནས། ཏཱ་ར་ནཱ་ཐའི་བར་བདེ་མཆོག་ལྷ་ལྔ་དང་འདྲ། དེ་ཕྱིན་ཆད་གོང་གི་བཀའ་སྲུང་སྤྱི་དང་མཚུངས། ཡང་གྲུབ་དབང་བླ་མ་ཀརྨ་ནོར་བུའི་ཞལ་སྔ་ནས་ནོས་པའི་བརྒྱུད་རིམ་བདེ་མཆོག་ལྷ་ལྔ་དང་འདྲ། མགོན་མཐིང་བར་ཆད་ཀུན་སེལ་བརྒྱུད་པ་ས་ལུགས་ལྟར་ན། ཤངས་སྟོན་ཡན་སྔ་མ་ལྟར་ལ། དེ་ནས་མཁས་བཙུན་རྒྱལ་མཚན་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། སངས་རྒྱས་སེང་གེ། །སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཐར་པ་དཔལ་བཟང་། དྲིན་ཆེན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་རྡོ་རྗེ་འཆང་། འཇམ་དབྱངས་མཁྱེན་བརྩེ། དབང་ཕྱུག་རབ་བརྟན། ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བསྟན་པ་རབ་རྒྱས། མང་ཐོས་བསོད་ནམས་ཆོས་འཕེལ། འདྲེན་མཆོག་སངས་རྒྱས་བསྟན་པ། མཁན་
༥༡༥ ཆེན་སངས་རྒྱས་དཔལ་བཟང་། ཁྱབ་བདག་ཆོས་ཉིད་ཡེ་ཤེས། ཡེ་ཤེས་རྒྱལ་མཆོག །བློ་གྲོས་རྒྱ་མཚོ། བཛྲ་རཏྣ། རྗེ་བླ་མ་མཉྫུ་གྷོ་ཥའི་ཞལ་སྔ་ལས་ནོས་སོ། །ཡང་མགོན་དཀར་ཡིད་བཞིན་ནོར་བུའི་བརྒྱུད་པ་ས་ལུགས་ལྟར་ན། རྡོ་རྗེ་འཆང་། ཤ་བ་རི་པ། མཻ་ཏྲི་པ། རཱ་ཧུ་ལ། གྲུབ་ཆེན་ཁྱུང་པོ་ནས། རྒྱལ་རྩེ་བ་བསོད་ནམས་རྒྱལ་མཚན་བར་ས་ལུགས་བཀའ་སྤྱིའི་བརྒྱུད་པ་ལྟར་ལ། དེ་ནས། མཁས་མཆོག་བཀྲ་ཤིས་དཔལ་ལྡན། ཁམས་སྟོན་སངས་རྒྱས་དཔལ་བཟང་། མཁས་གྲུབ་སངས་རྒྱས་ཕུན་ཚོགས། དབང་བླ་ཀུན་དགའ་བསྟན་འཛིན། མཁན་ཆེན་སངས་རྒྱས་དཔལ་བཟང་། མུས་ཆེན་སངས་རྒྱས་དཔལ་བཟང་། མུས་ཆེན་ཆོས་ཉིད་ཡེ་ཤེས་མན་གོང་གསལ་ས་ལུགས་ལྟར་རོ། །ངོར་ལུགས་ཀྱི་བརྒྱུད་པ་སོགས་ཀྱང་འདིར་གཅིག་ཏུ་འདུའོ། །བླ་མ་མགོན་པོ་དབྱེར་མེད་སོགས་བཀའ་ཆེན་ལྷག་མ་རྣམས་དང་། མགོན་པོ་སྙིང་ཞུགས་ཀྵེ་ཏྲ་པཱ་ལ་བཅས་པའི་རྗེས་གནང་གི་བརྒྱུད་པ་ནི། མཁས་གྲུབ་གཙང་མ་ཤངས་སྟོན་ཡན་བར་ཆད་ཀུན་སེལ་ལྟར་ལ། དེ་ནས་མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། ཀུན་མཁྱེན་ཤེས་རབ་དཔལ་བཟང་། སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང་། རྗེ་རིན་ཆེན་བཤེས་གཉེན། རྗེ་ལེགས་པའི་བློ་གྲོས། རྗེ་སྐྱབས་མཆོག་དཔལ་བཟང་། དབེན་ས་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། རྡོར་འཛིན་དཀོན་མཆོག་རྒྱལ་མཚན། ངག་དབང་བསྟན་འཛིན་ཕྲིན་ལས་ནས་རིམ་པར་བརྒྱུད་དེ། ལྷ་བཙུན་དོན་གྲུབ་བསྟན་པའི་རྒྱལ་མཚན། དེ་ནས་ཀུན་མཁྱེན་བླ་མ་རིན་པོ་ཆེ་ལའོ། །ཡང་ན་ཤངས་སྟོན་ནས། མུས་ཆེན་རྒྱལ་མཚན་དཔལ་བཟང་། སྔགས་འཆང་རྡོ་རྗེ་གཞོན་ནུ། མཚན་ལྡན་ནམ་མཁའི་རྣལ་འབྱོར། མཁས་གྲུབ་དགེ་ལེགས་དཔལ་བཟང་། བ་སོ་ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་རིན་ཆེན་བཤེས་གཉེན། རབ་འབྱམས་སྨྲ་བ་སངས་
༥༡༦ རྒྱས་རྒྱ་མཚོ། རྗེ་སྐྱབས་མཆོག་མན་འདྲ། བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད་ཀྱི་བརྒྱུད་པ་ནི་ས་ལུགས་ཐང་རྒྱལ་བཞུགས་པའི་དབང་བཀའ་སྤྱིའི་བརྒྱུད་པ་ལྟར་རོ། །མགོན་པོ་སྙིང་ཞུགས་ཀྱི་ཁྲིད་ཀྱི་བརྒྱུད་པ་ནི། མཁས་གྲུབ་རྗེ་ཡན་རྗེས་གནང་ལྟར་ལ། དེ་ནས་པ་སོ་ཆོས་རྒྱན། རྗེ་ཤེས་རབ་སེང་གེ། རྒྱུད་ཆེན་སྦྱིན་པ་དཔལ། སེར་ཆོས་ཀྱི་རྒྱལ་མཚན། མཁས་གྲུབ་རིན་ཆེན་བཟང་པོ། རྗེ་སངས་རྒྱས་བསམ་འགྲུབ། དཔལ་འབྱོར་དར་རྒྱས། བློ་བཟང་འཇམ་དབྱངས། བློ་བཟང་ཐོགས་མེད། ཐང་སག་པ་དངོས་གྲུབ་རྒྱ་མཚོ། འཇམ་དབྱངས་བདེ་བའི་རྡོ་རྗེ། མཁན་ཆེན་དགེ་འདུན་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་པོ། དཀོན་མཆོག་བསྟན་པའི་སྒྲོན་མེ། དཔལ་རི་བ་དཀོན་མཆོག་བདེ་ཆེན། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། ལྷ་བཙུན་དོན་གྲུབ་ཡེ་ཤེས་བསྟན་པའི་རྒྱལ་མཚན། ཀ་ཆེན་བློ་བཟང་དགེ་ལེགས། འཇམ་དབྱངས་མཁྱེན་བརྩེའི་ཞལ་སྔ་ནས་སོ། །དེའི་ཡིག་ཆའི་ལུང་ནི། རོལ་པའི་རྡོ་རྗེ། དགེ་སློང་དགེ་ལེགས་ནམ་མཁའ། ལྕང་ལུང་པཎྜི་ཏ་བློ་བཟང་བསྟན་པའི་རྒྱལ་མཚན། རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན། སྡེ་ཁྲི་ཐུབ་བསྟན་ཉི་མ། བློ་བཟང་ཆོས་གྲགས་རྒྱ་མཚོ། ལྷ་བཙུན་དོན་གྲུབ་རྒྱལ་མཚན་སོགས་འདྲ། ཕྱག་དྲུག་པའི་གཏོར་ཆོག་སོགས་རྗེ་བཙུན་རིན་པོ་ཆེའི་གསུང་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། རྗེ་ཉིད་ནས། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། དཔའ་བོ་གཙུག་ལག་དགའ་བ། ཚེ་དབང་ཀུན་ཁྱབ། ཀརྨ་རཏྣ། ཀརྨ་འོད་གསལ་འགྱུར་མེད། དེ་ལས་ནོས་སོ། །དྲུག་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་སྐོར་ལ་དངོས་དང་ཡན་ལག་གཉིས། དངོས་ལའང་གསུམ་ལས། དང་པོ་རྩ་བའི་ཆོས་སྐོར་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་སྡེའི་དུམ་བུ་མཆན་འགྲེལ་དང་བཅས་པ། ལམ་དྲི་མེད་དངུལ་སྒོང་། གསེར་སྒོང་། ཤེལ་སྒོང་དག་པའི་སྐོར། ཞལ་གདམས་དིང་རི་བརྒྱད་
༥༡༧ ཅུ། རྗེ་བཙུན་མི་ལར་གནང་བའི་རྡོ་རྗེའི་མགུར་ས་བཅད་དང་བཅས་པ་རྣམས་ཀྱི་ལུང་ནི་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ལས་ནོས། གཉིས་པ་དབང་དང་རྗེས་གནང་གི་སྐོར་ལ། བཀའ་བབས་དང་པོ་སྒྲོན་མ་རྣམ་གསུམ་གྱི་དབང་། ལྷ་གསུམ་གྱི་བྱིན་རླབས། བཀའ་བབས་བར་པ་ལས། རྨ་ལུགས་ཕྱག་རྒྱ་ཆེན་པོའ་སྨིན་བྱེད། སོ་ལུགས་བླ་མའི་གཏོར་དབང་། ཀཾ་ལུགས་ཤེར་ཕྱིན་མའི་རྗེས་གནང་། བཀའ་བབས་ཕྱི་མ་བྱང་ཆུབ་སེམས་དཔའ་ཀུན་དགའི་ལུགས་ཀྱི་ལམ་ལྔའི་གླེགས་བམ་གྱི་དབང་རྒྱས་འབྲིང་བསྡུས་གསུམ། རྟེན་འབྲེལ་བདག་གཏོད་དམ་པའི་བྱིན་རླབས། ཐུགས་དམ་བདེ་གཤེགས་བཅུ་གཉིས། བདེ་མཆོག་མཻ་ཏྲི་ལུགས་ལྷ་བཅུ་གསུམ་མ། རྡོ་རྗེ་ཕག་མོ་ཕྱི་སྒྲུབ་ཞལ་གཉིས་མ། ནང་སྒྲུབ་ཞལ་གཅིག་མ། གསང་སྒྲུབ་ཁྲོས་མ་ནག་མོ། །རྡོ་རྗེ་གཏུམ་མོ་མཁའ་འགྲོ་མ་བདུད་རྩི་བུམ་པ་བཅས་ཀྱི་དབང་རྣམས་དང་། ཡེ་ཤེས་མགོན་པོ་གསང་སྒྲུབ་བེར་ནག་གི་དབང་བཞི་ཡོངས་སུ་རྫོགས་པ། མགོན་པོ་ཨ་གྷོ་ར། ཞིང་སྐྱེས་ཀུན་ཏུ་རི་ཀ། ཡོན་བདག་ནོར་བུ་བཟང་པོ་རྣམས་ཀྱི་རྗེས་གནང་བཅས་བཞུགས་པ་ལས། ཐོག་མར་གླེགས་བམ་བུམ་པའི་དབང་བཞིའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཡུམ་བདག་མེད་མ། སྤྲུལ་སྐུ་དམ་པ་སངས་རྒྱས། ཐོད་པའི་བདུད་རྩི་གསང་བའི་དབང་བཞིའི་བརྒྱུད་པ་ནི། ལོངས་སྐུ་རྣམ་སྣང་ཡབ་ཡུམ། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག །དམ་པ་རིན་པོ་ཆེ། འཁྲུལ་འཁོར་དང་འཇོག་ལུགས་ལ་བརྟེན་པ་ཤེར་དབང་བཞིའི་བརྒྱུད་པ་ནི། ཐུབ་པ། བྱམས་པ། ཐོགས་མེད། དབྱིག་གཉེན། དེ་བ། དམ་པ་རིན་པོ་ཆེ། སྙིང་པོའ་དོན་དབང་ལ་བརྟེན་པ་ཚིག་གི་དབང་བཞིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། སུ་ཁ་སིདྡྷི། དམ་པ་རྗེའོ། །བླ་སྒྲུབ་ཕྱི་ནང་གསང་གསུམ། ཐུགས་དམ་བདེ་གཤེགས་བཅུ་གཉིས་བཅས་གསང་དབང་དང་འདྲ་གསུངས། ཁ་གཅིག་ཏུ་
༥༡༨ བདེ་གཤེགས་བཅུ་གཉིས་ནི། རྡོ་རྗེ་འཆང་། རྣམ་པར་སྣང་མཛད། ཐུབ་པ། ཕྱག་ན་རྡོ་རྗེ། མཁའ་འགྲོ་དབྱིངས་ཀྱི་གཙོ་མོ། །དམ་པ་སངས་རྒྱས་ཞེས་སྣང་། བདེ་མཆོག་ནི། རྡོ་རྗེ་འཆང་། འཁོར་ལོ་སྡོམ་པ། ཤ་བ་རི་པ། མཻ་ཏྲི་པ། དམ་པ་སངས་རྒྱས། ཁྲོས་ནག་ནི། ཕག་མོ་ནག་མོ། །མཁའ་འགྲོ་སྡེ་བཞི། དམ་པའོ། །གཏུམ་མོ་ཆེ་ཆུང་གཉིས་ནི། རྡོ་རྗེ་གཏུམ་མོ། །དམ་པ་རྒྱ་གར། ཨ་གྷོ་ར་ནི། མ་ཧཱ་ཀཱ་ལ། དམ་པ་རྒྱ་གར་རོ། །དེ་དག་ལས་བཀའ་སྤྱིའི་བརྒྱུད་པ་ནི། རྗེ་བཙུན་དམ་པ་རྒྱ་གར། རྒྱལ་སྲས་བྱང་སེམས་ཀུན་དགའ། སྤ་ཚབ་དགོན་པ་བ་ཚུལ་ཁྲིམས་འབར། གྲུབ་ཐོབ་རྒྱལ་བ་ཏེ་ནེ། རོག་ཤེས་འོད་དང་ཞིག་པོ་ཉི་མ་སེང་གེ། སྟེ་མདོ་སྨྲ་སེང་སྐུ་མཆེད་གསུམ། རོག་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ། རོག་རྒྱལ་སྲས་ཀུན་དགའ་བཟང་པོ་དང་། ཀུན་དགའ་དོན་གྲུབ་སྐུ་མཆེད། མཚན་ལྡན་རི་ཁྲོད་དབང་ཕྱུག །མཁན་ཆེན་ཚུལ་ཁྲིམས་ཕན་པ། དྲིན་ཆེན་སངས་རྒྱས་དབོན་པོ། ཡང་ན་ཀུན་དགའ་སྐུ་མཆེད་ནས། རྒྱ་སྟོན་སྨོན་ལམ་ཤེས་རབ། དེ་དང་སངས་རྒྱས་དཔོན་ནས། དམ་ཆོས་ཀུན་མཁྱེན་སྐུ་མཆེད། རྒྱ་སྒོམ་རྡོ་རྗེ་གདན་པ། བྱང་སེམས་སྦྱིན་པ་རྒྱ་མཚོ། ཡང་ན་ཀུན་མཁྱེན་གཅེན་བྱང་ཆུབ་བཟང་པོ་ནས། ཆོས་རྗེ་བློ་གྲོས་རྒྱ་མཚོ། རས་ཆེན་དཔལ་ལྡན་བསོད་ནམས། ཐུགས་སྲས་བསོད་ནམས་འོད་ཟེར། ལུང་ཆེན་པ་བསོད་ནམས་དཔལ་བཟང་། དེ་དང་རྒྱ་མཚོ་སྦྱིན་པ་ནས། སྐུ་གསུམ་བདེ་ཆེན་ལྷུན་གྲུབ། མཁས་གྲུབ་ནམ་མཁའ་བཟང་པོ། འཇམ་དབྱངས་དཔལ་འབྱོར་ལྷུན་གྲུབ། ཁྱབ་བདག་དཔལ་འབྱོར་ཕུན་ཚོགས། མཚུངས་མེད་བཀྲ་ཤིས་བཟང་པོ། དིང་རི་བ་འཆི་མེད་བློ་གྲོས་བརྟན་པ། འཆི་མེད་གཞོན་ནུ་བློ་གྲོས། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། བསམ་ཡས་མཁན་པོ་བློ་གསལ་རབ་རྒྱས། འཕགས་པ་དགེ་ལེགས་རྒྱལ་མཚན། ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་མ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་
༥༡༩ དགྱེས་པར་དགོངས་ཏེ་བཀའ་དྲིན་ཏུ་སྩལ་བའོ། །ཕག་མོ་ཕྱི་ནང་ནི། དམ་པ་རིན་པོ་ཆེ། ཁ་ཆེ་ཛྙཱ་ན་གུ་ཧྱ། པུ་ཧྲང་ལོ་ཆུང་། དམར་སྟོན་ཆོས་ཀྱི་རྒྱལ་པོ། དགེ་བཤེས་ཡོ་མི་སྒོམ་པ། ཤེའུ་སྟོན་པ་ནམ་མཁའ། རི་ཁྲོད་པ་ཤཱཀ་སྟོན། རོག་བདེ་གཤེགས་ཤེས་རབ་འོད་ཟེར། སྙེ་མདོ་བ་མན་ཆད་སྔར་བཞིན་ནོ། །ཁྲོས་ནག་གསང་སྒྲུབ་ནི། དམ་པ་སངས་རྒྱས། གྲོགས་ཆུང་དཀོན་སེང་། ཤངས་པ་ལུ་སྡེམས། དེ་ནས་མཁའ་འགྲོ་མའི་བླ་མ་བཞི་ལ་བརྒྱུད་དེ། ལབ་སྒྲོན། ཁྱི་རྫི་མ། གཅེར་བུ་མ། འབེར་མོ་རོ་ཟན། དེ་ནས་རྒྱལ་བ་ཏེ་ནེ་མན་ཆད་སྤྱི་དང་འདྲའོ། །མགོན་པོ་ཨ་གྷོ་ར་ནི། དམ་པ་སངས་རྒྱ་དང་། ཞ་མ་ལོ་ཙཱ་གཉིས་ཀ་ལས་ཀུན་དགས་གསན། མན་ཆད་སྔར་ལྟར་རོ། །ཡོན་བདག་ནོར་བུ་བཟང་པོ་ནི། གསང་བདག །ཕ་དམ་པ། བྱང་སེམས་ཀུན་དགའ། སྒྲོ་ཆོས་བརྩོན། ཆུས་པ་དར་མ་བརྩོན་འགྲུས། རྒྱལ་བ་ཏེ་ནེ། ཆོས་རྒྱལ་ཞིག་པོ་སྐུ་མཆེད་མན་ཆད་འདྲའོ། །བཀའ་བབས་དང་པོ་དང་བར་མའི་བྱིན་རླབས་རྗེས་གནང་རྣམས་ཀྱི་རིང་བརྒྱུད་འོག་གི་ཁྲིད་རྒྱུན་དང་མཚུངས་ཀྱང་། ལོ་ཆེན་།།།་ཤྲཱིའི་རྗེས་སུ་རྒྱུན་ཆད་ནས་མི་སྣང་ཡང་། ལྷ་སྔགས་ངོ་བོ་གཅིག་པ་རྣམས་གཞན་མང་པོ་ལས་འབྱུང་བས་དོན་གྱིས་བརྒྱུད་པ་མ་ཆད་པ་མ་ཟད། རྗེ་བླ་མ་བཀའ་བབས་བདུན་གྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་དམ་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུས་ཞལ་མངོན་སུམ་བསྟན་ཅིང་གདམས་པ་དང་རྗེས་གནང་དམིགས་སུ་སྩལ་བར་སྣང་བས། ཁོ་བོས་ནན་ཏན་ཆེན་པོས་གསོལ་བ་བཏབ་པས་བསྟན་རྒྱུན་ལ་ཐུགས་བསྐྱེད་ཆེན་པོས་དབང་དང་རྗེས་གནང་བཀླགས་ལུང་རྣམས་ཀྱི་རྒྱུན་བཀའ་དྲིན་ཆེན་པོས་སྩལ་བ་ཡིན་ནོ། །གསུམ་པ་གདམས་ཁྲིད་ཀྱི་སྐོར་ལས། བཀའ་བབས་དང་པོ་ཁ་ཆེ་ལུགས་སྒྲོལ་མ་གསུམ་གྱི་ཁྲིད་ཀྱི་བརྒྱུད་པ་ནི། ཐུབ་དབང་། ཕྱག་རྡོར། སྒྲོལ་མ། ཀླུ་སྒྲུབ། རྫུས་སྐྱེས་།།།་དེ་བ། དམ་པ་སངས་རྒྱས། ཁ་ཆེ་ཛྙཱ་ན་གུ་ཧྱ། དབོན་པོ་དཔལ་ལྡན་ཤེས་རབ། དེ་གཉིས་ཀ་
༥༢༠ ལས་དབུས་པ་ལོ་སྟོན་བཙུན་ཆུང་གིས་གསན། དེ་ནས་སྲས་རྡོ་རྗེ་རྒྱལ་མཚན། ཆུས་པ་དར་མ་བརྩོན་འགྲུས། ཆུས་པ་དར་མ་སེང་གེ། །རོག་ཤེས་རབ་འོད། ཐམས་ཅད་མཁྱེན་པ་བསོད་ནམས་དཔལ། རྒྱལ་སྲས་ཀུན་དགའ་སྐུ་མཆེད། རྒྱ་སྟོན་སྨོན་ལམ་ཤེས་རབ། ཀུན་མཁྱེན་སྐུ་མཆེད། རྒྱ་སྒོམ་རྡོ་རྗེ་གདན་པ། བྱང་སེམས་སྦྱིན་པ་རྒྱ་མཚོ། སྐུ་གསུམ་བདེ་ཆེན་ལྷུན་གྲུབ། མཁས་གྲུབ་ནམ་མཁའ་བཟང་པོ། འཇམ་དབྱངས་དཔལ་འབྱོར་ལྷུན་གྲུབ། ཁྱབ་བདག་དཔལ་འབྱོར་ཕུན་ཚོགས། །ཀུན་སྤངས་བཀྲ་ཤིས་བཟང་པོ། རྗེ་བཙུན་བློ་གྲོས་བརྟན་པ། འཆི་མེད་གཞོན་ནུ་བློ་གྲོས་མན་ཆད་དབང་གི་བརྒྱུད་པ་དང་འདྲ། བཀའ་བབས་བར་མ་རྨ་སོ་ཀཾ་གསུམ་ལས། དང་པོ་རྨའི་ཕྱག་རྒྱ་ཆེན་པོ་སྙན་བརྒྱུད་ཀྱི་གདམས་ངག་ཅེས་གྲགས་པའི་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དབྱངས་སྨྲ་སེང་། རྗེ་དམ་པ་རྒྱ་གར་པ། རྨ་སྒོམ་ཆོས་ཀྱི་ཤེས་རབ། སོག་པོ་མདོ་སྡེ་གྲགས། གྲུབ་ཐོབ་རྒྱལ་བ་ཏེ་ན། རོག་ཤེས་རབ་འོད། ཞིག་པོ་ཉི་མ་སེང་གེ། ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་མན་ཆད་བཀའ་བབས་དང་པོ་ལྟར་རོ། །གཉིས་པ་སོ་རིག་པ་གཅེར་མཐོང་གི་ཁྲིད་ནི། འཇམ་དབྱངས་སྨྲ་སེང་། བི་ར་ཝ་།།།པ། དེ་བ། དམ་པ་སངས་རྒྱས། སོ་དགེ་འདུན་འབར། ཤ་མི་སྨོན་ལམ་འབར། འཁྲུལ་ཞིག་མེས་སྟོན་ནམ། ཡང་ན། ཤ་མི་ནས་ཆུས་པ་དར་མ་བརྩོན་འགྲུས། ཆུས་པ་བརྩོན་སེང་། དེ་དང་མེས་སྟོན་གྱིས་རོག་ཤེས་རབ་འོད། དེ་ནས་ཆོས་རྗེ་ཐམས་ཅད་མཁྱེན་པ་སོགས་བཀའ་བབས་དང་པོ་ལྟར་རོ། །གསུམ་པ་ཀཾ་ལུགས་ཤེར་ཕྱིན་སྙིང་པོ་དོན་གྱི་ཁྲིད་ནི། ཐུབ་དབང་། བྱམས་པ། ཐོགས་མེད། དབྱིག་གཉེན། བྲམ་ཟེ་།།།་དེ་བ། རྗེ་དམ་པ་སངས་རྒྱས། ཀཾ་སྟོན་ཡེ་ཤེས་རྒྱལ་མཚན། ཁུ་སྟོན་དབང་ཕྱུག་བླ་མ། ཆགས་སྟོན་རིན་ཆེན་གྲུབ། སྟོད་སྟོན་།།།་སེང་གེ། །རང་སྟོན་དར་མ་བསོད་ནམས། རྗེ་གོ་བྲག །མཚན་ལྡན་རི་ཁྲོད་དབང་ཕྱུག །མཁན་ཆེན་དུས་གསུམ་སངས་རྒྱས། དྲིན་ཆེན་སངས་རྒྱས་དབོན། ཀུན་མཁྱེན་སྐུ་མཆེད་མན་བཀའ་བབས་དང་
༥༢༡ པོ་དང་འདྲའོ། །བཀའ་བབས་ཕྱི་མ་ལམ་ལྔའི་དམར་ཁྲིད་ཀྱི་བརྒྱུད་པ་ནི། ཆོས་སྐུ་རྡོ་རྗེ་འཆང་ཆེན། ལོངས་སྐུ་ལྷ་མོ་བདག་མེད་མ། ཐུགས་དམ་བདེ་གཤེགས་བཅུ་གཉིས། གནས་གསུམ་མཁའ་འགྲོ་ཉེར་བཞི། དཔལ་ལྡན་སུམ་ཅུ་རྩ་དྲུག །གྲུབ་ཐོབ་ལྔ་བཅུ་རྩ་ལྔ། རྗེ་བཙུན་དམ་པ་སངས་རྒྱས། སྐྱེ་མེད་བྱང་སེམས་ཀུན་དགའ། མཁས་བཙུན་སྤ་ཚབ་སྒོམ་པ། གྲུབ་ཐོབ་རྒྱལ་བ་ཏེ་ནེ་མན་ཆད་གོང་མ་རྣམས་དང་འདྲའོ། །ཡང་ན་ཁྲིད་བརྒྱུད་འདི་རྣམས་འོག་གི་ལུང་རྒྱུན་དང་འདྲ་བ་བྱས་ཀྱང་རུང་གསུང་ངོ་། །ཁྲིད་བརྒྱ་ལས་འབྱུང་བའི་ལམ་ལྔའི་ཁྲིད་ཀྱི་བརྒྱུད་པ་ནི་དེ་ཉིད་ལྟར་རོ། །ཞི་བྱེད་ཀྱི་ཁྲིད་ཡིག་སྙེ་མདོ་བ་བསོད་ནམས་དཔལ་གྱིས་མཛད་པ་རྗེ་བླ་མས་གོང་གཤམ་གྱི་ཚིགས་བཅད་སོགས་ཀྱིས་སྤེལ་བའི་ལུང་ནི་མཛད་པ་པོ་ཉིད་ལས་ནོས། བླ་བརྒྱུད་གསོལ་འདེབས་གསེར་ཕྲེང་མ་དབང་ཆོག་ཕྱོགས་བསྒྲིགས་བཀླགས་པས་གྲུབ་པ་དང་། ཁྲིད་ཡིག་ཕྱོགས་བསྡེབས་བདུད་རྩིའི་ཉིང་ཁུ་རྣམས་ནི་མཛད་པ་པོ་ལོ་ཆེན་།།།་ཤྲཱི་ནས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། འགྱུར་མེད་ཕྲིན་ལས་ཆོས་སྒྲོན། རྗེ་བླ་མ་མཉྫུ་གྷོ་ཥའི་ཞལ་ལས་ནོས། དམ་པའི་སྨོན་ལམ་སུམ་ཅུ་དང་། ཀུན་དགའི་སྨོན་ལམ་བཅུ་གསུམ་རྣམས་ཀྱི་ལུང་ཡང་བརྒྱུད་པ་དེ་རྣམས་ལྟར་རོ། །གཉིས་པ་ཡན་ལག་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་སྐོར་ལ་གསུམ། དང་པོ་གཞུང་རྩ་བ་བྲམ་ཟེ་།།།་དེ་བའི་གཞུང་ཚིགས་བཅད་ཆེན་མོ་མཆན་འགྲེལ་ས་བཅད་དང་བཅས་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། སྨྲ་སེང་། དེ་བ། དམ་པ་སངས་རྒྱས། སྐྱོ་སྟོན། མ་གཅིག་ཁུ་སྒོམ་ཆོས་སེང་། དོལ་པ་ཟང་ཐལ། རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། དད་པ་ཤེས་རབ། གཉན་སྟོན། སངས་རྒྱས་སྟོན་པ། མི་བསྐྱོད་རྡོ་རྗེ། རང་བྱུང་རྡོ་རྗེ། སེང་གེ་དཔལ་བ། དབང་ཕྱུག་རྡོ་རྗེ། དཀོན་མཆོག་དཔལ་བ། གྲགས་པ་
༥༢༢ བཟང་པོ། རཏྣ། ས་རུ་གྲུབ་ཆེན་བསོད་ནམས་དཔལ་འབྱོར། ཀུན་དགའ་དཔལ་འབྱོར། ལྷུན་གྲུབ་རྒྱལ་མཚན། དབང་ཕྱུག་རྒྱལ་མཚན། བརྩོན་འགྲུས་རྒྱལ་མཚན། ངག་དབང་བསྟན་པའི་རྡོ་རྗེ། འཇམ་དབྱངས་བཟང་པོ་རྒྱལ་མཚན། འཕགས་པ་ཆོས་ཀྱི་རྒྱལ་མཚན། ངག་དབང་མཐར་ཕྱིན། བསོད་ནམས་རབ་གྲུབ། ཀུན་དགའ་ཆོས་རྒྱལ། བསོད་ནམས་ཡེ་ཤེས། ཚུལ་ཁྲིམས་རྒྱལ་མཚན། ཀུན་དགའ་དཔལ་བཟང་། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། ཐར་རྩེ་ཞབས་དྲུང་བྱམས་པ་ཀུན་དགའ་དཔལ་བཟང་། རྗེ་བླ་མ་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །མ་གཅིག་གིས་མཛད་པའི་བཀའ་ཚོམ། ཡང་ཚོམ། ཉིང་ཚོམ་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། མ་གཅིག་ལབ་སྒྲོན། རྒྱལ་བ་དོན་གྲུབ། འཇམ་དབྱངས་མགོན་པོ། ཁུ་སྒོམ་ཆོས་སེང་། དོལ་པ་ཟང་ཐལ། རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། རྟོགས་ལྡན་དགེ་སློང་། ཞེན་མེད་རས་པ། སངས་རྒྱས་སྟོན་པ། མཁས་གྲུབ་གཞོན་ནུ་གྲུབ། གསེར་གླིང་བཀྲ་ཤིས་དཔལ། རྡོ་རྗེའི་མཚན་ཅན། ཀུན་དགའི་མཚན་ཅན། ཆོས་ཀྱི་རྒྱ་མཚོ། རྒོད་ཕྲུག་རས་པ་གྲགས་པ་འབྱུང་གནས། དུར་ཁྲོད་རས་ཆེན། སངས་རྒྱས་རས་ཆེན། ཆོས་ཀྱི་བློ་གྲོས། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། ལོ་ཆེན་།།།་ཤྲཱི། རིན་ཆེན་རྣམ་རྒྱལ། རིན་ཆེན་སྙིང་པོ། གེ་རེ་ལྷ་བཙུན་ངག་དབང་ཕུན་ཚོགས། ལྷ་བཙུན་སྐལ་བཟང་ཚོགས་གཉིས། ཨེ་པ་བློ་བཟང་ཤེས་རབ། རྒྱ་མཚོ་ཆོས་ཀྱི་དབང་ཕྱུག །ལྷ་བཙུན་དོན་གྲུབ་བསྟན་པའི་རྒྱལ་མཚན། རྗེ་བླ་མ། དེས་སོ། །ཐུན་མོང་། ཁྱད་པར། ཐུན་མིན་ལེ་ལག་བརྒྱད་བཅས་ཀྱི་བརྒྱུད་པ་ནི། གེ་རེ་སྐལ་བཟང་ཚོགས་གཉིས་ནས། ཀློང་བརྡོལ་ངག་དབང་བློ་བཟང་རིན་ཆེན་དབང་ཕྱུག་ནས། ཡེ་ཤེས་དཔལ་འབྱོར། ལྷ་བཙུན་དོན་གྲུབ་མན་འདྲའོ། །རང་བྱུང་བས་མཛད་པའི་བཀའ་ཚོམ་གྱི་འགྲེལ་བའི་ལུང་བརྒྱུད་ནི། རང་བྱུང་རྡོ་རྗེ་ནས། བྱམས་
༥༢༣ པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ཡན་སྔར་ལྟར་ལ། ཀུན་དགའ་དཔལ་ལྡན། རྗེ་བླ་མ། དེས་སོ། །གཅོད་ཀྱི་གཞུང་འགྲེལ་ཟག་མེད་སྦྲང་རྩི་དང་། ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་བ་གཉིས་ནི། མཛད་པ་པོ་ཀུན་དགའ་དཔལ་འབྱོར་མན་ཆད་བྲམ་ཟེ་།།།་དེ་བའི་གཞུང་གི་བརྒྱུད་པ་དང་འདྲ། འཇམ་དབྱངས་མགོན་པོས་མཛད་པའི་ཟབ་དོན་ཐུགས་ཀྱི་སྙིང་པོའ་གཞུང་གི་རྒྱུན་ཡང་དེ་ཉིད་ཕྱིན་ཆད་སྔར་ལྟར་རོ། །གཉིས་པ་སྒོ་འབྱེད་དབང་ལ། ཟུར་མང་ལུགས་ཀྱི་གཏོར་མ་ལ་བརྟེན་པའི་དབང་བསྐུར་ཆོས་ཀྱི་སྒོ་འབྱེད་ཀྱི་བརྒྱུད་པ་ནི། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ། གཉིས་མེད་དོན་གྱི་བརྒྱུད་པ། བཀའ་ཐོག་ནས་གྲོལ་བ་ཉམས་ཀྱི་བརྒྱུད་པ་བཅས་ཆུ་བོ་བཞི་འདུས་ལ་མ་གཅིག་ལབ་ཀྱི་སྒྲོན་མ། དེ་ནས་སློབ་བརྒྱུད་ལྟར་ན། ཁུ་སྒོམ་ཆོས་སེང་། དོལ་པ་ཟང་ཐལ། རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། ཟལ་མོ་དད་ཤེས། སུམ་པ་སྒོམ་ཆེན། འབྲིང་སྒོམ་རྟོག་མེད། རྒྱལ་དབང་རང་བྱུང་རྡོ་རྗེ། སྲས་བརྒྱུད་ལྟར་ན། མ་གཅིག་ནས། ཁམ་བུ་ཡ་ལེ། ཡེ་ཤེས་འབར། སངས་རྒྱས་ཉི་མ་འབར། རྗེ་རང་བྱུང་ཞབས། དེ་ནས་རིམ་པར་སེང་གེ་དཔལ་བ། དབང་ཕྱུག་རྡོ་རྗེ། དཀོན་མཆོག་དཔལ་བ། འོད་ཟེར་རྒྱལ་མཚན། དཔལ་ལྡན་རིན་ཆེན། སངས་རྒྱས་བཀྲ་ཤིས། སངས་རྒྱས་རིན་ཆེན། དྲུང་ཀུན་དགའ་རྣམ་རྒྱལ། གར་དབང་ཀརྨ་བསྟན་སྐྱོང་། བསོད་ནམས་འགྱུར་མེད། དཀོན་མཆོག་བསྟན་འཛིན། སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ། གསུང་རབ་རྒྱ་མཚོ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། གྲུབ་མཆོག་བདེ་ལེགས་རབ་རྒྱས། དྲུང་འགྱུར་མེད་བསྟན་འཕེལ། བསྟན་འཛིན་སྤྲུལ་པའི་སྐུ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་གྱི་ཞལ་སྔ་ནས་བདག་ལ་སྩལ་བའོ། །རྒྱལ་ཐང་ལུགས་ཀྱི་གཅོད་དབང་གི་བརྒྱུད་པ་ནི། ཡུམ་ཆེན་ཤེར་ཕྱིན། བཅོམ་ལྡན་།།།་ཐུབ། འཇམ་དབྱངས་སྨྲ་སེང་། རྗེ་བཙུན་སྒྲོལ་མ། རྡོ་རྗེ་ཕག་མོ། །སུ་ཁ་སིདྡྷི། དེ་བ། དམ་
༥༢༤ པ་སངས་རྒྱས། བསོད་ནམས་བླ་མ། མ་གཅིག་ལབ་སྒྲོན། ཁུ་སྒོམ་ཆོས་སེང་། དོལ་པ་ཟང་ཐལ། རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། སངས་རྒྱས་དགེ་སློང་། རིན་ཆེན་འོད། རྩ་ཚ་རས་པ། གྲགས་པ་རྒྱལ་མཚན། མཁན་པོ་ཆོས་རིན། རིན་ཆེན་གང་པ། མཁན་ཆེན་དུས་གསུམ་སངས་རྒྱས། གཞོན་ནུའི་མཚན་ཅན། བསམ་གཏན་རིན་ཆེན་སོགས་རིང་བརྒྱུད་དང་། ཉེ་བརྒྱུད་མ་གཅིག་གིས་རྒྱལ་ཐང་པ་བསམ་གཏན་འོད་ཟེར་ལ་ཞལ་དངོས་སུ་བསྟན་ནས་བྱིན་རླབས་དང་གདམས་པ་སྩལ། དེ་ནས་རིམ་པར་ནམ་མཁའ་འོད་ཟེར། འོད་ཟེར། བདེ་ལེགས་རྒྱལ་མཚན། དབོན་སྲས་ཆོས་ལེགས། ཡིག་དྲུག་ཤེས་དཔལ། ཀུན་དགའ་གྲོལ་མཆོག །ལྷ་དབང་གྲགས་པ། ལུང་རིག་རྒྱ་མཚོ། ཏཱ་ར་ནཱ་ཐ། ལྕགས་ཟམ་པ་ཀུན་དགའ་བསོད་ནམས། ཀུན་དགའ་ཡེ་ཤེས། ཡོན་ཏན་མགོན་པོ། ཀུན་དགའ་ལྷུན་གྲུབ། ཆོས་དབྱིངས་རྡོ་རྗེ། སངས་རྒྱས་རྡོ་རྗེ། ངག་དབང་ཕྲིན་ལས། ཆོས་འཕེལ་རྒྱ་མཚོ། ཀུན་དགའ་རྣམ་རྒྱལ། དཀོན་མཆོག་འཇིགས་མེད་དབང་པོ། དཀོན་མཆོག་སེང་གེ། དཀོན་མཆོག་བསྟན་བཅོས། ལྷ་བཙུན་དོན་གྲུབ་རྒྱལ་མཚན། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའ་ཞལ་སྔ་ནས་བཀའ་དྲིན་ཏུ་ནོས། གསུམ་པ་གདམས་ངག་ཁྲིད་ཀྱི་རིམ་པ་ལ། ཟུར་མང་ལུགས་ཀྱི་གཅོད་ཁྲིད་ཀྱི་བརྒྱུད་པ་ནི་ཡན་ཆད་ལུགས་དེའི་དབང་དང་འདྲ། གསུང་རབ་རྒྱ་མཚོ་ནས། གར་དབང་ཆོས་སྐྱོང་རྣམ་རྒྱལ། རས་ཆུང་ཤེས་རབ་རྒྱ་མཚོ། རྟོགས་ལྡན་བསྟན་འཛིན་རྣམ་དག །ལྷ་ལུང་ཀརྨ་བདེ་གསལ། ཀརྨ་ཐེག་མཆོག་བསྟན་འཕེལ་གྱི་ཞལ་སྔ་ནས་ནོས། རྒྱལ་ཐང་ལུགས་ཀྱི་གཅོད་ཁྲིད་ནི་ཁྲིད་བརྒྱའི་བརྒྱུད་པ་དང་མཚུངས། རང་བྱུང་ཞབས་ཀྱིས་མཛད་པའི་གཅོད་ཁྲིད་ཀྱི་ལུང་ནི། བཀའ་ཚོམ་གྱི་འགྲེལ་བ་དང་འདྲ། རྟོགས་ལྡན་རྣམ་དག་གིས་མཛད་པའི་གཅོད་ཟིན་གྱི་ལུང་ནི། མཛད་པ་པོ་ཕྱིན་ཆད་ཁྲིད་བརྒྱུད་ལྟར། རྒྱལ་ཐང་ལུགས་ཀྱི་ཁྲིད་ཡིག་ཏཱ་ར་ནཱ་ཐས་
༥༢༥ མཛད་པའི་ལུང་ཡང་དབང་བརྒྱུད་དང་མཚུངས། གནས་གཅོད་ཐེམས་མེད་ལས་བྱུང་བ་ཞྭ་དམར་ལྔ་པའི་གཅོད་ཁྲིད་ཀྱི་བརྒྱུད་པ་ནི། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ལུང་རིག་ཉི་མ། ཀརྨ་ཆགས་མེད། བརྩོན་འགྲུས་རྒྱ་མཚོ། པདྨ་དོན་གྲུབ། པདྨ་ལྷུན་གྲུབ། བདེ་ཆེན་སྙིང་པོ། གཅོད་བླ་ཀརྨ་ཕྲིན་ལས། ཀརྨ་དོན་དམ། བསྟན་འཛིན་དགེ་ལེགས་ཉི་མ། རྟོགས་ལྡན་དཀོན་མཆོག་རྒྱལ་མཚན། རྗེ་བླ་མ། དེས་སོ། །ལུས་སྦྱིན་དང་སྟབས་པའི་འདོན་འགྲིགས་ཆགས་མེད་མཛད་པ་ནི། དེ་ཉིད་ནས་བདེ་ཆེན་སྙིང་པོའ་བར་སྔར་བཞིན་ལ། རྡོ་རྗེ་སློབ་དཔོན་ཀརྨ་བསྟན་འཛིན་ལས་བདག་གིས་ནོས། རྒྱལ་དབང་ཐེག་མཆོག་རྡོ་རྗེས་མཛད་པའི་ཚོགས་ལས་ཀྱི་ལུང་བརྒྱུད་ནི། དགེ་ལེགས་རབ་རྒྱས་ཡན་དབང་བརྒྱུད་ལྟར་ལ། དེ་ནས་གར་དབང་ཆོས་སྐྱོང་འགྱུར་མེད། པདྨ་ཉིན་བྱེད་དབང་པོ། རྒྱལ་དབང་ཐེག་མཆོག་རྡོ་རྗེ། ཆོས་དབང་སྤྲུལ་པའི་སྐུ་ལས་བདག་གིས་ནོས་སོ། །བདུན་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྐོར་ལ་གསུམ། དང་པོ་གཞུང་རྩ་བ་དུས་འཁོར་རྒྱུད་ཀྱི་སྙིང་པོ་སྦྱོར་དྲུག་མན་ངག་དུས་ཞབས་སྙན་བརྒྱུད། ཉེ་བརྒྱུད་ཤ་བ་རིའི་གཞུང་ཆུང་། ཡུ་མོ་བས་མཛད་པའི་འགྲེལ་པ་དང་བཅས་པ་བཞུགས། གཉིས་པ་སྨིན་བྱེད་མཆོག་དབང་གོང་མ་ཁྱད་པར་ཅན་གྱི་བརྒྱུད་པ་ནི། དམ་པ་དང་པོའ་སངས་རྒྱས། བཅོམ་ལྡན་།།།་དབང་པོ། ཆོས་རྒྱལ་ཟླ་བ་བཟང་པོ། ས་བཅུའི་དབང་ཕྱུག་ཆོས་རྒྱལ་ལྷ་དབང་། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག །སྣ་ཚོགས་གཟུགས། ལྷ་ཡི་དབང་ལྡན། རིགས་ལྡན་འཇམ་དཔལ་གྲགས་པ། པདྨ་དཀར་པོ། བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། ཕྱག་དམར་པོ། ཁྱབ་འཇུག་སྦས་པ། ཉི་མ་གྲགས་པ། ཤིན་ཏུ་བཟང་པོ། རྒྱ་མཚོ་རྣམ་རྒྱལ། རྒྱལ་དཀའ། ཉི་མ། སྣ་ཚོགས་གཟུགས། ཟླ་འོད། མཐའ་ཡས། ས་སྐྱོང་། དཔལ་
༥༢༦ སྐྱོང་། དུས་ཞབས་པ་ཆེ་བ་འཇམ་པའི་རྡོ་རྗེ། ཆུང་བ་ཤྲཱི་བྷ་དྲ། སྲས་བོ་དྷི་བྷ་དྲ། ཁ་ཆེ་ཟླ་བ་མགོན་པོ། འབྲོ་ལོ་ཤེས་རབ་གྲགས། ལྷ་རྗེ་དཀོན་མཆོག་སྲུང་། སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ་བ་མི་བསྐྱོད་རྡོ་རྗེ། སྲས་།།།་ཤྭ་ར། མཁས་པ་ནམ་མཁའ་འོད་ཟེར། ལྕམ་ཇོ་འབུམ་མ། སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། འཇམ་གསར་བ་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། དཀོན་མཆོག་བཟང་པོ། ནམ་མཁའ་ཆོས་སྐྱོང་། ནམ་མཁའ་དཔལ་བཟང་། རཏྣ་བྷ་དྲ། རྗེ་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིག་རྒྱ་མཚོ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། རྗེ་བློ་གྲོས་རྣམ་རྒྱལ། དེ་དབོན་ངག་དབང་ཕྲིན་ལས། གྲུབ་ཐོབ་ཀུན་བཟང་དབང་པོ། ཀཿཐོག་རིག་འཛིན་ཆེན་པོ། ཀུན་མཁྱེན་བསྟན་པའི་ཉིན་བྱེད། བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ་ལས་བཀའ་དྲིན་ཏུ་ནོས། ཡང་བསྟན་པའི་ཉིན་བྱེད་ནས། ཚེ་དབང་ཀུན་ཁྱབ། དབང་རྒྱལ་རྡོ་རྗེ། གཙུག་ལག་ཆོས་རྒྱལ། རྒྱལ་དབང་ཐེག་པ་མཆོག་གི་རྡོ་རྗེ་དང་། ཡང་ཀུན་ཁྱབ་ནས། ཀརྨ་རཏྣ། ཀརྨ་འོད་གསལ་འགྱུར་མེད་བཅས་ལན་གསུམ་ནོས་པ་ནི་འབྲོ་ལུགས་ཁོ་ན་ཡིན་ལ། རྭ་ལུགས་ལྟར་ན། དང་པོའ་སངས་རྒྱས། ཆོས་རྒྱལ་བདུན། རིགས་ལྡན་འཇམ་དབྱངས་གྲགས་པ། པདྨ་དཀར་པོ། ཙི་ལུ་པཎྜི་ཏ། པི་ཊོ་ཨ་། དུས་ཞབས་པ་ཆེ་ཆུང་། མཉྫུ་ཀིརྟི། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ། རྭ་འབུམ་སེང་། རྒ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཤེས་རབ་སེང་གེ། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། ཤར་ཆེན་
༥༢༧ ཡེ་ཤེས་རྒྱ་མཚོ། མཁྱེན་རབ་ཆོས་རྗེ། དཀོན་མཆོག་དཔལ་བཟང་། བྱང་གླིང་བཀྲ་ཤིས་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། ཀླུ་སྒྲུབ་རྒྱལ་མཚན། སྨོན་ལམ་ལྷུན་གྲུབ། བློ་བཟང་མཁས་བཙུན། བླ་ཆེན་འཇམ་དཔལ་བཟང་པོ། བྱམས་པ་ཆོས་འཕེལ། ཡེ་ཤེས་དཔལ་འབྱོར། རིན་ཆེན་བློ་གསལ་བསྟན་སྐྱོང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོའ་ཞལ་སྔ་ནས་ནོས། འདི་ལ་འབྲོ་ལུགས། ཤངས་ལུགས། ཉེ་བརྒྱུད། པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་ལུགས་རྣམས་ཀྱང་ཆུ་བོ་གཅིག་ཏུ་འདུའོ། །གསུམ་པ་གདམས་ཁྲིད་ལ། རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་བརྒྱུད་གཙོ་བོར་མཆོག་དབང་ཇོ་ནང་ནས་བརྒྱུད་པ་ལྟར། པདྨ་ཉིན་བྱེད་དབང་པོའ་ཞལ་སྔ་ནས་རྩ་ཁྲིད་ཡན་ལག་བཅས་ལན་གཅིག་དང་། ཡང་ངག་དབང་ཕྲིན་ལས། ངག་དབང་རྣམ་རྒྱལ། ངག་དབང་དྲི་མེད། རྣམ་འདྲེན་དམ་པ་ངག་དབང་ཆོས་འཕེལ་གྱི་ཞལ་སྔ་ནས་ཉམས་ཁྲིད་དུ་ལན་གཅིག་ནོས། ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལུང་པདྨ་ཉིན་བྱེད་དབང་པོའ་ཞལ་སྔ་ནས་ཐོབ་པ་ནི་དབང་རྒྱུན་དང་འདྲ། ལྷ་དགུའི་སྒྲུབ་ཐབས། མཆོད་ཆོག །མཆོག་དབང་གི་ཡི་གེ། ཁྲིད་ཡིག །རྟགས་ཚད་ཀྱི་ཡི་གེ། གེགས་སེལ། འཁྲུལ་འཁོར་གྱི་སྡོམ་བཅས་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་གསུང་སྐོར་རྣམས་ཀྱི་བརྒྱུད་པ་ནི་རྗེ་བཙུན་ཉིད་ནས། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། ཆོས་ཀྱི་འབྱུང་གནས། ཚེ་དབང་ཀུན་ཁྱབ། ངེས་དོན་བསྟན་འཛིན་རབ་རྒྱས་སམ་ཀརྨ་རཏྣ། ཀརྨ་འོད་གསལ་འགྱུར་མེད། དེས་བདག་ལའོ། །ལམ་ཟབ་བདུད་རྩིའི་ཐིག་ལེ་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་ལུང་བརྒྱུད་ནི། རིག་འཛིན་རྗེ་ནས། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཀུན་བཟང་ཚེ་དབང་དོན་གྲུབ་དཔལ་བ། འབའ་ར་བ་ཚེ་དབང་འཇིགས་མེད་བསྟན་འཛིན། དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་ཀྱི་རྒྱལ་པོ། དེ་ལས་སོ། །
༥༢༨ སྦྱོར་དྲུག་འབྲིང་པོར་གྲགས་པ་གྲུབ་ཆེན་དཔེ་མེད་འཚོའ་ལུགས་ཀྱི་གཞུང་རྩ་བ། དེའི་ཁྲིད་རྡོ་རྗེའི་ཚིག་འབྱེད་པདྨ་དཀར་པོས་མཛད་པའི་ལུང་རྒྱུན་ནི། སྤྱན་རས་གཟིགས། དཔེ་མེད་འཚོ། ལེགས་པའི་བུ། འོད་བྱེད་ལྷ། ཆོས་འབྱུང་ཞི་བ། ཉི་མ་དཔལ། རིན་ཆེན་སྲུང་བ། མི་དབང་བློ། ཕྱོགས་གྲོལ། འཚོ། སངས་རྒྱས་དབྱངས། ནགས་ཀྱི་རིན་ཆེན། རྒྱལ་དབང་རྗེ། ངག་དབང་ཆོས་རྒྱལ། འཇམ་དབྱངས་ཆོས་གྲགས། ཤེས་རབ་རྒྱ་མཚོ། པད་དཀར་ཞབས། དེ་ཕྱིན་ཆད་འབྲུག་ལུགས་ཁྲིད་ཆེ་ཆུང་གི་བརྒྱུད་པ་རྣམས་ལྟར་རོ། །བསྡུས་པ་ལྕེ་རྩེ་རྐན་སྦྱར་གྱི་གདམས་ངག་རྩ་བ། དེའི་ཁྲིད་རྡོ་རྗེ་འཛིན་པའི་ཉེ་ལམ་པདྨ་དཀར་པོས་མཛད་པའི་ལུང་རྒྱུན་ཡང་ཤ་བ་རི་པ། ནགས་ཀྱི་རིན་ཆེན་མན་ཆད་སྔ་མ་དང་མཚུངས། དུས་འཁོར་ལྷན་སྐྱེས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། མི་བསྐྱོད་རྡོ་རྗེ། རཱ་ཧུ་ལ་ཤྲཱི་བི་མ་ལ་ཤྲཱི། བི་ཁྱཱ་ཏ་དེ་བ། ། ཁྲོ་ཕུ་ལོ་ཙཱ་བ། མཁན་པོ་བསོད་ནམས་དབང་ཕྱུག །ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་གེ། དགྲ་བཅོམ་པ་ཡོན་ཏན་བློ་གྲོས། སྤྱང་ལུང་པ་ཆེན་པོ། པཎ་ཆེན་།།།་མཆོག་ལྡན། བྱང་སེམས་ཤེས་རབ་དཔལ་འབྱོར། རྗེ་བཙུན་གྲོལ་མཆོག །མཁན་ཆེན་ལུང་རིག་རྒྱ་མཚོ། ཏཱ་ར་ནཱ་ཐ་ཕྱིན་ཆད་མགོན་པོ་གྲི་གུག་སོགས་རིན་འབྱུང་སྤྱི་བརྒྱུད་ལྟར་རོ། །ཁྲོ་བོ་རྡོ་རྗེ་ཤུགས་སྲུང་མ་དྲུག་ཅུར་བཅས་པའི་རྗེས་གནང་ལ། དུས་འཁོར་འབྲོ་ལུགས་ཀྱི་བརྒྱུད་པ་བཞིན་དེད་ཀྱང་ཆོག །ཡང་ན། ཨ་བྷཱ་ཡ། ལེགས་སྤྱོད། ཨཱ་ནནྟ། རིན་ཆེན་སྲུང་བ། བི་བྷཱུ་ཏི་ཙནྡྲ། མར་སྟོན་གཡང་འབར། ཀུན་སྤངས་ཆེན་པོ་ཐུགས་བརྩོན། བྱང་སེམས་རྒྱལ་ཡེ། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཇོ་ནང་ཀུན་མཁྱེན་ཆེན་པོ། འགའ་རོང་བ་ལྷའི་རྒྱལ་མཚན། རྗེ་བརྩོན་པ་བ། བདག་ཆེན་རྣམ་རྒྱལ་གྲགས་པ། ཤངས་སྟོན་ཀུན་དགའ་དཔལ་ལྡན། པཎ་ཆེན་ནམ་མཁའ་དཔལ་བཟང་། རྗེ་ཤེར་བཀྲས་པ། རྗེ་གྲོལ་མཆོག །མཁན་ཆེན་ཀུན་དགའ་རྒྱལ་མཚན། རྗེ་བཙུན་ཏཱ་ར་ནཱ་ཐ་ཕྱིན་ཆད་སྔར་དང་མཚུངས་སོ། །འདི་རྣམས་ཀྱི་
༥༢༩ གཞུང་རྩ་བ་འགྲེལ་པ་དང་བཅས་པ་རྣམས་དབང་དང་ཁྲིད་ཀྱི་བརྒྱུད་པར་འདུ་བས་བྱིན་རླབས་དོན་གྱི་བརྒྱུད་པ་མ་ཆད་མོད་ཚིག་བརྒྱུད་ཕྱིས་སུ་མ་བཞུགས་ཀྱང་རྩ་བའི་གཞུང་མེད་དུ་མི་རུང་བས་ཡིག་རྒྱུན་ཙམ་ལ་བསམ་ནས་འདིར་བཀོད་པའོ། །བརྒྱད་པ་གྲུབ་ཆེན་ཨོ་རྒྱན་པའི་གདམས་ངག་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་གཞུང་རྩ་བ། རིགས་བཞི་མཁའ་འགྲོས་གནང་བའི་ཐབས་ལམ་གྱི་གཞུང་རྩ་བ། སྨོན་ལམ་གྱི་རྡོ་རྗེའི་གླུ། བསྙེན་སྒྲུབ་ཀྱི་འགྲེལ་བཤད་ཡིད་བཞིན་ནོར་བུ། སྔོན་འགྲོའི་ཆོ་ག་།བསྙེན་སྒྲུབ་ཀྱི་ཁྲིད་ཡིག་བཅས་ཟླ་བ་སེང་གེས་མཛད་པ་རྣམས་ཀྱི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ། རྟོགས་ལྡན་ཆེན་པོ་ཟླ་བ་སེང་གེ། མཁས་གྲུབ་ཇོ་གདན་པ། རྗེ་བཙུན་དབོན་པོ་བ། གཉན་ཁྲོད་པ་དགེ་འདུན་གྲགས་པ། ཧོར་སྟོན་ཀུན་དགའ་རྒྱལ་མཚན། འཇའ་མོ་གྲུབ་ཆེན་ཀུན་དགའ་ཡེ་ཤེས། བན་སྒར་འཇམ་དཔལ་བཟང་པོ། གོ་ཤྲཱི་དཔལ་འབྱོར་དོན་གྲུབ། རྒྱལ་དབང་བདུན་པ་ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ་གྲུབ་ཐོབ། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེ། ཟུར་མང་བ་ཀརྨ་ལེགས་བཤད་སྒྲ་དབྱངས། དགེ་སློང་རྡོ་རྗེ་ཆོས། གར་དབང་ཀརྨ་བསྟན་སྐྱོང་། བྱ་བཏང་དཀོན་མཆོག་བསྟན་འཛིན། ཆེ་ཚང་གསུང་རབ་རྒྱ་མཚོ། ཀུན་གཟིགས་ཆོས་ཀྱི་འབྱུང་གནས། རྒྱལ་དབང་བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། ཀརྨ་པ་ཐེག་པ་མཆོག་གི་རྡོ་རྗེ། ཀུན་གཟིགས་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའ་ཞལ་སྔ་ནས་སྩལ་བའོ། །བསྙེན་སྒྲུབ་གདན་རྫོགས་སུ་བསྒོམ་པའི་སྙིང་ཐིག་པདྨ་དཀར་པོས་མཛད་པའི་བརྒྱུད་པ་ནི། གྲུབ་ཐོབ་ཨོ་རྒྱན་པ། ཟླ་བ་སེང་གེ། བྱང་ཆུབ་སེང་གེ། འཕགས་པ་བསོད་ནམས་དཔལ་བ། རྒོད་ཕྲུག་ཆོས་རྗེ་གྲགས་པ་འབྱུང་གནས། གྲུབ་ཆེན་རྒྱ་མཚོ་དཔལ་བ། ཁ་རག་གྲུབ་ཆེན་བསོད་ནམས་རྒྱལ་པོ། རྒྱལ་དབང་ཆོས་རྗེ། ངག་དབང་ཆོས་ཀྱི་རྒྱལ་པོ། ངག་དབང་གྲགས་པ་རྒྱལ་
༥༣༠ མཚན། མི་ཕམ་པདྨ་དཀར་པོ་ཕྱིན་ཆད་འདྲའོ། །དགུ་པ་གདམས་ཁྲིད་ཐོར་བུ་བའི་སྐོར་ལ། འཕགས་ཡུལ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ཀྱི་བརྒྱུད་པ་ནི། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། མཁའ་འགྲོ་མ་ཀི་ལི་ཀི་ལཱི་དང་། ཝཾ་མཆེད་གཉིས། གྲུབ་ཐོབ་དཔའ་བོ་འོད་གསལ། པཎྜི་ཏ་ཀ་མ་ལ། གྲུབ་ཐོབ་ས་བ་རི་པ། པཎ་ཆེན་འཇིགས་མེད་དཔལ། མི་ཉག་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ། རིན་ཆེན་ཡབ་སྲས། རཏྣ་གུ་རུ། གྲུབ་ཐོབ་ཧཱུྃ་འབར། རྒན་པོ་ལྷས་པ་བྱང་ཆུབ་དཔལ། སྟག་སྟོན་བྱེ་བྲག་པ། གཞོན་ནུ་དར་མ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཤེས་རབ་རྡོ་རྗེ། བླ་མ་བདེ་ལེགས་པ། འཕགས་མཆོག་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། བཀའ་འགྱུར་བ་ཤེས་རབ་བཟང་པོ། སྨྱུག་ལ་པཎ་ཆེན། ཏྲེ་བོ་ཆོས་ཀྱི་རྒྱ་མཚོ། རྗེ་ཀུན་དགའ་གྲོལ་མཆོག །ཆོས་སྐུ་ལྷ་དབང་གྲགས་པ། རྗེ་བཙུན་ཏཱ་ར་ནཱ་ཐ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། སྙིང་པོ་མཐའ་ཡས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། ཕྲིན་ལས་ཡར་འཕེལ། ཀུན་གཟིགས་ཆོས་ཀྱི་སྣང་བ། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ་ལས་བཀའ་དྲིན་ཏུ་ཐོབ་པའོ། །གྲུབ་ཐོབ་ཆོས་དྲུག་གི་ཁྲིད་རྒྱུན་ཁྲིད་བརྒྱ་ལྟར་ལ། ཁྲིད་ཡིག་རྙིང་པའི་ལུང་རྒྱུན་ཡན་ཆད་མི་གསལ། ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་མདུན་ནས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེས་གསན། དེ་ལས་བདག་གིས་སོ། །མི་ཏྲ་ཁྲིད་དྲུག་གི་རྒྱལ་བ་རྒྱ་མཚོའ་དབང་། རྗེས་གནང་དྲུག །བཀའ་སྲུང་བྲག་མགོན་གྱི་རྗེས་གནང་རྣམས་དང་། ཁྲིད་དྲུག །ཡིག་ཆ་རྣམས་ཀྱི་ལུང་དང་བཅས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་མི་ཏྲ་ཛོ་ཀི། །པཎ་ཆེན་ཤྲཱི་པུ་ཏྲ། མི་ཉག་གྲགས་པ་རིན་ཆེན། ཀུ་ཅོར་གྲུབ་དབང་། འོད་དཔག་རྡོ་རྗེ། འཁྲུལ་ཞིག་སྤྱོད་པ་བུདྡྷ་ཤྲཱི། མཁས་གྲུབ་བུདྡྷ་མངྒ་ལ། རྗེ་འཕགས་པ་སངས་རྒྱས། དབོན་དྲུང་སངས་རྒྱས་འབྱུང་
༥༣༡ གནས། འཕགས་པ་ཆོས་ཀྱི་རྒྱལ་པོ། ལྕགས་ར་ངག་དབང་ཕྲིན་ལས། འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ། འཕགས་པ་ཆོས་ཀྱི་རྒྱལ་མཚན། རྒྱ་ར་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ཕྲིན་ལས། གྲུབ་དབང་བློ་བཟང་དབང་ཕྱུག །ཞི་བ་ལྷ་དགེ་ལེགས་རྒྱལ་མཚན། འཕགས་པ་ལྷ་འཇིགས་མེད་བསྟན་པའི་མགོན་པོ། ཆབ་མདོའ་སློབ་ཟུར་འཕགས་པ་མཆོག་དགའ། ལྷ་བཙུན་ཡེ་ཤེས་དོན་གྲུབ་རྒྱལ་མཚན། རྗེ་འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་། རྟ་མགྲིན་དམར་པོ་པདྨའི་དབྱུག་ཏོ་ཅན་མངོན་རྟོགས་སོ་སོ་དང་། སྤྱི་ཆིངས་སྦྱར་བའི་བརྒྱུད་པ་ནི། རྗེ་བློ་བཟང་དབང་ཕྱུག་ཡན་སྔར་ལྟར་ལ། དེ་ནས་ལྕགས་ར་སྤྲུལ་སྐུ་ངག་དབང་ཕྲིན་ལས་བཟང་པོ། དཀོན་རྡོར་ཕྱོགས་ལས་རྣམ་རྒྱལ། ཞི་བ་ལྷ་དོན་གྲུབ་རྒྱལ་མཚན། ལྷ་བཙུན་དོན་གྲུབ་རྒྱལ་མཚན། ཀུན་མཁྱེན་བླ་མ་རིན་པོ་ཆེ། དེས་བདག་ལའོ། །གྲུབ་ཆེན་མི་ཏྲ་ཛོ་ཀིའི་གདམས་ངག་སེམས་ཉིད་ངལ་གསོའ་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་ལོ་ཀེ་ཤྭ་ར། བྱང་སེམས་བློ་གྲོས་རིན་ཆེན། ཏེ་ལོ་ཤེས་རབ་བཟང་པོ། རོལ་པའི་རྡོ་རྗེ། རྗེ་མི་ཏྲ་ཛོ་ཀི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ། བསོད་ནམས་དབང་ཕྱུག །བསོད་ནམས་སེང་གེ། ཚད་མའི་སྐྱེས་བུ། ཡང་རྩེ་བ་རིན་ཆེན་སེང་གེ། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། ཆོས་གྲགས་ནམ་མཁའི་མཚན་ཅན། མཁས་མཆོག་ཙནྡྲ་ཤྲཱི། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། སྐུ་ཞང་མཁྱེན་རབ་ཆོས་རྗེ། ཀུན་སྤངས་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་གྲུབ། རིན་ཆེན་འཇམ་དཔལ། བློ་བཟང་མཁས་བཙུན། འཇམ་དཔལ་ཚུལ་ཁྲིམས། བསྟན་འཛིན་ཕྲིན་ལས། བྱང་གླིང་པ་ཡེ་ཤེས་དཔལ་འབྱོར།
༥༣༢ རིན་ཆེན་བློ་གསལ་བསྟན་སྐྱོང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་དྲིན་ཏུ་སྩལ། རྩ་བའི་ཡི་གེ་རྣམས་ཀྱི་ལུང་རྒྱུན་ཀྱང་དེ་དང་འདྲ། ཁྲོ་ཕུའི་ཡིག་ཆ་རྣམས་ཀྱི་ལུང་རྒྱུན་ཁྲོ་ཕུ་ལུགས་ཀྱི་ཕྱག་ཆེན་ལྟར་ལ། གཞན་རྣམས་མཛད་པ་པོ་ཕྱིན་ཆད་ཁྲིད་བརྒྱུད་ལྟར་རོ། །སྤྱན་རས་གཟིགས་ཀྱི་དམར་ཁྲིད་སྙིང་པོ་དོན་གསུམ་གྱི་བརྒྱུད་པ་ནི། ཐུགས་རྗེ་ཆེན་པོ། བློ་གྲོས་རིན་ཆེན། ཏཻ་ལོ་པ། ལ་ལཱི་ཏ་བཛྲ། མི་ཏྲ་ཛོ་ཀི། ཁྲོ་ལོ་ཙཱ་བ། བསོད་ནམས་དབང་ཕྱུག །བསོད་ནམས་སེང་གེ། རིན་ཆེན་སེང་གེ། བུ་སྟོན་རིན་ཆེན་གྲུབ། བྱང་ཆུབ་རྩེ་མོ། གྲགས་པ་རྒྱལ་མཚན། ཕྱོགས་ལས་རྣམ་རྒྱལ། འཇམ་དབྱངས་གྲགས་པ། ཟླ་བ་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། རྡོ་རིང་ཀུན་སྤངས་པ། བློ་གསལ་རྒྱ་མཚོ། མཁྱེན་བརྩེའི་དབང་ཕྱུག །བྱམས་པ་སྐལ་བཟང་། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་གྲུབ། གནས་བརྟན་འཇམ་དབྱངས་གྲགས་པ། དགེ་ལེགས་རྒྱ་མཚོ། འཇིགས་མེད་དབང་པོ། དཀོན་མཆོག་རྒྱལ་མཚན། དཀོན་མཆོག་བསྟན་པ་རབ་རྒྱས། ཀུན་གཟིགས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །རྩ་བའི་ཡི་གེའི་ལུང་རྒྱུན་ནི། ཁྲོ་ཕུ་བཀའ་བརྒྱུད་སྤྱི་ལྟར་རོ། །སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་དམར་ཁྲིད་ཀྱི་བརྒྱུད་པ་ནི། སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། ཤྲཱི་བྷ་དྲ། ཏིང་ངེ་འཛིན་བཟང་པོ། ཇོ་བོ་རྗེ། ཡོལ་སྟོན་ཆོས་དབང་། རོག་སྟོན། རྩིས་སྟོན། ཞར་སྟོན། སྦས་སྟོན། ཞིག་པོ་རྣལ་འབྱོར། སྐྱེས་རྟོགས་ལྡན། སངས་རྒྱས་དབོན། འདུལ་འཛིན་རིན་བྱང་། བྱང་སེམས་བསོད་གྲགས། རྒྱལ་སྲས་ཐོགས་མེད། རྒྱ་མ་པ། ལོ་གྲགས་པ། བྱང་སེམས་ཀུན་རྒྱལ། ཀུན་དགའ་མཆོག་གྲུབ། རྗེ་བཙུན་གྲོལ་མཆོག་ཕྱིན་ཆད་ཁྲིད་བརྒྱའི་བརྒྱུད་པ་དང་འདྲ། པདྨ་དཀར་པོས་མཛད་པའི་ཁྲིད་ཡིག་གི་ལུང་རྒྱུན། འཐུག་ལུགས་བརྒྱུད་པ་སྔ་མ་རྣམས་ལྟར་རོ། །རྒྱལ་པོ་ལུགས་ཀྱི་དམར་ཁྲིད་ཀྱི་བརྒྱུད་པ་ནི། སྣང་མཐའ། སྤྱན་རས་གཟིགས། སྲོང་བཙན་སྒམ་པོ། པདྨ་འབྱུང་གནས། གྲུབ་ཐོབ་དངོས་གྲུབ།
༥༣༣ ཉང་རལ། མི་བསྐྱོད་རྡོ་རྗེ། བཟང་པོ། ལྷ་རྗེ་དགེ་འབུམ། ལྕམ་ཡེ་ཤེས་མཆོག །གྲུབ་ཐོབ་ཆུ་སྒོམ། མཐའ་བཞི་བྱ་བྲལ། འཇམ་དབྱངས་ཚུལ་ཆེན། བཀྲ་ཤིས་རྒྱལ་མཚན། སྐུ་འབུམ་པ། ནོར་བུ་བཟང་པོ། བཟང་པོ་རྒྱལ་མཚན། དཔལ་ལྡན་སངས་རྒྱས། ངག་དབང་གྲགས་པ། ཤེས་རབ་དཔལ་འབྱོར། ཀུན་དགའ་གྲོལ་མཆོག །སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། དམ་ཆོས་བཟང་པོ། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། ཤྲཱི། རིན་ཆེན་རྣམ་རྒྱལ། འགྱུར་མེད་དོན་ལྡན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེ། དེས་བདག་ལའོ། །བྱང་སེམས་ཟླ་རྒྱལ་ལུགས་ཀྱི་དམར་ཁྲིད་ཀྱི་བརྒྱུད་པ་ནི། སྤྱན་རས་གཟིགས། ཟླ་བ་རྒྱལ་མཚན། ཞང་སྐྱི་ཚ་འོད་ཅན། ཞང་དབུ་དཀར་བ། མྱ་ངན་མེད་དཔལ། རིན་ཆེན་འོད་ཟེར། ཞང་འབྲུག་སྒྲ་རྒྱལ་མཚན། གནུར་ཆོས་འཕགས། རྒྱལ་སྲས་ཐོགས་མེད། རྒྱ་མ་པ། ལོ་ཙཱ་དྲག་རྒྱལ། དཀོན་མཆོག་རྒྱལ་མཚན། ཀུན་དགའ་མཆོག་གྲུབ། འཇམ་མགོན་གྲོལ་མཆོག་མན་ཆད་ཁྲིད་བརྒྱ་ལྟར་རོ། །དམར་ཁྲིད་ཚོམ་བུ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། གྲུབ་ཐོབ་ཚོམ་བུ་པ། སྤྱི་བོ་ལྷས་པ། བྲག་དམར་བ། ལྷ་བཙུན་དགོན་གསར་བ། ཐུགས་རྗེ་བརྩོན་འགྲུས། ཆོས་རྗེ་ཤེས་རབ་འབུམ། རྒྱལ་སྲས་ཐོགས་མེད་ཕྱིན་ཆད་སྔ་མ་དང་འདྲ། ཞྭ་ལུ་ནས་བརྒྱུད་པ་ནི་བརྒྱུད་འདེབས་ལྟར་རོ། །དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་བརྒྱུད་པ་ནི། སྤྱན་རས་གཟིགས། གྲུབ་ཆེན་རཱ་ཧུ་ལ། དཱི་པཾ་ཀ་ར། ནག་ཚོ་ལོ་ཙཱ་བ། རོང་པ་ཤེར་རྒྱལ། ལྕེ་སྒོམ་ཤེར་རྡོར། སྐྱེར་སྒང་པ། གཉན་སྟོན། སངས་རྒྱས་སྟོན་པ། གཙང་མ་ཤངས་སྟོན། ཁྱུང་པོ་ཚུལ་མགོན། རི་ཁྲོད་རས་ཆེན། ཤངས་དཀར་རིན་རྒྱལ། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་རྒྱལ། རྗེ་བཙུན་གྲོལ་མཆོག་ཕྱིན་ཆད་ཁྲིད་
༥༣༤ བརྒྱ་ལྟར་རམ། ལུགས་གཅིག་ནི། སྣང་མཐའ། སྤྱན་གཟིགས། རཱ་ཧུ་ལ། ཇོ་བོ་རྗེ། ནག་ཚོ། ཕྱག་སོར་པ། ཤེས་རབ་ཚུལ་ཁྲིམས། ཤེས་རབ་རྒྱལ་མཚན། ལྕེ་སྒོམ། སྐྱེར་སྒང་པ། གཉན་སྟོན། སངས་རྒྱས་སྟོན་པ། ཤངས་སྟོན་རྒྱལ་མཚན་འབུམ། བྱམས་དཔལ་སྨོན་ལམ། བསོད་ནམས་རྒྱལ་མཚན། ཤེས་རབ་བཟང་པོ། གཉུག་ལ་པཎ་ཆེན། ངག་དབང་གྲགས་པ། ཆོས་གྲགས་རྒྱལ་མཚན། ནམ་མཁའ་དབང་ཕྱུག །སངས་རྒྱས་རྒྱལ་མཚན། ཀུན་དགའ་བསོད་ནམས། བསོད་ནམས་དབང་ཕྱུག །བསོད་ནམས་མཆོག་གྲུབ། བློ་བཟང་རྒྱ་མཚོ། དགེ་འདུན་དོན་གྲུབ། བསྟན་འཛིན་ཕྲིན་ལས། བློ་བཟང་ཆོས་འཛིན། ཕུན་ཚོགས་རྒྱ་མཚོ། བློ་བཟང་དོན་གྲུབ། ངག་དབང་བློ་བཟང་། སྐལ་བཟང་ཐུབ་བསྟན། བློ་བཟང་བསྟན་འཛིན། དཀོན་མཆོག་རྒྱལ་མཚན། བསྟན་པ་རབ་རྒྱས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །ཐང་རྒྱལ་ལུགས་ཀྱི་ཡི་གེ་དྲུག་པའི་སྒོམ་ལུང་དང་ཁྲིད་ཀྱི་བརྒྱུད་པ་ནི། སྤྱན་རས་གཟིགས། གྲུབ་ཆེན་ཐང་རྒྱལ། ཀུན་སྤངས་ཆོས་ཉི། ཀུན་དགའ་གྲོལ་མཆོག །བསྟན་འཛིན་ཉི་ཟླ་བཟང་པོ། ངག་དབང་ཉི་མ། བསོད་ནམས་དབང་ཕྱུག །རྨོར་ཆེན་ཀུན་དགའ་ལྷུན་གྲུབ། བསོད་ནམས་མཆོག་གྲུབ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། བློ་བཟང་བསྟན་འཕེལ། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །ཡིག་རྙིང་རྣམས་ཀྱི་ལུང་རྒྱུན་ཀྱང་དེ་དང་འདྲ། ཐང་རྒྱལ་ཉེ་བརྒྱུད་བླ་མའི་རྣལ་འབྱོར་གྱི་བརྒྱུད་པའང་དེ་བཞིན་ནོ། །བོ་དོང་ལུགས་ཀྱི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ལུང་བརྒྱུད་ནི། རྡོ་རྗེ་འཆང་། ཏེ་ལོ། །ནཱ་རོ། །མར་པ། མི་ལ། སྒམ་པོ་པ། ཕག་གྲུ། གླིང་རས། རྒྱ་རས། རྒོད་ཚང་པ། ཡང་དགོན་པ། སྤྱན་སྔ་རིན་ལྡན། ཟུར་ཕུག་པ། གཉག་སྟོན་པ། ཤེས་རབ་འབུམ་པ། རྒྱལ་སྲས་ཐོགས་མེད། ལོ་ཆེན་བྱང་རྩེ། གྲགས་པ་རྒྱལ་མཚན། བོ་དོང་པཎ་ཆེན། གྲགས་པ་འོད་ཟེར།
༥༣༥ གར་དབང་བསྟན་འཛིན། རཏྣའི་མཚན་ཅན། འདུས་ཆེན་རབ་རྒྱས། སྐུ་མཆེད་རྣམ་གཉིས། ནམ་མཁའི་རྣལ་འབྱོར། འཇམ་དབྱངས་རྣམ་རྒྱལ། རིག་འཛིན་རྣམ་རྒྱལ། ཆོས་དབྱིངས་བདེ་ཆེན་མཚོ་མོ། །འཇམ་མགོན་བླ་མ། དེ་ལས་སོ། །ཉེ་བརྒྱུད་ལྟར་ན། རྡོ་རྗེ་འཆང་། བདག་མེད་མ། བི་པ། བོ་དོང་པཎ་ཆེན་ཕྱིན་ཆད་སྔར་ལྟར་རོ། །གཏུམ་མོ་ཞག་བདུན་མའི་རིང་བརྒྱུད་ནི། རྡོ་རྗེ་འཆང་། ཤ་བ་རི་པ། བི་བྷཱུ་ཏི་ཙནྡྲ། ཆོས་འོད། འཕགས་འོད། བུ་སྟོན། ལོ་ཆེན་བྱང་རྩེ། གྲགས་པ་རྒྱལ་མཚན། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། ཉེ་བརྒྱུད་རྡོ་རྗེ་རྣལ་འབྱོར་མས་པཎ་ཆེན་འཇིགས་མེད་གྲགས་པ་ལ་སྩལ་བ་དང་། ཤིན་ཏུ་ཉེ་བརྒྱུད་ནི་གུ་མས། རས་ཆེན་དཔལ་འབྱོར་བཟང་པོ་ལ་གནང་བ། བརྒྱུད་པ་གསུམ་འདུས་རས་ཆེན་པ་ནས། མི་ཕམ་རྗེ། ནམ་མཁའ་ལྷུན་གྲུབ། ནམ་མཁའ་རྒྱལ་མཚན། ནམ་མཁའ་འོད་ཟེར། ནམ་མཁའ་རིན་ཆེན། ནམ་མཁའ་རྒྱལ་པོ། ནམ་མཁའ་དཀར་པོ། ནམ་མཁའ་གྲགས་པ། འདུས་ཆེན་རབ་རྒྱས། འཇམ་དབྱངས་དགའ་བ། རིན་ཆེན་བཟང་པོ། དགེ་ལེགས་རྒྱལ་མཚན། སྐལ་བཟང་འཇམ་དབྱངས་རྣམ་རྒྱལ། རིག་འཛིན་རྣམ་རྒྱལ། ཆོས་དབྱིངས་བདེ་ཆེན་མཚོ་མོ། །རྗེ་བླ་མ་རིན་པོ་ཆེ། དེ་ལས་སོ། །ཐུབ་པ་མདོ་གཅོད་ཀྱི་བརྒྱུད་པ་ནི། ཡུམ་ཆེན་ཤེར་ཕྱིན། ཤཱཀ་ཐུབ། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། ངག་དབང་གྲགས་པ། འཆི་མེད་དཔལ་བཟང་། སངས་རྒྱས་ལྷུན་གྲུབ། ནམ་མཁའ་འོད་ཟེར་ཕྱིན་ཆད་གཏུམ་མོའ་བརྒྱུད་པ་དང་འདྲ། བོ་དོང་རས་ཆེན་པའི་གསེར་ཆོས་གསུམ་པ་འཕོ་བ་འཇགས་ཚུགས་མའི་ཁྲིད་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཡེ་ཤེས་མཁའ་འགྲོ་ནི་གུ་མ། རས་ཆེན་དཔལ་འབྱོར་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། པཎ་ཆེན་བདེ་བའི་རྡོ་རྗེ། ལྷ་དབང་ཕྲིན་ལས། ཚུལ་ཁྲིམས་བཀྲ་ཤིས། ཕྲིན་ལས་རྣམ་རྒྱལ། བྱམས་པ་བསྟན་པ་རྒྱ་
༥༣༦ མཚོ། དེ་གཉིས་ཀ་ལས་མཁན་ཆེན་བློ་གྲོས་དབང་ཕྱུག །ཆོས་དབང་རྒྱ་མཚོ། རྣམ་རྒྱལ་ཡར་འཕེལ། ཕྱི་མ་གཉིས་ཀ་ལས་ཀུན་དགའ་ཆོས་འཕེལ། ཀུན་དགའ་ཆོས་དར། བསྟན་འཛིན་ཚུལ་ཁྲིམས། ཀུན་མཁྱེན་བླ་མ་རིན་པོ་ཆེ། དེས་སོ། །ཡང་ན་རས་ཆེན་ནས་འབྲི་གུང་མཁན་ཆེན་རྣམ་མགོན་དྲི་མེད་སྡེ། གཉིས་ཀ་ལས་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་མན་འདྲ། འཕོ་ཁྲིད་ཀྱི་མཇུག་ཏུ་ཚེ་གཟུངས་ༀ་གསུམ་མའི་ལུང་ཡང་མཛད་སྲོལ་ལྟར་ཐོབ། རོང་སྟོན་ཆེན་པོའ་མ་འཕོའ་ཁྲིད་རྒྱུན་ནི། རོང་སྟོན་ཤེས་བྱ་ཀུན་གཟིགས། ནམ་མཁའ་དཔལ་བཟང་། བཟོད་ཆེན་པ། ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ཀུན་དགའ་ལེགས་པའི་འབྱུང་གནས། བློ་གསལ་ཕུན་ཚོགས། ངག་དབང་ཀུན་མཁྱེན། བྱམས་པ་བསྟན་འཛིན་ཕྲིན་ལས། བྱམས་པ་ཕྲིན་ལས་ཡོན་ཏན། བྱམས་པ་བསྟན་འཛིན་སྙན་གྲགས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །ཡིག་ཆ་རྣམས་ཀྱི་ལུང་རྒྱུན་དེ་དང་འདྲའོ། །ཇོ་ནང་རྗེ་བཙུན་རིན་པོ་ཆེའི་གསར་འགྱུར། གྲུབ་ཆེན་ཞི་བ་སྦས་པའི་ལུགས་ཀྱི་བཀའ་བབས་དྲུག་ལྡན་གྱི་ཁྲིད་ལས། ཐོག་མར་བསྐྱེད་རིམ་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། སངས་རྒྱས་ཡེ་ཤེས། མར་མེ་མཛད་བཟང་པོ། སྨན་པའི་ཞབས། སངས་རྒྱས་དཔལ་ཞི་བ། ཡང་ན་སངས་རྒྱས་ཡེ་ཤེས། པདྨ་ཀ་ར། རཏྣ་ཤཱི་ལ། ཡིག་མཁན་བགྲེས་པོ། དུར་ཧ་རི། སྨན་པའི་ཞབས། ཨ་ཝ་དྷཱུ་ཏི་པ། ཆུ་བོ་གཅིག་འདུས། རིན་འབྱུང་སྦས་པ། ཨ་བྷ་ཡཱ་ཀ་ར། དགེ་འབྱུང་སྦས་པ། སྟོབས་བཅུ་དཔལ། བཛྲ་ཤྲཱི། ཆོས་དཔལ་བཟང་པོ། སངས་རྒྱས་གྲགས་པ། རིན་ཆེན་གྲགས་པ། ར་ཏཱི་གུཔྟ། དཔལ་ལྡན་སེམས་ཅན་མགོན་པོ་ཞི་བ་སྦས་པ་ལའོ། །ཕྱག་ཆེན་བརྒྱུད་པ་ནི། རྡོ་རྗེ་འཆང་། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི་པ། ལཱུ་ཡི་པ། ད་རི་ཀ་པ། ཌིཾ་གི་པ། ཨཱནྟར་པ། ཏེ་ལོ། །ནཱ་རོ། ཌོམྦི་པ། ཀུ་སཱ་ལི་པ།
༥༣༧ ཨ་སི་ཏ་གྷ་ན། ཡེ་ཤེས་བཤེས་གཉེན། ཡང་ན་རི་ཁྲོད་དབང་ཕྱུག །མཻ་ཏྲི་པ། གངྒཱ་དྷ་རི། ཡེ་ཤེས་བཤེས་གཉེན། ཞི་བ་སྦས་པ་ལའོ། །གཏུམ་མོའ་བརྒྱུད་པ་ནི་རྡོ་རྗེ་བཙུན་མོ། །དཔལ་ལྡན་ཆོས་སྐྱོང་ནག་པོ་བི་རཱུ་པ། བྱ་རྔོན་པ། ཀུ་སཱ་ལི་པ། ཡང་ན་བིརཱུ་པ། ཌོམྦི་པ། གཡུང་མོ་རྣལ་འབྱོར་པ། ར་ཏི་བཛྲ། སྤྱོད་འཆང་དབང་པོ། སིང་ག་ལི་མ། མི་ཐུབ་ཟླ་བ། རཱ་ཧུ་ལ་བཛྲ། ད་ན་ཤྲཱི། སཽ་རི་པ། ཀུ་ས་ལཱི་བྷ་དྲ། ཨ་སི་ཏ་གྷ་ན། ཡེ་ཤེས་བཤེས་གཉེན། ཞི་བའི་ཞབས་ལའོ། །འོད་གསལ་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྟ་མཆོག་ཞབས། བཱི་ན་ས། རྣལ་འབྱོར་ཙིནྟ་མ། དྲིལ་བུ་པ། ལྭ་བ་པ། ཨིནྡྲ་བྷཱུ་ཏི། བྱིས་པའི་ཞབས། ནག་པོ་སྤྱོད་པ། གུ་ཧྱ་པ། ཨཱནྟར་པ། ཏེ་ལོ་པ། ནཱ་རོ་པ། དཔལ་མཆོག་ཌོམྦི་པ། ཀུ་ས་ལཱི་པ། ཡང་ན་ཨཱནྟར་པ། སྤྱོད་པ་ཆུང་བ། བྷཱུ་ཧ་རི། བྷཱུ་བ་བློ་ལྡན། ཀུ་ས་ལཱི་བྷ་དྲ། ཨ་སི་ཏ་གྷ་ན། ཡེ་ཤེས་བཤེས་གཉེན། གུཔྟའོ། །ལས་རྒྱའི་ཁྲིད་ནི། རྡོ་རྗེ་འཆང་། ཨིནྡྲ་བྷཱུ་ཏི། བདེ་བའི་རོལ་པ་མོ། །པདྨ་བཛྲ། ཕག་ཚང་པ། མཚོ་སྐྱེས་ཞབས། ཨིནྡྲ་བྷཱུ་ཏི་ཆུང་བ། ཛ་ལནྡྷ་རི་པ། ཀཧྞ་པ། དགེ་བའི་མགོན་པོ། ཨ་མྲྀ་ཏ་བཛྲ། ཀུ་ས་ལཱི་པ། ཡང་ན། ཨིནྡྲ་བྷཱུ་ཏི། པདྨཱ་ཀ་ར། ཀུ་ས་ལཱི་ཆེ་ཆུང་། ཨ་སི་ཏ། ཛྙཱ་ན་མི་ཏྲ། ཞི་བ་སྦས་པ་ལའོ། །མན་ངག་ཐོར་བུའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཙ་ཊི་པ། བྱཱ་ལི་པ། ཀོ་ཀི་ཊི་པ། མ་ཚནྡྲ། གཽ་རཀྵ། ཀཱ་ཎི་རི་པ། ནཱ་གོ་པ། རྫ་མི་མགོན་པོ། ཨོ་ཀོ་ཐ། རཱ་ཏི་གུཔྟ། ཞི་བའི་ཞབས་སོ། །གྲུབ་ཆེན་ཞི་བ་སྦས་པ། སློབ་མའི་མཆོག་དཱི་ན་ཀ་ར། གོམྦྷཱི་ར་མ་ཏི། དེ་གསུམ་ཀ་ལས་སངས་རྒྱས་སྦས་པའི་མགོན་པོ་དང་། གོང་བའི་རྡོ་རྗེ། །།།ཎ་ཤྲཱི་སྟེ་ཐུགས་སྲས་རྣམ་པ་གསུམ་གྱིས་ཞུས། གསུམ་ཀ་ལས་རྗེ་བཙུན་སྒྲོལ་བའི་མགོན་པོས་གསན། དེ་ལས་ཡེ་ཤེས་རྒྱ་མཚོ་དང་རིན་ཆེན་རྒྱ་མཚོ་རྣམ་པ་གཉིས་ཀྱིས་ཞུས། དེ་ནས་རིམ་བཞིན། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་
༥༣༨ པོ། ཀུན་དགའ་རྣམ་རྒྱལ། ངག་དབང་རྒྱལ་མཚན། སྒྲུབ་ཆེན་དྲི་མེད། ཀརྨ་འོད་གསལ་འགྱུར་མེད། དེ་ལས་བདག་གིས་སོ། །རྩ་བའི་རྒྱ་གཞུང་དང་ཁྲིད་ཡིག་གི་ལུང་རྒྱུན་ཡང་དེ་དང་འདྲ། མེ་ཏོག་བཅུད་ལེན་རིམ་པ་ལྔ་པའི་ཁྲིད་དང་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། དམ་པ་སངས་རྒྱས་ནས་རིམ་པར་བརྒྱུད། མི་ཉག་རིན་རྒྱལ། རས་སྟོན་བློ་གྲོས་མཚུངས་མེད། བླ་མ་ཚེ་དབང་པ། གནས་རྙིང་རྒྱལ་མཚན་རིན་ཆེན། ཀུན་དགའ་བདེ་ལེགས། དགེ་འདུན་རྒྱ་མཚོ། བསོད་ནམས་གྲགས་པ། བསོད་ནམས་རྒྱ་མཚོ། ནམ་མཁའ་རྒྱལ་མཚན། བཀྲ་ཤིས་རྒྱལ་མཚན། འཇམ་དབྱངས་གྲགས་པ། བློ་བཟང་སྒོམ་ཆུང་། ཉང་ཚང་ངག་དབང་བསྟན་པའི་ཉི་མ། ནམ་མཁའ་སེང་གེ། འཇམ་དབྱངས་ཤེས་རབ། ངག་དབང་བསམ་འགྲུབ། དཀོན་མཆོག་རྒྱལ་མཚན། དོན་གྲུབ་རྒྱལ་མཚན། འཇམ་མགོན་བླ་མ་རིན་པོ་ཆེ། དེས་བདག་ལའོ། །ཆུ་བཅུད་ལེན་གྱི་གདམས་པའི་ཁྲིད་དང་ལུང་གི་བརྒྱུད་པ་ནི། ཤྲཱི་ཧེ་རུ་ཀ་།ས་ར་ཧ། དམ་པ་སངས་རྒྱས། དམ་པ་ཀུན་དགའ། དམ་པ་ཕྱར་ཆེན། ཀོ་བྲག་པ། རུ་སྟོན་བཤེས་གཉེན། ཤྲཱི། རང་བྱུང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། ཚུལ་ཁྲིམས་དཔལ་ལྡན། དཔལ་ལྡན་དོན་གྲུབ། རྒྱལ་དབང་ཆོས་རྗེ། མངྒ་ལ། ཤེས་རབ་རྒྱ་མཚོ། དབེན་ས་བ་བློ་བཟང་དོན་གྲུབ། སངས་རྒྱས་ཡེ་ཤེས། དྷྭ་ཛ། དཀོན་མཆོག་རྒྱ་མཚོ། དཀོན་མཆོག་ཡར་འཕེལ། ཐང་སག་དངོས་གྲུབ་རྒྱ་མཚོ། བློ་བཟང་མཆོག་གྲུབ། བློ་བཟང་ཆོས་འཕེལ། ངག་དབང་བསམ་འགྲུབ། དཀོན་མཆོག་རྒྱལ་མཚན། དོན་གྲུབ་རྒྱལ་མཚན། འཇམ་མགོན་བླ་མ། དེས་སོ། །རྡེའུ་བཅུད་ལེན་གྱི་མན་ངག་གི་ཁྲིད་དང་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཌཱ་ཀི་ནཱི་ནི་གུ་མ། བོ་དོང་ཕྱོགས་རྒྱལ། རས་ཆེན་དཔལ་འབྱོར་བཟང་པོ། སངས་རྒྱས་བཟང་མོ། །རིན་ཆེན་རྒྱལ་པོ། པདྨ་གར་དབང་། གྲགས་པ་འོད་ཟེར། རབ་འབྱམས་ཆོས་རྗེ། འཇམ་དབྱངས་རིན་ཆེན།
༥༣༩ རཏྣའི་མཚན་ཅན། འདུས་ཆེན་རབ་རྒྱས། འཇམ་དབྱངས་དགའ་བ། རིན་ཆེན་བཟང་པོ། འཇིགས་མེད་རྣམ་རྒྱལ། སྐལ་བཟང་འཇམ་དབྱངས། བྷ་དྲ། རིན་ཆེན་ལྷུན་གྲུབ། དོན་གྲུབ་རྒྱལ་མཚན། འཇམ་མགོན་བླ་མ། དེས་བདག་ལའོ། །མཐའ་རྟེན་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཚེ་དཔག་མེད་དཀར་པོའ་རྗེས་གནང་གི་བརྒྱུད་པ་ནི། མཁའ་འགྲོ་མ་དེ་བ་ཌཱ་ཀི། མི་ཏྲ་ཛོ་ཀི། བུདྡྷ་ཤྲཱི། ཆག་ལོ་དགྲ་བཅོམ། ཏེའུ་ར་པ་དར་འབྱུང་། ཆག་ཉི་མ་དཔལ། བླ་བྲང་པ་གཞོན་ནུ་རྒྱལ་མཚན། བློ་གྲོས་དཔལ། བཟང་པོ་དཔལ། ཉི་མ་རྒྱལ་མཚན། བསོད་ནམས་དཔལ་འབྱོར། རྒྱལ་མཚན་འོད་ཟེར། ཆོས་རྗེ་ནམ་མཁའ་པ། ཆག་ལོ་རིན་ཆེན་ཆོས་རྒྱལ། བདག་ཆེན་ངག་གི་དབང་ཕྱུག །རྗེ་བཙུན་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིག་རྒྱ་མཚོ། རྗེ་བཙུན་ཏཱ་ར་ནཱ་ཐ་ཕྱིན་ཆད་དུས་འཁོར་ལྷན་སྐྱེས་སོགས་དང་འདྲ། ཏེ་ཕུ་པའི་ཉེ་བརྒྱུད་ཚེ་སྒྲུབ་ཞག་བདུན་མའི་བརྒྱུད་པ་ནི། ཚེ་དཔག་མེད། གྲུབ་པའི་རྒྱལ་མོ། །ཏེ་ཕུ་པ། རོང་སྟོན་ཀུན་རིག །ནམ་མཁའ་དཔལ་ལྡན། ཀུན་སྤངས་ཆོས་རྗེ། ཚར་ཆེན། མཁྱེན་བརྩེ། བསླབ་གསུམ་རྒྱལ་མཚན། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་གྲུབ། ངག་དབང་ལྷུན་གྲུབ། རྨོར་ཆེན། ལེགས་པའི་འབྱུང་གནས། འཇམ་དཔལ་རྡོ་རྗེ། ཀུན་དགའ་དཔལ་བཟང་། ཀུན་དགའ་འཇམ་དཔལ། འཇམ་མགོན་བླ་མ། དེས་བདག་ལའོ། །གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་བརྒྱུད་པ་ནི། ཐུབ་དབང་། བྱམས་པ། ཐོགས་མེད། དབྱིག་གཉེན། བྷ་བྱ་ཀརྟི། ཤཱི་ལ་ཨ་ཀ་ར་མ་ཏི། བཻ་རོ་ཙ་ན་རྐྵི་ཏ། ཨ་བྷ་ཡ། བ་རི་ལོ་ཙཱ་བ། ས་ཆེན་ཀུན་སྙིང་། བསོད་ནམས་རྩེ་མོ། །གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། ཆོས་རྒྱལ་འཕགས་པ། ཞང་། བྲག་ཕུག་པ། བླ་མ་དམ་པ། ཐག་ཆེན་ཆོས་རྗེ། ཀཾ་དགོན་པ་བ། པཎ་ཆེན་ཤཱཀ་མཆོག །བྲག་དཀར་སེམས་དཔའ། ཀུན་དགའ་རྒྱལ་མཚན། ཡང་ན། བླ་མ་དམ་པ་ནས། དཔལ་
༥༤༠ ལྡན་པ། ཤར་ཆེན། ངོར་ཆེན། གུ་གེ་པཎ་ཆེན། གློ་བོ་མཁན་ཆེན། རྗེ་གྲོལ་མཆོག །རྡོ་རིང་བ། ཏཱ་ར་ནཱ་ཐ་ཕྱིན་ཆད་སྔར་དང་འདྲའོ། །ཡང་ན་ངོར་ཆེན་ནས། རྗེ་བཙུན་རིན་པོ་ཆེས་མཛད་པའི་རྣམ་རྒྱལ་སྟོང་མཆོད་ཀྱི་ལུང་རྒྱུན་ནི་བཀའ་འབུམ་སྤྱི་བརྒྱུད་ལྟར་རོ། །སྒྲོལ་དཀར་ཡིད་བཞིན་འཁོར་ལ་འོད་ཟེར་དྲུག་སྦྲག་གི་རྗེས་གནང་ཐུན་མོང་མ་ཡིན་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ངག་དབང་གྲགས་པ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། སླེ་ནག་པ། སྒྲེ་པ། མཉམ་མེད་དྭགས་པོ། ཚུལ་ཁྲིམས་སྙིང་པོ། དྭགས་པོ་འདུལ་འཛིན། འབྲི་གུང་གླིང་པ། དམ་ཆོས་གླིང་པ། ཆོས་ཀྱི་ཚུལ་ཁྲིམས། ལྷ་ལུང་པ། ཐོག་གནས་པ། ཆོས་ཀྱི་དབང་ཕྱུག །བྱང་ཆུབ་བཟང་པོ། བཀྲ་ཤིས་རྣམ་རྒྱལ། བསོད་ནམས་ལྷ་དབང་། དཔལ་ལྡན་རྒྱལ་མཚན། དྭགས་པོ་ཕྱོགས་ལས་རྣམ་རྒྱལ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ། དེ་ལ་བསླབ་གསུམ་རྒྱལ་མཚན། བསོད་ནམས་ཆོས་འཕེལ། རིན་ཆེན་བཀྲ་ཤིས་རྒྱལ་མཚན་གསུམ་གྱིས་ཞུས། ཡབ་སྲས་བཞི་ཀ་ལས་དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། ཀུན་དགའ་ལྷུན་གྲུབ། ལེགས་པའི་འབྱུང་གནས། ཀུན་དགའ་བློ་གྲོས། དེ་ལས་ནམ་མཁའ་འཆི་མེད་དང་། ཀུན་དགའ་མཁས་གྲུབ་དབང་པོ་གཉིས་ཀྱིས་གསན། གཉིས་ཀ་ལས་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའ་ཟབ་ཁྲིད་ཐུན་མོང་མ་ཡིན་པ་ཉམས་ཁྲིད་དུ་སྐྱོང་བའི་བརྒྱུད་པ་ནི། ཚར་ཆེན་ཡན་རྗེས་གནང་དང་འདྲ། དེ་ནས་མཁྱེན་བརྩེ། དབང་རབ། བསོད་ནམས་མཆོག་གྲུབ། རིན་ཆེན་འཇམ་དཔལ། བློ་གསལ་བསྟན་འཛིན། ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། ཀུན་མཁྱེན་བླ་མ། དེ་ལས་བཀའ་དྲིན་ཏུ་ཐོབ་བོ། །སྒྲོལ་དཀར་ཉམས་ལེན་སྙིང་པོར་བསྡུས་པ་ཀུན་དགའ་བློ་གྲོས་ཀྱིས་
༥༤༡ མཛད་པའི་ལུང་རྒྱུན་ནི་མཛད་པ་པོ་ཕྱིན་ཆད་ཁྲིད་བརྒྱུད་ལྟར་ལ། ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་ཁྲིད་ཡིག་གི་ལུང་ཡང་དེ་ཉིད་ནས་རྗེ་འཇམ་མགོན་བླ་མ། དེས་བདག་ལའོ། །ཚེ་ལྷ་རྣམ་གསུམ་ཕྱོགས་བསྡུས་ཀྱི་རྗེས་གནང་གི་བརྒྱུད་པ་ནི་སྔ་མ་རྣམས་ཀྱི་ཁོངས་སུ་འཐུས། ཚེ་ལྷ་རྣམ་གསུམ་མཆོད་ཆོག་གིས་མཚོན་གདམས་མཛོད་འདིར་བཞུགས་པའི་ཁྲིད་ཡིག་སོགས་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ་ཐམས་ཅད་ནི་རྗེ་ཉིད་ནས་བཀའ་དྲིན་ཏུ་སྩལ་བ་ཐོབ་པའོ། །ཇོ་ནང་ཁྲིད་བརྒྱ་བརྒྱུད་འདེབས་སུ་གསལ་བ་ལྟར་ལ། རྗེ་བཙུན་རིན་པོ་ཆེའི་འཕྲོས་སུ་ལུང་ཁྲིད་ཀྱི་ཚུལ་དུ་ཚར་གསུམ་རེ་བཀླགས་པའི་བརྒྱུད་པ་ནི། གྲོལ་མཆོག་ཞབས་ནས། ལུང་རིག་རྒྱ་མཚོ། ཀུན་དགའ་སྙིང་པོ། རིན་ཆེན་རྒྱ་མཚོ། སྙིང་པོ་མཐའ་ཡས། ཀུན་བཟང་དབང་པོ། དེ་ལས་ཚེ་དབང་ནོར་བུ་དང་ཀུན་དགའ་རྣམ་རྒྱལ་གཉིས་ཀྱིས་གསན། གཉིས་ཀ་ལས། ཆོས་ཀྱི་འབྱུང་གནས། ཀརྨ་འགྱུར་མེད། ཚེ་དབང་ནོར་བུ་པདྨ་བཀྲ་ཤིས། པད་དཀར་སྤྲུལ་སྐུ་དཔལ་ལྡན། རྡོ་རྗེ་མི་ཕམ་ཆོས་ཀྱི་རྒྱལ་པོ་ལས་བདག་གིས་ནོས་སོ། །ཞིབ་ཁྲིད་དུ་མཛད་པའི་བརྒྱུད་པ་ནི། རྗེ་བཙུན་གྲོལ་མཆོག་ནས། ཆོས་སྐུ་ལྷ་དབང་གྲགས་པ། རྗེ་བཙུན་སྒྲོལ་བའི་མགོན་པོ། རྗེ་བཙུན་མ་ཕྲིན་ལས་དབང་མོའམ་རིན་ཆེན་རྡོ་རྗེ་མ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། འཇིགས་བྱེད་གྲུབ་པ་སྙིང་པོ་མཐའ་ཡས། ཆོས་རྗེ་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། ཆོས་དབྱིངས་རང་གྲོལ། ཀུན་བཟང་ཆོས་འབྱོར། བློ་བཟང་མཐུ་སྟོབས། ཉི་མ་ཆོས་འཕེལ། རིན་ཆེན་བློ་གསལ་བསྟན་སྐྱོང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོའ་ཞལ་སྔ་ནས་ལོ་གསུམ་གྱི་རིང་ཁྲིད་བརྒྱ་ཆ་ཚང་བའི་ཉམས་བཞེས་མཐར་ཕྱིན་ཏུ་མཛད། ཁོ་བོ་ཅག་གིས་ཞུས་པའི་སྐབས་སུ། དང་པོ་ས་བཅད་ཀྱི་སྒོ་ནས་མདོར་བསྟན། རྩ་བའི་ཁྲིད་ཡིག་དཔེ་ལུང་བཞུགས་པ་སོ་སོས་རྒྱས་པར་
༥༤༢ བཤད། ཁྲིད་བརྒྱ་གཞུང་ཚིག་གིས་དོན་བསྡུ་བའི་སྒོ་ནས་ཞིབ་རྒྱས་སུ་སྩལ་བར་མཛད་དོ། །དེ་ལྟར་གངས་ཅན་གྱི་ལྗོངས་འདིར་སྤྲུལ་པའི་ཆོས་རྒྱལ་མེས་དབོན་རྣམས་ཀྱི་ཐུགས་བསྐྱེད་ཀྱི་སྟོབས་ལས་རྒྱལ་བསྟན་རིན་པོ་ཆེའི་ཉིན་མོར་བྱེད་པ་ཐོག་མར་ཤར་བའི་སྐབས་སུ། སངས་རྒྱས་གཉིས་པ་པདྨཱ་ཀ་ར། པཎ་ཆེན་བི་མལ་མི་ཏྲ། ལོ་ཆེན་བཻ་རོ་ོ་ན་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཡོ་ག་སྡེ་གསུམ་གྱི་སྒྲུབ་བརྒྱུད་ཐོག་མར་བྱུང་བ་ནས་བརྩམས། ཕྱིས་སུ་གྲུབ་པའི་དབང་ཕྱུག་ཞི་བ་སྦས་པའི་གདམས་ངག་གི་བཀའ་སྲོལ་རྣམས་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐ་ལ་བཀའ་བབས་པའི་བར་དུ་ལྔ་ཕྱི་རིམ་པ་བཞིན་དུ་བྱོན་པའི་མདོ་རྒྱུད་སྤྱི་དང་བྱེ་བྲག་པ་རྣམས་ཀྱི་ཉམས་ལེན་ཁྱད་པར་ཅན་གྱི་གདམས་པ་ཆེ་ཕྲ་རེ་རེས་ཀྱང་། དབང་པོ་དང་སྐལ་བ་རབ་རྣམས་ཚེ་གཅིག་གིས་མི་སློབ་བའི་ཟུང་འཇུག་ལ་སྦྱོར་བ་དང་། འབྲིང་རྣམས་དད་བརྩོན་དང་འཚམས་པའི་ས་ལམ་གྱི་མངོན་རྟོགས་རྒྱུད་ལ་སྐྱེད་ཅིང་། ཐ་མ་རྣམས་ཀྱང་རྒྱུད་རིམ་གྱིས་སྨིན་ཏེ་སྐྱེ་བ་བརྒྱུད་ནས་རྣམ་པར་གྲོལ་བའི་གོ་འཕང་འཐོབ་པ་ནི་ལུང་དང་ལོ་རྒྱུས་ལས་ཀྱང་ངེས་པ་རྙེད་པ་དང་། འབྲེལ་ཐོགས་ཙམ་ཡང་འཁོར་བ་དང་ངན་སོང་གི་སྐྱེ་སྒོ་བཅད་ནས་ཐར་པ་དང་བྱང་ཆུབ་ཀྱི་ས་བོན་ཐེབས་པ་སོགས་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ངོ་མཚར་རྨད་དུ་བྱུང་བ་ཤ་སྟགས་སྣང་ཡང་། བོད་ཡུལ་འདིའི་དབང་དུ་བྱས་པའི་འབྲས་བུ་དང་སྒྲུབ་པའི་དུས་རིམ་པར་ཡོལ་ནས་ལུང་གི་བསྟན་པ་ལྟར་སྣང་རྒྱས་ཤིང་རྟགས་ཙམ་འཛིན་པའི་དུས་ལ་སོན་པར་ཉེ་བའི་དབང་གིས། སྒྲུབ་པའི་བརྒྱུད་འཛིན་རྣམས་ཀྱང་བཤད་པའི་ལད་མོ་ཟློ་བ་དང་སྤྲོས་བཅས་ཆོས་བརྒྱད་ཀྱི་གཡེང་བས་ཁྱེར། སྒྲུབ་བརྒྱུད་ཁྱད་པར་འཕགས་པ་ཕལ་མོ་ཆེའི་དཔེ་ལུང་གི་རྒྱུན་ཙམ་ཡང་དཀོན་ཅིང་ནུབ་པར་ཉེ་བའི་དུས་སྐབས་འདིར། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཉིད་བསྟན་པའི་མེ་རོ་སློང་བ་ལ་བསམ་བཞིན་སྲིད་པའི་རོལ་གར་བསྟན་པ་བཀའ་བབས་བདུན་གྱི་མངའ་བདག་ཐམས་ཅད་མཁྱེན་གཟིགས་འཇམ་
༥༤༣ དབྱངས་མཁྱེན་བརྩེའི་དབང་པོའ་བཀའ་དྲིན་ལས། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་གཙོ་བོར་གྱུར་པའི་གསང་སྔགས་གསར་རྙིང་གི་གཞུང་དང་གདམས་ངག་བོད་ཡུལ་དུ་བཞུགས་སོ་ཅོག་ཕལ་མོ་ཆེ་ཐོས་པའི་སྐལ་པ་བཟང་པོས་རྒྱུད་ཕྱུག་ཅིང་། བཀའ་སྲོལ་རིས་སུ་མ་ཆད་པ་སོ་སོའ་རྒྱུ་མཚན་ཤེས་ནས་དད་པའི་པདྨོ་ཕྱོགས་མེད་དུ་རྒྱས་ཏེ་ཆོས་སྤང་གི་སྒྲིབ་པས་མ་སྦགས་པ་དང་། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་ཞལ་ནས། བདག་ནི་སྐྱེ་བ་ཐམས་ཅད་དུ། །བསྟན་པའི་ཁུར་ཆེན་ཁུར་བར་ཤོག་ཁུར་ཆེན་ཁུར་བ་མ་ནུས་ཀྱང་། །བསྟན་པ་ཉམས་ཀྱིས་དོགས་པ་ཡི། །སེམས་ཁྲལ་ཙམ་ཡང་འབྱུང་བར་ཤོག །ཅེས་སོགས་གསུངས་པའི་གནས་ལ་ཡི་དམ་དུ་བྱས་ཏེ། འདི་དག་གིས་བསྟན་པ་དངོས་ལ་ཕན་པའི་ནུས་པ་མེད་དུ་ཟིན་ཀྱང་རྒྱུན་མ་ཆད་ཙམ་འབྱུང་དུ་རེ་བས་འབད་རྩོལ་ཆེན་པོས་བརྒྱུད་ལྡན་གྱི་དམ་པ་རྣམས་ལས་ལེགས་པར་ཞུས་ཏེ་དབང་ཁྲིད་རྩ་བ་རྣམས་ཀྱི་ཡིག་ཆ་གཙོ་ཆེ་བའི་རིགས་རྣམས་གླེགས་བམ་གྱི་ཕྲེང་བ་གཅིག་ཏུ་བསྒྲིགས་པ་ཡིན་པས། ཕྱིན་ཆད་བསྟན་པ་རིན་པོ་ཆེ་ཐུགས་ལ་བཅངས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་འཆད་ཉན་དང་ཉམས་བཞེས་ཀྱི་རྒྱུན་མ་ཆད་པར་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པར་བསྐྱངས་ན་རྒྱལ་བ་སྲས་དང་བཅས་པའི་དགོངས་པ་སྐོང་བར་འགྱུར་བས་དེ་ལྟར་ཡང་ནས་ཡང་དུ་གསོལ་བ་འདེབས་པ་ལགས། །ཤྲཱི་སྭ་སྟི་སིདྡྷི་ཛ་ཡནྟུ། སྲིད་ཞིའི་དགེ་ལེགས་མཐའ་དག་འབྱུང་བའི་གནས། །རྒྱལ་བའི་བསྟན་པ་རིན་ཆེན་གཅིག་པུ་སྟེ། །བསྟན་པའི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག །འབྱུང་དཀའ་ཨུ་དུམྦ་རའི་མེ་ཏོག་མཚུངས། །འོ་མ་བསྲུབས་པའི་མར་གྱི་ཉིང་ཁུ་བཞིན། །མདོ་རྒྱུད་ཡང་སྙིང་གདམས་ངག་ཟབ་མོའ་མཛོད། །རྒྱུད་དང་གྲུབ་པའི་མན་ངག་ལས་བྱུང་བ། །རིན་ཆེན་གསེར་གྱི་ཞུན་མས་མི་སྒྲུན་པ། །སྲས་བཅས་རྒྱལ་བ་རྣམས་ཀྱི་དགོངས་པའི་བཅུད། གྲུབ་པའི་དབང་
༥༤༤ ཕྱུག་རྣམས་ཀྱི་གཤེགས་པའི་ཤུལ། །ཌཱ་ཀི་འབུམ་སྡེའི་ཐུགས་ཀྱི་ཟུང་ཁྲག་སྟེ། །འཇིག་རྟེན་ཁམས་ན་དཀོན་པའི་དབྱིག་གི་མཆོག །དབུལ་པོས་རིན་ཆེན་རིན་ཐང་མི་ཤེས་བཞིན། །བླུན་པོས་ཟབ་ཆོས་རྣམ་དབྱེ་ཕྱེད་མི་ནུས། །ཕྱོགས་སུ་མ་ལྷུང་ཆོས་ཀྱི་སྤྱན་ལྡན་རྣམས། །དགྱེས་པ་སྐྱེད་བྱེད་ནོར་བུའི་མཛོད་ཆེན་ཡིན། །རང་ཉིད་དམ་པའི་རྣམ་ཐར་ཆེས་དམན་པས། །ཆོས་མཆོག་འབྱུང་བའི་གནས་སུ་མ་གྱུར་ཀྱང་། །སྔོན་སྨོན་ལྷག་བསམ་རྣམ་པར་དཀར་བ་དང་། །བླ་མ་སངས་རྒྱས་ཐུགས་རྗེའི་མཐུ་ལས་གྲུབ། །གྲ་སའི་འདོན་ཟློས་དབྱངས་རོལ་གར་འཆམས་སོགས། །མིག་སྔར་མཛེས་ཀྱང་གཏན་གྱི་འདུན་མ་སྟོར། །ལུང་རིགས་བཤད་རྩོད་ཡིད་དཔྱོད་ལྟ་བས་ཀྱང་། །གནས་ལུགས་མི་མཐོང་བྱང་ཆུབ་ཡིད་སྨོན་ཙམ། །ཤིང་རྟ་རེ་རེའི་བཀའ་སྲོལ་ཉམས་ལོན་ན། །ཚེ་གཅིག་ཟུང་འཇུག་མཆོག་ལ་སྦྱོར་ངེས་ཤིང་། །ཟ་འོག་རས་མ་རིན་ཆེན་དུམ་བུ་བཞིན། །ཆ་ཤས་ཉམས་སུ་ལོན་ཀྱང་དོན་ཆེན་འགྲུབ། །དེ་བས་གདམས་ཁྲིད་ཆེ་རྣམས་ལྟ་ཅི་སྨོས། །གདམས་ཕྲན་རེ་ཡི་ཉམས་ལེན་མཐར་ཕྱིན་ཀྱང་། །སྲིད་པའི་འཁྲུལ་འཁོར་རྩ་བ་རབ་བཅད་ནས། །འདི་གཏན་བདེ་ཞིང་དོན་གཉིས་ལྷུན་གྲུབ་འགྱུར། །བཀའ་ལ་དབང་ཟོས་གསང་བ་བསྒྲགས་པ་སོགས། །འཁྲུལ་པའི་དབང་གིས་ནོངས་པ་གང་མཆིས་རྣམས། །བླ་མ་རྒྱལ་བ་སྲས་བཅས་སྤྱན་སྔར་བཤགས། །ཚངས་པར་སྩལ་ནས་བདག་རྒྱུད་དག་གྱུར་ཅིག །རྣམ་དཀར་འདིས་མཚོན་དུས་གསུམ་དགེ་བའི་ཚོགས། །སྲས་བཅས་རྒྱལ་བའི་རྗེས་སུ་བདག་སློབ་ཅིང་། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་པ་དང་། །མཁའ་མཉམ་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །འཆི་མེད་སྲོག་གི་ཀ་བ་རབ་ཏུ་བརྟན། །ནད་མེད་བདེ་བའི་ལང་ཚོ་རྟག་པར་རྒྱས། །ཚེ་དང་སྒྲུབ་པ་མཐར་ཕྱིན་མི་སློབ་པའི། །ཟུང་འཇུག་ཡེ་ཤེས་སྐུ་མཆོག་མངོན་གྱུར་ཤོག །ཚེ་འདིར་གྲོལ་བའི་སྐལ་པས་དམན་གྱུར་ཀྱང་། །འཕོས་མ་ཐག་ཏུ་དག་པའི་སྣང་བ་
༥༤༥ ཤར། །བདེ་ཆེན་ཞིང་དུ་པདྨོར་བརྫུས་ཏེ་སྐྱེས། །སངས་རྒྱས་ཞལ་མཐོང་ལུང་བསྟན་མཆོག་ཐོབ་ཤོག །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །སྲིད་ལས་ངེས་པར་འབྱུང་བའི་བློ་བརྟན་པོས། །བྱང་ཆུབ་སེམས་མཆོག་མ་སྐྱེས་བསྐྱེད་པ་དང་། །སྐྱེས་པ་བརྟན་ཅིང་གོང་ནས་གོང་འཕེལ་ཤོག །མི་ཁོམས་གནས་ངན་ལེན་གྱི་སྐྱེ་སྒོ་ཆོད། །མཐོ་རིས་ཡོན་ཏན་བདུན་ལྡན་རྟེན་བཟང་ཐོབ། །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་། །རྣམ་པར་དག་པའི་བསླབ་གསུམ་མཐར་ཕྱིན་ཤོག །དམ་ཆོས་སྒྲུབ་ལ་བར་གཅོད་མི་འབྱུང་ཞིང་། །ཆོས་དང་མཐུན་པའི་བསམ་དོན་ཡིད་བཞིན་འགྲུབ། །སྙིང་པོ་དོན་གྱི་སྒྲུབ་པ་མཐར་ཕྱིན་ཏེ། །ཚེ་གཅིག་སངས་རྒྱས་དོན་གཉིས་ལྷུན་གྲུབ་ཤོག །བདུད་ཀྱི་ལས་རྣམས་ཤེས་ནས་སྤང་ནུས་ཤིང་། །ཆོས་བརྒྱད་འཆིང་བའི་སྒྲོག་ལས་ཡོངས་སུ་གྲོལ། །གཟུང་འཛིན་འཁྲུལ་པའི་སྣང་བ་རྨངས་ནས་ཞིག །གདོད་མའི་གཏན་སྲིད་མྱུར་དུ་ཟིན་པར་ཤོག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །ནམ་ཡང་མི་ནུབ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་སྐྱེས་མཆོག་རྣམས་ཀྱི་ཞབས་པད་བརྟན། །བཤད་སྒྲུབ་ལས་ཀྱི་ཕྲིན་ལས་གོང་འཕེལ་ཤོག །སྐྱེ་རྒུ་མཐའ་དག་བསྟན་ལ་གུས་པ་ཐོབ། །བསྟན་པའི་རྗེས་ཞུགས་བསྟན་ལ་སྲི་ཞུ་བརྩོན། །བསྟན་པ་འཛིན་སྐྱོང་སྤེལ་བས་རྒྱལ་བའི་བསྟན། །ནོར་འཛིན་ཡངས་པའི་ཁོངས་སུ་བརྡལ་བྱེད་ཤོག །ཡོ་ག་རྣམ་གསུམ་ཁྱད་པར་རྫོགས་པ་ཆེ། །རྩོལ་མེད་གྲོལ་བ་བཞི་ལྡན་ཐེག་པའི་རྩེ། །སྔ་འགྱུར་བསྟན་པས་འཇིག་རྟེན་ཀུན་ཏུ་ཁྱབ། ཁམས་གསུམ་འཁོར་བ་དོངས་ནས་སྤྲུགས་པར་ཤོག །མཉམ་མེད་ཇོ་བོ་རྗེ་དང་ཙོང་ཁ་པའི། །ལྟ་སྤྱོད་དྲི་མེད་འཛིན་མཛད་བཀའ་གདམས་པ། །གསར་རྙིང་རིང་སྲོལ་དར་བས་ཐུབ་བསྟན་གྱི། །དགའ་ཚལ་དབྱར་གྱི་དཔལ་བཞིན་རྒྱས་པར་ཤོག །དཔལ་ལྡན་ཆོས་སྐྱོང་སྙན་ཏུ་བརྒྱུད་པ་ཡི། །གདམས་ངག་ལམ་དང་འབྲས་བུར་བཅས་པ་སོགས། །གསང་བསྟན་མངའ་བདག་ས་ངོར་ཚར་གསུམ་
༥༤༦ གྱི། །བསྟན་པའི་ཉི་མ་འགྲིབ་མེད་འཆར་བར་ཤོག །གངས་ཅན་གྲུབ་པའི་ཆུ་འགོ་གཅིག་པུ་པ། །མཉམ་མེད་དྭགས་པོའ་བཀའ་བརྒྱུད་ཆེ་བཞི་དང་། །ཆུང་བརྒྱད་སྒྲུབ་བརྒྱུད་ཆུ་ཀླུང་ཆེན་པོའ་རྒྱུན། །ཆད་མེད་འཛམ་གླིང་གྲུབ་པས་ཁེངས་པར་ཤོག །རིན་ཆེན་རྣམ་བདུན་རིམ་བརྒྱུད་རྡོ་རྗེའི་ཚིག །བྱིས་བློས་མ་བསླད་བྱིན་རླབས་གཟི་བརྗིད་ཅན། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་གསེར་ཆོས་ཀྱིས། །ས་སྟེང་ཀུན་ཁྱབ་དཔག་མེད་འགྲོ་སྒྲོལ་ཤོག །ཕ་གཅིག་དམ་པའི་སྡུག་བསྔལ་ཞི་བྱེད་དང་། མ་གཅིག་ལ་བསྒྲོན་བདུད་ཀྱི་གཅོད་ཡུལ་ཏེ། །བདག་འཛིན་བཙན་ཐབས་གཅོད་པའི་ཆོས་ཀྱི་སྤྲིན། །ནམ་མཁའི་ཁྱོན་བརྡལ་སྙིགས་འགྲོ་ཀུན་སྐྱོབས་ཤོག །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཐུགས་ཀྱི་བཅུད། །རྒྱུད་དོན་མཐར་ཐུག་དང་པོའ་སངས་རྒྱས་ཀྱི། །བཤད་སྒྲུབ་བཀའ་བབས་ཇོ་ཞལ་རྣམ་པ་གཉིས། །བསྟན་པའི་སྒྲོན་མེ་ཕྱོགས་བརྒྱར་འབར་བར་ཤོག །རྡོ་རྗེ་བཙུན་མོའ་ཞལ་ལུང་བསྙེན་སྒྲུབ་སོགས། །སྒོམ་ན་འབྲས་བུ་འབྲལ་དུ་ཐོབ་བྱེད་པའི། །བརྒྱུད་ལྡན་གདམས་པའི་བཀའ་སྲོལ་ཇི་སྙེད་ཀུན། །སྲིད་པའི་མཐར་ཡང་ཉམས་མེད་དར་རྒྱས་ཤོག །དུས་གསུམ་འབྱོན་དཀའ་ཨུ་དུམྦ་ར་ལྟར། །རབ་བསྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཡི། །སྙིང་པོ་འདི་མིན་གཞན་དུ་མ་མཆིས་པས། །དཀོན་ལ་ངོ་མཚར་འདུ་ཤེས་ཐོབ་པར་ཤོག །འབྲེལ་ཚད་དོན་ལྡན་ཆོས་སུ་ཡིད་ཆེས་ནས། །ཤིན་ཏུ་ཕོངས་པས་ཟས་སྐོམ་རྙེད་པ་བཞིན། །དད་པས་བཙལ་ཞིང་འབད་པས་ཉམས་སུ་ལེན། །འཕྲལ་དང་ཡུན་གྱི་དོན་ཆེན་འགྲུབ་བར་ཤོག །འཇིག་རྟེན་སྤྱི་དང་བྱེ་བྲག་རྒྱལ་ཁམས་འདིར། །དུས་ཀྱི་རྒུད་པའི་ཉེས་ཚོགས་ཀུན་ཞི་ཞིང་། །དགེ་ལེགས་དཔལ་འབྱོར་རྫོགས་ལྡན་བཞིན་ཏུ་རྒྱས། །འགྲོ་ཀུན་བྱང་ཆུབ་སེམས་མཆོག་དང་ལྡན་ཤོག །ཀུན་ཀྱང་གསང་ཆེན་ཟབ་མོའ་སྣོད་གྱུར་ཏེ། །བརྩོན་པས་ཉམས་བླངས་ས་ལམ་མངོན་རྟོགས་ཀུན། །དཀའ་བ་མེད་པར་རྒྱུད་ལ་རབ་རྫོགས་ཏེ། །ཚེ་གཅིག་རྡོ་རྗེ་འཆང་གི་ས་ཐོབ་ཤོག །འདི་དགེས་བདག་ཀྱང་སྐྱེ་ཞིང་སྐྱེ་བ་རུ། །དུས་གསུམ་རྒྱལ་བ་སྲས་བཅས་སྨོན་ལམ་དང་། །མཛད་པ་ཀུན་སྒྲུབ་ལུང་རྟོགས་དམ་པའི་
༥༤༧ ཆོས། །ཡོངས་རྫོགས་འཛིན་ཅིང་ཆུབ་པའི་སྐལ་ལྡན་ཤོག །བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པའི་བཅུད། །ཐུབ་མཆོག་ཐུགས་བསྐྱེད་སྨོན་ལམ་སྟོབས་དག་ལས། །གདུལ་དཀའི་འགྲོ་བའི་དཔལ་དུ་ཤར་བ་ཡི། །བསྟན་པ་དར་རྒྱས་ཡུན་གནས་བཀྲ་ཤིས་ཤོག །རབ་དཀར་དྲི་མེད་སྒྲུབ་བརྒྱུད་བདུད་རྩིའི་ཆུ་ཀླུང་ནོར་འཛིན་ཡངས་པའི་ཁོངས་སུ་རྒྱུན་མི་འཆད་པར་འབབས་པ་ལས། །སྲིད་ལམ་དུབ་པའི་སྐྱེ་དགུ་མཐའ་དག་ཉོན་མོངས་གདུང་སེལ་ཐར་པའི་སྲོག་ཟུང་རྡོ་རྗེའི་སྙིང་པོར་རབ་ཏུ་བརྟན། །ཟུང་འཇུག་མཆོག་གི་བདེ་ཆེན་ཕྱག་རྒྱ་མངོན་ཏུ་འགྲུབ་པའི་བརྟུལ་ཞུགས་ལྡན་པས་མཁའ་སྤྱོད་མཛེས་མའི་གྲོང་ཁྱེར་ཁེངས། །སྐུ་བཞིའི་རྒྱལ་སར་བདེ་བར་གཤེགས་ནས་སངས་རྒྱས་མཛད་པས་མཁའ་མཉམ་འགྲོ་སྒྲོལ་རྟག་བྱ་བ་བཀྲ་ཤིས་དཔལ་འབར་ཤོག །དེ་ལྟར་གངས་ཅན་ལྗོངས་སུ་བྱོན་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་དང་ཁྲིད་ཚུལ་ཐོར་བུ་ཁྱད་པར་འཕགས་པ་རྣམས་ལས་དེང་སང་རྒྱུན་བཞུགས་ངེས་པ་རྣམས་ཀྱི་སྨིན་གྲོལ་རྩ་བ་ཙམ་ལེགས་པར་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་དང་བརྒྱུད་པ་མདོར་སྨོས་པ་འདིའང་། སངས་རྒྱས་གཉིས་པ་གུ་རུ་པདྨཱ་ཀ་ར་དང་རྫོགས་པའི་སངས་རྒྱས་དཔལ་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་སྒོར་ཞུགས་ཤིང་ཐུབ་བསྟན་རིས་སུ་མ་ཆད་པ་སྐྱེ་བ་ནས་སྐྱེ་བར་འཛིན་པའི་གཡར་དམ་འཆང་བ། དབེན་ཁྲོད་རྣམས་སུ་གཏད་མེད་ཀྱི་རྣལ་འབྱོར་སྤྱོད་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའམ་རྒྱལ་བའི་སྲས་པོ་བློ་གྲོས་མཐའ་ཡས་པའི་སྡེས། མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཡང་དབེན་ཤྲཱི་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

༄༅། སྐུ་གསུམ་ངོ་སྤྲོད་བཞུགས་སོ། །རྗེ་རང་བྱུང་རྡོ་རྗེས་མཛད།

༢༣༡ སྐུ་གསུམ་ངོ་སྤྲོད་བཞུགས་སོ། །རྗེ་རང་བྱུང་རྡོ་རྗེས་མཛད།
༢༣༢ དོན་དམ་སྤྲོས་བྲལ་གཉིས་མེད་བདེ་ཆེན་ངང་། །གསལ་སྟོང་འཛིན་མེད་སྒྱུ་མ་ལྟ་བུའི་སྐུ། །ཉི་ཟླ་ལྟ་བུས་མ་རིག་མུན་བསལ་ནས། །ཕྱག་ཆེན་རྟོགས་མཛད་རྡོ་རྗེ་འཆང་ལ་འདུད། །གཟའ་བྲལ་སྤྲིན་གྱིས་དག་པའི་ཉི་ཟླ་ལྟར། །ལོངས་སྐུའི་ཐབས་ཀྱིས་འགྲོ་རྣམས་དབྱིངས་སུ་འདྲེན། །ཐབས་དང་ཤེས་རབ་གཉིས་མེད་ཡོངས་རྫོགས་པའི། །བཀའ་བརྒྱུད་བླ་མ་རྣམས་ལ་གུས་པས་འདུད། །དཔལ་ལྡན་གངས་རིའི་ཁྲོད་ན་ལེགས་གནས་ཤིང་། །སྐུ་གསུམ་དོན་གྱིས་འགྲོ་བ་སྨིན་མཛད་དེ། །སྤྲུལ་སྐུ་གནད་བཞིའི་དོན་ལ་རབ་གནས་པའི། །དུས་གསུམ་མཁྱེན་དང་འགྲོ་བའི་མགོན་ལ་འདུད། །འོ་ན་འདིར་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་ལ་སོགས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་ངག་འདི་ལ། གང་ཟག་བློ་དམན་པ་རྣམས་ལ་སྔོན་དུ་འགྲོ་བའི་ཆོས་བཞི་དང་། གང་ཟག་དབང་པོ་འབྲིང་ལ་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་དང་། གང་ཟག་དབང་པོ་རབ་ཏུ་གྱུར་བ་རྣམས་ལ་སྐུ་གསུམ་ངོ་སྤྲོད་ཕྱག་རྒྱ་ཆེན་པོ་ཅིག་ཆར་བའི་མན་ངག་དང་གསུམ་མོ། ངོ་སྤྲོད་པས། དེ་ཡང་
༢༣༣ སྐུ་གསུམ་ངོ་སྤྲོད་ཀྱི་གདམས་ངག་འདི་ནི། ཆོས་ཐམས་ཅད་ཀྱི་རྩ་བ་མན་ངག་ཐམས་ཅད་ཀྱི་དངོས་གཞི་དབང་པོ་ཡང་རབ་གཅིག་ཆར་བའི་དམ་ཆོས་ཡིན་ཏེ་འདི་ཉམས་སུ་ལེན་པར་འདོད་པའི་གང་ཟག་ནི། དད་པ་དང་དམ་ཚིག་དང་། བརྩོན་འགྲུས་དང་། ཚེ་ཕྱི་མ་དོན་དུ་གཉེར་བའི་གང་ཟག་དེ་ལྟ་བུ་ཅིག་ལ་བསྟན་པར་བྱའོ། །བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ད་ནི་སྔོན་འགྲོ་ཉམས་སུ་ལེན་པའི་ཡན་ལག་སྟོན་ཏེ། དེ་ཡང་དང་པོ་སྔོན་དུ་འགྲོ་བ་བླ་མའི་རྣལ་འབྱོར་ཡིན་ཏེ། དེ་ཡང་ཨ་ཏི་བཀོད་པའི་རྒྱུད་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་ལམ་སྤྱི་བོའ་གཙུག །ཡན་ལག་མཐིལ་དུ་གང་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཀྱང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས་པས་ན། སྔོན་དུ་བླ་མའི་རྣལ་འབྱོར་བསྒོམ་པ་ཤིན་ཏུ་གལ་ཆེ་སྟེ། དེ་ཡང་བསྒོམ་པའི་དུས་སུ། རིག་པ་གཞན་དུ་མི་འཕྲོ་བར་སེམས་རྩེ་གཅིག་པའི་ངང་ལས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་
༢༣༤ བདག་གིས་ཚོགས་རྣམ་པ་གཉིས་བསག་སྒྲིབ་པ་རྣམ་པ་གཉིས་སྦྱང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བ་ཆུ་བོའི་ཀློང་བཞིན་དུ་རྒྱུན་ཆད་མེད་པར་བསྒྲུབ་བར་བྱ་ཞིང་དེའི་ངང་ལས་སྐུ་གསུམ་ངོ་སྤྲོད་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་བསྒོམ་པར་བྱ་ཨང་སྙམ་དུ་བསམ། མོས་པ་བསམ་གྱིས་མི་ཁྱབ་པས། རང་གི་སྤྱི་བོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཅིག་བསྒོམ། དེའི་སྟེང་དུ་ཧཱུྃ་དཀར་པོ་ཞིག་བསམ་དེ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས་པ། གཡོན་དྲིལ་བུ་དཀུ་ལ་བརྟེན་པ། བ་ཏིའི་ཤམ་ཐབས་ཅན། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་གསལ་བར་བསྒོམ། དེ་ལྟར་དུ་བསྒོམས་པའི་མཐེ་བོང་ལས་ཡེ་ཤེས་ཀྱི་ཆུ་རྒྱུན་སྤྱི་བོ་ཚངས་པའི་བུ་ག་ནས་མར་བྱུང་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་བསྒོམ་ཞིང་། དེ་དང་དུས་མཉམ་དུ་འདི་ལྟར་བརྗོད་དོ། །ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷྲོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ། ས་ཏྭ་ཨཱཿ དེ་ལྟར་དུ་བརྗོད་པས་ལུས་ཡང་དེའི་སྟེང་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དེ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ཐམས་ཅད་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་དཀར་ལྟེམ་གྱིས་གང་བར་བསྒོམ་མོ། །ངག་ཡིད་གསུམ་གྱི་སྒྲིབ་པ་དག་པའི་རྟགས་སུ་ཁྲུས་བྱས་པ་དང་། གོས་དཀར་པོ་དྲི་མ་མེད་པ་གྱོན་པ་ལ་སོགས་པའི་རྟགས་འབྱུང་ངོ་། །དེ་ནི་བླ་མའི་རྣལ་འབྱོར་དང་ཡི་གེ་བརྒྱ་པ་ལ་བརྟེན་ཏེ་སྒྲིབ་པ་སྦྱོང་བ་ཡིན་ནོ། ༈ །མཎྜལ་ལ་བརྟེན་ནས་ཚོགས་གསོག་པའི་མན་ངག་ཉམས་སུ་བླང་བ་ནི། རང་གི་མདུན་དུ་མཎྜལ་ཅིག་བཞག་ནས་ཕྱིས་པས་ལུས་ངག་ཡིད་གསུམ་
༢༣༥ གྱི་སྡིག་སྒྲིབ་དག་པར་བསམ་ཞིང་ཡི་གེ་བརྒྱ་པ་ཚར་གཅིག་བརྗོད། གཟུང་བ་དང་འཛིན་པའི་སེམས་མ་ཡིན་པ་བསམ་པ་རྣམ་པར་དག་པས། མཎྜལ་ལ་དེའི་དཀྱིལ་དུ་ཚོམ་བུ་གཅིག་བཞག་ནས། ཚོམ་བུ་དེ་ཉིད་གདན་སེང་གེ་བརྒྱད་ཁ་ཕྱིར་བསྟན་པའི་སྟེང་དུ་པདྨ་དང་ཉི་མ་ཟླ་བ་བསྒོམ། དེའི་སྟེང་དུ་རང་གི་རྩ་བའི་བླ་མ་རིན་པོ་ཆེ་ཀར་མ་པ་ལྟ་བུ་ཞིག་བཞུགས་པར་བསྒོམ། རིན་པོ་ཆེ་ལ་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཀྱིས་བསྐོར་བར་བསྒོམས་ལ། ཡིད་ཀྱིས་མཆོད་པ་བསམ་གྱིས་མི་ཁྱབ་པ་འབུལ། [260] དེ་ནས་མདུན་གྱི་ཚོམ་བུ་དེ་བཀོད་ལ། སེང་གེ་པད་གདན་ལ་སོགས་པ་གོང་ལྟར་བསྒོམས་ནས། ཡུམ་རྡོ་རྗེ་རྣལ་འབྱོར་མས་གཙོར་བྱས་པའི་གསང་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསམ་ལ། དེ་ལ་ཡང་གོང་ལྟར་དུ་མཆོད་པ་འབུལ། དེ་ནས་གཡས་ཕྱོགས་སུ་ཚོམ་བུ་གཅིག་བཀོད་ནས། གདན་གོང་དུ་བསྒོམ་པ་ལྟ་བུའི་སྟེང་དུ། བཅོམ་ལྡན་འདས་རྒྱལ་བ་་ཐུབ་པས་གཙོར་བྱས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པར་བསྒོམས་ལ། དེ་ལ་ཡང་མཆོད་པ་འབུལ། དེ་བཞིན་དུ་རྒྱབ་ཕྱོགས་དང་། གཡོན་གཉིས་སུ་ཡང་ཚོམ་བུ་རེ་བཀོད་ལ། དེ་གཉིས་ཀྱང་གོང་[261]ལྟ་བུའི་སྟེང་དུ་[262]ཐེག་པ་ཆེ་ཆུང་གི་ཆོས་དང་། བྱང་ཆུབ་[263]སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པ་བཞུགས་པར་བསམས་ལ། ཡིད་ཀྱིས་མཆོད་པ་རྣམ་པ་ལྔ་དབུལ་ཞིང་ངག་ཏུའང་། བླ་མ་དང་དཀོན་མཆོག་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་ལ་ལུས་ལོངས་སྤྱོད་འབྱོར་པ་ཅི་ཡོད་པ་ཐམས་ཅད་དབུལ་ལོ། །ཞེས་བརྗོད་ནས་དེ་ལྟར་དུ་མཎྜལ་ཡང་ཡང་དུ་དབུལ་[264]ཞིང་། །དེའི་རྗེས་[265]ལ་རིག་པ་གང་དུ་ཡང་མི་འཕྲོ་བར་ས་ལེ་སིང་ངེ་བའི་ངང་ལས། སྒྲ་ཐམས་
༢༣༦ ཅད་གྲགས་སྟོང་དབྱེར་མེད་ཆོས་ཀྱི་སྐུའི་ངང་དུ་བཞག །སེམས་ཀྱི་ངོ་བོ་གསལ་སྟོང་འཛིན་མེད་ཆོས་ཀྱི་སྐུའི་ངང་ལ་མཉམ་པར་བཞག་གོ། །དེ་ནི་མཎྜལ་དང་། གསལ་སྟོང་འཛིན་མེད་ལ་བརྟེན་ཏེ་ཚོགས་བསགས་པའི་གདམ་ངག་གོ། །དེ་ཡན་ཆད་སྔོན་དུ་འགྲོ་བའི་ཆོས་བཞིའི་མན་ངག་བསྡུས་པའོ། །ཆོས་ཐུན་གཉིས། ད་ནི་དངོས་གཞི་གནད་བཞིའི་མན་ངག་ཁྱད་པར་དུ་འཕགས་པ་སྟོན་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་དངོས་གཞི་བསྒོམ་པར་བྱ་བ་་གོང་ནས་བཤད་པ་ལྟར་གང་ཟག་བློ་དམན་པ་རྣམས་ལ་དགོས་སོ། དབང་པོ་འབྲིང་དང་རབ་ལ་དངོས་གཞིས་ཆོག་གོ །ལ་ལུས་ཀྱི་གནད་གལ་ཆེ་སྟེ། སློབ་དཔོན་ཆེན་པོ་ནཱ་རོ་པའི་ཞལ་ནས། ལུས་ཀྱི་གནས་ཐབས་བསྒོམ་པའི་གནད་[266]ཅེས་གསུངས་པས། ལུས་བཏང་སྙོམས་རྩོལ་སྒྲུབ་མེད་པ་སྐྱིལ་ཀྲུང་བཅའ། ངག་མ་བཅོས་པ་རང་སར་བཞག །ཚོགས་དྲུག་གི་སྣང་བ་དགག་བསྒྲུབ་མེད་པར་རང་ལམ་རང་ལུགས་ཆོས་ཀྱི་དབྱིངས་ཀྱི་ངང་ལ་མཉམ་པར་བཞག་ཅིང་ཡུན་རིང་དུ་གནས་པ་དང་རང་གྲོལ་དུ་གནས་པ་ནི་ལུས་ཀྱི་གནད་ཡིན་ཏེ། རིན་པོ་ཆེའི་ཞལ་ནས་འབྱུང་བཞི་ལུས་ཀྱི་འདུག་ཚུལ་ནི། བདེ་དང་ཡང་དང་ལྷོད་དང་གསུམ། །ཞེས་གསུངས་པས་ན། ལག་པ་ས་གནོན་གྱི་ཕྱག་རྒྱ་བཅས་ནས། སེམས་སེམས་ཉིད་ཀྱི་གཤིས། ཆོས་ཆོས་ཉིད་ཀྱི་དབྱིངས་རང་ལུགས་སུ་མཉམ་པར་བཞག་པ་ནི། བཅའ་བ་ལུས་ཀྱི་གནད་དོ། །ད་ནི་བླ་མའི་རྣལ་འབྱོར་བསྒོམ་པ་མོས་གུས་ཀྱི་གནད་ནི། ལུས་གནད་[267]གོང་ལྟར་བྱས་ནས། རང་གི་སྤྱི་བོའི་སྟེང་དུ་པདྨ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ། རྩ་བའི་བླ་མ་དང་ཐ་དད་མེད་པའི་དཔལ་རྡོ་རྗེ་འཆང་སྐུ་མདོག་ཤིན་ཏུ་སྔོ་བ། ཞལ་གཅིག་ཕྱག་གཉིས་པ། ཞབས་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཕྱགས་གནོན་གྱི་ཕྱག་རྒྱ་མཛད་ཅིང་སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེ་ལྟ་བུ་བསྒོམ་པར་གསུངས་ཏེ།
༢༣༧ བླ་མ་དཔལ་ལྡན་རྡོ་རྗེ་འཆང་། རྡོ་རྗེ་འཆང་དུ་བསྒོམ་པའི་ལུགས་སོ། །ཞེས་གསུངས་སོ། །ཡང་དེ་ལྟར་བཞུགས་པ་དེ་ཉིད་ལ་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་བསྒོམ་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ངོ་བོ་དཔལ་རྡོ་རྗེ་འཆང་བཀའ་བརྒྱུད་ཀྱི་ཚོགས་ཀྱིས་བསྐོར་བ་རྣམས་ལ་སྐྱབས་སུ་མཆིའོ། །བདག་གི་ལུས་ངག་ཡིད་གསུམ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། གསོལ་བ་གདབ་སྟེ། ཞེས་གསོལ་བ་བཏབ་པས་བཀའ་བརྒྱུད་བླ་མ་ཐམས་ཅད་དཔལ་རྡོ་རྗེ་འཆང་ལ་ཐིམ། རྡོ་རྗེ་འཆང་ཉིད་འོད་དུ་ཞུ་ནས་བདག་གི་སྤྱི་བོ་ཚངས་པའི་བུག་ནས་མར་བྱུང་བས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་ཉིད་ལ་བྱོན་པར་བསམ་ཞིང་། ཡང་ཡང་དེ་ལྟར་བསྒོམས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་གསུངས་ཏེ། བླ་མ་རིན་པོ་ཆེའི་ཞལ་ནས། བླ་མའི་རྣལ་འབྱོར་གོམས་གྱུར་ན། སྐྱོན་དག་ཡོན་ཏན་རྫོགས་པར་འགྱུར། །ཞེས་གསུངས་པས། བླ་མའི་རྣལ་འབྱོར་བསྒོམ་པ་གལ་ཆེ་སྟེ། དེ་ཡང་ཀྱེའི་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། གང་དུ་ཡང་ནི་མི་རྙེད་དེ། བླ་མའི་དུས་ཐབས་བསྟེན་པ་དང་། བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པས་ན། བླ་མའི་རྣལ་འབྱོར་བསྒོམ་དགོས་པ་ཡིན་ཏེ། དེ་ཡང་བླ་མའི་གཟུགས་སུ་མི་བསྒོམ་ཞིང་། བླ་མ་དཔལ་ལྡན་རྡོ་རྗེ་འཆང་དུ་བསྒོམ་པ་འཐད་དེ། ནཱ་རོ་པའི་ཞལ་ནས། ཡོན་ཏན་ཀུན་གྱི་གཏེར་མཛོད་བླ་མ་སྟེ། ཆོས་རྣམས་ཀུན་གྱི་རྩ་བ་བླ་མ་ཡིན། བླ་མ་མིའི་གཟུགས་སུ་བསྒོམ་ན་དཔེར་ན་རང་གི་བླ་མ་དེ་ལ་ཕྱིར་མི་ཚོར་བའི་སྐྱོན་ཡོད་པར་གྱུར་ན་སྐྱོན་དེ་འབྱུང་བས་མི་གཟུགས་སུ་མི་བསྒོམ་པར་བླ་མ་དཔལ་ལྡན་རྡོ་རྗེ་འཆང་དུ་བསྒོམ་ན་སྐྱོན་མི་འབྱུང་བར་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བས་རྡོ་རྗེ་འཆང་དུ་བསྒོམ་མོ། །ཞེས་པའི་ཕྱིར་ན་རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོ་དཔལ་རྡོ་རྗེ་འཆང་
༢༣༨ དུ་བསྒོམ་པ་ནི། བླ་མའི་རྣལ་འབྱོར་བསྒོམ་པ་མོས་གུས་ཀྱི་གནད་དོ། །ཆོས་ཐུན་༣་ད་ནི་སྲོག་རྩོལ་རླུང་གི་གནད་སྟོན་ཏེ། དེ་ཡང་རླུང་གི་གནད་ནི། སེམས་ཅན་ཐམས་ཅད་རླུང་གི་རང་བཞིན་གནས་པས་ན། རླུང་ལོག་ན་གེགས་སྣ་ཚོགས་འབྱུང་བར་གསུངས་ཏེ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། ཅེས་པས་ཤིན་ཏུ་གནད་ཆེ་བ་ཡིན་ནོ། །རླུང་འདི་ཉིད་བསྒོམ་པ་ནི། ལུས་ཀྱི་གནད་གོང་ལྟར་བྱས་ནས། དང་པོར་རླུང་ཐེངས་གསུམ་ཕྱིར་བུས་པས། གཟུང་བ་དང་འཛིན་པ་ནད་དང་གནོད་པ་ལ་སོགས་པ་ཐམས་ཅད་ཕྱིར་སངས་ཀྱིས་སོང་བར་བསམ་ཞིང་། དེ་ནས་རླུང་བཟུང་སྟེ། རླུང་གའུ་ཁ་སྦྱོར་དུ་བྱ་ཞིང་འཛིན་པའི་དུས་སུ་མཆིལ་མ་ཞིག་མིད་[268]པ་དང་དུས་མཉམ་པོར་རླུང་བཟུང་ནས་ཡུན་རིང་དུ་བསྒོམ་དགོས་པ་ཡིན་ཏེ། དེ་ལྟར་སྒྱུ་མ་ཆེན་པོ་ལས། སྲོག་དང་རྩོལ་བ་འབད་ནས་སུ། རྣལ་འབྱོར་པས་ནི་དབུགས་རྔུབས་སྟེང་རླུང་མནན་ཞིང་འོག་རླུང་འཐེན། བྱ། ཞེས་གསུངས་པས། རླུང་བཟུང་ཞིང་བླ་མའི་རྣལ་འབྱོར་དང་མ་བྲལ་བར་བརྩོན་འགྲུས་དྲག་པོས་བསྒོམ་པ་ཤིན་ཏུ་གནད་ཆེ་བ་ཡིན་ཏེ། རྗེ་བཙུན་ཆེན་པོ་ཏེ་ལོ་པའི་ཞལ་ནས། རླུང་གི་གནད་བཟུང་རིགས་པ་བཅུད་ལ་བོར། ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ཡིས། རིག་པ་དང་ལ་མི་གནས། ཤིན་ཏུ་འབད་དགོས་པའི་ཚིག་ཡིན། བར་དུ་བཅུན། ཞེས་གསུངས་པས་རླུང་བཟུང་ཞིང་རིག་པ་གསལ་སྟོང་འཛིན་མེད། འོད་གསལ་བའི་ངང་དུ་མ་ཡེངས་པར་བཞག་ཅིང་རླུང་གཏོར་བའི་དུས་སུ་སྣ་བུག་ནས་དལ་གྱིས་བཏང་ཞིང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་བསམ་པ་ནི། དཔེར་ན་སྣོད་སྤྱད་ངན་པ་འཁྲུད་པ་དང་འདྲ་བས། གོང་དུ་བརྗོད་པ་དེ་བཞིན་དུ་གཟུང་འཛིན་ལ་སོགས་པ་ཐམས་ཅད་སངས་ཀྱིས་དག་པར་བསྒོམ་པ་ནི། སྲོག་རྩོལ་རླུང་གི་གནད་ཡིན་ནོ། །ཆོས་ཐུན་བཞི། ད་ནི་རྩོལ་བ་ལུས་སྦྱོང་གི་གནད་སྟོན་ཏེ། ལུས་ཀྱི་སྒྲིབ་པ་སྦྱོང་བར་བྱེད་པའི་གཟུང་འཛིན་སྡིག་སྒྲིབ་ནད་གདོན་འཁྲུད་པ།
༢༣༩ ཆེད་དུ་ལུས་སྦྱོང་སུམ་ཅུ་རྩ་བདུན་པ་བྱེད་པ་ནི་སྲོག་རྩོལ། རླུང་གི་གནད་རྫོགས་པར་བྱ་ཞིང་། དེའི་ངང་ལས་སྣ་བུག་གི་རླུང་ཐེངས་གསུམ་ཕྱིར་བུས་ཏེ། དེ་ནས་རླུང་བཟུང་ནས་ལག་པ་གཉིས་ས་གནོན་གྱི་ཕྱག་རྒྱ་བྱས་ལ། གཡས་གཡོན་དུ་ཐེངས་གསུམ་གསུམ་བསྐོར་བས་དྲུག །དེ་ནས་པུས་མོ་གཡས་པ་ལ་འཇུས་ནས། གཡས་གཡོན་གཉིས་སུ་ཐེངས་[269]གསུམ་བསྐོར་བས་བཅུ་གཉིས། ཡང་པུས་མོ་གཡོན་པ་ལ་འཇུས་ནས། གཡས་གཡོན་གཉིས་སུ་གསུམ་གསུམ་བསྐོར་བས་བཅོ་བརྒྱད། དེ་ནས་ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་མནན་ཏེ། ཁུ་ཚུར་བཅངས་ནས་ཞགས་པ་འཕེན་པའི་སྟངས་གཡས་གཡོན་གྱིས་ལན་གསུམ་གསུམ་བྱས་པའི་ཉི་ཤུ་རྩ་བཞི། དེ་ནས་རྩལ་པོ་ཆེ་མདའ་འགེངས་པ་ལྟར། གཡས་གཡོན་དུ་ལན་གསུམ་གསུམ་བྱས་པས་སུམ་ཅུ་ཐམ་པ། དེ་ནས་རྩ་མདུད་གྲོལ་བར་བྱ་བའི་ཆེད་དུ། ལག་པའི་ནང་ཕྱོགས་གཉིས་ལ་ཡང་ཡར་བྱུག་མར་བྱུག་ལན་གསུམ་གསུམ་བྱས་པས་སུམ་ཅུ་རྩ་དྲུག །དེ་ནས་རླུང་རོ་བསལ་བར་བྱ་བའི་ཆེད་དུ། རོ་སྟོད་རྟ་མགྲེ་མོ་བྱས་ནས་སྤྲུག་པ་ལྟར་སི་ལི་ལི་སྤྲུག་པས་སུམ་ཅུ་རྩ་བདུན་ནོ། །དེ་ལྟར་བརྒྱའམ་ཅི་ནུས་ཀྱིས་སྟོང་ལ་སོགས་པ་བྱས་ནས་ཐང་ཆད་པའི་དུས་སུ་རིག་པ་གང་དུ་ཡང་མི་འཕྲོ་བར་སལ་ལེ་སིང་ངེ་བའི་ངང་ལ་མཉམ་པར་བཞག་ཅིང་། དེ་ལྟར་དུ་དབང་པོ་རབ་ལུས་སྦྱོང་ཚར་གཅིག་གི་ནང་དུ། འཛིན་སེམས་དྭངས་ཤིང་ཆོས་ཐམས་ཅད་ཆོས་ཀྱི་སྐུར་ཤེས་པ་དང་། དབང་པོ་འབྲིང་ཟླ་བ་དྲུག་གམ། ལོ་དྲུག་ལ་སོགས་པས་ཆོས་ཀྱི་སྐུ་རྟོགས་པ་དང་། དབང་པོ་ཐ་མ་ཡང་མི་ཚེ་གཅིག་གིས་སངས་རྒྱས་པར་གསུངས་ཏེ། དེ་ཡང་ནཱ་རོ་པའི་ཞལ་ནས། ཟླ་དྲུག་བསྒོམས་པས་རླུང་དྲུག་ཟིན། །གྲངས་མེད་གསུམ་གྱི་ས་ལམ་དེ། །སྐད་ཅིག་སུམ་ཅུ་རྩ་བདུན་ལ། །དེ་ཉིད་རྟོགས་པའི་ཡེ་ཤེས་རྙེད། །ཅེས་གསུངས་པས། མཚན་ཉིད་པས་བསྐལ་པ་གྲངས་
༢༤༠ མེད་པ་གསུམ་དུ་ཚོགས་བསགས་ནས་སངས་རྒྱས་འདོད་པའི་ཐང་དུ། འདིར་སྐད་ཅིག་མ་སུམ་ཅུ་རྩ་བདུན་ལ་སངས་རྒྱས་པར་འདོད་པ་ཡིན་པས་ལུས་སྦྱོང་བྱ་ཞིང་། ཕྱག་རྒྱ་ཆེན་པོ་རྒྱུན་ཆད་མེད་པར་བསྒོམ་པར་བྱ། དེ་ནི་རྩོལ་བ་ལུས་སྦྱོང་[270]གི་གནད་དོ། འདི་ཡན་ཆོད་དབང་པོ་འབྲིང་བསོད་ནམས་ཀྱི་གིའོ། །ད་ནི་གནད་བཞི་བསྒོམ་པར་བྱ་བའི་རྩ་བ་གཏུམ་མོ་ཡིན་ཏེ། གོང་གི་རྣམས་ཡིན། གནད་གཞི་དང་སྔོན་འགྲོ་ལ་སོགས་སྔོན་དུ་སོང་ནས། ད་ནི་གཏུམ་མོ་ཉམས་སུ་བླང་སྟེ། དེ་ཡང་བསྒོམ་པའི་དུས་སུ། དང་པོར་བཅའ་བ་ལུས་ཀྱི་གནད་[271]བྱ་སྟེ། བླ་མའི་རྣལ་འབྱོར་བསྒོམས་ནས་གོང་གི་རྣམས་ཡིན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། ཆོས་ཐམས་ཅད་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ། །དེའི་ངང་ལས་པདྨ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་བདག་ཉིད་ཀྱི་རྣམ་པར་ཤེས་པ་ཡི་གེ་བམ་ཞིག་བསྒོམ་ཞིང་། དེ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་མ་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས་པ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་སིལ་བུར་ཡོད་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ་དེ་ལྟ་བུའི་ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོན་མོ། ལྷོ་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་པདྨ་མཁའ་འགྲོ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་ཁུ་བསྐྱེད་ལ། ད་ལྟར་དུ་བསྒོམས་པའི་ལྟེ་བར་ཡི་གེ་རམ་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མེ་མཚན་ཉིད་བཞི་ལྡན་ཅིག་བསྒོམས་ནས། མེ་དེ་ཇེ་ཆེར་སོང་བས་དབུ་མའི་ནང་དང་། རོ་རྐྱང་[272]གཉིས་ཀྱི་རྩའི་ནང་དུ་སོང་བས་ལུས་ཐམས་ཅད་ཡེ་ཤེས་ཀྱི་མེར་གྱུར་བར་བསྒོམ་ཞིང་ཡུན་རིང་དུ་སྐེད་པ་གཡས་བསྐོར་གཡོན་བསྐོར་དུ་བྱ་ཞིང་བསྒོམས་པས་དྲོད་ཆེན་པོ་རབ་ཞག་ཅིག །འབྲིང་གསུམ། ཐ་མ་ཡང་ཞག་བདུན་ན་སྐྱེ་ཞིང་། ཅི་ལྟར་དེ་ནས་ཐ་མར་གྱུར་ནའང་ཞག་ཉི་ཤུ་རྩ་གཅིག་གིས་དྲོད་སྐྱེ་བ་ཡིན་ནོ། །བསྒོམ་པའི་དུས་སུ་རྡུལ་ན་དྲོད་མི་སྐྱེ་བས། རྡུལ་སྐེམས་པའི་གདམས་ངག་ནི། གོང་དུ་བཤད་པ་བཞིན་ལུས་
༢༤༡ སྦྱོང་སུམ་ཅུ་རྩ་བདུན་པ་བྱ་ཞིང་བསྒོམ་མོ། །དེས་ནི་དྲོད་སྐྱེ་བ་མྱུར་ཞིང་རྡུལ་སྐེམས་སོ། །དེ་ནི་ཉམས་སུ་བླང་བའི་མཐིལ་པོ་གཏུམ་མོ་ཡིན་ནོ།[273] ད་ནི་སྐུ་གསུམ་[274]ངོ་སྤྲོད་ཚུལ་སྟོན་ཏེ། ཐོགས་མར་སྤྲུལ་པའི་སྐུ་ངོ་སྤྲད་པ་ནི། བདག་ཉིད་པདྨ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་རྒྱལ་བ་་ཐུབ་པ་སྐུ་མདོག་སེར་པོ་ཆོས་གོས་གསུམ་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དེ་ལྟ་བུར་རང་ཉིད་གསལ་བར་བསྒོམ་ཞིང་དེའི་སྐུའི་དཀྱིལ་འཁོར་ལས། སངས་རྒྱས་སྟོང་རྩ་གཉིས་ལ་སོགས་པ་སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པ་འོད་ཟེར་གྱི་ཚུལ་དུ་སྤྲོས་པས་ཕྱི་སྣོད་དང་ནང་བཅུད་མ་ལུས་པ་ཐམས་ཅད་སངས་རྒྱས་སྤྲུལ་པའི་སྐུར་གྱུར་པར་བསྒོམ་ཞིང་། དེའི་ངང་ལས་གོང་དུ་སྲོག་རྩོལ་རླུང་གི་གནད་ནས་བསྟན་པ་ལྟར། རླུང་གཅིག་ཚུལ་བཟུང་བ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་ཤེས་པ་སྤྲུལ་པའི་སྐུ་་ཐུབ་པའི་ངོ་བོར་འུབ་ཀྱིས་ཚུར་འདུས་ནས། རང་གི་སྣ་དང་བ་སྤུའི་རྩ་བ་ཐམས་ཅད་ལ་ཐིམ་པར་བསམ་ཞིང་། ཤེས་པ་ལྟེ་བའི་དབུས་ཙམ་དུ་གཏད་ནས། སེམས་ཅན་ཐམས་ཅད་སྤྲུལ་སྐུའི་ངོ་བོར་ཁ་བ་བབ་པའི་ཚུལ་དུ་ཐིམ་པར་བསྒོམ་ཞིང་སྟོང་པ་སྙིང་རྗེ་དབྱེར་མེད་དང་མ་བྲལ་བར་བརྟན་པར་བྱ། དེ་ལྟར་དུ་བསྒོམས་པས་ཆོས་ཐམས་ཅད་སྤྲུལ་པའི་སྐུར་རྟོགས་ཤིང་། རང་ཉིད་ཀྱང་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱར་འགྲོ་བའི་དོན་ནུས་པ་འབྱུང་བར་གསུངས་པའི་ཕྱིར་ན། སྤྲུལ་པའི་སྐུའི་སྤྲོ་བསྡུའི་དམིགས་པ་ཡང་ཡང་བསྒོམ་ཞིང་བརྟན་པར་ཐོབ་པར་བྱས་ན། བདག་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་སྤྲུལ་པའི་སྐུ་ཡེ་གདོད་མ་ནས་ཀྱང་ཡིན་ལ་བསྒོམ་པའི་གནད་ཀྱིས་
༢༤༢ ཀྱང་སྤྲུལ་པའི་སྐུར་འབྱུང་བར་གསུངས་ཏེ། གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །སྐྱེ་མཆེད་ཁམས་དང་དབང་པོ་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག། ཅེས་གསུངས་པའི་ཕྱིར་ན། དབུགས་ཚུལ་ལ་རྔུབ་པའི་དུས་སུ་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རང་ལ་ཚུར་འདུས་པར་བསྒོམ་ཞིང་སེམས་ཅན་ཐམས་ཅད་ཀྱང་སྤྲུལ་པའི་སྐུའི་ངོ་བོར་གྱུར་ནས་ཚུར་འདུས་པར་བསྒོམ། རླུང་ཕྱིར་གཏོང་བའི་དུས་སུ་སྲོག་རྩོལ་རླུང་གི་གནད་ནས་བཤད་པ་ལྟར་གཟུང་འཛིན་ལ་སོགས་པ་ཐམས་ཅད་དག་པར་བསྒོམ་ཞིང་། དེ་ལྟར་དུ་བསྒོམ་པ་ནི། སུ་ལ་ཧ་རིའི་འོག་ཁང་དུ་སྤྲུལ་སྐུ་ཐོགས་མེད་ཆར་རྒྱུན་འབེབས་བྱ་བའི་དོན་ནོ། །ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་ངོ་སྤྲོད་པའི་གདམ་ངག་སྟོན་ཏེ། ལུས་ཀྱི་གནད་དང་སེམས་བསྐྱེད་ལ་སོགས་པ་སྔོན་དུ་སོང་བས། རང་གི་སྤྱི་བོའི་སྟེང་དུ་པདྨ་དང་ཉི་མ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བཅོམ་ལྡན་འདས་ཐུགས་་ཆོས་ཐུན་བདུན་ནོ། །རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དཀར་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་ཞིང་། གཡས་ཀྱི་འོག་མ་ན་མུ་ཏིག་གི་ཕྲེང་བ་འདྲེན་པ། གཡོན་གྱི་འོག་མ་པདྨ་བསྣམས་པ། ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་ལྟ་བུ་ཅིག་ཏུ་ཝལ་གྱིས་བསྒོམས་ནས། སྲོག་རྩོལ་རླུང་གི་གནད་ལྟར། རླུང་གཅིག་ཚུར་རྔུབས་པས་སེམས་ཅན་ཐམས་ཅད་ཀྱང་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་གྱུར་ནས། སྣ་བུག་དང་བ་སྤུའི་བུ་ག་ཐམས་ཅད་དུ་སིབ་ཀྱིས་གང་བར་བསྒོམ་ཞིང་རླུང་ཕྱིར་བུས་པས། འོད་ཟེར་ཁ་དོག་ལྔའི་རང་བཞིན་དུ་འཕྲོས་པས། འགྲོ་བ་རིགས་དྲུག་བར་དོ་དང་བཅས་པ་ཐམས་ཅད། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའ་ངོ་བོར་གྱུར་པར་བསྒོམ་ཞིང་། སྤྲོ་བསྡུའི་དམིགས་པ་བྱ་ཞིང་བསྒོམ་མོ། །དེ་ལྟར་
༢༤༣ དུ་བསྒོམས་པས་ཆོས་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུར་རྟོགས་ཤིང་། ཡོན་ཏན་དཔག་ཏུ་མེད་པ་འབྱུང་སྟེ། ལོངས་སྤྱོད་རྫོགས་པ་སྐུའི་ཚོགས་མཐོང་བ་དང་རང་ཉིད་ཀྱིས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་ནུས་པ་འབྱུང་བར་གསུངས་པའི་ཕྱིར་ན། །བརྩོན་འགྲུས་བསམ་གྱིས་མི་ཁྱབ་པས་ཡང་ཡང་དུ་བསྒོམ་ཞིང་རྩལ་རྫོགས་པར་བྱའོ། །དེ་ཡན་ཆོད་ནི་དམིགས་པ་དང་བཅས་ཏེ། དབང་པོ་འབྲིང་དང་ཐ་མར་གྱུར་པའི་གདམས་ངག །མིང་བརྗོད་བྱ། སུ་ལ་ཧ་རིའི་བར་ཁང་དུ། །ལོངས་སྤྱོད་རྫོགས་སྐུ་བརྡ་ཡིས་མཚོན། །ཅེས་པའི་དོན་ཡིན་ནོ།[275] །སྤྱིར་ནི་ཆོས་ཀྱི་ངོ་བོ་ཉམས་སུ་ལེན་པའི་གདམས་ངག་ཐམས་ཅད་ཀྱི་དངོས་གཞི་ནི། ཆོས་ཀྱི་སྐུ་ངོ་སྤྲད་པ་དང་། །སེམས་མ་བཅོས་པ་རང་སར་གནས་པའི་གནད་དང་གཉིས་པོ་ཤིན་ཏུ་གལ་ཆེ་བས། ཡང་ཡང་དུ་བསྒོམ་ཞིང་རྩལ་རྫོགས་པར་བྱས་ན་སྐད་ཅིག་ཉིད་ལ་སངས་རྒྱས་པར་འགྱུར་རོ། །འདི་ནི་ཆོས་ཐམས་ཅད་ཀྱི་སྤྱི་སྒོམ་ཡིན་ཏེ། དམིགས་བཅས་ཀུན་ལ་མི་ཐེ་ཞིང་། དམིགས་མེད་ཡིན་པར་ཤེས་པར་བྱའོ། །ད་ནི་དབང་པོ་ཡང་རབ་གྲོལ་བར་བྱེད་པའི་གདམས་ངག །ཆོས་སྐུའི་ངོ་སྤྲོད་སྟོན་ཏེ་དེ་ཡང་ཆོས་ཀྱི་སྐུ་བསྒོམ་པ་ཡིན། སྤྱིར་ནི་ཆོས་ཀྱི་སྐུ་ལ་འདི་ཡིན་འདི་མིན་དང་། བསྟན་རྒྱུ་ཡོད་པ་མ་ཡིན་པར་གསུངས་ཏེ། ཏེ་ལོ་པའི་ཞལ་ནས། ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་། །དཔེར་ན་ནམ་མཁའ་གང་གིས་གང་ལ་བརྟེན། །དེ་བཞིན་རང་སེམས་ཕྱག་རྒྱ་ཆེ་ལ་བརྟེན་ཡུལ་མེད། །མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །ཞེས་གསུངས་ཀྱང་། འདིར་ཀུན་རྫོབ་ཙམ་དུ་ངོ་སྤྲོད་པ་ཡིན་ཏེ། དེ་ཡང་ཆོས་ཀྱི་སྐུ་ཞེས་བྱ་བ་ནི། གང་ནས་ཀྱང་[276]མ་འོངས། གང་དུ་ཡང་མི་འགྲོ། འདུས་མ་བྱས། ལྷུན་གྱིས་གྲུབ་པའི་ཆོས་ཅན་ཡིན་
༢༤༤ པས། འདིར་དཔེ་ནམ་མཁའ་ལ་འཇོག་ཏེ། ནམ་མཁའ་ལ་ནི་མུ་མེད་མཐའ་མེད་གང་ལ་ཡང་མ་བརྟེན། མི་འགྱུར་བའི་ཆོས་ཅན་ཡིན་པས། ཆོས་ཀྱི་སྐུ་ཞེས་བརྗོད་དེ། དེ་ཡང་ཏེ་ལོ་པའི་ཞལ་ནས། དཔེར་ན་ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། དེ་བཞིན་སེམས་ཀྱིས་སེམས་ལ་བལྟས་བྱས་ན། །རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ། །ཅེས་གསུངས་པ་ཡང་འདི་ལ་དགོངས་པ་ཡང་ཡིན་ཏེ། རི་ཁྲོད་དབེན་པར་བསྒོམ་ཞིང་སེམས་གང་དུ་ཡང་མི་འཕྲོ་བར། དམིགས་པ་གཟུང་བའི་རྟེན་ཅིག་བཞག་སྟེ་བསྒོམ་པས། རིག་པ་དེ་གང་དུ་ཡང་མི་འཕྲོ་བར་གནས་ཙམ་ན། ནམ་མཁའི་དབྱིངས་སུ་བལྟས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གོ་བ་ཞིག་འབྱུང་། དེ་ལྟར་རྟོགས་པའི་དུས་སུ། རིག་པ་མི་འཕྲོ་བར་སལ་ལ་སེང་ངེ་བའི་ངང་ལ་མཉམ་པར་བཞག་པས་ཆོས་ཐམས་ཅད་སེམས་ཉིད་དུ་ཤེས་པ་ཞིག་འབྱུང་། དེའི་དུས་སུ་སེམས་ཉིད་དེ་ཉིད་ཀྱང་མི་དམིགས་པའི་ངང་ལ་བཞག་གོ། དེ་ནི་ཆོས་ཀྱི་སྐུར་ངོ་སྤྲོད་པའི་གདམས་ངག་གོ། དེ་ནི་སེམས་མ་བཅོས་པར་གནས་པའི་གནད་སྟོན་པ་ཡིན་ཏེ། དེ་ཡང་དོན་དམ་པར་ནི་སེམས་མ་བཅོས་པ་ཞེས་བྱ་བ་ཡང་། ཕྱག་རྒྱ་ཆེན་པོ་ལ་ཟེར་བ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ལ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ། ཆོས་ལ་སོགས་པ་ཐམས་ཅད་ཡོད་ཅིང་གྲུབ་པ་མེད་པ་སྟེ། དེ་ཡང་དགྱེས་པའི་རྡོ་རྗེ་ལས། །ངོ་བོ་གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་བཤད་དོ། །དེ་བཞིན་དུ་ཡེ་རང་མེད་ཅེས་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན་ཞིང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱས་ཡང་མ་ཡིན་པར་མཐའ་ཐམས་ཅད་དང་བྲལ་བའི་ངང་ནས་སྟོང་པ་ཞིག་ཡིན་ཏེ།
༢༤༥ འཕགས་པ་སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་གསུངས་སོ། །དེ་ལྟར་ན་ཕྱག་རྒྱ་ཆེན་པོ་འདི་ཉིད་ཡོངས་སུ་མེད་ཅིང་བསྒོམ་དུ་མེད་པ། དགག་ཏུ་མེད་ཅིང་བསྒྲུབ་ཏུ་མེད་པའི་ཕྱིར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡིན་ཏེ། །ཡང་སྡུད་པ་ལས། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །ཅེས་གསུངས་སོ། །བསྒོམ་པ་ཞེས་བྱ་བ་ཡང་མ་གྲུབ། སྒོམ་པ་པོ་ཞེས་བྱ་བ་ཡང་མ་གྲུབ། ལྷ་ཞེས་བྱ་བ་ཡང་མ་གྲུབ། དེ་དང་འབྲེལ་བའི་སྔགས་ཀྱང་མ་གྲུབ་པར་གསུངས་ཏེ། དེ་ཡང་དགྱེས་པ་རྡོ་རྗེ་ལས། བསྒོམ་མེད་སྒོམ་པ་པོ་ཡ༷ང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན། དེ་རྣམས་ཕྱག་རྒྱ་ཆེན་པོ་རྟོགས་པ་རབ་འབྱམས་རང་བྱུང་ཡེ་ཤེས་ཉམས་སུ་བླང་བའི་རིམ་པ། རང་བྱུང་རྡོ་རྗེས་མཛད་པའོ། །མན་ངག་འདི་ནི་ཆོས་རྗེ་རང་བྱུང་རྡོ་རྗེས་སྤྲེའུ་ལོ་ཟླ་བ་བཞི་པ་ལ་མཛད་པའོ། །། །དགེའོ། །། །

༄༅། །ཆོས་སྐྱོང་བྲག་ལྷ་མགོན་པོའི་རྗེས་གནང་བགེགས་དཔུང་འཇོམས་བྱེད་བཞུགས་སོ། །

XXX ཆོས་སྐྱོང་བྲག་ལྷ་མགོན་པོའི་རྗེས་གནང་བགེགས་དཔུང་འཇོམས་བྱེད་བཞུགས་སོ། །
XXX སྐྱབས་མཆོག་འདྲེན་པ་མཚུངས་མེད་འགྲོ་བའི་མགོན། །བདེ་ཆེན་ཐར་ལམ་འགྲོ་བ་འདྲེན་མཛད་པ། །ཡེ་ཤེས་ཆེན་པོའི་འོད་ཟེར་འཕྲོ་བ་ཡི། །བྱང་ཆུབ་སེམས་ལྡན་སྤྱན་རས་གཟིགས་དབང་འདུད། །དེ་ཉིད་ལས་བྱུང་བྱང་ཆུབ་ལམ་རིམ་གྱི། །མན་ངག་རྒྱ་མཚོའི་ཁྲིད་ཀྱི་རིམ་པ་ལས། །ལྷ་ཚོགས་དྲུག་ཏུ་གྲགས་པའི་ཁྲིད་རིམ་འདི། །མ་འཆུག་ཡི་གེར་བཀོད་པ་བླ་མ་མཆོག །གྷིར་ཏི་རཏྣའི་དྲུང་དུ་བུདྡྷཱ་ཤྲིས། །ལེགས་པར་གསོལ་བཏབ་ཁྲིད་ཁ་དྲུག་ཏུ་བཀོད། །དེ་ཡི་བཀའ་སྲུང་བྲག་མགོན་རྗེས་གནང་འདི། །མང་ཐོས་བཤེས་གཉེན་སངས་འོད་པ་ཡིས་བསྐུལ། །དེ་ཕྱིར་འགའ་ལ་ཕན་ཕྱིར་འདིར་བཀོད་བྱ། །དཔལ་ལྡན་མགོན་པོ་ལྷ་ཆེན་མཐུ་རྩལ་ཅན། །དམར་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །མཆེ་བཞི་རབ་གཙིགས་ཞལ་གདངས་ལྗགས་འདྲིལ་བ། །དབུ་སྐྲ་གྱེན་བརྗེས་ཐོད་སྐམ་ལྔ་ཡིས་བརྒྱན། །ཕྱག་གཡས་བིང་ཆེན་གཡོན་པས་སྤར་བུ་བསྣམས། །ཐོད་རློན་ལྔ་བཅུས་དོ་ཤལ་སྟག་ཤམ་མཛེས། །ཞབས་གཉིས་བརྐྱང་བསྐུམ་དར་ནག་འཇོལ་བེར་གསོལ། །རབ་ཏུ་བརྗིད་པའི་གད་མོ་འབྲུག་ལྟར་སྒྲོགས། །བསྟན་པའི་གནོད་བྱེད་ཐལ་བར་བརླག་མཛད་པ། །དཔལ་ལྡན་བྲག་མགོན་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ཡང་འདིར་སྤྱན་རས་གཟིགས་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་སྲུང་ཆོས་སྐྱོང་བྲག་ལྷ་མགོན་པོའི་རྗེས་གནང་བྱ་བའི་ཐབས་ལ་དོན་བཞི་སྟེ། བཀོད་པ་བཤམས་དང་སྔོན་དུ་འགྲོ། །དངོས་གཞི་རྗེས་དང་བཞི་རུ་དབྱེ། །དང་པོ་ལ་གཉིས། བཀོད་པ་བཤམས་པ་དང༌། སྔོན་དུ་འགྲོ་བའོ། །དང་པོ་ནི། སའི་སྟེགས་མདའ་གང་གྲུ་བཞི་པ་བྱས་པ། མི་རྟ་ཁྱི་གསུམ་གྱི་ཁྲག་གིས་ཆག་ཆག་གདབ། དེའི་སྟེང་དུ་གྲུ་གསུམ་མཐིང་ནག་རྡོ་རྗེ་མེ་རི་དང་བཅས་པ་བྲི། དེའི་དབུས་སུ། མགོན་པོའི་སྐུའམ། ཡང་ན་སྙིང་ཁར་ཧཱུྃ་དམར་ནག་བཞེངས། དེའི་ཁང་མཉྫིའི་སྟེང་དུ་མགོན་པོའི་གཏོར་མ་ཟུར་གསུམ་པ་བཤམས་ལ་ཤ་ཁྲག་གིས་ལེགས་པར་བརྒྱན་ཏེ། མདའ་དར་དམར་ནག་བཙུགས་པ། མཐའ་མཆོད་གཏོར་གྱིས་བསྐོར། ལས་བུམ་ལ་སྨན་ལྔ་དྲི་ལྔ་ལ་སོགས་པ་བཏབ་ལ་བཤམས། ཨ་མྲྀ་ཏ་དང་བདུད་རྩི་འཁྱིལ་བ་བཟླས་ལ་བཞག །གཞི་གཏོར་དང་བགེགས་གཏོར་བཤམས་ལ། རྡོ་རྗེ་སློབ་དཔོན་སྟན་བདེ་བ་ལ་འདུག་
XXX གོ །གཉིས་པ་ལ་གཉིས། དང་པོ་ནི། མཆོད་གཏོར་རྣམས་ཡཀྵས་བསངས། སྐྱབས་འགྲོ་སེམས་བསྐྱེད་དང༌། ཡི་དམ་གྱི་བསྐྱེད་རིམ་བརྟན་པར་བྱས་ལ། གཞི་གཏོར་བཏང་ཞིང་བཀའ་བསྒོ་བྱའོ། །བགེགས་གཏོར་ནི། དགུག་གཞུག་བྱས་ལ། བདེན་སྟོབས་བརྗོད་ཅིང་ཨཱ་ཀཱ་རོས་བསྔོ། སུམ་བྷ་ནིས་བསྐྲད་ལ། ཡི་དམ་གྱི་བསྐྱེད་རིམ་བརྟན་པར་བྱས་ལ་སྲུང་འཁོར་ཕུབ། གཉིས་པ་ལ་བཞི། དང་པོ་ནི། བདག་བསྐྱེད་མངོན་རྟོགས་ལྟར་བསྐྱེད་པ་གསུམ། གཉིས་པ་མདུན་བསྐྱེད་གཏོར་མ་དང་དཀྱིལ་འཁོར་གཉིས་མེད་དུ་བྱས་ལ། བདག་བསྐྱེད་ཇི་ལྟ་བ་བཞིན་ནོ། །གསུམ་པ་བུམ་བསྐྱེད་ནི། ལས་བུམ་ལ་བགེགས་གཏོར་བྱེད་བསྐྱེད་ལ། ཡེ་ཤེས་པ་དགུག་ཅིང་དབང་བསྐུར་བ་དང་རྒྱས་གདབ་བོ། །དེ་ནས་རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཁ་ནས། སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཞིང་སོང་བས་བགེགས་མཐར་བྱེད་ཀྱི་ཞལ་དུ་ཕོག་པས། སྔགས་སྒྲ་སྒྲོགས་ཤིང་སྔགས་ཀྱི་འོད་ཟེར་ལས་བདུད་རྩིའི་རྒྱུན་བབས་པས། བུམ་པ་གང་བར་བསམ་ལ། ཨོཾ་ཨཱཿབིབྷྣན་ཏ་ཀྲིཏ་ཏ་ཧཱུྃ་ཕཊ། ཅེས་པས་བསྙེན་པ་བསྐྱལ་ལོ། །འདིའི་སྐབས་སུ་མཆོད་བསྟོད་རྣམས་སྤྱི་དང་མཐུན་པར་བྱའོ། །བཞི་པ་བདག་འཇུག་ལེན་པ་ནི། འོག་ཏུ་སློབ་མ་ལ་ཇི་ལྟར་བསྐུར་བའི་ཚུལ་གྱིས་བདག་འཇུག་ལེན་པའོ། །གཉིས་པ་ལ་གཉིས། སྔོན་འགྲོ་དང་དངོས་གཞིའོ། །དང་པོས་བདུན་ཏེ། ཁྲུས་དང་བགེགས་གཏོར་མཎྜལ་དང༌། །སྐྱབས་འགྲོ་འབོགས་དང་སེམས་བསྐྱེད་པ། །ཡན་ལག་བདུན་པ་གསོལ་བཏབ་བོ། །དང་པོ་ནི། སློབ་མ་རྣམས་གནས་ཁང་གི་ཕྱི་རོལ་དུ་ཁྲིད་ལ། སྙིང་པོ་ཅི་རིགས་པ་བཟླས་པའི་དྲི་བཟང་གིས་ཆུས་བཀྲུས་ལ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡན་པའི། །ཞེས་སམ། ཅི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པས་བཀྲུས་ལ། ནང་དུ་གྲལ་ལ་འཁོད་ལ་འདུག་གོ །གཉིས་པ་བགེགས་གཏོར་ནི། གོང་དུ་བསྔོས་པ་ལྟར་བྱའོ། །གསུམ་པ་མཎྜལ་ནི།
XXX གང་ཡང་རུང་བ་ཞིག་ལངས་ལ་འབུལ་ལོ། །འདི་པའི་ལུགས་ལྟར་འབུལ་ན་ལེགས། བཞི་པ་སྐྱབས་སུ་འགྲོ་བ་ནི། སློབ་མ་རྣམས་རང་རང་གི་མིང་ནས་བརྗོད་དུ་བཅུག་ལ། བདག་མིང་འདི་ཞེས་བགྱི་བ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པའི་དགེ་འདུན་ཕྱིར་མི་ལྡོག་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དོ། །ལྔ་པ་སེམས་བསྐྱེད་པ་ནི། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །བྱའོ། །དྲུག་པ་ཡན་ལག་བདུན་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་དོ། །བདུན་པ་གསོལ་བ་གདབ་པ་ནི། འདིའི་འོག་ཏུའོ། །གཉིས་པ་ལ་དྲུག་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཀའ་གཏད་དང་དྲུག་གོ །དེ་དག་རྣམས་ཀྱི་སྔོན་དུ་ཡང་མཎྜལ་ཕུལ་བ་གསོལ་བ་གདབ་པ། དམིགས་པ་འབོགས་བསྔགས་བརྗོད་ཅིང་མེ་ཏོག་གཏོར། རོལ་མོ་དཀྲོལ་ལོ། །དེ་ཡང་དང་པོ་སྐུའི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ་གསོལ་གདབ་པ་ནི། ཡེ་ཤེས་མགོན་པོ་ཆེན་པོ་ཡིས། །མི་ཏྲ་ཉིད་ལ་རྗེས་གནང་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང༌། །སྐུ་ཡི་རྗེས་གནང་བདག་ལ་སྩོལ། །ཞེས་གསོལ་བ་ལན་གསུམ་གདབ་བོ། །དམིགས་པ་ནི། སློབ་མའི་མགོ་ཐོག་ཏུ་གཏོར་མ་བཞག་ལ། དཔལ་མགོན་པོའི་མངོན་རྟོགས་རྒྱས་པར་སྤྲད་ལ། གཏོར་མ་འདི་དང་གཉིས་སུ་མེད་པར་སྒོམ་ཤིག་བྱས་ལ་དམིགས་པ་གསལ་པོས་བསྒོམ་དུ་
XXX འཇུག་གོ །དེ་ནས་ཡང་མགོན་པོའི་སྐུ་ལུས་ལས་སམ། དཔྲལ་བ་ནས་མགོན་པོ་དཀར་པོ་གྲངས་མེད་པ་བྱུང་བས། སློབ་མའི་ལུས་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་རྐྱེན་དང་བར་ཆད་ཞི་བར་བསམ་ལ། རྩ་སྔགས་ཀྱི་མཐར་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བརྗོད་ཅིང་རོལ་མོ་དཀྲོལ་ཞིང་མེ་ཏོག་འཐོར་རོ། །གཉིས་པ་གསུང་གི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ། ཡེ་ཤེས་མགོན་པོ་ཆེན་པོ་ཡིས། །མི་ཏྲ་ཉིད་ལ་རྗེས་གནང་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང༌། །བདག་ལ་གསུང་གི་རྗེས་གནང་སྩོལ། །ཞེས་གསོལ་བ་བཏབ། དམིགས་པ་ནི། མགོན་པོའི་མགྲིན་པའི་ཨཱཿཡིག་དམར་པོ་ལས། མགོན་པོའི་སྐུ་དམར་ནག་གྲངས་མེད་པ་བྱུང་བས་སློབ་མའི་ངག་ལ་ཐིམ། ངག་གི་ཉེས་སྐྱོན་ཐམས་ཅད་དག་པར་བསམ་ལ། གཏོར་མ་མགྲིན་པར་བཞག །རྩ་སྔགས་དང་རོལ་མོ་མེ་ཏོག་གོང་དང་མཐུན་ནོ། །གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གོང་ལྟར་བཏབ་ལ་དམིགས་པ་ནི། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་མགོན་པོའི་སྐུ་མཐིང་ནག་དཔག་ཏུ་མེད་པ་བྱུང་ནས། སློབ་མའི་སྙིང་ཁར་ཐིམ། ཡིད་ཀྱིས་ཉེས་སྐྱོན་ཐམས་ཅད་དག་པར་བསམ་ལ། གཏོར་མ་སྙིང་ཁར་བཞག་ལ། སྔགས་དང་རོལ་མོ་མེ་ཏོག་གོང་དང་མཐུན། བཞི་པ་ཡོན་ཏན་གྱི་རྗེས་གནང་ནི། མཎྜལ་ཕུལ། གསོལ་བ་གོང་ལྟར་བཏབ། དམིགས་པ་མགོན་པོའི་ལྟེ་བར་ཧོ་ཡིག་སེར་པོ་ལས། མགོན་པོའི་སྐུ་སེར་ནག་དཔག་ཏུ་མེད་པ་བྱུང༌། སློབ་མའི་ལྟེ་བར་ཐིམ་པར་བསམ། གཏོར་མ་ལྟེ་བ་བཞག །རོལ་མོ་གོང་བཞིན་བྱའོ། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གོང་ལྟར་བཏབ། ཡང་མགོན་པོའི་གསང་གནས་ཀྱི་ཀྵ་ཡིག་ལྗང་
XXX ཁུ་ལས་མགོན་པོའི་སྐུ་ལྗང་ཁུ་དཔག་ཏུ་མེད་པ་བྱུང་ནས། སློབ་མའི་གསང་གནས་སུ་ཐིམ་པར་མོས་ལ་གཏོར་མ་གསང་གནས་སུ་བཟུང་ལ། རྩ་སྔགས་རོལ་མོ་མེ་ཏོག་འཐོར་བ་གོང་དང་མཐུན་ནོ། །དེ་ནས་སློབ་མས། ཡེ་ཤེས་མགོན་པོ་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་བརྗོད་དུ་འཇུག་གོ །བླ་མས་ཀྱང༌། ཡེ་ཤེས་མགོན་པོ་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་པར་བྱའོ། །དྲུག་པོ་བཀའ་གཏད་བྱེད་པ་ནི། གཏོར་མ་སློབ་མའི་ལག་ཏུ་བཞག་ལ། ཡེ་ཤེས་ཀྱི་མགོན་པོ་ཁྱེད་ཀྱིས། སློབ་མ་འདི་ཞེས་བྱ་བ་སངས་མ་རྒྱས་ཀྱི་བར་དུ། ལམ་བསྒྲུབ་པའི་འགལ་རྐྱེན་ཞི་བ་དང༌། མཐུན་རྐྱེན་བསྒྲུབ་པ་དང༌། ཆོས་བརྒྱུད་དང་རིགས་བརྒྱུད་སྤེལ་ཅིག །བཀའ་དང་ཕྲིན་ལས་ཐམས་ཅད་སྒྲུབས་ཤིག །ཅེས་བརྗོད་པས། མགོན་པོས་ཁས་བླངས་ནས་མགོན་པོ་འོད་དུ་ཞུ་ནས་གཏོར་མ་དང་གཉིས་སུ་མེད་པར་བདུད་རྩིར་གྱུར་ནས་བདག་ལ་བྱིན་པས་དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ་ལ་གཏོར་མ་བཟའ་བར་བྱའོ། །དུད་འགྲོ་ལ་མི་སྦྱིན་ནོ། །བཞི་པ་རྗེས་ཀྱི་བྱ་བ་ལ་གཏང་རག་གི་མཎྜལ་འབུལ་བ་དང༌། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་བདག་གིས་བགྱིད་པར་འཚལ། །ལན་གསུམ་མོ། །དེང་ནས་བཟུང་སྟེ་ཁྱོད་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ཀྱིས། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཅེས་ལན་གསུམ་བརྗོད་ཅིང་དྲིན་དྲན་པར་བྱེད། དེ་ནས་ཚོགས་ལ་ལོངས་སྤྱོད། གཤེགས་བསྡུ་བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད། ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། དམ་ཚིག་ལེགས་པར་བསྲུང་ཞིང་དཀྱིལ་འཁོར་རྡུལ་ཚོན་དང་གཏོར་མ་དཀྱིལ་འཁོར་དུ་མ་གཏོགས་པ་ལ་མི་སྦྱིན་ནོ། །ཐུགས་རྗེས་འགྲོ་བ་འདྲེན་པའི་བཀའ་སྲུང་
XXX མཆོག །ཞལ་གྱི་བདུད་རྩི་རྗེས་གནང་ཟབ་མཆོག་འདི། །མི་ཏྲ་ཤྲཱི་པུ་ཏྲ་རྣམ་གཉིས་ཀྱི། །ཇི་ལྟར་ཞལ་ནས་བརྒྱུད་པའི་གདམས་པ་འདི། །མཚུངས་མེད་སྟིར་ཏི་རཏྣའི་སྙན་དུ་བརྒྱུད། །མཚུངས་མེད་དེ་ལ་སློབ་དཔོན་སངས་འོད་ཀྱིས། །གུས་པས་ཡང་ཡང་བསྐུལ་ཞིང་གསོལ་བཏབ་པས། །ཞལ་གྱིས་བདུད་རྩི་མུ་ཏིག་ཕྲེང་མཛེས་འདི། །ལེགས་པར་གསུངས་བཞིན་མ་འཆུག་ཡི་གེར་བཀོད། །དགེ་བས་ཐུགས་རྗེ་ཆེན་པོ་མྱུར་འགྲུབ་ཤོག །བཀའ་སྲུང་ཆེན་པོ་བྲག་ལྷ་མགོན་པོའི་རྗེས་གནང༌། བགེགས་དཔུང་འཇོམས་བྱེད་ཅེས་བྱ་བ་ཤིན་ཏུ་བཀའ་ཟབ་པ་ལས་ཀྱང་ཆེར་བབས་འདི་མཚུངས་མེད་གྷིར་ཏི་རཏྣའི་དྲུང་དུ། མང་དུ་ཐོས་པའི་སློབ་དཔོན་ཆེན་པོ་སངས་རྒྱས་འོད་ཟེར་གྱིས་ཡང་ཡང་གསོལ་བ་བཏབ་ནས་བསྐུལ་བའི་ངོར། མགོན་པོ་མཆོག་གི་རྣལ་འབྱོར་པ་གྲགས་པ་རིན་ཆེན་ཞེས་བགྱི་བས་མདོ་ཆེན་དཔལ་གྱི་དགོན་པར་སྦྱར་བའི་ཡི་གེ་པ་ནི་བུདྡྷ་བཛྲས་བགྱིས་པའོ། །འདི་སློབ་མ་སྣོད་ལྡན་མ་གཏོགས་པ་གཞན་སུ་གང་ལ་ཡང་མི་བྱེད་པའི་བཀའ་རྒྱ་དམ་པོ་ཡོད་པས་མི་སྤེལ་ལོ།། །།དགེའོ། །

༄༅། །རྫོགས་ཆེན་སེམས་སྡེའི་ཁྲིད་ཡིག་བཞུགས་སོ༎ ༎

༢༧༥རྫོགས་ཆེན་སེམས་སྡེའི་ཁྲིད་ཡིག་བཞུགས་སོ། །།ཉང་ལུགས་སོ།།
༢༧༦ན་མོ་གུ་རུ་བྷྱ༔ ཁྱབ་བདག་ཐོག་མའི་སྟོན་པ་ཀུན་ཏུ་བཟང་། །གདུལ་བྱའི་དོན་དུ་ཐ་མལ་ཚུལ་བཟུང་ནས། །སྐལ་ལྡན་བྱང་ཆུབ་ལམ་ལ་འགོད་མཛད་པ། །བླ་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །རང་སེམས་གདོད་ནས་དག་པའི་སངས་རྒྱས་དེ། །གློ་བུར་འཁྲུལ་པའི་དྲི་མས་འཁོར་བར་འཁྱམས། །སྡུག་བསྔལ་འཁོར་བའི་མཚོ་ལས་ཐར་སླད་དུ། །གསང་ཆེན་ཁྲིད་ཀྱི་རིམ་པ་འདིར་བརྗོད་བྱ། དེ་ལ་འོ་སྐོལ་རྣམས་ཀྱི་སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ་འདི། ཀུན་ཏུ་བཟང་པོ་དང་དུས་མཉམ་དུ་དང་པོ་ཉིད་དུ་བྱུང་བ་ཡིན་ཀྱང་། ཀུན་ཏུ་བཟང་པོས་རང་དུ་མཁྱེན་པས་གྲོལ། རང་རེ་སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་པས་འཁོར་བ་མཐའ་མེད་དུ་འཁྱམས། རིགས་དྲུག་གི་ལུས་གྲངས་ལས་འདས་པ་བླངས། བྱས་པ་ཐམས་ཅད་དོན་མེད་དུ་སོང་། ད་རེས་མི་ལུས་བརྒྱ་ལ་ལན་གཅིག་ཐོབ་པའི་དུས་འདིར་འཁོར་བ་ངན་སོང་དུ་མི་སྐྱེ་བའི་ཐབས་ཤིག་མ་འགྲུབ་ན། ཤི་ནས་གར་སྐྱེ་ངེས་པ་མེད་ཅིང་། འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ།
༢༧༧དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་ལ་བཀོལ་སྤྱོད་དང་ཀླན་ཞིང་རྨོངས་པའི་སྡུག་བསྔལ། མི་ལ་སྐྱེ་རྒ་ན་འཆི་དང་ཡོད་པོ་འཚོ་སྐྱོང་། མེད་པོ་བྲེལ་ཕོངས། དགྲ་སྡང་བ་དང་འཕྲད་ཀྱི་དོགས་པ། གཉེན་བྱམས་པ་དང་བྲལ་གྱི་དོགས་པ་ལ་སོགས་པའི་སྡུག་བསྔལ་བསམ་ལས་འདས་ཤིང་། ལྷ་མ་ཡིན་ལའང་འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་ལ་འཕོ་ལྟུང་གི་སྡུག་བསྔལ་ཏེ་རྒྱས་པར་བླ་མས་ཞིབ་ཏུ་འཆད། མདོ་ལས་ཀྱང་། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །མི་ལུས་འདི་ཡང་ཐོབ་པས་མི་ཆོག་སྟེ། ནམ་འཆི་ཆ་མེད་པས། ད་ལྟ་ཉིད་དུ་ཆོས་གཤའ་མ་གཅིག་བྱེད་དགོས་པ་དེ་ཡང་། འཆི་ཁར་མི་འགྱོད་པ་རང་གིས་རང་ལ་མི་ཁྲེལ་བ་རྗེ་བཙུན་མི་ལ་ལྟ་བུ་གཅིག་དགོས་ཏེ། །ང་མི་ལ་རས་པའི་ཆོས་ལུགས་ལ། །རང་གིས་རང་ལ་མ་ཁྲེལ་བ། །ཞེས་པ་དང་། རྒྱལ་བ་ཡང་དགོན་པས། །མི་སྙིང་ཅན་ཀུན་རང་ལ་ཕྱི་ཐག་སྲིངས། །རང་མི་བསླུ་ན་སྙིང་ནས་ཆོས་གཅིག་གྱིས། །ཞེས་གསུངས་
༢༧༨པས། ནམ་འཆི་ཆ་མེད་དྲན་པས་དགྲ་འདུལ་གཉེན་སྐྱོང་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་ལ་ཞེན་པ་ལོག་པ། ལྟོ་གོས་གཏམ་གསུམ་འཇིག་རྟེན་ཆོས་བརྒྱད་སོགས་ལ་མ་ཆགས་པ་རྩེ་གཅིག་ཏུ་ཆོས་ལ་བློ་སྒྲིལ་བ་གཅིག་དགོས་ཏེ། འཆི་བ་སྙིང་ཟུག་གི་དབེན་གནས་སུ། །ཞེན་པ་གཏིང་ལོག་གི་སྒྲུབ་པ་པོ། །ཚེ་འདི་བློས་བཏང་གི་སྐུ་མཚམས་བཅད། །སེམས་ཆོས་བརྒྱད་ཀྱི་མི་དང་མཇལ་འཕྲད་མེད། །ཅེས་རྒྱལ་བ་ཡང་དགོན་པ་ལྟ་བུ་ཞིག་བྱེད་དགོས། དེ་བྱེད་པ་ལ་ཁྲིད་བསྒོམ་བྱེད་དགོས། ཁྲིད་དེ་ཡང་ཚིག་ཤེས་པ་ཚིག་ཁྲིད། དོན་ཤེས་པ་དོན་ཁྲིད། ཉམས་སྐྱེས་པ་ཉམས་མྱོང་སྐྱེས་པ་ཡོན་ཏན་གྱི་ཁྲིད། མཐར་ཕྱིན་པ་འབྲས་བུའི་ཁྲིད་དང་བཞི་ཡིན་ལ། མཐར་ཕྱིན་པ་འབྲས་བུ་ནི་སངས་རྒྱས་ཡིན་པས། དེ་མ་ཐོབ་ཀྱི་བར་དུ་བསྒོམ་དགོས། དེ་སྒོམ་པར་བྱེད་པ་ལ་དོན་གསུམ་སྟེ། གཞི་སེམས་བསྐྱེད་ཀྱིས་བཟུང་ནས་སྐྱབས་འགྲོ་ལ་འབད་དགོས་ཏེ། སྐྱབས་ཡུལ་མདུན་གྱི་ནམ་མཁར་དམིགས་ནས། རང་དང་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་འགྲོ་བྱེད་པར་བསམ་ནས་སྐྱབས་འགྲོ་སྟོང་དང་ཁྲི་ལ་སོགས་པ་བྱས། མཐར་དབང་བཞི་བླངས་ཏེ་དེ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། དེའི་ངང་ལ་རྣམ་རྟོག་གང་ཤར་དེ་སྤང་ཡང་མ་སྤང་། རྗེས་སུ་ཡང་མི་འཕྲོ། ཁོ་རང་གི་ཐོག་ཏུ་སློད་ལ་བཞག་པས་ཡལ་འགྲོ་ཞིང་། ཡང་། རྣམ་རྟོག་གཅིག་སྐྱེ། དེ་ལ་ཡང་གོང་ལྟར་བྱ། མདོར་ན་རྣམ་རྟོག་གང་སྐྱེས་ཀྱང་དེ་ཁའི་ཐོག་ཏུ་བཞག །གཞན་ནས་གཞུག་རྒྱུ་རང་མེད། དེ་རང་ངོ་ཤེས་ཙམ་གྱི་ངང་ལ་སློད་དེ་འཇོག་གོ །སྐྱབས་འགྲོ་དང་སློད་ནས་འཇོག་པ་འདི་གཉིས་རེས་མོས་སུ་བྱས་ལ་ཞག་གསུམ་མམ་ལྔའམ། བདུན་ལ་སོགས་པ་གནད་དང་བསྟུན་པར་བྱའོ། །དེ་ནས་སྡིག་སྒྲིབ་འདག་པར་བྱེད་པ་ཡི་གེ་བརྒྱ་པའི་བཟླས་སྒོམ་གྱི་ཁྲིད་ནི། རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ་པའི་ཞབས་ཀྱི་མཐེ་བོང་ནས་བབ་པའི་བདུད་རྩིས་རང་གི་སྡིག་སྒྲིབ་ཐམས་ཅད་དེད་ནས་ས་རིམ་པ་དགུའི་འོག་ཏུ་
༢༧༩སོང་། ལུས་བདུད་རྩི་དཀར་པོས་གང་། ཡི་གེ་བརྒྱ་པ་བརྒྱ་རྩ་སོགས་སོང་ནས། རྡོ་རྗེ་སེམས་དཔའ་ལ་དབང་བཞི་བླངས་ཏེ། འོད་དུ་ཞུ་རང་ལ་བསྟིམས་ནས། གོང་ལྟར་ངལ་གསོ་ཞིང་རྣམ་རྟོག་ལ་བལྟ་ལུགས་དང་ཞག་གྲངས་གོང་དང་འདྲ། གསུམ་པ་ཚོགས་བསགས་མཎྜལ་གྱི་ཁྲིད་ནི། མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཀོན་མཆོག་རྣམས་སྐྱབས་འགྲོའི་སྐབས་ལྟར་གསལ་བཏབ་ལ་མཎྜལ་ཚོམ་བུ་སོ་བདུན་མ་དང་། ས་གཞི་སྤོས་བྱུགས་སོགས་དང་། སྨན་གྱི་མཎྜལ། །འབྲུའི་མཎྜལ། རིན་པོ་ཆེའི་མཎྜལ་ལ་སོགས་པ་ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ། ནང་དོན་དམ་རྡོ་རྗེ་ལུས་ཀྱི་མཎྜལ། གསང་བ་ཟུང་འཇུག་སེམས་ཀྱི་མཎྜལ། ཡང་གསང་སྐུ་གསུམ་གྱི་མཎྜལ་ལ་སོགས་པ་གང་ཤེས་ཁམས་ཀྱིས་ལྕོགས་ཚད་ཕུལ་བ། །ཐུན་མཚམས་སུ་དབང་བཞི་བླངས་ནས་ངལ་གསོ་ཞིང་རྣམ་རྟོག་ལ་བལྟ་བ་གོང་ལྟར་བྱ། ཞག་གྲངས་ཀྱང་འདྲའོ། །བཞི་པ་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། རང་ཡི་དམ་གང་ཡིན་གྱི་སྤྱི་བོར་སེང་ཁྲི་དང་པད་ཟླའི་སྟེང་དུ། ངོ་བོ་ཆོས་འདི་སྟོན་པའི་བླ་མ་ཡིན་པ་ལ་རྣམ་པ་ཨོ་རྒྱན་ཡབ་ཡུམ་མམ། ཀུན་ཏུ་བཟང་པོ་ལ་སོགས་པ་རང་གང་མོས་ཤིག་བསྒོམས་ལ་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་གི་སྔར་འདས་པའི་བླ་མ་ཐམས་ཅད་དང་། ད་ལྟ་ཆོས་འབྲེལ་ཞུས་ཤིང་མོས་གུས་ཚུགས་པ་རྣམས་དང་། མ་འོངས་པ་ན་རང་ཉིད་སངས་མ་རྒྱས་ཀྱི་བར་དུ་འབྱོན་རྒྱུའི་བླ་མ་ཐམས་ཅད་སྤྱན་དྲངས་ནས། དེ་ལ་བསྟིམས་པས་བླ་མ་ཀུན་འདུས་ཀྱི་ངོ་བོར་བསམ། ཡང་འོད་ཟེར་འཕྲོས། ཡི་དམ་དཀྱིལ་འཁོར་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས། དེ་ལ་བསྟིམས་པས་ཡི་དམ་ཀུན་འདུས་ཀྱི་ངོ་བོར་བསམས། ཡང་འོད་ཟེར་འཕྲོས། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས། དེ་ལ་བསྟིམས་པས་བླ་མ་ཀུན་འདུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསམ་
༢༨༠ནས་མོས་གུས་མཆི་མ་འཁྲུགས་པ་མ་བྱུང་བར་དུ་བྱས་ལ་བླ་མ་དེ་རང་གི་སྐུ་བསྟོད་དམ། མེད་ན་བླ་མ་སྐུ་གསུམ་མ་ལྟ་བུའི་ཤམ་བུར། ཀ་དག་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །གང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །འཁྲུལ་སྣང་རང་སར་གྲོལ་བར་བྱིན་གྱིས་རློབས། །རྒྱུན་གྱི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་རློབས། །ཚེ་འདིར་སངས་རྒྱས་ཐོབ་པར་བྱིན་གྱི་རློབས། ཞེས་མ་ཡེངས་པའི་ངང་ནས་བརྒྱ་རྩ་བརྒྱད་ཀྱི་བར་དུ་གསོལ་བ་བཏབ། མཐར་བླ་མ་ལས་དབང་བཞི་བླང་། བླ་མ་འོད་དུ་ཞུ་ནས་བསྟིམས་ཏེ་གོང་ལྟར་མཉམ་པར་གཞག །མཐར་དགེ་བ་བསྔོའོ། །བླ་མའི་རྣལ་འབྱོར་འདི་ནི་སྔོན་འགྲོའི་དུས་སུ་ཞག་གྲངས་གོང་ལྟར་བྱ། དངོས་གཞི་ནས་ཐུན་གྱི་མགོ་དར་ཁྲིད་ཐོན་ནས་ཀྱང་དུས་རྣམས་ཀུན་ཏུ་མ་ཆགས་པ་གྲངས་སུ་བཅད་ནས་བྱེད་པ་གལ་ཆེ་སྟེ། སྒོམ་རྒྱུད་ལ་མ་སྐྱེས་པའི་མི་དེས་ཀྱང་། བླ་མའི་རྣལ་འབྱོར་ཞག་རེ་ལ་ཚར་ལྔ་མ་ཆགས་པར་བྱས་ན། འཕོ་བ་འདེབས་མི་དགོས་ཏེ་རང་ཤུགས་ལ་ཐེབས་ཡོང་། ཞེས་རྒྱལ་བ་རྒོད་ཚང་པས་གསུངས། བླ་མའི་རྣལ་འབྱོར་མོས་གུས་དང་འབྲེལ་བར་མ་བྱས་ན་བསྒོམ་སྐྱེ་བ་ཕུལ། ཅུང་ཟད་སྐྱེས་ཀྱང་གེགས་སྡང་། རྟོགས་པ་རྒྱུད་ལ་སྐྱེ་མི་བཏུབ་པས་བཅོས་མིན་གྱི་མོས་གུས་བྱུང་ན་རབ། མེད་ན་ངའི་བླ་མ་འདི་སངས་རྒྱས་དངོས་ཡིན་སྙམ་དུ་ཞེ་ཐག་པ་ནས་བསམ་ལ་ངག་ཏུ་ཡང་བརྗོད། ལུས་ཁྲིམས་ཀྱིས་བསྒྲིམ། ཐལ་མོ་སྦྱར་ལ། གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། ཇི་ཞིག་ནས་བཅོས་མིན་གྱི་དད་པ་རང་ཤུགས་ལ་སྐྱེའོ། །དེའང་མོས་གུས་རབ་ལ་བྱིན་རླབས་རབ། མོས་གུས་འབྲིང་ལ་བྱིན་རླབས་འབྲིང་། མོས་གུས་ཐ་མས་བྱིན་རླབས་ཐ་མ། མོས་གུས་གཏན་ནས་མེད་ན་བྱིན་རླབས་ཀྱང་མི་འབྱུང་བས་མོས་གུས་ཁོ་ན་གལ་ཆེ་སྟེ། ཕ་དམ་པ་བྱིན་རླབས་ཤིག་ཞུ་དང་ཞུས་པས། བུ་ལྷོད་པོ་མོས་གུས་གཅིག་ཞུ་དང་གསུངས་སྐད། དེ་ལྟར་གནས་སྐབས་ཐམས་ཅད་དུ་བྱས་པའི་ཡོན་ཏན་གྱིས་རྟོགས་པ་
༢༨༡ཁྱད་པར་ཅན་ཚིག་གིས་བརྗོད་དུ་མི་ནུས་པ་རང་གི་ནང་ནས་སྐྱེ་སྟེ། བླ་མ་ཞང་རིན་པོ་ཆེས། གནས་པ་བསྐྱང་བ། ཉམས་མྱོང་བསྐྱང་བ། ཏིང་ངེ་འཛིན་བསྐྱང་བ་ལ་སོགས་པ་མང་བར་གདའ་སྟེ། མོས་གུས་ཀྱི་སྟོབས་ལས་བླ་མའི་བྱིན་རླབས་ཀྱིས་ནང་ནས་སྐྱེ་བ་འདི་དཀོན་པར་གདའ། ཞེས་དང་། ཨོ་རྒྱན་རིན་པོ་ཆེས། སྤྱི་བོའི་རྒྱན་དུ་ང་ཉིད་རྒྱུན་དུ་བསྒོམ། །བསླས་ན་པད་འབྱུང་ཞན་ནོ་རྗེ་འབངས་རྣམས། །ཞེས་གསུངས་པས་རང་གིས་སྒོམ་ནུས་ན་བླ་མས་མི་བསླུ་ངེས་ཏེ། །རྒན་མོའི་མོས་གུས་ཀྱིས་ཁྱི་སོ་ལས་འོད་བྱུང་བ་བཞིན་ནོ། །དེ་ལྟར་སྔོན་འགྲོ་ནན་ཏན་གལ་ཆེ་སྟེ། རྫོགས་པ་ཆེན་པོའི་དོན་རྒྱུད་ལ་སྐྱེ་བ་སྔོན་འགྲོ་ལ་རག་ལས་པ་ཡིན་ནོ། །རྗེ་འབྲི་གུང་བས་ཆོས་གཞན་དངོས་གཞི་ཟབ་པར་བྱེད་དེ། ངེད་འདིར་སྔོན་འགྲོ་ཟབ་པར་བྱེད། །ཅེས་གསུངས་པའི་དགོངས་པ་ཡང་དེ་ལྟ་ཡིན་པར་གདའ་འོ། །རང་རྒྱུད་ལ་ནང་ནས་མ་སྐྱེས་ན། བླ་མས་བསྟན་པའི་ཆོས་རྣམས་ཚིག་གི་ལྟ་སྒོམ་ཡིན་པས་དོན་སྤྱི་ཙམ་ལས་མ་འདས། ནང་ནས་རང་རྒྱུད་ལ་སྐྱེ་བ་ནི། སྒོམ་ཐོག་ནས་ལྟ་བ་འཚོལ་བ་ཞེས་བྱ་སྟེ། རྫོགས་ཆེན་པའི་ཁྱད་ཆོས་ཡིན། །གསང་སྔགས་ཀྱི་ལྟ་བ་བདེ་སྟོང་ཡིན་ཞེས་ཇོ་བོ་རྗེས་གསུངས་པ་དེ་ཡང་འདི་ཡིན། ཕྱག་ཆེན་མན་ཆད་ལྟ་ཐོག་ནས་སྒོམ་འཆོལ་བ་ཡིན། དེ་བས་ན་བླ་མའི་རྣལ་འབྱོར་ལ་བརྩོན་པར་ཤིན་ཏུ་གལ་ཆེ། སྤྱིར་དེང་སང་སྙིགས་མ་ལྔ་བདོའི་དུས་འདིར། གང་ཟག་བཅུ་ཚུན་ཆད་ལ་ཆོས་སྟོན་ཅིང་། དོན་བྱེད་པའི་བླ་མ་དེ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན། ཞེས་ཨོ་རྒྱན་ཆེན་པོས་གསུང་གུ་རུ་རྣོན་རྩེའི་གཏེར་ལུང་དུ་འདུག་གོ །སྒོམ་གྱི་སྐལ་བ་མེད་པ་གཅིག་གིས་ཀྱང་། མོས་གུས་ཀྱིས་གསོལ་བ་འདེབས་ནུས་ན། སྐྱེ་བ་དང་ཚེ་རབས་སུ་ངན་སོང་གསུམ་དུ་མི་འཁྱམས་ཏེ། ཇི་སྐད་དུ། གདམས་པ་རྒྱ་མཚོ་ཁོང་དུ་མ་ཆུད་ཀྱང་། །སྤྱི་བོར་བླ་མ་བསྒོམ་ཞིང་དད་པ་ཡིས། །མིག་ནས་མཆི་མ་འཁྲུགས་ཤིང་གསོལ་འདེབས་པ། །ངན་
༢༨༢འགྲོའི་སྐྱེ་སྒོ་གཅོད་པའི་སྒོམ་ཆེན་ཡིན། །ཞེས་ས་སྐྱ་པཎ་ཆེན་གསུངས། བླ་མ་ནི་མི་རང་དུ་འདུག །མི་ཡིས་མི་ལ་གསོལ་བ་བཏབ་པས་བྱིན་རླབས་ཨེ་ཡོང་ངམ་སྙམ་པ་མི་འཚལ་ཏེ། སྔགས་གསར་མའི་གཞུང་ལས་ཀྱང་། བླ་མ་ལས་ནི་ཡོན་ཏན་དང་། མཐོ་རིས་བདེ་བ་ཐམས་ཅད་ཐོབ། །བླ་མས་དམན་པའི་སྐྱེ་བོ་ལས། །དངོས་གྲུབ་མཆོག་ནི་འབྱུང་བ་ནི། །ཞེས་པས། བླ་མ་མི་ཐ་མལ་པར་འདུག་ཀྱང་། གསོལ་བ་བཏབ་ན་མཆོག་གི་དངོས་གྲུབ་སངས་རྒྱས་མྱུར་ཏུ་ཐོབ་པར་གསུངས་ལ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞེས་གསང་སྔགས་བླ་མེད་ལས་གཞན་དུ་མ་གྲགས་སོ། །ད་ནི་དངོས་གཞི་ལ་གང་ཟག་གི་རིགས་བརྟགས་དགོས་ཏེ། དབང་པོ་རབ་འབྲིང་ཐ་གསུམ་ལས། རབ་ཀྱི་རབ། རབ་ཀྱི་འབྲིང་། རབ་ཀྱི་ཐ་མ། དེ་བཞིན་དུ་འབྲིང་ལ་གསུམ། ཐ་མ་ལ་ཡང་གསུམ་སྟེ་དགུའོ། །དེ་དག་ལ་ཡང་གཅིག་ཅར་བ་ནི། སྒོམ་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་པ་ཡིན་ཏེ། རྒྱ་གར་དུ་ས་ར་ཧ་དང་། བོད་དུ་གླིང་རས་ལས་མ་བྱུང་ཞེས་གྲགས། ཞིག་པོ་བདུད་རྩིས། ཤབ་སྟོད་བྱ་རུ་གསུམ་མདོ་ནས། །ཀླུང་ཤོད་འབྲི་གུང་ཡན་ཆད་དུ་གཟིགས་ཀྱང་མ་རྙེད། ཡོད་ནི་ལོས་ཡོད་ཞེས་གསུངས། དེ་འདྲའི་རིགས་ལ་བསྒོམ་བཏབ་མ་ཐག་རྒྱུད་ལ་སྐྱེ། གེགས་སེལ་བོགས་འདོན་ཀྱང་མི་དགོས་པ་ཡིན་པར་གདའ། ཐོད་རྒལ་བ་ནི་རེས་སྒོམ་རང་ཤུགས་ལ་ཡོང་རེས་མི་ཡོང་། ཡ་འུད་ཅན་ཡིན་པས་འདི་ལས་རིམ་སྐྱེས་པ་དགའ་ཞེས་རྒྱལ་བ་ཡང་དགོན་པས་གསུངས། འོན་ཀྱང་བར་དུ་འདི་ས་ཆོད་ཆེ་བར་བཤད། རིམ་སྐྱེས་པ་ནི་ནས་ཀྱི་མྱུ་གུ་ལྟར་རིམ་པར་སྐྱེ་བ་ཡིན། དེ་གསུམ་དང་གང་ཟག་རིགས་དགུ་ཡང་ཡིན་པར་ངོ་ཤེས་ན་སོ་སོའི་རིགས་དང་གོ་ལུགས་བསྟན་ནས་བཤད། འོན་ཏེ་ངོ་ཤེས་པར་དཀའ་བས་སྔོན་འགྲོའི་སྐབས་ཀྱི་མཉམ་གཞག་གི་སེམས་ཀྱི་གནས་པ་ཆེ་ན་ཞི་གནས་ཡིན་པས་དེ་ཐོག་ཏུ་ལྷག་མཐོང་བསྟན། གནས་པ་ཆུང་ཞིང་འཕྲོ་རྒོད་ཆེ་ན། དེ་ཡང་བསྒོམ་སྐྱེས་པ་
༢༨༣ཡིན་ཏེ། འཕྲོ་རྒོད་མང་པོ་དེ་དེ་སྔ་ནས་ཡོད་ཀྱང་། མཉམ་པར་མ་བཞག་པས་མ་ཚོར་བ་ཡིན། དེ་མཉམ་པར་གཞག་པས་ཚོར་བ་ཡིན། ཉམས་དང་པོ་རི་གཟར་གྱི་ཆུ་བབ་དེ་ཡིན། དེ་གནས་པའི་དུས་དང་འགྱུ་བའི་དུས་གཉིས་ཀྱི་སེམས་ཀྱི་ངོ་བོ་གཅིག་ལས་འདུག་གམ་མི་འདུག་ལྟོས་དང་བྱས་ལ་ཞག་གསུམ་ལ་སོགས་པར་བལྟ་རུ་བཅུག །དེ་གཉིས་མི་གཅིག་པར་འདུག་ཟེར་ན། ཡང་བསྐྱར་ལ་ཞིབ་ཏུ་བལྟར་བཅུག །གཅིག་པར་འདུག་ཟེར་ན་བྱུང་གནས་འགྲོ་གསུམ་རྩད་གཅོད་དུ་བཅུག་ནས་ངོ་སྤྲད་དེ་རྒྱུན་བསྐྱང་བར་བྱའོ། །གལ་ཏེ་དེ་ལྟར་མ་བྱུང་བའམ་གང་ཟག་བློ་རིས་གང་ཡིན་ཡང་རུང་སྟེ། སོ་སོའི་བློ་ཚོད་དང་བསྟུན་ནས་བླ་མ་ཉམས་མྱོང་ཅན་གྱིས་ཁྲོད་ཤེས་པར་བྱ་བ་ནི་ཀུན་ཏུ་གཅེས་སོ། །ད་ནི་དབང་པོ་རབ་ལ་ཁྲིད་ཚུལ་མདོ་ཙམ་སྨོས་ན་ཁྱོད་རང་སྔོན་འགྲོའི་མཉམ་གཞག་ལྟར་དུ་རྣམ་རྟོག་གང་ཤར་དེ་ལ་རྩེ་གཅིག་ཏུ་མ་ཡེངས་པ་རང་གི་[277]ས་ལ་སྒོམས། གལ་ཏེ་ཡེངས་འགྲོ་ཡི་འདུག་ན་རྣམ་རྟོག་ཐོལ་ཏེ་སྐྱེས་པ་དང་རྦད་དེ་ཆོད་ལ་མ་ཡེངས་པར་གྱིས་ལ་རྣམ་རྟོག་གང་ཡང་སྐྱེ་རུ་མ་བཅུག་པར་རིག་པ་སྒྲིམས། སེམས་ཀྱི་མཁར་སྒོ་འདིར་གཉེན་པོའི་མདུད་ཐུད་གཅིག་བཟུང་ནས་ཁོ་སྒྲིམ་ན་ང་སྒྲིམ། ཁོ་ལྷོད་ན་ང་ལྷོད་བྱ་བ་དེ་ཡིན། འོན་ཀྱང་སྔར་རྣམ་རྟོག་མང་དྲགས་པའི་སྐྱོན་བྱུང་འདུག་པས། རྣམ་རྟོག་དགག་གང་ཐུབ་གྱིས། འགྱུ་བའི་འགྲོ་འོང་རྦད་ཀྱིས་ཆོད། །གླང་ཆེན་ལོབ་ནས་སེམས་ཚགས་ཚུད་པ་ལྟར། །འགྲོ་འོང་བཅས་ན་ངང་གིས་དལ་བ་སྟེ། །འདི་ལྟར་རྟོགས་སུ་ང་ལ་ཆོས་ཅི་དགོས། །ཞེས་པ་དང་། ཐ་མལ་རྣམ་རྟོག་མ་རྟོགས་པ། །དེ་ལྟར་འདི་ནི་མངོན་དགག་སྟེ། །ཞེས་གསུངས་པས་རྣམ་རྟོག་དགག་གང་ཐུབ་གྱིས། རྣམ་རྟོག་དགག་མ་ཐུབ་ན་སྒོམ་མི་ཡོང་བ་འདུག་གོ་བྱས་ལ་སྡིག་རི་བསྐུར། ཞག་གསུམ་ལ་སོགས་པ་ཤ་ཐང་ཆད་ཆད་ནན་ཏན་བྱེད་དུ་བཅུག་པས་རྣམ་རྟོག་དགག་མ་ཐུབ་པ་དང་། ད་འོ་ན་རྣམ་རྟོག་གང་སྐྱེས་དེ་འཕྲོ་བས་མི་
༢༨༤ཆོག་འཕྲོ་བ་དེ་མུ་ལ་མུ་མཐུད་ཀྱིས་འཕྲོ་བ་རྒྱ་ཆེ་རུ་རང་ཆུག་ལ། འཕྲོ་གང་ཐུབ་མ་གཏོགས་རྣམ་རྟོག་མེད་པ་སྐད་ཅིག་ཙམ་ཡང་མ་བྱེད་པར་འཕྲོ་རུ་རང་ཆུག །སེམས་ལ་ངལ་བ་སྐད་ཅིག་ཀྱང་མ་སྡོད་པར་བློས་འཆོས་ཀྱིན་འཕྲོ་རུ་ཆུག་བྱས་ལ་སྔར་ལྟར་ཞག་གསུམ་བྱ། དེས་འཕྲོ་བ་འཕྲོ་རུ་མ་བཏུབ་པར་གང་ཤར་དུ་རྟོག་མེད་དུ་གནས་པ་གཅིག་འོངས་ཀྱང་། འདི་ཡིན་ངོས་བཟུང་རྒྱུ་མེད་པ་གཅིག་འོང་། ད་དེ་གཉིས་གཅིག་གམ་མི་གཅིག་བསྒྲིམ་སྟེ་ལྟོས་ལ་ཤོག་བྱས་ལ། གཅིག་མི་གཅིག་གང་དུ་ཡང་འཛིན་ངོ་མ་ཤེས་པའི་ཧད་ཧད་པོ་ཏི་ཆལ་བ་ཞིག་ལྷག་འོང་། དེ་ལྟར་བྱུང་བ་དང་དེ་ནས་སེམས་འཚོལ་བྱ་སྟེ། འདས་རྗེས་ལས། དང་པོ་སེམས་ཀྱི་བྱུང་ས་བཙལ། །ཞེས་སོགས་གསུངས་པས། ཁྱོད་རང་གི་སེམས་འདི་དང་པོ་ཀུན་ཏུ་བཟང་པོ་དང་དུས་མཉམ་པ་ནས་བཟུང་ད་ལྟ་ཕན་ཆད་དུ་འཁོར་བ་ནས་འཁོར་བར་འཁྱམས། སྡུག་བསྔལ་སྣ་ཚོགས་མྱོང་མཁན་མི་བྱེད་དགུ་བྱེད་མི་དྲན་དགུ་དྲན་འདི་ལ་དང་པོ་བྱུང་ས་གཅིག་ཡོད་ངེས་པའི་ག་འདྲ་ཞིག་ནས་བྱུང་ཚོལ་ཅིག །ཀུན་ཏུ་བཟང་པོ་དང་མཉམ་དུ་བྱུང་ན། བྱུང་བའི་བྱུང་ལུགས་ག་འདྲ་ཞིག་འདུག །ཡང་དེའི་སྔོན་དུ་ཨེ་བྱུང་ཡང་ཚོལ་ཕྱི་ནས་བྱུང་ངམ་ནང་ནས་བྱུང་། སྟེང་འོག་བར་གསུམ་ཕྱོགས་བཞི་མཚམས་བཞི་གང་ནས་བྱུང་ཚོལ་ལ་ཤོག་བྱས་ལ་ནན་ཏན་བྱེད་དུ་འཇུག །དེ་ལྟར་ཚོལ་དུ་ཕྱིན་པ་དང་། འདི་ཡིན་གང་དུ་ཡང་བརྗོད་མི་ཤེས་པའི་ཧོན་ནེ་བ་གཅིག་འདུག་ཟེར་ན་དེས་ཆོག །གཞན་ཟེར་ན་ཕུག་མ་ཆོད་པས་ཡང་ཡང་བསྐྱར་ནས་དོན་ལ་ཕེབས་པ་དང་། ད་སེམས་འདི་ག་ན་གནས། ལུས་ཀྱི་ནང་ན་གནས་སམ་ཕྱི་དང་བར་ག་ན་གནས་འདུག །དེ་བཞིན་སྟེང་འོག་ཕྱོགས་མཚམས་ག་ན་གནས་ལྟོས་ལ་ཤོག་བྱས་ལ་ནན་ཏན་བྱེད་དུ་བཅུག །ནང་ན་འདུག་ཟེར་ན་ནང་གི་ག་ན་འདུག་བལྟ། སྙིང་གི་ནང་ན་འདུག་ཟེར་ན། འོ་ན་སྙིང་ལ་བུག་པ་མེད་པས། ཤི་ནས་སྙིང་མ་ཞིག་བར་དུ་དེ་ཀ་རུ་ཡོད་དགོས་ཏེ། རོ་ལ་སེམས་མེད་པས་དེ་འདྲ་
༢༨༥མ་ཡིན་ད་དུང་ལྟོས་ཤིག །ཕྱི་ན་འདུག་ཟེར་ན། ཕྱིའི་སྟེང་འོག་ཕྱོགས་མཚམས་ག་ན་འདུག །དབྱིབས་དང་ཁ་དོག་ཅི་འདྲ་གཅིག་འདུག་བལྟར་བཅུག །འདི་འདྲ་ཞིག་འདུག་ཟེར་ན། མི་འདུག་ཚུལ་ཞིབ་ཏུ་བཤད། ལར་ནས་ལ་མི་འདུག་ཟེར་ན། འོ་ན་མི་འདུག་ཟེར་མཁན་ཅིག་འདུག་པ་ཚོལ་ཤོག་བྱས་པས། འདི་འདྲ་ཞིག་འདུག་ཟེར་ན་དེ་ལྟར་མ་ཡིན་པའི་ཚུལ་ཞིབ་ཏུ་བཤད། ཟེར་རྒྱུ་ཅི་འདུག་ཀྱང་དེའི་ངོ་བོ་རྩད་བཅད་ལ་ངོས་བཟུང་མེད་པའི་སངས་སངས་ཡལ་ཡལ་ལར་བརྗོད་མི་ཤེས་པ་གཅིག་འདུག་ཟེར་ན་དེས་ཆོག །ད་ཁྱོད་རང་གི་སེམས་དེ་སྣ་ཚོགས་སུ་འཆར་ཞིང་འགྱུ་བ་གཅིག་འདུག་པའི། མཐའ་ཕུག་ག་རུ་འགྲོ་ཡི་འདུག །འགྲོ་ན་འགྲོ་མཁན་ཨེ་འདུག །འགྲོ་ས་དེ་ཡང་ག་འདྲ་ཞིག་འདུག་ཞིབ་ཏུ་རྟོག་ལ་ཤོག་བྱས་ལ་བཏང་། འགྲོ་ས་འདུག་ཟེར་ན། འདུག་པའི་འདུག་ལུགས་རྩད་བཅད་དུ་བཅུག །མི་འདུག་ཟེར་ན་དགེ་བ་བྱས་པས་མཐོ་རིས་སུ་འགྲོ། སྡིག་པ་བྱས་པས་ངན་སོང་དུ་འགྲོ། འགྲོ་མཁན་ནི་སེམས་ཡིན་པས་འགྲོ་བའི་འགྲོ་ལུགས་ག་འདྲ་ཞིག་འདུག་འགྲོ་མཁན་རང་ག་འདྲ་ཞིག་འདུག་ཚོལ་ལ་ཤོག་བྱའོ། །དེ་ལྟར་འགྲོ་ས་དང་འགྲོ་མཁན་ཡོད་ཐང་བ་ལ་བལྟ་རུ་ཕྱིན་ནས་ཡལ་འགྲོ་བའི་གང་ཡང་མེད་པ་ཞིག་འདུག་ཟེར་ན་ངོ་སྤྲད་པ་ནི། འོ་དེ་ལྟར་ཡིན་ཏེ་ཁྱོད་ཀྱི་སེམས་ལ་བྱུང་ས་མ་རྙེད་པ་དེ། སྐྱེ་བ་མེད་པ་ཆོས་ཀྱི་སྐུ་བྱ་བ་ཡིན། སེམས་ལ་ངོ་བོ་དང་ངོས་བཟུང་གང་ཡང་མེད་པས་སྟོང་པ་ཡིན། དེ་ལ་བྱུང་ས་ག་ལ་འོང་། དེ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་བྱ་བ་ཡིན། དེ་ནས་སེམས་ཀྱི་གནས་ས་མ་རྙེད་པ་ནི། བཅོམ་ལྡན་འདས་ཀྱིས་མདོ་ལས། རབ་འབྱོར་སེམས་ནི་ཕྱི་ན་ཡང་མི་གནས། ནང་ན་ཡང་མི་གནས། གང་དུའང་གནས་པ་མ་ཡིན་ནོ་ཞེས་གསུངས་པ་དེ་ཡིན་ཏེ། སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་གཞི་ཡིན། ཐ་མ་འགྲོ་ས་མ་རྙེད་པ་ནི། དང་པོ་འོངས་ས་མེད། བར་དུ་གནས་ས་མེད་པ་
༢༨༦ལ། ཐ་མ་འགྲོ་བ་ག་ལ་ཡོད། དེ་ནི་སྤྲུལ་པའི་སྐུའི་གཞི་རུ་བརྗོད་པ་ཙམ་ཡིན། དེ་ལྟར་སེམས་དངོས་པོ་དང་མཚན་མ་གང་དུ་ཡང་མ་གྲུབ་པས། ཡེ་གདོད་མ་ནས་སྟོང་ཞིང་བདག་མེད་པ་ཡིན་ནོ། །འདས་རྗེས་ལས། དང་པོ་སེམས་ཀྱི་བྱུང་ས་བཙལ། །མ་རྙེད་ཆོས་ཀྱི་སྐུ་དང་འཕྲད། །བར་དུ་སེམས་ཀྱི་གནས་ས་བཙལ། །མ་རྙེད་ལོངས་སྤྱོད་སྐུ་དང་འཕྲད། །ཐ་མ་སེམས་ཀྱི་འགྲོ་ས་བཙལ། །མ་རྙེད་སྤྲུལ་པའི་སྐུ་དང་འཕྲད། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ལྟར་སེམས་དེ་གློ་བུར་གྱི་དྲི་མས་བསྒྲིབས་པ་མ་གཏོགས། ཡེ་གདོད་མ་ནས་སངས་རྒྱས་པ་ཡིན་ཏེ། རྫོགས་ཆེན་ལས། ཡེ་སངས་རྒྱས་ཤིག་ཡིན་པ་ལ། །ཡང་སངས་རྒྱས་ཤིག་འདོད་པ་འཁྲུལ། །ཅེས་གསུངས་སོ། །དེ་ལྟར་གློ་བུར་གྱི་དྲི་མ་དང་བྲལ་བའི་སེམས་དེ་ངོ་བོ་སྟོང་པ་ཡིན་ཀྱང་། །རང་བཞིན་གསལ་བ་དང་། དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པས་ཆོས་སྐུ་དེ་ཡང་སྟོང་པ་ཅང་མེད་རི་བོང་གི་རྭ་ལྟ་བུའམ། མུ་སྟེགས་ཆད་ལྟ་བ་ལྟ་བུ་མ་ཡིན་པས། རྫོགས་ཆེན་ལས། ཆོས་སྐུ་ཅི་ཡི་ངོ་བོར་མ་གྲུབ་པ། སེམས་ཅན་ཤེས་རབ་ཆུང་བས་མེད་པར་གོ །ཞེས་པས། དངོས་པོ་གདོས་བཅས་སུ་མ་གྲུབ་ཀྱང་། སྟོང་པའི་གདངས་མ་འགགས་པ་ལས། ངོ་བོ་སྐུ་རུ་བཞུགས། རང་བཞིན་འོད་དུ་བཞུགས། ཐུགས་རྗེ་ཟེར་གྱི་ཚུལ་དུ་བཞུགས་པའོ། །དེའི་རྩལ་ལས་ལོངས་སྤྱོད་རྫོགས་སྐུར་ཤར་ཏེ། སར་གནས་ཀྱི་བྱང་ཆུབ་སེམས་དཔའི་དོན་མཛད། སྤྲུལ་པའི་སྐུས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའོ། །དེ་ལྟར་དེ་རིང་ནས་སེམས་སངས་རྒྱས་སུ་ངོ་སྤྲད་པ་ཡིན་ཀྱང་། མཐར་ཕྱིན་ནས་བརྟན་པ་ཐོབ་པ་ལམ་ཤི་བར་བསྐྱང་དགོས་ཏེ། ཇི་ལྟར་བསྐྱང་ན། གོང་དུ་བརྡར་ཤ་བཅད་པ་བཞིན། སེམས་ཁོ་རང་གནས་རུང་སེམས་ཡིན། འགྱུ་རུང་སེམས་ཡིན། སེམས་སྟོང་པར་ཐག་ཆོད་ཕྱིན་ཆད། གནས་འགྱུ་གཉིས་ལ་ཁྱེད་པར་ཅི་ཡང་མ་བྱུང་བས། རྣམ་རྟོག་གང་ཤར་གང་བྱུང་
༢༨༧གང་སྣང་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་རྒྱལ་བའི་དགོངས་པ་ཟབ་མོ་སྟོང་པ་ཉིད་ཡིན། དེ་ལ་བཅོས་བསླད་གང་ཡང་མ་བྱེད་པར་དེ་ཀའི་ངང་ལ་ཞོག །གནས་སྐབས་སུ་རྣམ་རྟོག་རང་ག་མར་འདུག་ནའང་། ངམ་ངམ་ཤུགས་ཀྱིས་གྲོལ་ཡོད་པས་ཏིང་ངེ་འཛིན་འབའ་ཞིག་ཡིན། ཆོས་སྐུ་ཡིན། རང་བྱུང་ཡེ་ཤེས་ཡིན། ཕྱག་རྒྱ་ཆེན་པོ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། དཔེ་ཐག་པ་མེས་ཚིག་པ་དང་འདྲ། དེས་འཆིང་མི་ནུས། དེ་བཞིན་དུ་ཁོ་རང་གི་ངོ་བོ་སྟོང་སྟོང་པ་ཡིན། །རྣམ་རྟོག་ལྟར་སྣང་བ་དེ་བཞིན་ནི། སྟོང་པའི་གདངས་ཤར་བ་ཡིན། རྣམ་རྟོག་དང་སྟོང་པ་ལ་ཁྱད་མི་འདུག་པ་འདི་ལ་ཨོ་རྒྱན་ཆེན་པོས། རྣམ་རྟོག་ངོ་བོ་སྟོང་པའི་ཆོས་སྐུར་གོ །ཞེས་གསུངས་པ་དེ་ཡིན། བསྒོམ་ན་བློ་ཡིན་པས་བསྒོམ་རྒྱུ་ཅི་ཡང་མེད། རྣམ་རྟོག་རང་ག་མར་ཞོག །དེ་ལ་བཅོས་བསླད་བྱས་ན་རྣམ་རྟོག་རང་རྒྱུད་པ་འཁྲུལ་པ་ལུ་གུ་རྒྱུད་ཡིན་པས་བཅས་བཅོས་གང་ཡང་མི་བྱེད། རང་ཐོག་ཏུ་འཇོག་པ་དེ་ལས་ཡེངས་ན་འཁྲུལ་པ་དངོས་ཡིན་པས་མ་ཡེངས་པ་དགོས་ཏེ་དེ་གཅིག་པོས་ཆོག །སྔོན་རྗེ་ཟུར་ཆུང་བ་ལ་རྨ་ཐོག་བྱང་འབར་གྱིས་རྩོད་པ་ན། ཁྱོད་རྫོགས་ཆེན་པ་བྱ་བ་སྒོམ་རང་བྱེད་ཀྱི་ཡོད་པ་འདྲ་བྱས་པས། འོང་དམིགས་པ་གང་ལ་གཏད་འདུག་གསུངས། འོ་ན་མི་སྒོམ་མམ་བྱས་པས། །འོ་ང་གང་ལ་ཡེངས་འདུག་གསུངས། །དེ་ལྟ་བུ་གཅིག་དགོས་པ་ལགས། །རྫོགས་ཆེན་གུ་རུ་བཞི་པ་ལས། །སྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་སྒོམ་དོན་དང་མི་འབྲལ་བ། །ཞེས་པ་གང་ཤར་སྒོམ་ཡིན་པས་ན། བློ་བཅོས་པའི་བསྒོམ་རྒྱུ་མེད་པས་སྒོམ་མ་མྱོང་། ཡེངས་ན་དོན་མེད་འཆལ་པ་ཡིན་པས་རང་ཐོག་ཏུ་འཇོག་པ་དེ་དང་འབྲལ་མ་མྱོང་། མི་སྒོམ་པའི་དོན་དེ་ལྟ་བུ་དང་རྒྱུན་དུ་མི་འབྲལ་བ་གྱིས་ཞེས་པའི་དོན་ཏེ། འདི་ལ་དབང་པོའི་ཁྱད་པར་གྱིས་ཞག་བདུན་ཅུ་བཞི་དང་ཟླ་བ་གཅིག་ནས་ཆེད་འཛིན་གྱིས་མ་ཡེངས་པ་དེ་མི་
༢༨༨དགོས་པར་གང་ཤར་རྩོལ་མེད་དུ་འཇོག་ཐུབ་པ་ཞིག་ཡོང་། འདི་ལ་རྫོགས་ཆེན་པ་ཡེ་གྲོལ་ཀློང་ཡངས་ཀྱི་དགོངས་པ་ཟེར། ཕྱག་རྒྱ་ཆེན་པོ་རང་གསལ་གྱི་དྲན་པ་ཟེར་བར་གདའ། དེའི་རྒྱུན་བར་མ་ཆད་པར་བསྐྱངས་པས། རྣམ་པ་ཐ་མལ་གྱི་ཤེས་པ་འཇིག་རྟེན་པའི་རྣམ་རྟོག་རང་ག་མ་དང་ཁྱད་པར་སྤུ་ཙམ་ཡང་མེད་ལ། ངོ་བོ་དེར་འཛིན་མེད་པའི་ས་ལེ་ཏྲིག་གེ་བ་མཉམ་གཞག་ཡུལ་ཕུད། རྗེས་ཐོབ་རྐང་སྟོང་། བག་ཆགས་གཡའ་དག་པའི་ཤེས་པ་ངོས་བཟུང་དང་བྲལ་ཀྱང་རྣམ་རྟོག་ལྟར་སྣང་བ་ཞིག་ཡོད། དེ་ཆོས་སྐུ་དངོས་ཡིན། རྫོགས་ཆེན་སེམས་ཕྱོགས་པས། རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། བྱ་བའང་འདི་ལ་ཟེར་ཏེ། དེང་སང་ནི་སྒོམ་ཆེན་པ་ཚོ་འདིའི་ཟུར་ཐོས་ན་སྙིང་འགས་ལ་ཐུག་པ་ཙམ་བྱེད་ཀྱིན་གདའ་སྟེ། གྲུབ་ཆེན་མི་ཏྲ་ཛོ་ཀིས། ཅིར་སྣང་རང་སོར་བཞག་ན་བྱ་བྲལ་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལགས། དེ་ལྟར་འཛིན་པའི་རྣམ་རྟོག་རང་གིས་རང་གྲོལ་བས་ན། ཕྱི་གཟུང་བའི་ཡུལ་གཟུགས་སྒྲ་ལ་སོགས་པ་དག་ཀྱང་རང་གྲོལ་ལ་ཤུགས་ཀྱིས་འགྲོ་སྟེ་མིག་གི་ཡུལ་དུ་གཟུགས་ལེགས་ཉེས། རྣ་བའི་ཡུལ་དུ་སྒྲ་སྙན་མི་སྙན། སྣ་ལ་དྲི་ཞིམ་མི་ཞིམ། ལྕེ་ལ་རོ་ཞིམ་མངར། ལུས་ལ་རེག་བྱ་འཇམ་རྩུབ། སེམས་བདེ་སྡུག །ཆགས་སྡང་། དགྲ་གཉེན། ས་ཆུ་མེ་རླུང་ལ་སོགས་པ་མདོར་ན་གང་ཤར་གང་སྣང་དེ་ཁ་ལ་བཟོ་བཅོས་མེད་པར་འཇོག་པ་ཡིན་ཏེ། རྫོགས་ཆེན་ལས། སྒོ་ལྔའི་རྣམ་ཤེས་གསལ་བ་ལ། །ཡིད་ཀྱི་ཞེན་རྟོག་མ་ཞུགས་ན། །རྒྱལ་བའི་དགོངས་པ་དེ་ག་རང་། །ཞེས་དང་། ཞི་བྱེད་པས། དོན་གོ་རྟོག་པའི་མཚང་རིག་ན། །རྣམ་རྟོག་ཤར་ཆེ་གནས་པ་ཆེ། །ཉོན་མོངས་རགས་ཆེ་ཡེ་ཤེས་གསལ། །ཅེས་བཞེད་དོ། །དེ་བས་ན་རྫོགས་ཆེན་གྱི་དགོངས་པ་ནི། གང་ཤར་དེ་སྤོང་ཡང་མི་སྤོང་། དེའི་རྗེས་སུ་ཡང་མི་འབྲིང་། དེ་ག་ལ་བཅས་བཅོས་མི་བྱེད་པར་འཇོག་པ་འདི་ཀ་ཡིན་ནོ། །དེ་ཡིན་
༢༨༩པས་དེ་ལ་སྤང་བྱ་མེད། གཉེན་པོ་མེད། དགག་སྒྲུབ་བླང་དོར་ལ་སོགས་པ་བློས་བྱས་ཀྱི་ཆོས་གང་ཡང་མེད་པས་ན། བློ་འདས་ཆོས་སྐུ་དེ་བཞིན་ཉིད་ཅེས་པའང་དེ་ཡིན། །དེ་དག་ནི་དབང་པོ་རབ་ཀྱི་དབང་དུ་བྱས་པ་ཡིན་པས། རབ་ཀྱི་རབ་འབྲིང་ཐ་གསུམ་ལ་སོ་སོའི་བློ་ནུས་དང་སྦྱར་ཏེ་ཁྲིད་པར་བྱའོ། །ད་ནི་དབང་པོ་འབྲིང་གསུམ་ཞི་ལྷག་ཟུང་འབྲེལ་གྱི་སྒོ་ནས་ཁྲིད་པར་བྱ་སྟེ། དེ་ཡང་ཀུན་བཟང་དགོངས་འདུས་ལས། །ཞིར་མ་གནས་ན་ལྷག་མི་མཐོང་། །ལྷག་གེར་མ་མཐོང་ཞི་མི་གནས། །ཞེས་གསུངས་པས། དེ་གཉིས་དུས་མཉམ་དུ་འོང་བ་ཞིག་བྱེད་དགོས་ལ། དེའི་དཔེ་ཡང་། །བྱ་མེད་སྒོ་ང་གང་ལས་བྱུང་། །སྒོང་མེད་བྱ་དེ་གང་ལས་བྱུང་། །བྱ་དང་སྒོ་ང་གང་སྔའོ། །ཞེས་པས། སྔ་ཕྱི་མེད་པས་དུས་མཉམ་པ་དགོས་པ་བྱུང་། དེ་ལ་རྒྱལ་བ་ཡང་དགོན་པའི་མགུར་ལས། ཆོས་རྫོགས་ཆེན་ཟེར་བའི་སྒྲ་བོ་ཆེ། །སྤྲང་གོ་བའི་ལེན་ཕྱོགས་ཀྱང་དེ་ལ་བགྱིས། །གཅིག་ཆར་གྱི་རྟོགས་པའང་དེ་ལས་འཁྲུངས། །ཞེས་ཁོང་གི་རྟོགས་པ་རྫོགས་ཆེན་ལས་འཁྲུངས་པར་བཞེད་ལ། རྗེ་དེས་ཇི་ལྟར་བསྒོམ་པ་ནི། མགུར་ལས། །ཡེ་བ་སྒོམ་ལ་བློ་ཡིས་མ་བསྒོམ་མཛོད། །རང་བབ་ལ་བཟོ་ཡིས་མ་བཅོས་མཛོད། །བློ་རྟོག་པ་ལ་སྐྱོན་དུ་མི་བལྟ་ཞིང་། །མི་རྟོག་པ་ཆེད་དུ་མ་བསྒོམ་པར། །སེམས་རང་ལུགས་སུ་ཞོག་ལ་རྒྱང་སོ་ཚུགས། །སྒོམ་ཞི་གནས་ཀྱི་མཐིལ་དུ་ཕེབས་འདི་ལ་དྲན་བསླེབ་ན་ཞིང་ལྷག་ཟུང་འབྲེལ་ཡིན། པ་ཞིག་འོང་གི །ཞེས་པ་གོ་སླ་ལ། དེ་ཀ་ལྟར་གོམས་འདྲིས་བྱེད་དུ་བཅུག་ལ་གཉུག་བསྲིངས་པས་ཇི་ཞིག་ན་འགྱུ་བ་ཇེ་ཉུང་ལ་སོང་། སེམས་ཀྱི་གནས་པ་ཇེ་བརྟན་པ་འགྲོ། ཞི་གནས་འཐུག་པོ་འདོད་ན་དེ་ཀའི་རྒྱུན་བསྐྱངས་ནས་བསྒོམས་པས། རྣམ་རྟོག་ཕྲ་རགས་འགག་ཏེ་ཏིང་ངེ་འཛིན་གྱི་ངོ་བོ་གང་དུ་ཡང་མ་གྲུབ་པའི་སྟོང་པ། གསལ་ལ་རྟོག་པ་མེད་པར་ལུས་སེམས་ཡོད་དུ་མི་ཚོར་ལ། ཏིང་ངེ་འཛིན་དེ་དང་འབྲལ་མི་
༢༩༠ཕོད་པའི་བདེ་ཉམས་ཅན་ཅིག་འཆར། མུ་མཐུད་ནས་བསྒོམ་པས་སྤྱན་ལྔ་དང་། མངོན་པར་ཤེས་པའི་ཡོན་ཏན་ཀྱང་འབྱུང་སྟེ་བསམ་གཏན་ཟེར་བ་ཡིན། བསྒོམ་ན་འཕར་བས་བསམ་གཏན་བཞི་དང་སྐྱེ་མཆེད་མུ་བཞིའི་སེམས་གནས་རྩེ་གཅིག་པ་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པར་དགུ་ཟེར། དགུ་པོ་འདི་མུ་སྟེགས་ལའང་ཡོད་པས་ཕྱི་ནང་ཐུན་མོང་གི་ལམ་ཡིན་ཀྱང་རྣམ་རྟོག་འཕྲོ་དྲགས་ནས་ཁ་བྲི་མ་ཐུབ་པ་དེ་ལ་ཞི་གནས་དགོས་པ་བྱུང་བས་ན་ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། ཉོན་མོངས་རྣམ་པར་སྤོང་བ་ཤེས་བྱས་ནས། ཐོག་མར་ཞི་གནས་བཙལ་བྱ་ཞེས་སོགས་གསུངས་པ་ཡིན། ལྷག་མཐོང་མེད་ན་འདིས་ས་ལམ་མི་བགྲོད་པས་སེམས་ཀྱི་གནས་པ་ཆ་ཙམ་རྙེད་དམ་རྣམ་རྟོག་འདི་མ་འཕྲོས་ན་དགའ་བ་སྙམ་པའི་དུས་དེར། རྣམ་རྟོག་དེ་རང་ངོ་ཤེས་ཙམ་བྱས་ལ་ཁོ་རང་གི་ངོ་བོ་ལ་བལྟས་པས་ཡལ་ཏེ། གནས་པ་དང་གཅིག་ཏུ་སོང་བ་ནི་ཞི་ལྷག་ཟུང་འབྲེལ་བྱ་བ་ཡིན། དྭགས་པོ་བཀའ་བརྒྱུད་པ་གནས་འགྱུའི་བར་ལག་འགྱེལ་བ་ཟེར། ངོ་བོ་བློས་བྱས་པའི་སྒོམ་ཡིན། འདི་ལ་ངོ་ཤེས་ཀྱི་དྲན་པ་དང་མ་བྲལ་བ་དགོས་པས་བཀའ་བརྒྱུད་པ་སྟོང་ཉིད་གཟུང་དྲན་ཟེར། འདི་ཀ་རྒྱུན་བསྐྱངས་ནས་བསྒོམས་པས། གཟུང་དྲན་དེ་རང་གསལ་གྱི་དྲན་པ་རུ་འགྲོ། མ་ཡེངས་པ་རང་བྱས་ན་འདི་ཡང་ཁ་གཟེ་མོ་ཞིག་ཡིན་ཏེ། ཟླ་བ་གཅིག་ཙམ་ནས་ཉིན་སྣང་འདྲེ་ཐུབ། རྒྱལ་བ་རྒོད་ཚང་པས། སྣང་བ་ཐམས་ཅད་སྟོང་པར་ཡང་མི་བསྒོམ། མི་སྟོང་པར་ཡང་མི་བསྒོམ། གང་ཤར་དེ་ལ་དྲན་པས་གཟུང་ན་ཟླ་བ་གཅིག་རང་གིས་ཆོག་སྟེ། སྤྲོས་བྲལ་དང་པོ་རང་གནས་འོང་། །ཞེས་གསུངས། ཧྲིལ་བསྒྲིལ་ན། སྔར་གྱི་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་རང་ངོ་ཤེས་པས་ཞི་ལྷག་ཟུང་འབྲེལ་ལམ། ཕྱག་རྒྱ་ཆེན་པོའམ། རྫོགས་པ་ཆེན་པོ་ཞེས་ཟེར་ཏེ། སྔར་གྱི་མགུང་དེའི་འཕྲོ་ལས། བློ་རྟོག་པ་འགྱུ་བ་གནས་ལུགས་ཀྱི་སྒོ། །རང་ངོ་
༢༩༡ཤེས་པ་ཉམས་ལེན་གྱི་གནད། ཞེས་གསུངས་པ་ལ་འདུའོ། འདི་ལ་འབྲིང་གི་འབྲིང་། ཐ་མ་གཉིས་ཀྱིས་རྣམ་རྟོག་རང་ག་མ་དེ་སྒོམ་ཡིན་པར་ཡིད་ལ་མ་འབྱེད་ན། རྣམ་རྟོག་གང་ཤར་དེ་ལ་བལྟས་པས། གང་ཤར་ཐམས་ཅད་སྟོང་པར་ཡལ། ཡལ་བ་དེའི་ངང་ནས་གཅིག་སྟེང་ལ་གཅིག་འཆར། དེ་ལ་ཡང་བལྟས་པས་སྔར་ལྟར་ཡལ། དེ་ཀ་རྒྱུན་སྐྱོང་བ་ཡིན་ཏེ། མགུར་ལས། སེམས་ངོས་བཟུང་མེད་པ་སྟོང་པའི་དབྱིངས། །སྣ་ཚོགས་སུ་འཆར་བ་རིག་པའི་སྒོ། བློ་བྲལ་གྱི་གསལ་སྟོང་རྗེན་པ་འདི་ལ། །ངང་ལ་བཞག་གི་ན་དབྱིངས་ལ་ལྟོས་དང་། །སྒོམ་ལྷག་མཐོང་གི་མཐིལ་དུ་ཕེབས་པ་ཞིག་འོང་གི །ཞེས་གསུངས་པ་བཞིན་བྱེད་དུ་འཇུག །འདི་ན་མི་ཏྲ་ཛོ་ཀའི་གསུང་གིས། གང་ཤར་ངོ་ཡིས་བཟུང་ན་རིག་པ་རང་སར་གྲོལ། །ཞེས་པས། ལས་སླ་ལ་འཆུན་ཆེ་བ་ཞིག་ཡིན་ནོ། །རབ་འབྲིང་གསུམ་གའི་ཐུན་མོང་དུ་བསྒོམ་ལུགས་ནི། མགུར་ལས། །མ་ཡེངས་པའི་དྲན་པ་སོ་མ་ཤོར། །མ་བསྒོམ་པའི་གནས་ལུགས་བཟོ་མ་བྱས། །བསམ་མེད་ཀྱི་རིག་པ་སྨྲ་མ་འདོད། །རྟག་ཆད་ཀྱིས་མ་བསླད་ཁ་ཡན་དུ་སྐྱོང་དང་། །བསྒོམ་ཞི་ལྷག་ཟུང་དུ་ཆུག་པ་ཞིག་འོང་གི །ཞེས་གསུངས་པ་གོ་སླ་ཡང་། དྲན་པ་མ་ཡེངས་པས་གང་ཤར་ལ་བཟོ་བཅོས་མི་བྱེད། །ཤར་ཡང་ཡོད་པར་མི་བལྟ། །ཡལ་ཀྱང་མེད་པར་མི་འཛིན། རྣམ་རྟོག་གི་སྣ་མི་བསྐྱིལ་བར་འཕྲོ་རུ་བཅུག་ནས་ངོ་ཤེས་ཙམ་བྱེད་པའོ། །རྫོགས་ཆེན་སེམས་སྡེ་ལས། །གདོད་ནས་དག་པ་དབྱིངས་ཀྱི་ངང་ཉིད་ནས། །རིག་པ་ཐོལ་སྐྱེས་སྐད་ཅིག་དྲན་པ་དེ། །རྒྱ་མཚོའི་གཏིང་ནས་ནོར་བུ་རྙེད་པ་འདྲ། །སུས་ཀྱང་མ་བཅོས་མ་བྱས་ཆོས་ཀྱི་སྐུ། །ཞེས་གསུངས་པ་ལྟར་ངོ་སྤྲད་དོ། །ད་ནི་དབང་པོ་ཐ་མ་གསུམ་ལ་ཕལ་ཆེར་ལྷག་མཐོང་ལ་ཡིད་མི་ཆེས། ཞི་གནས་གཤའ་མ་ཡང་སྐྱེར་མི་བཏུབ་སྟེ། རེས་བྱེད། རེས་
༢༩༢རྒོད་ནས་བསྒོམ་མི་འཆར་བས། སྔོན་འགྲོ་ཕྱིན་རྫོགས་པ་དང་། སྟན་བདེ་བ་ལ་རབ་རྡོ་རྗེ་སྐྱིལ་ཀྲུང་། དེ་མིན་སྐྱིལ་ཀྲུང་ཕལ་པ་བཅའ། སྒལ་ཚིག་བསྲང་ལ་ལག་པ་མཉམ་གཞག་བྱ། དཔུང་པ་ཡིད་ཙམ་ཕྱིར་དགྱེ། མགྲིན་པ་ཡིད་ཙམ་བཀུག་ལྕེ་ཡ་རྐན་ལ་སྦྱར། མིག་གཉིས་སྣ་རྩེ་ལ་བལྟ་བ་སྟེ་རྣམ་སྣང་ཆོས་བདུན་བྱ། རླུང་རོ་སྣ་བུག་གཡས་གཡོན་གཉིས་ནས་གསུམ་གསུམ་དང་། གཉིས་ཀ་ནས་གསུམ་སྟེ་དགུ་རྒྱང་རིང་དུ་བུས། སྤྱི་བོའི་སྙིང་གར་བླ་མ་བསྒོམས་ནས་གསོལ་བ་བཏབ། ལུས་སེམས་ལྷོད་ཅིང་ལྷོད་པའི་ངང་ནས། རྣམ་རྟོག་གང་ཤར་དེ་ཀ་ལ་བལྟས་ནས་དེ་རང་གི་ཐོག་ཏུ་ལྷོད་ཀྱིས་གློད། ཡང་ཤར་བ་དེའི་ཐོག་ཏུ་སྔར་ལྟར་སློད། ཡལ་ནས་སྟོང་པར་སོང་བ་དེས་དགའ་བྲོད་མི་བྱ། རྣམ་རྟོག་མང་པོར་སོང་བ་ལ་སྐྱོན་དུ་མི་བལྟ། བསྒོམ་ཡོང་དུ་རེ་བ་དང་། མ་བྱུང་གི་དོགས་པ་གཉིས་ཀ་མི་བྱ། གང་ཤར་གྱི་སྟེང་དུ་ལྷོད་དེ་འཇོག །གློད་དྲག་པ་རྣམ་རྟོག་མེད་པའི་མི་རྟོག་པ་འདྲ་མོ་འགྱུ་དྲན་གང་ཡང་མེད་པ་ཞིག་འོང་བས། དེ་དྲན་པས་ཧྲིལ་གྱིས་བསྒྲིམས་ཏེ་ངོ་ཤེས་པ་མ་བྱས་ན། རང་གིས་མི་ཚོར་ལ་རྟོག་པ་འོག་འགྱུ་ཕུབ་མའི་འོག་གི་ཆུ་དོང་ལྟ་བུ་གཅིག་ཡོང་། དེས་འཕྲལ་དུ་མི་གནོད་པ་ལྟར་ལ་ཕུགས་སུ་ཁོ་རྒྱས་ནས་བསྒོམ་ཡོང་དུ་མི་སྟེར་བས་བསྒྲིམ་དགོས། རྟོག་པ་ཁ་འགྱུ་ནི་ངོས་ཟིན་པའི་འགྱུ་དྲན་གཙོ་བོ་ཡིན་པས་དེའི་ཐོག་ཏུ་གློད་ནས་འཇོག །ཇེ་ཞིག་ནས་རྣམ་རྟོག་མང་དུ་སོང་བས་རང་ཚིག་པ་ཟ། ང་ལ་བསྒོམ་མི་འོང་བ་འདུག་སྙམ་དུ་འོང་སྟེ་སྐྱོན་མེད། ཉམས་དང་པོ་རི་གཟར་གྱི་ཆུ་ལྟ་བུ་བྱ་བ་དེ་དེ་ཡིན། བཀའ་བརྒྱུད་པ་རྩེ་གཅིག་རྟོག་པའི་རྦ་ལ་གཡེང་ཟེར་ཏེ་རྩེ་གཅིག་ཆུང་ངུའི་སྐབས་ཡིན། དེ་ཀ་ལ་བསྲན་སྐྱེད་དེ་མཐུད་པས་སྐབས་རེ་འདུག །སྐབས་རེ་མི་གནས་པས་ན་བྱེའུ་ཙི་ཏི་མུ་ཆུ་ལ་རེས་འཛུལ་རེས་ཐོན། སྐབས་རེ་རྡོ་སྟེང་དུ་བག་རེ་སྡོད་པ་དང་འདྲ། ཉམས་
༢༩༣གཉིས་པའི་སྐྱེ་ལུགས་ཡིན། ཡང་མུ་མཐུད་པས་རེ་ཞིག་ན་སྐབས་རེ་འཕྲོ། ཤས་ཆེར་གནས་པ་འདྲ་ཞིག་འོང་། དཔེ་རྒན་པོ་དང་འདྲ་སྟེ་གནས་པ་ཤས་ཆེ། ཉམས་གསུམ་པའི་སྐྱེ་ཚུལ་ཡིན། ཡང་རྒྱུན་མཐུད་པའི་ར་ཞིག་ན་སྦུབས་ནང་ངམ་ཡུར་བའི་ཆུ་ལྟར་འགྲོ་བ་མི་མངོན་པར་འོང་། འདི་དུས་ཀྱང་དྲན་པ་ཅུང་ཟད་བསྒྲིམ་དགོས། ཉམས་བཞི་པའི་སྐྱེ་ལུགས་ཡིན། དེའི་རྒྱུན་མཐུད་པས། ཇེ་ཞིག་ན་ཉིད་སེམས་གང་དུའང་མི་འཕྲོ་བར་ཉིན་མཚན་ཀུན་ཏུ་གནས་པ་ཟས་སྐོམ་དང་གོས་ཀྱི་སྲེད་པ་ཡང་མི་འབྱུང་ཞིང་། གཡོ་འགུལ་མེད་པར་ཞག་དང་ཟླ་བ་སྤྲེལ་བར་གནས་པས་དཔེ་རི་བོ་ལྟ་བུ་སྟེ། འདི་ཉེས་ནས་ཁ་ཐལ་ན་ཉན་ཐོས་འགོག་པར་འགྲོ། ལེགས་ན་ལུས་ཤིན་ཏུ་སྦྱངས་པ་ཐོབ་ནས་ཞི་གནས་ཕུལ་དུ་ཕྱིན་པ་ཡིན། ཉམས་ལྔ་པའི་སྐྱེ་ལུགས་ཡིན་ནོ། །འདི་དག་ཀྱང་ཕལ་ཆེ་བའི་དབང་དུ་བྱས་ཀྱིས། གང་ཟག་སོ་སོའི་རྩ་ཁམས་དང་དབང་པོའི་རིམ་པས་མཐའ་གཅིག་ཏུ་མ་ངེས་པ་ཡང་སྲིད་དོ། །དེ་ཚོ་དབང་པོ་ཐ་མའི་རབ་ལ་རིམ་པས་ཡོད་མོད་ཀྱི་འབྲིང་ཐ་གཉིས་ལ་གནས་པ་སྐྱེ་དཀའ་བའི། ལུས་གནད་སྔར་ལྟར་ལ་མདུན་དུ་སྨིན་མཚམས་ཀྱི་ཐད། འདོམ་གང་ཙམ་གྱི་སར་ཤིང་བུ་གཅིག་བཙུགས་ལ། དེ་ལ་ཡིད་མིག་རླུང་གསུམ་དྲིལ་ལ་གཏད་དེ། སེམས་མི་འཕྲོ་བའི་རྟེན་ཙམ་དུ་བྱས་ལ། བསྒྲིམ་དྲགས་ན་སུན་སྐྱེན། ལྷོད་དྲགས་ན་སྒོམ་འཆོར་བས་ཐུན་ཆུང་ལ་གྲངས་མང་བ་བྱ། དེ་ནས་རིམ་པས་ཐུན་ཆེ་ལ་གྲངས་ཉུང་དུ་བཏང་། སེམས་གནས་སུ་སོང་བ་དང་ཤིང་བུ་དེའི་རྩེ་མོར་ཨ་དཀར་པོ་གཅིག་བསམ་ལ་སྔར་བཞིན་བསྒོམ། དེ་ནས་ཐིག་ལེ་དཀར་པོ་དང་སེར་པོ་ལ་སོགས་པ་རིམ་པས་སྤོ་ཞིང་དམིགས་རྟེན་རེ་ལ་ཞག་གཅིག་གམ་གསུམ་ལ་སོགས་པ་མ་སུན་པར་བྱས་ལ་ཅི་རིགས་སུ་བསྒོམ། ཤིང་བུའི་མལ་ན་རྡེའུ་གཅིག་བཞག་ལ་སྔར་ལྟར་རིམ་པས་བསྒོམ། དེ་ནས་རང་གི་ལུས་ཀྱི་གནས་
༢༩༤གསུམ་དང་། ནང་གི་མགྲིན་པ་དང་། སྙིང་ཁ་ལ་སོགས་པ་ཡིག་འབྲུ་དང་ཐིག་ལེ་སོགས་གང་རེད་ལ་དམིགས་རྟེན་བཅས་ཏེ་བསྒོམ་པས། རིམ་གྱིས་གནས་པ་བརྟན་པར་འགྱུར་རོ། །ཧྲིལ་དྲིལ་བས་རིམ་པས་གོམས་སུ་འཇུག་རྒྱུ་ཡིན་པས། དཔོན་སློབ་གཉིས་ཀས་ངང་བསྲིང་ནས། དལ་བུས་སློབ་ཅིང་མ་སུན་པར་བྱེད་པ་གནད་ཆེའོ། །ཞི་གནས་ཀྱི་སྐབས་འདིར། སྡུག་བཙིར་དུ་མ་སོང་བར་སྔར་གྱི་འཇོག་ལུགས་ལ་མ་ཡེངས་པ་རལ་སྐོར་མཁན་གཡུལ་དུ་ཞུགས་པ་ལྟ་བུ་བྱ། ཞེས་པ་ནི། རྒྱལ་པོའི་མདའ་མཁན་དང་རལ་སྐོར་མཁན་གཉིས་ཀྱི་བར་དུ་དངོས་པོ་སྤུངས་ནས་ད་སྟེ་ཉི་མ་གསུམ་གྱི་བར་དུ་རལ་སྐོར་གྱིས་ལ་མདའ་རྒྱོབ་ཅིག །མདའ་ཕོག་ན་དངོས་པོ་འདི་རྣམས་མདའ་མཁན་ཁྱེར། མ་ཕོག་ན་རལ་སྐོར་མཁན་ཁྱེར་ཅིག་བྱས་པས་ཉི་མ་དང་པོ་ལ་མདའ་འཕངས་ཚད་རལ་སྐོར་མཁན་གྱི་རལ་གྲི་ལ་ཕོག་ནས་ཁྱེར་སོང་། མདའ་མཁན་གྱི་ཆུང་མས་མདའ་ཕོག་གམ་བྱས་པས། མདའ་འཕངས་ཚད་རལ་གྲིས་བླངས་ནས་མ་ཕོག་ཟེར། མོ་ན་རེ། ཐབས་ཡོད་ཀྱིས་སང་མདའ་འཕངས་ཤིག་ཟེར་ནས་སང་ཉིན་མོས་ཁྲུས་བྱས། རྒྱན་གདགས་ཏེ། ཁོང་གཉིས་ཀྱི་ཐད་ནས་ཕར་འགྲོ་ཚུར་འགྲོ་མང་པོ་བྱས་པས་རལ་སྐོར་མཁན་མོ་ལ་མིག་ཡེངས་ནས་མདའ་ཕོག་སྟེ། དེར་རལ་སྐོར་མཁན་ན་རེ། མདའ་ཡིས་མ་ལེན་ཡེངས་པས་ལེན། །ཕྱིན་ཆད་རལ་སྐོར་མཁན་པོ་ཀུན། །སྐད་ཅིག་ཙམ་ཡང་མ་ཡེངས་ཤིག །ཡེངས་ན་ང་བཞིན་སྲོག་དང་འབྲལ། ཟེར་ནས་ཤིའོ། །དཔེ་དེ་བཞིན་མ་ཡེངས་པ་རང་གལ་ཆེའོ། །ད་ནི་ལྷག་མཐོང་བསྟན་ཏེ། ལྷག་མཐོང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ཡིན་པས། འདི་མེད་ནས་ལམ་མི་བགྲོད་པ་ནི། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདིས། །དམིགས་བུ་མེད་པས་བྱང་ཆུབ་རིག་པར་ནུས་མ་ཡིན། ཞེས་གསུངས་ལ། རྗེ་བཙུན་མི་ལ་ལ། རྗེ་སྒམ་པོ་པས་བདག་གིས་མཉམ་གཞག་གིས་ཞག་བདུན་ཐུབ་པ་བྱུང་། དེ་ལ་
༢༩༥བཀའ་གདམས་པ་ཀུན་སྒོམ་བཟང་པོ་བྱེད་ཀྱིན་གདའ་ཞུས་པས། ཧ་ཧ་ཞེས་བཞད་མོ་ཆེན་པོ་མཛད་དེ། དེ་སྒོམ་ཡིན་ན་དང་། བསམ་གཏན་བཞི་པོའི་ལྷ་ཚོའི་དེ་ཡང་ཡིན་ཏེ། དེས་མ་བཏུབ། ཁྱོད་དང་ང་འཕྲད་པས་འཆོག་མ་འཕྲད་ན་ལྷ་རུ་སྐྱེ་བ་ཡིན་གསུངས། མགུར་གཞན་དུ། །མ་གི་ཤེད་ཡི་དྭགས་བསེ་རག་པ། །ཚེ་སྔོན་སྦྱིན་པ་མ་བཏང་བས། །ཞིམ་མངར་གྱི་ཟས་ལ་དགྲ་རུ་བལྟ། །སྙོམས་འཇུག་དྲན་མེད་བསྒོམ་དུ་འདོད། །ཞེས་དགག་བྱར་མཛད་དོ། །ལྷག་མཐོང་དེ་ལ་ཡང་གསུམ་སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ལྷག་མཐོང་ཞེས་པ་ནི་མདོ་སྔགས་ཐམས་ཅད་ཀྱི་དགོངས་དོན་གང་ཡིན་པའི་ལྷག་མཐོང་ཕྱིན་ཅི་མ་ལོག་པ་ཤེས་པ་ལ་ཟེར། སེམས་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་ཇི་ལྟ་བར་ཤེས་པའི་ལྷག་མཐོང་ཞེས་པ་ད་ལྟ་རང་རེ་ཚོས་བསྟན་ནས་བསྒོམ་པ་འདི་ཡིན། །འདི་གོམས་པས་སེམས་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་ཕྱིན་ཅི་མ་ལོག་པར་མངོན་དུ་གྱུར་པའི་ལྷག་མཐོང་། འབྲས་བུ་སངས་རྒྱས་ཐོབ་པའི་དུས་དེར་འབྱུང་བ་ཡིན་པར་གདའ། ད་ཞི་གནས་ཀྱི་སྐབས་ལྟར་རྣམ་རྟོག་མཉམ་གཞག་ཏུ་འདུག་ཀྱང་། དེ་ངོ་ཤེས་ཙམ་ལ་བཞག་པས་ཆོག །རྣམ་རྟོག་སྣ་ཚོགས་སུ་འགྱུ་ན་ཡང་དེ་ངོ་ཤེས་ཙམ་གྱི་ངང་དུ་འཇོག །མདོར་ན་གང་ཤར་གང་བྱུང་ངོ་ཤེས་ཙམ་གྱི་ངང་ལ་འཇོག་པ་འདི་ཀ་ཡིན། བསྒོམ་ནས་བསྒོམ་རྒྱུ་ཅི་ཡང་མེད་དོ། །སེམས་ཕྱོགས་ཀྱི་ལུང་རབ་གསལ་ལས་ཀྱང་། །འདི་བྲལ་རྣལ་འབྱོར་སྤུན་པ་པོ། །ཇི་ལྟར་འབད་རྩོལ་བརྩོན་བྱས་ཀྱང་། །འཁོར་བའི་འབྲས་བུ་ཉིད་འགྱུར་ཏེ། །རང་གཤིས་གནས་སུ་མ་ཕྱིན་པས། །རྩོལ་བས་ཐང་ཆད་སྡུག་བསྔལ་ལ། །བདེ་ཆེན་སྙིང་པོ་སྲོག་དང་བྲལ། །དེ་ལས་ངེས་པར་སྐྱོབས་པའི་ཐབས། །གྲངས་དང་རྩོལ་བའི་སྲུང་ཐབས་མིན། །དྲི་ཐོམ་ངང་དུ་གསོ་མ་ཤོར། །ཡིན་དོན་རྟོགས་སོ་མ་འདས་ཙམ། །འཁྲུལ་སྣང་འཛིན་པ་བཟློག་སྤང་མིན། །མི་མཐུན་པ་ཉིད་གཉེན་པོར་རྫོགས། །ཞེས་པས། ཏིང་
༢༩༦ངེ་འཛིན་གྱི་མི་མཐུན་ཕྱོགས་ནི་རྣམ་རྟོག་ཡིན། དེ་སྤངས་མི་དགོས་པ་ཁོ་རེའི་ཐོག་ཏུ་ཁོ་རང་བཞག་པས་རང་དག་ལ་འགྲོ་བ་ཡིན་ནོ། །དབང་པོ་ཐ་མའི་ཐ་མས་དེ་ལྟར་བྱས་ཀྱང་སེམས་ལས་སུ་མ་རུང་ན་རྣམ་རྟོག་གང་སྐྱེས་དེ་ངོས་བཟུང་ནས་དེ་ཇི་ལྟར་འདུག་དང་ག་རུ་འགྲོ་བ་བལྟས་པས་རང་དག་ལ་འགྲོ་ཞིང་། དེའི་རྒྱུན་བསྐྱངས་པས་ཕྱིས་ཆེད་དུ་རྩད་གཅོད་མི་དགོས་པར་རྣམ་རྟོག་ཁོ་རས་ཁོ་རང་གྲོལ་བར་བྱེད་དེ་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འགྱུ་བའི་རྩ་བརྡར་བཅད་ན་དྲན་ཐོག་དབྱིངས་སུ་ཡལ། །ཞེས་པའི་དོན་ཏོ། །སྤྱིར་ན་ཐ་མལ་གྱི་ཤེས་པ་ཞེས་བྱ་བ་རྣམ་རྟོག་གང་ཤར་གྱི་ངོ་བོ་ལ་བཟོ་བཅོས་མི་བྱེད་པ་འདི་ལ་མ་ཡེངས་ན་དེ་གཅིག་པོས་ཆོག་སྟེ། དབང་པོ་ཐ་མས་དེ་ལྟར་མི་ཡོང་བས་རྩོལ་བཅས་ཀྱི་མཉམ་གཞག་སྐྱོང་བ་ཡིན། རྣམ་རྟོག་གང་ཤར་ལ་བལྟས་ཀྱང་ཞི་མ་ནུས་པར་འཕྲོ་དྲགས་ན་ལུས་གནད་བཤིག་འཕྲོ་མཁན་ཁོ་འཕྲོ་རུ་རང་བཅུག་ནས་ཁོའི་ངང་དེ་ལ་བལྟས་པས་ཞི་མལ་གྱིས་འགྲོ། འཕྲོ་བ་དང་གནས་པ་གཉིས་ཀ་སེམས་ཡིན་པས་རང་མལ་དུ་གཅིག་ཏུ་འགྱུར་ཏེ། བསྒོམ་བསྲན་བསྐྱེད་པས་གདིང་ཚུགས་པར་འགྱུར་རོ། །དེ་ཡང་། ཇི་ལྟར་གཟིང་ནས་འཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཞེས་པའི་དཔེ་ཡིས་སྟོན་པས། རྒྱ་མཚོའི་གཟིང་གི་བྱ་རོག་དེ་རི་དང་ཆུ་སྲིན་བརྟག་པའི་ཕྱིར་དུ་གསོ་དགོས་ལ། དེ་འཛམ་བུའི་གླིང་དང་ཐག་ཉེ་སར་རྐང་པར་ལྕགས་ཐག་ཕྲ་མོས་མ་བཏགས་ན་བྲོས་འགྲོ་ཞིང་། རྒྱ་མཚོའི་དབུས་སུ་སླེབས་པ་ན་གང་ཡང་མི་དགོས་ཏེ། ཡར་འཕུར་བས་ནི་གནམ་ལས་མ་འདས། །ཕར་ཚུར་ལ་ནི་བར་སྣང་ལས་མ་འདས། མར་ལ་ནི་ཆུ་ལས་མ་འདས་པས་ཡས་མར་ཕྱོགས་མཚམས་གང་ལ་འཕུར་ཀྱང་འགྲོ་ས་དང་སླེབ་ས་མ་རྙེད་པས། གཟིང་ལ་སྔར་ཤུལ་དུ་འབབ་པ་བཞིན་དུ། རྣམ་རྟོག་ཁོ་རང་འཕྲོ་རུང་སྟོང་པ། མི་འཕྲོ་རུང་སྟོང་པ། གནས་རུང་འགྱུ་རུང་སྟོང་པ་ལས་མ་འདས་པས། ཁོ་རང་
༢༩༧གང་ཟག་དེ་ཀའི་ངང་དུ་བབས་པས་དབང་པོ་ཐ་མས་ཀྱང་རབ་ཀྱི་སོར་འཇོག་ཏུ་འགྱུར་བས་ནན་ཏན་ལྟར་ཟབ་པས་ན་འདི་ལ་བསླབ་ན་ལེགས་སོ། །དེ་ལྟར་དབང་པོ་རབ་འབྲིང་ཐ་གསུམ་དགུ་ཕྲུགས་སུ་ཕྱེ་ནས་ཉམས་སུ་ལེན་ཚུལ་བསྟན་པ་སྟེ། སློབ་དཔོན་རྡོ་རྗེ་བཞད་པས་མཛད་པའི་རྫོགས་ཆེན་སྙན་བརྒྱུད་ཐུགས་ཀྱི་ཉིང་ཁུ་ལས། རབ་དབང་པོ་ལྟ་ཐོག་ནས་སྒོམ་ནུས། འབྲིང་སྒོམ་ཐོག་ནས་སྒོམ་ནུས་པ། །ཐ་མ་སྤྱོད་ཐོག་ནས་སྒྲུབ་ནུས་པའོ། །ཞེས་གསུངས་པའི་དགོངས་པའོ། །ཞེས་གསུངས་པའི་དགོངས་པའོ། །འདི་དག་གི་ལུང་རྒྱབ་དགོས་ན། རྒྱུད་ཀུན་བྱེད་རྒྱལ་པོ། སེམས་སྡེ་བཅོ་བརྒྱད་དང་། བདག་གིས་བྱས་པའི་ཁྲིད་རྒྱབ་ཆེ་ཆུང་གཉིས་བཤད། སྒོམ་ལ་སྙིང་རུས་བྱེད་དུ་བཅུག་སྟེ། ཆོས་ཟབ་ཀྱང་ཉམས་ལེན་མ་བསྒོམས་ན་གདམས་ངག་ཟབ་མོ་དཔེ་ཆའི་ལོགས་ལ་ལུས་ཟེར་བ་དེ་ཡིན་མོད། །ད་རེས་སྒོམ་རྒྱུད་ལ་ཐེབས་ཀྱང་དུས་རྒྱུན་དུ་མ་བསྒོམས་ན་བློ་དྲེད་ཆོས་དྲེད་ཉམས་ལེན་དྲེད་ནས་འཆི་དུས་སུ་མི་ཕན་པས་གཟབ་དགོས། རྒྱལ་བ་རྒོད་ཚང་སྲས་ཕྱི་མཚམས་རི་ཁྲོད་དུ་སྡོད་ཚུགས་པ། ནང་མཚམས་སྤྱིལ་པོར་སྡོད་ཚུགས་པ། གསང་མཚམས་མལ་དུ་སྡོད་ཚུགས་པ། གཉིས་མེད་ལྟ་བའི་སྟེང་དུ་སྡོད་ཚུགས་པ། ཡེངས་མེད་སྒོམ་པའི་སྟེང་དུ་སྡོད་ཚུགས་པ། ཆགས་མེད་སྤྱོད་པའི་སྟེང་དུ་སྡོད་ཚུགས་པ་དང་དྲུག་ཚང་དགོས་གསུངས། སྤྱིར་སྒོམ་ལ་ཕར་འཇུས་དང་ཚུར་འཇུས་གཉིས་ཡིན། སེམས་ལས་སུ་མ་རུང་བ་ལ་ཕར་འཇུག་བྱེད་དགོས་པས་དྲན་པ་དང་མི་བྲལ། དེ་ནས་རྣམ་རྟོག་ཁོ་རང་གི་ཚུར་འཇུས་གང་ཤར་ཐམས་ཅད་སྒོམ་དུ་འགྲོ་བ་ཡིན། དེ་ཡང་ཐ་མལ་གྱི་ཤེས་པ་ཁོ་རས་ཁོ་རང་ལ་འཛིན་པ་མེད་པའི་ངང་ལ་འགྲོ་བ་ཡིན་ནོ། །སྒོམ་ཆེན་པས་བསྒོམ་བཏང་ཡང་། སྒོམ་གྱིས་སྒོམ་ཆེན་པ་མི་གཏོང་བའི་དུས་ཟེར། དེ་ཡོད་བ་ལ་བར་མ་ཆད་དུ་བསྒོམ་དགོས། མ་བསྒོམ་ན་ད་ལྟ་ཉམས་མྱོང་ཕྲན་བུ་སྐྱེས་ཀྱང་ཡལ་འགྲོ་བས་སྒོམ་
༢༩༨འཇའ་ཚོན་མ་བྱ་བ་ཡིན། ལྕགས་ཀྱུ་མ་བྱ་བ་དྲན་པས་ཟིན་དུས་ཡོད་ལ། མ་ཟིན་ན་མེད་པ་ཡིན། དེ་ལ་མ་ཡེངས་པའི་བྱ་ར་བསྒྲིམ་དགོས། ཡ་བྲལ་མ་བྱ་བར་དྲན་པ་ཡོད་ལ་སྙིང་རྗེ་དང་མ་འབྲེལ་བ་ཡིན། དེ་ལ་ཐུན་མགོར་སེམས་ཅན་གྱི་དོན་དུ་བསྒོམ་མོ་སྙམ་པར་བྱ། ཐུན་མཐར་དགེ་བ་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐོབ་པར་གྱུར་ཅིག་པར་བསྔོ། ཨོ་རྒྱན་ཆེན་པོ་ནས། །སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ། །ཞེས་གསུངས་པས་གལ་ཤིན་ཏུ་ཆེ། བདག་མེད་མ་བྱ་བ་བསྒོམ་སྐྱེས་ནས་མ་བསྐྱངས་བར་བོར་བ་ལ་ཟེར། བློ་ནང་དུ་བཀུག་ནས་བསྒོམ་དུ་བཅུག །རེས་འཇོག་མ་བྱ་བ་རེས་བསྒོམ་ཡོང་། རེས་མི་ཡོང་བ་ཡིན། དེ་ལ་བྱུང་མ་བྱུང་ཁྱད་མེད་པའི་ཐོག་ཏུ་འཇོག་ཅིང་ཉམས་སུ་བླང་། འཁོར་ཡུག་མ་བྱ་བ་ཉིན་མོའི་དྲན་པ་མཚན་མོ་ཡང་ཡོང་བ་དེ་ཡིན། འདི་སྒོམ་གྱིས་ཚུར་འཇུག་པའི་དུས་དེ་ཡིན། རྣལ་འབྱོར་མཆོག་ཅེས་པ་རྫོགས་པ་ཆེན་པོ་བྱ་རྩོལ་དང་བྲལ་བའི་དུས་ཞེས་བྱ་བ་དེ་ཡིན། ཕྱག་རྒྱ་ཆེན་པོ་སྒོམ་མེད་ཟེར་བ་ཡིན་ནོ། །ཡང་གང་ཟག་རིགས་ཆད་ཅེས་པ་ཁྲེགས་ཆོད་དང་ཐོད་རྒལ་གྱི་སྣོད་དུ་མ་གྱུར་པ་དག་ཀྱང་ཡོད་པས། དེ་འདྲའི་རིགས་ལ་དབང་བསྐུར་རྩ་རླུང་སྦྱངས་ནས་ལས་ཀྱི་ཕྱག་རྒྱ་གཏད། དབང་པོ་གཉིས་སྦྱོར་གྱི་དགའ་བཞིའི་འབྲོས་འདེད་ཀྱིས་བདེ་བའི་ངོ་བོ་སྟོང་པར་ངོ་སྤྲད་དེ་གོང་བཞིན་སེམས་ཁྲིད་ལ་འཇུག་པར་གསུངས་ལ། དེ་ལྟར་མི་ནུས་པ་དག་ནི་བཏགས་གྲོལ་མཐོང་གྲོལ་དང་མྱང་གྲོལ་ལ་སོགས་པའི་ཐབས་ཀྱིས་རིམ་གྱིས་གྲོལ་བར་འགྱུར་བའི་ཚུལ་ལ་འཇུག་པར་བྱའོ། །སྤྱིར་སེམས་ཕྱོགས་དང་ཕྱག་རྒྱ་ཆེན་པོ་ནི། ཡེ་ཤེས་སྤྱིར་གསལ་ཞེས་བྱ་སྟེ། །བརྟན་པ་མ་ཐོབ་བར་དུ་ཡིད་དཔྱོད་འཛིན་པའི་ལྟ་བ་ཞེས་བཤད། འོན་ཀྱང་རྫོགས་ཆེན་དེ་ངོ་སྤྲོད་ནས་བསྒོམ་ན་ཕྱི་སྣང་བའི་ཡུལ་དང་། ནང་འཛིན་པའི་སེམས་ཀྱི་འཕྲོ་གནས་ཐམས་ཅད་ཡེ་ཤེས་སུ་འཆར་བས། རྫོགས་ཆེན་རང་སྣང་རིས་མེད་ཀྱི་
༢༩༩དགོངས་པ་ཟེར་ཏེ་གཡེར་པོ་ཆེར་བྱེད། གང་ལྟར་ཡང་རུང་སྟེ། སེམས་ངོ་འཕྲོད་ཕྱིན་ཆད་ནས་ནང་གི་ཐོག་ཏུ་ཉམས་ལེན་སྐྱོང་བ་ལས། ཐོད་རྒལ་ལ་ཞུགས་ཏེ་མུན་ཁྲིད་དམ། སྣང་ཁྲིད་བྱས་ནས་འོད་གསལ་སྟོང་གཟུགས་ཀྱི་ག་ཏུ་[278]ཉམས་ལེན་བསྐྱང་ན་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་འགྱུར་ཏེ། ཆོས་ཉིད་ཀྱི་བར་དོལ་གྲོལ་བ་ཐོབ་པ་ལ་ཐེ་ཚོམ་མེད་དོ། །འདིར་སྨྲས་པ། བདག་ལྟ་བུ་སྒོམ་པའི་ཉམས་མྱོང་ནི་མེད། ཕྱག་རྫོགས་ཀྱི་ཆོས་མང་པོ་ཐོབ་ཀྱང་བརྗེད། གོང་འོག་གི་ཚིག་རིགས་རྣམས་ཀྱང་མྱོག་སེ་བ་ཞིག་ལས་མ་བྱུང་བས་ན། རྗེ་འབའ་ར་བས། སྒོམ་པའི་ཉམས་མྱོང་མེད་པའི། །ཡིག་ནག་དཔེ་ཆེའི་སྟེང་ནས། །སྒོམ་ཁྲིད་འདེབས་བློ་བྱས་ཀྱང་། །ལམ་ལོག་གོལ་སར་བསྒྱུར་རོ། །ཞེས་གསུངས་པས་སྔོན་ཆད་ཡི་གེར་འགོད་མ་ནུས། འོན་ཀྱང་སྔར་གྱི་ལུང་དེའི་འཕྲོ་ལས། །ས་ཐོབ་ཡོན་ཏན་མེད་ཀྱང་། །བཟོད་ཐོབ་ལས་བཞི་འགྲུབ་ཅིང་། །སྙིང་རྗེའི་རྩ་བ་བརྟན་ནས། །གཞན་དོན་བྱས་པས་ཆོག་གོ །ཞེས་གསུངས། བཟོད་པ་མ་ཐོབ་ཀྱང་རྒྱུད་ལ་སྙིང་རྗེ་ཅུང་ཟད་ཅིག་མཆིས་པ་དང་། ཁྱད་པར་དུ་སེམས་དང་ཆོས་སུ་འདྲེས་ཤིང་། ཏིང་འཛིན་ལས་སུ་རུང་བ་དང་། རིག་པ་ཀློང་ནས་ཤར་བ། སྐུ་ལུས་མི་རུ་འདུག་ཀྱང་། ཐུགས་སངས་རྒྱས་ཀྱི་དགོངས་པ་དང་ལྡན་པའི་བླ་མ་དམ་པ་རྣམས་ཀྱི་གསུང་རྒྱུན་ཅུང་ཟད་དྲན་པ་རྣམས་ཡི་གེར་བཀོད་དེ་རིག་པ་ཀློང་དུ་གྱུར་པས་འཁོར་འདས་རང་སར་གྲོལ་བ་རྫོགས་ཆེན་རྣལ་འབྱོར་གྱི་དབང་ཕྱུག་རྗེ་རིན་པོ་ཆེ་ཕྱག་རྡོར་བའི་བཀའ་ནན་ཆེས་པས་ཕུལ་བ་ལགས། གང་གིས་བརྟེན་ན་ལོ་ཟླ་ཞག་ཙམ་གྱིས། །སངས་རྒྱས་ཞིང་དུ་ངེས་པར་བགྲོད་ནུས་པའི། །ཐེག་མཆོག་རྩེ་མོ་རྫོགས་པ་ཆེན་པོའི་ཁྲིད། །ཇི་བཞིན་བཀོད་པས་འགྲོ་རྣམས་གྲོལ་བར་སྨོན། །འོན་ཀྱང་ནོངས་ན་བླ་མ་ལྷ་ལ་བཤགས། །རྒྱ་བོད་པཎ་གྲུབ་བགྲོད་པ་གཅིག་པའི་ལམ།
༣༠༠།འདི་ཕྱི་བར་དོ་གསུམ་དུ་གྲོལ་བྱེད་པའི། །ཞིག་པོ་བདུད་རྩིའི་ལུགས་བཟང་འདི་བཀོད་པས། །འགྲོ་ཀུན་རྣམ་དག་ལམ་དུ་འཇུག་པར་ཤོག །མངྒ་ལཾ། ༈ ཡང་སློབ་དཔོན་ཆེན་པོ་ཤྲི་སི་ཧས། །དང་པོ་ཐུག་སར་གཏུགས། བར་དུ་བཞག་སར་ཞོག །ཐ་མ་འགྲོ་སར་ཐོང་། ཞེས་སྙན་བརྒྱུད་རྡོ་རྗེའི་ཚིག །སོག་ཟློག་པ་བློ་གྲོས་རྒྱལ་མཚན། རྐང་གསུམ་གསུངས་པ་ལས། དང་པོར་ཐུག་སར་གཏུགས་པ་ནི། ཁྲིད་སྟོན་ཤེས་པའི་བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ་གཏུགས་ནས། སེམས་ཀྱི་བྱུང་གནས་འགྲོ་གསུམ་རྩད་བརྡར་བཅད་དེ་ཞུ་གཏུགས་བྱེད་པའོ། །བར་དུ་གཞོག་སར་བཞག་པ་ནི། གང་ཤར་ལ་བཟོ་བཅོས་མེད་པར་འཇོག་པའོ། །ཐ་མ་འགྲོ་སར་གཏོང་བ་ནི། ཉམས་མྱོང་ཏིང་ངེ་འཛིན་གྱི་རོལ་ཞེན་པ་མེད་པར་འཛིན་མེད་དུ་གཏོང་བའོ། །སྙན་བརྒྱུད་ཚིག་གསུམ་བཀའ་འགྲེལ། །ཨི་ཐྀ། སརྦ་མངྒ་ལཾ།། །།

༄། །དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན་ཟུང་འཇུག་ཐེམ་སྐས་ཞེས་བྱ་བ་བཞུགས་སོ༎ ༎

༣༣༡ ༄༅། །དཔལ་དུས་ཀྱི་འཁོར་ལོའ་སྦྱོར་དྲུག་གི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན་ཟུང་འཇུག་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།། །།
༣༣༢ ༄༅། །ན་མོ་གུ་ར་ཝེ། གང་ཞིག་སྲིད་དང་ཞི་བའི་དངོས་པོ་རྣམས། །མི་འགྱུར་བདེ་བ་ཆེན་པོའ་དབྱིངས་ཉིད་དུ། །རྒྱས་གདབ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག །མངོན་པར་གསལ་སྟོན་དཔལ་ལྡན་བླ་མར་འདུད། །དུས་གསུམ་རྒྱལ་དང་རྒྱས་སྲས་ཀྱི། །འཇུག་ངོགས་བླ་ན་མེད་པ་ཡི། །ཟབ་མོའ་ལམ་མཆོག་འདིར་གུས་རྣམས། །སྔོན་འགྲོའི་ཆོས་ལ་འབད་པ་རིགས། །དེ་ཡང་གང་ཟག་སྐལ་པ་མཆོག་དང་ལྡན་ཞིང་དད་མོས་དམ་ཚིག་ཅན་གྱིས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཉམས་སུ་ལེན་པ་ལ་རྒྱུད་སྣོད་རུང་དུ་བྱ་ཕྱིར་ཐུན་མོང་སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་ལ་ལྔ་སྟེ། ཐོག་མར་ཐེག་ཆེན་ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ། སྡིག་སྒྲིབ་བག་ཆགས་སྦྱོང་བྱེད་རྡོར་སེམས་བསྐྱེད་བཟླས། །ཚོགས་གཉིས་མྱུར་དུ་རྫོགས་ཕྱིར་མཎྜལ་མཆོད་འབུལ། །ཐུགས་རྗེས་རྒྱུད་གྲོལ་སྨིན་བྱེད་བླ་མའི་རྣལ་འབྱོར་བཅས་དང་། ཐུན་མོང་མིན་པའི་སྔོན་འགྲོ་རྫོགས་རིམ་གྱི་རྟེན་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་སོགས་ཀྱི་ངག་འདོན་རྣམས་ཐར་ཆགས་བསྟར་བ་ལ། དང་པོ་དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དཀྱུས་མཐུན་ཙམ་བཅའ་སེམས་རྣལ་དུ་ཕབ་ནས། །དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ལྷའི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རྒྱ་ཁྱོན་བཀོད་ལེགས་དེའི་དབུས་སུ། དཔག་བསམ་ལྗོན་པ་རྩ་བ་བརྟན་ལ་ཡལ་ག་དང་ལོ་འདབ་མེ་ཏོག་དང་འབྲས་བུ་རྒྱས་
༣༣༣ པའི་སྟེང་དུ་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཉི་ཟླའི་སྟེང་དུ། ངོ་བོ་རང་གི་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་གི་སྐུ་ཅན་ལ་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་ལྟར་གཏིབས་པ། དེ་ལ་ཡི་དམ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་བསྐོར་ཞིང་། ཕྱོགས་ཀྱི་ས་གཞི་ལ་སེང་ཁྲི་པདྨ་ཉི་ཟླའི་གདན་རེ་རེ་གསལ་བའི་མདུན་དུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ཀྱིས་བསྐོར་བ་དང་། གཡས་སུ་འཕགས་པ་འཇམ་དཔལ་ཉེ་བའི་སྲས་བརྒྱད་སོགས་བྱང་སེམས་འཕགས་པའི་དགེ་འདུན་རྣམས་དང་། གཡོན་དུ་མཆོག་ཟུང་གཉིས་སོགས་ཉན་རང་འཕགས་པའི་དགེ་འདུན་གྱི་ཚོགས་དང་། རྒྱབ་ཕྱོགས་སུ་ཆོས་དཀོན་མཆོག་དམ་པའི་ཆོས་གསུང་རབ་གླེགས་བམ་གྱི་རྣམ་པ། གདན་ཁྲི་རྣམས་ཀྱི་བར་མཚམས་སུ་ཡེ་ཤེས་ཆོས་སྐྱོང་རྣམས་དང་། དཔའ་བོ་མཁའ་འགྲོ་ལ་སོགས་པ་ཐམས་ཅད་སྲུང་སྐྱོབ་ཀྱི་ཚུལ་དུ་བཞུགས་པར་མོས་ལ། དེ་རྣམས་ཀྱི་དྲུང་དུ་རང་དང་ལྷན་ཅིག་མ་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་ཡུལ་རྣམས་ཀྱི་ཡོན་ཏན་དྲན་བཞིན་པའི་སྒོ་ནས་སྐྱབས་སུ་འགྲོ་བ་དང་རིགས་དྲུག་སེམས་ཅན་གྱི་སྡུག་བསྔལ་ལ་སྙིང་རྗེས་ཀུན་ནས་བསླང་སྟེ་ཐར་པའི་གནས་སུ་དྲངས་པའི་འདུན་པ་དང་ལྡན་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་
༣༣༤ བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །དེ་ལྟར་ཚོགས་ཞིང་རྣམས་ལ་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་འགྲོ་ཅི་ནུས་བྱ་ཞིང་། མཐར། བླ་མ་དཀོན་མཆོག་རིན་པོ་ཆེ་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ལན་གསུམ་གསོལ་བ་གདབ། སྐྱབས་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་ཐིམ། ཅི་གནས་སུ་མཉམ་པར་བཞག །བསྔོ་བ་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་བརྗོད། འདི་སྐབས་ཉལ་པའི་རྣལ་འབྱོར་ནི། སྐྱབས་ཡུལ་རྣམས་མ་བསྡུས་ཐར་བླ་མའི་སྐུའི་མདུན་ཕྱོགས་ཀྱིས་གཞིར་པད་ཟླའི་གདན་ལ་རང་ཉིད་ཉལ་བར་མོས་ཏེ། སྐྱབས་ཡུལ་ལ་མོས་གུས་སྒོམ་བཞིན་པས་གཉིད་དུ་འགྲོ་བར་བྱའོ། །ཞར་བྱུང་གི་མན་ངག་གོ །དེ་ནས་གཉིས་པ་སེམས་བསྐྱེད་ནི། ཕྱོགས་བཅུ་ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ལ་བློས་གཞིག་བཏང་ནས། བདག་གཞན་ཐམས་ཅད་བདེ་བ་ལྟར་སྣང་ཉི་ཚེ་བའི་ངང་ནས། སྡུག་བསྔལ་མཐའ་མེད་ཁོར་མོ་ཡུག་ཏུ་སྤྱོད་བཞིན་བཔ་ལ་ཡིད་སྐྱོ་ཤས་དང་བཅས་སྨོན་འཇུག་གི་སེམས་བསྐྱེད་པ་དང་། ཚད་མེད་བཞིའི་དོན་བསྒོམ་པ་རང་རྒྱུད་ལ་ཅི་འདྲེར་བྱ་ཞིང་ངག་ཏུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱིའོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་
༣༣༥ བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །གང་ནུས་བརྗོད་མཐར་དགེ་བསྔོ་བཅས་བྱ། གསུམ་པ་རྡོར་སེམས་བསྒོམ་བཟླས་ནི། རང་གི་སྤྱི་བོར་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། །ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། །ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུལ་འདུས་ཧཱུྃ་ལ་ཐིམ། དེ་འོད་དུ་ཞུ་བ་ཡོངས་སུ་གྱུར་པབ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོཿ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ། གཉིས་སུ་མེད་པར་བསྟིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ༀ་ཤྲི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀཌོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ། ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་ཅི་ནུས་བཟླ་ཞིང་། སྔགས་དོན་དང་མཐུན་པར་གསོལ་བ་གདབ་པ་དང་། ཐུགས་ཀར་ཟླ་སྟེང་ཧཱུྃ་
༣༣༦ མཐར་སྔགས་ཕྲེང་ཞལ་ནང་བསྟན་དེ་ལས་བདུད་རྩི་བབས་སྐུ་གང་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་སྦྱོར་མཚམས་དང་སྐུའི་ཆ་རྣམས་ལས་བདུད་རྩི་འོ་རྒྱུན་ལྟར་བབ་རང་ལུས་ཤེལ་བུམ་གང་བ་ལྟར། ནད་གདོན་བག་ཆགས་དྲི་མ་ཕྱིར་ལུད་པར་དམིགས་ནས་མཐར། བདག་ནི་མི་ཤེས་རྨོངས་པ་སྟེ། དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབ་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུམ་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱི་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའི་ཡབ་ཡུམ་འོད་དུ་ཞུ་སྟེ་རང་ལ་ཐིམ། གནས་ལུགས་སྐྱོང་། བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སྡིག་སྒྲིབ་དག་པའི་རྟགས་ཀྱང་ཡང་ཡང་འབྱུང་ངོ་། །བཞི་པ་མཎྜལ་ནི། དངོས་འབྱོར་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འདི་སྐབས་དང་བླ་མའི་རྣལ་འབྱོར་བཅས་ལ་རྟེན་འབྱུང་གི་ཆེད་དུ་གཙོར་བཏོན་དགོས་པས། དཀོན་མཆོག་གི་རྟེན་བཀྲམ་པའི་དྲུང་། །མཆོད་རྫས་གང་འབྱོར་ཚར་དུ་དངར་བ་དང་། །མཎྜལ་རྒྱུ་རིན་པོ་ཆེ་ལས་གྲུབ་པ་སོགས་གང་རྙེད་དང་། །དྲི་བཟང་གི་ཆུ་དང་། འབྲུ་སྣ་ལ་སོགས་པ་བཅས་འདུ་བྱས། མདུན་གྱི་ནམ་མཁར་གཞལ་མེད་ཁང་དང་སྐྱབས་ཡུལ་ཚོགས་ཞིང་རྣམས་སྔར་ལྟར་དམིགས་ལ། བདག་གཞན་སེམས་ཅན་གྱི་ལུས་ཞིང་གི་རྡུལ་སྙེད་སྤྲུལ་ནས་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་ནས། །མིག་སྐྱོན་མེད་རྣམས་རོལ་པར་བཅས་པས་སྟེང་དུ་ནི། །བལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་པོ། །ཁྱོད་ནི་མགོན་
༣༣༧ པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ་ཡང་། ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི། ཞེས་པའམ་བསྡུ་ན། དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་པས་སྐྱབས་འགྲོ་བྱ། དེ་ནས་ལུས་ཀྱི་ལས་སུ་མཎྜལ་གྱི་ཚམ་བུ་བཀོད། ཡིད་ཀྱི་དམིགས་པ་འོག་གཞི་འབྱུང་བ་བཞིའི་དཀྱིལ་འཁོར་ལ་བརྟེན་པའི་གླིང་བཞི་རི་རབ་འཁོརཁོར་ཡུག་དང་བཅས་པ། སྟེང་ཕྱོགས་སྲིད་པའི་རྩེ་མོ་མན་ཆད་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལ་སོགས་པ་ལྷ་དང་མིའི་དངོས་པོ་བཟང་ལ་གྱ་ནོམསནོམ་བསཔས་གོ་མཚམས་མེད་ཅིང་ཕྱུར་བུར་བཀང་སྟེ་བླ་མེད་དཀོན་མཆོག་རྣམས་ལ་འབུལ། དེའི་རྗེས་སུ་བདག་མྱུར་དུ་སངས་རྒྱས་ཐོབ་པ་དང་། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཉམས་རྟོགས་སྐྱེ་བར་གསོལ་བ་འདེབས་པ་ཡིན། དེ་དག་གི་སྐབས་སུ་ངག་ཏུ། ༀ་བཛྲ་བྷུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། ༀ་བཛྲ་རེ་ཁེ་ཨཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ། ཧཱུྃ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། བྱང་སྒྲ་མི་སྙན། ནུབ་བ་ལང་སྤྱོད། སྒྲ་གཅན། ཉི་མ། ཟླ་བ། དུས་མེ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་ཡང་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་དམིགས་ནས་
༣༣༨ བླ་མ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབས་ཏུ་གསོལ། ཞེས་པའམ། ས་གཞི་སྤོས་ཆུས་བྱུང་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམས་དག་ཞིང་ལ་སྤྱོད་པར་ཤོག །ཅེས་བརྗོད། ཚུལ་དེས་མཎྜལ་ཅི་ནུས་སུ་འབུལ། ཐུན་འཇོག་ཁར། མཆོད་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་གཉིས་སུ་མེད་པར་ཐིམ། ངོ་བོ་སྐྱོང་ཞིང་དགེ་བསྔོ་སོགས་བྱའོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། གནས་ཁང་དག་པའི་ཞིང་དུ་གསལ་བའི་དབུས་སུ། སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་བཟུང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། རང་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པ། འོད་དང་འོད་ཟེར་གྱི་ཚོགས་མཐའ་ཡས་པ་འཕྲོ་བའི་སྐུ་ཅན་མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས། འཕགས་པ་ཉན་རང་། ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་པར་གྱུར། སྤྲོས་པ་ལ་དགའ་ན་ཕྱག་མཆོད་ཡན་ལག་བདུན་པ་རྒྱས་པར་བྱ། བསྡུ་ན་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་བློས་ཕུལ་ཏེ། དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྡིག་པ་བཤགས་སོ། །དགེ་བ་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །སྐྱབས་སུ་མཆིའོ། །བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བླ་ན་མེད་པའི་ལམ་བརྟེན་པར་བགྱིའོ། །བདག་ལ་ཐུགས་རྗེས་བཟུང་དུ་གསོལ། ཞེས་བརྗོད་ཅིང་དོན་བསམ། བར་འདིར་སྤྲོ་ན་རྩ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་ལོགས་ན་ཡོད་པ་རྣམས་བྱ་ཞིང་བསྡུས་
༣༣༩ པ་ལ་དགའ་ན་མ་བྱས་ཀྱང་ཆོག །ངེས་པར་གདུང་བ་དྲག་པོས་གསོལ་བ་འདི་ལྟར་གདབ་སྟེ། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དེ་བཞིན་དུ་སྦྱར་ཏེ། སྐུ་བཞིའི་བདག་ཉིད་བླ་མ སྐྱབས་མཆོག་མཚུངས་མེད འདྲེན་མཆོག་མཚུངས་མེད ཐར་པའི་ལམ་སྟོན དངོས་གྲུབ་འབྱུང་གནས མ་རིག་མུན་སེལ་བླ་མ་རིན་པོ་ཆེ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །བདག་རྩེ་གཅིག་སྒྲུབ་པ་ནུས་པར སྒྲུབ་པ་ལ་བར་ཆད་མི་འབྱུང་བར །སྒྲུབ་པ་སྙིང་པོ་ཉམས་སུ་ལོངས་པར །སྒྲུབ་པ་རབ་ཀྱི་མཐར་ཕྱིན་པར །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པར ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་མཐར་ཕྱིན་པར ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་རྒྱངས་འབོད་གསོལ་འདེབས་སྣང་བ་འགྱུར་ངེས་ཅི་ནུས་ཀྱི་མཐར་བྱིན་རླབས་བསྡུ་བ་ནི། བླ་མའི་སྐུའི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་ཧོཿརྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་བཞུགས། ༀ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས། ཨཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས། ཧཱུྃ་ལས་འོད་ཟེར་མཐིང་ག་འཕྲོས། །རང་གི་སྙིང་གར་ཐིམ་ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས། ཧོཿལས་འོད་ཟེར་སེར་པོ་འཕྲོས། རང་གི་ལྟེ་བར་ཐིམ། ཆགས་རྟོག་གི་བག་ཆགས་དག །བཞི་པ་ཡེ་ཤེས་རྡོ་རྗེའི་དབང་ཐོབ། ཡེ་ཤེས་རྡོ་རྗེའི་བྱིན་
༣༤༠ རླབས་ཞུགས། དབང་བཞི་ལེན་པར་གྲངས་གསོག་ཚེ། གང་གི་བླ་མའི་སྐུ་སོགས་ནས་བསྐྱར་ཞིང་མཐར། སླར་ཡང་མོས་གུས་དུང་པ་དང་ཡིད་ཀྱིས་གསོལ་བ་བཏབ་པས། སངས་རྒྱས་བྱང་སེམས་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་བླ་མ་ཉིད་ལ་ཐིམ། དེ་ཉིད་ཤིན་ཏུ་དགྱེས་པའི་ཚུལ་གྱིས་རང་གི་སྤྱི་བོར་བྱོན། འོད་ཟེར་བདུད་རྩིའི་ཚུལ་དུ་ཞུ་སྟེ་རང་ལ་ཐིམ། བླ་མ་དང་རང་སེམས་དབྱེར་མེད་པའི་ངང་ལ་ཅུང་ཟད་མཉམ་པར་བཞག །དགེ་བསྔོ་སོགས་བྱའོ། །གཞན་ཡང་། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། སོགས་སྨོན་ལམ་རྣམ་དག་ཅི་རིགས་པའང་བརྗོད། སྔགས་ལམ་གྱི་ཉམས་རྟོགས་ཡོན་ཏན་ཐམས་ཅད་བླ་མའི་བྱིན་རླབས་ཁོ་ནས་ལམ་ཏུ་བྱེད་དགོས་པས་དེས་ན་བླ་མའི་མཚན་ཉིད་དང་བསྟེན་ཚུལ། མོས་གུས་དད་པའི་ཕན་ཡོན་སོགས་ངེས་པར་བྱས་ནས་ཉམས་སུ་ཅི་ནུས་ལེན་པ་གྲུབ་གཉིས་ཀྱི་རྩ་བ་མཆོག་སྟེ་གལ་ཆེའོ། །དམིགས་པ་འདིའི་ཡན་ལག་ཉལ་བའི་རྣལ་འབྱོར་ནི། རང་གི་སྙིང་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ལ་བླ་མ་སྐུ་ཚད་ཚོན་གང་ཙམ་དགྱེས་པའི་འཛུམ་ཞལ་དུ་བཞུགས་པ་ལ་མོས་གུས་དུང་ངེ་བའི་ངང་ལས་གཉིད་དུ་འགྲོ་བར་བྱའོ། །དེ་ནས་ཐུན་མོང་མིན་པའི་སྔོན་འགྲོ་ལ་རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་ལྷན་སྐྱེས་ཉིད་བསྔགས་པས་དེའི་བསྒོམ་ཚུལ་ནི། ༀ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱརྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། འབྱུང་བཞི་རི་རབ་པད་ཟླ་ཉི་མ་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོ་དང་། གཡས་པ་དམར་པོ་བརྐྱང་པས་འདོད་ལྷ་དམར་པོའ་སྙིང་གར་མནན་པ། རལ་པའི་ཐོར་ཚུགས་དང་ཡིད་བཞིན་གྱི་ནོར་བུ་དང་། ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་དང་སྟག་གི་པགས་པའི་ཤམས་ཐབས་ཅན། ཕྱག་སོར་རྣམས་ཁ་དོག་ལྔ་པ། སོར་ཚིགས་རྣམས་ཁ་
༣༤༡ དོག་གསུམ་པ། རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང་། མེ་རི་ཁ་དོག་སྣ་ལྔ་པའི་དབུས་ན་བཞུགས་པ། ཁྲོ་ཆགས་འདྲེས་པའི་ཉམས་ཅན་ནོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་དང་། གཡས་གྲི་གུག་དང་། གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང་། ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཡབ་དང་སྦྱོར་བ། གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། དབུ་སྐྲ་ཕྱེད་གྲོལ་བའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོཿ གསང་གནས་སུ་སྭཱ། གཙུག་གཏོར་དུ་ཧཱ་རྣམས་འཁོད་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའ་ལྷ་ཚོགས་སུ་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ལྷ་སྐུ་གསལ་སྟོང་དེ་ལ་ཅི་ནུས་སུ་མཉམ་པར་བཞག །དེ་ལྟར་བསྒོམ་ཞིང་སྔགས་བཟླ་བ་ནི། ༀ་ཧཀཾ།།།སྭཱ་ཧཱ། ཅི་ནུས་དང་མཐར། ཐུན་འཇོག་པའི་ཚེ། ལྷ་སྐུ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱོངས། དགེ་བ་འདི་ཡིས་མྱུར་དུ་བདག །སོགས། དབེན་གསུམ་ལྟོས་མེད་བཞི་ལྡན་དང་། དངོས་བཞི་སོར་སྡུད་བསམ་གཏན་དང་། སྲོག་རྩོལ་དེ་བཞིན་འཛིན་པ་དང་། རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། དེ་དག་ཇི་བཞིན་འགྲུབ་པའི་འདོད་དོན་གསོལ་གདབ་ནི། ལྷ་བདེ་གཤེགས་སྙིང་པོའ་བཀའ་དྲིན་གྱིས། །ཡིད་རྣམ་རྟོག་འགྱུ་བ་སོ་སོར་བཅད། །ཉམས་འོད་གསལ་རྟགས་བཅུ་རྫོགས་གྱུར་ནས། །ལམ་སོར་སྡུད་འབྱོང་པར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའ་བཀའ་དྲིན་གྱིས། །ཡིད་རླུང་སེམས་ངག་རྣམས་མི་གཡོ་ཞིང་། །ཉམས་ཤེས་རབ་རྟོག་དཔྱོད་དགའ་བདེ་འཕེལ། །ལམ་བསམ་གཏན་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་
༣༤༢ ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའ་བཀའ་དྲིན་གྱིས། །རྩ་རོ་རྐྱང་རླུང་བཅུ་དབུ་མར་ཚུད། །ཉམས་གཏུམ་མོ་འབར་བས་ཧཾ་ཡིག་ཞུ། །ལམ་སྲོག་རྩོལ་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའ་བཀའ་དྲིན་གྱིས། །ཁམས་འཛག་མེད་ཐིག་ལེ་དཔྲལ་བར་བརྟན། །ཉམས་ཞུ་བདེ་འགྱུར་མེད་རྒྱུད་ལ་སྐྱེས། །ལམ་འཛིན་པ་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའ་བཀའ་དྲིན་གྱིས། །ལུས་རྩ་འདབ་བདེ་ཆེན་ཐིག་ལེས་གང་། །ཉམས་ཕྱག་རྒྱ་གསུམ་ལ་མངའ་བརྙེས་པ། །ལམ་རྗེས་དྲན་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའ་བཀའ་དྲིན་གྱིས། །རྩ་འཁོར་ལོ་དྲུག་པོ་བདེ་བས་གང་། །ཉམས་སྤྲོས་པ་མེད་ལ་དབང་འབྱོར་བའི། །ལམ་ཏིང་འཛིན་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། དེ་ནས་བསྔོ་བ། །ཆོས་དབྱིངས་བྱང་ཆུབ་སེམས་སོགས་སྨོན་ལམ་ནི། །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་དུས་ཀྱི་འཁོར་ལོ་སྟོན། །བླ་མ་ལ་གུས་སྙིང་བརྩེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའ་ཆོས་ནི་ཀློག་པ་དང་། །བཙུན་མོའ་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུང་ཚིག་ཀྱང་ཚད་མིའི་མཆོག་མིན་
༣༤༣ ཏེ། བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་འོད་ཟེར་གྱིས། །མཁའ་མཉམ་འགྲོ་བའི་བློ་ཡི་མུན་བསལ་ནས། །བདེ་ཆེན་ཐར་པའི་ལམ་ལ་འགོད་པ་དང་། །ཀུན་ཁྱབ་བདེ་གཤེགས་སྙིང་པོ་མངོན་གྱུར་ཤོག །བཀྲ་ཤིས་ནི། སྐྱབས་གསུམ་འགྱུར་བ་མེད་པའི་དགེ་ལེགས་དང་། །དོན་དམ་རྟག་བརྟན་བདེན་པའི་ཕུན་ཚོགས་ཀྱིས། །ངེས་དོན་སྙིང་པོའ་རྒྱུད་རྒྱལ་དུས་འཁོར་ལོའ། །ཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་སྦྱོར་དྲུག་ཁྲིད་རིམ་ཀྱི་སྔོན་འགྲོའི་ངག་འདོན་གཞུང་ཅི་བཞིན་པ་ལ་ཅུང་ཟད་གསལ་བར་བྱས་པ་འདི་ལྟར། རྒྱལ་དབང་མཁྱེན་གཟིགས་རིན་པོ་ཆེའི་བཀའ་སྩལ་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པས་འགྲོ་རྣམས་རྡོ་རྗེའི་རྣལ་འབྱོར་ཆེན་པོའ་གོང་འཕང་མངོན་དུ་ཐོབ་པའི་རྒྱུར་གྱུར་ཅིག།། མངྒ་ལཾ།།

༄༅། །གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བརྒྱུད་འདེབས་བཞུགས་སོ༎ ༎

༣༢༥གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བརྒྱུད་འདེབས་བཞུགས་སོ།། །།
༣༢༦རྣམ་དག་དཀྱིལ་འཁོར་བཞི་ཡི་འཛིན་མ་ལ། །རྣམ་དཀར་དབང་བཞིའི་ཆར་རྒྱུན་ལེགས་ཕབ་ནས། །རྣམ་གྲོལ་སྐུ་བཞིའི་ལོ་ཏོག་རྒྱས་མཛད་པ། །རྣམ་མཁྱེན་བླ་མ་བཞི་ལ་གསོལ་བ་འདེབས། །ཁྱབ་བདག་རྡོ་རྗེ་འཆང་དབང་བདག་མེད་མ། །མཐུ་སྟོབས་དབང་ཕྱུག་གྲུབ་ཆེན་ནག་པོ་པ། །ཌ་མ་རུ་པ་ཨ་ཝ་དྷཱུ་ཏི་པ། །ག་ཡ་དྷ་ར་རྣམས་ལ་གསོལ་བ་འདེབས། །བླ་ཆེན་འབྲོག་མི་སེ་སྟོན་ཀུན་རིག་དང་། །ཞང་སྟོན་ཆོས་འབར་དཔལ་ལྡན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། ཁ་སྐོང་ཚོགས་བཤད་དཔལ་ཨེ་ཝཾ་པའི་རྒྱལ་ཚབ་ཁོ་ན་ལས་བརྒྱུད་པ་ལྟར་ན། བུ་དྷ་ཤྲཱི་ངོར་ཆེན་རྡོ་རྗེ་འཆང་། སེམས་དཔའ་ཆེན་པོ་རྣམས་ལ་གསོལ་བ་འདེབས། །རྒྱལ་ཚབ་ཀུན་དབང་ཡོངས་འཛིན་དཀོན་མཆོག་འཕེལ། །ལྷ་མཆོག་སེང་གེ་དཀོན་མཆོག་ལྷུན་གྲུབ་དང་། །སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་པོ། །བསོད་ནམས་ལྷུན་གྲུབ་རྣམས་ལ་གསོལ་བ་འདེབས། །དཔལ་མཆོག་རྒྱལ་མཚན་སངས་རྒྱས་ཕུན་ཚོགས་དང་། །བསོད་ནམས་དཔལ་ལྡན་དཔལ་ལྡན་ཆོས་སྐྱོང་
༣༢༧ཞབས། །ཆོས་སྐྱོང་བཟང་པོ་ནམ་མཁའ་འཆི་མེད་དཔལ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཤེས་སོ། །ཡང་དཔལ་ས་སྐྱ་ནས་བརྒྱུད་པ་ལྟར་ན། །ལྷ་མཆོག་སེང་གེ་དཀོན་མཆོག་ལྷུན་གྲུབ་དང་། །ཞེས་པ་ཡོན་གང་ལྟར་མཚམས་སུ། །སྔགས་འཆང་ཆོས་རྗེ་ཀུན་དགའ་རིན་ཆེན་དང་། །བསོད་ནམས་དབང་པོ་རྣམས་ལ་གསོལ་བ་འདེབས། །ཀུན་དགའ་བསོད་ནམས་ཀུན་དགའ་བཀྲ་ཤིས་དང་། །བསོད་ནམས་རིན་ཆེན་ཀུན་དགའ་བློ་གྲོས་ཞབས། །ནམ་མཁའ་འཆི་མེད་སྐྱབས་ཀུན་འདུས་པའི་དངོས། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་སྦྱར་ཏེ། དེས་མཚོན་ནས་རང་རང་གིས་ཐོབ་ཡུལ་དང་སྤྲེལ་ཤེས་པར་བྱའོ། །སློབ་བཤད་ཀྱི་བརྒྱུད་པ་ལྟར་ན། སེམས་དཔའ་ཆེན་པོ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་མཚམས། བརྒྱུད་སྲོལ་ཀུན་འདུས་བདག་ཆེན་རྡོ་རྗེ་འཆང་། །ཀུན་སྤངས་ཆོས་རྗེ་བློ་གསལ་རྒྱ་མཚོའ་ཞབས། །མཁྱེན་བརྩེའི་དབང་ཕྱུག་བསླབ་གསུམ་རྒྱལ་མཚན་དང་། །དབང་ཕྱུག་རབ་བརྟན་རྣམས་ལ་གསོལ་བ་འདེབས། །བསོད་ནམས་མཆོག་ལྡན་བསོད་ནམས་མཆོག་གྲུབ་དང་། །མཁྱེན་རབ་བྱམས་པ་རྨོར་ཆེན་གནས་གསར་རྗེ། །ཀུན་དགའ་བློས་གྲོས་ནམ་མཁའ་འཆི་མེད་དཔལ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་སོ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་
༣༢༨ཀྱིས། །ངེས་འབྱུང་བྱང་ཆུབ་སེམས་གཉིས་སྙིང་ལ་ཤར། །འབྲས་བུའི་ཡོན་ཏན་ཐོས་པས་ཡིད་སྤྲོ་སྟེ། །གསང་ཆེན་ལམ་ལ་འཇུག་པར་བྱིན་གྱིས་རློབས། །བསྐྱེད་པ་ཕྱི་དབྱིབས་རྡུལ་ཚོན་དཀྱིལ་འཁོར་དུ། །བུམ་པའི་དབང་བསྐུར་བསྐྱེད་རིམ་ལམ་བསྒོམ་པས། །རྩ་ཡི་འགྲོས་ཀྱིས་ལུས་ཀྱི་སྒྲིབ་སྦྱངས་ནས། །སྤྲུལ་སྐུའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །བྷ་ག་བྱང་སེམས་ནང་གི་དཀྱིལ་འཁོར་དུ། །གསང་བའི་དབང་བསྐུར་གཏུམ་མོའ་ལམ་བསྒོམས་པས། །ཡི་གེའི་འགྲོས་ཀྱིས་ངག་གི་སྒྲིབ་སྦྱངས་ནས། །ལོངས་སྐུའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཀུན་རྫོབ་བྱང་སེམས་གསང་བའི་དཀྱིལ་འཁོར་དུ། །གསུམ་པའི་དབང་བསྐུར་ཕོ་ཉའི་ལམ་བསྒོམས་པས། །བདུད་རྩིའི་འགྲོས་ཀྱིས་ཡིད་ཀྱི་སྒྲིབ་སྦྱངས་ནས། །ཆོས་སྐུའི་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །དོན་དམ་བྱང་སེམས་མཐར་ཐུག་དཀྱིལ་འཁོར་དུ། །བཞི་པའི་དབང་བསྐུར་རྦ་རླབས་ལམ་བསྒོམས་པས། །རླུང་གི་འགྲོས་ཀྱིས་སྒོ་གསུམ་སྒྲིབ་སྦྱངས་ནས། །ངོ་བོ་ཉིད་སྐུ་ཐོབ་པར་བྱིན་གྱིས་རློབས། །དེ་མ་ཐོབ་པའི་གནས་སྐབས་ཐམས་ཅད་དུ། །མཐུན་རྐྱེན་རྒྱལ་བས་བསྔགས་པ་ཀུན་ཚང་ནས། །བསམ་དོན་ཆོས་དང་མཐུན་པར་ལེགས་གྲུབ་སྟེ། །སྲིད་ཞིའི་ཕུན་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་ཞལ་སྐོང་འདིའང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།སརྦ་མང་ག་ལཾ།།

༈ །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཉེ་བརྒྱུད་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཀྱི་ངག་འདོན་མདོ་སྔགས་ཡོངས་བཅུད་ཅེས་བྱ་བ་བཞུགས་སོ༎

༦༧ ༈ །།གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའ་ཉེ་བརྒྱུད་ཐུགས་རྗེ་ཆེན་པོའ་སྒོམ་བཟླས་ཀྱི་ངག་འདོན་མདོ་སྔགས་ཡོངས་བཅུད་ཅེས་བྱ་བ་བཞུགས་སོ། །བླ་མ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་གྲུབ་ཆེན་ལྕགས་ཟམ་པ་ཆེན་པོའ་ཉེ་བརྒྱུད་ཐུན་མོངས་མ་ཡིན་པའི་ཐུགས་རྗེ་ཆེན་པོའ་སྒོམ་བཟླས་ཉམས་སུ་ལེན་པ་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི། །རང་མདུན་ནམ་མཁའ་རིན་ཆེན་ཁྲི། །པདྨ་ཟླ་བའི་གདན་སྟེང་དུ། །ངོ་བོ་རྩ་བའི་བླ་མ་ཉིད། །རྣམ་པ་མགོན་པོ་སྤྱན་རས་གཟིགས། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་གྲངས་ཅི་ནུས་བསགས་ལ། མཐར། སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ། སེམས་བསྐྱེད་པ་ནི། །སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ། དེ་ནས་བློ་ཆོས་སུ་སྐུལ་བ་ནི། །འདི་ལྟར་འཇིགས་པ་ཐམས་ཅད་དང་། །སྡུག་བསྔལ་དཔག་ཏུ་མེད་པ་ཡང་། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུང་པ་ཉིད་ཀྱིས་བསྟན། །ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེས་ན་དེ་དག་ཐམས་ཅད་ནི། །སྡིག་སེམས་ལགས་པར་ཐུབ་
༦༨ པས་གསུངས། །འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མ་འགག་ཉིད། །འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུ་སྦལ་མགྲིན་ཆུད་ལྟར། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །བསགས་པ་ཀུན་གྱི་མཐའ་མཛད་ཅིང་། །བསླང་བའི་ཐ་མ་འགྱེལ་བར་འགྱུར། །འཕྲད་བའི་ཐ་མ་འབྲལ་བ་སྟེ། །གསོན་པའི་ཐ་མ་འཆི་བར་འགྱུར། །དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །བདག་ཉིད་སྐྱོན་བཅས་གཞན་དག་ལ། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །འགྲོ་བ་ཐམས་ཅད་སྲུང་སེམས་དང་། །སྙིང་རྗེའི་སེམས་ནི་གོམས་པར་བྱ། །དེ་བས་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་བ་ཡི། །འཁོར་བའི་འཇིགས་པའང་བསལ་བའི་ཕྱིར། །རང་གི་མཚན་ཡང་བྱིན་གྱིས་བརླབས། །སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམས་པས། །སངས་རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །བསྒོམས་དང་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་སྒྲིབ་པ་འདག་པར་བྱེད། །དེས་ན་རྩེ་གཅིག་སྒོམ་བཟླས་པ། །ཞེས་པའི་ཚིག་རྣམས་ངག་ཏུ་བརྗོད་པའམ། །མི་སྤྲོ་ན་དོན་ཡིད་ལ་བསམ། །དེ་ནས་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། །བདག་སོགས་མཁའ་ཁྱབ་སེམས་ཅན་གྱི། །སྤྱི་
༦༩ གཙུག་པད་དཀར་ཟླ་བའི་སྟེང་། །ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས། །དཀར་གསལ་འོད་ཟེར་ལྔ་ལྡན་འཕྲོ། །འཛུམ་ལྡན་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱག་བཞིའི་དང་པོ་ཐལ་སྦྱར་མཛད། །འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །རི་དྭགས་ལྤགས་པའི་སྟོད་གཡོགས་གསོལ། །འོད་དཔག་མེད་པའི་དབུ་རྒྱན་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དྲི་མེད་ཟླ་བར་རྒྱབ་བརྟེན་པ། །སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་བསམས་ལ། །ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་ཅི་ནུས་བསགས། །སྤྲོ་ན། །དགེ་སློང་པདྨ་དཀར་པོའ་ཐུགས་དམ་སྤྱན་རས་གཟིགས་ཀྱི་གསོལ་འདེབས་དང་། བླ་མ་བརྒྱུད་པའི་གསོལ་འདེབས་ཀྱང་གསུང་རྒྱུན་ལ་ཁ་སྐོང་བ། གངས་ཅན་འགྲོ་བའི་མགོན་པོ་སྤྱན་རས་གཟིགས། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའ་ཞབས། །རྡོ་རྗེ་འཛིན་པ་ཀུན་སྤངས་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་འཕགས་མཆོག་སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་ཡི་དམ་ཐུགས་རྗེ་ཅན། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །ༀ་མ་ཎི་པདྨེ་ཧཱུྃ། །ཀུན་དགའི་རྩལ་རྫོགས་སེམས་ཀྱི་མདུན་གྲོལ་མཆོག །བསྟན་འཛིན་ཉི་ཟླ་མཁས་བཙུན་བཟང་པོའ་ཕུལ། །གྲུབ་པའི་རིགས་འཆང་ངག་དབང་ཉིད་མའི་མཚན། །གསོལ་བ་འདེབས་སོ་སོགས་ཚིག་རྐང་གསུམ་པོ་སྔགས་བཅས་འགྲོ། བཤད་སྒྲུབ་བསྟན་འཛིན་བསོད་ནམས་དབང་ཕྱུག་དང་། །མཁས་ཤིང་དངོས་གྲུབ་མཆོག་བརྙེས་རྨོར་ཆེན་རྗེ། །བསོད་ནམས་ཡེ་ཤེས་མཆོག་ཏུ་གྲུབ་པའི་དཔལ། །
༧༠ གསོལ་བ་འདེབས་སོ །ཡོངས་རྫོགས་བསྟན་འཛིན་ཡེ་ཤེས་ལྷུན་གྱིས་གྲུབ། །བློ་བཟང་རྒྱལ་སྲས་ལུང་རྟོགས་བསྟན་པ་འཕེལ། །གྲུབ་བསྟན་འཛིན་མཆོག་མཁྱེན་རབ་མཐུ་སྟོབས་བདག །གསོལ་བ །འཇམ་དབྱངས་གཞོན་ནུ་བཤེས་གཉེན་མཆོག་གི་ཚུལ། །མཁྱེན་བརྩེའི་དབང་ཕྱུག་བདག་ཉིད་ཆེན་པོ་དང་། །རྩ་བརྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ལ། །གསོལ་བ །བྱིན་གྱིས་རློབས་ཤིག །བྱམས་དང་སྙིང་རྗེ་འབྱོངས་པར མཁའ་ཁྱབ་རིག་འཛིན་བརྙེས་པར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ༀ་མ་ཎི་པདྨེ་ཧཱུྃ། །དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །འཕགས་པའི་སྐུ་ལས་འོད་ཟེར་འཕྲོས། །མ་དག་ལས་སྣང་འཁྲུལ་ཤེས་སྦྱངས། །ཕྱི་སྣོད་བདེ་བ་ཅན་གྱི་ཞིང་། །ནང་བཅུད་སྐྱེ་འགྲོའི་ལུས་ངག་སེམས། །སྤྱན་རས་གཟིགས་དབང་སྐུ་གསུང་ཐུགས། །སྣང་གྲགས་རིག་སྟོང་དབྱེར་མེད་གྱུར། །ཞེས་པའི་དོན་ལ་མཉམ་པར་བཞག་བཞིན་ཏུ་ཡི་གེ་དྲུག་པ་བཟླ་བ་ནི་མཁའ་ཁྱབ་ཀྱི་རྣལ་འབྱོར་དངོས་ཡིན་པས། །འདིའི་མཐར་རྫོགས་རིམ་ལ་འཇུག་པ་ནི་རྩ་བའི་དགོངས་པ་ཡིན་ལ། གལ་ཏེ་ཀུན་སྤངས་ཡབ་སྲས་ཀྱི་གསུང་རྒྱུན་ལྟར་བཟླས་དམིགས་སྤྱི་མཐུན་སྦྱར་བ་སྤྲོ་ན། སྤྱི་བོའ་འགྲོ་མགོན་འོད་དུ་ཞུ། །རང་གཞན་ལ་ཐིམ་ཐུགས་ཀ་རུ། །པད་དཀར་འདབ་དྲུག་ལྟེ་བར་ཧྲཱིཿཡིག་འབྲུ་ནང་བསྟན་གཡས་བསྐོར་བས། །འོད་འཕྲོས་འགྲོ་ཀུན་སྡིག་སྒྲིབ་སྦྱངས། །བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེས། །སླར་འདུས་བདག་རྒྱུད་བྱིན་བརླབས་གྱུར། །ཞེས་མོས་ལ་ཡིག་དྲུག་བཟླ། ཐུན་མཐར་རྫོགས་རིམ་ནི། །བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་སོར་བཞག་ན། །
༧༡ དེ་ཤར་སྟོང་པ་ཉིད་དག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །ཞེས་པའི་ཚིག་ངག་ཏུ་བརྗོད་པའམ་དོན་བསམ་ལ་གནས་ལུགས་གཉུག་མའི་ངང་དུ་མཉམ་པར་བཞག །དེ་ལས་ལྡང་བར་འདོད་ན། །བདག་གཞན་ལུས་སྣང་འཕགས་པའི་སྐུ། །སྒྲ་གྲགས་ཡི་གེ་དྲུག་པའི་དབྱངས། །དྲན་རྟོག་ཡེ་ཤེས་ཆེན་པོའ་ཀློང་། །དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་སོགས་དང་། འདི་ལྟར་སྒོམ་བཟླས་བགྱིས་པའི་བསོད་ནམས་ཀྱིས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །མི་གཙང་ལུས །བདེ་བ་ཅན་དུ །སྐྱེས་མ་ཐག་ཏུ །སྤྲུལ་པས་ཕྱོགས་བཅུར །འཇམ་དཔལ་དཔའ་བོས་ཇི་ལྟར་སོགས་དང་། སངས་རྒྱས་སྐུ་གསུམ་སོགས །བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ་པར་བྱའོ། །ཞེས་པའང་ཐར་འདོད་ཡོངས་ལ་སྨན་པའི་བསམ་པ་རྒྱུར་བྱས་ཏེ། བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།།

རྒྱལ་ཐང་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ཆོ་ག་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སྐབས་སུ་ཉེ་བར་མཁོ་བའི་འདོན་ཆ།

༡༦༥ ༄༅། །རྒྱལ་ཐང་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ཆོ་ག་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སྐབས་སུ་ཉེ་བར་མཁོ་བའི་འདོན་ཆ། བགེགས་གཏོར་སྤྱིར་བཏང་གང་རུང་ངམ། རང་གཞུང་ལྟར་ན་གཏོར་མ་བསང་སྦྱང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླག །ཨ་ཀཱ་རོས་བསྔོས་ལ། ན་མོ་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བཀའ་བདེན་པ་དང་། ཡི་དམ་དང་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱི་བཀའ་བདེན་པ་དང་། བདག་གི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་མཐུས་དོ་ནུབ་བདུད་ཀྱི་གཅོད་ཐབས་ཟབ་མོའ་དབང་སྟོན་པར་བྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་བདུད་དང་བགེགས་ཀྱི་རིགས་སུ་གཏོགས་པའི་བར་དུ་གཅོད་པ་ཐམས་ཅད་འདིར་མ་གནས་པར་ཕྱིར་དེངས་ཤིག །ཅེས་བརྗོད་ལ་སུམྦྷ་དང་། ཧཱུྃ་དང་ཕཊ་དྲག་པོ་བཏབ་ལ་ཕྱིར་བསྐྲད་དོ། །ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཐུན་མོང་རྡོ་རྗེའི་སྲུང་འཁོར་དང་། སྟོང་ཉིད་ཀྱི་དོན་བསྒོམ། ཕྱོགས་སྐྱོང་ལ་གཏོར་མ་བསང་སྦྱང་བརླབ། ༀ་ལོ་ཀ་པཱ་ལ་ས་པ་རི་ཝ་ར་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །སྔགས་དེ་ཉིད་ཡི་ཨ་ཀཱ་རོ་བཏགས་པས་བསྔོས་ལ། འཇིག་རྟེན་སྐྱོང་བ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། ཞེས་སོགས་ཀྱིས་འདོད་དོན་གསོལ། ས་པ་རི་ཝཱ་རའི་མཐར། བཏགས་པས་གཤེགས།
༡༦༦ གཞི་བདག་གཏོར་མ་བསང་སྦྱང་བརླབ། ༀ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀརྵ་ཡ་ཛཿས་མགྲོན་དགུག །སྔགས་དེ་ཉིད་ཀྱི་ས་པ་རི་ཝཱ་རིའི་མཐར། ཨ་ཀཱ་རོ་བཏགས་པས་ཕུལ། །གཞི་བདག་གནས་བདག་འཁོར་བཅས་རྣམས། སོགས་ཀྱིས་འདོད་དོན་གསོལ། སྔགས་མཐར། །གཙྪ་བཏགས་པས་གཤེགས། མཆོད་པ་བྱིན་རླབས་བླ་མེད་སྤྱི་ལྟར་དང་། སངས་རྒྱས་ཆོས་ཚོགས་ཀྱི་སྐྱབས་སེམས་ནན་ཏན་གྱི་རྗེས་ཤེར་སྙིང་འདུད་ཟློག་བཅས་བྱ་བ་ནི་སྔོན་འགྲོའོ། །དངོས་གཞི་གཞུང་ལྟར་ལ། སྤྱན་འདྲེན་ནི། མོས་གུས་དག་པའི་ཕོ་བྲང་ནས། །བླ་མ་དཀོན་མཆོག་གཤེགས་སུ་གསོལ། །རང་བཞིན་རྣམ་དག་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །རྡོ་རྗེ་ཅན་གྱི་ཞིང་ཁམས་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །རིན་ཆེན་འབར་བའི་ཞིང་ཁམས་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །པདྨ་ཅན་གྱི་ཞང་ཁམས་ནས། པདྨ་མཁའ་འགྲོ་གཤེགས་སུ་གསོལ། །འབྲུག་སྒྲ་སྒྲོགས་པའི་ཞིང་ཁམས་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །འཁོར་ལོ་ཅན་གྱི་ཞིང་ཁམས་ནས། སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །གར་བཞུགས་གནས་མཆོག་དམ་ཕཔ་ནས། །མ་དང་མཁའ་འགྲོ་གཤེགས་སུ་གསོལ། །བསྟན་པ་རིན་ཆེན་གཞལ་ཡས་ནས། །བསྟན་སྲུང་ཆོས་སྐྱོང་གཤེགས་སུ་གསོལ། །ༀ་གུ་རུ་དེ་ཝཱ་ཌཱ་ཀི་ནཱི་སོགས་དཀྱུས་ལྟར་གཏོར་མ་བྱིན་རླབས་བདེ་མཆོག་གམ་ཕག་མོ་ལྟ་བུ་བླ་མེད་མ་རྒྱུད་གང་རུང་ལྟར་བྱ། ཆ་དང་པོ་ཡི་དམ་གྱི་གཏོར་ཆོག་དམིགས་བསལ་གང་ཡིན་ལྟར་རམ། སྤྱི་ཙམ་དུ། ༀ་གུ་རུ་མཎྜལ་དེ་པ་ག་ཎ་ས་པ་རི་ཝཱ་ར་ༀ་ཨ་ཀཱ་རོ་སོགས་ཀྱིས་ཕུལ། གཉིས་པ་དཀྱུས་ལྟར། གསུམ་པ་རང་གི་ཆོས་སྐྱོང་དམིགས་བསལ་ཡོད་ན་དེའི་གཏོར་ཆོག་ལྟར་དང་། སྤྱིིར་བཏང་དུ། ༀ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ༀ་ཨ་ཀཱ་རོ་སོགས་བཏགས་པས་ཕུལ། དེ་རྣམས་ཐུན་མོང་དུ། ༀ་གུ་རུ་མཎྜལ་དེ་ཝ་ག་ཎ་པཉྩ་ཌཱ་
༡༦༧ ཀི་ནི་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། ༀ་ཨཱཿཧཱུྃཿགིས་ནང་མཆོད། བླ་མ་ཡི་དམ་མཁའ་འགྲོ་དང་། །རྡོ་རྗེའི་ཆོས་སྐྱོང་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ཀྱིས་འདོད་དོན་གསོལ་གཞན་དཀྱུས་ལྟར། བདག་འཇུག་གི་སྔོན་དུ་གསོལ་འདེབས་བྱ་བར་གསུངས་པ་ནི། ཕཊ། འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཨ་མ་ལ་གསོལ་བ་འདེབས། །མ་གཅིག་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས། བྱ་རྒོད་ཕུང་བོའ་རི་བོ་རུ། །བཅོམ་ལྡན་ཤག་ཐུབ་བྱིན་རླབས་ཅན། འདི་མན་ཚིག་རྐང་བཞི་འགྲ་རྒྱ་ནག་རི་བོ་རྩེ་ལྔ་རུ། །འཇམ་དབྱངས་སྨྲ་སེང་བྱིན་རླབས་ཅན། །གཡུ་ལོ་བཀོད་པའི་ཞིང་ཁམས་སུ། །རྗེ་བཙུན་སྒྲོལ་མ་བྱིན་རླབས་ཅན། །དག་པ་བདེ་སྟོང་གཞལ་ཡས་སུ། །རྡོ་རྗེ་ཕག་མོ་བྱིན་རླབས་ཅན། །ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་དུ། །སུ་ཁ་སིདྡྷི་བྱིན་རླབས་ཅན། །རྒྱ་གར་འཇག་མའི་སྤྱིལ་པོ་རུ། །ཨཱ་དེ་བ་བྱིན་རླབས་ཅན། །ལ་སྟོད་དིང་རི་གླང་ཀོར་དུ། །དམ་པ་སངས་རྒྱས་བྱིན་རླབས་ཅན། །ར་ས་སྤང་ལྷུང་དགོན་པ་རུ། །བསོད་ནམས་བླ་མ་བྱིན་རླབས་ཅན། །ཟངས་རི་མཁར་དམར་དགོན་པ་རུ། །མ་གཅིག་ལབ་སྒྲོན་བྱིན་རླབས་ཅན། །རྒྱལ་ཐང་ཆུ་བཟང་དགོན་པ་རུ། །བསམ་གཏན་འོད་ཟེར་བྱིན་རླབས་ཅན། །བྱང་ཆུབ་གླིང་གི་དབེན་གནས་སུ། །ནམ་མཁའ་འོད་ཟེར་བྱིན་རླབས་ཅན། །གཉན་ཁྲོད་བརྒྱ་རྩའི་གནས་མཆོག་ཏུ། །ཤཱཀྱ་འོད་ཟེར་བྱིན་རླབས་ཅན། །ཕྱོགས་མེད་ཡངས་པའི་རྒྱལ་ཁམས་སུ། །བདེ་ལེགས་རྒྱལ་མཚན་བྱིན་རླབས་ཅན། །བྱིན་རླབས་བླ་མའི་ཞབས་དྲུང་དུ། །དབོན་སྲས་ཆོས་ལེགས་བྱིན་རླབས་ཅན། །སྐ་རགས་བསམ་གླིང་དགོན་པ་རུ། །ཡིག་དུག་ཤེས་དཔལ་བྱིན་རླབས་ཅན། །ཆོས་ལུང་བྱང་རྩེའི་དབེན་གནས་སུ། །རྗེ་བཙུན་གྲོལ་མཆོག་བྱིན་རླབས་ཅན། །
༡༦༨ བྲག་སྟོང་རྡོ་རྗེ་ཕོ་བྲང་དུ། །ཆོས་སྐུ་ལྷ་དབང་བྱིན་རླབས་ཅན། །ཆོས་ལུང་བདེ་མཆོག་དབེན་གནས་སུ། །ལུང་རིག་རྒྱ་མཚོ་བྱིན་རླབས་ཅན། །རྟག་བརྟན་རྡོ་རྗེའི་ཕོ་བྲང་དུ། །ཀུན་དགའ་སྙིང་པོ་བྱིན་རླབས་ཅན། །འཆི་མེད་གྲུབ་པའི་གནས་མཆོག་ཏུ། །ཀུན་དགའ་བསོད་ནམས་བྱིན་རླབས་ཅན། །དམ་པས་བྱིན་རླབས་དབེན་གནས་སུ། །ཀུན་དགའ་ཡེ་ཤེས་བྱིན་རླབས་ཅན། །ཆོས་དབྱིངས་དག་པའི་ཞིང་ཁམས་སུ། །ཡོན་ཏན་མགོན་པོ་བྱིན་རླབས་ཅན། །རྨོག་ལྕོག་རྡོ་རྗེའི་ཕོ་བྲང་དུ། །ཀུན་དགའ་ལྷུན་གྲུབ་བྱིན་རླབས་ཅན། །ཉམས་རྟོགས་མཐར་ཕྱིན་དབེན་གནས་སུ། །ཆོས་དབྱིངས་རྡོ་རྗེ་བྱིན་རླབས་ཅན། །འགྲོ་བ་འདུལ་བའི་ཕོ་བྲང་དུ། །སངས་རྒྱས་རྡོ་རྗེ་བྱིན་རླབས་ཅན། །ངེས་དོན་སྙིང་པོའ་གནས་མཆོག་ཏུ། །ངག་དབང་ཕྲིན་ལས་བྱིན་རླབས་ཅན། །ལུང་རིག་སྨྲ་བའི་གདན་ས་རུ། །ཆོས་འཕེལ་རྒྱ་མཚོ་བྱིན་རླབས་ཅན། །མཁས་གྲུབ་རྒྱ་མཚོའ་བསྟི་གནས་སུ། །ཀུན་དགའ་རྣམ་རྒྱལ་བྱིན་རླབས་ཅན། །འོག་མིན་བཀྲ་ཤིས་འཁྱིལ་པ་རུ། །འཇིགས་མེད་དབང་པོ་བྱིན་རླབས་ཅན། །གོང་མས་བྱིན་རླབས་གནས་མཆོག་ཏུ། །དཀོན་མཆོག་སེང་གེ་བྱིན་རླབས་ཅན། །རིག་གྲོལ་འདུས་པའི་ཆོས་གྲྭ་རུ། །དཀོན་མཆོག་བསྟན་བཅོས་བྱིན་རླབས་ཅན། །ལྷ་ལྡན་དགའ་བཞི་འཕྲུལ་སྣང་དུ། །དོན་གྲུབ་རྒྱལ་མཚན་བྱིན་རླབས་ཅན། །སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། རྩ་བའི་བླ་མ་བྱིན་རླབས་ཅན། །སྙིང་ག་ཆོས་ཀྱི་ཕོ་བྲང་དུ། །ཡི་དམ་ལྷ་ཚོགས་བྱིན་རླབས་ཅན། །ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ། །དཔའ་བོ་མཁའ་འགྲོ་བྱིན་རླབས་ཅན། དུར་ཁྲོད་ཆེན་པོའ་གནས་བརྒྱད་དུ། །ཆོས་སྐྱོང་སྲུང་མ་བྱིན་རླབས་ཅན། །དམ་ཚིག་གཙང་མའི་ཚོགས་གྲལ་དུ། །རྡོ་རྗེའི་སྤུན་གྲོགས་བྱིན་རླབས་ཅན། །བྱིན་རླབས་ཅན་གྱི་གནས་མཆོག་ཏུ། །དལ་འབྱོར་རྙེད་དཀའ་ཤེས་པ་དང་། །དོན་ཆེན་སྙིང་པོ་ལེན་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་
༡༦༩ བྱིན་གྱིས་རློབས། །མི་རྟག་འཆི་བ་དྲན་པ་དང་། །ལོང་མེད་རྒྱུད་ལ་སྐྱེ་བ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ཚེ་འདི་བློ་ཡིས་ཐོངས་པ་དང་། །ཕུང་པོ་གཟན་དུ་སྐྱུར་བ་དང་། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཉན་ས་རི་ཁྲོད་ཟིན་པ་དང་། །བྱམས་དང་སྙིང་རྗེ་འབྱོངས་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །བདག་མེད་གནས་ལུགས་རྟོགས་པ་དང་། །བདག་འཛིན་རྩད་ནས་ཆོད་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །བདུད་བཞི་རང་སར་ཞི་བ་དང་། །སྐུ་གསུམ་མངོན་དུ་འགྱུར་བ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །སྣང་སྲིད་བྲན་དུ་འཁོལ་བ་དང་། །འབྲེལ་ཚད་དོན་དང་ལྡན་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་བྱིན་གྱིས་རློབས། །སྟན་ཐོག་འདི་རུ་བྱིན་གྱིས་རློབས། ཞེས་སོ། མཇུག་གཏོར་དབང་བའི་སྐབས་གསོལ་འདེབས་དགོངས་བསྐྱོད་མ་ནི། མ་དགོངས་པ་ཤར་དུ་བསྐྱོད་ཙ་ན། །དོན་འགྱུར་བ་མེད་པའི་ཉམས་དང་ལྡན། །སྐུ་མདོག་མཐིང་ནག་འོད་ཟེར་འཕྲོ། །མཆོག་གི་ཐོར་ཚུགས་ལྡེམས་སེ་ལྡེམས། །དར་སྔོན་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །ཨ་མ་ལབ་སྒྲོན་ལ་གསོལ་བ་འདེབས། །བྱང་ཆུབ་ཆོས་སྒྲོན་ལ་གསོལ་བ་འདེབས། །ཉམས་རྟོགས་ཀྱི་བདག་མོ་ལ་གསོལ་བ་འདེབས། །འོད་གསལ་གྱི་ཁོར་ཡུག་ལ་གསོལ་བ་འདེབས། །ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །དབྱིངས་ཀྱི་ཡུམ་ཆེན་མོས་བྱིན་གྱིས་རློབས། །མ་དགོངས་པ་ལྷོ་རུ་བསྐྱོད་ཙ་ན། །དོན་མཉམ་པ་ཉིད་ཀྱི་ཉམས་དང་ལྡན། །སྐུ་མདོག་སེར་མོ་འོད་ཟེར་འཕྲོ། །གསེར་གྱི་ཐོར་ཚུགས་ལྡེམས་སེ་ལྡེམས། །དར་སེར་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ།
༡༧༠ རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །ཨ་མ་ལབ་སྒྲོན །བྱང་ཆུབ་ཆོས །ཉམས་རྟོགས་ཀྱི །འོད་གསལ་གྱི །ཡེ་ཤེས་ཀྱི་མཁའ་འགྲོ །དབྱིངས་ཀྱི་ཡུམ །མ་དགོངས་པ་ནུབ་ཏུ་བསྐྱོད་ཙ་ན། །དོན་སྐྱོན་མེད་དག །སྐུ་མདོག་དམར་མོ་འོད །བྱི་རུའི་ཐོར་ཚུག །དར་དམར་ཅོད །རུས་པའི་རྒྱན་ཆ །པདྨ་མཁའ་འགྲོ་སོགས་འགྲེས། །མ་དགོངས་པ་བྱང་དུ་བསྐྱོད་ཙ་ན། །དོན་རིགས་པ་མེད་པའི་ཉམས་དང་ལྡན། །སྐུ་མདོག་ལྗང་གུ་འོད་ཟེར་འཕྲོ། །གཡུ་ཡི་ཐོར་ཚུགས་ལྡེམས་སེ་ལྡེམས། །དར་ལྗང་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །ཨ་མ་ལབ་སྒྲོན་ལ་གསོལ་བ་འདེབས། །བྱང་ཆུབ་ཆོས་སྒྲོན་ལ་གསོལ་བ་འདེབས། །ཉམས་རྟོགས་ཀྱི་བདག་མོ་ལ་གསོལ་བ་འདེབས། །འོད་གསལ་གྱི་ཁོར་ཡུག་ལ་གསོལ་བ་འདེབས། །ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །དབྱིངས་ཀྱི་ཡུམ་ཆེན་མོས་བྱིན་གྱིས་རློབས། །མ་དགོངས་པ་དབུས་སུ་བསྐྱོད་ཙ་ན། །དོན་མཐའ་དབུས་མེད་པའི་ཉམས་དང་ལྡན། །སྐུ་མདོག་དཀར་མོ་འོད་ཟེར་འཕྲོ། །དུང་གི་ཐོར་ཚུགས་ལྡེམས་སེ་ལྡེམས། །དར་དཀར་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །ཨ་མ་ལབ་སྒྲོན་ལ་གསོལ་བ་འདེབས། །བྱང་ཆུབ་ཆོས་སྒྲོན་ལ་གསོལ་བ་འདེབས། །ཉམས་རྟོགས་ཀྱི་བདག་མོ་ལ་གསོལ་བ་འདེབས་འོད་གསལ་གྱི་ཁོར་ཡུག་ལ་གསོལ་བ་འདེབས། །ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །དབྱིངས་ཀྱི་ཡུམ་ཆེན་མོས་བྱིན་གྱིས་རློབས། །ཁྲག་གི་ཨརྒྷཾ་འཁྱིལ་ལི་ལི། །སྒོ་ལྔའི་མེ་ཏོག་ཐོ་ལོ་ལོ། །ཚིལ་ཆེན་གྱི་དུད་པ་ཆི་ལི་ལི། །རྐང་མར་གྱི་ཞུན་མར་ཡ་ལ་ལ། །རཀྟའི་དྲི་ཆབ་འཁྱིལ་ལི་ལི། །ཤ་ཆེན་གྱི་གཏོར་མ་སམ་སེ་སམ། །མི་རྐང་གླིང་བུ་ཀྱུ་རུ་རུ། །མི་ཐོད་ཀྱི་ཌཱ་མ་རུ་ཁྲོ་ལོ་ལོ། །གཡས་ན་དཔའ་བོ་ཤ་ར་ར། །ཕཊ་ཀྱི་བརྡ་སྐད་སངས་སེ་སང་། །གཡོན་ན་དཔའ་མོ་ཐིབ་སེ་ཐིབས། །ཧཱུྃ་གི་
༡༧༡ སྣང་གླུ་ཀྱུ་རུ་རུ། །ཞབས་ཀྱི་བྲོ་བརྡུང་ཆེམས་སེ་ཆེམ། །ཕྱག་གི་པད་ཀོར་ཤིགས་སེ་ཤིག །ཉམས་དབྱངས་ཀྱི་མགུར་མ་འུ་རུ་རུ། །བྱིན་རླབས་ཀྱི་ན་བུན་ཐུ་ལུ་ལུ། །གདམས་ངག་གི་སྦྲང་ཆར་སི་ལི་ལི། །ཨ་མ་ལབ་སྒྲོན་ལ་གསོལ་བ་འདེབས། །བྱང་ཆུབ་ཆོས་སྒྲོན་ལ་གསོལ་བ་འདེབས། །ཉམས་རྟོགས་ཀྱི་བདག་མོ་ལ་གསོལ་བ་འདེབས། །འོད་གསལ་གྱི་ཁོར་ཡུག་ལ་གསོལ་བ་འདེབས། །ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །དབྱིངས་ཀྱི་ཡུམ་ཆེན་མོས་བྱིན་གྱིས་རློབས། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དད་མོས་དྲག་པོའ་སྒོ་ནས་གསོལ་བ་འདེབས། །ཚད་མེད་ཐུགས་རྗེ་ཆེན་པོས་རྗེས་བཟུང་ནས། །ལས་ཅན་སྐྱེས་བུ་བདག་ལ་བྱིན་གྱིས་རློབས། །དད་ལྡན་སློབ་མ་རྣམས་ལ་བཅུད་དུ་ཕོབ། དེ་བཞིན་དུ། །ལྷོ་ཕྱོགས་རིན་ཆེན །ནུབ་ཕྱོགས་པདྨ །བྱང་ཕྱོགས་ལས་ཀྱི །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ །ཞེས་སོ་སོར་སྦྱར་རོ། །རྗེས་ཚོགས་མཆོད་སོགས་བདེ་མཆོག་དང་ཕག་མོ་ལྟ་བུའི་གཞུང་གང་རིགས་ལྟར་བྱ། དེའང་ཆོ་ག་རྒྱས་པར་བྱེད་ན་གཅོད་ཡུལ་རང་གི་ཚོགས་ལས་དང་འབྲེལ་བར་གྲུབ་ཀྱང་ལེགས། བསྡུ་ན་འདི་ཙམ་གྱིས་འཐུས། དབང་གི་དངོས་གཞི་རྒྱས་པར་རྒྱལ་ཐང་བ་རང་གི་གཞུང་ལྟར་ངོ་སྤྲོད་ཀྱང་ལེགས་ཤིང་། འོན་ཀྱང་དོན་གྱི་སྙིང་པོ་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འདིར་མ་འདུས་པ་མེད། གང་ལྟར་ཡང་ཀུན་སློང་འཆོས་པ་དང་། ཆོས་ཀྱི་ལོ་རྒྱུས་ནས་བཟུང་ཚིག་གི་མཚམས་སྦྱོར་རྒྱས་བསྡུས་སློབ་དཔོན་གྱིས་དཔྱད་དེའི་ལྟར་རིག་པ་བགྱིས་པས་གྲུབ་བོ། །མངྒ་ལཾ།། །།

རྟེན་འབྲེལ་བདག་གཏོད་དམ་པའི་བྱིན་རླབས་

༡༣༦ ༀ་སྭ་སྟི། ན་མོ་གུ་རུ་ཀཱ་མ་ལ་ཤཱི་ལཱ་ཡ། འདིར་རྟེན་འབྲེལ་གྱི་སྔོན་དུ་རྟེན་འབྲེལ་གྱི་བདག་པོ་གཏོད་བཞེས་བྱ་བ་དམ་པ་རིན་པོ་ཆེ་ཕྱི་ནང་གསང་གསུམ་གྱི་བླ་སྒྲུབ་ཀྱི་དབང་བསྐུར་བ་ནི། སྟེགས་བུའི་སྟེང་དུ་དཀྱིལ་འཁོར་པདྨ་འདབ་བརྒྱད་ཀྱི་ཕྱིར་རྡོ་ར་མེ་འོད་དང་བཅས་པས་བསྐོར་བའི་ལྟ་བར་ཀྲྀཥྞ་སཱ་རའི་པགས་པ་མགོ་གཡས་སུ་བསྟན་པའི་སྟེང་དུ་དམ་པའི་སྐུ་བྲིས་འབུར་གང་རིགས་བཞུགས་པའི་མདུན་དུ་ཧཱུྃ་ཡིག་བྲི། མཆོད་གཏོར་ཅི་འབྱོར་པ་བབཤམས་ལ། བདག་བསྐྱེད་ནི། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་ཆོས་ཐམས་ཅད་རང་བཞིན་མེད་པར་སྦྱངས། དེའི་ངང་ལས་གཟུང་འཛིན་དག་པའི་སེམས་ཉིད་དེ། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊཿ ཅེས་པའི་སྔགས་སྒྲས་སད་པ་ལས། སྐད་ཅིག་གིས་པད་ཉི་ཟླ་བའི་སྟེང་དུ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཚུགས་ཀྱི་རྩེ་མོར་ནོར་བུ་དང་ངོས་ལ་སྣ་ཚོགས་རྡོ་རྗེ། གཡོན་ངོས་སུ་ཟླ་ཕྱེད།
༡༣༧ མི་བསྐྱོད་པས་དབུ་བརྒྱན་པ། རུས་པའི་འཁོར་ལོ་ལ་སོགས་པའི་རྒྱན་དྲུག །ཐོད་པ་སྐམ་པོའ་དབུ་རྒྱན། ཁྲག་འཛག་པའི་མགོ་བོའ་དོ་ཤལ། དཔའ་བོའ་དར་དཔྱང་། སྟག་ཤམ་གྲོལ་བ། ཞབས་གཉིས་གཡས་བརྐྱང་བའི་སྟབས་ཀྱིས་དུས་མཚན་དང་འཇིགས་བྱེད་མནན་པ། གར་གྱི་ཉམས་དགུས་སྒེག་པ། ཡུམ་ཕག་མོ་དམར་མོ་གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་དང་། གཡོན་ཐོད་ཁྲག་བསྣམས་པས་ཡབ་ལ་འཁྱུད་པ། གཅེར་བུ་སྐྲ་གྲོལ་ཞིང་ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཕྱག་རྒྱ་ལྔས་བརྒྱན་པ། གཉིས་ཀའང་གཉུག་སེམས་ལྷན་སྐྱེས་བདེ་སྟོང་ཟུང་འཇུག་གི་སྣང་བརྙན་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་བདག་ཉིད་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཡབ་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་དཀར་པོ་འཕྲོས། སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོ་སྦྱངས། སླར་འདུས་ནས་རང་ལ་ཐིམ་པར་མོས་ལ། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླས་མཐར། མཆོད་གཏོར་རྣམས། སྟོང་པའི་ངང་ལས་ༀ་ལས་སྣོད་ཕུན་སུམ་ཚོགས་པར། ཨཱ་ལས་མཆོད་པའི་ཡོ་བྱད་རང་བཞིན་བདེ་སྟོང་། རྣམ་པ་མཆོད་རྫས། བྱེད་ལས་ཟག་མེད་ཀྱི་བདེ་བས་ཚིམ་པར་བྱེད་པ། ཧཱུྃ་གིས་མཁའ་ཁྱབ་ཏུ་སྤེལ་བར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ། ཐུགས་ཀ་ནས་སྤྲོས་པའི་མཁའ་འགྲོ་མ་རྣམས་ཀྱིས་རང་ལ་མཆོད་པར་བསམས་ལ། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་གྱིས་ཕྱི་མཆོད། རྩ་སྔགས་ལ་འབྲུ་གསུམ་བཏགས་པས་ནང་མཆོད། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་གསང་མཆོད་ཕུལ་ནས། དཔལ་ལྡན་བདེ་མཆོག་འཁོར་ལོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་
༡༣༨ ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། སྣོད་བཅུད་འོད་དུ་ཞུ་ཞུགསནས་ཐུགས་ཀའི་ཧཱུྃ་གི་བར་རིམ་གྱིས་ཐིམ། དེ་ཡང་གྱེན་རྫོགས་འོད་གསལ་གྱི་དབྱིངས་སུ་ཐིམ་པར་གྱུར། ཅུང་ཟད་མཉམ་པར་བཞག །འོད་གསལ་གྱི་ངང་ལས་སླར་ཡང་ཧེ་རུ་ཀའི་སྐུར་གྱུར། མདུན་བསྐྱེད་ནི། སྭ་བྷཱ་ཝས་མདུན་གྱི་དཀྱིལ་འཁོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བསྲུང་བའི་འཁོར་ལོས་མི་ཕྱེད་པར་བཅིངས་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཡོངས་སུ་རྒྱས་པའི་དབུས་སུ་མི་འཇིགས་པ་སེང་གེའི་ཁྲི། མ་ཆགས་པ་པདྨའི་གདན། ཐུགས་རྗེ་ཉི་མའི་གདན། བྱང་སེམས་ཀྲྀཥྞ་ས་རའི་པགས་པའི་སྟེང་དུ་རྗེ་བཙུན་དམ་པ་རྒྱ་གར་བ་དྲང་སྲོང་ཆེན་པོ་དུ་བའི་མདོག་ཅན། མིག་དམར་སྐྲའི་ལྭ་བ་ཅན་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་རྟེན་འབྲེལ་གྱི་པར་བུ་ཐུགས་ཀར་འཛིན་པ། སྐུ་སྟོད་གཅེར་བུར་ཕྱུང་ཞིང་སྐུ་སྨད་ལ་བལ་ཐུལ་དཀར་པོ་གསོལ་བ། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། འཁོར་འདས་ཟིལ་གྱིས་གནོན་པའི་ལྟ་སྟངས་མཛད་པ། གང་འདུལ་སྐུ་གསུམ་གྱི་རོལ་པ་བམ་འགགས་པར་སྟོན་པའི་སྒྱུ་མ་ལྟ་བུའི་སྐུ་ཅན་དུ་བཞུགས་པ། ཕྱི་རོལ་གྱི་འདབ་མ་བརྒྱད་ལ་མདུན་ནས། གཡས་སྐོར་དུ་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དཀོན་མཆོག །ཆོས་དཀོན་མཆོག་ཡུམ་ཆེན་མོའ་རྣམ་པ་ཅན། དགེ་འདུན་དཀོན་མཆོག་ས་བཅུའི་བྱང་སེམས། གནས་གསུམ་གྱི་མཁའ་འགྲོ། ཞིང་སྐྱོང་། དམ་ཅན་སྲུང་མ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་གྱུར། དེ་ལྟར་གསལ་བའི་གཙོ་བོའ་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་རྣམས་ལས་འོད་ཟེར་འཕྲོས་པས་དུས་གསུམ་གྱི་སངས་
༡༣༩ རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས། ཡི་གེ་གསུམ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ལ། ཚོགས་བསགས་པ་ནི། ས་བཅུའི་དབང་ཕྱུག་མི་ཕམ་མགོན། །དམ་པ་སངས་རྒྱས་འགྲོ་བའི་རྗེ། །བཀའ་བབས་གསུམ་གྱི་ཆོས་འཁོར་བསྐོར། །རྣལ་འབྱོར་དབང་ཕྱུག་ལ་ཕྱག་འཚལ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །སངས་རྒྱས་ཆོས་དང་འཕགས་པའི་ཚོགས། །གནས་གསུམ་མཁའ་འགྲོ་ཞིང་སྐྱོང་དང་། །དམ་ཅན་བཅས་ལ་གུས་ཕྱག་འཚལ། །མཆོད་པ་བླ་ན་མེད་པས་མཆོད། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །བདག་གིས་དགེ་བ་ཅི་བསགས་པ། །སེམས་ཅན་ཀུན་ལ་བསྔོ་བར་བགྱི། །ཞེས་ལན་གསུམ་ལ་སོགས་པ་ཅི་ནུས་བྱའོ། །དེ་ནས་བྱིན་རླབས་དབབ་པའི་བཟླས་པ་བྱ་སྟེ། དམ་པའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བྱུང་། རང་གི་སྙིང་གར་ཐིམ་པས་རྗེ་བཙུན་གྱི་ཐུགས་ལ་མངའ་བའི་ཏིང་ངེ་འཛིན་དང་བྱང་ཆུབ་ཀྱི་སེམས་དང་། ཉམས་དང་རྟོགས་པ་ཁྱད་པར་ཅན་ཐམས་ཅད་བདག་རྒྱུད་ལ་སྐྱེས་པར་མོས་ལ། ༀ་གུ་རུ་ཀ་མ་ལ་ཤཱི་ལ། ན་མ་བདག་ལ་ཛྙཱ་ན་ཨཱ་བེ་ཤ་ཡ་གུ་རུ་ཧྲཱིཿབཾ་སྭཱ་ཧཱ། ཞེས་ངར་དང་བཅས་པས་ཅི་ནུས་བཟླའོ། །དེ་རྗེས་སློབ་མ་བྱིན་གྱིས་བརླབས་པའི་ཕྱིར་སྐུ་གསུམ་གྱི་བཟླས་པའང་ཅུང་ཟད་རེ་བྱ་སྟེ། མདུན་གྱི་བླ་མ་སྤྲུལ་སྐུའི་བདག་ཉིད་དུ་བཞུགས་པའི་ཐུགས་ཀའི་འོད་ཀྱིས་རེག་པས་ལུས་ཀྱི་དྲི་མ་དག་ནས་གང་འདུལ་གྱི་ཕྲིན་ལས་འགྲུབ་པར་མོས་ལ། ༀ་ཨཱཿཧྲཱིཿགུ་རུ་ནིརྨ་ཀཱ་ཡ་
༡༤༠ སིདྡྷི་ཧཱུྃ། ཞེས་བཟླས། ཡང་བླ་མ་ལོངས་སྐུའི་བདག་ཉིད་དུ་བཞུགས་པའི་སྐུའི་འོད་ཀྱིས་ངག་སྒྲིབ་དག་ནས་སྣང་བ་ཐམས་ཅད་དག་པ་རབ་འབྱམས་སུ་འཆར་བ་མོས་ལ། ༀ་ཨཱཿཧྲཱིཿགུ་རུ་སམྦྷོ་ཀཱ་ཡ་སིདྡྷི་ཧཱུྃ། ཞེས་བཟླ། ཡང་བླ་མ་ཆོས་སྐུའི་བདག་ཉིད་དུ་བཞུགས་པའི་སྐུའི་འོད་ཀྱིས་ཡིད་སྒྲིབ་དག་ནས་རིག་པ་སྤྲོས་བྲལ་དུ་འཆར་བར་མོས་ལ། ༀ་ཨཱཿཧཱུྃ་གུ་རུ་དྷརྨ་ཀཱ་ཡ་སིདྡྷི་ཧཱུྃ། ཞེས་བཟླའོ། །དེ་ནས་བྱིན་རླབས་ཞུ་བ་ནི། དམ་པ་རིན་པོ་ཆེས་བདག་གི་ལུས་གཟི་བརྗིད་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། དམ་པའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་དཀར་པོ་འཕྲོས་རང་གི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག་ནས་ལུས་དམ་པའི་སྐུར་གྱུར། ཡང་དམ་པ་རིན་པོ་ཆེས་བདག་གི་དག་ནུས་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། དམ་པའི་མགྲིན་པ་ནས་འོད་ཟེར་སྔོན་པོ་འཕྲོས་རང་གི་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་དག་ནས་ངག་ནུས་པ་དང་ལྡན་པར་གྱུར། ཡང་དམ་པ་རིན་པོ་ཆེས་བདག་གི་སེམས་རྟོགས་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། དམ་པའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས་རང་གི་སྙིང་གར་ཐིམ་པས་རང་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ནས་ཉམས་རྟོགས་ཁྱད་པར་ཅན་སྐྱེས་པར་གྱུར། མདུན་གྱི་དམ་པའི་སྐུ་འོད་དུ་ཞུ་ཞུགསབ་རང་གི་སྙིང་གར་ཐིམ་པས། རང་ལུས་ཀྱང་འོད་དུ་ཞུ་ཞུགསསྟེ་ཨ་དཀར་པོ་གཅིག་ཏུ་གྱུར་པ་བལ་སེམས་བཟུང་། དེའང་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་འོད་གསལ་གྱི་དབྱིངས་སུ་ཐིམ་པར་གྱུར། དེ་ཡི་ངང་ལས་བདག་དང་མདུན་གྱི་དཀྱིལ་འཁོར་ཐམས་ཅད་སྔར་བཞིན་བཀྲ་ལམ་གྱིས་གསལ་བར་གྱུར། དེ་ནས་སློབ་མ་ཁྲུས་དང་ཕྱག་བྱས་གྲལ་དུ་འཁོད་
༡༤༡ པ་ལ་སེམས་བསྐྱེད་ཆོས་བཤད་ཅི་རིགས་སྔོན་དུ་བཏང་ནས། འདིར་ཞི་བྱེད་བཀའ་བབས་ཕྱི་མའི་ནང་ཚན་རྟེན་འབྲེལ་གྱི་སྔོན་དུ་རྟེན་འབྲེལ་གྱི་བདག་པོ་གཏོད་པ་ཞེས་བྱ་བ་དམ་པ་རིན་པོ་ཆེ་སྐུ་གསུམ་གྱི་སྒྲུབ་པ་ཕྱི་ནང་གསང་གསུམ་གྱི་བླ་སྒྲུབ་ཟབ་མོའ་བྱིན་རླབས་བསྐུར་བ་ལ་སློབ་དཔོན་གྱིས་བགྱི་འོས་རྣམས་གང་དུ་སོང་། ད་སློབ་མའི་བྱ་བ་ཐོག་མར་མཎྜལ་ཕུལ་མཛོད། དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་སྐྱབས་སེམས་མཆོད་བསྔོ་སྨོན་ལམ་དང་བཅས་པ་འདིའི་རྗེས་ཟློས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་པ་ནས། དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཅིག །ཅེས་པའི་བར་ལན་གསུམ། དེ་ནས་དངོས་གཞིའི་སླད་དུ་ཐལ་མོ་སྦྱར་ཏེ་བླ་མ་དང་དམ་པ་དབྱེར་མེད་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས། བླ་མ་རིན་པོ་ཆེས། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམ་པ་རིན་པོ་ཆེ་ཕྱི་ནང་གསང་གསུམ་གྱི་ངོ་བོ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུར་སྨིན་པར་མཛད་དུ་གསོལ། ཞེས་ལན་གསུམ། དེ་ནས་སློབ་མ་བདེ་མཆོག་ལྷན་སྐྱེས་ཀྱི་སྐུར་གསལ་བའི་སྤྱི་བོར་རྗེ་བཙུན་དམ་པ་རྒྱ་གར་ལ་རྩ་བརྒྱུད་ཀྱི་བླ་མས་བསྐོར་བ། མགྲིན་པར་དཀོན་མཆོག་གསུམ། སྙིང་གར་བདེ་མཆོག་ལ་ཡི་དམ་ཐམས་ཅད་ཀྱིས་བསྐོར་བ། ལྟེ་བར་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་གསུམ་ལ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བར་གྱུར། དེ་ཐམས་ཅད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་ཐམས་ཅད་དང་། ཁྱད་པར་དམ་པ་རིན་པོ་ཆེ་སྤྲུལ་པའི་བའིསྐུ་སྨུག་ནག་གཟི་བྱིན་ཅན་ཕྱག་གཡས་རྡོ་རྗེ་རིན་ཆེན་སོགས་རིགས་ལྔའི་རྒྱ་དང་གཡོན་དྲིལ་བུ་འཁྲོལ་བ་དཔག་ཏུ་མེད་པ་སྤྱན་དྲངས་སོ་སོ་རང་རང་ལ་སིབ་སིབ་ཐིམ་པས་བྱིན་རླབས་ཞུགས་པར་མོས་ལ། ༀ་ཨཱཿཧྲཱིཿགུ་རུ་ནིརྨ་ཀཱ་ཡ་སིདྡྷི་ཧཱུྃ་ཛྙཱ་ན་ཨ་བེ་ཤ་
༡༤༢ ཡ་ཧྲཱིཿབཾ་སྭཱ་ཧཱ། ཞེས་སྤོས་རོལ་བྱ། དེ་རྗེས་སུ་སེམས་མ་བཅོས་པའི་ངང་ལ་དར་གཅིག་མཉམ་པར་བཞག་གོ །ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རྩ་བརྒྱུད་ཀྱི་བླ་མ་སོགས་དང་། ཁྱད་པར་དམ་པ་རིན་པོ་ཆེ་ལོངས་སྤྱོད་རྫོགས་པའི་སྐུ་རིན་པོ་ཆེ་དང་རུས་པའི་རྒྱན་ཅན་རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་སྐྱིལ་ཀྲུང་གིས་བཞུགས་པ་སྤྱན་ནམ་མཁའ་ལ་གཟིགས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པས་བྱིན་རླབས་ཞུགས་པར་མོས། ༀ་ཨཱཿཧྲཱིཿགུ་རུ་སམྦྷོ་ཀཱ་ཡ་སིདྡྷི་ཧཱུྃ་ཛྙཱ་ན་ཨ་བེ་ཤ་ཡ་ཧྲཱིཿབཾ་སྭཱ་ཧཱཿ སྤོས་རོལ་བྱ། དེའི་ངང་མདངས་བསྐྱང་ལ་མཉམ་པར་ཞོག །ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རྩ་བརྒྱུད་ཀྱི་བླ་མ་སོགས་དང་ཁྱད་པར་དམ་པ་རིན་པོ་ཆེ་ཆོས་ཀྱི་སྐུ་ནམ་མཁའི་ཆོས་གོས་ཅན་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པས་བྱིན་རླབས་ཞུགས་པར་མོས། ཧཱུྃ་ཧཱུྃ། ཧྲིང་ཧྲིང་། ཕཊ་ཕཊ། ༀ་ཨཱཿཧྲཱིཿགུ་རུ་དྷརྨ་ཀཱ་ཡ་སིདྡྷི་ཧཱུྃ་ཛྙཱ་ན་ཨ་བེ་ཤ་ཡ་ཧྲཱིཿབཾ་སྭཱ་ཧཱ། ཞེས་དང་། སྤོས་རོལ་བྱ། སེམས་ཉིད་རྩོལ་བྲལ་གྱི་ངང་ལ་མཉམ་པར་བཞག །དེ་ནས་རྩ་བ་གསུམ་གཅུད་ལ་བོར་ཏེ་དབང་བྱིན་པ་ལས། དང་པོ་བླ་མ་གཅུད་ལ་བོར་ཏེ་གསོལ་བ་གདབ་པ་འདིའི་རྗེས། ཀུན་རྫོབ་ཏུ་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་ནམ་མི་བདེན། ཀུན་རྫོབ་ཏུ་བླ་མ་རྣམས་ཀྱི་བཀའ་བདེན་ན། བདག་དམ་པ་རིན་པོ་ཆེ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་སྒྱུ་མ་ལྟ་བུར་ད་ལྟ་ཉིད་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་ལན་གསུམ། ཁྱེད་རང་གི་སྤྱི་བོའ་བླ་མ་དང་མདུན་བསྐྱེད་ཀྱི་བླ་མ་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུ་དུས་གསུམ་གྱི་བླ་མ་ཐམས་ཅད་རྣམ་པ་དམ་པ་རིན་པོ་ཆེ་ཆོས་ལོངས་སྤྲུལ་སྐུའི་རྣམ་པར་སྤྱན་དྲངས་པ་དང་། མདུན་བསྐྱེད་ཀྱི་བླ་མ་རྣམས་ལས་ཀྱང་དེ་འདྲ་བ་དཔག་ཏུ་མེད་པ་བྱོན་ནས་རང་ལ་སིབ་ཀྱིས་ཐིམ་པས་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐོབ་པར་
༡༤༣ མོས་ལ། ༀ་གུ་རུ་ཀཱ་མ་ལ་ཤཱི་ལ་ན་མོ་བཛྲ་པི་།།།་ཛྙཱ་ན་ཨ་བེ་ཤ་ཡ་གུ་རུ་ཧྲཱིཿབཾ་སྭཱ་ཧཱ། ཞེས་དང་སྤོས་རོལ་བྱ། ཡང་ཡི་དམ་གཅུད་ལ་བོར་ཏེ་གསོལ་བ་གདབ་པ་འདིའི། ཀུན་རྫོབ་ཏུ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་ནམ་མི་བདེན། ཀུན་རྫོབ་ཏུ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་ན་བདག་དམ་པ་རིན་པོ་ཆེ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་སྒྱུ་མ་ལྟ་བུར་ད་ལྟ་ཉིད་དུ་གྲུབ་པར་མཛད་དུ་གསོལ། ལན་གསུམ། ཁྱེད་རང་གི་མགྲིན་པ་དང་སྙིང་གའི་ལྷ་ཚོགས་རྣམས་དང་མདུན་བསྐྱེད་ཀྱི་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་དམ་པ་རིན་པོ་ཆེ་སྐུ་གསུམ་གྱི་རྣམ་པར་སྤྱན་དྲངས་པ་དང་། མདུན་བསྐྱེད་ཀྱི་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ལས་དེ་འདྲ་བ་དཔག་ཏུ་མེད་པ་བྱོན་ནས་རང་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ལ། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། ༀ་བཱ་གཱི་ཤྭ་རི་མཱུཾ། ༀ་མཉྫུ་གྷོ་ཥ་ཧཱུྃ། ༀ་བྷ་རི་སིདྡྷི་ཧཱུྃ། ༀ་གུ་རུ་ཀ་མ་ལ་ཤཱི་ལ། ན་མོ་བཛྲ་པི་།།།་ཛྙཱ་ན་ཨཱ་བེ་ཤ་ཡ་གུ་རུ་ཧྲཱིཿསྭཱ་ཧཱ། ཞེས་དང་སྤོས་རོལ་བྱ། ཡང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བཅུད་ལ་བོར་ཏེ་གསོལ་བ་བཏབ་པ་འདིའི། ཀུན་རྫོབ་ཏུ་དམ་པ་ཆོས་སྐྱོང་བའི་སྲུང་མ་མཁའ་འགྲོ་ཞིང་སྐྱོང་རྣམས་ཀྱི་བཀའ་བདེན་ནམ་མི་བདེན། ཀུན་རྫོབ་ཏུ་དམ་པ་ཆོས་སྐྱོང་བའི་སྲུང་མ་མཁའ་འགྲོ་ཞིང་སྐྱོང་རྣམས་ཀྱི་བཀའ་བདེན་ན། བདག་དམ་པ་རིན་པོ་ཆེ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་སྒྱུ་མ་ལྟ་བུར་ད་ལྟ་ཉིད་དུ་གྲུབ་པར་མཛད་དུ་གསོལ། ལན་གསུམ། ཁྱེད་རང་གི་ལྟེ་བ་དང་མདུན་བསྐྱེད་ཀྱི་མཁའ་འགྲོ་ཞིང་སྐྱོང་དམ་ཅན་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་མཁའ་འགྲོ་ཞིང་སྐྱོང་བསྲུང་མ་ཐུགས་དམ་ཅན་ཐམས་ཅད་
༡༤༤ དམ་པ་རིན་པོ་ཆེ་སྐུ་གསུམ་གྱི་རྣམ་པར་སྤྱན་དྲངས་པ་དང་། མདུན་བསྐྱེད་ཀྱི་མཁའ་འགྲོ་ཞིང་སྐྱོང་དམ་ཅན་རྣམས་ལས་ཀྱང་དེ་འདྲ་དཔག་ཏུ་མེད་པ་བྱོན་ནས་རང་ལ་ཐིམ་པས་ཕྲིན་ལས་ཐོགས་པ་མེད་པའི་མཐུ་དང་ནུས་པ་ཐོབ་པར་བསམས་ལ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཧ་རི་ནི་ས་མ་མ་ཛྙཱ་ན་ཨཱ་བེ་ཤ་ཡ་ཧྲཱིཿབཾ་སྭཱ་ཧཱ། ༀ་བཛྲ་ཌཱ་ཀི་ནཱི་ཛྙཱ་ན་ཨ་བེ་ཤ་ཡ་ཧྲཱིཿབཾ་སྭཱ་ཧཱ། ༀ་རཏྣ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཧྲཱིཿབཾ་སྭཱ་ཧཱ། ༀ་པདྨ་ཌཱ་ཀི་ནཱི་ཛྙཱ་ན་ཨ་བེ་ཤ་ཡ་ཧྲཱིཿབཾ་སྭཱ་ཧཱ། ༀ་ཀརྨ་ཌཱ་ཀི་ནཱི་ཛྙཱ་ན་ཨ་བེ་ཤ་ཡ་ཧྲཱིཿབཾ་སྭཱ་ཧཱ། ཞེས་དང་སྤོས་རོལ་བྱ། དེ་ནས་བཟླས་ལུང་ནི། དཔོན་སློབ་གཉིས་ཀ་དམ་པ་རིན་པོ་ཆེར་གསལ་བའི་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་སྔགས་ཕྲེང་ཞལ་ནས་ཐོན། སློབ་མའི་ཞལ་དུ་ཞུགས་ཏེ་སྙིང་གའི་ཧཱུྃ་ལ་ཐིམ་པར་བསམས་ལ་ༀ་གུ་རུ་ཀ་མ་ལ་ཤཱི་ལ་ན་མ་བདག་ལ་ཛྙཱ་ན་ཨཱ་བེ་ཤ་ཡ་གུ་རུ་ཧྲཱིཿབཾ་སྭཱ་ཧཱ། ཞེས་ལན་གསུམ། ཡང་གཉིས་ཀ་དམ་པ་སྐུ་གསུང་ཐུགས་ཀྱི་མངོན་རྟོགས་སོ་སོར་སྐུར་ལ། ༀ་ཨཱཿཧྲཱི་གུ་རུ་ནིརྨ་ཀཱ་ཡ་སིདྡྷི་ཧཱུྃ། ཞེས་ནིརྨའི་ཚབ་ཏུ་སམྦྷོ་དང་བཅུག་པ་རེ་རེ། ཡང་ལན་གསུམ་རེ་བཟླས་མཐར། དམ་པ་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐལ་ལྡན་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་འཇུག་པར་གྱུར་ཅིག །ཅེས་མེ་ཏོག་གཏོར། དེས་དམ་པ་ཕྱི་ནང་གསང་གསུམ་གྱི་བྱིན་རླབས་གྲུབ། དམ་ཚིག་བཟུང་བ་གཏོང་རག་གི་མཎྜལ། དགེ་བ་བསྔོ་བ་རྣམས་དང་། མདུན་བསྐྱེད་ལ་མཆོད་བསྟོད། བཟོད་གསོལ། གཤེགས་བསྡུ། བསྔོ་ཤིས་ཀྱིས་མཐའ་བརྒྱན་ནོ།

།སློབ་དཔོན་འདིའི་ལུགས་ཀྱི་ལོག་གནོང་རྣམ་པ་ལྔ་སྟེ།

༡༡༧ ༈ །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །སློབ་དཔོན་འདིའི་ལུགས་ཀྱི་ལོག་གནོན་རྣམ་པ་ལྔ་སྟེ། འཁོར་ལོ་ལྟར་བསྐོར་བ། དྲུ་གུ་ལྟར་དྲིལ་བ། བུ་ག་མང་པོའི་སྦྱོར་བ། སྟེང་འོག་གི་འཁོར་ལོ་མེད་པ་ལ་བསླབ་པ། རབ་ཏུ་དམའ་བའི་སྦྱོར་བ་ལ་བསླབ་པའོ། །དང་པོ་ནི། ལུས་ཁེངས་པ་སྙམ་བྱེད་ཅིང་ན་བ་ལ་སོགས་པ་བྱུང་ན། ལྟེ་བའི་གནས་སུ་འཁོར་ལོ་རྩིབས་བརྒྱད་སེར་པོ་གཅིག་བསམས་ལ། འཁོར་ལོ་དེ་དང་པོ་གཡས་སུ་འཁོར་བར་བསྒོམ། དེས་མ་བདེ་ན་གཡོན་ཏུ་འཁོར་བར་བསྒོམ། དེ་ལྟར་འཁོར་བར་ཇེ་ཆེ་ཇེ་ཆེར་སོང་བས་ལུས་ཀྱང་ཇེ་ཆེར་སོང་བར་བསྒོམ། དེས་ཤིན་ཏུ་ཆེར་སོང་བར་སྙམ་བྱེད་ན། འཁོར་ལོ་བློས་བཏང་ལ། ལུས་ནང་སྟོང་པ་དེ་ནམ་མཁའ་ལ་དེངས་ཤིང་ཡས་ཏེ་མེད་པར་བསམ། དེས་འཕྲལ་ཏུ་སྐྱོན་ལས་གྲོལ་ལོ། གཉིས་པ་ནི། སྙིང་ག་ལ་སོགས་པའི་ལུས་ཁོལ་བུར་དམིགས་ཀྱིས་ན་བ་བྱུང་ན། གང་ནས་དེར་བུ་ག་གཅིག་སང་གིས་བྱུང་བར་བསམས་ལ། དེ་ནས་དབུགས་ཕྱིར་དྲག་ཏུ་བཏང་ཞིང་། སེམས་ཀྱིས་རླུང་ཁ་དོག་སྔོན་པོ། སྦོམ་ཕྲ་རྟ་རྔ་ཚད་ཙམ་གཅིག་བྱུང་ནས་ཕྱི་རོལ་ཏུ་ཁྲུ་གང་
༡༡༨པ་ཧྲིལ་ལི་ལེ་འདྲིལ་བར་བསམ། དེ་ནས་ཅུང་ཞིག་དམིགས་པ་དེ་བློས་དོར། དེ་ནས་ཡང་བུ་ག་དེ་ཆེར་སོང་ནས་རླུང་ཡང་སྔར་བས་སྦོམ་དུ་སོང་བར་དམིགས་ཏེ། སྐུད་པའི་ཚད་ཙམ་ནས་ཐག་པའི་ཚད་ཙམ་གྱི་བར་དུ་སོང་བར་དམིགས་པ་སྔར་བཞིན་ཏུ་དྲིལ་བར་བསམ། དེས་འཕྲལ་ཏུ་སྐྱོན་ལས་གྲོལ་ལོ། །གསུམ་པ་ནི། ལུས་ཐམས་ཅད་ཁྱབ་པར་ན་ན། ལུས་ཐམས་ཅད་ལ་ཚགས་སའི་མིག་བཞིན་ཏུ་བུ་ག་མང་པོ་བྱུང་སྟེ། དེ་དག་ཐམས་ཅད་ནས་ཕྱིར་རླུང་སྔོ་བུན་བུན་འགྲོ་བར་བསམས་ཤིང་དབུགས་ཕྱིར་དྲག་ཏུ་བུས་ལ་བཏང་། སྐྱོན་འཕྲལ་ཏུ་སེལ། ཁམས་ལ་ཅུང་ཞིག་གནོད་གསུངས། །བཞི་པ་ནི། ལུས་ཀྱི་སྟོད་དུ་ན་ཞིང་མི་བདེ་ན། མགྲིན་པ་ཡན་ཆད་ཧན་དང་དུ་སྟོང་པར་བསམས་ལ། དེ་ནས་ཡར་རླུང་སྔོ་བུན་བུན་འགྲོ་བར་བསམ་ཞིང་དབུགས་ཕྱིར་དྲག་ཏུ་བཏང་། ལུས་ཀྱི་སྨད་དུ་ན་ཞིང་མི་བདེ་སྨད་ཉིད་ཧན་དང་སྟོང་པར་བསམས་ལ། དེ་ནས་མར་རླུང་ཐུར་ལ་[279]སྔོ་བུན་བུན་འགྲོ་བར་བསྒོམ། ད་དག་གིས་འཕྲལ་ཏུ་སྐྱོན་ལས་གྲོལ་ལོ། །ལྔ་པ་ནི། མཆོད་རྒྱུག་ལ་སོགས་པ་དུ་མ་བྱུང་ན། རང་གི་འདུག་སའི་འོག་དེ་དོང་ལྟ་བུ་ཤིན་ཏུ་དམའ་བར་བསམས་ཏེ། དེ་ནས་མར་རང་གི་ལུས་བྱིང་བར་བསམ། དེས་མི་སེལ་མི་སྲིད་གསུངས། ལོག་གནོན་རྣམ་པ་ལྔའི་མན་ངག་ས་མཱ་སྟི་མི་ཐི། སརྦ་མངྒ་ལྃ།

མཁའ་སྤྱོད་དཀར་མོའི་འཕོ་བ་བཞུགས་སོ

༢༧༣ མཁའ་སྤྱོད་དཀར་མོའ་འཕོ་བ་བཞུགས་སོ། ༀ་སྭ་སྟི། མཁའ་དབྱིངས་དབང་པོའ་གཞུ་ཡི་འོད་ཀྱི་རླབས། །འཁྱིལ་བའི་དབུས་ན་རྗེ་བཙུན་རྣལ་འབྱོར་མ། །སྟོན་ཟླའི་མདངས་ཀྱིས་བྱུགས་པའི་ལང་ཚོ་ཅན། །མཉེན་ལྕུག་རྣམས་དང་འགྱུར་བ་ཅིར་ཡང་ངོམས། །གང་གིས་མཆོག་གི་དཀྱིལ་འཁོར་ཉིད། །སྐལ་ལྡན་རྣམས་ལ་གསལ་བར་སྟོན། །བདེ་བ་ཆེན་པོའ་ཡེ་ཤེས་ནི། །སྐད་ཅིག་ཉིད་ལ་སྟེར་བར་མཛད། །འདིར་ནཻ་གུསྟཱ་ཞེས་པ་ངེས་པར་སྦས་མའམ། །ངེས་པར་གསང་བ་མ་ཞེས་པ་དེ་ཅུང་ཟད་ཟུར་ཆགས་པས། །ནཻ་གུ་མ་ཞེས་ཡོངས་སུ་གྲགས་པ་མཁའ་ལ་སྤྱོད་པའི་དབང་མོ་འཇའ་ལུས་འཆི་བ་མེད་པའི་སྐུ་ཅན་མ་དེ་ཉིད་ཀྱིས་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་ཐང་སྟོང་རྒྱལ་པོ་ཞེས་གྲགས་པ་སྙན་པའི་སྤྲིན་རྔ་མཁའ་ཀློང་ཡོངས་སུ་གང་བ་དེ་ཉིད་ལ་ཞལ་མངོན་སུམ་དུ་བསྟན་ནས། མཆོག་གི་དཀྱིལ་འཁོར་ཆེན་པོར་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ནས་དགའ་བ་བཞིའི་ལང་ཚོ་ཡོངས་སུ་གང་ཞིང་། །དེའི་ཚེ་ཞུ་བ་དང་ཞུ་ལན་དང་བརྡ་དང་བརྡ་ལན་དང་། ག་ཎ་ཙཀྲའི་ལོངས་པའི་ཡོན་ཏན་རྨད་དུ་བྱུང་བ་ལ་དགེས་པར་རོལ་པ་སོགས་གསང་ཆེན་གྱི་ཀུན་ཏུ་སྤྱོད་པ་ཅིར་ཡང་མཛད་ལ། དེའི་སྐབས་སུ་རྡོ་རྗེའི་ཚིག་རྐང་སོ་སོ་དང་། དེ་དག་ལ་དངོས་ཤུགས་སྦས་གསུམ་གྱི་མན་ངག་གི་འཕྲུལ་ཕྱེ་སྟེ་ཡོངས་སུ་རྫོགས་པར་གདམས་ཤིང་། ཁྱད་པར་འཁྱུགས་མེད་མཁའ་སྤྱོད་དཀར་དམར་གྱི་འཕོ་བ་ཤིན་ཏུ་ཟབ་པའི་གདམས་པ་དཔེ་གཉིས་ཀྱི་སྒོ་ནས་སྟོན་པ་དང་བཅས་པས་བཀའ་རྒྱས་བཏབ་སྟེ་གནང་བ་དེ་དག་ཉམས་བཞེས་སུ་བསྟར་བ་ལས། དུས་སྐད་ཅིག་གཅིག་ལའང་གཅིག་ཅར་དུ་སྐུ་ལུས་ཀྱི་བཀོད་པ་བགྲང་ལས་འདས་པར་སྟོན་པ་དང་། གཞན་གྱི་སེམས་ཤེས་པ་མངོན་པར་ཤེས་པ་དང་། ཕ་རོལ་པོ་དང་རང་ལ་འཕོ་བ་མཛད་པས་དངོས་སུ་འཕོ་ནུས་པ་
༢༧༤ སོགས་གྲུབ་པའི་ཟློས་གར་བསམ་གྱིས་མི་ཁྱབ་པ་མངའ་བ་དེ་ཡིན་ལ། ཕྱིས་ལ་སྟོད་བྱང་གི་སའི་ཆ་དཔལ་རི་བོ་ཆེར་གྲགས་པ་གྲུབ་པའི་བསྟི་གནས་གང་གི་རྩེར་ཟབ་ལམ་འདི་ཉིད་ཀྱི་ཁྲིད་ཡིག་སྙིང་པོ་ཀུན་འདུས་ཆ་ལག་དང་བཅས་པ་མཁའ་འགྲོའི་གནང་བ་སྩལབསྩལ་ཏེ་ཡི་གེར་བཀོད་པ་མཛད་ལ། འོན་ཀྱང་མཁའ་སྤྱོད་དཀར་དམར་གྱི་འཕོ་བ་ཞལ་གདམས་དཔེ་གཉིས་ཀྱིས་མཚོན་པའི་དཔེའུ་རིས་ཙམ་སྟོན་པ་ལས་ཞལ་ཤེས་ཟིན་བྲིས་སུ་མ་མཛད་པས་ཡོངས་སུ་མ་གྲགས་ལ། སྙིང་པོ་ཀུན་འདུས་སུ། འཕྱུགས་མེད་མཁའ་སྤྱོད་ཀྱི་འཕོ་བ་ནི། ཞལ་གདམས་ཟུར་ན་ཡོད་དོ། །ཞེས་གསུངས་པ་ནི་འདི་ཡིན་ཏེ། རང་གི་ལུས་ཀྱི་ནང་དུ་རྩ་དབུ་མ་མདའ་སྨྱུགས་ལྟར་དྲང་བ། དྭངས་གསལ་འོད་ཀྱི་རང་བཞིན་ཅན། མས་སྣ་གསང་གནས་དང་ཡས་སྣ་ཚངས་བུག་ལ་གཏད་པའི་སྤྱི་བོར་རྗེ་བཙུན་མཁའ་སྤྱོད་མ་དཀར་མོ་བདེ་བ་ཆེན་པོའ་ཉམས་དང་ལྡན་པ་ཞིག་ཚངས་བུག་གི་སྟེང་དུ་སྐུ་སྨད་བཞག་པར་བསྒོམས། དེ་ནས་རང་གི་སྨིན་མཚམས་ཡན་གྱི་ཐོད་པ་འོད་དུ་ཞུ་ནས་མཁའ་སྤྱོད་མའི་ཕྱག་གི་བདེ་སྐྱོང་གི་སྣོད་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར། དེ་ནས་རང་གི་ལྟེ་བ་ཡན་གྱི་ལུས་ཀྱི་ཤ་ཁྲག་གདོས་བཅས་རྣམས་ཐོད་པ་བདུད་རྩིར་བྱིན་གྱིས་བརླབས་ལ། རྗེ་བཙུན་མ་ལ་མཆོད་པར་ཕུལ། དེའི་ཚེ་རྩ་དབུ་མའི་སྟེང་དུ་མཁའ་སྤྱོད་མ་བཞུགས་པ་ནི་ཤིང་རྩེར་བྱ་བབས་པ་ལྟ་བུ་སྟེ་དཔེ་དང་པོའོ། །ལུས་ཀྱི་ཕྱི་མི་དམིགས་པར་དབུ་མ་འབའ་ཞིག་ལུས་པ་ནི། མཆོད་རྟེན་བདག་མེད་ཞིག་པ་ལ་སྲོག་ཤིང་ལུས་པ་ལྟ་བུ་དཔེ་གཉིས་པ་ཡིན་ལ། སྤྱི་བོར་བསྒོམས་པའི་རྗེ་བཙུན་མཁའ་སྤྱོད་མ་གཞོན་ཤ་ཅན་ཡིད་དུ་འོང་བ་ཕྲ་ཞིང་ཟླུམ་པའི་ནུ་འབུར་ཟུང་དང་ལྡན་པ། ཞབས་གཉིས་རྒྱབ་ངོས་ནས་ཕྲག་པ་ལ་བཀལ་བ། བདེ་བ་ཆེན་པོའ་འབྱུང་གནས་བྷ་ག་གསལ་བར་སྟོན་པ་ཞིག་ལ་ཤེས་པ་གཏད་པས། རྣམ་འགྱུར་དེ་དག་
༢༧༥ གིས་ཤེས་པ་གྱེན་དུ་འདྲེན་པའི་ཐབས་མཁས་བླ་ན་མེད་པའོ། །དེ་དག་ནི་གྲུབ་ཐོབ་རང་གི་ཐུན་མོང་མ་ཡིན་པའི་མན་ངག་དཔེའུ་རིས་ལ། རྗེ་བཙུན་རིན་པོ་ཆེ་གྲོལ་མཆོག་ཞབས་ཀྱིས་བདག་ལ་དགེས་བཞིན་དུ་གནང་བ་ཡིན་པས་རང་བཟོའ་རྙོགས་པའི་ཆས་མ་བསླད་པའོ། །ཡེ་ཤེས་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི། །མཁའ་སྤྱོད་འཕོ་བའི་གདམས་པ་ཆེས་ཟབ་པ། །གྲུབ་པའི་དཔའ་བོ་རྣམས་ལས་བརྒྱུད་པ་འདི། །དེང་དུས་བདག་གི་སྙིང་དབུས་ཐིག་ལེར་གནས། །ཞིང་འདིར་ཟབ་ལམ་བདུད་རྩི་ལ་དགེས་པ། །རྗེ་བཙུན་ངག་གི་དབང་པོའ་བཀས་བསྐུལ་ནས། །སྐད་གཉིས་སྨྲ་བས་་ལོ་ཆེན་འགྱུར་མེད་བདེ་ཆེན། རྒྱལ་ཁབ་ཆེན་པོ་རུ། །ཚེས་བཅུ་མཁའ་འགྲོ་འདུ་བའི་དུས་སུ་བཀོད། །སརྦ་མངྒ་ལཾ། །དགེའོ།། །།

།རྗེ་སྒམ་པོ་པའི་ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད་བཞུགས་སོ།

༦༧ ༈ །རྗེ་སྒམ་པོ་པའི་ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྗེ་བཙུན་སྒམ་པོ་པའི་ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད་འདི་ལ་གསུམ་སྟེ། གནས་ལུགས་ཀྱི་ཁོ་ཐག་བཅད་པ་དང་། ཡིན་ལུགས་ཀྱི་ངོ་སྤྲད་པ་དང་། དེ་ཁོ་ན་ཉིད་ལ་ལམ་སྦྱངས་པའོ། །དང་པོ་ལ་ལྔ་སྟེ། ཕྱག་རྒྱ་ཆེན་པོ་ལ་རྒྱུ་མེད། །ཕྱག་རྒྱ་ཆེན་པོ་ལ་རྐྱེན་མེད། །ཕྱག་རྒྱ་ཆེན་པོ་ལ་ཐབས་མེད། །ཕྱག་རྒྱ་ཆེན་པོ་ལ་ལམ་མེད། །ཕྱག་རྒྱ་ཆེན་པོ་ལ་འབྲས་བུ་མེད་དོ། །གཉིས་པ་ཡིན་ལུགས་ངོ་སྤྲད་པ་ལ་ལྔ་སྟེ། ཕྱག་རྒྱ་ཆེན་
༦༨པོ་ལ་རྒྱུ་མེད་དོ། །དད་པ་དང་མོས་གུས་ཕྱག་རྒྱ་ཆེན་པོའ་རྒྱུ་ཡིན། ཕྱག་རྒྱ་ཆེན་པོ་ལ་རྐྱེན་མེད་དོ། །བླ་མ་དམ་པ་ཕྱག་རྒྱ་ཆེན་པོའ་རྐྱེན་ཡིན། ཕྱག་རྒྱ་ཆེན་པོ་ལ་ཐབས་མེད་དོ། །བློ་མ་བཅོས་པ་འདི་ཕྱག་རྒྱ་ཆེན་པོའ་ཐབས་ཡིན། ཕྱག་རྒྱ་ཆེན་པོ་ལ་ལམ་མེད་དེ། ཡིད་མ་ཡེངས་པ་འདི་ཕྱག་རྒྱ་ཆེན་པོའ་ལམ་ཡིན། ཕྱག་རྒྱ་ཆེན་པོ་ལ་འབྲས་བུ་མེད་དེ། བློ་ཆོས་ཉིད་དུ་གྲོལ་བ་འདི་ཕྱག་རྒྱ་ཆེན་པོའ་འབྲས་བུ་ཡིན་ནོ། །གསུམ་པ་དེ་ཁོ་ན་ཉིད་ལ་ལམ་སྦྱངས་པ་ལ་བཞི་སྟེ། སྔོན་འགྲོ་དད་པ་དང་། མོས་པ། གུས་པ་གསུམ་གྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་མའི་རྣལ་འབྱོར་བསྒོམ། །དངོས་གཞིར་སེམས་མ་བཅོས་པའི་ངང་ལ་མ་ཡེངས་པའི་རྩིས་བཟུང་ལ་བཞག །རྗེས་ལ་ཅིར་སྣང་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱས་ལ་རིག་པ་རྩལ་སྦྱངས། །ཉམས་མྱོང་གི་འཆར་ལུགས་ལ་བརྟེན་ནས་བློ་མ་ཟད་བར་དུ་སྒོམ་སྒྲུབ་ལ་ནན་ཏན་བྱའོ། །དེ་ལ་ཉམས་མྱོང་གི་འཆར་ལུགས་ལ་གཉིས་ཏེ། མི་མཐུན་པའི་ཉམས་དང་། མཐུན་པའི་ཉམས་སོ། །དང་པོ་ནི། བྱིང་རྒོད་དང་། །ན་ཚ་དང་། འཇིགས་བྲེད་དང་། ཐེ་ཚོམ་ལ་སོགས་པ་མི་མཐུན་པའི་ཉམས་ཅི་བྱུང་ཡང་། དེ་ཐམས་ཅད་བསྒོམས་པ་ལས་བྱུང་བ་ཡིན་པས་དེ་ཐམས་ཅད་ཉམས་སུ་ཤེས་པར་བྱས་ལ། མི་སྤང་བར་དེ་ཁོ་ན་ཉིད་ལ་ལྟ་སྒོམ་གྱི་བབ་བྱས་ནས་བསྒོམ་པས། མཐུན་པའི་ཉམས་ཤུགས་ལ་འཆར་རོ། །མཐུན་པའི་ཉམས་ནི། དང་པོ་སེམས་གནས་པའི་ཉམས་འཆར། དེ་ལ་བརྟེན་ནས་ངོ་བོ་སྟོང་པའི་ཉམས་འཆར། །དེ་ལ་བརྟེན་ནས་རྟོགས་པ་ཐོབ་པའི་ཉམས་འཆར། །དེ་ལ་བརྟེན་ནས་ཞེན་པ་ལོག་པའི་ཉམས་འཆར་རོ། །དེ་ལྟར་ཉམས་མྱོང་གི་འཆར་ལུགས་ལ་བརྟེན་ནས། །སྒྲུབ་པ་ལ་ཆོག་ཤེས་མེད་པར་ནན་ཏན་བྱ་བ་ནི། །དང་པོ་སེམས་གནས་པ་ཙམ་གྱིས་མི་ཆོག །ངོ་བོ་མཐོང་མཐོང་དུ་བསྒོམ་དགོས། །ངོ་བོ་མཐོང་བ་ཙམ་གྱིས་མི་ཆོག །རྟོག་པ་ཐོབ་ཐོབ་ཏུ་བསྒོམ་དགོས།
༦༩རྟོགས་པ་ཐོབ་པ་ཙམ་གྱིས་མི་ཆོག །ཞེན་པ་ལོག་ལོག་ཏུ་བསྒོམ་དགོས། །ཞེན་པ་ལོག་པ་ཙམ་གྱིས་མི་ཆོག །རང་བློ་ཆོས་ཉིད་དུ་གྲོལ་ནས་བློ་ཟད་ཆོས་ཟད་དུ་སངས་རྒྱས་རྒྱས་སུ་བསྒོམ་དགོས། ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད་ཐུགས་ཀྱི་ཉིང་ཁུ་ཞེས་བྱ་བ་རྫོགས་སོ། །།།།།

༄༅། །ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཏི་ལླི་པའི་གདམས་པ་བཞུགས་སོ༎ ༎

༡༧༥ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཏིལླི་པའི་གདམས་པ་བཞུགས་སོ།། །།
༡༧༦ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི། ཆོས་སྐོར་དགུའི་གདམས་པ་འདི་ལ་གཉིས་ལས། དང་པོ་ལོ་རྒྱུས་ཅུང་ཟད་དང་བཅས་ཏེ་བརྒྱུད་རིམ་བཤད་པ་ནི། རྣལ་འབྱོར་དབང་ཕྱུག་ཏིལླི་པས། ཨོ་རྒྱན་གནྡྷོ་ལའི་གཙུག་ལག་ཁང་དུ་བྱོན་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་ལ་སྙན་བརྒྱུད་ཀྱི་གདམས་ངག་ནོར་བུ་སྐོར་གསུམ་རྫོགས་པར་ཐོབ་ནས་མི་ཡུལ་དུ་འབྱོན་པར་ཆས་པ་ལ། འཁོར་གྱི་མཁའ་འགྲོ་མ་རྣམས་ཀྱིས་བཞུགས་པར་གསོལ་བ་བཏབ་རུང་མ་གནང་བར། ཚེས་བཅུ་ལ་འབྱོན་པར་ཆས་པ་ལ། ཡེ་ཤེས་མཁའ་འགྲོས་སྐྱེལ་ཆོས་ནི། །སྐུ་ནི་མི་སྣང་ཧཱུྃ་གི་སྒྲ། །མཆོག་ཏུ་སྙན་ཞིང་ཡིད་འཕྲོག་པས། །མཁའ་ལ་ཅེར་གྱིས་བལྟས་པ་ལས། །ལྷ་དང་ཌཱ་ཀི་སྤྲིན་ལྟར་འཐིབས། །དཔའ་བོ་དཔའ་མོ་གློག་ལྟར་འཁྱུགས། །གདུགས་དང་རྒྱལ་མཚན་བ་དན་དང་། །རོལ་མོ་ལ་སོགས་མཆོད་པའི་ཚོགས། །འཛིན་མཁན་མེད་པས་ནམ་མཁའ་གང་། །འཇའ་འོད་དཀྱིལ་འཁོར་དབུས་ཉིད་ནས། །འོད་ཟེར་ཧཱུྃ་ཡིག་མཐིང་ནག་ལ། །མཆོད་པ་སྣ་ཚོགས་འབུལ་མཐོང་བས། །སློབ་དཔོན་ཆེན་པོ་ཏིལླི་པས། །ཐལ་སྦྱར་གསོལ་བ་བཏབ་པ་ལས། །ངོ་བོ་ཡེ་ཤེས་མཁའ་འགྲོ་
༡༧༧མ། །རྣམ་པ་ཧཱུྃ་ཡིག་མཐིང་ནག་ལས། །ཚངས་དབྱངས་རང་སྒྲ་འདི་སྐད་ཐོས། །ཀྱཻ་ཧོ་བུ་ཉོན་རྣལ་འབྱོར་པ། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིག །དམ་ཚིག་རང་སེམས་མེ་ལོང་ལྟོས། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །དམ་རྫས་རྟོགས་པའི་ཉི་མ་འདེས། །རིག་པ་ཡེ་ཤེས་སྒྲོན་མེ་ལྟོས། །རྩ་རླུང་དྲྭ་མིག་འཁོར་ལོ་སྐོར། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །རང་གྲོལ་ཕྱག་རྒྱ་ཆེན་པོ་སྒོམས། །བདེ་ཆེན་གསུང་གི་རིན་ཆེན་ཟུངས། །བཅོམ་ལྡན་ལུས་མེད་མཁའ་འགྲོ་མ། །སངས་རྒྱས་ཌཱ་ཀིས་དེས་གསུངས་ཚེ། །རྣལ་འབྱོར་དབང་ཕྱུག་ཏཻ་ལོ་ཡིས། །དེ་དོན་རྒྱས་པར་ཞུ་ཕྱིར་དུ། །སླར་ཡང་ཐལ་སྦྱར་གསོལ་བཏབ་པས། །ལུས་མེད་ཡེ་ཤེས་མཁའ་འགྲོ་མས། །ཆོས་སྐོར་དགུ་ཡི་ཚིག་དོན་རྣམས། །མ་ལུས་རྒྱས་པར་གསུང་པ་ནི། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིག །ཞེས་སོགས་ཀྱི་ཚིག་དོན་རྣམས་མན་ངག་གིས་བཀྲོལ་ཏེ་རྒྱས་པར་གསུང་པ་ལས། ཏཻ་ལོ་པས་དུས་དེ་ཉིད་དུ་ཡི་གེར་བཀོད་ནས། །མི་ཡུལ་དུ་འབྱོན་ཚེ། སྒྱུ་མ་ལུས་ཀྱི་གནྡྷོ་ལར། །ལུས་མེད་མཁའ་འགྲོའི་གསང་བཅུག་ཏེ། །བརྗོད་དུ་མེད་པའི་ལྕགས་
༡༧༨བཅུག་ནས། །འོད་གསལ་སེམས་ཀྱི་བྱ་འཕུར་འགྲོ། །ཅེས་གསུངས་ནས་རྫུ་འཕྲུལ་གྱི་གཙུག་གི་ནོར་བུའི་དགོན་པར་བྱོན་ཏེ། འགྲོ་དོན་མཛད་ཚེ་ཐུགས་སྲས་གྲུབ་ཐོབ་རྣམས་ཀྱིས་ཨོ་རྒྱན་ལ་མཁའ་འགྲོ་མ་ལས་གསན་པའི་ཆོས་རྣམས་ནན་གྱིས་ཞུས་པས་མ་གནང་བར། པཎ་ཆེན་ནཱ་རོ་པ་ལ་སྙན་བརྒྱུད་ཀྱི་གདམས་པ་བཀའ་རྒྱས་བཏབ་ཏེ་གནང་ནས་གནས་ལུང་བསྟན། ཆོས་སྐོར་དགུ་པོ་འདི་ཡང་མཁའ་འགྲོ་ལ་དངོས་སུ་གསན་པ་ཡིན་གསུངས། ནཱ་རོ་པ་སོགས་ཐུགས་སྲས་འགའ་ལ་གནང་། ནཱ་རོ་པས་ཏི་ཕུ་པ་སོགས་ཐུགས་སྲས་འགའ་ལ་གནང་། པཎ་ཆེན་ནཱ་རོས་ཏེ་ལོའ་ལུང་བསྟན་ལྟར་སྒྲ་སྒྱུར་མར་པ་ལ་བཀའ་རྒྱས་བཏབ་ནས་གནང་སྟེ། རྗེ་བཙུན་མི་ལ་ལུང་བསྟན་ཞིང་། ཆོས་སྐོར་དགུ་ལས་བཞི་གནང་ཞིང་ཐོབ་ནས། རིག་པ་ཡེ་ཤེས་སྒྲོན་མེ། རྩ་རླུང་དྲྭ་མིག་འཁོར་ལོ། །བདེ་ཆེན་གསུང་གི་རིན་ཆེན། རོ་སྙོམས་ཕྱི་ཡི་མེ་ལོང་། རང་གྲོལ་ཕྱག་རྒྱ་ཆེན་པོ་རྣམས་མ་ཐོབ་པ་སྒྲ་སྒྱུར་མར་པས་རྗེ་བཙུན་མི་ལ་ལ་ལོངས་ཤིག་ཅེས་བཀའ་གནང་བ་ལས། རྗེ་བཙུན་ཉམས་ལེན་གྱིས་ཐུགས་ཚིམས་ནས་རྒྱ་གར་ལ་བྱོན་པ་མ་བྱུང་བ་ལ། ཆོས་སྐོར་དགུ་ཞུ་བར་རས་ཆུང་པ་བརྫངས། རས་ཆུང་པས་ཀྱང་ཏི་ཕུ་གསང་སྔགས་སྡོང་པོ་ལ་ཆོས་སྐོར་དགུ་པོ་ཚང་བར་ཞུས་ཏེ་བོད་དུ་སྤྱན་དྲངས་ནས། སྙན་བརྒྱུད་ཀྱི་ཆ་ལག་ཏུ་ཆོས་སྐོར་དགུའི་གདམས་པ་འདི་མ་གནང་བ་མེད་ཅིང་། སྙན་བརྒྱུད་མ་གནང་བར་འདི་རང་གནང་བ་ཡང་འགའ་རེ་ཡོད། རས་ཆུང་པས་ཁྱུང་ཚང་བ་ལ་སྙན་བརྒྱུད་དང་བཅས་པ་གནང་། ཁྱུང་ཚང་བས་ཀྱང་གོང་ལྟར་གཉིས་ཀ་གནང་བ་དང་། འདི་རང་གནང་བ་དང་གཉིས་ཡོད་པ་ལས་ཐུགས་སྲས་གྲུབ་ཐོབ་རྣམས་གསུམ་ལ་གཉིས་ཀ་གནང་ཞིང་། དེ་གསུམ་ཀ་ལ་ཞང་ལོ་ཙྪ་བས་ཞུས་པ་ལས་དམར་སོམ་ཆོས་དགུ་ལ་ཤིན་ཏུ་འདྲིས་པར་དགོངས་ནས་ནན་ཏན་ཞུས་དག་དང་བཅས་ཞུས་ཤིང་གནང་བར་གདའ། དེ་མན་བདག་གི་ཕ་མཉམ་མེད་ཤ་བ་ར་ཆེན་པོ་དང་བདག་གི་བར་ལ་སྙན་བརྒྱུད་ཀྱི་ཆ་ལག་ཏུ་ཆོས་སྐོར་དགུ་པོ་འདི་མ་
༡༧༩གནང་བ་མེད་པས་བརྒྱུད་པ། རྡོ་རྗེ་འཆང་། ལུས་མེད་མཁའ་འགྲོ། ཏིལླི་ཤེས་རབ་བཟང་པོ། མཁས་པ་ནཱ་རོ་པཎ་ཆེན། ཏི་ཕུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། ཁྱུང་ཚང་ཡེ་ཤེས་བླ་མ། དམར་སྒོམ་ཚུལ་ཁྲིམས་འབྱུང་གནས། ཞང་ལོ་གྲུབ་པ་དཔལ་བཟང་། འགྲོ་མགོན་དྷཱ་ར་ཤྲཱི། བྱང་སེམས་བསོད་ནམས་རྒྱལ་མཚན། མ་གཅིག་ཀུན་ལྡན་རས་མ། མཁས་བཙུན་གཟི་བརྗིད་རྒྱལ་མཚན། མཁན་ཆེན་དབང་ཕྱུག་ཤེས་རབ། བ་བཏང་རི་ཁྲོད་རས་ཆེན་གཞོན་ནུ་དཔལ་ལྡན། ལོང་སྟོན་ནམ་མཁའ་རྒྱལ་མཚན། འདུལ་འཛིན་ངག་གི་དབང་པོ། མཉམ་མེད་རབ་འབྱམས་ཆོས་རྗེ། དེས་བདག་དུ་མའི་མིང་ཅན་ལའོ། །གཉིས་པ་གདམས་པ་དངོས་བཤད་པ་ནི། ན་མོ་རཏྣ་གུ་རུ། ལུས་མེད་མཁའ་འགྲོ་མ་ཡི་གསང་། །ཆོས་སྐོར་དགུ་ཡི་གདམས་པ་ལས། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིགས། །ཞེས་པའི་དོན་ལ། མཎྜལ་བཤམ་པ་དང་། ལམ་དུ་ཞུགས་པ་དང་། དབང་བསྐུར་བ་དང་གསུམ་མོ། །དང་པོ་མཎྜལ་བཤམ་པ་ནི། ཚུལ་དང་མཐུན་པའི་སྟེགས་བུའི་སྟེང་དུ། རིན་པོ་ཆེའི་མཎྜལ་བཤམ། དེའི་སྟེང་དུ་ཡི་གེ་ཧཱུྃ་གཅིག་བཞེངས་ནས་བཞུགས། དེའི་སྟེང་དུ་བདེ་མཆོག་ཡབ་ཡུམ་མམ། ཤཱཀ་ཐུབ་ཀྱི་ཐང་སྐུ་གཉིས་བཀྲམ། དེའི་མཐར་པཱུ་ཙ་ལྔ་བཤམས་ཏེ། ཤ་མར་ཟན་ཆང་ཁུར་བ་དང་ལྔའོ། །གཉིས་པ་ལམ་དུ་འཇུག་པ་ལ་གསུམ་གྱི་དང་པོ་སྐྱབས་སུ་འགྲོ་བ་ནི། ཆོས་སྤྱི་དང་མཐུན་པའི་སྐྱབས་འགྲོ་བྱ། ཡིད་ཀྱིས་བླ་མ་དཀོན་མཆོག་མིན་པ་སྐྱབས་མགོན་གཞན་ན་ཡོད་རེ་ཤི་སྙམ་པའི་ཞེ་མནའ་བསྐྱལ་ལོ། །གཉིས་པ་སེམས་བསྐྱེད་པ་ནི། སྨོན་འཇུག་གཉིས་ཁ་ཚང་བའི་སེམས་བསྐྱེད་བློ་སྟོབས་བསྐྱེད་པས་བླང་བ་སྤྱི་དང་མཐུན་ལ། བདག་གིས་རྫོགས་པའི་བྱང་ཆུབ་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལས། རང་གི་ཞི་བདེ་སྒྲུབ་རེ་ཤི་སྙམ་པའི་ཞེ་མནའ་བསྐྱལ་ལོ། །
༡༨༠གསུམ་པ་སྡོམ་པ་བླང་བ་ལ་གཉིས་ལས་དང་པོ་རྟེན་བསམས་ནས་མཆོད་པ་འབུལ་བ་ནི། མདུན་གྱི་མཎྜལ་བསང་སྦྱངས་ཏེ་པྃ་ལས་པདྨའི་སྡོང་པོ་ཡངས་ཤིང་རྒྱ་ཆེ་བ་དབུས་ཀྱི་པདྨའི་སྟེང་དུ། རྃ་ལས་ཉི་མ། དེའི་སྟེང་ངོ་བོ་ལུས་མེད་མཁའ་འགྲོའི་ཡི་གེ་ཧཱུྃ་གི་རྣམ་པར་བསམས། དེའི་སྟེང་དུ་བླ་མ་ཤཱ་ཀྱ་ཐུབ་པའམ། བདེ་མཆོག་ཡབ་ཡུམ་གྱི་ངོ་བོར་བསམ། དེའི་སྟེང་དུ་བརྒྱུད་པ་རྣམས་རིམ་པར་བསམ། དེའི་པདྨའི་འདབ་མ་ལ་དཀོན་མཆོག་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས་བསྐོར་ནས་བཞུགས་པར་བསམ། དེ་རྣམས་ལ་མཆོད་པ་ནི། དངོས་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ་ཏེ། ཕྱིའི་པཱུ་ཙ་སྔགས་དང་ཕྱག་རྒྱས་འབུལ། ནང་གི་མཆོད་པ་ཚོགས་ཀྱི་ཡོ་བྱད་ལྔ། ག་ན་ཙཀྲ་པཱུ་ཛ་ཧོཿཞེས་པས་དབུལ། གསང་བའི་མཆོད་པ་ནི། དངོས་དང་ཡིད་ཀྱིས་སྤྲུལ་པའི་བདག་ཉིད་མཆོད་པའི་ལྷ་མོ་ཡིད་དུ་འོང་བ་ཞིག་ཏུ་སྤྲུལ། བླ་མ་ཡི་དམ་དཔའ་བོ་དང་བཅས་པ་རྣམས་ལ་དབུལ་ལ། རབ་ཏུ་དགེས་ཤིང་རོལ་ནས་མཉེས་པར་བསམ་མོ། །གཉིས་པ་སྡོམ་པ་བླང་བ་དངོས་ནི། ཐུན་མོང་ཐེག་ཆེན་སྤྱི་དང་མཐུན་པར་བྱ། ཁྱད་པར་རིགས་ལྔའི་སྡོམ་པ་བཟུང་བར་བྱའོ། །གསུམ་པ་དབང་བསྐུར་བ་ནི། བླ་མ་བདེ་མཆོག་ཡབ་ཡུམ་དུ་བཞུགས་པ་ལ་མེ་ཏོག་དོར། བླ་མ་རིན་པོ་ཆེ་བདག་ལ་བུམ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མའི་སྐུ་ལས་འོད་འཕྲོས་བདག་ལ་སོགས་པའི་ལུས་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་དཀར་སངས་ཀྱིས་དག་པར་བསམ། ཡང་བདག་ལ་གསང་བའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐིག་ལེ་དཀར་དམར་བྱང་ཆུབ་ཀྱི་སེམས་ནར་གྱིས་བབ་ནས་བདག་གི་ངག་ནས་མར་ཞུགས་པས་ལུས་ཐིག་ལེས་མེར་གྱིས་གང་བར་བསམ། ངག་གི་སྒྲིབ་པ་དག་པར་གྱུར། ཡང་བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་གསོལ་
༡༨༡པ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་གཅིག་བྱུང་ནས་བདག་ལ་ཕོག་པས་བདག་གི་ལུས་འདི་ལྷ་མོ་མཛེས་མ་ཡིད་དུ་འོང་བ་ཞིག་ཏུ་གྱུར་ནས། བླ་མ་བདེ་མཆོག་གི་ངོ་བོར་བཞུགས་པའི་སྐུ་ལ་འཁྲིལ་ནས། གཉིས་སུ་མེད་པའི་སྦྱོར་བ་བྱས་ཉམས་བདེ་སྟོང་གི་ངང་དུ་ཕྲིལ་གྱིས་འབར་ནས་ཡིད་ཀྱི་སྒྲིབ་པ་དག་པར་བསམ། དེ་ནས་མདུན་གྱི་པདྨའི་སྟེང་གི་རྟེན་དེ་རྣམས་ཀྱིས་ཐུགས་རྗེས་བདག་ལ་ཙེར་གྱིས་གཟིགས་ཏེ། དེ་རྣམས་འོད་དུ་ཞུ་ནས་བདག་ལ་སིབ་ཀྱིས་ཐིམ་པར་བསམ། ཉམས་སྤྲོས་བྲལ་ལྷག་སོང་བར་བསམ། དེ་ནི་དབང་བཞི་པའོ། །དེ་ནས་ཚོགས་ལ་རོལ་ལོ། །།།།། ན་མོ་རཏྣ་གུ་རུ། དེ་ནས་ཡང་ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །དམ་ཚིག་རང་སེམས་མེ་ལོང་ལྟོས། །ཞེས་གསུངས་པའི་དོན་ལ་གསུམ་གྱི་དང་པོ། དམ་ཚིག་ལ་བཞི་སྟེ། བུམ་དབང་གི་དམ་ཚིག །གསང་དབང་གི་དམ་ཚིག །ཤེས་རབ་ཡེ་ཤེས་ཀྱི་དང་དབང་བཞི་པའོ། །དེ་རེ་རེ་ལ་ཡང་དྲུག་དྲུག་སྟེ། མཉམ་གཞག་གི་དམ་ཚིག་དང་། རྗེས་ཐོབ་ཀྱི་དམ་ཚིག་དང་། བཟའ་བ་དང་། བསྲུང་བ་དང་། མི་འབྲལ་བ་དང་དགོས་པའོ། །བུམ་དབང་གི་མཉམ་བཞག་གི་དམ་ཚིག་ནི་ལྷ་སྐུའི་ང་རྒྱལ་ལ་གནས་པའོ། །རྗེས་ཀྱི་དམ་ཚིག་ནི་སྤྱོད་ལམ་བཞི་ཀར་ཐ་མལ་དུ་མ་སོང་བར། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་གནས་པ་ལ་ལོངས་སྤྱོད་པའོ། །བཟའ་བར་བྱ་བའི་དམ་ཚིག་ནི་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་པའི་རིལ་བུ་བརྟེན་པའོ། །དེས་ལྷ་དང་མཁའ་འགྲོ་འདུ་བའོ། །བསྲུང་བར་བྱ་བའི་དམ་ཚིག་ནི་རྩ་བ་བཅུ་བཞི་ཡན་ལག་བརྒྱད་དང་བཅས་པ་བསྲུང་བའོ། །མི་འབྲལ་བར་བྱ་བའི་དམ་ཚིག་ནི། སྐུའི་རྟེན་ཐང་སྐུ། གསུང་གི་རྟེན་ཌཱ་མ་རུ། ཐུགས་ཀྱི་རྟེན་རྡོ་རྗེ་དྲིལ་བུ་རྟག་ཏུ་བརྟེན་པའོ། །དམ་ཚིག་བསྲུང་བའི་དགོས་པ་ནི། སྤྲུལ་པའི་སྐུ་ཐོབ་པའོ། །གསང་དབང་ལ་ཡང་
༡༨༢སྤྱི་དོན་དྲུག་ལས། གསང་དབང་གི་མཉམ་བཞག་ནི། སྟེང་སྒོ་གཏུམ་མོའ་རྣལ་འབྱོར་ལ་བརྟེན་ནས་རྩ་རླུང་ཡེངས་མེད་དུ་བསྒོམ་པའོ། །རྗེས་ཐོབ་ནི་རྩ་རླུང་སྒོམ་པའི་ཉམས་སྤྱོད་ལམ་བཞི་ཀར་བདེ་གསལ་སྟོང་པའི་ཉམས་ཡེངས་མེད་དུ་བསྐྱང་བའོ། །བཟའ་བར་བྱ་བའི་དམ་ཚིག་ནི། འདོད་ཡོན་ལྔ་ལ་སྤྱོད་པའི་ཚེ་གསལ་སྟོང་གཉིས་མེད་དུ་ལོངས་སྤྱོད་པའོ། །བསྲུང་བར་བྱ་བའི་དམ་ཚིག་ནི། ཐིག་ལེ་ཉམས་པར་བྱེད་པའི་ཟས་དང་སྤྱོད་ལམ་ཐམས་ཅད་སྲུང་བའོ། །མི་འབྲལ་བར་བྱ་བའི་དམ་ཚིག་ནི། སྲོག་རྩོལ་གྱི་རླུང་འཛིན་པ་ལ་ལེ་ལོར་མ་ཤོར་བར་བྱའོ། །མ་ཡེངས་ཙམ་དུ་བསྐྱང་ངོ་། །དགོས་པ་ནི་ཆོས་སྐུ་ཐོབ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་དྲུག་སྟེ། མཉམ་བཞག་གི་དམ་ཚིག་ནི་ལས་ཀྱི་ཕྱག་རྒྱ་མ་བརྟེན་ཅིང་ཐིག་ལེའི་དགོངས་པ་ལ་བརྩོན་པར་བྱའོ། །རྗེས་ཐོབ་དུ་སྤྱོད་ལམ་བཞི་ཇི་ལྟར་སྤྱོད་ཀྱང་། ཉམས་བདེ་སྟོང་གི་ངང་ལས་མ་གཡོས་པར་བྱའོ། །བཟའ་བར་བྱ་བའི་དམ་ཚིག་ནི། འདོད་ཡོན་ལྔ་ལ་ལོངས་སྤྱོད་ཀྱང་། རྣམ་པ་ལྷའི་ངོ་བོས་ཟས་བདུད་རྩིར་བྱིན་གྱིས་བརླབས་ལ། ཉམས་བདེ་སྟོང་གི་ངང་ལ་བཟའོ། །བསྲུང་བར་བྱ་བའི་དམ་ཚིག་ནི། གཞན་ལུས་ལས་ཀྱི་ཕྱག་རྒྱ་མ་དང་མི་འབྲལ་ཞིང་། དུས་མ་ཡིན་པའི་ཐིག་ལེ་སྲོག་བཞིན་དུ་བསྲུང་། མི་འབྲལ་བར་བྱ་བའི་དམ་ཚིག་ནི། ཕྱག་རྒྱ་མའི་གཟུགས་མཐོང་བ་དང་། སྐད་ཐོས་ཙམ་དུ་མི་འབྲལ་བར་བྱའོ། །དགོས་པ་ནི་ལོངས་སྐུ་ཐོབ་པའོ། །དབང་བཞི་པའི་དམ་ཚིག་ལ་ཡང་དྲུག་ལས། མཉམ་བཞག་གི་དམ་ཚིག་ནི་གནས་ལུགས་མ་བཅོས་པའི་ངང་ལ་བཞག་པའོ། །རྗེས་ཐོབ་ནི་སྤྱོད་ལམ་བཞི་ཇི་ལྟར་སྤྱོད་ཀྱང་རང་བྱུང་རང་ཤར་སྐྱེ་མེད་སྤྲོས་བྲལ་དུ་ལྷག་ལྷག་ཤེས་པའོ། །བཟའ་བར་བྱ་བའི་དམ་ཚིག་ནི་འདོད་ཡོན་ལྔ་གང་ལ་སྤྱོད་ཀྱང་ཞེན་འཛིན་མེད་པ། སྐྱེ་བ་མེད་པའི་ངོ་བོར་ལྷག་ལྷག་ཤེས་པར་བྱའོ། །བསྲུང་བར་བྱ་བའི་དམ་
༡༨༣ཚིག་ནི་དངོས་པོའ་ཆོས་ཐམས་ཅད་ལ་བདེན་པ་དང་། རྟག་པ་དང་། རང་རྒྱུད་པའི་བློ་སྤང་ངོ་། །མི་འབྲལ་བར་བྱ་བའི་དམ་ཚིག་ནི་དུས་ཐམས་ཅད་དུ་གནས་ལུགས་ཀྱི་ངང་ལས་མ་ཡེངས་པའོ། །དགོས་པ་ནི་ངོ་བོ་ཉིད་སྐུ་ཐོབ་པའོ། །གཉིས་པ་རང་སེམས་ནི་མེ་ལོང་གཡས་མ་གོས་པ་ལྟ་བུ། སེམས་ཉེས་ལྟུང་གི་དྲི་མས་མ་གོས་པ་ཞིག་དགོས་པས་དེ་བཞིན་དུ་བསླབ་ཅིང་། སྣང་བ་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱའོ། །གསུམ་པ་མེ་ལོང་ལྟ་བ་ནི། རང་རྒྱུད་ལ་ཉེས་ལྟུང་གི་དྲི་མས་གོས་མ་གོས་བལྟས་པ། གོས་ན་མེ་ལོང་གཡས་སྒྲིབ་པ་ལྟར་རང་སེམས་ཉོན་མོངས་པས་བསྒྲིབས་པ་ཡིན་པས། མེ་ལོང་ཕྱི་བ་ལྟར་དམ་ཚིག་ཉམས་ཆགས་བྱུང་འདུག་ན། སྔར་བྱས་ཀྱི་ཉེས་པ་ལ་འགྱོད་སེམས་དུག་འཐུང་བ་ལྟ་བུ་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམས་པའི་སྡོམ་སེམས་དང་ལན་ངེས་ཀྱི་སྐོང་བཤགས་དྲག་པོ་བྱ་ཞིང་། ཕྱིན་ཆད་རང་གིས་རང་ལ་མ་ཁྲེལ་བར་ཉེས་ལྟུང་གིས་ནམ་ཡང་མ་གོས་པར་བསྲུང་བ་ལ་འབད་པར་བྱའོ། །ཉམས་ཆགས་གཞི་མེད་རང་སར་གྲོལ་ན་རྟོགས་པ་མཆོག་གི་དམ་ཚིག་ཐོབ་པ་ཡིན་ནོ། །།།།། ན་མོ་རཏྣ་གུ་རུ། ལུས་མེད་རྡོ་རྗེ་མཁའ་འགྲོ་མའི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །ཅེས་པའི་དོན། གསང་སྔགས་ཀྱི་སྤྱོད་པ་ལ་བཞི་སྟེ། ཚོགས་སྤྱོད། རིག་སྤྱོད། གསང་སྤྱོད། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །སྤྱོད་པའི་དུས་ལ་བཞི་སྟེ། ཏིང་ངེ་འཛིན་མཐུ་བརྟན་པར་བྱེད་པའི་དུས། བོགས་འབྱིན་པའི་དུས། རྐྱེན་ངན་དང་བསྲེ་བའི་དུས། ཡུལ་ལམ་དུ་སློང་བའི་དུས་ཏེ་དེ་དག་ནི་དབང་བཞིའི་ཉམས་ལེན་གྱིས་དུས་དང་སྦྱོར། སྤྱོད་པ་ལ་ཡང་བཞི་སྟེ། བུམ་དབང་གི་སྤྱོད་པ། གསང་དབང་གི་སྤྱོད་པ། ཤེས་རབ་ཡེ་ཤེས་ཀྱི་སྤྱོད་པ། དབང་བཞི་བའི་སྤྱོད་པའོ། །དེ་རྣམས་གུང་སྦྱར་ནས། སྔགས་ཀྱི་རྣལ་འབྱོར་པའི་སྤྱོད་
༡༨༤ལུགས་བསྟན་པ་ནི། དང་པོ་བུམ་དབང་གི་དོན་བསྐྱེད་རིམ་ལ་གོམ་འདྲིས་བརྟན་པར་བྱ་ཕྱིར། སྤྱོད་ལམ་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མི་འབྲལ་བར་བྱ་ཞིང་། འདོད་ཡོན་གང་ལ་ལོངས་སྤྱོད་ཀྱང་ཚོགས་སུ་རོལ་བར་བྱའོ། །གསང་དབང་གི་དོན་རིག་སྦྱོར་བྱ་སྟེ། རྫོགས་རིམ་རླུང་གི་རྣལ་འབྱོར་གཙོ་བོར་བསྒོམ་པར་བྱ་ཞིང་། གཉིས་སུ་མེད་པའི་དོན་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་ལམ་བསྐྱེད་རྫོགས་གཉིས་ཀྱི་ཏིང་ངེ་འཛིན་ལ་བོགས་དབྱུང་བའི་ཕྱིར། གསང་སྤྱོད་བྱས་ཏེ། ནགས་ཚལ་དང་། དུར་ཁྲོད། ཤིང་གཅིག་ལ་སོགས་པའི་དབེན་པའི་གནས་སུ་ལས་ཀྱི་ཕྱག་རྒྱ་མཚན་ལྡན་ཁྲིད་དོ། །ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་ངེས་ཤེས་བསྐྱེད། ཟབ་མོའ་དབང་བསྐུར། གསང་སྔགས་ཀྱི་གདམས་ངག་བཏབ་ལ། ཤིན་ཏུ་གསང་བའི་སྒོ་ནས། བདེ་ཆེན་གསུང་གི་རིན་ཆེན་གྱི་ལས་རྒྱ་ལྟར་ཉམས་སུ་བླང་ངོ་། །ཚིག་དབང་གི་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བྱ་སྟེ། གྲོང་དང་། དུར་ཁྲོད། ཚང་འདུས་དང་། ཀུན་དགའ་ར་བ། རྒྱལ་པོའ་ཕོ་བྲང་ལ་སོགས་ཆགས་སྡང་སྐྱེ་བའི་ཡུལ་སྣ་ཚོགས་སུ་རྒྱུ་ཞིང་། བདེ་སྡུག་གི་རོ་ཐམས་ཅད་ཆོས་ཉིད་དུ་མཉམ་མོ། །དེས་སྐྱོན་ཐམས་ཅད་ཆོད་དོ། །རྐྱེན་བཟང་ངན་མེད་པར་ལམ་དུ་བསླངས། སྤང་བླང་མེད་པར་གྲོགས་སུ་འགྱུར་རོ། །དེའི་ཚེ་རང་གི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པས། གཞན་དོན་དུ་ཅི་འགྲོ་འབའ་ཞིག་བྱ་སྟེ། གང་དུ་འདུག་ཀྱང་གཞལ་ཡས་ཁང་། སུ་དང་འགྲོགས་ཀྱང་ཡི་དམ་ལྷ། ལས་ཇི་ལྟར་བྱས་ཀྱང་བྱང་ཆུབ་ལམ་ཡིན་པས་ན། ཕྱོགས་སུ་ལྷུང་བའི་སྤྱོད་པ་ལས་རྣམ་པར་རྒྱལ་ནས། ཅི་བདེ་བའི་སྤྱོད་པའི་སྒོ་ནས་སེམས་ཅན་གྱི་དོན་དུ་འགྱུར་བའོ། །།།།། ན་མོ་རཏྣ་གུ་རུ། ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །དམ་རྫས་རྟོགས་པའི་ཉི་མ་འདི། །ཞེས་པའི་དོན་དམ་
༡༨༥རྫས་ནི་དབང་བཞིའི་དམ་རྫས་ཏེ། ལམ་ཕྱག་རྒྱ་བཞིའི་དུས་སུ་བརྟེན་པའོ། །དེ་ལ་བུམ་དབང་གི་དམ་རྫས་ནི། བསྐྱེད་རིམ་ལྷ་སྒོམ་པའི་དུས་སུ་བརྟེན་པ་སྟེ། ཡི་དམ་གང་ཡིན་གྱི་ཐང་སྐུ་དང་། རུས་པའི་རྒྱན་བརྟེན་པ་སྟེ། དེ་ཡང་རབ་གནས་དང་ལྡན་པ་གལ་ཆེའོ། །གསང་བའི་དབང་གི་དམ་རྫས་ནི། རྫོགས་རིམ་རླུང་སྒོམ་པའི་དུས་སུ་བརྟེན་པ་སྟེ། ཤ་ལྔ་དང་བདུད་རྩི་ལྔ་བརྟེན་པའོ། །དེའང་བྱིན་གྱིས་མ་བརླབས་ན་ཁྱི་ཕག་དང་འདྲ་བས། བྱིན་གྱིས་བརླབས་པའི་རིལ་བུ་བརྟེན་ནོ། །དེ་ལྟ་བུར་བྱིན་གྱིས་བརླབས་པའི་ཐབས་ནི། ཚུལ་དང་མཐུན་པའི་མཎྜལ་ཙིནྡྷུ་ར་དང་ཆང་གིས་དམར་པོར་བྱུགས་ལ། མཉྫིའི་ཁར་ཐོད་པ་དུམ་བུ་གཅིག་པའམ་ལྔ་པ་དགོད། དེའི་དབུས་སུ་ཡབ་ཀྱི་བྱང་སེམས་དཀར་པོ་ཅོང་ཞིས་གཏའ་བྱས་པའི་རིལ་བུ། ཤར་དུ་དྲི་ཆེན་ཨ་རུ་རས་གཏའ་བྱས་པའི་རིལ་བུ། ལྷོར་ཤ་ཆེན་ལ་ཙནྡན་གྱིས་གཏའ་བྱས་པའི་རིལ་བུ། ནུབ་དུ་ཡུམ་གྱི་རཀྟ་སིནྡྷུ་རས་གཏའ་བྱས་པའི་རིལ་བུ། བྱང་དུ་དྲི་ཆུ་གུ་གུལ་དཀར་པོས་གཏའ་བྱས་པའི་རིལ་བུ་རྣམས་བཞག་ཅིང་། དེ་རྣམས་ཀྱི་བར་དུ་འབྲས་བུ་གསུམ། ཚ་བ་གསུམ། བཟང་པོ་དྲུག་ཅུང་ཟད་རེ་བཞག་གོ་།དེ་ནས་མཎྜལ་གྱི་མཐར་གཏོར་མ་དང་། ཆང་བུ་དེ་དང་་དང་སྣ་ལྔའི་མཆོད་པ་དང་། ཚོགས་རྣམས་བཤམས་ལ། རྡོ་རྗེ་མཁའ་འགྲོའི་ཏིང་འཛིན་དུ་ཞུགས་ནས། གུ་གུལ་གྱིས་དམ་རྫས་ལ་བདུག་ཅིང་། སྲུང་བའི་འཁོར་ལོས་མཚམས་བཅད་དེ། ཧཱུྃ་བཞི་པས་བགེགས་བསྐྲད་དོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཚང་བའི་གནས་བཞིའི་མཐར། བླ་མའི་རྣལ་འབྱོར་བསྒོམ་ནས་བདུན་རྣམ་དག་གིས་ཚོགས་བསགས་ཤིང་། དབང་བཞི་ཞུས་ནས། རང་ཡི་དམ་གང་ཡིན་པའི་མངོན་རྟོགས་བསྒོམས་ལ། བསྙེན་པ་ཅུང་ཞིག་བསྐྱལ་ལོ། །དེ་ནས་་ནང་གི་བདུད་རྩི་ལྔའི་སྟེང་དུ་ཤ་ལྔ་བསྣན་ཏེ། དབུས་སུ་མི། ཤར་དུ་བ་གླང་།
༡༨༦ལྷོར་ཁྱི། ནུབ་ཏུ་རྟ། བྱང་དུ་གླང་པོ་ཆེའི་ཤའོ། །དེའི་སྟེང་དུ་སྦྱང་བྱའི་ཡི་གེ་བཀོད་དེ། ན་ཤུ། གོ་བི། ཀུ་མ། ད་ར། ཧ་མུ་དེ་དག་གི་སྟེང་དུ་ཕྱོགས་ཀྱི་རིམ་པ་གོང་ལྟར་ལ། སྦྱང་བྱེད་ཀྱི་ཡི་གེ་བཀོད་དེ། ཧཱུྃ་མཱུཾ། ༀ་ལཱཾ། སྭཱ་མཱཾ། ཨཱཿཔཱཾ། ཧ་ཏཱཾ། རྣམས་དགོད་ལ། རང་ཡི་དམ་ལྷ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་བྱིན་གྱིས་བརླབས་ལ། གཉིས་སུ་མེད་པའི་སྦྱོར་བ་བྱས་པས། ཡབ་ཡུམ་གྱི་ཁམས་ལྔའི་དྭངས་མ་ཐིག་ལེ་བྱང་སེམས་ཞུ་ནས། ཡུམ་གྱི་མཁའ་ལ་བབས་ཏེ་སླར་ཡབ་ཀྱི་རྡོ་རྗེས་དྲངས་ནས་རྩ་དབུ་མར་ཞུགས། ཚངས་བུག་ནས་འཕྲོས། འོད་ཟེར་དེས་རིགས་ལྔ་ཡབ་ཡུམ་གྱི་ཐུགས་དམ་བསྐུལ། མདུན་གྱི་ནམ་མཁར་སྤྱན་དྲངས། གཉིས་སུ་མེད་པའི་སྦྱོར་བ་བྱས། དུས་གསུམ་གཤེགས་པའི་མཁའ་སྒོ་ནས་བྱང་སེམས་དཀར་དམར་དུ་ཤར་གྱིས་བབས་ནས། ཤ་ལྔ་བདུད་རྩི་ལྔའི་ཡིག་འབྲུ་རྣམས་ལ་ཕོག །ཡིག་འབྲུ་འོད་དུ་ཞུ་ནས་ཤ་ལྔ་བདུད་རྩི་ལྔ་ལ་ཐིམ་པས། བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་དཀར་ལ་དམར་བའི་མདངས་ཆགས་པ་མེར་གྱིས་གྱུར་པར་བསམ་མོ། །སྔགས་ནི། ༀ་ཨཱཿཧཱུྃ་སྭཱ་ཧཱ་ཀུཎྜ་ལི་མ་ཧཱ་པཉྩ་མུཾ་ཨ་མྲྀ་ཏ་ཧཱུྃ། ཞེས་ཐུན་རེ་རེ་ལ་སྟོང་སྟོང་བཟླའོ། །ཐུན་བཞིར་ཉམས་སུ་བླང་། ཐུན་ཐ་མ་ལ་གཏོར་མ་བཏང་ཞིང་ཚོགས་བྱའོ། །དེ་ལྟར་ཐུན་བཞིར་ཉམས་སུ་བླངས་ཏེ། ཏིང་ངེ་འཛིན་སྔ་མ་ཁོ་ན་བཞིན་བྱའོ། །དེ་ལ་རྟགས་བདུད་རྩི་ལྔ་ལ་དུ་བ་འཐུལ་བའམ། དྲི་ཞིམ་པོ་འབྱུང་ངོ་། །དེ་ཙ་ན་དངོས་གྲུབ་བླངས་ཕྱིར་སྐུ་གསུང་ཐུགས་ཀྱི་གནས་སུ་གཏུགས་ཏེ། རྫས་དེ་རྣམས་བསྡུས་ནས་ཆང་དང་སྦྱར་ཏེ་རིལ་བུ་སྲན་མ་ཙམ་བྱས་ལ་ལྕགས་ཀྱི་སྣོད་དུ་བཅངས། དེ་ལུས་ལ་བརྟེན་ན་ལྷ་དང་མཁའ་འགྲོ་རང་བཞིན་གྱིས་འདུ། ཁོང་དུ་ཟོས་ན་དཔའ་བོ་མཁའ་འགྲོ་མཉེས་ཞིང་རྩ་རླུང་ལས་སུ་རུང་བར་འགྱུར་རོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་རྫས་ཕྱག་རྒྱ་མཚན་ལྡན་བསྟེན་
༡༨༧ཞིང་། གལ་ཏེ་དངོས་སུ་བསྟེན་པར་མ་ནུས་ན། ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་ཅིང་། ལས་ཀྱི་ཕྱག་རྒྱ་ཡང་སྤང་བློ་མ་སྐྱེ་བ་རེ་བྱའོ། །དབང་བཞི་པ་ཕྱག་རྒྱ་ཆེན་པོའ་དམ་རྫས་སུ། བླ་མའི་གདམས་ངག །གནས་ལུགས་ཀྱི་དྲན་པ་མ་ཡེངས་བར་བསྟེན་པར་བྱའོ། །།།།། ན་མོ་རཏྣ་གུ་རུ། ལུས་མེད་རོད་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །རིག་པ་ཡེ་ཤེས་སྒྲོན་མེ་བལྟམས། །ཞེས་པའི་དོན་ལ་གསུམ་སྟེ། གཞི་རིག་དང་། ལམ་རིག་དང་། འབྲས་བུའི་རིག་པའོ། །གཞི་རིག་པ་ནི། དབང་བཞིའི་གདམས་པ་སྟེ། རྒྱུ་སེམས་ཅན་གྱི་དུས་ན། འཁྲུལ་པར་ཇག་མའི་སྣང་བ་འདི་ཀ་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པ་ཡིན་ཀྱང་། དེ་ལྟར་ངོ་མ་ཤེས་པ་ལ། དབང་བཞིའི་དུས་སུ་སྨིན་ཅིང་རིག་པར་བྱས་ཏེ། བུམ་དབང་གི་དུས་སུ་ལྷར་ངོ་སྤྲད་ཏེ། སྣོད་གཞལ་ཡས་ཁང་། བཅུད་ལྷ་དང་ལྷ་མོ། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་ངོ་བོར་ངོ་སྤྲད་པས། ལུས་ཐ་མལ་གྱི་ངོ་བོ་ལས་གྲོལ་ནས་ལྷའི་སྐུར་རིག་གོ། །གསང་བའི་དབང་བསྐུར་བས་ངག་ཐ་མལ་དུ་འཛིན་པའི་རྟོག་པ་ལས་ལོག་ནས། རླུང་འབྱུང་འཇུག་གནས་གསུམ། ཡི་གེ་གསུམ་གྱི་ངོ་བོར་རིག་པར་བྱས་ནས། གཏུམ་མོའ་རྫོགས་རིམ་རླུང་ལམ་དུ་བྱེད། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་རང་རྒྱུད་པའི་རྟོག་པ་ལས་ལོག་ནས། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རིག་ཅིང་ངོ་སྤྲད་པར་བྱས་ནས། རྫོགས་རིམ་རྩ་ལམ་དུ་བྱེད་དོ། །དབང་བཞི་པ་བསྐུར་བས་སེམས་ཐ་མལ་གྱི་རྟོག་པ་ཉོན་མོངས་པ་རང་རྒྱུད་པར་འཛིན་པ་དེ་ལས་ལོག་ནས་རིག་པ་དང་སྟོང་པ་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་རིག་སྟེ། འཁྲུལ་པ་རང་སར་གྲོལ་ནས། དག་པ་ཡེ་ཤེས་ཀྱི་སྣང་བ་ལ་ལོངས་སྤྱོད་པར་བྱེད་དོ། །དེས་ན་འཁོར་བ་བྱ་བ་ཡེ་ནས་མ་གྲུབ་ཀྱང་། སྐྱེས་བུས་ལོག་པར་རྟོག་པས་སྡུག་
༡༨༨བསྔལ་ཉམས་སུ་མྱོང་བ་ལ་བླ་མས་ངོ་སྤྲད་པས། ཡིན་ལུགས་བཞིན་རིག་པའོ། །།།། ན་མོ་རཏྣ་གུ་རུ། ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །རྩ་རླུང་དྲྭ་མིག་འཁོར་ལོ་བསྐོར། །ཅེས་པའི་དོན་ནི། སྤྱིར་ལུས་མགོ་མཇུག་ན་རྩ་ཉི་ཁྲི་ཆིག་སྟོང་། དེ་ལས་བསྡུས་པའི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས། དེ་ལས་བསྡུས་པའི་རྩ་བརྒྱད་གསུམ་ཉི་ཤུ་རྩ་བཞི། དེ་ལས་བསྡུས་པའི་རྩ་གཙོ་མོ་གསུམ་མོ། །དེ་ཡང་རྩ་གདན་གནས་པ་ན་རླུང་གནས། རླུང་གང་ན་གནས་པ་ན་ཐིག་ལེ་གནས། ཐིག་ལེ་གང་ན་གནས་པ་ན་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས་སོ། །དེ་ལྟར་རྩ་ཐམས་ཅད་དྲྭ་བ་ལྟར་འབྲེལ་ཞིང་། ནུས་པ་རེའུ་མིག་སོ་སོར་གནས་སོ། །དེ་ཡང་རྩ་ལས་སུ་རུང་བ་བྱེད་པ་ལ་རླུང་དགོས་ལ། རླུང་གི་ལས་ལ་དབྱེ་བ་བདུན་གནས་ཏེ། བུམ་པ་ཅན་དང་། ཞབས་ཚགས་ཅན་དང་། དཔྱང་ཐག་ཅན་དང་། མདའ་ལྟར་འཕང་དང་། རེའུ་མིག་ཅན་དང་། འཁོར་ལོ་ཅན་དང་། སྲོག་ཤིང་ཅན་ནོ། །དེ་ཡང་བུམ་པ་ཅན་གྱིས་འོག་རླུང་འཛིན་པས་ཐིག་ལེ་འཛིན་པ་དང་། དྲོད་སྤོར་བའི་ལས་བྱེད་དོ། །ཞབས་ཚགས་ཅན་གྱིས་རླུང་ནད་སེལ་བ་དང་། གསང་བའི་དབང་བསྐུར་བའི་དུས་སུ་ཐིག་ལེ་གཏོང་བའི་ལས་བྱེད་དོ། །དཔྱང་ཐག་ཅན་གྱིས་གསང་བའི་གནས་ནས་ཐིག་ལེ་གྱེན་ལ་སྡོམ་པའི་ལས་བྱེད་དོ། །དེ་ནི་ཡི་གེ་ཧཱུྃ་ལུས་གནད་བཅས་པས་དྲག་ཏུ་འཐེན་པའོ། །མདའ་ལྟར་འཕངས་པས་སྟེང་འོག་གི་རླུང་དྲག་ཏུ་གཅུན་ནས། ཐིག་ལེ་རྩ་མིག་ཏུ་མདའ་ལྟར་འཕེན་པ་སྟེ། ཐིག་ལེ་འགྲེམ་པའི་ལས་བྱེད་དོ། །རེའུ་མིག་ཅན་གྱིས་ཚ་བའི་ནད་སེལ་བ་སྟེ། ལུས་གང་ན་བའི་སར་བུག་པ་ཟང་ཐལ་བསམ་ནས། སྟེང་གི་རླུང་བཅུད་ལ་བོར་བས། ནད་ཁྲག་ངན་བཞིན་དུ་རྒྱང་རྒྱང་ཐོན་པར་བསམ་མོ། །འཁོར་ལོ་ཅན་གྱིས་གྲང་བའི་ནད་ལ་ཕོ་བའི་ནང་དུ་སྟེང་འོག་གི་རླུང་བཅུད་ལ་བོར་ནས། ཕོ་བའི་རླུང་སྟེང་འོག་
༡༨༩དྲག་པོ་བསྒོམས་པས། ཐང་སྟོང་ལ་རླུང་བྱུང་ནས་སྦུར་མ་གཏོར་བ་བཞིན་དུ། ནད་ཐམས་ཅད་བསྡུས་དཀྲུགས་གཏོར་ནས་ཕོ་བ་སྟོང་སངས་ཀྱིས་སོང་བར་བསམ་ལ། སྲོག་ཤིང་ཅན་ནི། རླུང་གི་བྱ་བ་མདོར་བསྡུས་པ་སྟེ། རླུང་ཐམས་ཅད་རྩ་དབུ་མའི་ནང་དུ་ཆུད་པར་བྱེད་པའོ། །དེས་ནི་གསལ་སྟོང་གི་ཉམས་ནམ་མཁའ་ལྟ་བུར་འཆར་རོ། །དེ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་གཤིས་མ་བཅོས་པའི་དོན་རྟོགས་པར་འགྱུར་རོ། །།།།། ན་མོ་རཏྣ་གུ་རུ། ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །ཞེས་པའི་དོན་ནི། སྤྱིར་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མ་གཡོས་བཞིན། ཆོས་ཅན་སྣང་བའི་རྩལ་སྣ་ཚོགས་སུ་ཤར་བ། སྟོང་པའི་རང་རྩལ་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་པར་མ་ཤེས་པར། དངོས་པོ་རང་རྒྱུད་པར་བཟུང་ནས། དེ་ལ་ཆགས་སྡང་སྐྱེས། དེས་ལས་བསགས་ནས་འཁོར་བར་འཁྱམས་པ་ཡིན་པས། འདིར་དེ་ལས་ལོག་ནས། ཆོས་ཅན་ཡུལ་རྣམ་པ་སྣ་ཚོགས་སུ་ཤར་བ་དང་། ཆོས་ཉིད་རང་བཞིན་གྱིས་སྤྲོས་བྲལ་གཉིས་སྣང་སྟོང་དབྱེར་མེད་སྒྱུ་མ་ལྟ་བུར་རོ་མཉམ་པས། དངོས་པོའ་བདེན་འཛིན་ཞིག་ནས་ལས་མི་གསོག་པའི་ཕྱིར། འཁོར་བར་འཁྱམས་དོན་མེད་དོ། །དེ་རོ་ཇི་ལྟར་སྙོམས་པ་གསུམ་གྱི་དང་པོ་ཚོགས་དྲུག་ཡུལ་གྱི་འཁྲུལ་སྣང་། སྣང་སྟོང་ཞེན་མེད་དུ་རོ་སྙོམས་པ་ནི། ད་ལྟ་དབང་པོ་སྒོ་ལྔའི་ཡུལ་ན། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམ་པ་སྣ་ཚོགས་སུ་ཤར་ཡང་། ཕྱི་རོལ་ན་གྲུབ་པ་གཅིག་ཀྱང་མེད་པས། དེ་རྨི་ལམ་གྱི་ལྟས་མོ་ལྟར། རང་གི་སེམས་འཁྲུལ་པའི་གཟུགས་བརྙན་དུ་ཐག་བཅད། དེས་གཟུང་བར་རང་བཞིན་མེད་པར་ཤེས། ནང་ཤེས་པ་ལ་འགྱུ་བྱེད་ཀྱི་རྟོག་པ་སྣ་ཚོགས་སུ་ཤར་ཡང་། སེམས་ཉིད་སྟོང་པ་ལ་དངོས་པོ་དང་ངོས་བཟུང་བ་མེད། རྟོག་པ་ལ་
༡༩༠དངོས་པོ་དང་ངོས་བཟུང་མེད། རྟོག་པ་ཐམས་ཅད་སེམས་དྭངས་པ་ཡུལ་གྱི་གཟུགས་བརྙན་དུ་ཤར་བ་ཡིན། མེ་ལོང་ལ་ཟ་འོག་གི་གུར་ཁྱིམ་འཆར་བ་ལྟར། སྟོང་པའི་རི་མོ་ལ་དཔྱད་དེས་འཛིན་པ་ཐམས་ཅད་སྤྲོས་པ་དང་བྲལ་བར་ཤེས། དེས་གཟུང་འཛིན་གྱི་སྐུར་གཏིབས་པས། འཁོར་བའི་རྨང་རྡོ་ཞིག་ནས། ལས་ཀྱིས་ཁ་བསྒྱུར་དུ་མེད་དོ། །གཉིས་པ་བག་ཆགས་གཉིད་ཀྱི་འཁྲུལ་སྣང་རིག་སྟོང་རྟེན་འབྲེལ་དུ་རོ་སྙོམས་པ་ནི། རྨི་ལམ་གྱི་སྣང་བ་ཐམས་ཅད་བདེན་པར་གྲུབ་པ་མེད་ཀྱང་། རང་རིག་འཁྲུལ་པའི་སྣང་བ་ལ་བག་ཆགས་ཀྱི་ལིང་བཏབ། འཁོར་བ་བརྒྱུད་མར་འཁོར་བ་ཡིན་པས། འདིར་གཏི་མུག་ཡེ་ཤེས་སུ་གྲོལ་བར་བྱ་བའི་ཕྱིར། གཉིད་དང་རྨི་ལམ་གྱི་གདམས་པ་ཉམས་སུ་བླངས་ཏེ། དང་པོ་ཉིན་བར་གྱི་སྣང་བ་འདི་ཐམས་ཅད་ཀྱང་རྨི་ལམ་ཡིན་ངེས་སྙམ་དུ་དྲན་པས་བཟུང་། གཉིད་ཉལ་ཁར་རྨི་ལམ་དུ་ཤེས་པར་བྱ། ངོ་ཤེས་ནས་ཀྱང་རང་གི་དགེ་སྦྱོར་ལ་གནས་པར་བྱ་སྙམས་དུ་འདུན་པ་དྲག་པོ་ལན་མང་དུ་བཏང་ལ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ཐིག་ལེ་དམར་པོ་སྲན་མ་ཙམ་ལ་སེམས་གཏད་ལ་ཉལ་ལོ། །དེ་ནས་གཉིད་ལོག་པ་དང་རྨི་ལམ་རྨི་བའི་ཚེ། འདི་རྨི་ལམ་ཡིན་ངེས་སྙམ་དུ་ངོ་ཤེས་པས་རང་འཁྲུལ་ངོས་ཟིན། ཉིན་བར་གྱི་སྣང་བ་ལ་བདེན་འཛིན་འཇིག་གོ་།རང་ལམ་གང་ལ་གནས་པའི་དགེ་སྦྱོར་གསལ་ཐེབས་པས་ལས་ཀྱི་རྒྱུན་པ་ལ། དེས་བར་དོ་ལ་ཐེ་ཚོམ་མི་ཟའོ། །གསུམ་པ་བར་དོ་ལས་ཀྱི་འཁྲུལ་སྣང་ཆོས་སྐུ་འོད་གསལ་དུ་རོ་སྙོམས་པ་ནི། ནམ་འཆི་བའི་ཚེ་བླ་མ་ལ་གསོལ་བ་བཏབ་ཅིང་། བར་དོ་ལ་བར་དོ་ངོ་ཤེས་པར་བྱ་སྙམ་དུ་འདུན་པ་དྲག་པོ་བཏང་། ཕྱིའི་དབུགས་ཆད་ནས་ནང་དབུགས་མ་ཆད་ཙམ་གྱི་བར་དེར། འགྲོ་བ་ཀུན་ལ་ཆོས་སྐུ་འོད་གསལ་རྗེན་པར་འཆར། འདི་ལ་འོད་གསལ་གོམས་པ་རྣམས་ཀྱིས། འཆི་བའི་འོད་གསལ་ངོས་ཟིན་ནས་དེ་ཉིད་
༡༩༡དུ་སངས་རྒྱའོ། །འདི་ལ་མ་གོམས་པ་རྣམས་ཀྱིས་ངོས་མ་ཟིན་པས་ནང་དབུགས་ཤོར་བ་དང་བར་དོའ་འཁྲུལ་སྣང་འཆར་སྟེ། ཐོ་སྐོར་གྱི་མི་འདུས་པ་དང་། ལྟོ་སྐལ་ཆད། མལ་ས་ཕྱགས། ཕུང་པོ་དོར། ཤི་བར་ངོ་ཤེས་འོང་། དེའི་དུས་སུ་འདི་བར་དོར་འདུག་སྙམ་ནས་བླ་མ་དང་གདམས་ངག་དྲན་ནས། ལམ་འོད་གསལ་ལ་གསལ་བའི་ཉམས་དྲན་པས་འབྲས་བུ་མངོན་དུ་བྱེད་ཏེ། བསྐྱེད་རིམ་ལ་གོམས་པ་ཡིན་ཏེ། ཡི་དམ་གང་ཡིན་གྱི་སྐུར་སངས་རྒྱའོ། །རྫོགས་རིམ་ཉམས་སུ་བླངས་པ་ཡིན་ན། བར་དོ་འོད་ཀྱི་ལུས་ཀྱིས་མཁའ་སྤྱོད་དུ་འགྲོ། ཕྱག་རྒྱ་ཆེན་པོའ་དོན་རྟོགས་པ་ཞིག་ཡིན་ན་ཡུམ་ཆོས་ཀྱི་དབྱིངས་ལ་རིག་པའི་ཡེ་ཤེས་ཐིམ་ནས་ཆོས་སྐུར་གྲོལ་བར་འགྱུར་རོ།། །།།།། ན་མོ་རཏྣ་གུ་རུ། ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །རང་གྲོལ་ཕྱག་རྒྱ་ཆེན་པོ་བསྒོམ། །ཞེས་པའི་དོན། ཤེས་བྱ་གཤིས་ཀྱི་འདུག་ཚུལ། སེམས་ཉིད་དངོས་པོའ་གནས་ལུགས། སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པར་གནས་པ་ཡིན་ཀྱང་། སྟོང་པའི་རྩལ་རིག་པར་ཤར། རིག་པའི་རྩལ་སྣང་བར་ཤར། རང་སྣང་ལ་རང་འཁྲུལ་ནས། ཡུལ་ལ་དངོས་པོར་བཟུང་། རང་རིག་རང་ངོ་མ་ཤེས་པས། རང་སེམས་འཛིན་པར་ཤར། གཟུང་འཛིན་གྱིས་འཁོར་བའི་རྨང་རྡོར་བཅུག །སྡུག་བསྔལ་གྲ་རྒྱས་པ་ཐགས་པ་སྦྲུལ་དུ་འཁྲུལ་བ་ལྟ་བུ་སྟེ། ལ་ལས་སྤོང་། ལ་ལས་སྤྱོད། ལ་ལས་བསྒྱུར་ཀྱང་། ཡིན་ལུགས་ཀྱི་སྟེང་དུ་མ་ཕེབས་པས། འཁྲུལ་བ་རང་སར་གྲོལ་བར་མ་ནུས་ཏེ། །ནད་དང་དཔྱད་འཛོལ་བ་ལྟ་བུ་ཡིན་ནོ། །ད་རེས་འདིར་འཁྲུལ་པ་རང་སར་གྲོལ་བར་བྱེད་པ་ཕྱག་རྒྱ་ཆེན་པོའ་དོན་ཡིན་ནོ། །འདི་ལ་གདམས་པའི་གནད་གསུམ་གྱི་དང་པོ་གཟུང་འཛིན་གྱི་རྩ་བ་བཅད་པ་ནི། བདེ་བའི་གདན་ལ་ཅི་བདེ་བར་འདུག་སྟེ། རང་ཡི་དམ་གྱི་ལྷའི་ང་རྒྱལ་གྱིས།
༡༩༢སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕྱི་རོལ་དང་དོན་ལ་སོགས་པ་གྲུབ་པ་མེད་དེ། རང་སེམས་འཁྲུལ་པའི་སྣང་བ་རྨི་ལམ་གང་ལ་ཐག་རྦད་ཀྱིས་བཅད་དོ། །འོ་ན་སེམས་བྱ་བ་གཅིག་ཡོད་དམ་སྙམ་ན། སེམས་ཀྱང་དྲན་ཙམ། རིག་ཙམ། བཏགས་པ་ཙམ་ཡིན་ཏེ། ཡང་དག་ཏུ་མ་གྲུབ་པར་ཤེས་པར་བྱ། དེ་ཡང་སེམས་ཀྱིས་སེམས་ལ་བལྟས་པས་དབང་པོ་དྲུག་གི་ཡུལ་ལས་འདས་ཞིང་། ཅིའི་ངོ་བོར་ཡང་མ་གྲུབ་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུར་ཤེས་པར་བྱའོ། །གཉིས་པ་འཁྲུལ་སྣང་གི་ཡལ་ག་བྲེགས་པ་ནི། དེ་ལྟར་གཟུང་འཛིན་གཉིས་མ་གྲུབ་པར་ཤེས་པ་དེའི་ངང་ལ་བལྟ་བྱ་ལྟ་བྱེད་དམ། བསྒོམ་བྱ་སྒོམ་བྱེད་ཀྱི་ཤེས་པ་ཐམས་ཅད་དང་བྲལ་ཏེ། སེམས་མ་བཅོས་པར་རང་བབས་སུ་ལྷན་ནེ་འཇོག་པའོ། །གསུམ་པ་རིག་པ་དབྱིངས་སུ་བསྟིམ་པ་ནི། སེམས་རང་སར་མི་གནས་པར། ཡུལ་ལ་རྟོག་པ་འཕྲོ་བའི་དུས་སུ། ཡུལ་རྟོག་དེ་དག་ཀྱང་མི་དགག །རང་རྒྱུད་པར་ཡང་མི་བཟུང་། རྗེས་སུ་ཡང་མི་འཛིན་པར། དྲན་པའི་མེལ་ཚེས་ཡུལ་རྟོག་དེ་ཉིད་ཀྱི་རང་བཞིན་ལ་ཅེར་ཅེར་བལྟས་པས། སྨིག་རྒྱུའི་འཁྲུལ་པ་བདས་པས་གཏོར་བ་ལྟར། རང་བཞིན་མེད་པར་རྗེན་ནེ་གྲོལ་ནས་འགྲོའོ། །དོན་དེ་ལྟ་བུ་ལ་ཡང་ནས་ཡང་དུ་གོམས་པར་བྱས་པས། འཁྲུལ་པ་ཐམས་ཅད་རང་སར་གྲོལ་བ་ནི་ཆབ་རོམ་ཆུར་ཞུ་ཞིང་ཐིམ་པ་བཞིན་ནོ།། །།།།།། ན་མོ་རཏྣ་གུ་རུ། ལུས་མེད་རྡོ་རྗེ་མཁའ་འགྲོ་ཡི། །ཆོས་སྐོར་དགུ་ཡི་གདམས་པ་ལས། །བདེ་ཆེན་གསུང་གི་རིན་ཆེན་ཟུང་། །ཞེས་པའི་དོན། ལུས་ཀྱི་རྩ་ས་ཡ་ཕྲག་བཅུ་གསུམ་འདུས་པའི་བཅུད། །ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀུནྡྷ་ལྟ་བུའོ། །དེ་ལ་ཅིའི་ཕྱིར་བདེ་ཆེན་ཞེས་བྱ་ན། རྩ་ནུས་ལྡན་གྱི་སྟེང་དུ་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཕེབས་ནས། ཐབས་དང་མི་ལྡན་པ་ལ་ཟག་བཅས་ཀྱི་བདེ་བ་སྐྱེ་བ་ལ། ཐབས་དང་ལྡན་པ་ལ་ཟག་མེད་ཀྱི་བདེ་བ་ཆེན་
༡༩༣པོ་སྐྱེ་བའི་ཕྱིར་བདེ་ཆེན་ནོ། །གསུང་གཅེས་པ་ན་རླུང་ངོ་། །དེ་ཡང་ཐིག་ལེ་འཕེན་སྡུད་བྱེད་པ་རླུང་གི་ལས་སོ། །རིན་ཆེན་ཇི་ལྟར་འདོད་པ་འབྱུང་བ་སྟེ། ཐབས་དང་མི་ལྡན་པའི་ཐ་མལ་པ་རྣམས་ཀྱིས་ཉོན་མོངས་པ་རང་རྒྱུད་པའི་བདེ་བ་ལ་སྤྱད་པས། འཁོར་བའི་ཆོས་འགྲུབ་པར་བྱེད་ལ། ཐབས་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་དབབ་གཟུང་ཟློག་དང་འགྲེམ་པའི་གནད་ཀྱིས། ཟག་པ་མེད་པའི་བདེ་བ་ལ་ལོངས་སྤྱད་པས། ཐུན་མོང་གི་དངོས་གྲུབ་ཐོབ། མྱ་ངན་ལས་འདས་པའི་བདེ་བ་ལ་ལོངས་སྤྱོད་པའོ། །ཟུང་ཞེས་པ་ནི། ཐིག་ལེ་བསྲུང་བའི་དོན་དེ། ཁམས་ལྔའི་དྭངས་མ་ཞུ་བའི་ཐིག་ལེ་ཉམས་ན། ཡོན་ཏན་གྱི་འཆར་སྒོ་འགགས་པ་ཡིན་པས། ཐབས་དང་ལྡན་པ་རྣམས་ཀྱིས་རྟེན་མ་ཉམས་པར་བྱའོ། །རྟེན་ལ་ཡང་རིགས་གསུམ་སྟེ། ཐ་མལ་གྱི་རྟེན་ནི། ཆང་བཙགས་ཀྱི་སྦང་མ་དང་འདྲ་སྟེ། རྟེན་ཉམས་པ་ནི་ལུས་ལ་ནུས་པ་མེད་པ་ཡིན་ནོ། །སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་རྣམས་ནི། རྟེན་མ་ཉམས་པའི་ལུས་ནུས་ལྡན་དུ་གནས་ཀྱང་། ས་བོན་སྣོད་དུ་ལུས་པའམ། རི་དྭགས་ཀྱི་རྩི་དང་འདྲ་སྟེ། ཐབས་ཁྱད་པར་ཅན་དང་མི་ལྡན་པས་ཡོན་ཏན་སྐྱེ་བར་མི་ནུས་སོ། །གསང་སྔགས་ཐབས་ཁྱད་པར་ཅན་དང་ལྡན་པའི་གདམས་ངག་རྣམས་ནི། རྟེན་ནུས་མཆོག་ཏུ་གྱུར་པ་ཡིན་ཏེ། ལྗོན་ཤིང་ས་ལ་བཙུགས་ནས་ཆུ་ལུད་བྲན་པ་ལྟ་བུའོ། །དེ་ཡང་ས་གཞི་དང་འདྲ་བ་ནི་ཕྱག་རྒྱ་མཚན་ལྡན་ནོ། །ལྗོན་ཤིང་གི་རྩ་བ་འབྲས་བུའི་འབྲས་བུ་ལྟ་བུ་ནི་ཐིག་ལེའོ། །ཆུ་ལུད་བྲན་པ་ལྟ་བུ་ནི་ཐིག་ལེ་བཞུ་བཏུལ་བྱེད་པའོ། །ཤིང་ལས་སྡོང་པོ་དང་། ཡལ་ག་ལས་མེ་ཏོག་དང་འབྲས་བུ་རྒྱས་པ་ལྟ་བུ་ནི་ཐིག་ལེ་ལས་སུ་རུང་བ་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱེད་པའོ། །དེ་ལྟར་ཐིག་ལེ་གཟུང་བའི་ཐབས་ལ་གཉིས་ཏེ། ཆགས་ལམ་པ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གཟུང་བ་དང་། གྲོལ་ལམ་
༡༩༤པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གཟུང་བའོ། །དང་པོ་ནི། ཕྱག་རྒྱ་མཚན་ཉིད་དང་ལྡན་པ། དབང་དང་བྱིན་བརླབས་ཀྱིས་རྒྱུད་སྨིན་པར་བྱས་ལ་བདེ་བའི་སྟན་ལ་འདུག་སྟེ། ཡབ་ཡུམ་ལྷའི་ང་རྒྱལ་དང་ལྡན་པས། མཁའ་གསང་བྱིན་གྱིས་བརླབས་ནས། བརྩེ་བ་དང་གདུང་བའི་སྒོ་ནས་རྩའི་ནུས་པ་རྒྱས་པར་བྱས་ལ། །དེ་ནས་དལ་བུས་སྙོམས་པར་འཇུག་ཅིང་ཐིག་ལེ་རིམ་པས་ཕབ་ལ། བདེ་སྟོང་གི་ཉམས་ལ་གནས་པར་བྱ། མཐར་བདེ་བ་ཤིན་ཏུ་རྒྱས་ནས། ཐིག་ལེ་ཉམས་སུ་ཉེ་བ་ན། འོག་རླུང་དྲག་ཏུ་འཐེན། རྒྱུ་ཞབས་རྒལ་པ་ལ་སྦྱར་ནས་ཧཱུྃ་ཞེས་དབུ་མའི་ནང་ནས་ཡར་དྲག་ཏུ་དྲངས་ནས། བདེ་ཆེན་གནས་སུ་ལྷན་གྱིས་བསྐྱལ་ལོ། །ཤིན་ཏུ་ཐིག་ལེ་རྒྱས་ནས་མི་ཐུབ་ནས་མ་ཟིན་པར་འཆོར་ན། རྩ་དགག་པའི་སྦྱོར་བ་ལ་འབད་པར་བྱའོ། །དེ་ལྟར་རྩ་ནུས་ལྡན་གྱི་སྟེང་དུ། ཐིག་ལེ་ཕབ་ནས་བདེ་བ་ལ་སྟོང་པས་རྒྱས་བཏབ་ཅིང་བདེ་སྟོང་གི་ཉམས་ཡང་ནས་ཡང་དུ་སྤར་ཤིང་། མཇུག་རྡོ་རྗེ་སྐྱིལ་ཀྲུང་གིས་སྟེང་འོག་རླུང་ལན་གསུམ་གཅུད་ལ་བོར་ལ། ཐིག་ལེ་གནས་སུ་ཁྱབ་པར་དགྲམ། རྗེས་ལ་ལུས་སེམས་བཅོས་མེད་ཕྱག་རྒྱ་ཆེན་པོའ་ངང་ལ་བཞག་གོ་།གཉིས་པ་གྲོལ་ལམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ནི། རྣལ་འབྱོར་བདག་ཉིད་ཀྱིས་ཡི་དམ་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསལ་བར་བསྐྱེད་ལ། མཁའ་གསང་བྱིན་གྱིས་བརླབས་ནས། དལ་བུས་སྙོམས་འཇུག་བྱེད་པར་བསམ་ཞིང་། ལག་པའི་འདུ་བྱེད་ཀྱིས་ཐིག་ལེ་ཕབ། བདེ་བའི་རོ་རློད་པ་དང་། སྟོང་པས་རྒྱས་བཏབ། རྩ་ནུས་ལྡན་གྱི་སྟེང་དུ་ཐིག་ལེ་ཕེབ་པའི་ཚེ། བདེ་སྟོང་གི་ཉམས་ལ་མ་ཡེངས་པར་བྱས་ལ། འོག་རླུང་འཐེན་ལ་ཧཱུྃ་གིས་དྲག་ཏུ་དྲང་། མིག་ནམ་མཁའ་ལ་བགྲད། ལུས་དྲག་ཏུ་བསྒྲིམ། དེས་ཀྱང་མ་ཟིན་ན་རྩ་དགག་པའི་སྦྱོར་བ་བྱ། དེ་ནས་སྔར་བཞིན་དུ་ཐིག་ལེ་དགྲམ་པ་དང་། རྗེས་མ་བཅོས་པར་འཇོག་པ་
༡༩༥རྣམས་བྱའོ། །ལུས་མེད་མཁའ་འགྲོའི་གསང་བའི་ཚིག །ཆོས་སྐོར་དགུ་ཡི་གདམས་པ་འདི། །ཏཻ་ལོ་ཞེས་བྱའི་རྣལ་འབྱོར་པས། །ཚངས་པའི་གསུངས་རང་ཡི་གེར་བཏབ། །འཕྲི་བསྣན་མེད་པ་གནད་ཀྱི་གསང་། །གཅིག་བརྒྱུད་དག་ཏུ་གདམས་པ་ཡིན། །ཡང་དག་པའི་གདམས་པ་ཟབ། །།།།། རྒྱ་གར་གྱི་གྲུབ་ཐོབ་ཏེ་ཕུ་པ་གསང་སྔགས་སྡོང་པོ་ལ། བོད་ཀྱི་རྣལ་འབྱོར་པ་རས་ཆུང་རྡོ་རྗེ་གྲགས་པས་ཞུས་ཤིང་བོད་དུ་སྤྱན་དྲངས་པའོ། །

༄༅། །ཡེ་ཤེས་མཁའ་འགྲོ་ནི་གུ་ལས་བརྒྱུད་པའི་ཟབ་ལམ་གསེར་ཆོས་ལྔའི་སྔོན་རྗེས་ངག་འདོན་རྡོ་རྗེའི་ཚིག་རྐང་བྱིན་རླབས་འོད་འབར་ཞེས་བྱ་བ་བཞུགས་སོ༎ ༎

༢༩

ཡེ་ཤེས་མཁའ་འགྲོ་ནི་གུ་ལས་བརྒྱུད་པའི་ཟབ་ལམ་གསེར་ཆོས་ལྔའི་སྔོན་རྗེས་ངག་འདོན་རྡོ་རྗེའི་ཚིག་རྐང་བྱིན་རླབས་འོད་འབར་ཞེས་བྱ་བ་བཞུགས་སོ།།

༣༠

།།དྲུག་པའི་བདག་ཉིད་ཐབས་ཀྱི་མཆོག །ཤེས་རབ་བཙུན་མོ་ནི་གུཔྟ། །ཟུང་འཇུག་རིན་ཆེན་བརྒྱུད་པ་ཡིས། །བྱང་ཆུབ་བར་དུ་རྗེས་འཛིན་མཛོད། །རྡོ་རྗེའི་གསང་ཚིག་བཻཌཱུ། །བློ་གྲོས་གྱི་ནའི་བཟོ་བཅོས་ཀྱིས། །མ་རེག་བྱིན་རླབས་གཟི་བརྗིད་ཅན། །གསེར་ཆོས་ཀུན་ལ་གཅེས་འདིའོ། །དལ་འབྱོར་ཐོབ་པ་ཆུད་མི་གསན་ཅིང་ཚེ་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་འདོད་པའི་སྐལ་པབ་ཅན་རྣམས་ཚུལ་འདི་ལ་འཇུག་པར་བྱའོ། །དེའང་རྡོ་རྗེའི་ཚིགས་རྐང་ལས། དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོའམ་ཚེ་འདིར་འཚང་རྒྱ་འགྱུར། །ཅེས་གསུངས་པ་ལྟར་དབང་དང་བྱིན་རླབས་རྣམས་ཀྱིས་རྒྱུད་སྨིན་ཅིང་དད་བརྩོན་ལྡན་པ་གཞིར་བཞག །ཉམས་ལེན་དངོས་ལ་འཇུག་པའི་ཚེ། ཐོག་མར་ཁྲིད་རིམ་སྤྱི་དང་མཐུན་པར་བློ་ལྡོག་རྣམ་བཞིས་རྒྱུད་འཁྲུལ་བ་ཞིག་པཤིན་ཏུ་གལ་ཆེ་བས་དེ་གསལ་གདབ་པའི་ཚིག་གང་རུང་བརྗོད་ཆོག་ཀྱང་། འདིར་ས་བཅད་ཙམ་དུ། དལ་འབྱོར་རྙེད་དཀའ་བསམ་པ་ནི། །དལ་བརྒྱད་འབྱོར་པ་བཅུ་ལྡན་པ། །ལྷ་ལས་ཆེས་ལྷག་མི་ཡི་ལུས། །དབུལ་པོས་ནོར་བུ་རྙེད་མཚུངས་པ། །རྒྱུ་གྲངས་དཔེ་སོགས་སྒོ་དུ་མས། །ད་རེས་ཙམ་

༣༡ ལས་རྙེད་པར་དཀའ། །འདི་ཡང་མི་རྟག་ཆུ་བུར་བཞིན། །མྱུར་དུ་འཇིག་ངེས་དེ་ཡི་ཚེ། །ཆོས་མིན་གཞན་གྱིས་སྤུ་ཙམ་ཡང་། །ཕན་པ་མེད་ཕྱིར་དམ་པའི་ཆོས། །ཀུན་གྱི་ཡང་སྙིང་ཟབ་ལམ་བསྒོམ། །མི་རྟག་པ་བསམ་པ་ནི། སྣོད་ཀྱི་འཇིག་རྟེན་མེ་ཆུས་འཇིག །ནམ་ཟླ་དུས་བཞི་ཡུད་ཙམ་འགྱུར། །ཐམས་ཅད་མི་རྟག་མཐའ་བཞིས་བཅིངས། །སྐྱེས་ནས་མ་ཤི་གཅིག་ཀྱང་མེད། །ཚེ་སྲོག་གློག་དང་ཟིལ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་ལ་སུ་འོང་ངེས་པ་མེད། །དམ་ཆོས་དྲན་ཚེ་མ་བསྒྲུབས་ན། །ལེ་ལོ་གཡེང་བའི་བདུད་ཀྱིས་ཁྱེར། །གཅེར་བུ་ལག་སྟོང་འགྲོ་དགོས་པས། །དམ་ཆོས་མྱུར་དུ་བསྒྲུབ་པར་བྱ། །ལས་འབྲས་བསམ་པ་ནི། འཆི་ཚེ་འཁོར་ལོས་སྒྱུར་རྒྱལ་གྱི། །མངའ་ཐང་ཡོད་ཀྱང་ཤུལ་དུ་ལུས། །རང་ཉིད་གཅིག་པུར་བར་དོར་འཁྱམས། །དཀར་ནག་ལས་ཀྱི་རྣམ་སྨིན་ནི། །ལུས་དང་གྲིབ་མ་བཞིན་ཏུ་འབྲང་། །བྱས་པའི་ལས་རྣམས་ཆུད་མི་ཟ། །མ་བྱས་ལས་དང་འཕྲད་མི་སྲིད། །ལས་རྣམས་འཕེལ་བ་འགྱུར་དང་བཅས། །དགེ་སྡིག་
༣༢ འབྲས་བུ་བདེ་སྡུག་བསྔལ། །བསླུ་མེད་བྱེད་པ་པོ་ལ་སྨིན། །འཇིག་རྟེན་འདི་ནི་ཡུད་ཙམ་སྟེ། །འཁོར་བ་མཐའ་མེད་ཡུན་རིང་བས། །ད་ནི་རང་ཕུང་མི་བསྒྲུབ་པར། །སྤྱི་རུ་ལས་འབྲས་ཡིད་ཆེས་ཤིང་། །ཁྱད་པར་སྡོམ་པ་དམ་ཚིག་བསྲུང་། །རང་རྒྱུད་ཉེས་པས་མ་གོས་བྱ། །འཁོར་བའི་ཉེས་དམིགས་བསམ་པ་ནི། །སྲིད་རྩེ་མནར་མེད་ཡན་ཆད་ཀྱི། །འཁོར་བའི་གནས་རིས་མཐོ་དམན་ཀུན། །མེ་འོབས་སྤུ་གྲིའི་ཚལ་བཞིན་ཏུ། །བདེ་བའི་གོ་སྐབས་མ་མཆིས་ན། །དེ་སྔ་དེ་ཙམ་འཁོར་བར་འཁྱམས། །མ་རིག་འཁྲུལའཕྲུལ་འཁོར་ཟད་པ་མེད། །ད་ནི་བཟོད་མེད་སྐྱོ་ཤས་དང་། །ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས། །གཏན་བདེ་ཐར་པའིབའི་ལམ་ལ་ཞུགས། །གོང་མའི་རྣམ་ཐར་རྗེས་སུ་སྙེགས། །ཚེ་གཅིག་སངས་རྒྱས་འཐོབ་པར་བྱ། །ཞེས་པ་འདི་རྣམས་ཐུན་མགོ་ཐམས་ཅད་དུ་ཁྲིགས་ཆགས་སུ་འདོན་དགོས་པའི་ངེས་པ་མེད་ཀྱང་སྐབས་སུ་ཚིག་ངག་ཏུ་བརྗོད། །དོན་ཡིད་ལ་བསམས་ནས་རྒྱུད་གཉའ་རེངས་སུ་མི་བཏང་བར་བློ་དམ་པའི་ཆོས་སུ་འགྲོ་ངེས་པར་བྱ་བ་ནི་ཆོས་ཉམས་སུ་ལེན་པའི་རྐང་དང་པོ་ཡིན་པས་གལ་ཆེའོ། །སྔོན་འགྲོ་དངོས་ལ་གཉིས། །ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལ་སྐྱབས་སེམས་གཉིས་ལས་སྐྱབས་སུ་འགྲོ་བ་ནི། བདེ་བའི་སྟན་ལ་ལུས་དྲང་པོར་བསྲང་། སེམས་རྣལ་དུ་ཕབ་སྟེ། ཟབ་ལམ་འདི་ཉིད་ཀྱི་ཁྱད་ཆོས་སྐྱབས་འགྲོ་ཆིག་འདྲིལ་མ་ལ་སྒོམ་དོན་གསལ་འདེབས་ནི། ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གྱུར། །མདུན་གྱི་ནམ་མཁར་སེང་ཁྲི་པདྨ་དང་། །ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཉིད། །སྐུ་དངོས་བཀྲག་མདངས་ལྡན་ཅིང་གཟི་བརྗིད་འབར། །སངས་རྒྱས་ཆོས་དང་དགེ་འདུན་ཀུན་འདུས་ཏེ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཀུན་བདག་ཀུན་འདུས་བླ་མ་རིན་པོ་ཆེར། །བདག་དང་བདག་གི་ཚེ་འདིའི་ཕ་མ་དང་། །སྡང་དགྲ་གནོད་བགེགས་གནས་པོ་གཞི་བདག་གིས། །གཙོར་བྱས་མཁའ་མཉམ་འགྲོ་བ་རིགས་དྲུག་ནི། །བཟོད་མེད་སྡུག་
༣༣ བསྔལ་དྲག་པོས་མནར་བ་ཀུན། །ཁྱོད་ལས་སྐྱབས་དང་རེ་ས་གཞན་མེད་པས། །ཅི་མཛད་ཁྱེད་ཤེས་བློ་གཏད་ལིངས་བསྐྱུར་གྱིས། །སྒོ་གསུམ་གུས་པ་ཆེན་པོས་ལྷན་ཅིག་ཏུ། །སྐྱབས་སུ་མཆིའོ་ཐུགས་རྗེས་བཟུང་དུ་གསོལ། །ཅེས་རྩེ་གཅིག་ཏུ་མོས་ལ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ཞེས་ཅི་ནུས་བརྗོད། ཐུན་མཐར། མོས་གུས་ཤུགས་ཀྱིས་བླ་མ་འོད་དུ་ཞུ། །རང་ཐིམ་བླ་མ་རང་སེམས་དབྱེར་མེད་གྱུར། །ཅེས་པའི་ངང་ལ་ཅུང་ཟད་མཉམ་པར་བཞག །སྔོན་འགྲོ་སྟན་གཅིག་མ་བྱེད་ན། །བླ་མ་སྐབས་འདིར་མི་བསྡུ་པར་འཇོག་ལ་འོག་གི་མཎྜལ་འབུལ་བ་དང་། དག་བྱེད་སྟོང་རའི་གསོལ་གདབ་ཟིན་ནས་བསྡུས་པས་ཆོག་གོ། །སེམས་བསྐྱེད་ནི། ནམ་མཁས་གར་ཁྱབ་སེམས་ཅན་རྣམས་ཀྱིས་ཁྱབ། །ཀུན་ཀྱང་ཕ་མར་མ་གྱུར་གཅིག་ཀྱང་མེད། །རེ་རེས་སྐྱེ་བ་དཔག་མེད་ཕན་པ་བཏགས། །འདི་རྣམས་བདེ་བ་འདོད་ཀྱང་སྡུག་བསྔལ་སྒྲུབ། །མཐའ་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །བདག་གིས་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཏེ། །བདེ་བ་དམ་པ་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་མཆོག་ལ་ཅི་ནས་འགོད་པར་བགྱི། །དེ་ཡང་ཐབས་གཞན་ཅིས་ཀྱང་མི་ནུས་པས། །ཚེ་འདིར་བདག་ཉིད་ཟུང་འཇུག་རྡོ་རྗེ་འཆང་། །ཐོབ་ཕྱིར་ཟབ་གསང་མཁའ་འགྲོ་སྙན་བརྒྱུད་ཀྱི། །ཉེ་ལམ་བརྩོན་འགྲུས་དྲག་པོས་བསྒོམ་པར་བྱ། །ཞེས་པའི་དོན་ནན་ཏན་ཏུ་དྲན་བཞིན་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་འཐོབ་པར་བྱ། དེའི་ཕྱིར་དུ་ཟབ་ལམ་ནི་གུའི་ཆོས་དྲུག་ཉམས་སུ་བླང་བར་བགྱིའོ། །ཞེས་དང་། གསེར་ཆོས་ཕྱི་མ་རྣམས་ཀྱི་སྐབས་སུ། ཟབ་ལམ་ཕྱག་རྒྱ་ཆེན་པོ། །ཟབ་ལམ་ལམ་ཁྱེར་རྣམ་གསུམ། ཟབ་ལམ་མཁའ་སྤྱོད་རྣལ་འབྱོར། ཟབ་
༣༤ ལམ་འཆི་མེད་རང་གྲོལ། །ཅེས་སོ་སོར་ཁ་བསྒྱུར་རོ། །ཞར་བྱུང་མཎྜལ་ནི། བཀའ་སྲོལ་འདིའི་མཎྜལ་གྱི་དམིགས་ཁྲིད་དཀྱུས་སུ་མི་སྟོན་ཀྱང་། །ཡེ་ཤེས་མཁའ་འགྲོའི་གཞུང་རྩ་བ་ཟུར་དུ་ཕྱུང་བ་མ་ཟད། ཚོགས་མྱུར་དུ་རྫོགས་པའི་ཐབས་སུ་ཅི་ནས་གལ་ཆེ་བས་སྐྱབས་སེམས་དང་བླ་མའི་རྣལ་འབྱོར་སོགས་ཀྱི་བར་མཚམས་རྣམས་སུ་ཅི་ནུས་འབུལ་དགོས་པ་གོང་མ་རྣམས་ཀྱི་གསུང་སྒྲོས་ལས་འབྱུང་བས། མདུན་མཁར་བླ་མ་གཅིག་རྫོགས་སུ་གསལ་གདབ། །ལག་ལེན་དང་འདོན་བྱའི་ཚིག་ལྷུག་སྤྱི་འགྲོ་ལྟར་ཚོམ་བུ་སོ་བདུན་མ་སོགས་གང་བདེ་བྱས་ལ་འབུལ་ཚིག་ཤངས་པའི་མཎྜལ་བཀའ་རྒྱ་མ་ནི། །བཀོད་པ་ཤིན་ཏུ་མཛེས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བས་བསྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རི་བར་ནི་རོལ་མཚོས་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོའ་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་དང་བརྒྱད། །མ་རྨོས་ལོ་ཏོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་བསམ་མི་ཁྱབ། །དགའ་དང་སྤྲོ་བར་བྱེད་པའི་མཎྜལ་འདི། །དོན་གཉིས་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །བརྩོན་པའི་སྟོབས་ཀྱིས་བླ་མ་ཡི་དམ་དང་། །རྒྱལ་བ་རྒྱ་མཚོའ་ཚོགས་ལ་འབུལ་བར་བགྱི། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན་བྱང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཅེས་གྲངས་ལ་ངེས་པ་མེད་པས་ཅི་ནུས་སུ་འབུལ་ལོ། །གཉིས་པ་ཐུན་མོང་མིན་པའི་སྔོན་འགྲོ་ལ་གཉིས། །དག་བྱེད་ཨའི་སྟོང་ར་དང་། བྱིན་རླབས་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། རང་གི་སྤྱི་བོར་བཞི་རྫོགས་གདན་གྱི་སྟེང་། །དཀོན་མཆོག་ཀུན་འདུས་བླ་མ་སྐུ་དངོས་གསལ། མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ནད་
༣༥ གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཅེས་གསོལ་བ་དོས་དྲག་ལ་ཡུན་རིང་དུ་བཏབ་པའི་མཐར། བླ་མ་འོད་ཞུ་རང་གི་སྤྱི་བོ་ནས། །ཞུགས་ཐིམ་རྐྱེན་གྱིས་མགོ་བོའ་གདོས་བཅས་སྦྱངས། །དཀར་གསལ་སྲབ་དྭངས་དབུས་སུ་ཆོས་འབྱུང་དཀར། །རྩ་བ་ཕྲ་བ་མགྲིན་པའི་མཚམས་སུ་སླེབ། །གདེངས་ཀ་གྱེན་བསྟན་ཟུར་གཅིག་སྨིན་ཕྲག་དང་། །ཟུར་གཉིས་རྣ་བ་གཡས་གཡོན་ཐད་དུ་རེག །དྭངས་གསལ་ཤེལ་སྣོད་ལྟ་བུའི་ཁ་མཚམས་དབུས། །བླ་མ་རང་སེམས་དབྱེར་མེད་ཨ་དཀར་འཚེར། །སྐྱེ་མེད་སྤྲོས་བྲལ་དོན་ལ་སེམས་བཟུང་ཞིང་། །བཟླས་པའི་རྐྱེན་གྱིས་བདུད་རྩི་ཤུགས་དྲག་བབས། །ཕྱི་ནང་ཀུན་ཁེངས་སྡིག་སྒྲིབ་ཉམས་ཆགས་དང་། །ནང་གདོན་བར་ཆད་ཤ་ཁྲག་དངོས་པོ་བཅས། །དུད་ཁུ་རྣག་ཁྲག་སྲོག་ཆགས་རྣམ་པར་བཀྲུས། །འོད་ལུས་དྭངས་གསལ་བདུད་རྩིས་ཁེངས་པར་གྱུར། །ཞེས་གསལ་བཏབ། ཐོག་མར་ཆོས་འབྱུང་ཨ་ཡིག་དང་བཅས་པ་ལ་སེམས་འཛིན། །དེ་ནས་ཨ་ཐུང་གི་བཟླས་པ་ཉེར་གཅིག་མཐར་བདུད་རྩི་འབེབས་སྦྱོང་གི་དམིགས་པ་གསལ་ལ་དྲག་པར་བྱས་ཏེ་ལུས་དག་པའི་དམིགས་པ་གྲུབ་རྗེས་ཅུང་ཟད་རེ་ངལ་གསོས་ལ་ཤེས་པ་ཀློད། སླར་དམིགས་པ་བསྒོམ་པ་ལན་གྲངས་བརྒྱ་སྟོང་ཁྲི་འབུམ་བསྐྱར། བླ་མའི་རྣལ་འབྱོར་ཐུན་མགོར་རེ་རེས་ཆོག་གོ། །གཉིས་པ་བླ་མའི་རྣལ་འབྱོར་ཆོས་དྲུག་སོ་སོར་བསྒྱུར་ཁ་ཡོད་པ་ལས། དང་པོ་གཏུམ་མོའ་སྐབས་སུ་སྔོན་འགྲོ་བླ་མའི་རྣལ་འབྱོར་དངོས་དང་། རྗེས་སྲིད་པའི་དབང་ཞུ་བ་གཉིས་སུ་ཡོད་པ་ལས། དང་པོ་ནི། རང་གི་སྤྱི་བོར་སེང་ཁྲི་པད་དཀར་དང་། །ཉི་ཟླའི་གདན་ལ་བླ་མ་སངས་རྒྱས་ནི། །སྟོན་ཟླ་ལྟར་དཀར་ཞལ་འཛུམ་བདེ་ཉམས་རྒྱས། །རང་ལ་བྱིན་གྱིས་རློབས་བཞིན་བཞུགས་པར་གྱུར། །ཅེས་གསལ་བཏབ་ལ་མོས་གུས་བསྐྱེད་དེ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་
༣༦ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ལུས་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ། བླ་མ་བདུད་རྩིའི་ངོ་བོར་འོད་དུ་ཞུ། །རང་ཐིམ་རྣམ་སྨིན་ཕུང་པོ་འཇའ་ལྟར་ཡལ། །ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་སུ་གྱུར། །ཅེས་མོས་ཏེ་སྟོང་ར་སྒོམ་པ་ལ་འཇུག་གོ །གཉིས་པ་རྗེས་གཏུམ་མོ་བསྒོམས་པའི་མཇུག་ཐུན་མཚམས་ལ་འཇུག་ཀ་ཐམས་ཅད་བྱ་དགོས་པ་ནི། །སྤྱི་བོར་སེང་ཁྲི་བདཔད་དཀར་ཉི་ཟླའི་སྟེང་། །རྩ་བའི་བླ་མ་དཀར་གསལ་འོད་ཟེར་འཕྲོ། །སྐྱབས་གནས་ཀུན་འདུས་ངོ་བོར་བཞུགས་པ་ལ། །ཉེར་སྤྱོད་རྣམ་བདུན་ཁང་བཟང་བཞུགས་ཁྲི་དང་། །ན་བཟའ་དཔག་བསམ་ལྗོན་ཤིང་རིན་ཆེན་གཏེར། །འདོད་འཇོའ་བ་མོ་རྒྱལ་སྲིད་རྣམ་པ་བདུན། །བཀྲ་ཤིས་རྫས་རྟགས་ཐོགས་པའི་ལྷ་མོ་སོགས། །ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་དགུ་དང་། །ཤ་ལྔ་བདུད་རྩིའི་ཡེ་ཤེས་བདུད་རྩིའི་དངོས། །ཟག་མེད་བདེ་ཆེན་སྐྱེད་བྱེད་རིགས་ཀྱི་ཡུམ། །ཀུན་ཀྱང་སྣང་ལ་རང་བཞིན་མ་གྲུབ་པ། །སྒྱུ་མ་ལྟ་བུར་ཤེས་པས་མཆོད་པར་བགྱི། །ཞེས་གསལ་གདབ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་ལ། ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་ལ། གསོལ་བཏབ་ཐུགས་དམ་རྒྱུད་བསྐུལ་བླ་མ་ཡི། །སྐུ་ལས་ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱུན། །དཀར་དྭངས་བདེ་བའི་ཉམས་དང་ལྡན་པ་བབས། །སྤྱི་བོ་ནས་ཞུགས་སྨིན་མཚམས་ཡན་ཆད་གང་། །བུམ་པའི་དབང་ཐོབ་སྐུ་ཡི་དངོས་གྲུབ་སྩོལ། །སླར་ཡང་བབས་པས་མགྲིན་པ་ཡན་ཆད་གང་། གསང་བའི་དབང་ཐོབ་
༣༧ གསུང་གི་དངོས་གྲུབ་སྩོལ། །སླར་ཡང་བབས་པས་སྙིང་ག་ཡན་ཆད་གང་། །ཤེར་ཡེའི་དབང་ཐོབ་ཐུགས་ཀྱི་དངོས་གྲུབ་སྩོལ། །བདུད་རྩིའི་ཆུ་རྒྱུན་ལྟེ་བ་སོགས་ནས་བརྒྱུད། །རྐང་མཐིལ་ཡན་ཆད་ལུས་ཀྱི་ནང་ཀུན་གང་། །བཞི་པའི་དབང་ཐོབ་གསང་གསུམ་དངོས་གྲུབ་སྩོལ། །བླ་མ་འོད་ཞུ་རང་ལ་ཐིམ་པ་ཡིས། །བླ་མའི་གསང་གསུམ་རང་གི་སྒོ་གསུམ་པོ། །དབྱེར་མེད་ཆུ་ལ་ཆུ་བཞག་ལྟ་བུར་གྱུར། །ཅེས་མཉམ་པར་བཞག །གཉིས་པ་སྒྱུ་ལུས་ཕྱིན་ཆད་ཀྱི་བླ་མའི་རྣལ་འབྱོར་དམིགས་པའི་རྐང་གཅིག་ལ་བསྒྱུར་ཁ་ཕྲན་པ་ཡོད། གསོལ་འདེབས་ཀྱང་རྩ་བ་གཅིག་པ་ལ་གཤམ་སོ་སོར་བསྒྱུར་པ་ཡིན་ཏེ། དེ་ལ་ཐོག་མར་སྒྱུ་ལུས་སྐབས། མདུན་མཁར་སེང་ཁྲི་སྣ་ཚོགས་པདྨ་དང་། །ཉི་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་། །བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པར་བཞུགས། །ཐུགས་ལས་འོད་འཕྲོས་བརྒྱུད་པའི་བླ་མ་དང་། །ཡི་དམ་ཞི་ཁྲོ་ཕྱོགས་དུས་རྫོགས་སངས་རྒྱས། །ལུང་རྟོགས་དམ་ཆོས་འཕགས་པའི་དགེ་འདུན་ཚོགས། །མཁའ་འགྲོ་ཆོས་སྲུང་ཐམས་ཅད་སྤྱན་དྲངས་ཐིམ། །དཀོན་མཆོག་ཀུན་འདུས་བློ་གཏད་གཅིག་ཆོག་གྱུར། །མཚན་ཐོས་འཁོར་བ་ངན་སོང་ལས་སྒྲོལ་ན། །གསོལ་བ་བཏབ་ན་ལྟ་ཡང་ཅི་སྨོས་པས། །བདག་དང་ཕ་མ་དགྲ་བགེགས་གཞི་བདག་གིས། །གཙོར་བྱས་མཁའ་མཉམ་འགྲོ་དྲུག་སེམས་ཅན་ཀུན། །སྒོ་གསུམ་རྩེ་གཅིག་གུས་པས་གསོལ་འདེབས་ཤིང་། །འབྱུང་བཞིའི་རྡུལ་ཕྲན་ལས་ཀྱང་གསོལ་འདེབས་ཀྱི། །རང་སྒྲ་འུར་འུར་དིར་དིར་སྒྲོག་པར་གྱུར། །ཅེས་དམིགས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །སྒྱུ་ལུས་འབྱོངས་པར་མཛད་དུ་གསོལ། །རྨི་ལམ་འབྱོངས་
༣༨ པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ། །མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ངར་དྲག་ཡུན་རིང་སྣང་བ་འགྱུང་ངོས་སུ་གསོལ་བ་བཏབ་ལ། མཐར། །བླ་མ་འོད་ཞུ་རང་ལ་ཐིམ་པར་གྱུར། །ཐུགས་ཡིད་དབྱེར་མེད་མ་བཅོས་ལྷུག་པར་བཞག །ཅེས་མཉམ་པར་བཞག་ནས་སྒྱུ་ལུས་ཀྱི་ཏིང་ངེ་འཛིན་བསྒོམ་མོ། །རྨི་ལམ་ལ། དམིགས་པ་སྔར་དང་འདྲ། གསོལ་འདེབས་ཚིགས་རྐང་དང་པོ་གསུམ་གཞིར་བཞག་ནས། མཐའ་བསྐྱུར་པ་ཕྱིན་ཆད་ཐམས་ཅད་ལ་རིགས་འགྲེ་དགོས་པས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཅེས་པའི་མཐར། །རྨི་ལམ་ཐོག་མར་བཟུང་བའི་སྐབས། རྨི་ལམ་ཟིན་པར་མཛད་དུ་གསོལ། ཅེས་སྦྱར། ཟིན་ནས་སྦྱོང་སྐབས། རྨི་ལམ་འབྱོངས་པར་མཛད་དུ་གསོལ། ཅེས་དང་། སྤེལ་སྐབས། རྨི་ལམ་སྤེལ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་དང་། སྒྱུར་སྐབས། རྨི་ལམ་བསྒྱུར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཡུལ་སྣང་སྐབས། ཡུལ་སྣང་གཏན་ལ་ཕེབས་པར་མཛད་དུ་གསོལ། ཅེས་བསྒྱུར། འོད་གསལ་བླ་མའི་རྣལ་འབྱོར་ལ། དམིགས་པ་དང་པོའ་ཚིག་རྐང་གཉིས་པ། བླ་མ་རྡོ་རྗེ་འཆང་། ཞེས་པའི་རྗེས་སུ། དབུ་སྐྲ་ཐོར་ཚུགས་རུས་པའི་རྒྱན་དྲུག་སྤྲས། །སྟག་ལྤགས་སྨད་དཀྲིས་དུར་ཁྲོད་ཆས་བརྒྱད་རྫོགས། །བཀྲག་མདངས་གཟི་བརྗིད་སོགས་དང་། གསོལ་འདེབས་ཚིག་རྐང་གསུམ་པའི་གཤམ། འོད་གསལ་ཟིན་པར་མཛད་དུ་གསོལ། ཅེས་སྤྱན། འཕོ་བ་དང་བར་དོ་གཉིས་ལ་དམིགས་པ་སྒྱུ་ལུས་སྐབས་དེ་ཀས་ཆོག །གསོལ་འདེབས་གཤམ། བར་དོར་འཚང་རྒྱ་བར་མཛད་དུ་གསོལ། ཅེས་དང་། བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། ཅེས་རིམ་བཞིན་སྦྱར་རོ། །གསེར་ཆོས་ལྷག་མ་གསུམ་ལའང་། །གོང་སྨོས་དག་བྱེད་ཨའི་སྟོང་ར་ཡན་ཆད་སྤྱི་མཐུན་ཡིན་པས་སོང་ན་
༣༩ ལེགས། སྐྱབས་སེམས་གཉིས་ནི་ཐམས་ཅད་ལ་མེད་ཐབས་མེད་ཅིང་། དེ་མཚམས་བླ་མའི་རྣལ་འབྱོར་དགོས་པ་གོང་གསལ་སྒྱུ་ལུས་ཀྱི་སྐབས་དང་མཐུན་པ་ལས། གསོལ་འདེབས་གཤམ། ཕྱག་ཆེན་ལ། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ། ཅེས་སྦྱར། ལམ་ཁྱེར་གསུམ་གྱི་དང་པོ་བླ་མ་ལམ་ཁྱེར་ལ། ཅི་སྣང་བླ་མར་འཆར་བར་མཛད་དུ་གསོལ། གཉིས་པ་ཡི་དམ་ལམ་ཁྱེར་ལ། ཅི་སྣང་ཡི་དམ་དུ་འཆར་བར་མཛད་དུ་གསོལ། གསུམ་པ་སྒྱུ་མ་ལམ་ཁྱེར་གྱི་སྣང་བ་སྒྱུ་མ་ལམ་ཁྱེར་ལ། སྣང་བ་རང་སེམས་སུ་རྟོགས་པར་མཛད་དུ་གསོལ། རྨི་ལམ་སྒྱུ་མ་ལམ་ཁྱེར་ལ། ཅི་སྣང་སྒྱུ་མ་རྨི་ལམ་དུ་འཆར་བར་མཛད་དུ་གསོལ། ཞེས་སྦྱང་། མཁའ་སྤྱོད་དཀར་དམར་ལ་ཡིག་རྙིང་ལས་འབྱུང་བའི་ཁྱད་འཕགས་གསོལ་འདེབས་སོགས་གཞན་དུ་ཤེས་དགོས་ལ། འཆི་མེད་འཆུག་མེད་ལ། སེམས་འཆི་མེད་རང་གྲོལ་དུ་རྟོགས་པར་མཛད་དུ་གསོལ། ཅེས་སྦྱར་བའོ། །སྐབས་སུ་རྩ་བརྒྱུད་བླ་མའི་གསོལ་འདེབས་བརྒྱུད་པ་གོང་མ་རྣམས་ཀྱིས་མཛད་པ་ཅི་རིགས་སྤྲོ་ཞིང་ནུས་ན་བྱ། མི་ནུས་ན་འདིར་བསྟན་པ་རྣམས་ཡེ་ཤེས་མཁའ་འགྲོའི་ཐེམས་ཡིག་གིས་བསྡམས་ཤིང་ཁྱབ་བདག་རྡོ་རྗེ་འཆང་ནས་གྲུབ་ཐོབ་ཆེན་པོ་ཁོ་ནའི་ཞལ་སྒོ་བརྒྱུད་པ། སོ་སྐྱེའི་བློས་བཟོ་བཅོས་དང་སྤྲོས་པའི་བསྲེ་བསླད་མེད་པས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་ཡིན་པ་ཡིད་ཆེས་ཤིང་ཆོག་ཤེས་པར་བྱས་ལ་འདི་ཁོ་ན་ཚིག་ཏུ་བརྗོད་ཅིང་དོན་བསམ། གཙོ་བོར་ཁ་ཙམ་ཚིག་ཙམ་མ་ཡིན་པའི་མོས་གུས་དྲག་པོས་གསོལ་འདེབས་ཀྱི་སྐད་གདངས་ཆེ་ཆུང་རིང་ཐུང་ཅི་བདེར་རང་གི་ཉམས་དང་སྦྱར་ཏེ་སྣང་བ་གཏད་མེད་དུ་སྒྱུར་ནུས་པ་ཞིག་གལ་ཆེ། རྩ་བའི་ཆོས་བཞི་སྟན་ཐོག་གཅིག་ཏུ་སྒོམ་པའི་སྐབས། བླ་མ་སྒོམ་ཚུལ་དང་གསོལ་འདེབས་ཀྱི་གཞི་ཚིག་རྐང་གསུམ་པོ་སྔར་སྒྱུ་ལུས་སྐབས་དང་འདྲ་བ་ལས། མཐའ་སྒྱུར། སྒྱུ་ལུས་རྨི་ལམ་འབྱོར་ས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཅེས་བརྗོད། དེ་ལྟར་བླ་མའི་རྣལ་འབྱོར་འདི་རྣམས་དངོས་གཞིའི་ཉམས་རྟོགས་སྐྱེད་བྱེད་ལ་གལ་ཤིན་ཏུ་ཆེ་བས། ཁྲིད་སྲོལ་གཞན་པ་ལྟར་ཡུན་རིང་ཐུང་ཅི་
༤༠ རིགས་པར་གུད་དུ་ཕྱེ་ནས་ཐུན་བཅད་གྲུབ་ན་ཆེས་ལེགས་པས་དེའི་ཚེ་ཐུན་མཐར་ཚར་གསུམ་ཁུག་པའི་དབང་ལེན་དགོས་པ་དང་། སྒྱུ་ལུས་སོགས་དངོས་གཞིའི་སྒོམ་དོན་དང་སྦྲེལ་ཡང་། དེ་ལྟར་བྱ་བ་གྲུབ་ཆེན་ཐང་རྒྱལ་གྱི་ཁྲིད་ལས་གསུངས་པས་ལྷག་སྐྱོན་མེད་ལ། གང་ལྟར་དབང་ལེན་དགོས་པའི་ཚེ། གསོལ་འདེབས་ཀྱི་མཐར། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ། བདག་ལ་ཏིང་ངེ་འཛིན་གྱི་དབང་བསྐུར་དུ་གསོལ། །ཅེས་གསོལ་བ་ལན་གསུམ་བཏབ། བླ་མའི་གནས་གསུམ་འབྲུ་གསུམ་གསལ་བ་ཡི། །དཔྲལ་བའི་ༀ་ལས་ༀ་དང་འོད་དཀར་འཕྲོས། །རང་གི་དཔྲལ་བར་ཐིམ་པས་བུམ་དབང་ཐོབ། །ལུས་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་ལ་དབང་། །སྤྲུལ་སྐུའི་ས་བོན་ཐེབས་ཤིང་རྟོགས་པ་སྐྱེས། །མགྲིན་པའི་ཨཱཿལས་ཨཱཿཡིག་འོད་དམར་འཕྲོས། །རང་གི་མགྲིན་པར་ཐིམ་པས་གསང་དབང་ཐོབ། །ངག་སྒྲིབ་དག་ནས་རང་བྱིན་བརླབ་ལ་དབང་། །ལོངས་སྐུའི་ས་བོན་ཐེབས་ཤིང་རྟོགས་པ་སྐྱེས། །ཐུགས་ཀའི་ཧཱུྃ་ལས་ཧཱུྃ་དང་འོད་སྔོན་འཕྲོས། །རང་གི་སྙིང་གར་ཐིམ་པས་ཤེར་དབང་ཐོབ། །ཡིད་སྒྲིབ་དག་ནས་ཕོ་ཉའི་ལམ་ལ་དབང་། །ཆོས་སྐུའི་ས་བོན་ཐེབས་ནས་རྟོགས་པ་སྐྱེས། །བླ་མ་འོད་ཞུ་རང་དང་དབྱེར་མེད་འདྲེས། །བཞི་པའི་དབང་ཐོབ་སྙོམས་འཇུག་སྒྲིབ་པ་དག །ཟུང་འཇུག་བསམ་མི་ཁྱབ་པ་བསྒོམ་ལ་དབང་། །སྐུ་བཞིའི་རྟོགས་པ་མངོན་ཏུ་བྱས་པར་གྱུར། །ཅེས་མོས་ལ་ཡུན་རིང་དུ་མཉམ་པར་བཞག །ཐུན་མཚམས་རྣམས་སུ་བར། །ཕ་བླ་མ། ཕ་བླ་མ། ཕ་བླ་མ་རང་མཁྱེན། དྲིན་ཅན་རྩ་བའི་བླ་མ་ཁྱེད་ལ་གསོལ་བ་འདེབས་སོ། །ཞེས་མོས་གུས་སྙིང་ལ་འབྲབ་པ་རེ་བྱས་ནས་དེའི་ངང་ལ་ལྷོད་ཀྱིས་གློད་ལ་ངང་བསྐྱང་བ་གལ་ཆེའོ། །ཐམས་ཅད་ཀྱི་རྗེས་ཀྱི་བྱ་བ་སྨོན་ལམ། བཀྲ་ཤིས། བསྔོ་བ་གསུམ་དུ་གསུངས་པའི་
༤༡ གསུམ་ཀའང་ཡེ་ཤེས་མཁའ་འགྲོ་ཉིད་ཀྱི་རྡོ་རྗེའི་གསུང་བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པ་བཀའ་རྒྱ་མར་གྲགས་པ་རྣམས་འགྲུབ་ན་མཆོག་ཡིན་ཀྱང་། ཉམས་ལེན་དངོས་ལ་དྲིལ་བའི་སྐབས་འདོན་བྱ་མང་པོ་མི་ལྕོག་ན་མདོར་བསྡུས་ཙམ་དུ་སྨོན་ལམ་ནི། ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །བདག་གི་དགེ་བ་འདིར་ཐོབ་སྟེ། །འགྲོ་ཀུན་གྱིས་ཀྱང་ཐོབ་པར་ཤོག །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང་། །རྫོགས་སངས་རྒྱས་ནས་གང་སྤྱོད་པ། །བྱང་ཆུབ་རྡོ་རྗེས་བསྔགས་པ་ཡི། །སྤྱོད་པ་དེ་གཉིས་བདག་སྤྱོད་ཤོག །བཀྲ་ཤིས་ནི། ལེགས་པའི་ཡོན་ཏན་རབ་རྫོགས་པ། །བླ་མ་ཡི་དམ་བཀྲ་ཤིས་ཤོག །ཕྲིན་ལས་ཐམས་ཅད་སྒྲུབ་མཛད་པ། །མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག །བསྔོ་བ་ནི། །དགེ་བའི་ཚོགས་རྣམས་བསགས་པ་ཀུན། །བདག་གིར་ཡོངས་སུ་བཟུང་མེད་པར། །སེམས་ཅན་མ་ལུས་ཀུན་དོན་དུ། །ཆོས་དབྱིངས་བླ་ན་མེད་པར་བསྔོ། །ཞེས་པ་ཙམ་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །སྔོན་འགྲོ་དངོས་གཞི་ཐམས་ཅད་ཀྱི་སྐབས་སུ་ཤིན་ཏུ་གལ་ཆེ་བ། སངས་རྒྱས་གཉན་སྟོན་ཆེན་པོའ་ཞལ་ནས། གནད་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། །སྙིང་རྗེས་ཀུན་ལ་བསླངས་པའི་སེམས་ཀྱིས་བྱམས་པ་ཕན་སེམས་བསྐྱེད་པ་དང་། འཆི་བ་མི་རྟག་པ་དྲག་པོ་རྒྱུན་ཆད་མེད་པར་བསམས་པས་བློ་སྣ་ཐུང་སྤུང་སོང་སྟེ་ཅིས་ཀྱང་དགོས་མེད་རྒྱུད་ལ་བསྐྱེད་པ་དང་། བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཏེ། མཆི་མ་རང་དབང་མེད་པའི་མོས་གུས་རྒྱུན་ཆད་མེད་པ་གསུམ་གྱིས་སྒྱུ་མ་རང་ཤར། སྣང་བ་ཐམས་ཅད་བདེན་མེད་དུ་འགྲོ་བ་དང་། རྨི་ལམ་རང་ཟིན་དང་། སྤྱོད་སྤེལ་སྤྲུལ་བསྒྱུར་དང་། ཡུལ་སྣང་གཏན་ལ་ཕེབ་པ་དང་། ཉིན་པར་ཕྱག་རྒྱ་ཆེན་པོ་གསལ་ལ་རྟོག་མེད་དུ་འཆར་བ་དང་། མཚན་མོ་ལྷ་སྐུ་རང་ཤར་དང་། འོད་གསལ་ཕྱོགས་མེད་དུ་འཆར་བ་རྣམས་ཇི་ལྟ་བཞིན་འབྱུང་བར་
༤༢ འགྱུར་རོ། །གོང་གི་ཆོས་གསུམ་པོ་དེ་རྒྱུད་ལ་མ་སྐྱེས་ན། བརྩོན་འགྲུས་ཆེན་པོས་ཡུན་རིང་ཉམས་སུ་བླངས་ཀྱང་མཐར་ཐུག་གི་འབྲས་བུ་འབྱུང་བར་དཀའ་བས། །ཆོས་གསུམ་པོ་དེ་ལ་ནན་གྱིས་རྩེ་གཅིག་ཏུ་ཉམས་སུ་བླངས་པ་འདི་གལ་ཆེའོ། །ཞེས་སོགས་ཀྱིས་སྙིང་རྗེ། མི་རྟག་པ། མོས་གུས་གསུམ་པོ་རྒྱུད་ལ་འབྲལ་མེད་དུ་སྐྱེ་བ་ཞིག་མ་བྱུང་ཐབས་མེད་པའི་ཚུལ་རྒྱུ་མཚན་བཅས་ནན་ཏུ་གདམས་པར་མཛད་པ་དང་། གཞན་ཡང་། ཞལ་གདམས་སྤྱི་གནད་འདི་ལྟར་ཉམས་སུ་བླང་། །ཕན་སེམས་སྙིང་རྗེས་གཞན་དོན་ཕྱོགས་མེད་འབྱུང་། །གསོལ་བ་བཏབ་ན་ཉམས་རྟོགས་ཕྱོག་མེད་འཆར། །འདུན་པ་རྩེ་གཅིག་རྨི་ལམ་མྱུར་དུ་འབྱོངས། །བསྙེན་སྒྲུབ་བྱས་ན་དངོས་གྲུབ་ཕྱོགས་མེད་ཐོབ། །དམ་ཚིག་བསྲུངས་ན་མཁའ་འགྲོ་སྤྲིན་ལྟར་འདུ། །དགོས་མེད་སྐྱེས་ན་ལོངས་སྤྱོད་ཆར་བཞིན་འབབ། །ཕྲག་དོག་སྡངས་ན་མཐོ་དམན་ཀུན་གྱིས་འཁུར། །བདག་འཛིན་སྤངས་ན་གེགས་ཀྱིས་ཚུགས་མི་སྲིད། །རྒྱུན་གཏོར་བརྩོན་ན་བར་ཆད་རང་སར་འདག །འཛིན་པ་སྤངས་ན་གོལ་སར་ལྷུང་མི་འགྱུར། །བཤགས་པ་བྱས་ན་སྡིག་པ་ཐམས་ཅད་འདགས། །བསོད་ནམས་བསགས་ན་དགེ་སྦྱོར་ཤུགས་ལ་འཆར། །རྩོལ་བཅས་བྱས་ན་རྩོལ་མེད་ངང་གིས་འཆར། །དུག་ལྔ་སྐྱེས་ཚད་འཛིན་མེད་གྲོལ་བར་འགྱུར། །སྣང་བ་མི་འགག་ལམ་ཁྱེར་སངས་རྒྱས་ཐོབ། །རེ་མེད་ཡེངས་མེད་ལོ་ཟླས་བྱང་ཆུབ་འགྲུབ། །མོས་གུས་ཚད་མེད་གཞན་སྣང་ཟིལ་གྱིས་གནོན། །དམིགས་མེད་བསྔོ་བས་བསོད་རྣམསནམས་དཔག་མེད་འཕེལ། །རེ་དོགས་སྤངས་ན་འབྲས་བུ་མྱུར་དུ་ཐོབ། །ཐུགས་ལ་ཞོག་ལ་ཉམས་སུ་ལོང་མཛོད་དང་། །རིང་པོར་མི་ཐོགས་འབྲས་བུ་འགྲུབ་པར་འགྱུར། །ཅེས་གདམས་པར་མཛད་པ་དང་། གསུང་སྒྲོས་ཐོར་བུ་མས། སྐྱེ་བ་འདི་ཕྱི་ཐམས་ཅད་ཀྱི་བསོད་ནམས་ཟད་པར་བྱེད་པ་དང་། སངས་རྒྱ་བའི་གེགས་ལོག་ལྟ་ཡིན་པས་དག་སྣང་སྦྱང་། གདམས་ངག་དང་དངོས་གྲུབ་ཀྱི་གེགས་ཐེ་ཚོམ་ཡིན་པས་ངེས་ཤེས་བསྐྱེད། གྲུབ་པ་མྱུར་དུ་མི་འཐོབ་པའི་གེགས་བླ་མ་ཡི་དམ་དང་། གདམས་ངག་སྣ་ཚོགས་ཡིན་པས་གང་ལ་ངེས་ཤེས་ཐོབ་པ་གཅིག་ལ་ཉམས་ལེན་བྱ། །སྒྲིབ་
༤༣ གཉིས་མྱུར་དུ་མི་བྱང་པའི་གེགས་བྱར་མེད་ཡིན་པས། བསོད་ནམས་ཀྱི་ཚོགས་དང་རྩོལ་བཅས་ཀྱི་དགེ་སྦྱོར་ལ་འབད། །ཡེ་ཤེས་ཀྱི་ཚོགས་མྱུར་དུ་མི་རྫོགས་པའི་གེགས་བདེན་ཞེན་ཡིན་པས། ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་རྨི་ལམ་དུ་ཤེས་པར་བྱ། གཞན་དོན་གྱི་གེགས་རང་དོན་ཡིན་པས་ཕན་སེམས་སྨོན་ལམ་ལ་འབད་པ་གལ་ཆེ་བར་གསུངས་པ་ཉམས་ལེན་མཁན་པོ་རྣམས་ཀྱིས་སྙིང་གི་ཟེའུ་འབྲུར་བཅངས་པ་གལ་ཆེ་བར་སྣང་ངོ་། །ཡང་ཟབ་སྙིང་པོའ་འདོན་སྒོམ་འདི། །སྔོན་འགྲོར་གྲགས་ཀྱང་དངོས་གཞིའི་མཐིལ། །སྐལ་བཟང་སྐྱེ་བོ་བྱེ་སྙེད་ཀྱིས། །འདིར་འབད་ཟུང་འཇུག་མཆོག་བརྙེས་ཤོག །ཅེས་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོས་རིང་ནས་གནང་བ་སྩལ་བ་དང་། ཡང་ཁྲོད་འདིར་བཞུགས་སྒྲུབ་བླ་སྔ་རྗེས་རྣམས་དང་། ཁྱད་པར་གཏེར་ཆེན་བསམ་གཏན་གླིང་པའི་བསྟན་པའི་སྣང་བྱེད་འཕེལ་ཚེ་རིག་འཛིན་བླ་མ་མགོན་པོ་རྡོ་རྗེས་བཀྲ་ཤིས་པའི་ལྷ་རེག་བཅས་ཆེད་དུ་བསྐུལ་མ་མཛད་དོརངོར། རིས་མེད་ཀྱི་བསྟན་པ་ལ་མི་ཕྱེད་པའི་དད་པ་ཐོབ་པ་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

མཁའ་སྤྱོད་དམར་མོའི་འཕོ་བ་བཞུགས་སོ

༢༧༧ མཁའ་སྤྱོད་དམར་མོའ་འཕོ་བ་བཞུགས་སོ། །ན་མོ་གུ་རུ། མཁའ་སྤྱོད་མ་དམར་མོའ་འཕོ་བ་ལ་སྔོན་འགྲོ་དང་། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། མཎྜལ་དཔེ་ཆུང་ལྟར་བཞེངས། གཏོར་མ་དྲུག་བཤམས། མཆོད་པ་རྣམ་པ་ལྔ་དང་། ཀ་པཱ་ལི་ལ་སོགས་པ་སྟ་གོན་བྱ། དེ་ནས་བླ་མ་རཱ་ཧུ་ལ་དང་། བླ་མ་ཤངས་པ་མཇལ་ལུགས་ཀྱི་ལོ་རྒྱུས་བཤད། སིནྡྷུ་རའི་མནྜལ་གྱི་སྟེང་དུ། རྗེ་བཙུན་མ་ལ། བླ་མ་བརྒྱུད་པ་དང་བཅས་པས་བསྐོར་བར་བསམ་མཛོད་བྱས་ལ་སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་བྱ། ད་འདི་ལྟར་དུ་སྒོམས་ཤིག །མདུན་འདི་རུ་ཆོས་འབྱུང་གྲུ་གསུམ་སྡོན་པོ་གཅིག་བསམ། དེའི་ནང་དུ་ཧཱུྃ་སྔོན་པོ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས་མངལ་གྱི་སྒྲིབ་པ་སྦྱངས། ཚུར་འདུས་པས་ལྟེམ་གྱིས་ཞུ་བ་ལས་རང་ཉིད་བདེ་མཆོག་དཔའ་བོ་གཅིག་པ་གཡས་རྡོ་རྗེ། གཡོན་དྲིལ་བུ་བསྣམས་པ། སྣང་ལ་རང་བཞིན་མེད་པ་འོད་ཟེར་ལྡ་འཕྲོ་བ་གཅིག་ཏུ་བསྐྱེད། དེ་ནས་སིནྡྷུ་རའི་མཎྜལ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ། བདེ་བར་རྒྱུ་ཞིང་བདེ་བར་འཆར་བ་འོད་ཀྱི་རང་བཞིན་ཅན་དུ་བསྒོམ། དེའི་ནང་དུ་རྗེ་བཙུན་རྣལ་འབྱོར་མ། དེ་ནས་རང་ཉིད་བདེ་མཆོག་ཏུ་ཡོད་པའི་ལྟེ་བར་ཐིག་ལེ་དཀར་པོ་ཨའི་ངོ་བོར་གནས་པ་ལས་འོད་ཟེར་ལྔ་འཕྲོས་པས། གཞན་གྱི་མངལ་གྱི་སྒྲིབ་པ་སྦྱངས་པར་བསམ། དེ་ནས་ངོ་བོ་སེམས་ལ་རྣམ་པ་ཨ་དེ་ལྟེ་བ་ནས་ཡར་དཀར་ཡེ་རེ་རེ་བྱུང་སྟེ་སྙིང་གར་སླེབ། དེ་ནས་བྱུང་སྟེ་སྣ་བུག་གཡོན་ནས་ཕྱིར་ཟུར་གྱིས་དོན་ནས། རྗེ་བཙུན་མའི་ཐུགས་ཀར་ཐིམ་པས་རང་ལུས་སྟོང་པར་བསྒོམ། དེས་རྐྱེན་བྱས་པས་སྒོག་སྒྲ་དང་བཅས་ནས་རྗེ་བཙུན་མ་ཡར་ཏེ། མཁའ་སྤྱོད་དུ་མདའ་འཕངས་པ་བཞིན་རྒྱངས་ཀྱིས་སོང་བར་བསམ།
༢༧༨ དེ་འདྲ་བའི་དམིགས་པ་ཐེབས་བདུན་བསྒོམ་དུ་གཞུག །དེའི་རྗེས་ལ་རྗེ་བཙུན་མ་མཁའ་སྤྱོད་ནས་དམར་ཡེ་རེ་རེ་བྱོན་ཏེ་རང་གི་སྤྱི་བོའ་གཙུག་ཏུ་བྱོན་ནས་ཞབས་གཉིས་བགྲད་པས་བཞུགས་པར་བསམ། དེའི་པདྨ་ན་མར་བྱང་ཆུབ་ཀྱི་སེམས་དམར་ལ་དཀར་བའི་མདངས་བདེ་ཕྲི་ལི་ལི་བབས་ཏེ། སྤྱི་བོའ་ཚངས་བུག་ན་མར་སོང་ནས་ལུས་ཐམས་ཅད་བྱང་སེམས་ཀྱིས་མེར་ཁེངས་པ་དང་། ཟག་པ་མེད་པའི་བདེ་བ་ཆིལ་ཆིལ་རྒྱས་པར་དམིགས་པ་གཏོད་ཅིག་བྱས་ལ། ངག་ཏུ་ༀ་གསུམ་མ་བགྲང་། རོལ་མོ་བྱའོ། །བྱང་སེམས་སྤྱི་བོར་སླེབས་ནས་བུམ་དབང་། མགྲིན་པར་གསང་དབང་། སྙིང་གར་ཤེས་རབ་ཡེ་ཤེས། ལྟེ་བར་བཞི་པའོ། །དེ་ལ་སེམས་དར་ཅིག་བཞག་གོ །དེ་ནས་རྗེ་བཙུན་མ་སྤྱི་བོ་ན་མར་ཐིམ་ནས་ལྟེ་བར་སླེབས་པ་དང་། བདེ་བ་ལ་སྟོང་པས་ཁྱབ་པ་བདེ་སྟོང་གཉིས་སུ་མེད་པའི་ཉམས་སྐྱེས་པར་བསམ། དེའི་ངང་དུ་སེམས་མ་བཅོས་པར་བཞག་གོ །ད་ལྟ་ཡང་ཐུན་མ་ཆག་ཙམ་བསྒོམ་མོ། །འཆི་ཁར་སྔར་བཞིན་དུ་བསྒོམས་ནས་རང་གི་ལྟེ་བའི་ཐིག་ལེ་དེ་རྗེ་བཙུན་མར་བསམས་ནས། རྗེ་བཙུན་མ་རྣམ་པར་ཤེས་པའི་ངོ་བོ་དེ་མས་ཡར། ལྟེ་བ་ནས་རྒྱངས་ཀྱི་སོང་སྟེ་སྤྱི་བོ་ཚངས་པའི་བུ་ག་ན་ཡར་དོན་ནས། མཁའ་སྤྱོད་དུ་གཤེགས་པ་དང་། སྐྱེ་མེད་ཕྱག་རྒྱ་ཆེན་པོའ་ངང་དུ་བཞག་གོ་།དབུགས་མ་ཆད་ཚེ་དམིགས་པ་རྩེ་གཅིག་ཏུ་ཡང་ཡང་བསྒོམ་མོ། །དེས་མཁའ་སྤྱོད་དུ་འགྲོ་བར་འགྱུར་རོ། །སྐྱེ་གནས་ལྔ་གཅིག་ཅར་དུ་དགག་པ་ཐིག་ལེའི་འཕོ་བ་ཞེས་བྱའོ། །བླ་མ་རཱ་ཧུ་ལའི་གདམས་པ་རྫོགས་སོ། །འདིའི་དབང་ཐོབ་བ་ཙམ་གྱིས། སྐྱེ་གནས་སྔར་མི་སྐྱེ་བ་ཡིན་ཞེས། ངེས་ཤེས་སྐྱེད་གསུང་ངོ་། །མངྒ་ལཾ། །

ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་ཁྲིད་ཡིག་བཞུགས་

༡༧༣

༄༅། །ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་ཁྲིད་ཡིག་བཞུགས། ཀརྨ་པ་རང་བྱུང་རྡོ་རྗེས་མཛད།

༡༧༤

༄༅། །ན་མོ་པྲཛྙཱ་པ་ར་མི་ཏ། སྤྲོས་པ་ཐམས་ཅད་ཉེར་ཞི་ཞིང་། །སྲིད་ཞི་གཉིས་སུ་མི་འཇུག་པ། །མཐའ་བྲལ་དབུ་མའི་ལམ་སྟོན་པའི། །རྒྱལ་བའི་ཡུམ་ཁྱོད་ཕྱག་འཚལ་ནས། ཐོག་མེད་དུས་ཀྱི་བག་ཆགས་ཀྱིས། །རབ་དཀྲིས་གཟུང་འཛིན་ཞེན་པའི་བདུད། །སྙེམས་བྲལ་དོན་གྱིས་བཅད་པའི་ཕྱིར། །གདམས་ངག་རྣམ་རྟོག་གཅོད་བྱེད་བྲི། །བདུད་གཅོད་པར་བྱེད་པའི་མན་ངག་ཉམས་སུ་བླང་བའི་རིམ་པ་ལ་གསུམ་སྟེ། སྔོན་འགྲོ་དང་། །དངོས་གཞི། རྗེས་སོ། །དང་པོ་ནི། འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་མན་ངག་སྟེ་འདི་ཉམས་སུ་ལེན་པར་འདོད་པས། །གནས་གང་ཡང་རུང་བར་ལུས་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བཅས་ནས། བདག་གིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་འགོད་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་མན་ངག་ཉམས་སུ་བླང་སྙམ་དུ་བྱ་སྟེ། མདུན་གྱི་ནམ་མཁར་རིན་པོ་ཆེ་སྣ་

༡༧༥

ཚོགས་ཀྱི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོས་རྡོ་རྗེ། གཡོན་དང་པོས་གླེགས་བམ། ཕྱག་འོག་མ་གཉིས་མཉམ་བཞག་མཛད་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསྒོམ། དེའི་དབུའི་གཙུག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྤྲུལ་པའི་སྐུའི་ཆ་ལུགས་སུ་བསྒོམ་མོ། །དེའི་འཁོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ལབ་སྒྲོན་མ་སོགས་པ་དབྱེར་མེད་པར་ཤིན་ཏུ་གསལ་བར་བསྒོམ་སྟེ། མཆོད་པ་དང་སྐྱབས་འགྲོ་ནི་གཉིས་ལས། དང་པོ་ཐུན་མོང་བ་ནི་མེ་ཏོག་ལ་སོགས་པའི་མཆོད་པ་བློས་སྤྲུལ་པ་ཇི་སྙེད་པ་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་གནས་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ཕུལ་དུ་བྱུང་བ་རྣམས་འབུལ་

༡༧༦

ལོ་སྙམ་དུ་བསམ་ཞིང་། སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང་། སྐྱབས་སུ་འགྲོ་བར་བསྒོམ་སྟེ། སྤྲོས་པ་ལ་དགའ་ན་ཡན་ལག་བདུན་པ་ཡང་བྱ། མི་དགའ་ན་ཡིད་ཀྱིས་བདག་གི་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བརངས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་ལམ་བརྟེན་ནོ་སྙམ་པའི་འདུན་པས། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱབས་སུ་མཆིའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་རིན་པོ་ཆེ་བརྒྱུད་པ་དང་བཅས་པ་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མཐའ་དག་ལས་གྲོལ་ནས་བདེ་བ་ཆེན་པོ་ལ་དགོད་པར་གྱུར་ཅིག་ཅེས་ལན་གསུམ་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ལུས་འབུལ་བ་སྟེ། རང་གི་ལུས་འདི་ཁ་ཟས་རོ་བརྒྱ་དང་ལྡན་པ་དཀར་ལ་ཟླུམ་པ་རི་རབ་ཙམ་དུ་བསམས་ཏེ། ཐོག་མར་མགོ་བོ་བཅད་ནས། བླ་མ་དང་དཀོན་མཆོག་ལ་འབུལ་ཞིང་། དགྱེས་པ་དང་བཅས་པས་གསོལ་བར་བསམ། དེ་བཞིན་དུ་ཡན་ལག་དང་ཉིང་ལག་དང་། དོན་སྣོད་ལ་སོགས་པ་ཐམས་ཅད་འབུལ་ཞིང་། གཞན་ཡང་སྤྲོས་པ་ལ་དགའ་ན། དམ་པ་ཆོས་སྐྱོང་བ་རྣམས་དང་ལྷ་སྲིན་སྡེ་བརྒྱད་ལན་ཆགས། སྙིང་རྗེའི་མགྲོན་ཐམས་ཅད་ལ་སྦྱིན་ཞིང་། སོ་སོའ་སྤྱོད་ཡུལ་དུ་ཅི་འདོད་པ་ཐམས་ཅད་བྱུང་བར་བསམ་ཞིང་། དེ་ནས་བདག་

༡༧༧

མཆོད་པ་པོ་དང་། མཆོད་བྱའི་ཡུལ་དང་། མཆོད་རྫས་ལུས་ལ་སོགས་པ་ཐམས་ཅད་མི་དམིགས་ལ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ངང་དུ་མཉམ་པར་བཞག་གོ །འདི་ནི་དོན་དམ་པའི་སྐྱབས་འགྲོ་སྟེ། དེ་ལ་གནས་པ་ནི་སངས་རྒྱས་ཀྱི་དགོངས་པའོ། །འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་མན་ངག་སྟེ་འདི་ལ་ནན་ཏན་དུ་བསྒོམ་པར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ་ལས། གང་ཟག་བློ་རབ་ལ་སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་གདམས་ངག །འབྲིང་ལ་ལུས་སེམས་དབྲལ་བའི་གདམས་ངག །ཐ་མ་ལ་ཉམས་ལེན་ཕུང་པོ་གཟན་དུ་བསྐྱུར་བ་རྣམ་རྟོག་སྤྲོས་པའི་གཅོད་དང་གསུམ་མོ། །དེ་ལའང་དང་པོ་ནི་བདག་ཅག་རྣམས་འཁོར་བ་ཐོག་མ་མེད་པ་ནས་སྙེམས་བྱེད་ཀྱི་རྟོག་པ་འདི་མཆོད་པས། འཁོར་འདས་སྤང་བླང་དུ་འཛིན་པའི་རྟོག་པ་ལ་བརྟེན་ནས་ཐོགས་བཅས་དབང་པོའ་ངོས་ལ་སྣང་བ། གཟུགས་སྒྲ་དྲི་རོ་རེག་བྱ་དང་། ཐོགས་མེད་ཡིད་ཀྱི་བྱུང་ཚོར་བཟང་ངན་རྣམས་མ་རྟོགས་པས་འཆིང་བྱེད་དུ་གྱུར་ཅིང་། དེའི་དབང་གིས་འཆི་བདག་དང་། ཉོན་མོངས་པ་དང་། ཕུང་པོའ་བདུད་དུ་གྱུར་ཅིང་། ལམ་གྱི་ཡོན་ཏན་ཕྲ་བ་ལ་རགས་པས་དགའ་བྲོད་དུ་འཛིན་པ་ནི་ལྷའི་བུའི་བདུད་དེ། འདི་རྣམས་ཐམས་ཅད་ཡང་དག་པ་མ་ཡིན་པའི་རྟོག་པ་ལས་བྱུང་བར་ཤེས་ནས་དེའི་གཉེན་པོར། རྣམ་པར་རྟོག་པ་སྤྲོས་པ་མེད་པ། དོན་དམ་པ་ལ་ལྷ་དང་འདྲེའི་གནོད་བྱ་གནོད་བྱེད། བདག་དང་གཞན་དང་འཁོར་བ་དང་མྱ་ངན་ལས་འདས་པ་གར་ཡང་གྲུབ་པ་མེད་ཅིང་། ཀུན་རྫོབ་ཏུ་ཡང་མི་རྟོག་པ། རང་བཞིན་མེད་བཞིན་དུ་སྣང་བ། དཔེར་ན་རྨི་ལམ་ལྟ་བུའོ། །ཞེས་ཤེས་པར་བྱས་ནས། མི་རྟོག་མི་དཔྱོད་མི་སྤྲོ་མི་བསྡུ་བར་བསྒོམ་པར་བྱའོ། །འདི་ལ་གནས་ན་སངས་རྒྱས་ཀྱི་

༡༧༨

དགོངས་པ་ཡིན་པར་མདོ་རྒྱུད་ཐམས་ཅད་ནས་གསུངས་སོ། །དེ་ནི་སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་གདམས་ངག་གོ །གཉིས་པ་ལུས་སེམས་བྲལ་བའི་མན་ངག་ནི་གཉིས་ལས། བྱིན་རླབས་ནམ་མཁའ་སྒོ་འབྱེད་ནི་གཞན་དུ་ཤེས་སོ། །རྒྱུན་དུ་བསྒོམ་པ་ནི། ལུས་གནད་ཅི་བདེའམ་ལངས་པ་ལ་སོགས་པ་བྱ་སྟེ། རང་གི་རྐང་མཐིལ་དུ་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་བྱ་སྒོང་ཙམ་གཅིག་བསྒོམ་སྟེ། དེ་རིམ་གྱིས་སྤྱི་བོ་ནས་རྒྱངས་ཀྱིས་ཐོན་ནམ་མཁའ་ལ་བསྲེ་ཞིང་ཕཊ་ཅེས་བརྗོད་ནས། རྣམ་པར་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པའི་ངང་དུ་སྤྱོད་ལམ་རྣམ་བཞི་ཅི་བྱེད་ཀྱང་། རྣམ་པར་མི་རྟོག་པ་དེ་ལས་མ་གཡོས་པར་བྱའོ། །དེ་ནི་ལུས་སེམས་ཕྲལ་བའི་གདམས་ངག་གོ །ད་ནི་གསུམ་པ་ཉམས་ལེན་ཕུང་པོ་གཟན་དུ་བསྐྱུར་བ། རྣམ་རྟོག་སྤྲོས་པའི་སྤྱོད་པ་གཉིས་ལས། རྩ་བ་དང་ཡན་ལག་གོ །དང་པོ་ནི་ལས་དང་པོ་པབ་རྣམས་ཉམས་སུ་ལོན་པའི་ཚེ། ཡ་ང་བ་དང་། བག་ཚ་བ་དང་། ལྷ་འདྲེའི་རྟོག་པ་ལ་སོགས་པ་བྱུང་བའམ། ལུས་ལ་ཞེན་ཅིང་ཆགས་པ་བྱུང་ན་སྤྱི་གཟན་དུ་བསྐྱུར་བ་སྟེ། དེའང་རང་གི་ལུས་འདི་དཀར་ལ་ཟླུམ་པ། བློས་ཅི་ཙམ་ལྕོགས་པ་བསྒོམ་སྟེ། མདུན་དུ་བདག་ལ་གནོད་པར་བྱེད་པའི་མི་མ་ཡིན་པས་གཙོར་བྱས་པའི་སྡེ་བརྒྱད་ལན་ཆགས་ལ་སོགས་པ་ཐམས་ཅད་གསལ་བར་བསྒོམས་ཏེ་འདུན་པ་བྱ་བ་ནི། བདག་གིས་འཁོར་བ་ཐོག་མ་མེད་པ་ནས་མ་རིག་པའི་དབང་གིས་ལུས་གྲངས་མེད་པ་བླངས་ཀྱང་། དོན་མེད་ཁོ་ནར་གྱུར་ལ། ད་རེས་ཀྱང་ལུས་འདི་སྤྱི་བོའ་གཙུག་ནས་རྐང་མཐིལ་གྱི་བར་དུ། མི་གཙང་བའི་རྫས་སུམ་ཅུ་སོ་གཉིས་ལས་གྲུབ་པ་མྱུར་དུ་འཇིག་པ་འདི་ལ། ད་རེས་སྙིང་པོ་བླང་བའི་ཕྱིར་དང་། བདག་དང་ནམ་མཁའི་མཐའ་

༡༧༩

དང་མཉམ་པའི་སེམས་ཅན་ཐམས་ཅད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ལུས་ཀྱི་སྦྱིན་པ་བྱའོ་སྙམ་དུ་བྱས་ནས། གདོན་དེ་རྣམས་ཀྱི་དཀྱིལ་དུ་རང་གི་མགོ་བོ་བཅད་དེ་བསྐྱུར་བར་བསམ། དེ་བཞིན་དུ་དོན་ལྔ་སྣོད་དྲུག །ཡན་ལག་དང་ཉིདཉིང་ལག་ལ་སོགས་པ་ཐམས་ཅད་བསྐྱུར་ནས་བཏང་བས། ཤ་ལ་དགའ་བ་ཤ་ཟོ། ཁྲག་ལ་དགའ་བ་ཁྲག་འཐུང་། རུས་པ་དང་། པགས་པ་དང་། རྐང་དང་། གླད་པ་དང་། དབང་པོ། དོན་སྣོད་ལ་སོགས་པ་ལ་དགའ་བ་རྣམས་ལ་དེ་བྱིན་ནས་ཐོབ་པར་བསམས་ཏེ། དེ་ནས་སྦྱིན་པའི་ཡུལ། སྦྱིན་བྱེད་བདག །སྦྱིན་རྒྱུ་ལུས་ཐམས་ཅད་མི་དམིགས་པའི་ངང་དུ་མཉམ་པར་བཞག་གོ །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་སྟེ། སྡུད་པ་ལས། མགོ་དང་རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད། །ཆོས་རྣམས་ཐམས་ཅད་སྟོང་ཞིང་ཡ་མ་བརླར་ཤེས་ནས། །བདག་གི་ཤ་ཡང་ཡོངས་སུ་གཏོང་ལ་དགར་འགྱུར་ན། །དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་དགོས། ཞེས་སོ། །འདི་ནི་སྤྱི་གཟན་དུ་བསྐྱུར་བའོ། །བྱེ་བྲག་གཟན་དུ་བསྐྱུར་བ་ནི། ན་ཚ་ལ་སོགས་པ་གང་བྱུང་བ་དེ་དང་དེ་དམིགས་པས་བཅད་ཅིང་ལན་མང་དུ་བསྐྱུར་བའོ། །རྗེས་གནས་ལུགས་ཀྱི་སྟེང་དུ་གོང་ལྟར་བཞག་གོ །གཉིས་པ་དེའི་ཡན་ལག་ནི་བོགས་འདོན་པ་དང་། ནད་གདོན་ལ་སོགས་པ་བར་ཆད་བསལ་བའི་ཕྱིར་གཉན་ཁྲོད་བསྐོར་ན། འཁྲུལ་གཅོད་དང་གནད་ཐེམས་བདུན་པ་ལས་འབྱུང་བ་བཞིན་ཉམས་སུ་བླང་སྟེ། དེ་ཡང་གནས་མི་མ་ཡིན་རྒྱུ་བའི་སའམ་འགྲོ་ས་དེར་འགྲོ་བའི་ཚེ། རབ་ཀྱིས་ས་སྲོས་ནས་ཚམ་ཚོམ་མེད་པར་འགྲོ། །འབྲིང་གིས་ཉིན་པར་འགྲོ་ཞིང་གར་བདེར་བསྡད། ཐ་མས་ལེགས་པར་བརྟགས་ཏེ་བསྡད་པར་བྱའོ། །སྤྱིར་རྣམ་རྟོག་གིས་

༡༨༠

བདག་གཞན་དང་། ལྷ་འདྲེ་དང་སྐྱོན་ཡོན་དུ་འཛིན་པ་མ་ཆོད་ན་གཉན་སར་ཕྱིན་ཡང་དགོས་པ་མེད་ལ། རྣམ་རྟོག་ཆོད་ན་གང་དུ་བསྡད་ཀྱང་འདྲ་མོད་ཀྱིས། འོན་ཀྱང་ལྷ་འདྲེ་གཏུམ་པོ་གནས་ས་དེ་རྣམས་སུ་ཕྱིན་པས། དེ་མ་བཟོད་དེ་ཁོ་ཟན་དུ་བྱས་ཀྱིས་དོགས་ནས་ཆོ་འཕྲུལ་དུ་མ་འབྱུང་སྟེ། དེ་ལ་རབ་ཀྱིས་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པས་བདེན་མེད་དུ་བཞག །འབྲིང་གིས་ལུས་སེམས་དབྲལ། ཐ་མས་གཟན་དུ་བསྐྱུར་བ་གོང་བཞིན་བྱས་ནས་ཉམས་སུ་བླངས་པས། རྐྱེན་དངོས་གྲུབ་ཏུ་འགྱུར། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པས། གང་ལ་ཡང་མི་འཇིགས་པའི་གདིང་ཐོབ་ནས། བདུད་སྲིད་དུ་ཆོད་ནས། ཉམས་སུ་ལེན་པ་ལ་བྲོད་པར་འགྱུར་ཏེ། དེའི་དུས་སུ་ཡང་དགའ་བ་དང་རློམ་སེམས་སུ་འཛིན་ན་སྨན་དུག་ཏུ་འགྱུར་བ་ཡིན་པས་གང་ལ་ཡང་སྤང་བླང་མེད་པར་བྱའོ། །ད་ནི་ཡན་ལག་དངོས་ལ་བཞི་སྟེ། ཆོ་འཕྲུལ་འབྱུང་ལུགས་དང་། ཚར་ཚད་དང་། འཕྲལ་གྱི་བར་ཆད་ཞི་བའི་ཐབས་དང་། ཕྱིར་མི་ལྡོག་པའི་གདམས་ངག་གོ །དང་པོ་ནི་མང་པོ་བཤད་ཀྱང་གསུམ་དུ་འདུས་ཏེ། དངོས་དང་། ཉམས་དང་། རྨི་ལམ་མོ། དངོས་ནི་མི་ལ་སོགས་པས་བདག་ལ་རྡེག་པ་དང་། གཤེ་བ་ལ་སོགས་མི་རིགས་པ་བྱེད་པ་དང་། དཔང་བསྟོད་པ་དང་། བཀུར་སྟི་དང་། ཡོན་ཏན་བརྗོད་པ་ལ་སོགས་པ་དང་། སྟག་དང་སྤྱང་ཀི་ལ་སོགས་པ་འཇིགས་པ་སྟོན་པ་དང་། ཐོག་དང་། སེར་བ་དང་། རླུང་དྲག་པོ་དང་། མཛེ་རོ་ལ་སོགས་ཐམས་ཅད་དོ། །ཉམས་ནི་མི་འབྱུང་བ་མེད་དེ། འཇིགས་པ་དང་། ཡ་ང་བ་དང་། སྣང་བ་ལ་མེ་དང་། ཆུ་དང་། རླུང་དང་། ས་འགུལ་བ་དང་། ཤ་ཟ་སྲིན་པོ་ལ་སོགས་པ་རྣམས་ཏེ་བརྗོད་ཀྱིས་མི་ལང་ངོ་། །གཞན་ཡང་ལྷ་དང་བླ་མ་དང་མི་མ་ཡིན་པ་ལ་སོགས་པ་རྣམས་ཀྱིས་ལུང་སྟོན་པ་ལ་སོགས་པ་རྣམས་སོ། །རྨི་ལམ་ནི་དཔག་ཏུ་མེད་པས་འདིར་བྲིང་མི་ནུས་ཏེ། མདོར་ན་འདི་རྣམས་

༡༨༡

ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ་གཞན་ན་ཡོད་པ་མ་ཡིན་ནོ། །གཉིས་པ་ཚར་ཚད་ལ། གནས་སྐབས་ཀྱི་ཚར་ཚད་ནི། ཆོ་འཕྲུལ་ཞི་ནས་ཁམས་བདེ་བ། ཤེས་པ་གསལ་བ། མི་དང་མི་མ་ཡིན་པ་རྣམས་གུས་པས་འདུད་པ་ལ་སོགས་པ་རྣམས་སོ། །མཐར་ཐུག་གི་ཚར་ཚད་ནི། བྱུང་ཡང་སེམས་ཀྱི་ཆོ་འཕྲུལ་དུ་བྱུང་། ཤེས་ཀྱང་སེམས་ཀྱི་ཆོ་འཕྲུལ་དུ་ཤེས། བླ་མ་དང་སངས་རྒྱས་ལ་མོས་པ་སྐྱེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་འབྱུང་། མཐར་ཐུག་སྤྲོས་པ་ཐམས་ཅད་དང་བྲལ་བ་རྒྱུད་ཐོག་ཏུ་སྐྱེས་ན་ཚར་བའི་ཚད་དོ། །གསུམ་པ་འཕྲལ་གྱི་བར་ཆོད་ཞི་བར་བྱ་བ་ནི། རབ་ལ་བར་ཆོད་མི་འབྱུང་ལ། འབྲིང་ལ་བྱུང་ཡང་བདེན་མེད་དུ་ཤེས་པས་ཡལ་ལོ། །ཐ་མ་ལ་དང་པོ་སྒོམ་པའི་དུས། །མི་ལ་སོགས་པས་སྒོམ་པའི་བར་ཆོད་བཟང་ངན་གང་གི་སྒོ་ནས་བྱེད་ཀྱང་། དེ་ངོ་ཤེས་པས་དེའི་དབང་དུ་མ་སོང་བར་བྱ། འཇིགས་པ་ལ་སོགས་པ་བྱུང་ན་སུ་ལ་འཇིགས། ས་ལ་འཇིགས་སམ། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་ལ་འཇིགས། གལ་ཏེ་དེ་རྣམས་ལ་འཇིགས་ན། གང་ན་ཡང་དེ་རྣམས་མེད་པའི་ས་མེད་ལ། སེམས་ལ་གནོད་པ་བྱ་རྒྱུ་ནི་དོན་དམ་པར་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ལྟ་བུས་སྒྱུ་མ་ལྟ་བུ་ལ་གནོད་པ་བྱ་རྒྱུ་ག་ལ་ཡོད་ཅེས་ཉམས་མྱོང་གི་སྟེང་དུ་བཞག་པས་སེལ་ལོ། །གལ་ཏེ་ཉམས་མྱོང་ཡང་མེད་རེ་དོགས་དང་བཅས་པ་ཡོད་ན། དང་པོ་ནས་གཉན་ཁྲོད་བསྐོར་བར་མི་བྱ་སྟེ། གཞན་དགེ་སྦྱོར་ལ་བརྩོན་པར་བྱའོ། །སྤྱིར་གོང་གི་གཟན་བསྐྱུར་ལ་སོགས་པ་ཁོ་ནས་བར་ཆད་སེལ་ལོ། །བཞི་པ་ཕྱིར་མི་ལྡོག་པའི་གདམས་པ་ནི། དྲན་པ་ཁོ་ནས་ཆོག་སྟེ། དེ་ཡང་ངན་པ་ལ་ངན་པ་ཁོ་ནར་བཟུང་ན་ལྡོག །ཡུལ་རྐྱེན་ལ་སྐྲག་ནས་བྲོས་ན་ལྡོག །གནས་སྐབས་ཀྱི་ཚར་ཚད་ལ་དཀའ་བར་འཛིན་ན་ལྡོག་པས་གང་ལ་ཡང་བདེན་མེད་དུ་ཤེས་ནས་རྣམ་

༡༨༢

རྟོག་གི་དབང་དུ་མ་བཏང་བས་ཕྱིར་མི་ལྡོག་གོ །སྤྱིར་སངས་རྒྱས་ཀྱི་ལམ་དུ་མ་སོང་བ་ཐམས་ཅད་ལོག་པ་ཡིན་ལ། ལམ་དུ་སོང་ན་མ་ལོག་པ་ཡིན་ནོ། །ཁ་ཅིག་ན་རེ་ལག་ནོན་ལ་ཆུ་མིག་དཀྲུགས། ཤིང་བཅད། བྲག་བཤིག་ཟེར་ཏེ། གདོན་ཅན་ལ་སོགས་པ་རེ་རེ་ཙམ་ལ་ཅི་བྱས་ཀྱང་ཆོ་འཕྲུལ་མེད་ཅིང་། སླར་ལན་ཚ་དང་ཟུག་གཟེར་བྱུང་ན་བྱ་བ་མ་གཏོགས་པ། རྣལ་འབྱོར་པས་དོན་མེད་ཏུདུ་རྣམ་པ་ཐམས་ཅད་དུ་མི་བྱ་སྟེ། བྱས་ན་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འགལ་བས་སོ། །ད་ནི་གསུམ་པ་རྗེས་ལ་དམ་ཚིག་དང་ཕན་ཡོན་གཉིས་ལས། དམ་ཚིག་ནི་སྤྱིར་སོ་སོར་ཐར་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ལས་མི་འགལ་བར་བྱ། གནས་སྐབས་ཀྱི་དམ་ཚིག་ནི། གཅོད་བྱེད་པའི་དུས་ན་ལྷ་མཆོད་དུ་མེད། འདྲེ་བརྡུང་དུ་མེད། མྱང་འདས་ལ་མི་རེ། འཁོར་བ་ལ་མི་དོགས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར་བྱ་བའོ། །ཕན་ཡོན་ནི། སྡུད་པ་ལས། ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མགོན་སྤྱོད་པ། །འདི་ནི་གང་ཞིག་གུས་བཅས་འཛིན་དང་ཆུབ་བྱེད་པ། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱིས་གླགས་ཀྱང་རྙེད་མི་འགྱུར། ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཅོད་ཡུལ་ཀྱི་ཉམས་ལེན་མཐར་ཐུག་པ། བླ་མ་དམ་པ་རྣམས་ཀྱིས་མཛད་པ་དང་། རང་གི་ཉམས་སུ་མྱོང་བ་གཅིག་ཏུ་བསྡུས་པ། རང་བྱུང་རྡོ་རྗེ་ཞེས་བྱ་བས་ལྷ་སྟེང་གི་རི་ཁྲོད་དུ་སྦྱར་བའོ། །། འདིར་ཚིགས་སུ་བཅད་པ། ཀྱེ་མ་དུས་མཐའི་གང་ཟག་རྣམས། །ཕ་རོལ་ཕྱིན་པའི་དོན་དེ་ནི། །སྤྲོས་པ་ཉེ་བར་ཞི་བ་ཡིན། །དེ་ལ་གཟུང་འཛིན་འདུ་མི་བྱེད། །དེས་ན་གཅོད་ཀྱི་དོན་གོ་དེ། །ཁོ་བོས་བརྟགས་པས་འདི་ལྟར་གོ །ཕྱི་དང་ནང་དང་གསང་བ་གསུམ། །ཕྱི་ལྟར་ཆོས་མིན་མི་དགེ་བ། །སྲོག་གཅོད་མ་བྱིན་ལེན་པ་དང་། །འདོད་ལོག་ངག་འཁྱལ་ཕྲ་མ་དང་། །

༡༨༣

རྫུན་དང་ཚིག་རྩུབ་བརྣབ་སེམས་དང་། །གནོད་སེམས་ལོག་ལྟ་མི་དགེ་བཅུ། །རྒྱུན་གཅོད་བྱ་ཕྱིར་སྤངས་བྱས་ནས། །གཉེན་པོ་དགེ་བ་བཅུ་སྤེལ་བ། །འདི་ནི་ཕྱི་ཡི་གཅོད་དུ་འདོད། །ནང་དུ་ཕུང་ཁམས་སྐྱེ་མཆེད་རྣམས། །མ་རྟོགས་འཁོར་བར་འཆིང་བྱེད་བདུད། །དེ་ཉིད་བཅད་པར་བྱ་བའི་ཕྱིར། །གཟུགས་ནི་ལྦུ་བ་ལྟ་བུ་ལ། །ཚོར་བ་མི་རྟག་ཆུ་བུར་བཞིན། །འདུ་ཤེས་སྨྲིག་རྒྱུ་ཆུ་མཐོང་འདྲ། །འདུ་བྱེད་ཆུ་ཤིང་སྙིང་པོར་མཚུངས། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །སྒྲ་ནི་བྲག་ཆའི་རང་བཞིན་ལ། །དྲི་རོ་རེག་བྱ་ཐམས་ཅད་ཀུན། །རྩྭ་ཁའི་ཟིལ་པ་དང་མཚུངས་པར། །རྟོགས་པས་གཟུང་བ་གཅོད་པར་བྱེད། །དེ་ནི་ནང་གི་གཅོད་དུ་འདོད། །གསང་བར་གནས་པའི་མ་རིག་པ། །ལུང་མ་བསྟན་གྱི་འདུ་བྱེད་བཅས། །འདི་ཡིས་འཁོར་བའི་རྩ་བ་བྱས། །ཕུང་བྱེད་འདི་ནི་གཞོམ་པའི་ཕྱིར། །གཟུང་བ་སྒྱུ་མ་ལྟ་བུ་ལ། །འཛིན་བྱེད་སྔགས་མཁན་ལྟར་རྟོགས་པས། །རྫུན་མིན་བདེན་མིན་གཉིས་ཀར་མིན། །བརྗོད་པ་བྲལ་བའི་དོན་དེ་ཉིད། །བསྒོམས་མིན་གོམས་པར་བྱས་པའི་མཐུས། །འཇིག་ཚོགས་ལྟ་བ་བཅད་པའི་ཚེ། །གཅོད་ཀྱི་མཆོག་ཏུ་ཁོ་བོས་གོ །འདི་ལྟར་དོན་འདི་ཤེས་མིན་པར། །དམ་པའི་གདམས་ངག་ཡོད་དོ་ཞེས། །ཐོ་ཅོ་སྙིང་ཁམས་ལ་བརྟེན་ནས། །འབུ་སྲིན་ཡི་དྭགས་ཕྲའུ་ལ། །འཚེ་བར་བྱེད་པའི་གང་ཟག་དེ། །རྣམ་པར་རྟོག་པའི་འདྲེ་ཡིས་ཁྱེར། །གང་ཞིག་ཅུང་ཟད་ཉམས་བླངས་ནས། །ནད་གདོན་ཕྲའུ་སེལ་བ་ལ། །བརྟེན་ཏེ་ཁེངས་པས་འདི་ལས་གཞན། །ཆོས་མིན་ཞེས་བརྗོད་ལོག་ལྟ་ཅན། །ཁ་ཅིག་འདི་དོན་མ་རྟོགས་པར། གཅོད་ལ་ལོག་པར་སྨྲ་བྱེད་པ། །གཉིས་ཀས་ཆོས་སྤངས་ལས་བསགས་པ། །འདི་ཡིས་འགྲོ་བ་རབ་འཇིགས་པར། །མདོ་ལས་བྱུང་སྟེ་སྨོས་མི་ནུས། །དེས་ན་སྐྱེས་བུ་དམ་པ་རྣམས། །ཚིག་ལ་མ་རྟོག་དོན་ལ་ལྟོས། །དྲང་པོར་དབུ་མའི་ལམ་ལ་

༡༨༤

ཞུགས། །ཚུལ་འདི་རྒྱལ་བས་བསྟན་ནོ་ཞེས། །རང་བྱུང་རྡོ་རྗེའི་མིང་ཅན་གྱིས། །ཡང་ཡང་བསྐྱར་ཏེ་སྨྲས་པ་ཡིན། གཅོད་ཀྱི་དོན་བསྡུ་བའི་ཚིགས་སུ་བཅད་པ་རྫོགས་སོ། །འདིའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཇམ་དཔལ་སྨྲ་བའི་སེང་གེ། ཨཱརྻ་དེ་བ། དམ་པ་རྒྱ་གར། ལབ་སྒྲོན། ཁམ་བུ་ཡ་ལེ། ཛྙཱ་ན་ཛྭ་ལ། གནམ་མཚོ་བ། རང་བྱུང་རྡོ་རྗེའོ། །སརྦ་མངྒ་ལམ། །དགེའོ། །

།བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག་བཞུགས་སོ།

༦༩ །བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག་བཞུགས་སོ། །རྒྱ་གར་སྐད་དུ། །ཨཱ་ཧ་པྲ་མཎ་སཾ་།།།་མ་ཌཱ་ཀི་ནཱི་ཨུ་པ་དེ་ཤ་།བོད་སྐད་དུ། བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག །དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །གང་ཟག་བློ་ཡི་ཁྱད་པར་གྱིས། །རིམ་གྱིས་པ་དང་གཅིག་ཅར་བ། །རིམ་གྱིས་པ་ཡི་སྨན་ཆེན་འདི། །གཅིག་ཅར་བ་ཡི་དུག་ཏུ་འགྱུར། །གཅིག་ཅར་བ་ཡི་སྨན་ཆེན་འདི། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །དེས་ན་སྦྱངས་པའི་འཕྲོ་ཅན་ལ། །གཅིག་ཅར་བ་ནི་བསྟན་པར་བྱ། །དངོས་པོའ་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དང་པོའ་གནས་ལུགས་གཉིས་ཡིན་ཏེ། །ལུས་དང་སེམས་ཀྱི་གནས་ལུགས་སོ། །ལུས་ཀྱི་གནས་ལུགས་བསྟན་པ་ནི། །རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །འོད་གསལ་པ་ལས་སྟོང་པ་ཆེ། །དེ་ལས་ཐབས་ཤེས་སྣ་ཚོགས་འབྱུང་། །མངོན་པར་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་རླུང་དང་བྱང་ཆུབ་སེམས། །སེམས་ཀྱི་གནས་ལུགས་བསྟན་པ་ནི། །ཐབས་དང་ཤེས་རབ་བདག་ཉིད་ཅན། །ཨེ་ཝཾ་ལུས་ཀྱི་ལྟེ་བར་གནས། །དེ་ཉིད་ལུས་གནས་ཡེ་ཤེས་ཆེ། །རྣམ་རྟོག་ཀུན་སྤངས་དེ་ཉིད་འགྲུབ། །དཀྱིལ་འཁོར་འཁོར་ལོ་ལས་དང་ནི། །ཡེ་ཤེས་ཕྱག་རྒྱའི་རྣམ་རྟོག་བྲལ། །མི་མནོ་མི་བསམ་མི་དཔྱད་ཅིང་། །མི་བསྒོམས་མི་སེམས་རང་བབས་གཞག །ཇི་ལྟར་ས་བོན་དེ་བཞིན་ཤིང་། །ཤིང་ཇི་ལྟ་བ་དེ་བཞིན་འབྲས། །འཇིག་རྟེན་ཀུན་ལ་འདི་མཐོང་བས། །འདི་ཉིད་རྟེན་ཅིང་
༧༠འབྲེལ་འབྱུང་ངོ་། །ལམ་ནི་སྨིན་གྲོལ་གཉིས་སུ་བཤད། །བླ་མས་བསྟན་པའི་ལམ་གྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །རྡོ་རྗེ་འཆང་གིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བསྟེན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་པའོ། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །དང་པོ་བཞི་སྟེ་ཡང་ན་དྲུག །མངོན་བྱང་ལྔ་སྟེ་བསྡུས་པའི་དོན། །ལུས་དབེན་སྔགས་དང་སེམས་གསུམ་གྱི། །སྒྱུ་མ་མངོན་པར་བྱང་ཆུབ་པས། །ཟུང་འཇུག་རིམ་པ་ཤེས་པར་འགྱུར། །ལས་དང་ཡེ་ཤེས་ཕྱག་རྒྱ་ཆེ། །དམ་ཚིག་ཅེས་བྱ་འོད་གསལ་ཉིད། །རྒྱུ་དང་སྒོམ་པ་ཐོབ་བྱ་དང་། །དེ་བཞིན་བཞི་པ་ལྷུན་གྱིས་གྲུབ། །བསྙེན་པ་ཉེར་སྒྲུབ་བསྒྲུབ་པ་དང་། །སྒྲུབ་ཆེན་ངོ་བོ་ཁྱད་པར་དུ། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རིམ་གཉིས་བརྒྱད་དུ་བསྟན་པ་སྟེ། །གཏུམ་མོ་ལས་ཀྱི་ཕྱག་རྒྱ་དང་། །སྒྱུ་མ་རྨི་ལམ་འོད་གསལ་དང་། །བར་དོ་འཕོ་བ་གྲོང་འཇུག་གོ །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱིས་ནས་རྣམ་པ་གསུམ་དུ་འགྱུར། །གཏུམ་མོའ་རྣལ་འབྱོར་རྒྱུ་ཡིན་ཏེ། །འདི་ལ་གནད་ནི་རྣམ་པ་ལྔ། །ལུས་རླུང་རྩ་དུས་ཡུལ་ལྔའོ། །ལུས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་། །སྒལ་ཚིགས་རིན་ཆེན་རྩར་ལ་རྒྱུས། །མཐོངས་ཁ་རྒྱུན་དུ་ཡངས་པ་དང་། །སྟེང་སྒོ་ཤིན་ཏུ་སྤ་བར་བྱ། །ལྕེ་ནི་ཡར་རྐན་ཉིད་དུ་གཏད། །མཉམ་བཞག་ཕྱག་རྒྱ་ལྟེ་འོག་བརྩིར། །མིག་དང་ཤེས་པ་མ་འགྱུར་བར། །རླུང་སེམས་དྲིལ་ལ་དྲག་ཏུ་གཅུན། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཡང་ན་ལུས་ནི་ཙོག་པུར་བསྡད། །རེའུ་མིག་བཞིན་བསྣོལ་བར་བྱ། །རླུང་ལ་སྦྱོར་བ་བཞི་ལྡན་ཏེ། །རྔུབ་དང་དགང་དང་གཞིལ་བ་དང་། །འཕང་བར་བྱ་དང་རྣམ་པ་བཞི། །ལྕགས་ཀྱུ་བཞིན་དུ་དགུག་པར་བྱ། །བུམ་པ་བཞིན་དུ་དགང་བ་དང་། །རྒྱ་མདུད་བཞིན་དུ་བསམས་ནས་སུ། །མདའ་ལྟར་
༧༡གྱེན་དུ་འཕང་བར་བྱ། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉིན། །རེ་ཙ་ཀ་ཡིས་ལྷུང་བར་བྱེད། །ཀུམྦྷ་ཀ་ཡིས་དབང་དུ་བྱེད། །པཱུ་ར་ཀ་ཡིས་ཀུན་ནས་འགུགས། །ཞི་བ་ཡིས་ནི་རེངས་པར་བྱེད། །གཙུག་ཏོར་ལས་ནི་ཐིག་ལེ་ཉིད། །མེ་ཡིས་ཞུ་བ་ཉིད་ཀྱིས་ལྟུང་། །བདེ་བ་ཆེན་པོའ་ཏིང་འཛིན་གནས། །སྟོང་ཉིད་ལྟ་སྟངས་ལྟུང་བར་བྱ། །བུམ་པ་ཅན་གྱི་འཁོར་ལོར་སོན། །དཔལ་བ་ཞེས་བྱར་རབ་ཏུ་བསྒྲགས། །རྡོ་རྗེ་པདྨར་ཏིང་འཛིན་བརྟན། །ཁམས་གསུམ་པོ་ནི་དབང་དུ་བྱེད། །སྙིང་ག་ཕྱོགས་སུ་དག་པས་འགུགས། །མ་རུངས་ལས་ཅན་དེ་རྣམས་ཀུན། །ཧེ་རུ་ཀ་དཔལ་རང་བཞིན་ཕྱིར། །རྟག་ཏུ་ལྟ་ངན་གཞོམ་བར་བྱ། །ཞི་པས་རེངས་པ་ནོར་བུའི་མཐའ། །རྒྱལ་བའི་གཟུགས་བརྙན་རྣམ་པར་བསྒོམ། །མཆོག་ཏུ་མི་འགྱུར་རྟོགས་གྱུར་པ། །དེ་ནི་མཉམ་ཉིད་མི་གཡོར་གསུངས། །རྔུབ་པ་ཡིས་ནི་དབང་དུ་བྱེད། །དགངས་པ་རིས་ནི་རེངས་པ་དང་། །ཞི་བ་ཡིས་ནི་ཞི་བར་འགྱུར། །མཉམ་པར་མ་རུངས་དཔྲལ་བ་ཅན། །དྷཱུ་ཏཱིར་ཚུད་ན་རྒྱུན་མི་འབབ། །དགང་བ་ཡིས་ནི་ལུས་བཀང་ནས། །དུག་དང་རིམས་ཀྱི་ཚ་བ་འཕྲོག །བུམ་པ་ཅན་གྱིས་སྒོ་བཅིངས་ན། །སྒོ་ཡི་བུ་ག་དག་པར་འགྱུར། །འཐོར་བ་སྣ་ཚོགས་རྡུལ་དུ་བྱ། །རབ་ཏུ་ཞི་བས་ཞི་བར་འགྱུར། །ཡང་ན་ཨོག་ཀོས་ཨོལ་མདུད་མནན། །ཡང་ན་མཇིང་པ་ལྟག་པ་མནན། །གཡས་ནས་རྒྱུ་ན་གཡས་རྩ་མནན། །གཡོན་ནས་རྒྱུ་ན་གཡོན་རྩ་མནན། །དོན་ལ་ནུ་མ་བཅུད་ལ་བོར། །སེང་གེ་རྣམ་རོལ་ཕྱག་རྒྱ་ནི། །རྣལ་འབྱོར་པ་ཡིས་བཅིངས་ནས་སུ། །རྟག་ཏུ་སྲོག་དང་རྩོལ་བ་བྱ། །ཕོ་རླུང་འདུལ་ཞིང་མོ་རླུང་སྦྱངས། །མ་ནིང་རླུང་ལ་རྒྱུན་དུ་བཟླ། །བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཚིག་གི་བརྗོད་པ་ཐུན་མོང་སྟེ། །དམིགས་པར་བཅས་པ་སངས་རྒྱས་དངོས། །
༧༢སྔགས་ཀྱི་དེ་ཉིད་བརྡ་རུ་བཤད། །དོན་དམ་དེ་བཞིན་ཉིད་ཡིན་ནོ། །སྲོག་ནི་རྒྱུན་མི་ཆད་གྱུར་སྤྲོ། །ཨ་ཝ་དྷཱུ་ཏཱིའི་གནས་སོན་བཟླ། །རྩ་ཡིག་ནང་ནི་འདི་ལྟ་སྟེ། །སྐད་ཅིག་ཙམ་གྱིས་ཡི་དམ་ལྷ། །རྒྱུ་མ་ལྟ་བུའི་ལུས་བསྒོམས་ཏེ། །དུས་མེ་སྒྲ་གཅན་དེ་ནས་ཉི། །རི་བོང་ཅན་མས་མཚན་པའི་དབུས། །ཕུག་ནས་གཙུག་ཏོར་དུ་སོན་པ། །དེ་ནི་ཨ་བ་དྷཱུ་ཏཱིའི་རྩ། །རྐྱང་མ་རོ་མ་དང་སྦྱར་བ། །གདུགས་དང་ཤིང་རྟ་ལྟར་གནས་པའི། །འཁོར་ལོ་བཞི་དང་བཅས་པ་བསྒོམ། །དེ་ལ་དུས་ཀྱི་གནད་བཤད་པ། །གཉིད་དང་རྨི་ལམ་སྙོམས་འཇུག་པ། །ཐ་མལ་དུས་དང་རྣམ་པ་བཞིར། །སེམས་ནི་འཁོར་ལོས་སྒྱུར་རྒྱལ་འདྲ། །ཡུལ་གྱི་གནད་ནི་གསུམ་ཡིན་ཏེ། །ཕྱི་རོལ་དཀར་དམར་རྣམ་པ་ཅན། །རིག་མ་མཚན་ལྡན་གྲོགས་སུ་གཅེས། །གཏུམ་མོ་ཨ་ཐུང་ཡུལ་གྱི་གནད། །ནང་གི་འཁོར་ལོ་བཞིར་གཏད་དེ། །སྲོག་རྩོལ་སྦྱར་བའི་སྦྱོར་བ་ཡིས། །ལྟེ་བའི་ཨ་ལས་མེ་སྦར་ཏེ། །འཁོར་ལོ་བཞི་བསྲེག་རྩ་ཁ་འབྱེད། །མེ་ལྕེ་ཧཾ་ལས་རེག་པ་ཡིས། །ནམ་མཁའི་བ་ནི་རིམ་བཞིན་བཞོ། །བྱང་ཆུབ་སེམས་ཀྱིས་རྩ་རྣམས་འགེངས། །ཨ་ལ་བབས་ཤིང་ཐིགས་མ་ཆད། །བདེ་སྟོང་དབྱེར་མེད་དོན་ལ་གཟུང་། །འབྱུང་བ་རོ་སྙོམས་མ་ཤེས་ན། །བསྒོམས་ཀྱང་རྟོགས་པ་མི་འབྱུང་ངོ་། །བཅོས་ཐབས་བགྲང་གིས་མི་ལོངས་ཀྱང་། །སྟོང་བའི་གོ་ཆ་རྩིས་སུ་ཆེ། །ལུས་ནི་འགྲུབ་པར་གྱུར་བ་ན། །རྟགས་ནི་རྣམ་པ་སྣ་ཚོགས་འབྱུང་། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་སྲེག་ཅིང་། །སྤྱན་ལ་སོགས་པ་ཡང་སྲེག་སྟེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཨེ་ཝཾ་བཞི་ཡི་བསམ་གཏན་བྱ། །ལྟེ་བ་སྤྲུལ་སྐུར་དགའ་བཞི་བསྐྱེད། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །སྐྲ་ཡི་རྩེ་མོའ་ཁྱོན་ཙམ་གྱིས། །འོད་ཟེར་གློག་སྟོང་འཁྱུག་པ་བཞིན། །བ་སྤུའི་ཁུང་བུའི་ཕྱོགས་མཚམས་ནས། །བྱུང་སྟེ་ཕྱོགས་བཅུར་གནས་པ་ཡིས། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །
༧༣ལུས་སེམས་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་མན་ངག་གནས། །ཐབས་དང་བཅས་ན་ཤིན་ཏུ་འབར། །ལྟེ་བར་ཆུ་ཤིང་སྙིང་པོ་གནས། །སྙིང་གར་ཡང་ནི་བསྒྲེངས་ཏེ་གནས། །རྟག་ཏུ་སྟོང་བའི་སྒོ་ཡིན་ཏེ། །མཁས་པས་རྒྱུན་དུ་བཟློག་པར་བྱ། །སྒོམ་དང་བཟླས་པའི་ཁྱད་པར་གྱིས། །ངག་གི་ལམ་ནས་ཞུགས་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྟོང་པའི་སྙིང་པོ་མཚོན་པ་ལས། །ཆུ་ཤིང་སྙེ་མའི་བདུད་རྩི་བཞིན། །ལྟེ་བ་ཆུ་བོ་མཚམས་འཁོར་ལོ། །གྲུ་གསུམ་དཀར་ཞིང་དམར་བ་ལ། །ཐིག་ལེ་ཁ་དོག་ལྔ་བསམ་ཏེ། །སངས་རྒྱས་ལྔ་རུ་མཚོན་པར་བྱ། །སྲོག་འགོག་པ་དང་ལྡན་བྱས་པས། །སྐད་ཅིག་ཉིད་ལ་འབར་འགྱུར་ཏེ། །འཇིག་རྟེན་ཁམས་རྣམས་མཆོད་པའི་གནས། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །དེ་ལས་འབྲས་བུ་འཆར་བ་ལ། །ཐུན་མོང་དང་ནི་ཁྱད་པར་དང་། །མཆོག་དང་རྣམ་པ་གསུམ་ཡིན་ནོ། །ཐུན་མོང་རིམ་པ་བསྟན་པ་ནི། །རླུང་ནི་ཟིན་པར་གྱུར་པ་ཡིས། །དང་པོ་དྲོ་བ་ལྟ་བུ་འབྱུང་། །གཉིས་པ་བདེ་བ་འཆར་བ་དང་། །གསུམ་པ་མི་རྟོག་སྐྱེ་བར་འགྱུར། །དེ་ནས་རྣམ་རྟོག་ཤུགས་ཀྱིས་འགག །དུ་བ་སྨིག་རྒྱུ་མེ་ཁྱེར་དང་། །སྐྱ་རེངས་ཤར་བ་ཇི་བཞིན་དང་། །ནམ་མཁའ་སྤྲིན་དག་ལྟ་བུ་འབྱུང་། །དུལ་ཞིང་བརྟན་པ་ས་ཡི་རླུང་། །འཁོར་གཞོང་ནང་དུ་ཆུ་བླུག་བཞིན། །འཇམ་ཉལ་བྱེད་ན་ཆུ་ཡི་རླུང་། །ཚ་ཞིང་འཐིབས་པ་མེ་ཡི་རླུང་། །རྩེན་ཞིང་མགྱོགས་པ་རླུང་གི་རླུང་། །གསལ་ཞིང་ཡང་བ་ནམ་མཁའི་རླུང་། །ལས་སུ་རུང་བའི་རྟགས་ལྔའོ། །སྲོག་རྩོལ་གནད་དུ་ཚུད་པ་ཡིས། །གཡས་གཡོན་འཕོ་དང་བྱེ་བྲག་ཕྱེད། །ཚོར་བ་བདེ་དང་རང་འདོད་དུ། །བསྡམ་དང་ཕྱི་ནང་བསྲེ་བར་ནུས། །ནང་གི་ཚ་གྲང་འདྲེས་པའི་རྟགས། །འདུ་བ་རྣམ་བཞིས་གནོད་མི་ཚུགས། །མི་སྣང་ས་འོག་ནམ་མཁར་རྒྱུ། །རྐང་མགྱོགས་དེ་བཞིན་བཅུད་ཀྱིས་ལེན། །མཁའ་འགྲོ་མ་རྣམས་ཁྱད་པར་དུ། །
༧༤སྐད་ཅིག་དེ་ལ་སྦྱོར་བསྐྱེད་དེ། །འབྱུང་བཞི་གཅིག་ལ་གཅིག་ཐིམ་ནས། །ཏཟཎྜཱ་ལི་ནི་ཤུགས་ཀྱིས་འབར། །ཆུ་ཤེལ་ངེས་པར་འབེབ་པ་གང་། །གསང་བའི་འཁོར་ལོ་དེ་ནས་བགྲོད། །འདི་ནི་ཕྱུགས་ཆེན་དུ་གསུངས་སོ། །ཁྱད་པར་རིམ་པ་བསྟན་པ་ནི། །དེ་ཡི་རྐྱེན་གྱིས་དྷཱུ་ཏཱི་རུ། །རླུང་རྣམས་ཚུད་པར་གྱུར་པ་ཡིས། །སྲོག་ཐུར་གོང་བུར་གྱུར་པའི་མེས། །ཐིག་ལེའི་ཚོགས་པ་གསང་བར་འགོག །ཐིག་ལེའི་གཟུགས་ཀྱིས་འཛག་པ་ཡིས། །བདུད་རྩི་ཁུ་བའི་གཟུགས་ཅན་ནི། །ཐིག་ལེའི་རྣལ་འབྱོར་ཞེས་བཤད་དོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་བའི་མཐར་འཆང་བ། །ནཱ་དའི་རྣལ་འབྱོར་ཞེས་བྱར་དྲན། །འདིས་ནི་ནད་འཕྲོག་ཚེ་སྤེལ་བ། །ཁྱད་པར་རྟགས་ལྔ་ཡོན་ཏན་བརྒྱད། །མཁའ་ལ་སྤྱོད་དང་ཕྲ་སོགས་སྟེར། །མཆོག་གི་རིམ་པ་བསྟན་པ་ནི། །ཉི་མ་དང་ནི་ཟླ་བའི་རླུང་། །འཕོ་མེད་དྷཱུ་ཏཱིའི་ཁྱིམ་དུ་ཐིམ། །ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་དང་བྲལ་བར་རབ་ཏུ་ཞི། །མ་བཅོས་གཉུག་མ་ལྷན་ཅིག་སྐྱེས། །ཟག་པ་མེད་པའི་ཏིང་འཛིན་གནས། །ཕྱི་རོལ་ཡུལ་གྱིས་རྟག་མ་ཐུབ། །སྣང་བ་ཧད་བོར་འཆར་བར་ངེས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཀུན་ཏུ་འོད་ནི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་བ་སྟེ། །ས་དེའི་འོད་ནི་ཡིད་དགའ་བ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་ཕྲིན་ལས་
༧༥བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་བྱ་བ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་པ་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོ་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །དེས་ཀྱང་བསྒོམ་སྐྱོད་མ་བྱུང་ཞིང་། །ཏིང་འཛིན་བརྟན་པར་མ་གྱུར་ན། །ལས་ཀྱི་ཕྱག་རྒྱ་མཚན་ལྡན་ལས། །ལམ་ལྔ་འབྲས་བུ་ཐོབ་པར་བྱ། །སྦྱོར་ཐབས་མི་ཤེས་རྣལ་འབྱོར་དང་། །སྟན་ཡང་གཅིག་ལ་མི་བསྡད་དེ། །གལ་ཏེ་བརྒྱ་ལ་བསྡད་གྱུར་ན། །ཤི་ནས་མནར་མེད་དམྱལ་བར་སྐྱེ། །འདོད་ཆགས་ལ་སོགས་ཤ་མ་ལི། །ཡར་ལ་བཤལ་ཞིང་མར་ལ་འདུད། །དེ་ཕྱིར་སྦྱོར་ཐབས་མཁས་པས་བསྟེན། །བསྟན་པ་སྨོད་པས་འཇིགས་པ་ན། །རང་སེམས་ཙམ་ལ་མོས་པ་བྱ། །པདྨ་ཅན་དང་དུང་ཅན་མ། །རི་མོ་ཅན་དང་རི་དྭགས་ཅན། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་། །དམངས་རིགས་གདོལ་པ་ལ་སོགས་དང་། །མ་དང་སྲིང་མོ་བུ་མོ་ཡང་། །ཁྱད་པར་ཅན་གྱིས་བསྟེན་གྱུར་ན། །ཡོན་ཏན་འབྱུང་གི་སྐྱོན་དུ་མིན། །བཅུ་གཅིག་མ་དང་བཅུ་གཉིས་མ། །བཅུ་དྲུག་མ་དང་ཉི་ཤུ་མ། །ཉི་ཤུ་བཞི་ལོན་བར་དུ་བསྟེན། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །མེ་ཏོག་རབ་སོང་སྦས་པ་ཡིས། །དེ་འོག་རྡུལ་གྱི་སྦྱོར་བས་ནི། །རྒྱལ་པོ་དང་ནི་བློན་པོ་དང་། །གཞོན་ནུ་མ་ཡང་དབང་དུ་འགྱུར། །མི་སྣང་བ་ཡི་ལས་བྱ་སྟེ། །བྱི་ལ་ནག་མོའ་ཤ་མ་ནི། །ཁམ་ཕོར་ཁ་སྦྱར་ནང་དུ་སྐམས། །བགེགས་བསྐྲད་པ་ཡི་ཆོ་ག་བྱ། །དེ་ལྟར་གྲིབ་སྐམ་བྱས་པའི་རྫས། །ཕྱེ་མར་བཏགས་ཏེ་རང་ཉིད་ཀྱི། །མི་བསྐྱོད་པ་དང་རབ་སྦྱར་ནས། །སྲན་མ་ཙམ་གྱི་རིལ་བུ་བྱ། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་ནས། །ཁ་ཡི་ནང་དུ་གཞུག་པར་བྱ། །ཀུན་ཏུ་རུ་ཡི་སྐབས་སུ་ནི། །བུས་པའི་སྨན་ཡང་ལག་
༧༦ཏུ་བཅང་། །རང་གིས་དབང་བསྐུར་སྙིང་རྗེ་ཅན། །དེ་དང་དབེན་པའི་གནས་ཉིད་དུ། །ཉམ་ང་མེད་པའི་སྤྱོད་པ་བྱ། །དབབ་པ་སྒྲུབ་པའི་བྱེ་བྲག་གིས། །གསང་ལ་སྦྱོར་བའི་དུས་ཙ་ན། །བལྟ་དང་འཛུམ་དང་འཁྱུད་དང་རྒོད། །དེ་ལ་རྩེད་མོ་སྣ་ཚོགས་བྱ། །དེ་ནི་ཚོགས་ཀྱི་ལམ་དུ་འདོད། །ཨེ་ཝཾ་གཅིག་ཏུ་སྦྱར་བྱས་པས། །རྣམ་པ་སྣ་ཚོགས་སྦྱོར་བའི་ལམ། །རྩེ་མོ་ཡུན་རིང་དྲུད་པ་ལས། །རྣམ་པར་སྨིན་པ་མཐོང་བའི་ལམ། །གཉིས་ཤོར་གཉིས་མཉམ་དབུས་དག་ཏུ། །དེ་ལ་མ་ཡེངས་སྒོམ་པའི་ལམ། །དགག་བསྒྲུབ་མེད་པར་ངོ་འཕྲོད་པས། །མཐར་ཐུག་ལམ་དུ་འདོད་པ་ཡིན། །བསྒོམས་ན་སངས་རྒྱས་ཀུན་ཀྱང་རྒྱ། །མ་བསྒོམས་རྒྱ་ན་རྒྱ་བ་ཡིན། །གཟུང་བ་འཁྲུལ་འཁོར་མན་ངག་དང་། །ཟངས་ཚགས་ཅན་དང་ཏིང་འཛིན་ནོ། །ཟློག་པ་དུད་འགྲོའི་འགྱུར་བཞི་ལ། །སྦྱོར་པ་དྲུག་དང་བཞི་ལྡན་སྦྱར། །འགྲེམས་པ་རྣམ་རོལ་ཕྱག་རྒྱ་དང་། །གཟེར་ཆེན་དག་གི་མན་ངག་གོ །དེ་ནས་རྩ་ཡི་ནང་ཉིད་དུ། །གཡོན་པའི་སྲིན་ལག་ས་ལ་ནི། །དྲག་ཏུ་བཙུགས་ནས་ལུས་ལྕིད་ཕབ། །ཡང་ན་ལག་པ་གཉིས་ཀྱང་རུང་། །རླུང་དང་བསྲེ་བའི་མན་ངག་ནི། །སྟེང་རླུང་མནན་ཞིང་འོག་རླུང་བསྡམ། །དཔེར་ན་ནོར་བུ་རིན་ཆེན་དག །མ་ཕུག་པས་ནི་སྦྱོར་བྲལ་འགྱུར། །ཕུག་པས་དགའ་བ་སྦྱིན་པའོ། །ཤེལ་དང་མཚུངས་པའི་སེམས་ལ་ནི། །སྦྱོར་བས་ཡུལ་ལ་འཇུག་པ་སྟེ། །འཁོར་བའི་སྐྱོན་གྱིས་གོས་པ་ཡིན། །སྐྱོན་དང་ཡོན་ཏན་སེམས་ལ་མེད། །འདི་ལ་སྤང་བ་གཉིས་ཡོད་དེ། །ཡོན་ཏན་མེད་ན་སྤང་བ་དང་། །ཁྱད་པར་འཕགས་ནས་སྤང་བའོ། །ཁྱད་པར་ཡོན་ཏན་ཅན་གྱིས་ཀྱང་། །ཤེས་པ་སྐྱོན་པ་བསྟེན་ཀྱང་རུང་། །འགའ་དང་འགའ་ཡི་སྤྱོད་ཡུལ་ལས། །ཀུན་གྱི་སྤྱོད་ཡུལ་འདི་མ་ཡིན། །ཕྱི་དང་ནང་དུ་རྣམ་བྱེ་བ། །ཐམས་ཅད་སྒྱུ་མ་ལས་གཞན་མིན། །དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །རྣམ་པར་སྨིན་པའི་སྒྱུ་ལུས་དང་། །
༧༧དག་པ་ལྷ་ཡི་སྒྱུ་ལུས་དང་། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང་། །མེ་ལོང་ལྟ་བུའི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་འདི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །མིག་ཡོར་གློག་དང་སྨིག་རྒྱུ་དང་། །བྲག་ཆ་དྲི་ཟའི་གྲོང་ཁྱེར་དང་། །རྨི་ལམ་སྒྱུ་མ་ཆུ་སྦུར་དང་། །མིག་འཕྲུལ་མཚུངས་པར་གང་གིས་མཐོང་། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འགྲོ་བ་སྒྱུ་མ་ཇི་བཞིན་བརྟགས། །མེ་ལོང་དྲི་མ་མེད་པ་ལས། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པའི། །གཟུགས་བརྙན་གསལ་བར་སྣང་མཚུངས་པས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་རྗེས་སུ་དྲན་པར་བྱ། །འཇའ་ཚོན་ལྟ་བུའི་ལུས་ངག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །ཡན་ལག་དྲུག་སྒོམ་དེ་ལ་ནི། །སླར་ཡང་བྱིན་གྱིས་བརླབ་བྱ་ཡིན། །རྗེས་མཐུན་ཆོ་གའི་རིམ་པ་འདིས། །ཕྱིས་ནས་མཚན་མ་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་སྲིན་བུ་མེ་ཁྱེར་དངོས། །བཞི་པ་མར་མེ་གསལ་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཐམས་ཅད་མཁྱེན་པའི་རྒྱུ་དེ་དེ། །དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། །རྣལ་འབྱོར་ལས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་འཇུག་གྱུར་པ། །སྒྱུ་མ་ལྟ་བུར་ཉེ་བར་བརྟག །གང་གང་དབང་པོའ་ལམ་གྱུར་ཉིད། །དེ་དེའི་རང་བཞིན་ཉིད་ལས་གྲོལ། །དོན་དམ་ཉིད་ཕྱིར་སྦྱར་བ་ཡིས། །སངས་རྒྱས་ཀུན་གྱི་ངོ་བོ་འགྱུར། །ཕྱིས་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པར་སྐད་ཅིག་འགྱུར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་དང་ལྡན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །དམིགས་མེད་ཀུན་རྫོབ་དག་ཏུ་ནི། །སྒྱུ་མ་ལྟ་བུར་རབ་ཏུ་
༧༨བཤད། །ཀུན་ནས་ཕྱག་དང་ཀུན་ནས་ཞབས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་སྙན་ལྡན་འཇིག་རྟེན་ན། །ཀུན་ཏུ་ཐམས་ཅད་གཡོགས་ནས་བཞུགས། །རྡོ་རྗེ་ཐེག་པ་འདི་ཉིད་དུ། །མང་དུ་བཤད་པས་སྨོས་ཅི་དགོས། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་། །རང་བཞིན་དག་པའི་སེམས་ཉིད་ལ། །འཁྲུལ་པ་ལོག་པ་རབ་ཏུ་གསུངས། །དོན་བཞིས་ཉམས་སུ་བླང་བར་བྱ། །དང་པོ་རྨི་ལམ་གཟུང་བ་དང་། །དེ་ནས་སྦྱང་ཞིང་སྒྱུ་མར་བསླབ། །དེ་ཚེ་ཡ་ང་སྤང་བ་དང་། །ཁོ་ན་ཉིད་དོན་སྒོམ་པའོ། །དང་པོ་གཟུང་བའི་མན་ངག་ནི། །དྲན་དང་འདུན་པས་མཚམས་སྦྱར་ཏེ། །རྣམ་ཤེས་སྲོག་ནི་འདུ་བའི་རྟེན། །མགྲིན་པར་སྔགས་ཀྱི་འཁོར་ལོ་བསྒོམ། །སླར་ཡང་རླུང་དང་ཤེས་སྦྱར་ནས། །ཐིག་ལེ་བཏིང་དང་བགོ་བར་བྱ། །དེ་ནས་སྦྱངས་པའི་མན་ངག་ནི། །ངོ་མཚར་ཅན་གྱི་རྨི་ལམ་གང་། །རྨི་བར་བྱའོ་སྙམས་པའི་བློས། །དཔེར་ན་རྨི་ལམ་བུད་མེད་སྣང་། །སད་ནས་བུད་མེད་མང་པོར་སྤྲོ། །དེར་ཤེས་པ་ཡིས་དབང་གིས་སུ། །ཅིར་ཡང་བསྒྱུར་དུ་བཏུབ་པ་ཡིན། །གསུམ་པ་སྒྱུ་མར་བསླབ་པ་ནི། །བདག་མེད་མ་ཡི་རྣམ་པར་བསྒོམ། །དེ་ཡི་སྤྲུལ་པ་རྣམ་མང་པོས། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པ། །ཁེངས་པར་གྱུར་པ་རབ་བལྟས་ན། །དེ་བཞིན་དུ་ནི་འགྱུར་བ་ཡིན། །ཆོས་རྣམས་རྨི་ལམ་ལྟར་ཤེས་ནས། །སེམས་ཅན་དོན་དུ་རབ་ཏུ་འཇུག །སྒྱུ་མ་ལྟ་བུར་ལམ་ཁྱེར་བས། །སྒྱུ་མ་ལྟ་བུར་འཚང་ཡང་རྒྱ། །དེ་དག་འཆི་བའི་དུས་བྱུང་ཡང་། །བར་དོ་ངོ་ནི་ཤེས་པར་འགྱུར། །ཁོ་ན་ཉིད་དོན་སྒོམ་པ་ནི། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དེ་མ་མེད་མཐོང་ན། །རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱངས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་པ་བླ་མེད་འགྲུབ་པར་འགྱུར། །འོད་གསལ་ངོས་འཛིན་མན་ངག་འདིར། །གཞི་ལམ་འབྲས་བུ་རབ་ཤེས་བྱ། །རང་བཞིན་སྤྲིན་དང་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་
༧༩བཞིན། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་ནས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །དེ་ཉིད་འཆར་བའི་དུས་ལྔ་སྟེ། །འཆི་བའི་དུས་དང་གཉིད་ལོག་དང་། །མཉམ་པར་བཞག་དང་དབུ་མར་གནས། །མཉམ་རྗེས་རོ་གཅིག་གྱུར་པ་ཡིན། །ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་དུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་རང་ལུས་ཉིད། །འོད་གསལ་མར་མེ་ལྟ་བུ་ཡིན། །བླ་མའི་ཞལ་གྱིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །སྟོང་ཉིད་ཤིན་ཏུ་སྟོང་པ་དང་། །གསུམ་པ་སྟོང་པ་ཆེན་པོ་དང་། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ །སྟོང་པ་ཆེ་ལ་མཉམ་པར་གཞག །བསམ་གཏན་འདི་ནི་རྣམ་དག་མིན། །དེ་ཉིད་རིག་ལ་གང་གིས་གནས། །ཡེ་ཤེས་གསུམ་ནི་རྣམ་དག་དེས། །མངོན་པར་བྱང་ཆུབ་ཤེས་པར་འགྱུར། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །འོད་གསལ་བར་ནི་གཉིད་ལོག་ན། །ཞག་ནི་དུ་མར་མཚམས་བཅད་ནས། །གཉིད་མི་ཉལ་བར་སེམས་ཀྱི་སང་། །དེ་ནས་ཁྲུས་དང་བྱུག་པ་དང་། །དཀུ་མཉེའི་སྦྱོར་བ་ལ་འབད་ཅིང་། །མཐུན་པའི་ཟས་དག་བསྟེན་པར་བྱ། །དེ་ནས་ཉལ་བར་གྱུར་བ་ན། །སྙིང་གི་པདྨོ་ཁ་ཕྱེ་སྟེ། །འདབ་བཞི་དབུས་ཀྱི་ལྟེ་བ་ལ། །ཨ་ནུ་ཏ་ར་ཧཱུྃ་བསྒོམས་ནས། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །རིལ་པོར་འཛིན་པའི་རིམ་པ་དང་། །དེ་བཞིན་རྗེས་སུ་གཞིག་པས་སོ། །འོད་གསལ་མངོན་དུ་གྱུར་པ་ན། །སོང་བཞི་གཅིག་ཏུ་གྱུར་པའི་
༨༠ཤེས། །སྒྱུ་མའི་རླུང་ལྡན་ཟུང་འཇུག་འཆར། །ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་འགྱུར། །མཐོང་བའི་ཆོས་ལ་མྱ་ངན་འདའ། །བྱ་བ་བྱས་པའང་དེ་ཉིད་ཡིན། །འཆི་བ་སྟོང་པ་ཆོས་སྐུ་ལ། །བར་མ་དོ་ནི་ལོངས་སྤྱོད་རྫོགས། །སྲིད་པར་སྐྱེ་བ་སྤྲུལ་པའི་སྐུ། །སྐྱེ་བའི་ཆ་ནི་ཐབས་ཡིན་ལ། །འགགས་པ་ཤེས་རབ་སྲིད་མཐར་བྱེད། །དང་པོ་སྣང་བ་གསུམ་གྱིས་ནི། །ཐིམ་པའི་འོད་གསལ་ངོས་བཟུང་བ། །གཉིས་པ་དག་དང་མ་དག་པས། །སྒྱུ་མ་ལྟ་བུའི་སྒོ་ནས་ནི། །བར་མ་དོར་ནི་འཚང་རྒྱའི་ཐབས། །གསུམ་པ་མངལ་སྒོ་དགག་པ་དང་། །གང་འདོད་མངལ་སྒོ་གདམ་པའོ། །དེ་ལ་སྐྱེ་ཤི་བར་དོ་རུ། །བསྒོམ་སྟེ་སངས་རྒྱས་གཏུམ་མོ་དང་། །སྒྱུ་མའི་ལུས་ལ་བསླབ་པར་བྱ། །དེ་ལ་གོམས་པར་གྱུར་པ་དང་། །རྨི་ལམ་སྒྱུ་ལུས་གཉིས་བསྲེས་ལ། །རྨི་ལམ་བར་དོ་སྦྱང་བར་བྱ། །རྨི་ལམ་སྒྱུ་ལུས་འབྱོངས་པ་དང་། །འཆི་ཀ་དུས་ཀྱི་བར་དོ་རུ། །འོད་གསལ་པ་དང་འདྲེས་པ་ལས། །སྒྱུ་ལུས་རིལ་འཛིན་རྗེས་གཞིག་གི་།བག་ཆགས་ཐམས་ཅད་བསྲེག་པའི་ཕྱིར། །འོད་གསལ་མེ་ཡིས་སྦྱངས་ནས་ནི། །ཟུང་དུ་འཇུག་པའི་སྐུར་སངས་རྒྱས། །རིམ་གྱིས་འཇུག་པའི་གང་ཟག་གི་།ཤེས་པ་སྐྱེ་ལུགས་འདི་ལྟ་སྟེ། །སྣང་བ་ཐིམ་དང་རགས་པ་ཐིམ། །རྟོག་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་དང་། །རང་བཞིན་གྱི་ནི་འོད་གསལ་འཆར། །དེ་ཡི་རྗེས་ལ་ཟུང་འཇུག་གི། །སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། །སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་ནི་གྱུར་ཙ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །གང་དུ་བསྟན་པ་དེ་དག་ཀྱང་། །རྒྱས་པར་བཤད་ན་འདི་ལྟ་སྟེ། །དང་པོ་ལུང་རིགས་མན་ངག་གིས། །རྒྱུད་ལ་རྟོགས་པ་ཤར་ཙ་ན། །སྣང་བ་འགག་ལུགས་བསྟན་པ་ནི། །གཟུགས་ནི་སྒྲ་ལ་ཐིམ་པར་འགྱུར། །
༨༡སྒྲ་ཡང་དྲི་ལ་དྲི་ཡང་རོ། །རེག་བྱའི་བར་དུ་རིམ་གྱིས་ཐིམ། །ས་དང་ཆུ་དང་མེ་དང་རླུང་། །དེ་རྣམས་རིམ་གྱིས་རྣམ་ཤེས་ལ། །རྣམ་ཤེས་སྣང་བ་ལ་ཐིམ་ཚེ། །ཕྱི་རྟགས་ཟླ་ཤར་ལྟ་བུ་ལ། །ནང་རྟགས་དུ་བ་ལྟ་བུ་འབྱུང་། །སྣང་བ་དེ་ཉིད་མཆེད་པ་ལ། །ཐིམ་ཚེ་ཕྱི་རྟགས་ཉི་ཤར་འདྲ། །ཤེས་པ་མེ་ཁྱེར་ལྟ་བུར་འབྱུང་། །མཆེད་པ་ཐོབ་པ་ལ་ཐིམ་པས། །ཕྱི་རྟགས་མུན་པ་ལྟ་བུ་འབྱུང་། །ཤེས་པ་མར་མེ་ལྟ་བུར་འཆར། །ཐོབ་པ་འོད་གསལ་ལ་ཐིམ་པས། །ཕྱི་རྟགས་ཐོ་རངས་དུས་ཚོད་ཀྱི། །སྐྱ་རིངས་ཤར་བ་ལྟ་བུ་འབྱུང་། །ནང་གི་ཤེས་པ་ནམ་མཁའ་ནི། །སྤྲིན་དག་འདྲ་བ་འཆར་བའོ། །འོད་གསལ་དེ་ལས་ལངས་པ་ཡི། །ཟུང་འཇུག་ངོས་ནི་གཟུང་བྱ་སྟེ། །མངོན་པར་བྱང་ཆུབ་འོད་གསལ་མེས། །བག་ཆགས་ཐམས་ཅད་སྦྱོང་དུས་སུ། །སློབ་པའི་ཟུང་འཇུག་ཅེས་བྱའོ། །སྦྱང་གཞི་སྦྱོང་བྱེད་མེད་ཙ་ན། །གོམས་པ་མཐར་ཕྱིན་གྱུར་བ་སྟེ། །མི་སློབ་ཟུང་འཇུག་ཅེས་བྱའོ། །འབྲས་བུ་ཐོབ་པར་གྱུར་པ་ཡིན། །དེ་ལས་སྲིད་པའི་བར་མ་དོར། །སྒྱུ་ལུས་ཟུང་འཇུག་སྐུར་གྱུར་ཏེ། །ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ། །དེ་ལ་གོམས་པས་མངལ་སྒོ་ཁེགས། །གལ་ཏེ་ཟུང་འཇུག་མ་ཤེས་ན། །སྲིད་པའི་སྐྱེ་བ་མི་ཁེགས་པས། །ཆགས་སྡང་སྣང་བ་ཀུན་སྤངས་ལ། །དྲན་པའི་སྤྱན་པས་མཚམས་སྦྱར་ཏེ། །མངལ་སྒོ་གདམ་པའི་སྦྱོར་བ་པ། །མངོན་དགའི་འཕོ་བ་བྱས་པ་ཡིས། །གང་འདོད་གནས་སུ་སྐྱེ་བར་འགྱུར། །འཕོ་བའི་བྱེ་བྲག་ཤིན་ཏུ་མང་། །སྦྱངས་ཏེ་འཕོ་དང་ཏིང་འཛིན་དང་། །སྲོག་དང་རྩོལ་བས་འཕོ་བ་དང་། །རྣམ་ཤེས་བླ་མར་འཕོ་བ་དང་། །བཙན་ཐབས་དག་ཏུ་འཕོ་བ་དང་། །སྤྲོས་མེད་ཆོས་སྐུའི་འཕོ་བ་དང་། །སྤྲོས་བཅས་གཟུགས་སྐུའི་འཕོ་བ་དང་། །ལོངས་སྤྱོད་རྫོགས་སྐུའི་འཕོ་བ་དང་། །སྤྲུལ་པ་སྐུ་ཡི་འཕོ་བ་དང་། །ཡིད་འོང་ཌཱ་ཀིའི་འཕོ་བའོ། །དེ་དག་ཐམས་ཅད་རོ་གཅིག་
༨༢པར། །སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། །པུས་མོ་སྐོར་ཞིང་ས་གོལ་བརྡབ། །བརྒྱ་དང་རྩ་བརྒྱད་ཟིན་པའི་མོད། །སྙིང་གར་ཟིན་ནས་ལྐོད་མར་གཟུང་། །དབུགས་ནི་ངལ་བར་གྱུར་པ་ན། །སྣ་སྒོར་ཆ་མཉམ་ངལ་གསོ་བྱ། །རང་འདོད་དབུ་མར་ཟིན་པ་ན། །བདེ་བའི་འཁོར་ལོ་དྲང་བྱ་སྟེ། །བུམ་པ་སྔོན་དུ་བརྩམས་ནས་ནི། །ཉི་ཤུ་རྩ་གཅིག་དབུགས་དག་གིས། །གནས་ནས་དྲག་ཏུ་དྲངས་ནས་སུ། །གཞུང་ཚིགས་ནང་ཡར་པདྨ་ཡི། །འཁོར་ལོ་ཉི་ཤུ་རྩ་གཅིག་བསམ། །ཚིགས་གཅིག་ནས་ནི་ཚིགས་གཅིག་གོ །ཡར་བཟློག་མར་བཟློག་ས་བོན་གྱི། །སྦྱང་བ་ཡི་གེ་ཕྱེད་དང་གཉིས། །ང་རོ་དྲག་ཏུ་བརྗོད་པ་ཡིས། །ཤེས་པ་བདེ་བ་ཅན་དུ་གཏད། །དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །རིམས་ལ་སོགས་པ་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་པས། །འཆི་བའི་དུས་ལ་བབ་པ་ན། །མཚན་མ་ཤེས་པར་བྱ་བ་སྟེ། །ལམ་བཟང་པོ་ལ་ཡིད་འོངས་གནས། །ལམ་ངན་གྱིས་ནི་སྲིད་པ་སྐྱོན། །ཐིག་ལེ་ལྟེ་བ་སྟེང་དང་ནི། །མིག་སྣ་སྲིད་སྒོ་རྣ་བ་དང་། །ཆུ་དང་ཆུ་མིན་སྒོ་མཚན་ཉིད། །ལྟེ་བ་ལས་ནི་འདོད་ཁམས་ལྷ། །ཐིག་ལེའི་གཟུགས་ཅན་མཐོ་རིས་ཏེ། །སྟེང་ནས་འགྲོ་བ་སྟེང་གི་ནི། །འགྲོ་བ་དག་ཏུ་རབ་ཏུ་བརྟག །སྣ་ནས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་དག་གིས་གྲུབ་པའི་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འཕོས། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ལས་ཡི་དྭགས་དང་། །དེ་བཞིན་ཆུ་ལས་དུད་འགྲོ་སྟེ། །ཆུ་མིན་གྱིས་ནི་དམྱལ་བ་བརྒྱད། །འདི་ལྟའི་སྒོ་ཡི་ཁྱད་པར་ལས། །འཁོར་བའི་བྱེ་བྲག་ཏུ་འགྱུར་བས། །ཚངས་པའི་གནས་ནས་འཕོ་བར་བྱ། །ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ཡི་བྱེད་པ་དང་། །རྐུ་དང་འདོད་པས་ལོག་སྤྱོད་རྣམས། །འདི་ཡིས་ལམ་གྱིས་ཁེགས་པར་འགྱུར། །སྡིག་གིས་གོས་པར་མི་འགྱུར་ཏེ། །སྲིད་པའི་དངོས་པོ་རིང་བར་འགྱུར། །ཇི་ལྟར་
༨༣འདམ་ནས་སྐྱེས་པ་ཡི། །པདྨའི་འདབ་ནི་མཛེས་པར་འགྱུར། །དེ་བཞིན་འདམ་འདྲའི་ལུས་ངག་ལས། །ཡེ་ཤེས་སྐུ་ནི་རང་དགར་འབྱུང་། །རྡོ་རྗེ་དྲིལ་བུ་མི་ལྡན་པའི། །རྡོ་རྗེའི་བསྒྲུབ་པར་རིང་བར་འགྱུར། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །སྦྱངས་ནས་ཕ་རོལ་བརྒལ་བར་འགྱུར། །མཚན་མོ་ཟླ་བ་མེད་པ་ཡི། །ཉིན་མོ་ཟླ་བ་ཇི་ལྟར་སྣང་། །རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་དཔལ་སོགས་རྣལ་འབྱོར་མ། །ལག་ན་མེ་ཏོག་སྣ་ཚོགས་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའ་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུ་ཡིས་མཆོད་པ་ཡིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །གྲོང་དུ་འཇུག་པ་བཤད་པར་བྱ། །བསྐྱེད་པའི་རིམ་པའི་འཕོ་བ་ལས། །བྱེ་བྲག་གསལ་བར་བསྟན་པ་སྟེ། །དང་པོ་སྔོན་འགྲོ་སྦྱངས་ནས་སུ། །དངོས་གཞི་དམིགས་པ་གསལ་བའི་ཚེ། །སེམས་ཅན་རྨ་མེད་དག་ལ་ཡང་། །རླུང་སེམས་རྩལ་ནི་སྦྱང་བར་བྱ། །དང་པོ་ཁྲུ་གང་བར་ཁྲུ་གསུམ། །ཐ་མ་ཁྲུ་བདུན་ས་ཡིན་ཏེ། །དམིགས་པ་རྣོ་ལ་ངར་ལྡན་པས། །སྟེང་འོག་སྦོ་བར་ནུས་པ་ཡིས། །རྣལ་འབྱོར་པས་ནི་འགྲུབ་པར་གསུངས། །ལས་ལ་སྦྱར་བའི་དུས་ཚོད་དུ། །དམ་ཚིག་ལྡན་པའི་གྲོགས་མཆོག་གཅེས། །རྒན་པོ་མ་ཡིན་རྨ་མེད་ཅིང་། །མཛེ་དང་ཤུ་ཅན་ལ་སོགས་སྤང་། །ཤིན་ཏུ་མཉམ་པར་བཞག་པ་ཡིས། །འབྱུང་པོའ་ཉི་མ་ལ་བསྒྲུབ་བྱ། །བདུད་རྩི་ལྔ་ཡི་ཁྱད་པར་དང་། །ལྷ་ཡི་ཆུ་ཡིས་བཀྲུ་བར་བྱེད། །མཎྜལ་གྲུ་བཞི་བྱས་ནས་ནི། །དེ་དབུས་འབད་པས་གྲུ་གསུམ་བྱ། །དཀྱིལ་འཁོར་སྟེང་དུ་ཐོད་པ་ནི། །མཚན་ལྡན་གཅིག་ལ་ཧཱུྃ་བྲིས་ཏེ། །དེ་ལ་ཤེས་པ་གཏད་པ་དང་། །གསལ་ཞིང་དྭངས་ལ་ཡང་བ་ཡི། །རིག་པ་བདེ་བ་སྐྱེ་བར་འགྱུར། །རླུང་དང་རྣམ་པར་ཤེས་པ་དང་། །ཕྱི་རོལ་ལྷ་དང་རང་ཉིད་བསྲེ། །ལུས་བརྗེས་སེམས་ཅན་དོན་བྱའོ། །འབྲས་
༨༤བུ་སྐྱེ་བའི་རིམ་པ་ནི། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་ནས་ནི། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཀུན་ནས་ཉོན་མོངས་དང་རྣམ་བྱང་། །དོན་དམ་ཉིད་དུ་ཤེས་ནས་སུ། །གང་གིས་གཅིག་ཏུ་སྤྱོད་གྱུར་པ། །དེ་ཡིས་ཟུང་འཇུག་ཤེས་པའོ། །དངོས་པོ་རྣམ་བཅས་ཀུན་རྟོག་དང་། །དངོས་པོ་མེད་པར་རྟོག་པ་དང་། །གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །བསྐྱེད་པའི་རིམ་པ་འདི་གཅིག་ཡིན། །གཞན་ཡང་རྫོགས་པའི་རིམ་པ་དག །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །རིལ་བོར་འཛིན་དང་རྗེས་གཞིག་དང་། །འཇུག་དང་དེ་བཞིན་གནས་པ་དང་། །དེ་ནས་གང་དུ་ལྡང་གྱུར་པ། །མཉམ་གྱུར་ཟུང་དུ་འཇུག་པའོ། །དེ་ཉིད་ཤེས་པའི་རིམ་ཤེས་ནས། །བདག་བྱིན་རླབས་དང་འོད་གསལ་བ། །དེ་ཉིད་ལ་ནི་འདུས་པ་གང་། །ཟུང་དུ་འཇུག་པའི་རིམ་པའོ། །ཆགས་དང་ཆགས་བྲལ་ལས་གྲོལ་ཞིང་། །མཆོག་ཏུ་དགའ་བའི་ལུས་བ་ལྡན། །འཁོར་བ་སྲིད་དུ་གནས་བྱེད་པ། །ཟུང་དུ་འཇུག་པར་བསྒོམ་པའོ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །ཐམས་ཅད་བསྡུས་ནས་ཤེས་གྱུར་པ། །རྣལ་འབྱོར་ཆེན་པོ་གང་དུ་གནས། །དེ་ནི་ཟུང་དུ་འཇུག་པར་འགྱུར། །སྟོང་ཉིད་སྙིང་རྗེ་གཅིག་པ་ནི། །ཤེས་ནས་གང་དུ་སྤྱོད་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །གང་དུ་ལྷག་མར་བཅས་པ་དང་། །དེ་བཞིན་ལྷག་མ་མེད་པ་ཞེས། །འདི་ལྟའི་རྟོག་པ་མེད་གྱུར་ན། །དེ་ནི་ཟུང་དུ་འཇུག་པའོ། །གང་དུ་གང་ཟག་བདག་མེད་པ། །ཆོས་ལ་བདག་མེད་པ་དག་གི་།རྟོག་པ་གཉིས་ལས་རྣམ་གྲོལ་བ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །རྟག་དང་ཆད་པའི་བློ་དང་ནི། །གང་ཞིག་སྤངས་ནས་རབ་གནས་པའི། །ཟུང
༨༥དུ་འཇུག་པའི་རིམ་པ་ནི། །དེ་ཉིད་ཤེས་ན་མཁས་པ་ཡིན། །ཀུན་རྫོབ་དང་ནི་དོན་དམ་དག །སོ་སོ་འཆར་ནི་ཤེས་ནས་སུ། །གང་དུ་ཡང་དག་ངེས་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །དྲན་དང་དྲན་མིན་ལས་གྲོལ་ཞིང་། །རྟགས་འབྱུང་བ་ཡི་མཚན་ཉིད་ཅན། །རྣལ་འབྱོར་པ་ནི་འདི་བཞིན་སྤྱོད། །ཟུང་འཇུག་རིམ་པ་གནས་པའོ། །གཟུགས་ཕྲ་རེག་ན་ཡང་བ་དང་། །ཁྱབ་དང་ཡང་དག་ཐོབ་པ་དང་། །རབ་ཏུ་སྣང་དང་བརྟན་པ་དང་། །དབང་སྒྱུར་འདོད་དགུར་སྒྱུར་བ་སྟེ། །དབང་ཕྱུག་བརྒྱད་ཅེས་དེ་ལ་བཤད། །དྲུག་ནི་ལམ་ཡིན་གཉིས་པོ་ནི། །གཞན་དོན་ཤུགས་ལས་འབྱུང་བ་ཡིན། །གཉིད་ལོག་པ་དང་སད་པ་སྟེ། །གནས་སྐབས་གཉིས་པོ་སྤངས་པ་ནི། །གཉིད་ལོག་པ་དང་རྣམ་བྲལ་བ། །ཟུང་འཇུག་ཡིན་བར་སྟོན་པས་གསུངས། །བྱ་བ་དང་ནི་བྱེད་པ་དག །མི་ཕྱེད་པ་ཡི་ངོ་བོ་ཉིད། །གནས་ནས་རྣལ་འབྱོར་པས་ཤེས་པ། །ཟུང་དུ་འཇུག་པ་དེ་བཤད་དོ། །མཉམ་པར་བཞག་དང་མ་བཞག་དང་། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྤངས་པ། །རྣལ་འབྱོར་པ་ནི་ཟུང་འཇུག་གནས། །སྐུ་དང་གསུང་གི་དབང་ཕྱུག་དང་། །ཐུགས་དང་རྫུལ་འཕྲུལ་ཀུན་འགྲོ་གནས། །ཅི་འདོད་སྐྱེད་དང་ཡོན་ཏན་རྒྱན། །འདི་ནི་འབྲས་བུའི་དབང་ཕྱུག་བརྒྱད། །སེམས་ཅན་དང་པོའ་ལས་ཅན་ལ། །རིམ་གྱིས་པ་འདི་བསྟན་པར་བྱ། །དང་པོ་ཉོན་མོངས་འདུལ་བ་ནི། ཁམས་ཀྱིས་རབ་ཏུ་དབྱེ་བར་བྱ། །ཕུང་པོའ་ཞིག་རལ་བསྒོམ་པར་བྱ། །བསྐྱེད་རིམ་གཞུང་ལས་ཤེས་པར་བྱ། །ངག་དབེན་པ་དང་རླུང་སྒོམ་པ། །བླ་མའི་ཞལ་ལས་ཤེས་པར་བྱ། །སེམས་ལ་དམིགས་པའི་མན་ངག་ནི། །བདེ་བ་ཆེན་པོའ་མན་ངག་གོ །བླ་མའི་ཞལ་གྱིས་རྟོགས་པར་བྱ། །ཕྱག་རྒྱ་ཆེན་པོའ་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །གཏུམ་མོ་འོད་གསལ་སྦྱང་བ་ལ། །སྒྱུ་མ་ལྟ་བུའི་ལུས་བསྒོམ་པ། །སློབ་པ་དང་ནི་མི་སློབ་གཉིས། །སློབ་པ་ལ་ཡང་
༨༦གཉིས་ཡིན་ཏེ། །མངོན་པར་རྟོགས་པའི་རིམ་པ་དང་། །རང་ཉིད་ལྷག་པར་གནས་པའོ། །མངོན་པར་རྟོགས་པའི་རིམ་པ་ལ། །གསང་བའི་དབང་གི་དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །རང་ཉིད་ལྷག་པར་གནས་པ་ལ། །འཕོ་དང་གྲོང་དུ་འཇུག་པ་དང་། །རྨི་ལམ་བར་དོ་རྣམ་པ་བཞི། །གོང་དུ་འཕོ་བ་རྣམ་གསུམ་སྟེ། །བསྐྱེད་པའི་རིམ་པའི་ཚུལ་དང་ནི། །སྒྱུ་མ་དངོས་དང་འོད་གསལ་ལོ། །བསྐྱེད་པའི་རིམ་པའི་ཚུལ་ལ་ནི། །ཀྵཾཨུ་ལ་སོགས་པའི་ཡི་གེ་ཡིས། །བུ་ག་དག་ཀྱང་དགག་བྱ་སྟེ། །རང་གི་སེམས་ནི་ལྷ་ཡི་སྐུ། །འཇའ་ཚོན་ལྟ་བུར་བསྒོམ་པའང་། །ཡང་ན་ཧཱུྃ་ལ་བསྡུ་བྱ་སྟེ། །ཚངས་པའི་བུ་ག་དག་ཏུ་འདོན། །འོག་མིན་གནས་སུ་ཡང་དང་ཡང་། །རྒྱུན་མི་འཆད་པར་གནས་པར་བྱ། །དེ་ལྟར་གོམས་པ་བརྟན་གྱུར་ན། །དུས་ཀྱི་རྟགས་རྣམས་ཤེས་བྱ་སྟེ། །འཕོ་ཀར་ཤེས་པ་གནས་སུ་བསྐྱལ། །དེ་ལྟར་བྱས་པས་འཕོ་བར་འགྱུར། །སྒྱུ་མ་དངོས་ཀྱི་འཕོ་བ་ནི། །འོག་ནས་འབྱུང་བའི་རྨི་ལམ་ལ། །གོམས་པར་བྱ་སྟེ་སུམ་ཅུ་ནི། །རྩ་གསུམ་གནས་སུ་འཕོ་བར་བྱ། །དེ་རུ་སྔར་ནི་གང་བསྒོམས་པར། །གོམས་པས་ཁྲིད་དེ་བསྒོམས་གྱུར་ན། །བདེ་སྟོང་སྐྱེ་བའི་གནད་ཡིན་པས། །མི་རྟོག་ཡེ་ཤེས་ཐོབ་ནས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྔགས་པའི་འགྲོ་ས་མཆོག་ཡིན་ཏེ། །མཚན་ཉིད་པ་ནི་ལྟུང་བར་འགྱུར། །འོད་གསལ་བ་ཡི་འཕྲོ་བ་ནི། །འཕོ་བའི་དུས་ནི་ཤེས་བྱས་ཏེ། །མི་རྟོག་པ་ལ་སེམས་གནས་ནས། །ལུས་ཀྱི་རྩོལ་བ་དག་གིས་ནི། །འོད་གསལ་བར་ནི་གཞུག་བྱ་སྟེ། །བར་དོར་མྱ་ངན་འདའ་བ་ཡིན། །བསླབས་ནས་འཕོ་བ་དེ་རྣམས་ཡིན། །འོད་གསལ་བ་ལ་སེམས་གནས་ན། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །མ་བསླབས་པར་ཡང་འཕོ་བ་ཡོད། །ཟུང་འཇུག་ཏིང་འཛིན་ལ་གནས་
༨༧ནས། །སླར་ནི་གང་ལའང་མི་སློབ་སྟེ། །གཉིས་མེད་རྟོགས་པ་མཐར་ཕྱིན་པ། །སྐུ་བཞི་རོ་མཉམ་འགྱུར་བའོ། །དེ་ལ་གྲོང་དུ་འཇུག་པ་ནི། །མདུན་དུ་དམིགས་པ་གསལ་བྱས་ལ། །དབུགས་དང་ཤེས་པ་འཐོན་པར་གཏད། །དེ་ལ་དམིགས་པ་བྱང་པ་དང་། །དམིགས་པ་ཇེ་གསལ་ཇེ་གསལ་འགྱུར། །དེ་ལ་ཡུན་དུ་གོམས་བྱས་ནས། །རང་གི་ཕུང་པོ་དོར་བྱ་སྟེ། །བསོད་ནམས་ཅན་གྱི་ལུས་བླངས་ནས། །སེམས་ཅན་དོན་ནི་མ་ལུས་བྱ། །རྨི་ལམ་ལ་ཡང་རྣམ་ལྔ་སྟེ། །དྲན་དང་སྒྱུ་མར་ཤེས་པ་དང་། །སྤྱད་དང་གོམས་པར་འཁྲིད་པ་དང་། །གོང་དུ་འཕོ་བར་ཤེས་པར་བྱ། །དྲན་པ་ཤེས་བྱའི་སྒོ་ལ་ནི། །གཉིད་མ་ལོག་པའི་དུས་སུ་ཡང་། །འདུན་པ་དག་ནི་མངོན་བཏང་ནས། །ལོག་ཀ་མ་ཡི་ཤེས་པ་ནི། །དྲན་པས་ཡང་དང་ཡང་དགུག་ལ། །དགུག་པས་ལོག་རེ་ལན་རེ་བཞིན། །རབ་རིབ་སད་དུས་འབྱུང་བར་འགྱུར། །དེ་ལྟར་དྲན་པ་བརྟན་གྱུར་ནས། །སྒྱུ་མ་དག་ཏུ་ཤེས་བྱ་སྟེ། །མ་ལོག་པ་ཡི་དུས་སུ་ཡང་། །སྣང་སྲིད་སྒྱུ་མར་ཤེས་བྱའོ། །སྒྱུ་མ་དངོས་ནི་རྨི་ལམ་ཡིན། །སྒྱུ་མ་ལྟ་བུར་ཤེས་བྱ་སྟེ། །འདི་ཉིད་སྒྱུ་མར་མ་ཤེས་པས། །བར་དོ་སྒྱུ་མར་མ་ཤེས་ནས། །བར་དོའ་སྲིད་པས་མི་ཁེགས་པས། །སྐྱེ་བ་ཡང་དང་ཡང་བླངས་ཏེ། །ཁམས་གསུམ་འཁོར་བར་འཁྱམས་པ་ཡིན། །དེ་ལྟར་རྨི་ལམ་དངོས་དག་ལ། །བློ་ནི་འཇུག་ཏུ་མ་བཏུབ་ན། །སྔོན་དུ་འགྲོ་བ་དག་བྱ་སྟེ། །མ་ལོག་པ་ཡི་དུས་སུ་ཡང་། །སྣང་སྲིད་སྒྱུ་མར་ཤེས་པར་བྱ། །བསྐྱེད་པའི་རིམ་པའི་རྟགས་བརྟན་དང་། །འདུ་འཛི་ཤིན་ཏུ་ཉུང་བ་དང་། །སྔར་གྱི་གོམས་པར་ཁྲིད་པ་དང་། །མོས་པ་ཤིན་ཏུ་དྲགས་པ་དང་། །དགུག་པའི་དུས་དག་ཤེས་པའོ། །གཉིད་མ་ལོག་པའི་དུས་སུ་ཡང་། །ངན་པ་དེ་ཉིད་སྒྱུ་མ་རུ། །ཤེས་བྱ་སྙམ་པ་སྔོན་བཏང་ལ། །ནན་ཏན་དུ་ནི་བསྒོམ་པར་བྱ། །དེ་ལྟར་དུ་ནི་གོམས་པ་དང་། །ཕན་ཚུན་དག་ཏུ་ཕྱིན་པ་དང་། །ངལ་དུབ་དག་ནི་འོང་བ་དང་། །འགྲངས་
༨༨ལྟོག་དག་ནི་འོང་བ་དང་། །ཆོ་འཕྲུལ་དག་ནི་སྟོན་པ་དང་། །དེ་ལ་སོགས་པའི་མཚན་མ་རྣམས། །མ་ལོག་པ་ཡི་དུས་སུ་ཡང་། །གོམས་པར་བྱས་པའི་བག་ཆགས་ཀྱིས། །ལོག་ཀ་མ་ཡི་དུས་སུ་ནི། །མཚན་མོའ་དྲན་པ་དེ་རྙེད་ལ། །བག་མི་ཚ་བར་དཔྱད་པར་བྱ། །དེ་ལྟར་སྒྱུ་མར་ཡང་དང་ཡང་། །ཉིན་མཚན་དག་ཏུ་བསམས་ནས་སུ། །སྒྱུ་མར་ཤེས་པའི་མཚན་མ་ནི། །ཡ་ང་བ་དང་བག་མི་ཚ། །སྤྲུལ་བསྒྱུར་ནུས་པ་དམ་དུམ་འབྱུང་། །དེ་ལྟར་གོམས་པ་བརྟན་པར་བྱ། །དེ་ལྟར་བརྟན་པར་གྱུར་ནས་ནི། །འཕོ་བ་དག་ནི་བྱ་བར་བཤད། །གཉིད་མ་ལོག་པའི་དུས་སུ་ཡང་། །སེམས་ནི་གང་དགར་བཏང་བ་དང་། །འགྲོ་སར་སེམས་ནི་བཏང་བྱས་ནས། །ལོག་ཀ་མ་ཡི་དུས་སུ་ཡང་། །དེ་རིང་བག་ཆགས་དྲན་བྱས་ཏེ། །དེ་ལྟར་རང་གི་རིག་པ་ཡིས། །དཔྱད་ཅིང་གང་ལྟར་བདེ་བར་འཕོ། །འཕོ་བར་བརྟན་པར་གྱུར་ནས་ནི། །སྒྱུ་མར་སྦྱངས་པའི་མཚན་ཉིད་ཀྱིས། །སྔར་གྱི་གོམས་པ་བགྱིད་པར་བྱ། །ལོག་ཀར་ཡང་དང་ཡང་དུ་བསྒོམ། །དེ་ལྟས་རྨི་ལམ་སྦྱང་དུས་སུ། །དམ་དུམ་བག་རེ་འབྱུང་བར་འགྱུར། །དེ་ལྟས་རྨི་ལམ་སྦྱོང་བ་ལ། །གང་ཡང་བཟང་ངན་མི་ལྟ་སྟེ། །རྟགས་མ་བྱུང་བར་ཟིན་པ་ཡོད། །རང་གི་རིག་པས་རྟོགས་བྱ་བ། །མ་རྟོགས་པ་ན་འབད་ཅིང་བརྟག །རྩོལ་བ་དག་ནི་བསྐྱེད་བྱས་ལ། །ཉེས་པ་ཚར་ནི་གཅད་པར་བྱ། །དེ་ལྟར་ཡང་དང་ཡང་བྱས་པས། །མོད་དུ་ཟིན་པ་དག་ཀྱང་ཡོད། །ལོངས་སྤྱོད་ལ་སོགས་རྒྱུད་སྦྱངས་པས། །ལོ་ཡིས་ཟིན་པ་དག་ཀྱང་ཡོད། །ཡེ་མ་ཟིན་པ་དག་ཀྱང་ཡོད། །དེ་ལྟར་ཡང་དང་ཡང་གོམས་པས། །རྨི་ལམ་བྱིན་གྱིས་རློབ་པ་ཡིན། །དེ་ཡིས་བར་དོ་རློབ་པར་འགྱུར། །གོང་མའི་རྨི་ལམ་གོམས་པ་ཡིས། །འཆི་གའི་ཤེས་པ་གསལ་བྱས་ཏེ། །འཆི་གའི་རྟགས་རྣམས་ཚང་བ་དང་། །སྔར་གོམས་པ་ལ་སེམས་གཞག་སྟེ། །འོད་གསལ་བར་ནི་འཇུག་པར་བྱ། །འཆི་གར་གཉིད་མི་ལོག་པ་ན། །
༨༩དྲན་པ་དག་ནི་སྔོན་བཏང་ནས། །ས་བོན་སྐྱེ་གནས་རིམ་ཁྱབ་པ། །གཞི་དང་ཁང་པ་ཉིད་དང་ནི། །ལས་ལ་སྦྱོར་བ་རང་ནུས་ལ། །རང་གི་ངོ་བོ་ཐིག་ལེར་བཅས། །བཅུ་གཉིས་མཐའ་ཡི་ཚིག་གི་དོན། །རང་གིས་རྟག་ཏུ་གོམས་གྱུར་ན། །དེས་ནི་དངོས་གྲུབ་བདེ་བ་ཡིས། །རྡོ་རྗེ་འཛིན་པར་རང་ཉིད་འགྱུར། །སྐྱེ་བ་སྔ་མའི་ལུས་བོར་ཡང་། །སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །བར་དོ་དེ་ཡིས་མིག་སྔ་རུ། །ཐབས་དང་ཤེས་རབ་མཐོང་བ་ལ། །བླ་མ་དག་ཏུ་དམིགས་བྱས་ཏེ། །གསང་བའི་དབང་ནི་དྲན་བྱས་ནས། །མིག་སེར་ཞེ་སྡང་ཀུན་སྤངས་ཏེ། །བདེ་གསལ་མི་རྟོག་སྒོམ་པའམ། །ཡང་ན་སྔོན་དུ་གང་བསྒོམས་པའི། །གོམས་པ་ཁྲིད་དེ་བསྒོམ་པར་བྱ། །དུས་སུ་དྲན་པར་གྱུར་ནས་ནི། །དང་པོའ་སྲིད་པ་ཁེགས་པར་འགྱུར། །དེ་ནས་བདུན་ཕྲག་དྲུག་གི་བར། །གོང་མ་བཞིན་དུ་གོམས་བྱས་པས། །བཞི་བཅུ་རྩ་དགུ་འདས་པ་དང་། །འཁོར་བའི་སྲིད་པ་ཁེགས་པ་ཡིན། །དེ་ལྟར་སྒྱུ་མར་གནས་པ་ལ། །འོད་གསལ་བ་ཡིས་སྦྱངས་བྱས་ཏེ། །འོད་གསལ་བར་ནི་འཇུག་པར་འགྱུར། །དཔལ་རྡོ་རྗེ་འཆང་ཉིད་ཀྱིས་གསུངས་པ་གཙིགས་ཀྱི་རྒྱ་རིམ་པ་བདུན་གྱིས་བཏབ་པ་རྫོགས་སོ།། །།བླ་མ་ཏིལླི་པས་འོག་མིན་གྱི་གནས་ནས་སྤྱན་དྲངས་པ་ཇོ་བོ་ནཱ་རོ་པ་དང་། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།

༄༅། །ལུས་མེད་མཁའ་འགྲོའི་བསྙན་བརྒྱུད་ཀྱི་མན་ངག་གི་ཁྲིད་ཡིག་བཞུགས་སོ༎ ༎ ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡི་སྙིང་པོའོ།

༡༩༧ ལུས་མེད་མཁའ་འགྲོའི་བསྙན་བརྒྱུད་ཀྱི་མན་ངག་གི་ཁྲིད་ཡིག་བཞུགས་སོ།། །།
ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡི་སྙིང་པོའོ། །
༡༩༨ན་མོ་ཛྙཱ་ན་ཌཱ་ཀི་ནཱི་བྷྱེཿ ལུས་མེད་མཁའ་འགྲོའི་མན་ངག་བསྒོམ་པར་འདོད་པས། གནས་ཡིད་དང་མཐུན་པར་མན་ངག་རིག་པའི་བླ་མས་ལས་སྤྲོས་བཅས་ཀྱི་དབང་ཞུས་ཏེ། སྟན་བདེ་བ་ལ་རྡོ་རྗེའི་ཆོས་དྲུག་གིས་འདུག་ལ་ཐོག་མར་ཚད་མེད་པ་བཞི་བསྒོམ་པར་བྱའོ། །དེ་ནས་སྐད་ཅིག་གིས་རང་ཧེ་རུ་ཀར་གསལ་གདབ་རིགས་བདག་བླ་མ་ཡབ་ཡུམ་གྱི་བདེ་ཆེན་ཐིག་ལེའི་རྒྱུན་རྩ་གནས་ཐམས་ཅད་དུ་ཁྲིད། བདེ་གསལ་སྤྲོས་བྲལ་དབང་བཞིའི་དོན་ལ་བློ་བཞག་ཅིང་ཐུན་མཚམས་སུ་གསོལ་བ་གདབ་པ། མཎྜལ། གཏོར་མ་སྦྱིན་སྲེག་གི་རྣལ་འབྱོར་རྣམས་བྱ་སྟེ། སྨིན་གྲོལ་སེམས་ཀྱི་རྒྱ་མདུད་གཞིག་པའི་མན་ངག་གོ། །སླར་ཡང་སྤྲོས་མེད་ཐིག་ལེའི་དབང་ཐོབ་ནས། ལུས་ཙོག་པུ་ཡི་འདུག་སྟངས་བཅས་ཏེ་བུམ་རླུང་གི་སྦྱོར་བས་དྲོད་བསྐྱེད། ཨ་ཤད་ཀྱི་མེ་ལྕེ་སྙིང་གར་དྲངས་པ་ཧཾ་བདུད་རྩིའི་རྒྱུན་དང་འདྲེས་པའི་བདེ་བས་ལམ་སྦྱངས་ཏེ། ཤུ་ཀྲ་སྤེལ་བསྲུང་ལ་གདན་དུ་གཏོང་བའི་མན་ངག་གིས་བརྒྱན་པར་བྱ་བ་དམ་ཚིག་རང་སེམས་མེ་ལོང་ལྟ་བའི་མན་ངག་གོ་།རྩ་གསུམ་འཁོར་ལོའ་རྩ་མདུད་རྩ་ཕྲན་དང་བཅས་པ་དག་པར་བྱེད་པར་འཁྲུལ་འཁོར་གྱི་གནད་དང་། རླུང་བཅུའི་འཛིན་
༡༩༩སྟངས་ཀྱི་སྦྱོར་བ་ཟབ་མོའ་གནད་ལམ་དུ་བྱ་བ་གེགས་བསལ་བ་དང་། བོགས་འདོན་པ་དམིགས་པ་རྣོན་པོས་བརྒྱན་ཏེ་རྩ་རླུང་དྲྭ་མིག་འཁོར་ལོ་བསྐོར་བའི་མན་ངག་གཉིས་པོ་འདི་ནི་རང་ལུས་ཀྱི་མན་ངག་བདག་བྱིན་གྱིས་བརླབ་པའོ། །དེ་ནས་རིག་མའི་བདེ་དབང་ཐོབ་པར་བྱས་ལ། དངོས་སམ་བཏགས་པའི་རིག་མ་བསྟེན་ལ། བདེ་བ་བསྡུ་བ། བདེ་བ་བཟུང་བ། བདེ་བ་དྲང་བ། བདེ་བ་དགྲམ་པའི་རླུང་སྦྱོར་འཁྲུལ་འཁོར་བླ་མའི་མན་ངག་གི་གནད་ངེས་པས་བསྒོམ་པར་བྱ་བའི་དམ་རྫས་རྟོགས་པའི་ཉི་མ་བདེ་བའི་མན་ངག་ཤ་ཆེན་པོ་དང་། ཁྲག་དང་། ཁུ་བ། སྨན་དང་། ཆུ་བསྟེན་པའི་ཐབས་ཀྱིས་བདེ་བ་ཆེན་པོའ་ཉམས་བརྟེན་པར་བྱ་ཞིང་། སྣང་སྲིད་ཐམས་ཅད་བདེ་ཆེན་རོ་མཉམ་དུ་བསྒོམ་སྟེ། བདེ་ཆེན་གསུང་གི་རིན་ཆེན་བཅང་བའི་མན་ངག་གོ། །འདི་དག་ནི་གཞན་ལུས་ཀྱི་མན་ངག་དཀྱིལ་འཁོར་གྱི་ཚོགས་སྒྲུབ་པའོ། །སླར་ཡང་གཉུག་མའི་བརྡ་དབང་ཞུས་ལ། རང་སར་རང་གློད་དེད་སོ་མ་ལྷུག་པ་དྲན་མེད་དུ་བཞག་ལ་ཞི་ལྷག་དབྱེར་མེད་ཀྱི་རྟོགས་པ་ཐོབ་པར་བྱ་སྟེ། རང་གྲོལ་ཕྱག་རྒྱ་ཆེན་པོ་ལྟ་བའི་མན་ངག་གོ། །མཚན་མོ་རྨི་ལམ་འོད་
༢༠༠གསལ་དུ་བཞུགས་པའི་ཐབས་བདེ་གསལ་མི་རྟོག་གི་གནད་དང་ལྡན་པར་བྱ་བ་རིག་པ་ཡེ་ཤེས་ཀྱི་སྒྲོན་མེ་བལྟམས་པའི་མན་ངག་སྟེ་གཉིས་པོ་འདི་ནི་ཕྱག་ཆེན་གྱི་མན་ངག་མཆོག་སྒྲུབ་པའོ། །སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་བཟང་ངན་ལེགས་ཉེས་ཀྱི་འཛིན་པ་སྤངས་ཏེ་བུ་ཆུང་ལྟར་བྱ་བ་སྤྱོད་པ་ཆུ་ལ་རལ་གྲི་འདེབས་པའི་མན་ངག །ཕྱི་འབྱུང་བ་དང་། ནང་བདུད་རྩི། གསང་བ་རྩ་རླུང་། མཐར་ཐུག་ཏིང་ངེ་འཛིན་ཕྱི་རོ་བཟང་ངན་སྤང་བླང་མེད་པར་རོ་མཉམ་སྟེ། རོ་སྙོམས་ཕྱིའི་མེ་ལོང་ལྟ་བའི་མན་ངག་གོ། །འདི་དག་ལམ་ཁྱེར་གྱི་མན་ངག་སྟེ། ལམ་ཁྱེར་ཕྱག་ཆེན་གཞན་ལུས་རང་ལུས་སྨིན་བྱེད་ཀྱི་ཨུ་པ་དེ་ཤ་ལྔར་བསྡུས་ཏེ་རྩ་བ་ལྔ་ཡན་ལག་བཞི་ཞེས་བྱའོ། །ཁྲིད་ཀྱི་ཡི་གེ་འདི་ཤིན་ཏུ་གཅེས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། དེའི་ཞལ་ཤེས་བཞུགས་སོ། །མན་ངག་འདིའི་ཞལ་ཤེས་ཡི་གེ་མེད་པ་འདི་ནི་ཁ་ཟས་སྤྱོད་ལམ་གྱིས་སྤེལ་བ་དང་། དྲན་པ་རྒྱུན་ཆགས་ཀྱིས་བསྲུང་བ་ཐིག་ལེའི་མན་ངག་གོ། །པདྨའི་འདུག་སྟངས་པུས་མོ་སར་མི་རེག་པ་ལ་གནས་ནས། གཡས་ཀྱི་སྡིགས་མཛུབ་སྣ་རྩེར་བཙུགས་ལ། ལག་གཡོན་རྒྱབ་ནས་གཡས་ཀྱི་བར་ལྷུ་ལ་འཇུས་ཏེ། ལུས་གཡོན་དུ་ཅི་ནུས་ཀྱིས་བཅུད་པར་བྱ་ཞིང་། དེ་ཉིད་བཟློག་སྟེ་གཡས་སུ་གཅུའོ། །སླར་ལག་གཉིས་རྒྱབ་ནས་བསྣོལ་ལ་བར་ལྷུ་བཟུང་སྟེ་རྐེད་པ་དྲག་ཏུ་སྐོར་བ་གཡས་གཡོན་དུའོ། །ཡང་ལག་པ་རྡོ་རྗེ་ཁུ་ཚུར་པུས་མོ་སོ་སོའ་སྟེང་དུ་བརྐྱང་ལ་ལུས་དྲག་ཏུ་བསྒྲིམ་མོ། །བུམ་ཅན་གྱི་རླུང་དང་སྤྲད་དེ་རླུང་ཁུག་གཅིག་ཏུ་འཕུར་བསུབ་གཅུད། །བསྐོར་བ། བརྒྱང་བ། སྤྲུག་ལྔ་རྫོགས་པར་བྱ་སྟེ། འཁྲུལ་འཁོར་གྱི་གནད་དོ། །གསང་བ། ལྟེ། སྙིང་། མགྲིན། མགོ་ལྔ་དང་། མགྲིན། མགོ། གསང་། ལྟེ། ཕྱི་རྣམས་སུ་སྲོག་བཟུང་བ་ནི། ཐུར། མཉམ། སྲོག །གྱེན། ཁྱབ་ལྔ། རང་གནས་སུ་འཛིན་པ་དང་། གོ་བཟློག་ཏུ་འཛིན་པ་སྟེ་བཅུའོ། །མིག་སོགས་ལྔར་བཟུང་བ་ནི་རྒྱུ་སོགས་ལྔ་སྟེ། བཅོ་ལྔ་པོ་འདི་ནི། རླུང་སྦྱོར་ཏེ།
༢༠༡འཁོར་ལོ་ལྔ། སྒོ་ལྔར། རིགས་ལྔའམ། ས་བོན་ལྔའམ། ཕྱག་མཚན་ལྔ་བཀོད་དེ། སེམས་གཏད་པ་དམིགས་པའོ། །སེམས་དཔའི་སྐྱིལ་ཀྲུང་ས་གནོན་ལ་ལུས་དལ་གྱིས་བསྒུལ་ཏེ། འོག་རླུང་དང་སྤྲད་དོ། །ཡཀྵ་མུ་ཁ་བསྒགས་ཏེ་བར་རླུང་སྦྱང་ངོ་། །རྡོ་རྗེ་བསྡམས་པ་སྤྱི་བོར་བཟློག་ལ་བཟླའོ། །ལུས་གློད་དེ་ཚར་ཆོད་པར་སྤྲུགས་ཏེ། སྦལ་ཆེན་གྱི་འགྲོ་སྟངས། མཚོ་ཆེན་གྱི་བསྐྱིལ་སྟངས། ཁྲོ་ཆེན་གྱི་བཞད་སྟངས། ས་ཆེན་གྱི་གཡོ་སྟངས་ཤེས། བཞི་པོ་འདི་བདེ་བ་བསྡུ་སོགས་ལའོ། །དབང་དང་རྫས། བསྟེན་པའི་ལག་ལེན་མཐོང་བ་བརྒྱུད་པ་ལས་རག་གོ །གཙིགས་ཀྱི་རྒྱ་མདུད་ཅན་ཟབ་ལམ་རས་ཆུང་པ་དང་། ཤྲཱི་དྷརྨ་ཀཱིརྟི་ལས་བརྒྱུད་དོ། །སྒམ་པོ་པའི་ཡིག་ཆུང་འདི་ཁོ་ན་ལྟར་སྣང་ངོ་། །ཟབ་ལམ་ཟབ་མོའ་དོན་དང་མཐུན་པར་བྲིས། །ཌཱ་ཀིའི་ཚོགས་རྣམས་མི་དགྱེས་མ་མཛད་ཅིག །རྒྱ་གུ་ཧྱ།

sum pa lo tsA ba'i snyan brgyud kyi blo sbyong

༈ །སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་བློ་སྦྱོང་།

༡༠༣༈ །སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་བློ་སྦྱོང་། གུ་རུ་ན་མོ། །གྲུབ་ཐོབ་སུམ་པ་ལོ་ཙཱ་བ་རྒྱ་གར་དུ་བྱོན། གསང་སྔགས་ཕལ་ཆེར་ལ་ཐོས་པ་མཛད། བོད་དུ་བྱོན་ཁར་གསེར་ལྷག་མ་ཁྱེར་ནས་རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོ་ལ་འབུལ་དུ་བྱོན། གནྡྷོ་ལ་ལ་བསྐོར་བ་མཛད་ཅིང་བཞུགས་པས་བུད་མེད་དམར་མོ་གཅིག་དང་སྔོན་མོ་གཅིག་གཉིས་རེས་འགའ་བར་སྣང་ལ་བསྐོར་བ་མཛད། རེས་འགའ་ས་ལ་གོམ་པ་འདོར་བའི་ཚུལ་དུ་བསྐོར་བ་མཛད་ཅིང་གདའ་སྐད། དེར་བུད་མེད་སྔོན་མོ་དེས་དམར་མོ་དེ་ལ། མོ་དེ་མདངས་ཞག་བློ་ཡང་མ་བདེ་འགྲོ་སྙིང་གཅིག་ཀྱང་འདོད་འཆི་བ་མིན་ན་དྲག་སྟེ། ལར་འཆི་བ་འདི་ཀ་ལ་འཚེར་ཟེར་ནས་དྲི་བ་རྣམ་པ་བཞི་བྱེད་ཀྱིན་གདའ་སྐད། དེར་བུད་མེད་དམར་མོ་དེས་ལོ་ཙཱ་བ་ལ་སྤྱན་གྱིས་ཟུར་མིག་ཅེར་བ་ཅིག་གཟིགས་ནས་སྔོན་མོ་དེ་ལ། མོ་དེ་གང་བྱུང་གིས་ཆོག་ན་ཅི་བྱས་ཀྱང་བདེ་སྟེ། ཁྱོད་ཀྱི་བློ་དེ་གང་བྱུང་གིས་མཆོག་པས་ལན་པ་ཡིན་ནོ། །མོ་དེ་སེམས་བཞག་སར་སྡོད་ན་ཕྱིན་ཆོག་ཀྱང་ཆོག་སྟེ། ཁྱོད་ཀྱི་སེམས་དེ་བཞག་སར་མ་སྡོད་པས་ལན་ནོ། །མོ་དེ་བློ་ཆོས་སུ་སོང་ན་ཤི་ཡང་སླ་བ་ལ་ཁྱོད་ཀྱི་བློ་རྒྱུན་ཆོས་སུ་མ་སོང་བས་ལན་ནོ། །མོ་དེ་རང་སེམས་སྐྱེ་མེད་དུ་རྟོགས་ན་
༡༠༤འཆི་རྒྱུ་ཡང་མེད་དེ་ཁྱོད་ཀྱི་སེམས་དེ་སྐྱེ་མེད་དུ་མ་རྟོགས་པས་ལན་ཟེར་ནས་ལན་རྣམ་བཞི་འདེབས་ཀྱིན་གདའ་སྐད། དེ་ནས་ལོ་ཙཱ་བའི་ཐུགས་སྐྱ་བསངས། སྔར་བསླབས་པའི་ཆོས་གནད་དུ་སོང་། ཐུགས་རྒྱུད་ཀྱི་སྟེང་དུ་ཡང་རྟོགས་པ་ཁྱད་པར་ཅན་སྐྱེས་པ་ཡིན་གསུང་ངོ་། །དེ་ལ་ངོ་སྤྲོད་འདི་ལྟར་དུ་ཡིན། གང་བྱུང་གི་ཆོག་ན་བྱ་བ། རང་གི་བསགས་པ་དང་བསྟུན་པའི་ལོངས་སྤྱོད་གང་བྱུང་གིས་ཆོག་ཤེས་གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་མི་དོག །རྐྱེན་བདེ་སྡུག་གི་ཁོང་ཞུམས་སུ་མི་འགྱུར་བ་ལ་སོགས་དགོས་གསུང་ངོ་། །སེམས་བཞག་སར་སྡོད་པ་བྱ་བ། བླ་མའི་བྱིན་རླབས་དང་ཐབས་ཁྱད་པར་ཅན་ལ་བརྟེན་ནས་སེམས་རང་ངོ་ཤེས། རང་ས་ཟིན། རང་དབང་ཐོབ་པ་ལ་སོགས་པ་དགོས། སེམས་ཆོས་དང་འདྲེས་པ་ནི། སེམས་ནི་རིག་རིག་པོ་འདི་ཡིན། ཆོས་དེའི་རང་བཞིན་རྟོགས་པ་གཅིག་དགོས། སེམས་སྐྱེ་མེད་དུ་རྟོགས་པ་ནི། སྐྱེ་བ་རྟོགས་པ་འཆི་བ་འགག་པ་ཡིན། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་པའི་རྟོགས་པ་མཉམ་རྗེས་མེད་པ་ནི་འཆི་རྒྱུ་མེད་པ་ལགས་སོ། །ཆོས་འདིའི་བརྒྱུད་པ་ནི། རྗེ་བཙུན་མ་རྡོ་རྗེ་ཕག་མོ་དང་སྒྲོལ་མ་གཉིས་ཀྱིས་སུམ་པ་ལོ་ཙཱ་བ་ལ་གསུངས། དེས་ས་པཎ། དེས་གྲུབ་ཐོབ་ཆེན་པོ་མཚོ་འཕྲད་པ། དེས་མཁས་གྲུབ་ཆོས་རྗེ། དེས་རི་ཁྲོད་རས་ཆེན། དེས་པྲ་ཛྙཱ་བོ་དྷི། དེས་དོན་ཞགས་པ། བུདྡྷ་རཏྣ་ལ། དེས་ཀཱིརྟྟ་་ཤཱི་ལ་ལ། དེས་ཆོས་རྗེ་རྒྱལ་བ་བཟང་པོ་ལ། དེས་ཆོས་རྗེ་བསོད་ནམས་ལ་གནང་། དེས་དཀོན་མཆོག་འབངས་ལ་གནང་བའོ།

༄༅། །པར་བྱང་སྨོན་ཚིག། །

༥༤༩ ༀ་སྭ་སྟི་སརྦ་སིདྡྷི་རྦྷ་བ་ཏུ། སྲིད་དང་ཞི་བའི་དགོས་འདོད་ཀུན་འབྱུང་ནོར་བུ་དཔག་བསམ་ལྗོན་པས་ཀྱང་། །ཆ་ཙམ་མི་བསྒྲུན་བསྟན་པ་རིན་ཆེན་ལུང་རྟོགས་གཉིས་བསྡུས་དམ་པའི་ཆོས། །ངོ་མཚར་བྱེ་བའི་འབྱུང་གནས་གཅིག་གྱུར་དེ་ཉིད་བཤད་སྒྲུབ་ཀྱིས་བཟུང་བའི། །འཕགས་བོད་པཎ་གྲུབ་སྐྱེས་མཆོག་རྣམས་ཀྱི་ཞབས་པད་གཙུག་ཏུ་ལན་བརྒྱར་མཆོད། །སྒྲུབ་བརྒྱུད་མཆོག་གི་ནོར་བུའི་སྐྱེས་བཟང་གངས་ཅན་འདི་ན་འདྲེན་པ་ཡི། །ཤིང་རྟ་ཆེན་པོ་མཚུངས་པ་མེད་པ་སྔ་འགྱུར་བཀའ་གདམས་ས་སྐྱ་པ། །མར་པ་ཤངས་པ་རྡོ་རྗེའི་རྣལ་འབྱོར་ཞི་བྱེད་བསྙེན་སྒྲུབ་ཡན་ལག་བཅས། །དེ་དག་འཛིན་མཛད་སྐྱེས་ཆེན་རྣམས་ཀྱི་ངོ་མཚར་དཔལ་གྱིས་ཡིད་དབང་འཕྲོག །དེ་ཀུན་དགོངས་པའི་མ་དྲོས་ཀླུང་ཆེན་རྣམ་དཔྱོད་མཁྱེན་རྟོགས་ལྟོ་བར་བསྐྱིལ། །སྙིང་པོའ་བཙས་སུ་སྤངས་དང་རྟོགས་པའི་ཡོན་ཏན་རྒྱ་ཆེའི་མཚོ་ཆེན་ལས། །གདམས་ངག་རིན་ཆེན་མཛོད་སྒོ་ཆེན་པོ་སླར་ཡང་འབྱེད་མཛད་ཆོས་ཀྱི་རྗེ། །ཀུན་མཁྱེན་བླ་མ་འཇམ་པའི་རྡོ་རྗེའི་རྣམ་ཐར་དྲན་པས་སྙིང་ནས་འདུད། །སྒྲུབ་བརྒྱུད་བརྒྱད་ཀྱི་གདམས་ངག་ཟབ་མོ་ནོར་བུའི་དཔལ། །མཛོད་ཆེན་གཅིག་ཏུ་རྫོགས་པར་བསྡོམས་པའི་ངོ་མཚར་ཆོས། །རྗེ་བཙུན་ཉིད་ཀྱི་ཐུགས་བསྐྱེད་སྟོབས་ལས་འཕྲུལ་གྱི་སྤར། །འདོད་པ་འཇོ་བའི་དཔྱིད་དུ་གྲུབ་འདི་མཆོག་ཏུ་མང་། །དེ་ལ་འདིར་བདག་ཅག་གི་སྟོན་པ་མཚུངས་པ་མེད་པ་ཐུབ་མཆོག་དོན་ཀུན་གྲུབ་བའི་བསྟན་པ་རིན་པོ་ཆེ་མདོ་སྔགས་ཀྱིས་བསྡུས་པ་འཕགས་བོད་ཀྱི་ལྗོངས་ན་ཇི་སྙེད་ཅིག་མཆིས་པའི་ནང་གསེས། དུས་གསུམ་དུ་འབྱོན་པར་དཀའ་བ་གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་རིང་ལུགས་གཙོ་བོར་བཏོན་ནས་རྟོགས་པའི་བསྟན་པ་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོས་བསིལ་ལྡན་གྱི་ལྗོངས་ན་འདྲེན་མཛད་རྣམ་པ་བརྒྱད་ཡན་ལག་དང་བཅས་པའི་གདམས་ངག་ཟབ་མོ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་སྲོག་སྙིང་འབའ་ཞིག་མཛོད་ཆེན་གཅིག་གི་དཀྱུས་སུ་བསྡོམས་པ་འདི་ཉིད། གང་གིས་སྡུད་པའི་བྱེད་པོ། གང་ཞིག་བསྡུ་བྱའི་ཆོས། ཇི་
༥༥༠ ལྟར་བསྡུས་པའི་ཚུལ། དེ་ལྟར་བསྡུས་པའི་དགོས་ཆེད་ཕན་ཡོན། དེ་དག་གི་བཞུགས་བྱང་སོགས་རྒྱས་པར་རྗེ་ཉིད་ཀྱིས་མཛད་པའི་དཀར་ཆག་བརྒྱུད་ཡིག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་སོགས་ལས་རྟོགས་པར་བྱ་ཞིང་། འདིར་དེ་དག་ངོ་མཚར་འཕྲུལ་སྤར་རིན་པོ་ཆེའི་གླེགས་བུར་ཇི་ལྟར་བསྒྲུབས་པའི་ཚུལ་ཡང་། རྗེ་འཇམ་མགོན་བླ་མ་མཆོག་གི་ཞལ་སྔ་ནས་གདམས་ངག་མཛོད་ཀྱི་སྨིན་གྲོལ་ལན་གསུམ་གནང་བའི་གཉིས་པར་གསར་རྙིང་རིས་མེད་ཀྱི་འདུས་བ་བཟང་ལ་མང་བའི་སྐྱེས་བུ་དུ་མས་རང་རང་གི་འབྱོར་པ་དང་སྦྱར་བའི་སྤར་གྱི་སྒོ་འཕར་དབྱེ་བའི་བཀྲ་ཤིས་པའི་དགེ་མཚན་ཐོག་མར་གསལ་བའི་སྐྱ་རེངས་དང་པོ་འཆར་བར་གྱུར་མོད་ཀྱང་། ཁས་ལེན་ལག་ལེན་མཚུངས་པའི་མཐའ་ཇི་བཞིན་འདུས་བ་ཞིག་ནི་སུས་ཀྱང་མ་བྱུང་ཡང་། མཚུར་སྒར། སྡེ་དགེ་བཙུན་མོ། །རྫོགས་ཆེན་མཁན་ཨ་དཀོན། ཐར་རྩེ་དཔོན་སློབ། འཛི་སྒར། དཔལ་སྤུངས་གཅོད་བླ་ཡོན་ཏན། ཨ་ཐུབ། གྱང་ཁང་སོགས་ནས་མཐུན་རྐྱེན་ཅི་རིགས་ཞུས་ཤིང་། གཞན་ཡང་བླ་གྲྭ་ཕལ་གྱིས་ཞལ་འདེབས་འབྲེལ་འཇོག་བྱུང་རིགས་དངོས་རྒྱུད་ནས་འདིར་སྨིན་པར་བྱས་པ་དང་། དད་རྫས་ཆེ་ཕྲ་རྣམ་དཀར་གྱི་ཕྲིན་ལས་འབའ་ཞིག་པའི་ཕྱོགས་སུ་གཏོང་བ་ནམ་མཁའ་མཛོད་ཀྱི་སྒོ་འཕང་བརྒྱ་ཕྲག་འབྱེད་པའི་ཆ་ཤས་སུ། ཆོས་མཛོད་ཆེན་པོ་འདི་ཡང་གཙོ་བོར་རྗེ་བླ་མ་ཉིད་ཀྱིས་འགེན་བཞེས་ཀྱིས་སྤར་དུ་བསྐྲུན་པའི་ཐུགས་བསྐྱེད་ཟླ་བ་དགུང་མཁར་འཆར་བ་དེའི་ཚེ། ལྷག་པའི་བསམ་པ་རྣམ་པར་དཀར་ཞིང་བླ་མ་མཆོག་གི་ཞབས་འདེགས་ཀྱི་ཕྲིན་ལས་བསྒྲུབ་པ་ལ་ངལ་བ་དང་ཞུམས་པ་མི་མངའ་བའི་བློ་གྲོས་དཀྱིལ་ཆེ་བ་ཉེ་གནས་ཆེན་མོ་ཚེ་རིང་དོན་ཀུན་གྲུབ་པས་ཀྱང་བླ་ན་མེད་པའི་ཕྲིན་ལས་བཟང་པོ་འདི་ལ་གཅིག་ཏུ་གུས་པའི་བློས་མཐུན་པའི་རྐྱེན་དུ་ཇི་ལྟར་འགྱུར་བ་ཐམས་ཅད་དང་དུ་བླངས་ཏེ་སྤར་བརྐོས་དང་བྲིས་པ་མང་ཙམ་གྱི་གླ་ཡོན། ཕོག་ཆས། ཤིང་རིན་སོགས་ལག་བསྟར་གྱིས་ཇི་ལྟར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་སྦྱར་ཏེ་གླེགས་བམ་ཕལ་ཆེ་བ་ཐམས་ཅད་གསར་བརྐོ། ཡོངས་རྫོགས་ཀྱི་ཞུ་དག་བརྐོ་བཙུགས་སོགས་ཀྱི་ཡོན་དངོས་པོ་ཐམས་ཅད་བསྡོམས་ན་རྒྱ་དངུལ་རྡེལ་ཚད་བཅུ་གསུམ་ལྷག་ཙམ་གྱི་བབས་དམར་བརྩིས་ནོན་
༥༥༡ ངེས་ཀྱིས་གླེགས་བམ་ཆེན་པོ་ཕྱོགས་ཀྱི་གྲངས་ལྡན་ལ། ཀ་བ་གསང་སྔགས་རྙིང་མ། ཁ་པ་བཀའ་གདམས། ག་པ་ས་སྐྱའི་ལམ་འབྲས། ང་པ་དང་ཅ་པ་མར་པ་བཀའ་བརྒྱུད་སྤྱི་བྱེ་བྲག །ཆ་ཤངས་པ་བཀའ་བརྒྱུད། ཇ་ཞི་བྱེད་དང་གཅོད་ཡུལ། ཉ་རྡོ་རྗེའི་རྣལ་འབྱོར་དང་ཨོ་རྒྱན་བསྙེན་སྒྲུབ། ཏ་ཁྲིད་ཕྲན་སྐོར། ཨ་ཇོ་ནང་ཁྲིད་བརྒྱ་བཅས་བཞུགས་པ་དེ་དག་དུས་ཡུན་ཐུང་དུས་གེགས་མེད་མཐར་ཕྱིན་དུ་བསྒྲུབས་པར་མཛད་པའི་བསོད་ནམས་ཀྱི་དངོས་པོ་མཐའ་དང་མུ་མེད་པའི་བདག་ཉིད་ཅན་དུ་ངེས་པ་དེའི་ཕྱིར་ན། དེ་དག་གི་རྒྱུ་ལས་ཤིན་ཏུ་ཡིད་དུ་འོང་བའི་འབྲས་བུ་ཕུན་སུམ་ཚོགས་པ་རྒྱ་མཚོས་འབྱོར་པའི་ཕྱིར་དུ་སྨོན་ལམ་ཤིས་པའི་ཚིགས་སུ་བཅད་པ་ཉུང་ངུ་ཞིག་གིས་བརྒྱན་པ་ནི། ༀ་སྭ་སྟི་མངྒ་ལ་སིདྡྷི་རསྟུ། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་གྲུལ་བུམ་མིའམ་ཅིའི། །ཤིན་ཏུ་གུས་པའི་ཐོར་ཚུགས་རྩེ་མོར་ཞབས་མཐིལ་ཟླ་བ་བཀོད་པའི་མོད། །འཇིགས་དང་སྡུག་བསྔལ་མུན་པ་བསལ་ཏེ་ཞི་བའི་མཛེས་པས་དགེ་མཛད་པ། །མཚུངས་མེད་བླ་མ་སྟོན་པ་གཅིག་པུས་སྨོན་བའི་གནས་ཀུན་འགྲུབ་པར་མཛོད། །རྒྱལ་བསྟན་རྒྱ་མཚོའ་སྙིང་པོར་གྱུར་པ་ཤིན་ཏུ་ཁྱད་འཕགས་སྒྲུབ་བརྒྱུད་ཀྱི། །ཤིང་རྟ་བརྒྱད་ཀྱི་གདམས་ངག་ཟབ་རྒུ་གཅིག་འདུས་རིན་ཆེན་ཆོས་མཛོད་ཆེ། །གཞི་གཅིག་ཉིད་ལས་དུ་མར་འཆར་བཟོད་འཕྲུལ་གྱི་མོ་ལངྐའི་གྲོང་། །འཇམ་པའི་རྡོ་རྗེ་བླ་མའི་ཕྲིན་ལས་རབ་འབྱམས་བརྡལ་བའི་ཆ་ཤས་ཉིད། །སྔར་མེད་ལེགས་བཤད་དཔལ་གྱིས་རྒྱས་པའི་རྣམ་དཀར་ཕུལ་བྱུང་ཟླ་ཚེས་ཀྱིས། །སྒྲུབ་བརྒྱུད་རྣམ་བརྒྱད་རིང་ལུགས་བཟང་པོ་སླར་ཡང་གསལ་བའི་གཉེན་གྱུར་གང་། །མཆོག་ཏུ་ངོ་མཚར་ཚུལ་ལས་བརྩམས་ཏེ་དེ་དཔལ་ཐུབ་པས་འཆད་དཀའ་བའི། །དགེ་མཚན་དྲི་མེད་ཟླ་བ་ཉ་འདྲ་གང་ཞིག་ཐོབ་པ་དེ་ཡི་མཐུས། །ཐུབ་པའི་བསྟན་པ་མདོ་སྔགས་བདུད་རྩིའི་ཀླུང་། །སྲིད་དང་ཞི་བའི་གདུང་བ་ཀུན་སེལ་བ། །གང་ཞིག་འཇིག་རྟེན་ཁམས་འདིར་རྟག་འབེབས་པའི། །དགེ་ལེགས་ཕུལ་དུ་བྱུང་བས་ཁྱབ་པར་ཤོག །དེ་དང་དེ་འཛིན་སྐྱེས་བུ་རིས་མེད་པ། །གང་ན་སུ་བཞུགས་དེ་དག་ཞབས་བརྟན་ཅིང་། །ཆོས་དང་མཐུན་པར་འཇུག་པའི་ཕྲིན་ལས་ཀྱིས། །རྒྱ་མཚོའ་གོས་ཅན་ཡོངས་སུ་གཏམས་གྱུར་ཅིག །ཕྱི་ལྟར་སོ་སོ་ཐར་པའི་ཁྲིམས་
༥༥༢ ཀྱིས་མཛེས། །ནང་དུ་བྱང་ཆུབ་སེམས་དཔའི་བསླབ་པས་གྲོལ། །གསང་བ་རྡོ་རྗེ་ཐེག་པའི་དགོངས་དོན་འབྱོར། །བསྟན་པ་ཡོངས་རྫོགས་འཛིན་པ་ཉིད་གྱུར་ཅིག །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་ཚུལ། །ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པ་ཡི། །བྱ་བ་བཟང་པོ་ཉི་མ་འབར་བའི་གཟིས། །བསྐལ་ངན་དུས་ཀྱི་མུན་པ་འཇོམས་གྱུར་ཅིག །ཆོས་ལྟར་བཅོས་པའི་རིང་ལུགས་སྤྲིན་རིས་ཀྱིས། །ཡང་དག་དམ་པའི་ཉིན་བྱེད་མི་བསྒྲིབས་པར། །རྒྱལ་བསྟན་རྣལ་མ་རབ་ཏུ་རྒྱས་པ་ཡི། །དགེ་མཚན་འོད་ཟེར་སྟོང་དུ་འབར་གྱུར་ཅིག །ཁྱད་པར་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། །ཡན་ལག་དང་བཅས་ཟབ་རྒུའི་གདམས་པའི་བཅུད། །རྒྱལ་བའི་དགོངས་མཛོད་མཁའ་འགྲོའི་སྲོག་སྙིང་གང་། །མི་ཉམས་ཕྱི་མཐའི་བར་དུ་གནས་གྱུར་ཅིག །གདམས་ངག་ཟབ་མོའ་དབྱིག་གིས་གཏམས་པའི་མཛོད། །དུས་གསུམ་འབྱོན་དཀའི་ཆོས་ཀྱི་སྙིང་པོ་ལས། །གཅེས་པའི་སྲོག་དང་ཕངས་པའི་ནོར་བཞིན་དུ། །སྲིད་མཐའི་བར་དུ་ཀུན་གྱིས་འཛིན་གྱུར་ཅིག །མ་ནོར་ལམ་ཆེན་ཤིང་རྟ་ཆེ་རྣམས་སྲོལ། །ཚད་ལྡན་གདམས་པའི་རིང་ལུགས་ནོར་བུའི་གཏེར། །ཐོས་བསམ་སྒོམ་པའི་སྐལ་བར་ཐོབ་པ་དང་། །ལྷན་ཅིག་སྲིད་ཞིའི་ཕངས་པ་འཇིལ་གྱུར་ཅིག །ཁྱད་པར་བཀའ་ཡི་སྡུད་བྱེད་གསང་བའི་བདག །རྡོ་རྗེ་ཆོས་དང་གཉིས་མེད་གཅིག་གྱུར་པ། །ཀུན་མཁྱེན་བླ་མ་ཆོས་ཀྱི་རྒྱལ་པོ་ཡི། །ཞབས་མཐིལ་མི་གཡོ་ཞིང་འདིར་བརླིང་གྱུར་ཅིག །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ཡི། །ཟབ་དགོངས་བི་མའི་ནང་དབྱིངས་བྱང་ཆུབ་ཀྱང་། །ཕྱིར་གསལ་སྤྲུལ་པའི་ཉི་མ་མྱུར་འཆར་ནས། །རྒྱལ་སྟན་པད་ཚལ་གསལ་བྱེད་ཉིད་གྱུར་ཅིག །དགེ་མཚན་དྲི་མ་མེད་པ་དེ་དག་གིས། །ཕྱོགས་དང་དུས་ཀྱི་མུ་མཐར་ཁྱབ་པ་ཡི། །ལེགས་ལམ་སྤྲིན་ཕུང་སྟུག་པོར་བྲེས་པ་ཡིས། །སྐྱེ་རྒུའི་གདུང་བ་མཐའ་དག་འཇོམས་གྱུར་ཅིག །འཇིག་རྟེན་ཡངས་པའི་ཁྱོན་ཀུན་ཆོས་བཞིན་དུ། །ཉེ་བར་སྤྱོད་པའི་ལེགས་ལམ་བཟང་པོ་ཡིས། །མི་མཐུན་ཉེས་པའི་མིང་ཡང་མི་གྲགས་པར། །རྫོགས་ལྡན་དང་པོའ་དགའ་སྟོན་མྱོང་གྱུར་ཅིག །བསྟན་དང་འགྲོ་ལ་གཅིག་ཏུ་སྡང་བའི་བློ། །དུས་མཐའི་མེ་བཞིན་འབར་བ་ནག་
༥༥༣ པོའ་ཕྱོགས། །ལེགས་བྱས་བདུད་རྩིའི་ཆུ་ཀླུང་གཡོ་བ་འདིས། །སྡིག་སེམས་ནུས་མེད་ཉིད་དུ་བགྱིད་གྱུར་ཅིག །འདིར་འབྲེལ་བདག་སོགས་ཚེ་རིང་ནད་མེད་ཅིང་། །ས་དང་ལམ་གྱི་འབྱོར་པས་རྒྱུད་ཕྱུག་སྟེ། །ནམ་ཞིག་ཟུང་འཇུག་རྡོ་རྗེའི་གྲོང་ཁྱེར་དུ། །ཧེ་རུ་ཀ་ཡི་གར་གྱིས་འདུ་བར་ཤོག །རྒྱ་མཚོའ་དུས་རླབས་དུས་ལས་ཡོལ་སྲིད་ཉི་ཟླའི་རྒྱུ་བ་འགག་པའང་མཆིས། །གང་ཞིག་དཔའ་ཆེན་རྒྱལ་སྲས་རྣམས་ཀྱི་ཐུགས་བསྐྱེད་སྨོན་པ་དམ་པའི་འབྲས། ནམ་ཡང་བསླུ་མེད་དེ་དེ་བཞིན་དུ་ལེགས་པར་གྲུབ་པའི་བཀྲ་ཤིས་ཉི། །སྲིད་གསུམ་མཁའ་ན་ནུབ་པ་མེད་པར་ཇི་སྲིད་འཁོར་བའི་ཕྱི་མཐར་འཆར། །དེ་ཕྱིར་རྣམ་འདྲེན་སྟོང་གི་དབུས་ན་ངོ་མཚར་ལྷག་པར་འབར་བ་ཡི། །རྒྱལ་བ་མོས་པའི་ཡ་མཚན་ཕྲིན་ལས་སྣང་བྱེད་བྱེ་བས་མི་བསྒྲུན་པས། །འཇིག་རྟེན་གསུམ་གྱི་སྨག་ཆེན་བཅོམ་པ་དེ་སྲིད་རྗེ་བཙུན་མགོན་གང་གི། རྨད་བྱུང་ཕྲིན་ལས་བཟང་པོའ་ཆུ་རྒྱུན་རྒྱ་མཚོའ་གོས་ཅན་ཀུན་ཁྱབ་ཤོག །སྨོན་ལམ་ཡོངས་རྫོགས་ཐུབ་པ་མཆོག་དང་རྒྱལ་སྲས་ཀུན་ཏུ་བཟང་པོ་དང་། །མཉམ་མེད་དཔལ་མངའ་རྗེ་བཙུན་བླ་མའི་ཐུགས་བསྐྱེད་སྨོན་ལམ་བདེན་པའི་མཐུས། །འདི་ན་སྨོན་པའི་གནས་ཀུན་མྱུར་འགྲུབ་བཀྲ་ཤིས་དམ་པའི་བཀྲ་ཤིས་པས། །ཀུན་ནས་ཡོངས་ཁྱབ་དགེ་ལེགས་མཆོག་གི་ཉིན་བྱེད་རྟག་ཏུ་འཆར་གྱུར་ཅིག །ཅེས་རྗེ་བླ་མའི་བཀའ་བབས་མཛོད་ཆེན་རྣམ་ལྔའི་ཡ་གྱལ་སྙིང་པོ་གདམས་ངག་རིན་པོ་ཆེའི་མཛོད་གླེགས་བམ་བཅུ་ཕྲག་གི་ཕྲེང་བ་སྤར་དུ་བསྒྲུབས་ཏེ་དཔལ་སྤུངས་ཀྱི་གདན་སར་བཞུགས་སུ་གསོལ་བའི་རྗེས་ཐོགས་སུ་འདི་ལྟར་སྦྱོར་ཞེས་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པའི་བཀའ་ལུང་སྤྱི་བོར་བསྩལ་བ་བཞིན། ལེགས་མཛད་བཟང་པོ་འདི་ཉིད་ཀྱི་ཕྱོགས་སུ་དད་བརྩོན་གྱིས་འབྲེལ་པ་ཅུང་ཟད་ཐོགས་པ་ཀརྨ་བཀྲ་ཤིས་ཆོས་འཕེལ་པས་སྤར་བྱང་སྨོན་ཚིག་ཏུ་བླ་མ་མཆོག་གི་སྒྲུབ་གནས་ཡང་ཁྲོད་དཔལ་ཆེན་དགྱེས་པའི་ཕོ་བྲང་དུ་སྤེལ་བ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དགེ་ལེགས་འཕེལ།། །།

༄༅། །ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་སྦས་དོན་ཀུན་གསལ་ཞེས་བྱ་བ་བཞུགས་སོ༎

༣༢༩ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་སྦས་དོན་ཀུན་གསལ་ཞེས་བྱ་བ་བཞུགས་སོ། །
༣༣༠ༀ་སྭ་སྟི། །ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་སྦས་པའི་དོན་གསལ་བ་ཞེས་བྱ་བ། བླ་མ་དང་རྡོ་རྗེ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །མཐུ་སྟོབས་དབང་ཕྱུག་བིརྦ་པ་ཡི་གསུང་། །སྙན་ནས་སྙན་དུ་བརྒྱུད་པ་རྡོ་རྗེའི་ཚིག །གསང་མཛོད་སྒྱུར་བྱེད་གཞན་ལ་ལེགས་སྟོན་པའི། །བླ་མ་ལྷག་པའི་ལྷར་བཅས་ལ་བཏུད་ནས། །གདམས་པ་མཆོག་འདི་ནུབ་པར་མི་འགྱུར་ཞིང་། །རང་དགའི་དྲི་མས་གོས་པ་བསལ་བའི་ཕྱིར། །གཞན་ལ་བརྩེ་བའི་བསམ་པས་གསོལ་བཏབ་ནས། །བརྒྱུད་པའི་སྲོལ་བཞིན་ཁྲིད་རིམ་གསལ་བར་བྱ། །དེ་ལ་སློབ་མ་དད་པ་དང་སྙིང་རྗེ་དང་ལྡན་ཞིང་དབང་ལེགས་པར་ཐོབ་པ་འཁོར་བའི་དུཿཁ་ལས་ཐར་བར་འདོད་ཅིང་། གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པས་བླ་མ་ལ་ཚོགས་གཏོར་སྔོན་དུ་འགྲོ་བས་ཁྲིད་ཡོན་ཕུལ་ཏེ། མཎྜལ་སྔོན་དུ་འགྲོ་བས་གསོལ་བ་གདབ་སྟེ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་སྐྱོབས། །ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོས་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །
༣༣༡ཅེས་པའི་ཚིག་ལན་གཅིག་གིས་སོ། །ཡང་ལག་ཏུ་མེ་ཏོག་བྲིམ། ཕྱག་གསུམ་འཚལ་ལ་མེ་ཏོག་བླ་མའི་ཕྱག་ཏུ་ཕུལ་ལ་གསོལ་བ་ལན་གཅིག་གདབ། ཡང་དེ་ལྟ་བུ་གཅིག་སྟེ་ལན་གསུམ་གྱི་རྗེས་ལ། བླ་མ་རིན་པོ་ཆེའི་སྤྱན་སྔ་ནས་བདག་ཅག་འདིར་འདུས་པ་གདུལ་བྱར་གྱུར་པའི་སློབ་མ་རྣམས་ལ་ཤིན་ཏུ་ཟབ་པའི་ཁྲིད་ཀྱི་རིམ་པ་རྗེས་སུ་བཟུང་སྟེ་བཀའ་དྲིན་ནོད་པར་འཚལ་ལོ་ཞེས་བརྗོད། མཎྜལ་ཕྱག་ཏུ་ཕུལ་ནས་གྲལ་དུ་འཁོད་པ་ལ། བླ་མས་གསོལ་བ་གདབ་པ་ལ་སོགས་པ་འདི་རྣམས་སློབ་དཔོན་གྱི་ཆེ་ཐབས་ཚོལ་བའམ། གེ་བློ་ལྟ་བུ་གཅིག་མིན་གྱི། སངས་རྒྱས་ཀྱིས་རྒྱུད་སྡེ་རྣམས་ནས་གསུངས་པའི་དོན་གྲུབ་པ་བརྙེས་པའི་སློབ་དཔོན་བརྒྱུད་པ་དང་བཅས་པ་རྣམས་ཀྱི་མན་ངག་ལས་འབྱུང་བ་ཡིན་ཏེ། རིམ་ལྔ་ལས། དེ་ཉིད་མི་ཟབ་འདོད་པ་ཡིས། །ཤིན་ཏུ་གཅེས་པ་གང་དང་གང་། །ཤིན་ཏུ་ཁྱད་པར་ཅན་ཉིད་དག །དེ་དང་དེ་ནི་བླ་མར་དབུལ། །ཡང་། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །ཞེས་དང་། དེ་ཉིད་དུ། གང་གིས་སློབ་དཔོན་གསོལ་མ་བཏབ། །འདིར་ནི་རིགས་སུ་སྐྱེ་བ་མེད། །ཅེས་དང་། བླ་མ་ལྔ་བཅུ་པ་ལས། དཀྱིལ་འཁོར་མེ་ཏོག་བཅས་ཐལ་མོས། །
༣༣༢ཉན་སོགས་འདོད་པས་གསོལ་གསུམ་གདབ། ཅེས་གསུངས་པས་སོ། །ཞེས་བརྗོད་དོ། །དེའི་ཚེ་བླ་མས་ལྟས་བརྟག་པར་བྱ་སྟེ། དཔོན་སློབ་གཉིས་ཀའི་རླུང་གཡས་ནས་རྒྱུ་བའི་དུས་སུ་མན་ངག་བསྟན་ན་ཉམས་མྱུར་དུ་སྐྱེ་ཡང་མི་བརྟན་ཞིང་བར་ཆད་འབྱུང་ལ། གཉིས་ཀ་ནས་རྒྱུ་ན་མ་ནིང་གི་རླུང་ཞེས་པ་འཕོ་མཚམས་ཡིན་པས་དེའི་ཚེ་ཏིང་ངེ་འཛིན་གཤའ་མ་མི་སྐྱེ་བས་མི་བརྟན་ཞིང་། གཡོན་ནས་རྒྱུ་བའི་ཚེ་བསྟན་ན་ཉམས་སྐྱེ་བུ་ལ་ཡང་སྐྱེས་པ་བརྟན་ཞིང་བར་ཆད་ཆུང་བས་དེ་དུས་བསྟན་ནོ། །དེའང་ཡུན་རིང་པོར་གཡས་སུ་རྒྱུ་ན་གཡོན་དུ་འཕོ་བར་བསྒོམ་པས་འཕོ་སྲིད་ལ། མ་འཕོས་ན་ནུ་མ་གཅུད་ལ་བོར་བ་ཞེས་བྱ་བ། ལག་གཡས་པའི་གྲུ་མོས་ནུ་མ་མཉེ། ལག་མཐིལ་གྱིས་འགྲམ་པ་གཡས་ལ་མཉེ་ཞིང་གཉིས་ཀའང་དྲག་ཏུ་བྱས་པས་འཕོ། །དེས་ཀྱང་འཕོར་མ་ཉན་ན། ཞག་གཅིག་གཉིས་ལ་སོགས། །ཞོག་གཡས་འོག་ཏུ་བཅུག་སྟེ་ནུ་མ་གཅུད་ལ་བོར་བའི་སྦྱོར་བ་བྱས་པས་འཕོའོ། །དེའི་ཚེ་ཁྲིད་ཀྱི་རིམ་པ་བསྟན་པར་བྱ་སྟེ། འདི་ལ་སྔོན་དུ་འགྲོ་བ་དང་། དངོས་གཞི་ལམ་སྒོམ་པ་གཉིས་ཀྱི་དང་པོ་ལ་ཁྲིད་ཀྱི་སྔོན་འགྲོ་དང་། ཐུན་གྱི་སྔོན་འགྲོའོ། །དང་པོ་ལའང་བསག་སྦྱང་གཉིས་བསྒོམ་པ་དང་། སྦྱོང་བ་གསུམ་ཉམས་སུ་བླང་བའོ། །དང་པོ་ལ་གཉིས་ལས། ཚོགས་བསགས་པའི་ཕྱིར་མཎྜལ་དབུལ་བ་ནི། གསང་འདུས་ལས། ཞིང་འདི་རིན་ཆེན་བདུན་རྣམས་ཀྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར། །ཤེས་རབ་ཅན་གྱིས་ཉིན་རེ་དབུལ། །ཞེས་པ་ལྟར་ཉམས་སུ་བླང་སྟེ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་སྔོན་དུ་སོང་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། །དེའི་དོན་དུ་བསོད་ནམས་ཀྱི་ཚོགས་བསགས་སྙམ་པའི་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེ་ནས་སྭ་བྷཱ་བའི་སྔགས་ཀྱིས་རང་འདུག་པའི་གནས་སྟོང་
༣༣༣པར་བསྒོམ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་རིན་པོ་ཆེའི་ཁྲི་ཆེན་པོའ་སྟེང་དུ་པདྨ་དང་ཉི་ཟླ་བརྩེགས་པའི་གདན་སྟེང་ན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་ཧེ་རུ་ཀའི་རང་བཞིན་དུ་བཞུགས་པར་བསམ། དེའི་མཐའ་མར་བླ་མ་བརྒྱུད་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་བཞུགས་པར་བསམ། དངོས་པོ་རྣམ་པར་དག་པ་མེ་ཏོག་གཙང་མས་ཚོམ་བུ་བདུན་བྱས་པའི་དབུས། རིའི་རྒྱལ་པོ་རི་རབ། ཤར་ཤེལ། ལྷོར་བཻ་། ནུབ་པདྨ་རཱ་ག་།བྱང་གསེར་ལས་གྲུབ་པ། ཅོག་ཆེན་པོ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ་དང་། ཡང་ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་དང་དབུས་ཀྱི་བར་དུ་ཉི་མ། དབུས་དང་ནུབ་ཀྱི་བར་དུ་ཟླ་བ། སྟེང་དུ་ལྷ་དང་མིའི་ལོངས་སྤྱོད། རིན་ཆེན་སྣ་བདུན། འདོད་འཇོའ་བ། མ་རྨོས་པའི་ལོ་ཏོག །དཔག་བསམ་གྱི་ཤིང་། གསེར་དངུལ། འབྲུ་དང་ཟས་གོས་ལ་སོགས་པ་དངོས་པོ་བཟང་ལ་གྱ་ནོམ་པ་བསམ་གྱིས་མི་ཁྱབ་པས་གང་བར་བསམ་ཞིང་། དེ་ལྟོས་པ་མེད་པར་མདུན་གྱི་མགྲོན་རྣམས་ལ་ཕུལ་བར་བསམས་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་མ་དམ་པས་བདག་གི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། དེ་ལྟ་བུ་བསྐྱར་ལ་ལན་མང་དུ་དབུལ་གྲངས་བཟུང་། བླ་མ་ལ་མོས་གུས་དྲག་ཏུ་བྱའོ། །གཉིས་པ་འགལ་རྐྱེན་སྡིག་པ་སྦྱོང་བ་ནི། ཡི་གེ་བརྒྱ་པའི་བསྙེན་པ་བྱེད་དུ་གཞུག་སྟེ། དེའང་སྤྱི་བོར་རྡོ་རྗེ་སེམས་དཔའ་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་
༣༣༤འཛིན་པ། གཉིས་ཀའང་སྐུ་མདོག་དཀར་པོ་རིན་པོ་ཆེའི་རྒྱན་ཅན་སྐྱིལ་ཀྲུང་གིས་སྙོམས་པར་ཞུགས་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་དཀར་པོ་བསྒོམས་ལ་དེ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་སྟེ། བཅོམ་ལྡན་འདས་ཡབ་ཡུམ་གང་དེ་ལས་ཆར་བབ་པ་བཞིན་རང་གི་སྤྱི་བོ་ནས་མར་བྱུང་སྟེ། སྡིག་པ་ཐམས་ཅད་ནག་པོའ་རྣམ་པར་བདུད་རྩིའི་རྒྱུན་གྱིས་དེད་པས་དྲི་མའི་ལམ་གཉིས་དང་རྐང་མཐིལ་གཉིས་ནས་འཐོན། ཤུལ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་བེངས་པར་བསམས་ལ་ཡི་གེ་བརྒྱ་པ་བཟླའོ། །དེ་ལྟར་བསགས་སྦྱང་གཉིས་ཐུན་རེ་ལ་བརྒྱ་སྟོང་ལ་སོགས་པའི་ཚུལ་གྱིས་ཐུན་གསུམ་མམ་བཞིའི་རིམ་པས་རབ་ཀྱིས་ལོ། །འབྲིང་གིས་ཟླ་བ། ཐ་མས་ཀྱང་ཞག་གསུམ་ལྔ་བདུན་གྱི་བར་རམ་སྡིག་པ་དག་པའི་རྟགས་ཁྲུས་བྱས་པ་དང་། ལུས་ལ་རྣག་ཁྲག་དང་། མི་གཙང་བ་དང་། སེམས་ཅན་ལ་སོགས་པ་འཐོན་པ་དང་། གོས་དཀར་པོ་གོན་པ་དང་། རྒྱན་དང་མེ་ཏོག་དཀར་པོས་བརྒྱན་པ་དང་། ནམ་མཁའ་ལ་འཕུར་བ་ལ་སོགས་པ་རྨི་བ་དང་། དངོས་སུ་ལུས་ཡང་བ་དང་། ཁམས་བདེ་བ་དང་། ཤེས་པ་དྭངས་ཤིང་ཏིང་ངེ་འཛིན་གསལ་བ་འགྱུང་ངོ་། །བསོད་ནམས་འཕེལ་བའི་རྟགས་ནི། རང་ཁྲི་ཆེན་པོ་ལ་འདུག་པ་དང་། གོས་གསར་པ་བཟང་པོ་གྱོན་པ་དང་། ཟས་བཟང་པོ་ཟོས་པ་དང་། རྒྱན་བཟང་པོས་བརྒྱན་པ་དང་། ཉི་ཟླ་ཤར་བ་དང་། རི་བོ་ཆེན་པོ་ལ་འཛེག་པ་དང་། རྔ་བརྡུང་བ་དང་། དུང་འབུད་པ་དང་། ཀུན་གྱིས་བསྟོད་པ་ལ་སོགས་པ་རྨི་ལམ་དུ་མ་བྱུང་བར་དུ་བྱ་ཞིང་། བསག་སྦྱང་གཉིས་མང་གིན་ཏིང་ངེ་འཛིན་སྐྱེ་སླ་ཞིང་གེགས་ཆུང་བ་ཡིན་ནོ། །དེ་ལྟར་བསག་སྦྱང་གཉིས་ཀའི་གྲངས་བཟུང་ལ་གྲངས་དང་མེ་ཏོག་བླ་མ་ལ་དབུལ། བླ་མས་ལྟས་བརྟག་སྟེ་གྲངས་ཁ་འཆམ་ན་བར་ཆད་ཆེ་ཞིང་ཏིང་ངེ་འཛིན་ངན་པས་
༣༣༥སླར་བསག་སྦྱང་ལ་འབད་དུ་གཞུག །ཁ་ཡར་ན་བར་ཆད་ཆུང་ཞིང་ཏིང་ངེ་འཛིན་བཟང་བས་ཐུན་སྤོའོ།། །།གཉིས་པ་སྦྱང་བ་གསུམ་ཉམས་སུ་བླང་བ་ལ་གསུམ་ལས། ལུས་སྦྱང་བ་ནི། ལུས་ཐམས་ཅད་ཆང་ངམ་དྲི་ཆུས་བཀྲུས་ལ། བཀུ་མཉེ་བྱ། ཉི་མ་ལ་བདུག །གནས་ཁང་དབེན་སར་བསྡད་ཅིང་རྡུལ་མི་ཐོན་ཙམ་དུ་རན་པར་བཅག །བསྐོར་བ་བྱ། དེ་ནས། མགོ་བོ་མཇིང་པ་བསྒྱུར་བྱ་ཞིང་། །ལག་པ་གཉིས་ནི་སོ་སོར་བསལ། །རྐང་པ་གཉིས་ཀྱང་དྲག་ཏུ་སྤྲུག །ཡན་ལག་ལྔ་ཡི་སྦྱང་བའོ། །ཞེས་པ་ལྟར་ཉམས་སུ་བླང་སྟེ། མགོ་བོ་ལ་གཡས་གཡོན་དུ་བསྐོར་བ་གཉིས། ཕྱོགས་བཞིར་འཕང་བ་དང་། གཡས་གཡོན་དུ་འཕང་བ་གཉིས་ཏེ་བཞིའོ། །དེའང་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ནས་མིག་མི་འཛུམ་པར་བྱ་སྟེ། བཙུམ་ན་མིག་ལ་སྐྱོན་འོང་བས་སོ། །ལག་པ་ལ་སོ་སོར་སྤྲུག་པ། མགོ་བོ་ལ་བསྐོར་ནས་རུས་གཅིག་ཏུ་སྤྲུགས་པ་དང་། མ་བསྐོར་བར་མདུན་ཏུ་པུས་མོའ་སྟེང་དུ་དུས་གཅིག་སྤྲུགས་པ་དང་། མདའ་གཞུ་འགེངས་པ་སྟེ་བཞིའོ། །རྐང་པ་ཕྱོགས་བཞིར་སྤྲུགས་པ་རེས་མོས་སུ་བྱེད་པ་བཞི་སྟེ། ཚུལ་དེ་ལྟ་བུ་ལུས་དུབ་དུབ་ཀྱི་བར་དུ་བྱས་པས་རྩ་ཐམས་ཅད་མཉེན་ཏུ་འགྲོ་བས་རྩ་རླུང་གི་ཟུག་དྲག་པོ་མི་འབྱུང་བ་ཡིན་ནོ། །དེ་ནས་ལུས་ངག་ཁོང་ཀློད་དེ་གསལ་བ་རང་སོ་བཟུང་། ལྷུག་པ་རང་སོ་བཟུང་བར་བྱའོ། །དང་པོ་ནི། སེམས་ཀྱི་མཚན་ཉིད་ངོས་བཟུང་ནས་དེའི་སྟེང་དུ་འཇོག །གཉིས་པ་ནི། སེམས་ཀྱི་ངོ་བོའ་སྟེང་དུ་ཟུང་འཇུག་ཏུ་ཤེས་པས་ཀློད་ནས་བཞག་གོ །ངག་སྦྱང་བ་ནི། ཁ་ཏོན་དང་བཟླས་བརྗོད་གླེང་སློང་ལ་སོགས་པ་ངག་གི་ལས་བསྐྱུངས་ལ་མི་སྨྲ་བར་འདུག་པ་སྟེ། དེས་དབུགས་འཇམ་ཞིང་བདེ་བར་འགྱུར་རོ། །ཡིད་སྦྱོང་བ་ནི། ལྷ་སྒོམ་པ་ལ་སོགས་པ་ཆོས་ཀྱི་བསམ་མནོ་དང་
༣༣༦མོས་གུས་དང་སྙིང་རྗེ་ལ་སོགས་པ་ཡིད་ལ་ལས་མི་འཆོལ་བར་སྐྱོ་སེ་བཞག །དེས་སེམས་དམིགས་པ་ལ་འཇུག་པར་འགྱུར་ཏེ། མདོར་ན་ལུས་ཀྱི་འཕྲུལ་འཁོར་གྱིས་ལུས་དང་། ངག་དབེན་པར་གནས་པས་ངག་དང་། སེམས་དལ་བར་གནས་པས་སེམས་སྦྱང་སྟེ། དེ་གསུམ་ནི་རྟ་རྒྱུག་པའི་སྔོན་དུ་སྦྱང་ཁུག་བྱེད་པ་དང་འདྲ་སྟེ། དེ་ལྟ་བུ་ལོ་དང་ཟླ་བའི་བར་དུ་བྱས་པས་ཏིང་ངེ་འཛིན་རང་ཤུགས་ཀྱིས་སྐྱེ་བའང་སྲིད་དེ། །ཐ་མལ་པ་ཡི་ལུས་ངག་ཡིད། །སྦྱངས་པས་ཡེ་ཤེས་འཆར་བར་འགྱུར། །ཞེས་སོ། །དེ་ལྟར་བྱས་པས་ལུས་འབྱོངས་པའི་རྟགས་ལུས་བདེ་བ་དང་། ལྡང་བ་ཡང་བ་དང་། ལུས་གནད་གང་བྱས་པ་ལ་ཡུན་རིང་དུ་འདུག་ཚུགས་པ་ལ་སོགས་པ་འབྱུང་ལ། ངག་འབྱོངས་པའི་རྟགས་རླུང་འགྲོ་འོང་མི་ཚོར་བ་དང་། ཕྱི་ནང་དུ་མི་རྒྱུ་བ་ལ་མི་བདེ་བ་མེད་པ་ལ་སོགས་པ་དང་། སེམས་འབྱོངས་པའི་རྟགས་གསལ་ཞིང་དྭངས་ལ་གཞན་ཏུ་མི་འཕྲོ་བ་ལ་སོགས་པ་འབྱུང་བས་རྟགས་དེ་དག་མ་བྱུང་གི་བར་སྦྱང་བ་ལ་འབད་པར་བྱའོ།། །།གཉིས་པ་ཐུན་མོང་གི་སྔོན་འགྲོ་ལ་གཉིས་ཀྱི། དང་པོ་གནད་ལ་དབབ་པ་རྣམ་པ་གསུམ་ལས། ལུས་གནད་ལ་དབབ་པ་ནི། ལུས་སྐྱིལ་ཀྲུང་ངམ་ཙོག་པུ་གང་བདེ་བ་ལས་སྐྱིལ་ཀྲུང་ལྟར་ན། སེམས་དཔའམ་རྡོ་རྗེ་སྐྱིལ་ཀྲུང་ངམ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བཅའ། ཙོག་བུ་ལྟར་ན་རྐང་པ་གཉིས་བསྣོལ་ནས། རྐང་པ་གཉིས་སྣག་པོ་ཆེ་དང་གསུམ་སྒྱེད་པུ་བཙུགས་པ་བཞིན་མཉམ་ཐངས་བཏང་། གཅིག་ལ་ཁལ་བཀུར་ན་མི་ཟུག་པ་ཡིན། ལག་པ་སྒོམ་ཐག་གི་ཕྱག་རྒྱའམ་ཐབ་འགལ་གྱི་ཕྱག་རྒྱ་བཅའ། དེ་གཉིས་ཀ་ལ་མགོ་ཅུང་ཟད་རྒུ། མིག་སྣ་རྩེར་དབབ། ལྕེ་རྐན་ལ་སྦྱར། སོ་དང་མཆུ་མཉམ་པར་སྦྱར་རོ། །དེ་དག་ཀྱང་ན་སོ་རྒན་པ་དང་། ནམ་ཟླ་སྟོན་དཔྱིད་དང་། ནད་ཁྲག་མཁྲིས་དང་། དྲོ་
༣༣༧བ་དང་། ཚ་བ་ཤས་ཆེ་བའི་དུས་ཐམས་ཅད་དུ་གཙོར་སྐྱིལ་ཀྲུང་བྱ། གཞོན་པ་དང་། ནམ་ཟླ་དགུན་དང་། །ནད་གྲང་བ་དང་། བད་ཀན་ཤས་ཆེ་བ་དང་། གྲང་བ་ཐམས་ཅད་དུ་ཙོག་པུ་ལ་བསླབ་པོ། །དེའང་ལུས་གནད་ལ་ཕབ་པས་རྩ་མི་འཁྲུགས། དེས་སེམས་གནས་པས་ཏིང་ངེ་འཛིན་རང་ཤུགས་ཀྱིས་སྐྱེ་སྟེ་ཁང་པ་རྩིགས་པའི་འགྲམ་དང་འདྲའོ། །ངག་གནད་ལ་དབབ་པ་ནི། མགྲིན་པ་མི་བདེ་བ་སངས་ཀྱིས་བར་དུ་སྣ་སྒོ་ནས་རླུང་དྲག་ཏུ་ཕྱིར་འབུད་པ་སྟེ་ཁང་པའི་མི་གཙང་བ་ཕྱག་དར་བྱེད་པ་དང་འདྲའོ། །སེམས་གནད་ལ་དབབ་པ་ནི། དར་ཅིག་སེམས་ལྷོད་གློད་ནས་འཇོག་པ་སྟེ་རྟ་བང་འདོན་ཁར་དབུགས་འདོན་པ་དང་འདྲའོ། །གཉིས་པ་སྒོམ་པ་ལ་གསུམ་ལས། དང་པོ་བསགས་པའི་ལས་ཐམས་ཅད་གཞན་དོན་དུ་འགྱུར་བ་དང་། ཐེག་པ་ཆེན་པོའ་ལམ་དུ་སྒྲུབ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་བདག་གིས་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཏིང་ངེ་འཛིན་བསྒོམ་སྙམ་དུ་བསམ་པའོ། །གཉིས་པ་ཚོགས་རྫོགས་པའི་ཡན་ལག་ཏུ་བླ་མ་བསྒོམ་པ་ནི། སྤྱི་བོར་པད་ཟླ་ཉི་མའི་སྟེང་དུ་བླ་མ་བསྒོམས་ལ་མོས་གུས་དྲག་ཏུ་བྱས་ཤིང་། བདག་གི་རྒྱུད་ལ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཐག་པ་ནས་ཡང་དང་ཡང་དུ་གསོལ་བ་གདབ། མཐར་མོས་གུས་བྱས་ལ་བླ་མ་སྤྱི་བོར་བསྟིམ་མོ། །གསུམ་པ་ཐ་མལ་གྱི་རྟོག་པ་སྤང་བའི་དོན་དུ་ལྷ་བསྒོམ་པ་ནི། ཧཱུྃ་ཞེས་བརྗོད་པས་སྲུང་བའི་འཁོར་ལོ་དང་། ཡང་ཧཱུྃ་ཞེས་བརྗོད་པས་དལ་རྒྱས་པའམ། ཧེ་རུ་ཀ་ཕྱག་གཉིས་པ་གང་རུང་བསྒོམས་ལ་ལུས་ལ་བར་ཆད་མི་འཇུག་པར་བྱ་བའི་ཕྱིར་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། ངག་ལ་བར་ཆད་མི་འཇུག་པར་བྱ་བའི་ཕྱིར་
༣༣༨མགྲིན་པར་པདྨ་ལ་ཨཱཿདམར་པོ། ཡིད་ལ་བར་ཆད་མི་འཇུག་པར་བྱ་བའི་ཕྱིར་སྙིང་གར་ཉི་མ་ལ་ཧཱུྃ་ནག་པོ་བསམས་ལ། ངག་ཏུ་ༀ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད་དེ་གསལ་བཏབ་པས་བར་ཆད་བསྲུང་ངོ་། །སྦྱང་བ་གསུམ། གནད་ལ་དབབ་པ་གསུམ། སྒོམ་པ་གསུམ་སྟེ་བསམ་གཏན་གྱི་ཡན་ལག་དགུ་པོ་དེ་ནི་བསམ་གཏན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་ནོ། །གཉིས་པ་ལམ་གྱི་དངོས་གཞི་ལ། སྣང་བ་གསུམ་གྱིས་དཀྲི་བ་དང་། གཞུང་ཐམས་ཅད་རྒྱུད་གསུམ་དུ་འདུ་བས་རྒྱུད་གསུམ་གྱིས་དཀྲི་བ་དང་གཉིས་ཀྱི་དང་པོ་ལ་མ་དག་པའི་སྣང་བ་ཉམས་ཀྱི་སྣང་བ་དག་པའི་སྣང་བས་དཀྲི་བ་གསུམ་གྱི་དང་པོ་ནི། རྡོ་རྗེའི་ཚིག་རྐང་ལས། སེམས་ཅན་ལ། ཞེས་གསུངས་པས། སེམས་ཅན་གྱི་ཁམས་ལ་བརྟགས་པས་འཁོར་བའི་ཉེས་དམིགས་ཤེས་པས་ཐོག་མར་འཁོར་བའི་ཉེས་དམིགས་བསམ་པ་དང་། ཉོན་མོངས་པ་ལ། ཞེས་པས་ཉོན་མོངས་པ་དུག་གསུམ་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པས་ངན་སོང་གསུམ་དུ་ཁྲིད་ལ། དེ་ལས་ཐར་བའི་དལ་འབྱོར་ནི་རྙེད་པར་དཀའ་བས། དེ་ནས་དལ་འབྱོར་རྙེད་དཀའ་བསྒོམ་པ་དང་། མ་དག་པའི་སྣང་བ་ཞེས་པས་མ་དག་པ་འཁྲུལ་སྣང་ལ་བརྟེན་ནས་ལས་སགས་པས། དེ་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་བསྒོམ་པ་དང་གསུམ་གྱི་དང་པོ་ནི། འཁོར་བ་པའི་སྡུག་བསྔལ་གྱི་རྣམ་པ་བསམ་གྱིས་མི་ཁྱབ་ཀྱང་། རིགས་བསྡུ་ན་སྡུག་བསྔལ་གསུམ་དུ་འདུས་པས་དུཿཁ་གྱི་དང་། འགྱུར་བའི་དང་། འདུ་བྱེད་ཀྱི་སྡུག་བསྔལ་སྒོམ་པ་གསུམ་གྱི་དང་པོ་ལ་དམྱལ་བ། ཡི་དགས། དུད་འགྲོའི་སྡུག་བསྔལ་བསམ་པ་གསུམ་གྱི་དང་པོ་ལ། ཚ་དམྱལ། གྲང་དམྱལ། ཉི་ཚེ་ཉི་འཁོར་གྱི་བསམ་པ་གསུམ་གྱི་དང་པོ་ནི། བཤེས་སྤྲིང་དུ། སེམས་ཅན་ཉེས་པར་སྤྱད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །བསྡུས་
༣༣༩འཇོམས་ངུ་འབོད་མནར་མེད་ལ་སོགས་པ། །དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་གྱུར། །ཞེས་པ་ལྟར། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་པ་རྣམས་ཀྱི་སྡུག་བསྔལ་བཟོད་བླག་མེད་དེ། ཡང་སོས་པ་རྣམས་ཕན་ཚུན་དགྲ་མི་ཤ་བོའ་འདུ་ཤེས་ཀྱིས་ལག་ཏུ་གང་བླངས་པ་མཚོན་ཆར་གྱུར་ཏེ་གཅིག་ལ་གཅིག་བརྡེག་པས་སྲོག་ཆད་པ་དང་། རླུང་གྲང་མོ་ལངས་པའམ། ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲས་ལུས་སྔར་བཞིན་དུ་སོས་པ་དང་། ཡང་གཅིག་ལ་གཅིག་རྡེག་པ་ལ་སོགས་པ་སྔ་མ་བཞིན་དུ་བྱེད་པས་སྡུག་བསྔལ་ལོ། །ཐིག་ནག་ནི། དམྱལ་བ་པའི་ལུས་ལ་ཐིག་བཞིའམ་བརྒྱད་ལ་སོགས་པ་བཏབ་སྟེ། དེའི་སྟེང་ནས་སྤྱི་གཙུག་ནས་རྐང་མཐིལ་བར་དུ་སོག་ལེས་འདྲ་བ་དང་། སྟ་རེས་གཅོད་ཅིང་དེའི་ཚེའང་ལུས་ཀྱི་སྨད་གཏུབས་པ་དང་། སྟོད་ཀྱི་རྨ་རྣམས་འཚོ་ཞིང་སྟོད་གཞོགས་པ་ན་སྨད་ཀྱི་རྨ་འདྲུབ་ཅིང་དེ་ལྟ་བུའི་སྡུག་བསྔལ་ལས་མ་ཟད་བར་དུ་མྱོང་ངོ་། །བསྡུས་འཇོམས་ནི། རི་ལུག་དང་། ར་དང་། རྟའི་གདོང་པ་ཅན་ལ་སོགས་པའི་བར་དུ་དམྱལ་སྲུང་རྣམས་ཀྱིས་དམྱལ་བ་བའི་སེམས་ཅན་རྣམས་བཙངས་པ་དང་རི་གཉིས་འདུས་ཏེ་ཏིལ་མར་བཞིན་དུ་འཚིར་ཞིང་ཕྱེ་མར་བྱེད་ལ་ཡང་རི་གཉིས་ཕྱིར་གྱེད་པ་དང་ལུས་སྔར་བཞིན་དུ་གྱུར་ནས། ཡང་ཕྱེ་མར་བྱེད་པའི་སྡུག་བསྔལ་མྱོང་ངོ་། །ངུ་འབོད་ནི། ཁང་པ་ཞིག་ཏུ་ཕྱིན་པ་ན་ལས་ཀྱི་དབང་གིས་ལྕགས་ཁང་སྒོ་མེད་དུ་གྱུར་ནས་དེའི་ནང་མེ་འབར་བས་བསྲེགས་ཏེ་ཤིན་ཏུ་ཉེན་པས་ངུ་ཞིང་ཆོ་ངེས་འདེབས་པའི་སྡུག་བསྔལ་མྱོང་ངོ་། །ངུ་འབོད་ཆེན་པོ་ནི། ལྕགས་ཁང་ཉིས་རིམ་མེ་འབར་བས་བསྲེགས་པས་ཆེར་ངུས་ཤིང་ཆོ་ངེས་འདེབས་པའི་སྡུག་བསྔལ་མྱོང་ངོ་། །ཚ་བ་ནི། ལྕགས་ཀྱི་
༣༤༠གསལ་ཤིང་མེ་འབར་བས་གཤང་ལམ་ནས་སྤྱི་བོའ་བར་ཐལ་བྱུང་དུ་ཕུག་ནས། བུ་ག་རྣམས་ནས་དུ་བ་འཐུལ་བ་དང་མེ་འབར་བ་ལ་སོགས་པའི་སྡུག་བསྔལ་མྱོང་ངོ་། །རབ་ཏུ་ཚ་བ་ནི། ལྕགས་གྱི་གསལ་ཤིང་མེ་འབར་བ་རྩེ་གསུམ་ཡོད་པས་དཔུང་པ་གཉིས་དང་སྤྱི་བོར་ཕུག་ནས་ལུས་ཀྱི་ནང་མེར་འབར་ཏེ་མགྲིན་པ་དང་ཁ་ནས་མེ་ལྕེ་འབར་བ་དུ་བ་དང་བཅས་པ་བཏུད་མར་འབྱུང་ཞིང་ལྟོ་བ་གས་ནས་ནང་ཁྲོལ་རྣམས་ལུག་པ་ལ་སོགས་པའི་སྡུག་བསྔལ་མྱོང་ངོ་། །མནར་མེད་ནི། ཕྱོགས་བཞི་སྟེང་འོག་ནས་མེ་འབར་བས་དམྱལ་བའི་ལུས་མ་དང་ཐ་མི་དད་གྱུར་ནས་སྲེག་པའི་སྡུག་བསྔལ་མྱོང་ལ་དེ་ན་སེམས་ཅན་ཡོད་པ་ཡང་ཉམ་ཐག་པའི་སྐད་འབྱིན་པ་ལས་རྗེས་སུ་དཔོག་པ་མ་གཏོགས་རྣམ་དབྱེ་ཐ་དད་དུ་མཚོན་པར་མི་ནུས་ལ། གཞན་ཡང་ལྕགས་ཞིབ་ཏུ་འདགས་མ་མེ་འབར་བ་དང་ལྷན་ཅིག་ཏུ་བཀྲབ་པ་དང་། ལྕགས་ཀྱི་སྣོད་དུ་འབྲུ་མར་མེ་འབར་བའི་ནང་དུ་འཚོད་པ་དང་། ལྕགས་ཀྱི་ཐང་མེ་འབར་བར་ལྕེ་བརྒྱངས་ནས་ཕུར་པས་འདེབས་པ་དང་། ཁྲོ་ཆུ་བཞུས་པའི་ཁུ་བ་ལྡུད་པ་དང་། བྱེ་མ་མེ་སྟགས་འཕྲོ་བའི་ས་གཞིར་འགྲོར་འཇུག་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་སྟེ། དམྱལ་བ་ཕྱི་མ་ཕྱི་མ་རྣམས་ལ་སྔ་མ་སྔ་མའི་སྡུག་བསྔལ་དེ་སྙེད་འབྱུང་བའི་སྟེང་དུ་རང་རང་གི་སྡུག་བསྔལ་ཡ་ཐོན་དུ་མྱོང་ལ། དེ་དག་ཡུན་ཇི་སྲིད་གཅིག་ཏུ་ཉམས་སུ་མྱོང་ན། མཛོད་དུ། མི་རྣམས་ལོ་ནི་ལྔ་བཅུ་ན། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པར་ཞེས་འབྱུང་བས་རྒྱལ་ཆེན་རིགས་བཞི་པས་མི་ལོ་ལྔ་བཅུ་ལ་ཞག་རེར་བྱས་
༣༤༡པའི་ལོ་ལྔ་བརྒྱ། སུམ་ཅུ་རྩ་གསུམ་པས་མི་ལོ་བརྒྱ་ལ་ཞག་རེར་བྱས་པའི་ལོ་སྟོང་། འཐབ་བྲལ་བས་ཉིས་བརྒྱ་ལ་ཞག་རེར་བྱས་པའི་ལོ་ཉིས་སྟོང་། དགའ་ལྡན་པས་བཞི་བརྒྱ་ལ་ཞག་རེར་བྱས་པའི་ལོ་བཞི་སྟོང་། འཕྲུལ་དགའ་བས་བརྒྱད་བརྒྱ་ལ་ཞག་རེར་བྱས་པའི་བརྒྱད་སྟོང་། གཞན་འཕྲུལ་དབང་བྱེད་པས་མི་ལོ་སྟོང་དྲུག་བརྒྱ་ལ་ཞག་རེར་བྱས་པའི་ལོ་ཁྲི་དྲུག་སྟོང་ཐུབ་ཅིང་། ལྷ་དེ་རྣམས་ཀྱི་ཚེ་ལ་ཞག་རེར་བྱས་པའི་ལོ་གྲངས་དེ་སྙེད་རེ་ཡང་སོས་ལ་སོགས་པ་དྲུག་གིས་རིམ་པ་ལྟར་ཐུབ་ལ། རབ་ཏུ་ཚ་བས་བར་བསྐལ་ཕྱེད། མནར་མེད་ཀྱིས་བར་བསྐལ་གཅིག་ཐུབ་བོ། །གྲང་དམྱལ་ལ། ཆུ་བུར་ཅན། ཆུ་བུར་རྡོལ་བ་ཅན། ཨ་ཆུ་ཟེར་བ། ཀྱི་ཧུད་ཟེར་བ། སོ་ཐམ་ཐམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་སྟེ་བརྒྱད་ཡོད་ལ། འདི་རྣམས་ཚ་དམྱལ་རྣམས་ཀྱི་ཐད་ཀ་ན་ཡོད་ཅིང་སྡུག་བསྔལ་གྱི་ཁྱད་པར་ཡང་། དང་པོ་ལ་ཁང་ཁྱིམ་དང་གོས་ཉི་མ་ལ་སོགས་པ་དྲོ་བའི་རྐྱེན་མེད་གངས་རི་ཆེན་པོའ་ཁྲོད་ན་འདུག་ཅིང་། རླུང་དང་བུ་ཡུག་གྲང་བས་བཏབ་སྟེ་ཉེན་པས་ལུས་ཆུ་བུར་གྱིས་གང་བར་གྱུར་བའི་སྡུག་བསྔལ་མྱོང་ངོ་། །གཉིས་པ་ནི། གྲང་དྲག་པས་ཆུ་བུར་ཡང་རྡོལ་ཏེ་དེའི་ནང་ནས་སྐྱེས་པའི་ལྕགས་ཀྱི་འབུ་མཆུ་རྣོན་གྱིས་པགས་པ་འདྲལ་ཏེ། དེ་ནས་ཁྲག་དང་ཆུ་སེར་འཛག་པའི་སྡུག་བསྔལ་མྱོང་ངོ་། །གསུམ་པ་ནི། གྲང་བས་ཉེན་ནས་བསྲན་མ་བཟོད་པར་ཨ་ཆུ་ཟེར་བའི་སྐད་དྲག་པོས་ཆོ་ངེས་འདེབས་པའོ། །བཞི་པ་ནི། གྲང་བས་ཉེན་ནས་ལུས་སེམས་འབྲལ་བ་ལྟར་གྱུར་ཅིང་མིག་སྣ་ནས་ཆུ་སེར་འཛག་ཅིང་ལྐོག་མ་སྐམས་ཏེ་སྐད་ཤིབ་ཤིབ་པོས་ཀྱི་ཧུད་ཟེར་བའི་སྨྲེ་སྔགས་འདོན་པའི་སྡུག་བསྔལ་མྱོང་ངོ་། །ལྔ་པ་ནི། གྲང་དྲག་པས་སྐད་ཀྱང་
༣༤༢མི་ཐོན་པར་ཤིན་ཏུ་ཉེན་ནས་ཀོས་ཐག་ཐག་སོ་ཏམ་ཏམ་བྱེད་པའི་སྡུག་བསྔལ་དང་། དྲུག་པ་ནི། དེ་བས་ཀྱང་ཉེན་པས་ལྷགས་པའི་ཤུགས་ཀྱིས་ལུས་སྔོན་པོར་གྱུར་ཏེ་ཁ་ལྔའམ་དྲུག་ཏུ་གྱེས་པའི་སྡུག་བསྔལ་དང་། བདུན་པ་ནི། དེ་བས་ཀྱང་ཆེར་ལྷགས་པས་གདུངས་པས་པགས་པའི་མདོག་དམར་པོ་ཁྲག་ཟད་ལ་ཁད་པར་འགྱུར་ཏེ། ཚལ་པ་བརྒྱད་དམ་བཅུར་གྱེས་པའི་སྡུག་བསྔལ་དང་། བརྒྱད་པ་ནི། དེ་བས་ཀྱང་གྲང་བས་པགས་པ་ཤུས་ཏེ་དམར་པོར་གྱུར་པ་ཁ་བརྒྱའམ་སྟོང་ལ་སོགས་པར་གས་ནས་དེ་དག་ལས་ཞག་ཆུ་སེར་རྐང་མར་ལ་སོགས་པ་འཛག་པའི་སྡུག་བསྔལ་མྱོང་སྟེ། སློབ་སྤྲིང་དུ། ལྷགས་པ་དཔེ་མེད་རུས་པ་ལ་ཡང་ཐིམ་པ་ཡིས། །ལུས་བྲེད་འདར་ཤིང་བསྐུར་བ་ཀུམ་ཀུམ་པོར་འདུག་པ། །ཆུ་བུར་བརྒྱ་བྱུང་བ་རྡོལ་བ་ལས་བྱུང་སྲོག་ཆགས་ཀྱིས། །རལ་གྲིས་དབང་ནས་ཞག་དང་ཆུ་སེར་རྐང་བཅས་འཛག །ཀོས་ཐག་སོ་འཐམས་སྐྲ་དང་སྤུ་རྣམས་མེད་གྱུར་པ། །མིག་དང་རྣ་བ་ལྐོག་མ་གནོད་པས་ཀུན་གཟིངས་ཤིང་། །ལུས་དང་སེམས་ཀྱི་བར་དག་རབ་ཏུ་གླང་གྱུར་ནས། །གྲང་བའི་དམྱལ་བར་གནས་ཤིང་ཤིན་ཏུ་འོ་དོད་འབོད། །ཅེས་སོ། །དེ་དག་གི་ཚེའི་ཚད་ཀྱང་། མཛོད་དུ། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །ཞེས་པའི་འགྲེལ་པར། བཅོམ་ལྡན་འདས་ཀྱིས་དེ་དག་གི་ཚེའི་ཚད་དཔེ་ཙམ་དུ། དགེ་སློང་དག །དཔེར་ན་འདི་ན་ཡུལ་མ་ག་དྷའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་པ་ཞིག་ཏིལ་གྱིས་ཕྱུར་བུར་བཀང་ཏེ། དེ་ནས་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་འདས་ཤིང་ཏིལ་རེ་རེ་བོར་ན། དགེ་སློང་དག་རིམ་པ་དེས་ན་ཡུལ་མ་ག་ཏའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་པོ་དེ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་བ་ནི་ཆེས་མྱུར་གྱི། ཆུ་བུར་ཅན་དུ་སྐྱེས་པའི་ཚེ་ཡོངས་སུ་གཏུགས་པར་ནི་ང་མི་སྨྲའོ་ཞེས་པའི་མདོ་དྲངས་ཤིང་།
༣༤༣གཞན་ཕྱི་མ་ཕྱི་མ་རྣམས་ཉི་ཤུ་འགྱུར་དུ་འགྲེས་པ་ཐུབ་པར་བཤད་དོ། །ཉེ་ཚེ་ཉི་འཁོར་གྱི་སྡུག་བསྔལ་བསམས་པ་ནི། ཚ་དམྱལ་བརྒྱད་ཀྱི་ཕྱོགས་བཞི་ན། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིའི་ཐང་། རལ་གྲི་ལོ་མའི་ནགས་ཚལ། ཤལ་མ་རིའི་སྡོང་པོ་ལ་སོགས་པའི་མཚོན་ཆ་དང་། ཆུ་ཀླུང་རབ་མེད་རྣམས་སུ་ཚ་བའི་དམྱལ་བ་པ་རྣམས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་སྟེ། མཛོད་དུ། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་སོ། །སྡུག་བསྔལ་ཇི་ལྟ་བུ་མྱོང་ན། ཚ་བའི་དམྱལ་བ་པ་རྣམས་ཀྱི་ཚ་དམྱལ་དངོས་གཞི་ལས་ཐར་ནས་ཕྱོགས་གཞན་དུ་ཕྱིན་པ་དང་། མེ་མ་མུར་གྱིས་གང་བའི་འོབས་ནང་དུ་ལྷུང་ནས་རྐང་པ་མནན་པ་ན་ཤ་ཐམས་ཅད་ཚིག་ནས་རུས་པར་འགྱུར་ཞིང་། བཏེགས་པ་ན་སོས་ལ། ཡང་བཞག་པ་ན་འཚིག་སྟེ་དེ་ལྟ་བུས་ཡུན་དུ་གནས་སོ། །དེ་ནས་ཐར་བ་ན་ཕྱི་སའི་འདམ་རུལ་པ་དྲི་ང་བས་གང་བའི་རོ་མྱགས་ཀྱི་འདམ་དུ་བྱིང་སྟེ་འབུ་ལྕགས་ཀྱི་མཆུ་ཅན་གྱིས་ཟ་བས་སྡུག་བསྔལ་ལོ། །དེ་ལས་ཐར་བ་དང་སྤུ་གྲིའི་སོ་རྣོན་བལྟམས་པའི་ཐང་ལ་ཕྱིན་ཏེ་རྐང་པས་མནན་པ་ན་དུམ་བུར་བྱེད་ཅིང་བཏེགས་པ་ན་སོས་པར་འགྱུར་ལ། དེ་ནས་ཐར་ནས་ལྗོན་ཤིང་ཡིད་དུ་འོང་བར་སྣང་བའི་དྲུང་དུ་ཐང་ཆད་ནས་རྒྱུག་པ་དང་། ལོ་མ་རྣམས་མཚོན་ཆར་གྱུར་པ་ལྷུང་ནས་ལུས་གཅོད་པའི་སྡུག་བསྔལ་མྱོང་ལ། དེ་ནས་ཐར་པ་དང་ལྕགས་ཀྱི་ཁྱི་དང་བོང་བུ་ལྕེ་སྤྱང་ལ་སོགས་པས་དེད་ནས་བྲེད་དེ་ཤལ་མ་རིའི་རྩེར་མཐོང་བ་ན་མྱུར་ཏུ་འཛེགས་པས་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་པ་ཁ་ཐུར་དུ་བལྟས་པས་ལུས་དབང་ཅིང་ཁོང་དུ་ནུབ་པས་སྡུག་བསྔལ་ཏེ་རྩེ་མོར་ཕྱིན་པ་དང་། ཁྭ་ཏ་དང་། བྱ་དཀར་དང་། རྒོད་ལྕགས་ཀྱི་མཆུ་ཅན་གྱིས་མིག་དག་འདྲུ་ཞིང་ཤ་འཐོག་པ་རྣམས་ཉམ་ཐག་
༣༤༤པས་བར་འབྱིན་ཞིང་། ཐུར་དུ་བབ་པ་ན་ཚེར་མ་རྣམས་ཁ་གྱེན་དུ་བལྟས་ཏེ་ལུས་ཕུག་སྟེ་དྲན་པ་ཉམས་པ་ལ་སོགས་པའི་སྡུག་བསྔལ་མྱོང་ལ། དེ་ལས་ཐར་བ་དང་། ཐལ་སྐྱོ་མེ་འབར་བས་གང་བའི་ཆུ་བོ་རབ་མེད་དུ་དམྱལ་སྲུང་གིས་བཏབ་སྟེ་དེར་ཡུན་རིང་དུ་སྡུག་བསྔལ་ལོ། །མདོར་ན་དེ་དག་ཏུ་སྐྱེ་བའི་ཐབས་མི་འདུག་པས་མི་སྐྱེ་བའི་ཐབས་ལ་འབད། ཐབས་ཀྱང་ལམ་ཉམས་སུ་ལེན་པ་ཡིན་ལ། ལམ་རྣམས་ཀྱི་ནང་ནས་ཀྱང་མཆོག་ལམ་འབྲས་བུ་དང་བཅས་པའི་གདམས་ངག་འདི་ཉིད་ཡིན་པས་འདི་ཉིད་རྩེ་གཅིག་ཏུ་ཉམས་སུ་བླང་སྙམ་དུ་བསམ། དེ་ལྟར་བསྒོམས་པས་ལུས་སེམས་ཀྱི་ཤུགས་ཆད་པ་དང་ཁོང་ཀློད་ལ་བཞག་གོ །གཉིས་པ་ཡི་དྭགས་ཀྱི་དུཿཁ་བསམ་པ་ནི། དམྱལ་བ་ལས་ཐར་ནས་གཤིན་རྗེའི་འཇིག་རྟེན་དུ་སྐྱེས་ན་ཡང་དུཿཁ་དཔག་ཏུ་མེད་དེ། འདི་ལ་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་གསུམ་གྱི་དང་པོས་ཟས་སྐོམ་ཅི་མཐོང་བ་ཐམས་ཅད་རྣག་ཁྲག་ལ་སོགས་མི་གཙང་བས་གང་བའི་ཆུ་དང་། མ་ལ་ཡའི་ཚལ། ཡང་ནགས་བསྲེགས་པའི་ཚལ་ལ་སོགས་པ་ཕྱིན་ཅི་ལོག་འབའ་ཞིག་ཏུ་སྣང་སྟེ། སློབ་སྤྲིང་དུ། ཤིན་ཏུ་མི་བཟད་ལས་ཡོངས་སྨིན་པས་རྣམ་རྨོངས་པ། །འདི་ལ་སྣ་ཚོགས་འདི་ཀུན་ཕྱིན་ཅི་ལོག་ཏུ་སྣང་། །ཞེས་སོ། །གཉིས་པ་ནི། ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་ཙམ་འཇིགས་པའི། །ལྟོ་ཆེན་ཉམ་ཐག་རྒྱ་མཚོ་ཆེན་པོའ་ཆུ་འཐུངས་ཀྱང་། །མགུལ་ཕུག་ཡངས་པ་ཉིད་དུ་ཕྱིན་པར་མི་འགྱུར་པ། །ཁ་ཡི་དུག་གིས་ཆུ་ཐིགས་པའང་སྐོམ་པར་འགྱུར། །ཞེས་པ་ལྟར་དུཿཁ་མྱོང་ལ། གསུམ་པས་ནི། བཤེས་སྤྲིང་དུ། ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། ཟས་སུ་འབར་བའི་ཁར་འབབ་བྱེ་མ་འཚལ། ཞེས་པ་ལྟར་ཟས་ཅི་མྱོང་བ་ཐམས་ཅད་མེ་འབར་བར་གྱུར་ནས་རྒྱུ་ལྟོ་ལ་སོགས་པ་ཚིག་པའི་དུཿཁ་ལ་སོགས་དུ་མ་མྱོང་སྟེ། དེ་དག་ཀྱང་ཟླ་བ་ལ་ཞག་ཏུ་བརྩིས་པའི་ལོ་བརྒྱ་ཐུབ་སྟེ། མཛོད་དུ། ཡི་དྭགས་རྣམས་
༣༤༥ཟླ་བ་ཉིན་ཞག་གི་ལྔ་བརྒྱ། ཞེས་པ་ལྟར་དུཿཁ་སྟེ། དེར་སྐྱེ་བའི་ཐབས་མེད་པས་སྔ་མ་བཞིན་བསམ་མོ། །གསུམ་པ་དུད་འགྲོའི་དུཿཁ་བསམ་པ་ནི། དུད་འགྲོ་ལ་གཉིས་ལས། བྱིང་ན་གནས་པ་རྒྱ་མཚོ་དང་གླིང་བར་གྱི་མུན་པ་ན་ཡོད་ལ། ཁ་འཐོར་བ་ནི། ལྷ་དང་མའི་གནས་ན་ཡོད་དེ། དེ་དག་ལའང་བཤེས་སྤྲིང་དུ། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང་། །བཅིངས་དང་བརྡེག་སོགས་དུཿཁ་སྣ་ཚོགས་དང་། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་བཟའ་ཤིན་ཏུ་མི་བཟད་པ། །ཁ་གཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྔོག་པ་ལག་པ་དང་། །ལྕགས་དང་ལྕགས་ཀྱུས་གདབ་པས་བཏབ་སྟེ་བཀོལ། །ཞེས་སོ། །དེ་དག་གི་ཚེ་ཚད་ཀྱང་། དུད་འགྲོ་རྣམས་མཆོག་རིང་བསྐལ་པའོ། །ཞེས་མཛོད་དུ་གསུངས་པ་ལྟར་དུཿཁ་སྟེ། དེར་སྐྱེ་བའི་ཐབས་མེད་པ་སྔ་མ་བཞིན་བསམ་མོ། །གཉིས་པ་འགྱུར་བའི་དུཿཁ་བསམ་པ་ལ་གཉིས་ཀྱི་སྤྱིར་ཐུན་མོང་དུ་འགྱུར་བའི་དུཿཁ་བསམ་པ་ནི། འཁོར་བའི་བདེ་བ་ཇི་ཙམ་ཐོབ་ཀྱང་མི་བརྟན་པས། སླར་དེ་དང་བྲལ་ནས་དུཿཁ་དུ་མ་མྱོང་དགོས་པའི་ཕྱིར་སྙིང་པོ་མེད་དེ། བརྒྱ་བྱིན་དུ་སྐྱེས་ནས་སླར་ས་སྟེང་དུ་ལྷུང་སྟེ་དུཿཁ་ལང་ལས་ནུ་ལྟ་བུ་དང་། འཁོར་ལོས་སྒྱུར་བར་སྐྱེས་ནས་ཀུན་གྱི་ཐ་མར་སྐྱེ་བ་དང་། འདོད་གཟུགས་ཀྱི་ལྷའི་བདེ་བ་ཐོབ་ནས་དམྱལ་བར་སྐྱེ་བ་དང་། ཉི་ཟླར་སྐྱེས་ནས་ཀྱང་མུན་པར་འཇུག་པ་ལ་སོགས་པ་འགྱུར་བའི་དུཿཁ་དཔག་ཏུ་མེད་དེ། བཤེས་སྤྲིང་དུ། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་དང་། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་
༣༤༦ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །དུཿཁ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཉི་མ་ཟླ་བ་ཐོབ་ནས་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་དེའང་མཐོང་མི་འགྱུར། །ཞེས་པ་ལྟར་དེར་སྐྱེ་བའི་ཐབས་མེད་པ་སོགས་སྔ་མ་བཞིན་ནོ། །གཉིས་པ་བྱེ་བྲག་ཏུ་མིའི་འགྱུར་བའི་དུཿཁ་བསམ་པ་ནི། སྤྱིར་འཁོར་བ་ན་འགྱུར་བའི་དུཿཁ་དེ་ལྟ་བུ་ཡོད་ཀྱང་མངོན་དུ་མ་གྱུར་པས་ཡིད་མི་ཆེས་སུ་ཆུག་ནའང་། སྒོས་སུ་མི་ལ་ལེགས་པར་བརྟགས་ན་ཕྱུགས་པོ་སྤྲང་པོར་འགྲོ་བ་དང་། ཁ་དྲག་པོ་ཞན་པོར་སོང་བ། དགྲར་གྱུར་པ་བཤེས་དང་། བཤེས་སུ་གྱུར་པ་དགྲར་སོང་བ་ལ་སོགས་པ་ཡུལ་མི་དང་ཉེ་འབྲེལ་དང་། རྒྱལ་ཁམས་ཀྱི་མི་ལ་བལྟས་པས་སྔར་གྱི་ས་ན་མེད་པར་རིམ་པ་བཞིན་འགྱུར་ནས་འགྲོ་སྟེ། མདོར་ན་བསགས་པ་ཀུན་གྱི་མཐར་འཛད་ཅིང་། །མཐོན་པོའ་མཐའ་ནི་དམའ་བ་ཡིན། །འདུས་པའི་མཐའ་ནི་འབྲལ་བ་ཡིན། །ཞེས་པ་ལྟར་དེར་སྐྱེ་བའི་ཐབས་མེད་པ་སོགས་སྔ་མ་བཞིན་ནོ། །གསུམ་པ་འདུ་བྱེད་ཀྱི་དུཿཁ་བསམ་པ་ནི། འཁོར་བར་དུཿཁ་སྤངས་ཏེ་བདེ་བ་བསྒྲུབ་པའི་ཆེད་དུ་ལོངས་སྤྱོད་དང་འཁོར་འདབ་བསྒྲུབ་པའི་བྱ་བ་ལ་འབད་དོ་སྙམ། འདོད་པ་ལ་ཆོག་མི་ཤེས་པས་གཅིག་གྲུབ་ཀྱང་གཞན་དང་གཞན་ཡང་དོན་དུ་གཉེར་བས་རྒས་རྒས་ཤི་ཤི་ལས་བྱས་ཀྱང་ཚིམས་པ་མེད་ལ་ཚེ་རབས་བརྒྱུད་མར་ལས་བྱས་སུ་ཟིན་ཡང་། ལས་ལ་ཟིན་པ་ངང་ཚིམ་པ་མེད་དེ། བཞི་བརྒྱ་པར། ལས་ནི་འབད་པས་བྱེད་འགྱུར་ཞིང་། །བྱས་ཟིན་འབད་པ་མེད་པར་འཇིག །དེ་ལྟར་གྱུར་ཀྱང་ཆོས་ལ་ཀོ །ལས་ལ་ཆགས་བྲལ་འགའ་ཡོད་མིན། །ཞེས་སོ། །དེར་སྐྱེ་བའི་ཐབས་མེད་པ་སོགས་སྔ་མ་བཞིན་ཏེ། དེ་ལྟར་བསམ་པས་འགྲོ་བ་
༣༤༧གང་དུ་སྐྱེས་ཀྱང་སྐྱིད་མེད་པའི་བསམས་པ་ལ་ཐག་ཆོད་ན་ཅི་བྱས་ཆོས་སུ་འགྲོ་བ་ཡིན་ནོ། །གཉིས་པ་དལ་འབྱོར་རྙེད་དཀའ་བ། ཕན་འདོགས་ཆེ་བ། ཡུན་རིང་དུ་མི་གནས་པ་བསམ་པ་གསུམ་གྱི་དང་པོ་ནི། དུཿཁ་ཅན་གྱི་འཁོར་བ་དེར་མི་སྐྱེ་བའི་ཐབས་ལ་འབད་དགོས་ཤིང་། དེ་སྒྲུབ་པའི་རྟེན་ཡང་དལ་འབྱོར་གྱི་ལུས་འདི་ཉིད་ཡིན་ལ། དལ་འབྱོར་ཡང་། བཤེས་སྤྲིང་དུ། །ལོག་པར་ལྟ་བ་འཛིན་པ་དུད་འགྲོ་ཉིད། ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་ཉིད། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམས་སྐྱོན་བརྒྱད་དོ། །ཞེས་པ་རྣམས་སྤངས་ཤིང་། མི་ཉིད་དང་། ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་ཚང་བ། གནས་ལ་དད་པ་སྟེ་འདུལ་བ་ལ་གུས་པ་དང་། ལས་མཐའ་མ་ལོག་པ་ནི་མཚམས་མེད་པ་ལྔ་རང་གིས་མ་བྱས་ཤིང་གཞན་བྱེད་དུ་མ་བཅུག་པ་སྟེ་རང་འབྱོར་ལྔ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུངས་པ། དེའི་བསྟན་པ་གནས་པ། བསྟན་པ་ལ་འཇུག་པ་གཞན་ཡང་ཡོད་པ། གཞན་གྱི་ཕྱིར་སྦྱིན་བདག་སོགས་རྗེས་སུ་སྙིང་བརྩེ་བའི་གཞན་འབྱོར་ལྔ་ནི། འབྱོར་པ་བཅུ་དང་ལྡན་པའོ། །འདི་ཉིད་ཤིན་ཏུ་རྙེད་དཀའ་སྟེ། སྤྱོད་འཇུག་ཏུ། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུ་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་སོ། །རྙེད་དཀའ་བའི་རྒྱུ་མཚན་ཡང་། སེམས་ཅན་གྱི་ཁམས་ལ་བལྟས་ན་ལུས་མ་ཐོབ་པ་བསམ་གྱིས་མི་ཁྱབ། ལུས་ཐོབ་པ་ལའང་མི་ལུས་མ་ཐོབ་པ་བསམ་གྱིས་མི་ཁྱབ། མི་ལུས་ཐོབ་པ་ལའང་དལ་འབྱོར་ཐོབ་པ་
༣༤༨སྲིད་པ་ཙམ་ཡིན་པས་སོ། །དེ་བས་རྙེད་དཀའ་བའི་དལ་འབྱོར་ཐོབ་པའི་དུས་འདིར་སྙིང་པོ་བླང་དགོས་ཤིང་དེའང་ལམ་ཉམས་སུ་ལེན་པ་ཉིད་ཡིན། ལམ་གྱི་མཆོག་ལམ་འབྲས་བུ་དང་བཅས་པའི་མན་ངག་འདི་རྩེ་གཅིག་ཏུ་ཉམས་སུ་བླང་བསམ་པའོ། །གཉིས་པ་ཕན་ཐོགས་ཆེ་བ་བསམ་པ་ནི། དལ་འབྱོར་རྙེད་དཀའ་ཡང་ཐོབ་པ་ལ་དགོས་པ་ཅི་ཡོད་སྙམ་ན་ཕན་ཡོན་ཤིན་ཏུ་ཆེ་སྟེ། དལ་འབྱོར་གྱི་ལུས་འདིས་ཚེ་ཕྱི་མའི་མཐོ་རིས། ཐེག་པ་འོག་མའི་མྱང་འདས། རྣམ་མཁྱེན་གྱི་སངས་རྒྱས་ཀྱང་སྒྲུབ་པར་ནུས་པས་ཤིན་ཏུ་ཕན་འདོགས་ཆེ་སྟེ། སློབ་སྤྲིང་དུ། བདེ་གཤེགས་ལམ་རྟེན་འགྲོ་བའི་འདྲེན་པར་ཆས་གྱུར་ཞིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་བསྒྲུབ། ཅེས་པ་ལྟར་རོ། །གསུམ་པ་ཡུན་དུ་མི་གནས་པ་བསམ་པ་ལ། ངེས་པར་འཆི་བ། ནམ་འཆི་ཆ་མེད་པ། འཆི་བ་ལ་ཅིས་ཀྱང་མི་ཕན་པ་བསམ་པ་དང་གསུམ་གྱི་དང་པོ་ནི། རྙེད་དཀའ་བའི་དལ་འབྱོར་དེ། རྟག་པའི་ཆོས་ཅན་ཡིན་པས་ཡུན་རིང་དུ་གནས་པའི་ཕྱིར་ལམ་སྒྲུབ་པ་ལ་རིངས་ཅི་དགོས་སྙམ་ན། དལ་འབྱོར་ལ་རྟག་པའི་དངོས་པོ་ཅུང་ཟད་ཀྱང་མེད་དེ། སྤྱོད་འཇུག་ཏུ། ཉིན་མཚན་སྡོད་པར་ཡོངས་མེད་པར། །ཚེ་ནི་རྟག་ཏུ་གུད་འགྱུར་ཞིང་། །བསྣོན་པའང་གུད་ནས་ཡོད་མེད་པས། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་པ་ལྟར། ངེས་པར་འཆི་བའི་ཆོས་ཅན་ཡིན་ཏེ། འགའ་ཞིག་ཕྱི་ནང་གི་འབྱུང་བ་འཁྲུགས་པས་འཆི། འགའ་ཞིག་ལོག་འདྲེན་གྱི་བགེགས་འཁྲུགས་པས་འཆི། །འགའ་ཞིག་སྐྱོབས་པའི་ལྷ་ལ་སོགས་པ་འཁྲུགས་པས་རྐྱེན་བྱས་ནས་འཆི་བས་ན་སེམས་ཅན་གྱི་རིགས་ལ་མཐར་མི་འཆི་བ་ཅུང་ཟད་ཀྱང་མེད་དོ། །གཉིས་པ་མཐར་འཆིའང་རེ་ཞིག་མི་འཆི་བར་གནས་པས་ད་ལྟ་ཉིད་དུ་དལ་འབྱོར་ལ་སྙིང་པོ་
༣༤༩བླང་ཅི་དགོས་སྙམ་ན། །སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་པ་ལྟར་ནམ་འཆི་ཆ་མེད་པས་ད་ལྟ་ཉིད་དུ་ལམ་ཉམས་སུ་བླང་དགོས་ཏེ། དེའི་རྒྱུ་མཚན་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་དང་། མི་མཐུན་པའི་ཕྱོགས་ཀྱི་རྐྱེན་མང་བ་དང་། མཐུན་པའི་རྐྱེན་དཀོན་པས་ནམ་འཆི་ཆ་མེད་དེ། མཛོད་དུ། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཅུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་རིན་ཆེན་ཕྲེང་བ་ལས་སོ། །གསུམ་པ་ནི་འཆི་བ་ན། ཚེ་འདིར་བསགས་པའི་ཟས་ནོར་དང་། བསྐྱངས་པའི་གཡོག་འཁོར་དང་མཛའ་བཤེས་ལ་སོགས་པ་རྣམས་ཀྱིས་ཕན་ཡོང་སྙམ་ན། ངེས་པར་འཆི་བའི་དུས་ལ་བབ་པའི་ཚེ་ཟས་ནོར་ལ་སོགས་པའི་རྫས་ཀྱིས་མི་བཟློག་སྔགས་ཀྱིས་མི་བཟློག །རྟེན་འབྲེལ་གྱིས་མི་བཟློག་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ན་བ་ནི་ནད་མེད་པ་འཇོམས་ཤིང་འང་། རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང་། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་། །འཆི་བ་ནི་སྲོག་འཇོམས་ཤིང་འོང་། དེ་དག་ལ་མགྱོགས་པས་འབྲོས་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་བྱ་སླ་བ་མ་ཡིན་ནོ་ཞེས་སོ། །གསུམ་པ་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྒོམ་པ་ནི། མི་དགེ་བ་དང་། དགེ་བ་དང་། ལུང་མ་བསྟན་གྱི་ལས་འབྲས་བསམ་པ་གསུམ་གྱི་དང་པོ་མི་དགེ་བའི་ལས་བསམ་པ་ནི། སྲོག་གཅོད། མ་བྱིན་ལེན། འདོད་ལོག་སྟེ་ལུས་ཀྱི་ལས་གསུམ་དང་། རྫུན། ཕྲ་མ། །ཚིག་རྩུབ། ངག་འཁྱལ་ཏེ་ངག་གི་ལས་བཞི་དང་། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་སྟེ་མི་དགེ་བཅུ་དང་། དེས་ཐོག་དྲངས་པའི་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ཐམས་ཅད་མི་དགེ་བ་སྟེ། འདོད་ཆགས་
༣༥༠ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་པ་ལྟར་རོ། །འབྲས་བུ་བསམ་པ་ནི། མཛོད་དུ། དུཿཁ་ཕྱིར་དང་གསད་ཕྱིར་དང་། །ཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། །ཞེས་པ་ལྟར། སྲོག་གཅོད་པས་གསད་བྱ་དུཿཁ་བསྐྱེད་པ་དང་། གསད་པ་དང་། གཟི་བྱིན་མེད་པར་བྱས་པས་རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ་དུ་དུཿཁ། རྒྱུ་མཐུན་གྱི་འབྲས་བུ་ལ། བྱེད་པ་རྒྱུ་མཐུན་གང་དུ་སྐྱེས་པར་སྲོག་གཅོད་པ་ལ་དགའ། མྱོང་བ་རྒྱུ་མཐུན་ཚེ་ཐུང་། བདག་པོའ་འབྲས་བུ་ཕྱི་ཡི་སྨན་གཟི་མཐུ་ཆུང་བར་འགྱུར་རོ། །དེ་བཞིན་དུ་མ་བྱིན་ལེན་སོགས་ལ་ཡང་འབྲས་བུ་གསུམ་གསུམ་འབྱུང་སྟེ་མི་དགེ་བ་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པས་རིམ་པ་ལྟར་ངན་སོང་གསུམ་དུ་དུཿཁ་རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ་ལས་གང་སྐྱེས་སུ་མི་དགེ་བ་དེ་དང་དེ་སྤྱོད་པ་ལ་འགའ་བ་བྱེད་པ་རྒྱུ་མཐུན་དང་། རིན་ཆེན་ཕྲེང་བར། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྲེད་པ་དགྲ་ཟླར་བཅས། །རྫུན་དུ་སྨྲ་བས་སྐུར་པ་མང་། །ཕྲ་མ་ཡིས་ནི་བཤེས་དང་དབྱེ། །ཚིག་རྩུབ་པོས་ནི་མི་སྙན་ཐོས། །མ་འབྲེལ་པས་ནི་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་པ་རྣམས་སོ། །བདག་པོའ་འབྲས་བུ་ནི། རིམ་པ་བཞིན། ཕྱི་རོལ་མཐུ་ཆུང་སེར་ཆར་མང་། །རྡུལ་འཁྲིགས་དྲི་ང་མཐོ་དམན་ཅན། །ཚ་སྒོ་ཅན་སོགས་དུས་ལོག་དང་། །འབྲས་བུ་ཕྲ་ཁ་ཆུང་བའམ་མེད། །ཅེས་པ་རྣམས་སོ། །གསུམ་པ་དེ་སྤང་བར་བསམ་པ་ནི། དེ་ལྟར་མི་དགེ་བ་ལས་འབྲས་བུ་དུཿཁ་འབྱུང་བར་འདུག་པས། དུས་རིང་བ་དེ་ནས་སངས་རྒྱས་མ་ཐོབ་ཀྱི་བར་དང་། ཇི་སྲིད་མ་ཤིའི་བར་དང་། ཐུང་བ་ཇི་སྲིད་སང་པ་ཙམ་གྱི་བར་ལ་སྒོ་གསུམ་གྱི་མི་དགེ་བ་སྐད་ཅིག་ཀྱང་མི་སྤྱད་བསམ་མོ། །གཉིས་པ་ལ་དགེ་བའི་ལས་བསམ་པ་ནི། གསད་བྱ་ནས་སྐུར་པ་གདབ་པའི་བར་མངོན་
༣༥༡དུ་གྱུར་ཀྱང་། མི་གསོད་པ་ནས་སྐུར་པ་མི་འདེབས་པའི་བར་བཅུ་ནི་དགེ་བ་བཅུ་སྟེ། དེས་གཙོར་བྱས་པའི་མ་ཆགས་པ། ཞེ་སྡང་མེད་པ། གཏི་མུག་མེད་པའི་དགེ་རྩ་གསུམ་གྱིས་ཀུན་ནས་བསླངས་པའི་ལུས་ངག་ཡིད་གསུམ་གྱི་ལས་ཐམས་ཅད་དགེ་བ་སྟེ། ཆགས་སྡང་གཏི་མུག་མེད་ལས་སྐྱེས། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །ཞེས་ལ་ལྟར་རོ། །གཉིས་པ་འབྲས་བུ་བསམ་པ་ནི། །དགེ་བ་སྤྱད་པའི་རྣམ་སྨིན་གྱི་འབྲས་བུས་བདེ་འགྲོར་སྐྱེ་བ་དང་བྱང་ཆུབ་གསུམ་ཐོབ་པ་ཡིན་ལ། རྒྱུ་མཐུན་གྱི་འབྲས་བུ་ལ་བྱེད་པ་རྒྱུ་མཐུན་གང་དུ་སྐྱེས་པ་དེར་དགེ་བ་སྤྱོད་པ་ལ་དགའ་བ་དང་མྱོང་བ་རྒྱུ་མཐུན་ཚེ་རིང་བ་ལ་སོགས་པ་བཅུ་པོ་ཡིན་ཞིང་། བདག་པོའ་འབྲས་བུ་ས་ཕྱོགས་གཟི་མདངས་ཆེ་བ་ལ་སོགས་པ་བཅུའོ། །གསུམ་པ་དེ་བསྒྲུབ་པར་བསམས་པ་ནི། དགེ་བ་ལ་ཕན་ཡོན་དེ་ལྟ་བུ་འདུག་པས། སྤྱིར་ད་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དང་། ཁྱད་པར་ཇི་སྲིད་འཚོའ་བར་དང་། ཡང་དགོས་སང་ད་ཙམ་གྱི་བར་དུ་སྒོ་གསུམ་དགེ་བ་དང་མི་འབྲལ་བར་བྱ་སྙམ་དུ་བསམ་མོ། །གསུམ་པ་ལུང་མ་བསྟན་གྱི་ལས་བསམ་པ་ནི། ཀུན་སློང་དགེ་མི་དགེའི་བསམ་པ་གང་གིས་ཀྱང་མ་ཟིན་ལ། འབྲས་བུ་དགེ་མི་དགེར་ལུང་བསྟན་དུ་མེད་པའི་ལས་ཟས་ཟ་བ་དང་། འགྲོ་འཆག་ལ་སོགས་པའོ། །གཉིས་པ་དེའི་འབྲས་བུ་བསམ་པ་ནི། ལས་དེ་སྤྱད་ཀྱང་འབྲས་བུ་དགེ་མི་དགེ་ཡིད་དུ་འོང་མི་འོང་གོང་ཡང་འབྱིན་མི་ནུས་སོ། །གསུམ་པ་དེ་དགེ་བར་བསྒྱུར་བ་ནི། ལས་དེ་སྤྱད་ཀྱང་རྣམ་སྨིན་མི་བསྐྱེད་པས་འཁོར་བ་ལས་ཐར་པའི་རྒྱུར་མི་འགྱུར་བར་འདུག་པས། ཅི་ནས་ཀྱང་དགེ་བར་བསྒྱུར་སྙམ་དུ་བསམས་ལ། སྒོ་གསུམ་གྱི་ལས་ཅི་བྱེད་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ཏེ། བཞི་བརྒྱ་པར། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེ་བའམ་གལ་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དེའི་དབང་གྱུར་ཕྱིར། །ཞེས་པ་ལྟར་རོ། །གཉིས་པ་ཉམས་ཀྱི་སྣང་བ་ནི། །རྣལ་འབྱོར་པ་ལ་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ་ཞེས་པས་ཉམས་ཀྱི་སྣང་བ་
༣༥༢བསྒོམ་པ་དང་། ཐུན་མོང་གི་རྣལ་འབྱོར་པས་ཐུན་མོང་གི་ཉམས་སྣང་རྒྱུད་ལ་སྐྱེས་སྐྱེས་སྒོམ་པ་དང་། ཐུན་མོང་མ་ཡིན་པའི་རྣལ་འབྱོར་པས་ཉམས་སྐྱེ་འགྱུར་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་པ་གཉིས་ཀྱི་དང་པོ་ལ། བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ་གྱི་དང་པོ་ནི། འཇུག་པར། འགྲོ་ལ་ཕན་པར་ཉེར་སྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱའོ། །ཞེས་པ་ལྟར་བསམས་ལ། གཉེན། དགྲ། ཐ་མལ་པ་ལ་བྱམས་པ་བསྒོམ་པ་གསུམ་གྱི་དང་པོ་ནི། ད་ལྟར་ལུས་བསྐྱེད་པའི་མ་དེ་ཉིད་མདུན་དུ་དམིགས་ནས། མ་འདིས་དང་པོར་མངལ་དུ་ཉིང་མཚམས་སྦྱར་ཏེ། དཀའ་བ་བརྒྱས་ཀྱང་མི་རྙེད་པའི་དལ་འབྱོར་གྱི་ས་ལ་བཞག །དེ་ནས་ཟླ་བ་དགུའམ་བཅུའི་བར་དུ་ལྟོར་བཟུང་ནས་གནོད་པའི་སྤྱོད་ལམ་སྤང་། མཐུན་པའི་རིམ་གྲོ་བརྟེན། མངལ་ནས་ཕྱིར་ཐོན་པ་ན་བརྩེ་སེམས་ཀྱིས་བག་ཟོན་བཅས་ཏེ་བླངས་ནས་ནུ་ཞོ་བསྣུན། བཟའ་བཏུང་ཁས་བསྙོད། མི་གཙང་བ་ལག་གིས་ཕྱིས། བདག་གི་དོན་དུ་སྡིག་སྡུག་གཏམ་ངན་དུ་མ་བསགས་ནས། མ་རང་ལ་ཡོད་པའི་དངོས་པོ་ཅི་ཡོད་པ་ཐམས་ཅད་བདག་ལ་བྱིན་ཏེ། མདོར་ན་གཅེས་པའི་ལུས་གསོས། འཆི་བའི་སྲོག་བསྐྱབས། ཕོངས་པའི་ཡོ་བྱད་བྱིན་པས། མ་འདི་ཤིན་ཏུ་དྲིན་ཆེ་སྙམ་དུ་བསམ། དེ་ཤེས་ན་དྲིན་ཅན་འདི་ལ་དྲིན་ལན་ལན་གྱིས་བླན་དགོས་ལ། མ་བླན་ན། བདག་ལས་ཁྲེལ་བོར་བ་སུ་ཡང་མེད་དེ། སློབ་སྤྲིང་དུ། བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱི་གཟག་འཐུངས་པ། །དལ་བ་མང་བརྟེན་བྱམས་ལ་བརྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཞིག་ནའང་སུ་ཞིག་སྤང་བར་སྤྲོ། །གང་གིས་ཁོང་ན་འདི་སྐབས་རྙེད་ནས་གནས་བཅས་ཤིང་། །གང་གིས་བརྩེ་བག་ཟོན་བཅས་སེམས་ཀྱིས་འདི་བླངས་པ། །ཉོན་མོངས་དེ་དག་སྡུག་བསྔལ་སྐྱབས་མེད་འདི་བོར་ནས། །
༣༥༣འགྲོ་བར་མ་རབས་ཐ་ཤལ་ཞིག་ནའང་སུ་ཞིག་སྤྲོ། །ཞེས་སོ། །དེ་ལྟར་བྱས་པས་དྲིན་ལན་ལེན་ན། བདེ་བ་ཕུན་སུམ་ཚོགས་པ་ལ་སྦྱར་ན་དྲིན་ལོན་པས། མ་འདི་གནས་སྐབས་ལྷ་མི་དང་མཐར་ཐུག་སངས་རྒྱས་ཀྱི་བདེ་བ་དང་འཕྲད་ན་དགའ་སྙམ་དུ་བསམ། བདེ་བ་དེ་ཡང་རྒྱུ་དགེ་བ་མ་བསགས་ན་མི་ཐོབ་པས། བདེ་བའི་རྒྱུ་དགེ་བའི་ལས་དང་འཕྲད་ན་ཅི་མ་རུང་སྙམ་དུ་བསམས་ལ། བདག་གི་མ་འདི་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་པར་གྱུར་ཅིག་ཅེས་སྒོ་གསུམ་གྱི་འཇུག་པ་རྩེ་གཅིག་ཏུ་དྲིལ་ལ་བརྒྱའམ་སྟོང་ལ་སོགས་པ་བགྲང་། ཡང་དྲིན་བསམ་ཞིང་བགྲང་བ་ལ་སོགས་པ་སྔ་མ་བཞིན་བྱ་སྟེ། ལུས་ཀྱི་བ་སྤུ་ལྡང་བའམ་མཆི་མ་འཁྲུགས་པའི་བར་དུ་བྱའོ། །དེ་ནས་ཕ་མ་ལ་སོགས་པའི་གཉེན་རྣམས་ཀྱང་མདུན་དུ་དམིགས་ལ། འདི་རྣམས་ཀྱང་ད་ལྟ་ཉེ་དུ་འབྲེལ་བའི་སྒོ་ནས་བདག་ལ་ཕན་བཏགས་པས་དྲིན་ཆེ་ལ། དེར་མ་ཟད་སྐྱེ་བ་སྔ་མར་བདག་གི་མ་མང་དུ་བྱས་ཤིང་། མ་བྱས་རེས་ཀྱིས་རྩ་བའི་མ་བཞིན་དུ་ཕན་བཏགས་པ་ལ་སོགས་པ་བསམ་ནས་སྔར་བཞིན་དུ་བགྲང་། དེ་ལ་རྩ་བའི་མ་བཞིན་དུ་མར་འདུ་ཤེས་ནས། བྱམས་པ་བཅོས་མ་མ་ཡིན་པ་སྐྱེས་པ་ན། བདག་ལ་དངོས་དང་བརྒྱུད་པས་གནོད་པ་བྱེད་པའི་དགྲ་བོ་གང་ཡིན་མདུན་དུ་དམིགས་ལ། འདི་སྨྱོན་པ་དང་། རང་དབང་མེད་པར་གྱུར་ནས། བདག་བུར་མ་ཤེས་པར་ད་ལྟ་བདག་ལ་གནོད་པ་བྱེད་ཀྱང་། སྐྱེ་བ་སྔ་མའི་མ་ཡིན་པ་སོགས་བསམ་ལ་སྔ་མ་ལྟར་བྱམས་པ་བསྒོམ། དེ་ལ་སྐྱེས་པ་དང་དགྲ་གཉེན་དུ་མ་གྱུར་པའི་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་རྣམས་དམིགས་ཡུལ་དུ་བྱས་ལ། བཤེས་སྤྲིང་དུ། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོའ་མཉམ་པ་ཉིད་ཅིག་འདས་གྱུར་ཏེ། །མ་ཡི་ཐུག་མཐའ་རྒྱ་ཤུགས་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལངས་མི་འགྱུར། །ཞེས་པའི་ཚུལ་གྱིས་སེམས་ཅན་རེ་རེས་མ་བྱས་པའི་ལན་གྲངས་ལ་ཐུག་པ་མེད་ཅིང་། མ་བྱས་
༣༥༤རེས་ཀྱིས་ཕན་བཏགས་པ་ལ་སོགས་པའི་རྒྱུ་མཚན་སྔར་བཞིན་བསམས་ལ་བྱམས་པ་བསྒོམ་མོ། །གཉིས་པ་སྙིང་རྗེ་ནི། འཇུག་པར། དུཿཁ་ཅན་རྣམས་ཡོངས་སྐྱོབ་པ། ཐུགས་རྗེ་ཆེན་པོའ་ཞེས་བསྒོམ་པ་ལ། སེམས་ཅན་དང་། །ཆོས་ལ་དམིགས་པའི་དང་། དམིགས་པ་མེད་པོའ་སྙིང་རྗེ་བསྒོམ་པ་གསུམ་གྱི་དང་པོ་ནི། སེམས་ཅན་མར་གྱུར་པ་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་ན་དགའ་བ་ལས། སེམས་ཅན་གྱི་ཚུལ་དེ་ལས་ལོག་ནས་དངོས་སུ་དུཿཁ་གསུམ་གྱིས་གདུངས་ཤིང་དུཿཁའི་རྒྱུ་ལས་མི་དགེ་བ་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ་ན་སྙམ་དུ་ཞེ་ཐག་པ་ནས་བསམས་ལ་སེམས་ཅན་མར་གྱུར་པ་དུཿཁ་ཡིས་གདུངས་པ་འདི་རྣམས་སྙིང་རེ་རྗེ་ན་ཞེས་བརྒྱ་སྟོང་གི་བར་དུ་བགྲང་། ཅིས་སྙིང་རྗེ་ན་དུཿཁ་ཡིས་གདུངས་པས་སྙིང་རྗེ་བ་ཡིན་པས་དུཿཁ་གསུམ་དང་། དེའི་རྒྱུ་མི་དགེ་བ་སྤྱོད་པ་དང་བྲལ་ན་ཅི་མ་རུང་སྙམ་པ་དང་། བདག་གི་མ་འདི་རྣམས་དུཿཁ་དང་། དུཿཁའི་རྒྱུ་དང་བྲལ་བར་གྱུར་ཅིག་ཅེས་བརྒྱའམ་སྟོང་ལ་སོགས་པ་བགྲང་ངོ་། །གཉིས་པ་ནི། བདག་གི་མ་འདི་རྣམས་སེམས་ཅན་ནམ་གང་ཟག་གི་བདག་ཏུ་མ་གྲུབ་ཀྱང་མ་རིག་པ་ལས་བདག་དང་སེམས་ཅན་དུ་བཏགས་ཏེ་དུཿཁ་བར་གྱུར་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསམ་པ་ལ་སོགས་པ་སྔར་བཞིན་སྙིང་རྗེ་བསྒོམ་མོ། །གསུམ་པ་ནི། སེམས་ཅན་འདི་དག་རང་བཞིན་གྱིས་བདེན་པར་གྲུབ་པ་མ་ཡིན་ཡང་། གང་ཟག་དང་ཆོས་སུ་བདེན་པར་མངོན་པར་ཞེན་པས་འཁོར་བར་འཁྱམས་ཏེ་དུཿཁ་བ་འདི་དག་སྙིང་རེ་རྗེ་ན་ཞེས་སོགས་སྔར་བཞིན་དུ་བསྒོམ་པའོ། །གསུམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། སྨོན་པ། འཇུག་པ། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ་གྱི་དང་པོ་ནི། མངོན་རྟོགས་རྒྱན་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལྟར་མར་གྱུར་པའི་སེམས་ཅན་འདི་ཐམས་ཅད་དུཿཁ་རྒྱུ་བཅས་ལས་སྒྲོལ་བ་བདག་བུ་ལ་འབབ་སྟེ། མ་མ་
༣༥༥བསྒྲལ་བར་བདག་གཅིག་པུ་ཐར་བར་བྱེད་ན་ཁྲེལ་ལས་འདས་པར་གྱུར་པའི་ཕྱིར་ཏེ། སློབ་སྤྲིང་དུ། ཉེ་དུ་འཁོར་བའི་རྒྱ་མཚོའ་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་སོ། །དེ་དག་སྒྲོལ་བའི་ནུས་པ་རང་ལ་ཡོད་པ་ལྟ་ཅི་སྨོས་ཏེ། ཚངས་པ་བརྒྱ་བྱིན་ཉན་རང་རྣམས་ལ་ཡང་མེད་ལ། འོ་ན་སུ་ལ་ཡོད་ན། སངས་རྒྱས་ཁོ་ན་ལ་ཡོད་པས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ་དང་། སངས་རྒྱས་ཐོབ་ནས་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱི་སྒོ་ནས་མྱ་ངན་ལས་འདས་པའི་ས་ལ་བཞག་སྙམ་པ་དང་། རིགས་ཅན་གསུམ་ཀའང་རིམ་གྱིས་སྦྱངས་ནས་སངས་རྒྱས་ཀྱི་ས་ལ་དགོད་སྙམ་དུ་བསམ་སྟེ། སྐོམ་པ་ཆུ་འདོད་པ་ལྟ་བུ་སངས་རྒྱས་ལ་འདོད་པའི་འདུན་པ་མ་སྐྱེས་ཀྱི་བར་དུའོ། །གཉིས་པ་ལ། བདག་གཞན་མཉམ་པ་དང་། བརྗེ་བ་བསྒོམ་པ་དང་། དེ་དག་གི་སྤྱོད་པ་ལ་བསླབ་པ་གསུམ་གྱི་དང་པོ་ནི། སྤྱོད་འཇུག་ཏུ། བདག་དང་གཞན་དུ་མཉམ་པ་ནི། དང་པོ་ཉིད་དུ་འབད་དེ་བསྒོམ། ཞེས་པ་ལྟར་ཏེ་ཚུལ་ཇི་ལྟར་ན། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་དུ་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་བདག་ཅིག་བདེ་བར་བརྩོན། །གང་ཚེ་བདག་དང་གཞན་གཉིས་ཀ་།དུཿཁ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །ཅེས་པ་ལྟར་བསམ་སྟེ། སེམས་ཅན་བདག་གི་མ་ཡིན་པས་དེའི་འདོད་པ་ཅི་ཡོད་བདག་གིས་བསྒྲུབ་དགོས་པར་འདུག་པ་ལ་སེམས་ཅན་རྣམས་བདག་དང་མཚུངས་པར་བདེ་བར་འདོད་དུ་དུཿཁ་མི་འདོད་པར་འདུག་པས། ད་ཕྱིན་རང་ཉིད་ལ་ཇི་ལྟར་སྒྲུབ་པ་ལྟར་སེམས་ཅན་གྱི་དུཿཁ་ཐམས་ཅད་བདག་གིས་སྤང་བདེ་བ་ཐམས་ཅད་བདག་གིས་སྒྲུབ་སྙམ་དུ་ཞེ་ཐག་པ་ནས་བསམས་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །ཅེས་
༣༥༦བརྗོད་ཅིང་བློ་བཅོས་མ་མ་ཡིན་པ་སྐྱེས་སྐྱེས་སུ་བསྒོམ་མོ། །གཉིས་པ་ནི། སྤྱོད་འཇུག་ཏུ། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་ཏུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་ནི། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་པ་ལྟར་ཏེ་ཚུལ་ཇི་ལྟར་ན། བདག་ཉིད་གཞན་ལ་བཏང་བྱ་དང་། །གཞན་རྣམས་བདག་བཞིན་བཟུང་བར་བྱ། །ཞེས་པ་ལྟར་ཏེ། བདག་ལ་གཅེས་འཛིན་འདོད་པའི་དོན་དུ་སེམས་ཅན་མདུན་དུ་དམིགས་ནས་བདག་བཞིན་དུ་གཅེས་པར་བཟུང་ཞིང་བདག་ལ་གཅེས་འཛིན་གྱི་བློ་དོར་ནས་བདག་གི་རྒྱུད་ལ་སེམས་ཅན་གྱི་རྒྱུད་ཀྱི་དུཿཁ་དང་ལས་ངན་ཐམས་ཅད་སྨིན། བདག་གི་ལུས་ལོངས་སྤྱོད་དགེ་བ་དང་། བདེ་བ་ཐམས་ཅད་སེམས་ཅན་ལ་ལྟོས་མེད་དུ་བཏང་སྙམ་དུ་བསམས་ལ། སེམས་ཅན་ཀུན་གྱི་དུཿཁ་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་གྱི་རྒྱུད་ལ་སྨིན་པར་གྱུར་ཅིག་ཅེས་བརྒྱའམ་སྟོང་ལ་སོགས་པ་བགྲང་ཞིང་བློ་བཅོས་མ་མ་ཡིན་པ་སྐྱེས་སྐྱེས་ཀྱི་བར་བསྒོམ་མོ། །གསུམ་པ་ནི། སྤྱོད་འཇུག་ཏུ། འདི་ནི་བདེ་ལས་ཉམས་བྱ་ཞིང་། །བདག་གི་གནོད་དང་རྟག་སྦྱར་བྱ། །ཞེས་པ་ལྟར་བསམས་ཏེ། ཅི་ལྟར་ན་བདག་གི་ལུས་ལོངས་སྤྱོད་དགེ་བ་ཐམས་ཅད་སེམས་ཅན་ལ་རྒྱངས་ཀྱིས་བཏང་བས་སེམས་ཅན་རེ་རེས་ཀྱང་ཡོངས་སུ་རྫོགས་པར་ཐོབ་སྟེ་བདེ་ཞིང་སྐྱིད་པར་བསམ། སེམས་ཅན་གྱི་རྒྱུད་ལ་ཡོད་པའི་གསོད་གཅོད་རྡེག་འཚོག་ཚ་གྲང་། བཀྲེས་སྐོམ། ངལ་དུབ་ལ་སོགས་པའི་མི་འདོད་པ་ཐམས་ཅད་བདག་གི་ཐོག་ཏུ་སྨིན་ནས་ན། འཆི། ཟུག་རྔུ། བཀྲེས་སྐོམ་དཔག་ཏུ་མེད་པས་དུཿཁ་བར་བསམས་ཏེ། གཙོ་བོར་གང་དུཿཁ་བར་མཐོང་བའི་སེམས་ཅན་དེ་ཉིད་ཀྱི་དུཿཁ་གྱིས་ཐོགས་དྲངས་པ་བླང་ངོ་། །བསམ་པ་ད་ལྟ་བུས་རྗེས་ཐོབ་ཏུ་གཞན་གྱི་ཁུར་ཁུར་བ་ལ་སོགས་པ་དགའ་བའི་སྤྱོད་པ་ལ་བསླབ་བོ།། །།གསུམ་པ་ནི། གསང་འདུས་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་
༣༥༧རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པ་ལྟར་བསྒོམ་པ་སྟེ། ཅི་ལྟར་ན་བདག་གཞན་བརྗེ་བའི་ཡུལ་སེམས་ཅན། རྗེ་བ་པོ་བདག་ཉིད། བརྗེ་བའི་བདེ་སྡུག་རྣམས་ཀྱིས་ཐོག་དྲངས་པའི་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཡིན་ཞིང་། དེ་སེམས་སུའང་མ་གྲུབ་སྟེ་སེམས་འདས་པ་འགགས་མ་འོངས་པ་མ་སྐྱེས་ད་ལྟ་བ་སྐད་ཅིག་གཉིས་སུ་མི་གནས་པས་རང་བཞིན་གྱིས་སྟོང་པ་ཡིན་སྙམ་དུ་ཐག་བཅད་དེ། དེའི་ངང་དུ་བློ་གནས་ཚད་དུ་ལྷོད་ཀྱིས་ཀློད་ནས་འཇོག་པའོ། །གཉིས་པ་ཐུན་མོང་མིན་པའི་རྣལ་འབྱོར་པས་ཉམས་སྐྱེ་འགྱུར་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་པ་ནི། གུར་དུ། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་ཡིན། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་འགྱུར་བ་ཡིན། །ཞེས་དང་། རྡོ་རྗེའི་ཚིག་རྐང་ལས། སྒོམ་པ་མི་འཆོར་བའི་མཐོང་སྣང་། རྨི་ལམ། ཉམས་གསུམ་གསུམ་ནི་རྣམ་རྟོག་མངོན་དུ་སོང་བ་ལྟར་ཁམས་གསུམ་ཀུན་ཏུ་སྣང་ངོ་། །ཞེས་པ་ལྟར་རྣལ་འབྱོར་པ་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ལ་ཞུགས་ནས་ཉམས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེ་ཡང་། བསྡུ་ན་བཅོ་ལྔར་འདུ་སྟེ། འཇུག་པ་སེལ་བ། ཆགས་པ་གཅོད་པ། བྱང་ཆུབ་ཆེན་པོའ་ལམ་སྟེ་ལམ་གསུམ། ལུས། སེམས། རྨི་ལམ་ཉམས་ཏེ་ཉམས་གསུམ། རླུང་ལོག །མཐོང་སྣང་། རྨི་ལམ་ཉམས་ཀྱི་རྟེན་འབྲེལ་ཏེ་རྟེན་འབྲེལ་གསུམ། རྣམ་རྟོག་སྔོན་སོང་། ཁམས་དགུ་འདུས་པ། ཐིག་ལེ་འབར་ཞིང་བརྟན་པའི་དྲོད་དེ་དྲོད་གསུམ། མཚན་ཉིད་སྣ་ཚོགས། རང་བཞིན་སྟོང་པ། ངོ་བོ་ཟུང་འཇུག་སྟེ་ཏིང་ངེ་འཛིན་གསུམ་སྟེ་དེ་དག་ཏུ་འདུའོ། །བཅོ་ལྔ་པོའང་ཏིང་ངེ་འཛིན་འབའ་
༣༥༨ཞིག་ཏུ་འདུ་ལ། དེ་རྣམས་ཀྱང་རང་གི་ལུས་ཀྱི་རྩ་དང་། རྩ་ཡི་གེ་དང་། ཁམས་བདུད་རྩི་དང་། སྙིང་པོ་ཡེ་ཤེས་རླུང་གི་རྟེན་འབྲེལ་སེམས་ཀྱིས་དབང་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་པས་དེ་རྣམས་ཀྱིས་མཐུན་པའི་རྐྱེན་ལ་དགའ་བ་བྱ་རྒྱུ་ཡང་མེད། མི་མཐུན་པའི་ཕྱོགས་ལ་མི་དགའ་བ་བྱ་རྒྱུ་ཡང་མེད་སྙམ་དུ་སྤྲོས་པ་ཆོད་པར་བྱས་ལ་ཡང་ཡང་བསྒོམ། ལན་ཅིག་ཉམས་སྐྱེས་པའི་ཚེ་འདི་ནི་ལུས་ཉམས་སོ་འདི་ནི་སེམས་ཉམས་སོ་ཞེས་པ་ལ་སོགས་པ་ངོ་ཤེས་པར་བྱས་ལ་བྱུང་རྒྱལ་དུ་བསྐྱང་ངོ་། །གསུམ་པ་དག་པའི་སྣང་བས་དཀྲི་བ་ནི། འོན་ཏེ་ཉམས་སྣང་འདི་ལྟ་བུ་སྣ་ཚོགས་སྐྱེས་པ་ལམ་དུ་བསྲེལ་བ་ལ་ཕན་ཡོན་ཅི་ཡོད་སྙམ་ན། དེ་དག་ལམ་དུ་བསྲེལ་ཏེ་བསྒོམ་པས་ཁམས་འདུས་པ་གསུམ་གྱི་ལམ་ཆོད་དེ་གྲུབ་མཐའ་སྙོགས་ནས་ས་རྣམས་རིམ་གྱིས་བགྲོད་དེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྱུར་རོ། །དེ་ཡང་སྐུ་མི་ཟད་པ་ནི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་གཙུག་ཏོར་ལྟར་མི་མངོན་པ་སོགས་དང་། སྐུ་ཐམས་ཅད་པ་གང་ལ་ཅི་འདུལ་དེ་ལ་དེའི་རྣམ་པར་སྣང་བ་དང་། གསུང་མི་ཟད་པ་ནི་གསུང་བསམ་གྱིས་མི་ཁྱབ་པ་ཉེ་རིང་མེད་པས་ཐོས་པ་དང་། གསུང་ཐམས་ཅད་པ་གདུལ་བྱ་རང་རང་གི་སྐད་དུ་ཆོས་སྟོན་པ་དུས་གཅིག་ཏུ་ཐམས་ཅད་ཀྱིས་གོ་བ་དང་། ཐུགས་མི་ཟད་པ་ནི་ཐུགས་བསམ་གྱིས་མི་ཁྱབ་པ་ཅི་སྙེད་པ་མཁྱེན་པའོ། །རྒྱན་གྱི་འཁོར་ལོ་ནི་རང་གཞན་གཉིས་ཀ་མཛེས་པར་བྱེད་པའི་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་འཆད་པས་སོ། །གདུལ་བྱ་གྲོལ་བར་མཛད་པ་སྟེ་དེ་ལྟ་བུ་ལ་སོགས་པ་སངས་རྒྱས་ལ་ཡོན་ཏན་དཔག་ཏུ་མེད་པ་མངའོ་སྙམ་དུ་བསྒོམ། དེ་ནས་ངས་ཉམས་སུ་བླངས་པས་འབྲས་བུ་འདི་ལྟ་བུ་འཐོབ་པ་ཡིན་སྙམ་དུ་འབྲས་བུ་ལ་སྤྲོ་བ་ཁྱད་པར་ཅན་སྐྱེས་སྐྱེས་སུ་བསྒོམ་མོ། །གཉིས་པ་རྒྱུད་གསུམ་གྱིས་དཀྲི་བ་ལ། རྒྱུ་རྐྱེན་འཁོར་བའི་གནས་ལུགས། ལམ་བསྒོམ་པའི་ཚུལ། འབྲས་བུ་སངས་རྒྱས་ཀྱི་ས་དང་གསུམ་གྱི་དང་པོ་ནི།
༣༥༩མ་དག་པའི་སྣང་བའི་སྐབས་ལྟར་རྒྱས་བསྡུས་ཅི་རིགས་པ་ཞིག་བསྟན་ལ་ཡིད་ཆེས་བསྐྱེད་དོ། །གཉིས་པ་ལ། གཞི་དམ་ཚིག་ལ་གནས་པར་བྱ་བ། གང་ཟག་ཅི་ལྟར་དཀྲི་བའི་ཚུལ། ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ་ཏིང་ངེ་འཛིན་ངོ་ཤེས་པར་བྱ་ཞིང་ལམ་གྱི་ས་མཚམས་རྣམ་པར་གཞག་པའོ། །དང་པོ་ནི། ལམ་ཐམས་ཅད་ཀྱི་རྩ་བ་དང་གང་ཟག་འབྲིང་གི་ལམ་གྱི་གཙོ་བོ་དབང་དང་དམ་ཚིག་ལ་གནས་པ་ཡིན་ཏེ་དེ་ལ་གནས་པས་གང་ཟག་ཐམས་ཅད་དཀྲིར་རུང་བས་སོ། །དེས་ན་དམ་ཚིག་ཉམས་ན་དབང་བླང་ཞིང་ཡན་ལག་གི་ཉེས་པ་རྣམས་བཤགས་བསྡམས་ལ་སོགས་པས་དག་པར་བྱས་ནས་དམ་ཚིག་སོར་ཆུད་པར་བྱས་ཏེ་ཚུལ་བཞིན་དུ་སྐྱོང་བྱ་ཡིན་ནོ། །གཉིས་པ་ལ་གསུམ། ལྟ་བས་སྤྲོས་པ་བཅད་པའི་ཕྱིར་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་བསྒོམ། ལམ་གྱི་ཉམས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་བསྒོམ། འབྲས་བུ་སྐུ་ལྔ་མངོན་དུ་འགྱུར་ཚུལ་ལོ། །དང་པོ་ལ་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྒོ་ནས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་མདོར་བསྟན། ཉམས་སུ་བླང་བའི་གནད་གསུམ་གྱིས་རྒྱས་པར་བཤད། རྒྱུད་གསུམ་གྱི་སྒོ་ནས་ཤིན་ཏུ་རྒྱས་པར་བཤད་པ་དང་གསུམ་གྱི་དང་པོ་ལ་གཉིས་ལས། ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྒོ་ནས་ཉམས་སུ་བླང་ཚུལ་དངོས་ནི་སྒོམ་པ་གསུམ་གྱི་སྐབས་དང་འདྲ་བར་བླ་མ་ལ་མོས་གུས་ཞག་འགའ་བྱེད་དུ་བཅུག་ལ། དེའི་བར་དུ་ཤེས་པ་ཀློད་ནས་ངོས་འཛིན་དུ་གཞུག །དེ་ནས་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་སུ་འདུས་ཏེ། སེམས་ལས་མ་གཏོགས་པའི་ཕྱི་རོལ་ན་ཆོས་འགའ་ཡང་མེད་ལ། སེམས་ཀྱང་རང་གི་ངོ་བོ་གྲུབ་ཙམ་ནས་གསལ་བ་མི་འདོར་བས། གསལ་བ་སེམས་ཀྱི་མཚན་ཉིད་དོ་ཞེས་ངོས་བཟུང་། གསལ་བ་དེའང་བརྟགས་ན་རིགས་ཁ་དོག་དབྱིབས་སོགས་གང་དུ་ཡང་མི་རྙེད་དེ། རང་བཞིན་གྱིས་སྟོང་པས་གསལ་བ། བཙལ་བས་མ་རྙེད་པ་ལ་སྟོང་པ་ཅེས་
༣༦༠བྱ་ལ། དེ་ལྟ་བུའི་གསལ་བའི་དུས་ཉིད་ན་སྟོང་ལ། སྟོང་པའི་དུས་ཉིད་ན་གསལ་བས་གསལ་སྟོང་གཉིས་སོ་སོར་སུས་ཀྱང་དབྱེར་མེད་པ་དེ་ལ་གཉིས་མེད་ཟུང་འཇུག་བརྗོད་བྲལ་བཅོས་མིན་སེམས་ཀྱི་ངོ་བོ་ཅེས་བྱ་སྟེ། ཚུལ་དེ་ལྟར་བློས་ཐག་བཅད་ནས་དེའི་ངང་ལ་མ་ཡེངས་པར་འཇོག་པའོ། །དེའི་ཚེ་རྟོག་པ་འཕྲོ་ན་རྒྱུན་མི་མཐུད་པར་དྲན་འཛིན་གྱི་རྟོག་པ་གང་སྐྱེས་དེའི་ངོ་བོ་གསལ་སྟོང་ཟུང་འཇུག་ཏུ་དྲན་པར་བྱས་ལ་མཉམ་པར་བཞག་གོ །དེ་ལས་དོན་སྤྱི་ཙམ་མ་ཡིན་པར་ཟུང་འཇུག་ཏུ་རང་གི་བློས་ཉམས་སུ་མྱོང་བ་ན་ལྟ་བ་ལ་ཉམས་སུ་མྱོང་བ་ཅེས་བྱ་སྟེ། སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་གི་ངོ་བོ་ཉིད་གསུམ་གང་སྐྱེས་ངོས་ཟིན་པར་བྱའོ། །དེ་ནས་གཉིས་པ་ལྷན་ཅིག་སྐྱེས་པའི་ཆོས་ཉི་ཤུ་རྩ་བདུན་གྱི་སྒོ་ནས་ཉམས་སུ་བླང་བ་ནི་དེ་ལྟ་བུའི་ཆོས་གསུམ་པོ་དེ་མ་རྟོགས་པའི་དབང་གིས་འཁོར་བར་འཁྱམས་ཏེ། རང་བཞིན་གསལ་བ་ལ་བདེན་པར་འཁྲུལ་པས་འདོད་ཆགས་དང་། རླུང་ནང་འཇུག །ཡི་གེ་ༀ། རྩ་རྐྱང་མ། ཁམས་ཁུ་བ། ནད་ཁྲག་མཁྲིས། གདོན་མོ་རིགས། རགས་པ་ལུས་སྐྱེ་བ། རང་བཞིན་སྟོང་པ་ལ་འཁྲུལ་ནས་མི་སྟོང་པར་བརྟགས་པས་ཞེ་སྡང་། རླུང་ཕྱིར་འགྲོ། ཡི་གེ་ཧཱུྃ། རྩ་རོ་མ། ཁམས་རཀྟ། ནད་རླུང་། གདོན་ཕོ་རིགས། རགས་པ་དག་སྐྱེ་བ། ཟུང་འཇུག་ལ་འཁྲུལ་ནས་གསལ་སྟོང་ཐ་དད་དུ་བརྟགས་པས་གཏི་མུག་དང་། རླུང་གནས་པ། ཡི་གེ་ཨཱཿ རྩ་དབུ་མ། ཁམས་ཁུ་ཁྲག་འདྲེས་པ། ནད་བད་ཀན། གདོན་ཀླུ་རིགས། རགས་པ་ཐམས་ཅད་ཀྱི་རྩ་བ་སྐྱེད་བྱེད་དུ་གྱུར་པ་ཡིན་པར་འདུག་སྙམ་དུ་སྤྲོས་པ་བཅད་དེ། དེའི་ངང་ལ་མཉམ་པར་གཞག །འཕྲོ་ན། གསལ་བ། མི་སྟོང་བ། གསལ་སྟོང་ཐ་དད་གང་ལ་བདེན་པར་འཛིན་བརྟགས་ལ་སྔར་ལྟར་འཁོར་བའི་ཆོས་འདི་དང་འདིའི་རྩ་བར་འདུག་པས་ཐར་པ་དོན་གཉེར་གྱིས་འདི་ལྟ་བུའི་སྤྲོས་པ་བྱར་མི་རུང་སྙམ་དུ་དྲན་པར་བྱས་ལ་འཕྲོ་བ་བསལ་ཏེ་རྩེ་གཅིག་ཏུ་མཚན་ཉིད་གསུམ་གང་རུང་ལ་མཉམ་པར་བཞག་གོ །
༣༦༡གཉིས་པ་ལ་ཆོས་ཐམས་ཅད་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པར་སྒྲུབ་པ་གསུམ་གྱི་དང་པོ་ལ་གཙོ་བོའ་དཔེ་བཞི། ཡན་ལག་གི་དཔེ་བཞིས་སེམས་སུ་སྒྲུབ་པ་གཉིས་ཀྱི་དང་པོ་ལ་བཞི། གཉིད་ཀྱིས་བསླད་པའི་དཔེས་སེམས་སུ་སྒྲུབ་པ་ལ་གསུམ་གྱི་སྦྱོར་བ་སྒོམ་པ་གསུམ་སྔོན་དུ་འགྲོ་བས་དངོས་གཞི་ལ་དཔེ་དྲན་དུ་གཞུག་པ་ནི། རང་གི་རྨི་ལམ་ཤིན་ཏུ་གསལ་བ་ཞིག་ཡིད་ཡུལ་དུ་བྱས་ལ་འདི་ལྟར་བསམ་སྟེ། སྔར་གྱི་རྨི་ལམ་གྱི་སྣང་བ་སྣ་ཚོགས་པ་འདི་དག་ནི་རྨི་བའི་དུས་ན་ཉིན་པར་གྱི་སྣང་བ་འདི་འདྲ་བར། བདེན་པ་ལྟར་སྣང་ཡང་གཉིད་སད་པའི་གནས་སྐབས་ན་རྨི་ལམ་གྱི་དོན་གང་ཡང་མ་གྲུབ་པར་འདུག་པས་ཕྱིའི་དོན་ཡང་མིན་ལ་བདག་ཉིད་ཀྱིས་གསལ་བར་མྱོང་བས་གཏན་མེད་ཀྱང་མིན་པའི་ཕྱིར་སེམས་ཉིད་འཁྲུལ་པའི་དབང་གིས་དེ་ལྟར་སྣང་བའོ་ཞེས་ངེས་ཤེས་སྐྱེད་དོ། །དེ་དང་སྣང་བ་བསྲེ་བ་ནི། རྨི་ལམ་གྱི་སྣང་བ་དེ་དང་ད་ལྟར་གྱི་སྣང་བ་འདི་ལ་ཁྱད་ཅི་ཞིག་ཡོད་ཉམས་སུ་ནི་རྨི་ལམ་ཡང་བདག་གིས་མྱོང་ལ། བདེན་ནི་ད་ལྟར་གྱི་སྣང་བ་འདིའང་མི་བདེན་ཏེ། བདེན་ན་སྣང་ཚུལ་གཅིག་ཏུ་སྣང་དགོས་པ་ལ། སྣང་བ་གཅིག་ཀྱང་རྐྱེན་གྱི་བྱེ་བྲག་གིས་ཡིད་དུ་འོང་མི་འོང་དུ་མར་ཉིན་ཞག་ཕྲུག་གཅིག་ལའང་སྣང་བས་སོ། །ཞེས་ངེས་ཤེས་བསྐྱེད། དེའི་ངང་ལ་བཞག་པ་ནི་ངེས་ཤེས་བསྐྱེད་པ་དེ་ཀའི་ངང་ལ་ཤེས་པ་ཀློད་ནས་འཇོག་ལ། འཕྲོ་བ་ན་འདི་དང་རྨི་ལམ་ན་ཁྱད་པར་ཅི་ཡོད་སྙམ་དུ་དྲན་འཛིན་གྱིས་བཟུང་ལ་མི་རྟོག་པར་བཞག་གོ །རྗེས་ལ་གསུམ་གྱི་བསྔོ་བ་ནི། དགེ་བའི་རྩ་བ་རྒྱ་ཆེན་པོ་དེ་ལ་བརྟེན་ནས་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་སྨོན་ལམ་འདེབས་པའོ། །དེ་མ་རྟོགས་པ་ལ་སྙིང་རྗེ་ནི། ཆོས་ཀུན་རྨི་ལམ་ལྟར་མ་རྟོགས་པའི་སེམས་ཅན་བདག་དང་བདག་གིར་འཛིན་པ་དམ་པོས་བཅིངས་ནས་འཁོར་བར་རང་གིས་སྡུག་བསྔལ་བར་བྱེད་པ་འདི་དག་སྙིང་རེ་རྗེ་ན་སྙམ་དུ་བསྒོམ་པའོ། །དཔེ་དོན་རྟག་ཏུ་དྲན་པར་བྱ་བ་ནི།
༣༦༢ཉིན་པར་གནས་གྲོགས་ལོངས་སྤྱོད་ལ་སོགས་གང་དང་གང་སྣང་བ་ཙམ་ཉིད་ན་རྨི་ལམ་གྱི་སྣང་བ་ཡིན་སྙམ་དུ་རྒྱུན་མ་ཆད་པར་བྱེད་པའོ། །དེ་ལྟར་སྦྱོར་དངོས་རྗེས་དགུའི་སྒོ་ནས་དཔེ་དང་པོ་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་གྱི། ཡུན་རིང་དུ་འགོར་ཡང་དཔེ་དང་པོ་ལ་ངེས་ཤེས་མ་སྐྱེས་པར་གཉིས་པ་མན་ཆད་ཀྱི་དམིགས་པ་མི་སྤོའོ། །སྦྱོར་དངོས་རྗེས་ཀྱི་ཆོས་དགུ་པོ་འདི་དག་འོག་མ་རྣམས་ལའང་སྦྱར་ཞིང་ཉམས་སུ་བླང་ངོ་། །འདིར་དཔེའི་ངོ་བོ་རྣམས་རིམ་པ་བཞིན་བསྟན་ན། གཉིས་པ་རྫས་ཀྱིས་བསླད་པས་སེམས་སུ་བསྒྲུབ་པ་ནི་ཆང་གིས་བཟི་བ་ན་གང་ལའང་འཇིགས་པ་མེད་པའམ། དགའ་བ་དང་གདུང་བའི་རྒྱུར་སྣང་བ་ལྟ་བུ་དང་། གསུམ་པ་ནད་ཀྱིས་ནི་མིག་སེར་གྱི་ནད་ཀྱི་དབང་གིས་སྣང་བ་སེར་པོ་དང་། བདག་ཉིད་དུ་མར་སྣང་བ་དང་། བཞི་པ་གདོན་གྱིས་ནི། བདག་ཉིད་འདྲེས་མནན་པའམ། གཞན་གདོན་གྱིས་ཟིན་པ་ན་མེད་བཞིན་དུ་འཇིགས་པ་སྣ་ཚོགས་གསལ་བ་ལྟ་བུའོ།། །།གཉིས་པ་ཡན་ལག་ལ་བཞི་ལས་མིག་ཡོར་ནི། མིག་བཙིར་བ་ན་ཀ་བུམ་སོགས་ཀྱི་དངོས་པོ་གཅིག་ཉིད་གཉིས་སུ་མཐོང་བ་དེ། མིག་གང་རུང་ཅིག་བཙུམ་པ་ན་མེད་པར་འགྱུར་བས་ཕྱི་རོལ་ན་མེད་ཅིང་། བདག་ཉིད་ཀྱིས་མཐོང་བས་གཏན་མེད་ཀྱང་མིན་པའི་ཕྱིར། རང་གི་སེམས་ཉིད་འཁྲུལ་པའི་དབང་གིས་དེར་སྣང་བའོ། །གཉིས་པ་རབ་རིབ་ནི། མིག་གི་དབང་པོ་རབ་རིབ་ཀྱིས་ཟིན་པས་ནམ་མཁའ་ལ་བལྟས་པའི་ཚེ་སྐྲ་ཤད་དམ་སྦྲང་བུའི་ཚོགས་མེད་བཞིན་དུ་མཐོང་བ་ལྟ་བུ་དང་། གསུམ་པ་མགལ་མེ་ནི། ཤིང་བུ་ཕྲ་མོའ་རྩེ་ལ་མེ་སྦར་ཏེ་མྱུར་ཏུ་བསྐོར་བ་ན་འཁོར་ལོ་ལྟར་སྣང་ཡང་། མེ་དེ་ཕྱོགས་གཅིག་ན་ཡོད་པའི་ཚེ་ཕྱོགས་གཞན་ན་མེད་པ་ལྟ་བུའོ། །བཞི་པ་མྱུར་ཏུ་འཁོར་བ་ནི། ལག་པ་བརྐྱངས་ཏེ་ལུས་ཕྱོགས་ཀུན་ཏུ་བསྐོར་བས་ས་ནམ་མཁའ་དང་། ནམ་མཁའ་སར་འགྲོ་བ་སོགས་སུ་སྣང་བ་ལྟ་བུའོ། །དེ་དག་ལ་བརྟེན་ནས་ཕྱི་
༣༦༣རོལ་གྱི་སྣང་བ་འདི་ཕྱྭའམ་དབང་ཕྱུག་གམ་རྡུལ་ཕྲན་ལ་སོགས་པས་བྱས་པ་མིན་གྱི། རང་གི་སེམས་ཀྱི་རྣམ་འཕྲུལ་ལོ། །ཞེས་སྤྲོས་པ་གཅོད་པའོ། །དེ་དག་ཀྱང་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་དང་། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་དེ་ཉིད། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང་། ཚིག་རྐང་ལས། ཆོས་རྣམས་སེམས་ཉིད་སྣང་བ་ཅེས་པའི་དོན་ཏོ། །གཉིས་པ་སེམས་སྒྱུ་མར་སྒྲུབ་པ་ལ་གཉིས་ལས། གཙོ་བོའ་དཔེ་བཞི་ལས་སྒྱུ་མ་བདེན་ནམ་སྙམ་ན་མ་ཡིན་གྱིས། དཔེར་ན་སྒྱུ་མའི་རྫས་གྱོ་མོ་དང་སྤྲེ་མཇུག་ལ་སོགས་པ་ལ་སྔགས་ཀྱིས་བཏབ་པ་ལས། མེད་བཞིན་དུ་རྟ་གླང་དང་ཁང་ཁྱིམ་ལ་སོགས་པ་དུ་མར་སྣང་བ་བཞིན་དུ། སེམས་ཉིད་སྣ་ཚོགས་སུ་འཁྲུལ་པའི་བག་ཆགས་ཀྱི་རྒྱུ་ལས། ད་ལྟར་རང་གི་སེམས་ཉིད་སྣ་ཚོགས་སུ་སྣང་བར་སྐྱེའི། བག་ཆགས་མེད་ན་མི་སྐྱེ་བས་དོན་དམ་དུ་གྲུབ་ཅིང་རང་དབང་ཅན་དུ་འབྱུང་བ་འགའ་ཡང་མེད་དོ། །གཉིས་པ་སྨིག་རྒྱུ་ནི་སའི་རླངས་པ་རླུང་གིས་བཏབ་པ་ཐག་རིང་པོ་ནས་ལུང་པ་ཆུས་གང་བར་མཐོང་བའོ། །གསུམ་པ་ཆུ་ཟླ་ནི། ནམ་མཁའ་སྤྲིན་གྱིས་མ་བསྒྲིབས་པ། ཟླ་བའི་དཀྱིལ་འཁོར་ཤར་བ་དང་། ཆུ་དྭངས་པའི་རྐྱེན་གསུམ་ཚོགས་པ་ན་ཆུ་ནང་དུ་ཟླ་བའི་གཟུགས་བརྙན་སྣང་ལ་མ་ཚོགས་ན་མི་སྣང་བའོ། །བཞི་པ་གློག་ནི་བར་སྣང་གི་ཆུ་བུར་དང་རླུང་གི་རྐྱེན་ཚོགས་པ་ན་ཤིན་ཏུ་གསལ་བའི་འོད་ཟེར་འཁྱུག་པར་སྣང་བའོ། །གཉིས་པ་ཡན་ལག་གི་དཔེ་བཞི་ལས་འཕྲོག་པའི་ཟླ་བ་ནི། ཤར་ལྷོ་ཧ་རི་ཀེལླ་ན་མཚན་མོ་ཆར་བབ་པའི་ནང་པར་སྤྲིན་དེངས་ན་རྒྱ་མཚོའ་ནང་དུ་གྲོང་ཁྱེར་གྱི་དངོས་པོ་མེད་བཞིན་དུ་སྣང་བའམ། ཡང་ན་རྒྱལ་པོ་སེང་གེ་ཟླ་བའི་གྲོང་
༣༦༤ཁྱེར་གྱི་ལོགས་ཤིན་ཏུ་དྭངས་པར་ཡོད་པ་ལ་ཁང་ཁྱིམ་མི་དང་རྟ་གླང་ལ་སོགས་པའི་གཟུགས་བརྙན་ཤར་བ་ཡིན་ནམ་སྙམ་པའོ། །གཉིས་པ་དྲི་བའི་གྲོང་ཁྱེར་ནི། ཡུལ་གྱི་ཁྱད་པར་དང་སྤྲིན་ཉེ་བའི་རྒྱུད་ལས་གྲོང་དུ་སྣང་བའོ། །གསུམ་པ་སྤྲིན་ནི། མཁའ་ལ་སྤྲིན་ཕུང་སྣང་བ་དེ་དང་པོ་སྐྱེ་བ་ན་གང་ནས་འོང་བ་དང་། དེངས་པ་ན་གང་དུ་སོང་བའི་ས་མི་རྙེད་ཀྱང་སའི་རླངས་ནམ་མཁར་ཆགས་པའི་རྒྱུ་ལས་སྣང་བའོ། །བཞི་པ་འཇའ་ཚོན་ནི། ཉི་ཟེར་དང་སྤྲིན་གྱི་གྲིབ་མ་ཚོགས་པ་ལས་ཁ་དོག་སྣ་ཚོགས་སུ་ཐག་རིང་པོ་ནས་སྣང་ལ་དྲུང་དུ་ཕྱིན་ན་གང་ཡང་མི་སྣང་བའོ། །དེ་དག་གིས་ནི་སེམས་རང་ལའང་བདེན་པའི་རང་བཞིན་མེད་དེ་སེམས་ཉིད་ཀྱི་འགྱུར་བ་སྣ་ཚོགས་ཀྱི་སྟོབས་ཀྱིས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་འབྲས་བུ་སྣ་ཚོགས་སྐྱེ་བས་སོ་ཞེས་སྤྲོས་པ་གཅོད་པ་སྟེ། བརྟག་གཉིས་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་རྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཞེས་དང་། སམྦུ་ཊིར། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྒྱུ་མ་སྨིག་རྒྱུ་འདྲ་བ་དང་། །འཕྲོག་པ་ཟླ་བའི་གྲོགས་མཚུངས་དང་། །རྨི་ལམ་རྩེ་བ་ལྟ་བུར་བལྟ། །ཞེས་དང་། ཡུམ་ལས་གཟུགས་ནས་རྣམ་མཁྱེན་གྱི་བར་སྒྱུ་མ་ལྟ་བུར་གསུངས་པ་དང་། སློབ་དཔོན་གྱིས་གཟུགས་བརྙན་ཡིན་ཕྱིར་ཞེས་པའི་དོན་ཏོ། །གསུམ་པ་སྒྱུ་མ་རང་བཞིན་མེད་པར་སྒྲུབ་པ་ལ། སྣང་བ་རྟེན་འབྲེལ་དང་། རྟེན་འབྲེལ་བརྗོད་བྲལ་དུ་སྒྲུབ་པ་གཉིས་ཀྱི་དང་པོ་ལ། །གཉིས་ཀྱི་གཙོ་བོའ་དཔེ་བཞི་ལས། ཁ་ཏོན་ནི། རྒྱུ་རྐྱེན་ཚོགས་པ་ལས་བྱུང་བར་བདེན་ནམ་སྙམ་ན་མ་ཡིན་ཏེ། བླ་མའི་ཁ་ཏོན་ལས་སློབ་མའི་ཁ་ཏོན་བྱུང་བའི་ཚེ་བླ་མའི་ཁ་ཏོན་ལ་མ་བརྟེན་པར་ཡང་སློབ་མའི་ཁ་བཏོན་མི་འབྱུང་ལ། སློབ་མར་འཕོས་པ་ལ་མ་ཡིན་པ་བཞིན་དུ་བརྗོད་པ་སྔ་
༣༦༥ཕྱི་དང་། སྐྱེ་འཆི་དང་། སྐད་ཅིག་གོང་འོག་གི་གནས་སྐབས་ཀུན་ཏུ་སྔ་མ་སྔ་མ་ལ་མ་བརྟེན་པར་ཕྱི་མ་ཕྱི་མ་མི་འབྱུང་བས་འགག་པ་མེད་པ་ཞེས་བྱ་ལ། སྔ་མ་ཕྱི་མར་འཕོས་པ་མེད་པས་སྐྱེ་བ་མེད་པ་སྟེ། དེས་ན་དབུས་སུ་གནས་པ་མེད་པས་སྐྱེ་འཇིག་འགྲོ་འོང་མཐའ་དབུས་མེད་པའི་ཕྱིར་སྒྲོ་སྐུར་གྱི་མཐའ་ལས་གྲོལ་བའོ། །ཞེས་ངེས་ཤེས་བསྐྱེད་དོ། །གཉིས་པ་མར་མེ་ནི། སྡོང་བུ་རླན་དང་བྲལ་བ་དང་། འབྲུ་མར་དང་། མེའི་རྐྱེན་ཚོགས་པ་ལས་སྣང་བའོ། །གསུམ་པ་མེ་ལོང་ནི། མེ་ལོང་གཡའ་ཡོངས་སུ་དག་པ་བྱད་བཞིན་གྱི་གཟུགས་དང་འཕྲད་པ་ལས་མེ་ལོང་གི་ནང་དུ་གཟུགས་བརྙན་འཆར་བའོ། །བཞི་པ་རྒྱ་ནི། ར་ལ་སོགས་པ་ལ་བྱས་པའི་རྒྱ། ལ་ཆའམ་འཇིམ་པ་ལ་བཏབ་པས་རྒྱའི་ནང་གི་རི་མོ་དང་འདྲ་བའི་གཟུགས་བརྙན་འབྱུང་བའོ། །གཉིས་པ་ཡན་ལག་གི་དཔེ་ལ་བཞི་ལས། མེ་ཤེལ་ནི། སྒྲིབ་བྱེད་སྤྲིན་དང་བྲལ་བ། མེ་ཤེལ་ཤིན་ཏུ་དྭངས་པ། ཉི་མའི་འོད་ཟེར་ཤིན་ཏུ་གསལ་བ་གསུམ་འཚོགས་པ་ན་སྤྲ་བ་རླན་མེད་པ་ལས་མེ་མྱུར་ཏུ་སྐྱེ་བའོ། །གཉིས་པ་ས་བོན་ནི། སཱ་ལུ་ལྗང་པའི་མདོའ་ཡང་དོན་ཏེ། ཞིང་ས་གཤིན་པ་རྐྱེན་ནམ་ཟླ་དྲོད་གཤེར་འཛོམ་པ་ས་བོན་སྐྱོན་མེད་པ་གསུམ་འཚོགས་པས་མྱུ་གུ་སྡོང་པོ་སྙེ་མ་ནས་ཀྱི་བར་དུ་སྐྱེ་བའོ། །གསུམ་པ་སྐྱུར་ནི། ཤིང་ཐོག་སྐྱུར་པོ་འགའ་ཞིག་རང་གིས་ཟོས་པའི་བག་ཆགས་རྒྱུད་ལ་ཡོད་པ་ཕ་རོལ་པོས་རང་གིས་ཟོས་པ་དེའི་རིགས་ཅན་གྱི་ཤིང་ཐོག་སྐྱུར་པོ་ཟ་བ་མཐོང་བས་སད་པར་བྱས་པ་ན་བདག་འགྲམ་ཆུ་ལྡང་ཞིང་ཁར་ཆུ་འབྱུང་བའོ། །བཞི་པ་བྲག་ཆ་ནི། ཁང་པའམ་བྲག་དཔང་མཐོན་པོའ་དྲུང་དུ་སྐད་གསལ་པོ་གཅིག་བརྗོད་པ་ལས། དེ་དང་འདྲ་བའི་སྒྲ་གྲགས་པར་འགྱུར་བའོ། །དེ་ཐམས་ཅད་ཀྱང་རང་རང་གི་རྒྱུ་ལ་མ་བརྟེན་པར་མི་འབྱུང་བས་འགགས་མེད། རྒྱུ་སྔ་མ་སྔ་མ་འབྲས་བུ་
༣༦༦ཕྱི་མ་ཕྱི་མར་འཕོས་པ་མིན་པས་སྐྱེ་མེད་དོ་ཅེས་སྔ་མ་བདུན་པོ་ཀུན་ལ་སྦྱར་རོ། །དེ་དག་ནི་སྒྱུ་མ་ཞེས་བྱ་བའི་རྒྱུ་རྐྱེན་བདེན་པར་གྲུབ་པ་གཅིག་ཀྱང་མེད་ལ། རྒྱུ་འབྲས་བུར་འོངས་པའང་མེད་ཅིང་། རྒྱུ་ལ་མ་བརྟེན་པར་འབྲས་བུ་འབྱུང་བའང་མེད་པས་འགྲོ་འོང་སྐྱེ་འགག་མེད་པའོ་ཞེས་སྒྲུབ་པའི་དོན་ཏེ། བརྟག་གཉིས་ལས། འདི་ལྟ་སྟེ། གཙུབས་ཤིང་དང་གཙུབས་སྟན་དང་། སྐྱེས་བུའི་ལག་པའི་རྩོལ་བ་ལས་མེ་སྐྱེ་བར་འགྱུར་རོ། །མེ་འདི་གཙུབས་ཤིང་ལ་ཡང་མི་གནས། གཙུབས་སྟན་ལ་ཡང་མ་ཡིན་སྐྱེས་བུའི་ལག་པ་དག་ལ་ཡང་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་གཅིག་ན་ཡང་ཡོད་པ་མ་ཡིན་པས། མེ་དེ་ཡང་བདེན་པ་ཡང་མ་ཡིན་རྫུན་པ་ཡང་མ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མས་ཡིད་ལ་གྱིས་ཤིག་ཅེས་དང་། །སཱ་ལུ་ལྗང་པའི་མདོ་ལས། ཆུ་ཟླའི་གཟུགས་བརྙན་ཇི་བཞིན་པ། །དེ་བཞིན་འདི་ནས་འཆི་འཕོ་བ། །འགའ་མེད་འགྲོ་བར་སྐྱེ་བར་སྣང་། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། །ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་དག །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་དང་། སློབ་དཔོན་གྱིས་ཕྱི་ནང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་གྱིས་ཞེས་པའི་དོན་ཏོ། །གཉིས་པ་བརྗོད་བྲལ་དུ་བསྒྲུབ་པ་ལ་གཉིས་ཀྱི་རྩ་བའི་དཔེ་ལ་བཞིའི་གཞོན་ནུའི་རྒོད་པ་ནི། བུ་ཆུང་སྨྲ་མི་ཤེས་པར་རྒོད་པའི་ཚེ། རྒོད་པའི་རྒྱུ་མཚན་ཅིག་ཡོད་ཀྱང་དེའི་རང་བཞིན་སྨྲ་མི་ཤེས་པའོ། །གཉིས་པ་ལྐུགས་པའི་རྨི་ལམ་ནི། ལྐུགས་པ་ལ་རྨི་ལམ་བྱུང་ཡང་འདི་ལྟ་བུ་ཞེས་སྨྲ་མི་ཤེས་པའོ། །གསུམ་པ་གནད་ལ་ཕྲུགས་པ་ནི་མཆན་ཁུང་ལ་སོགས་པ་གཡའི་གནས་འགའ་ཞིག་ཏུ་གཞན་གྱིས་ཕྲུགས་པ་ན་གཡའ་བ་དེ་ཉམས་སུ་མྱོང་ཡང་འདིའོ་ཞེས་སྨྲ་མི་ཤེས་པའོ། །བཞི་པ་དབང་པོའ་བདེ་བ་ནི། འཁྲིག་པའི་བདེ་བ་མྱོང་ཡང་
༣༦༧སྨྲ་མི་ཤེས་པའོ། །གཉིས་པ་ཡན་ལག་གི་དཔེ་ལ་བཞིའི་གསུམ་པའི་ཡེ་ཤེས་ནི། དབང་གསུམ་པའི་དུས་སུ་མྱོང་བའི་ཡེ་ཤེས་སོ། །གཉིས་པ་གསང་བའི་སྙོམས་འཇུག་ནི། འོག་དཀྱིལ་འཁོར་འཁོར་ལོའ་སྐབས་སུ་འཆད་པ་ལྟར་ལག་པའི་ཕྱག་རྒྱ་ལ་བརྟེན་པའི་ཡེ་ཤེས་སོ། །གསུམ་པ་ལོངས་སྤྱོད་ཀྱི་རླབས་ནི། མགྲིན་པ་ནས་རྩ་གསུམ་རྒྱུ་བའི་ཐིག་ལེ་དང་ཁྲག་རྒྱུ་བའི་སྲང་བོར་ནས་རླུང་རྒྱུ་བའི་སྲང་མནན་པ་ལས་སྐྱེས་པའི་ཡེ་ཤེས་སོ། །བཞི་པ་དཀྱིལ་འཁོར་འཁོར་ལོ་ནི། འོག་ལྟར་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ཏེ། དེ་དག་ཉམས་སུ་མྱོང་ཡང་འདིའོ་ཞེས་བརྗོད་པར་མི་ནུས་པ་བཞིན་དུ། ཆོས་ཐམས་ཅད་ཟུང་འཇུག་གམ་རང་བཞིན་མེད་བཞིན་དུ་རྒྱུ་རྐྱེན་འཚོགས་པའི་རྟེན་འབྲེལ་ལས་བྱུང་བར་ངེས་ཤེས་སྐྱེས་ཀྱང་འདིའོ་ཞེས་བརྗོད་མི་ཤེས་པས་བརྗོད་བྲལ་དུ་འདུག་སྙམ་དུ་ངེས་ཤེས་བསྐྱེད་ལ་མཉམ་པར་བཞག་གོ །དེ་དག་ཀྱང་བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །ཅེས་དང་། མདོ་བདེན་གཉིས་བསྟན་པར། ལྷའི་བུ་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་ཤིན་ཏུ་འདས་པ་སྟེ། བྱེ་བྲག་མེད་པ། མ་སྐྱེས་པ་མ་འགགས་པ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་། ཤེས་པ་དང་ཤེས་བྱ་དང་བྲལ་བའོ་ཞེས་དང་། ཏོག་ཙེ་བས། གཉིས་སུ་མེད་པ་མིང་ཙམ་སྟེ། །དེ་ལ་མིང་ནི་ཡོད་མ་ཡིན། །གཉིས་མེད་མིང་དུ་བཟུང་བ་ལ། །བདག་ལ་རྣལ་འབྱོར་པས་བཟོད་མཛོད། །ཅེས་དང་། རྡོ་རྗེའི་ཚིག་རྐང་ལས། དེ་ཁོ་ན་ཉིད་མཚོའ་དོན་དང་མ་བྲལ་བ་ཞེས་སོ། །དེ་དག་གིས་ནི་ཚུལ་བཞི། དཔེ་སུམ་ཅུ་རྩ་གཉིས་ཀྱིས་གཏན་ལ་ཕབ་ནས། ཡང་གསལ་བར་འདོད་པས་དཔེའི་གཙོ་བོ་བཞི་བཏུས་ལ། དེ་རེ་རེའང་ཆོས་བཞི་བཞིས་གཏན་ལ་ཕབ་པའི་ཚུལ་གྱིས་
༣༦༨ཉམས་སུ་བླང་ན། སེམས་སུ་བསྒྲུབ་པའི་དཔེའི་ནང་ནས་རྨི་ལམ་གྱི་དཔེས་ཆོས་བཞི་གཏན་ལ་དབབ་པ་ནི། རྨི་ལམ་གང་གསལ་བ་ཅིག་དྲན་དུ་བཅུག་ལ། དེ་ཉིད་ནི་སེམས་ལས་མ་གཏོགས་པ་ཕྱི་རོལ་ཏུ་གྲུབ་པ་མེད་པས་སེམས། དེ་ཉིན་མོའ་རྟོག་པ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བས་སྒྱུ་མ་རྨི་ལམ་དང་། གཉིད་སད་པའི་གནས་སྐབས་སུ་སྔ་མ་ལ་མ་བརྟེན་པར་ཕྱི་མ་མི་འབྱུང་ལ། སྔ་མ་ཕྱི་མར་མ་འཕོས་པས་འགྲོ་འོང་མེད་པའི་ཕྱིར་རྟེན་འབྲེལ། དེ་དག་འགལ་བ་ལྟར་མྱོང་ཞིང་མྱོང་ཡང་འདི་ལྟ་བུ་ཞེས་བརྗོད་དུ་མི་བཏུབ་པས་བརྗོད་བྲལ་ལོ། །དེ་བཞིན་དུ་སྒྱུ་མའི་དཔེའི་ནང་ནས་ཆུ་ཟླ་དང་། རྟེན་འབྲེལ་གྱི་དཔེའི་ནང་ནས་ས་བོན་དང་། བརྗོད་བྲལ་གྱི་དཔེའི་ནང་ནས་གནད་ལ་ཕྲུགས་པའི་བདེ་བ་དྲན་དུ་བཅུག་ལ། དེ་རེ་རེའང་། སེམས། སྒྱུ་མ། རྟེན་འབྲེལ། བརྗོད་བྲལ་དུ་གཏན་ལ་ཕབ་ལ་ངེས་ཤེས་སྐྱེད་དེ། དེ་དང་སྣང་བ་བསྲེ་བ་སོགས་སྔར་བཞིན་སྦྱར་ཞིང་ཉམས་སུ་བླང་ངོ་། །དཔེའི་གཙོ་བོ་གཅིག་ཏུ་བཏུས་པ་ལའང་ངེས་ཤེས་བསྐྱེད་པ་ནི། ལོངས་སྤྱོད་ཀྱི་རླབས་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་ལ་དེ་ཉིད་སེམས་སོགས་བཞིར་གཏན་ལ་ཕབ་པ་ལ་སོགས་པ་སྔར་ལྟར་ཉམས་སུ་བླང་ངོ་། །དེ་ལྟར་སྣང་བ་སེམས་སུ་བསྒོམས་པས་ཕྱི་རོལ་ཏུ་ཞེན་པའི་བློ་ལྡོག །སེམས་སྒྱུ་མར་བསྒོམ་པས་སེམས་སུ་བདེན་འཛིན་གྱི་བློ་ལྡོག །སྒྱུ་མ་རྟེན་འབྲེལ་དུ་བསྒོམས་པས་འགྲོ་འོང་རྟག་ཆད་དུ་འཛིན་པའི་བློ་ལྡོག །རྟེན་འབྲེལ་བརྗོད་བྲལ་དུ་བསྒོམས་པས་སེམས་ཉིད་ཀྱང་ནམ་མཁའ་ལྟར་མཐའ་དང་བྲལ་བར་ཁོང་དུ་ཆུད་དོ། །གསུམ་པ་རྒྱུད་གསུམ་གྱི་སྒོ་ནས་རྒྱས་པར་བཤད་པ་ལ་ཀུན་གཞི་རྒྱུ་རྒྱུད། །ལུས་ཐབས་རྒྱུད། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་ཀྱི་ཁྲིད་དོ། །དང་པོ་ནི། དེ་ལྟར་བརྟེན་ངལ་བཞི་ལ་མེ་ཏོག་དང་མེ་ཏོག་གི་དྲིའི་ཚུལ་གྱིས་བརྟེན་པའི་སེམས་ཀུན་གཞི་འདི་ཉིད་ལ་འཁོར་འདས་རྒྱུ་ལམ་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་བག་ཆགས་
༣༦༩སམ་ས་བོན་གྱི་ཚུལ་དུ་ཚང་ལ། དེའང་། སད་བྱེད་ཀྱི་རྐྱེན་དང་འཕྲད་པས་མཚན་ཉིད་སྣ་ཚོགས་སུ་སྣང་ཡང་། སྣང་བ་ལྟར་བདེན་པར་མ་གྲུབ་པས་རང་བཞིན་སྟོང་པ། སྟོང་བཞིན་དུ་སྣང་། སྣང་བཞིན་དུ་སྟོང་པས་རང་བཞིན་ཟུང་དུ་འཇུག་པའོ་ཞེས་ངེས་ཤེས་བསྐྱེད་དེའི་ངང་ལ་རྩེ་གཅིག་ཏུ་བཞག་གོ །དེ་དག་ཀྱང་བརྟག་གཉིས་སུ། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་དང་། ཀླུ་སྒྲུབ་ཀྱིས། འཁོར་བ་སྤངས་བར་གྱུར་པ་ཡི། །མྱ་ངན་འདས་ཁྱེད་མི་བཞེད་ཀྱིས། །འཁོར་བ་མི་དམིགས་པ་ཉིད་ནི། །ཞི་ཉིད་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་དང་། རྡོ་རྗེའི་ཚིག་རྐང་ལས། ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཚང་། ཞེས་སོ། །གཉིས་པ་ལ། དབང་། ལམ། ཉམས་ལ་ངེས་ཤེས་བསྐྱེད་པའོ། །དང་པོ་ལ་གསུམ་ལས། དལ་ལ་འཁོར་འདས་བསྲེ་བ་ནི། བུམ་དབང་རྒྱ་ཆེ་བའི་དབང་དུ་བྱས་ན། སངས་རྒྱས་ཀྱིས་ཕུང་པོ་ལྔ། རིག་མས་འབྱུང་བ་ལྔ། བྱང་སེམས་ཀྱིས་ནང་གི་སྐྱེ་མཆེད། ལྷ་མོས་ཕྱིའི་སྐྱེ་མཆེད། ཁྲོ་བོ་ཁྲོ་མོས་ཚིགས་ཆེན་བརྒྱད། །སྤྱི་བོ་དང་རྐང་གཉིས་ཏེ་བཅུ་སྦྱོང་ལ། དེ་དག་ཀྱང་སྦྱང་གཞི་འཁོར་བ། སྦྱོང་བྱེད་མྱ་ངན་ལས་འདས་པ་སྟེ། སྦྱང་གཞི་རྣམས་སྦྱོང་བྱེད་དེ་དང་དེའི་ངོ་བོར་གསལ་བཏབ་ནས་བསྒོམས་པས་འཁོར་འདས་དབྱེར་མེད་དོ། །མཆོག་དབང་ཟབ་པའི་དབང་དུ་བྱས་ན་ཡི་གེ་བྷ་གའི་དལ་ལ། སྙིང་གའི་བུ་ཨཱཾ་ཛྲཱིཾ་ཁཱཾ་ཧཱུྃ་སངས་རྒྱས་ནི། ལཱཾ་མཱཾ་ཨཱཾ་ཏཱཾ་ཡུམ་བཞིའི། པུ་ཛ་ལ་སོགས་པའི་ཡི་གེ་ཡུལ་ཉི་ཤུ་རྩ་བཞི་དང་། ཨཱ་ལི་ཀཱ་ལི་ལྔ་བཅུ་བྱང་སེམས་ལྷ་མོ། ཚིག་བརྒྱད་རྐང་མཐིལ་སྤྱི་བོ་རྣམས་ན་ཧཱུྃ་བཅུ་གནས་པ་ཁྲོ་བོ་ཁྲོ་མོའོ། །བྱང་ཆུབ་སེམས་ཀྱི་དལ་ལ་བདུད་རྩི་ལྔའི་དྭང་མ་སངས་རྒྱས། འབྱུང་བཞི་བདེ་བ་ནམ་མཁའི་རང་བཞིན་དང་བཅས་པ་ལྔ་རིག་མ། མིག་སོགས་དབང་པོ་རྣམས་དང་སོ་དང་སེན་མོ་སོགས་ཡུལ་ཉི་ཤུ་རྩ་བཞིའི་དྭངས་མ་བྱང་ཆུབ་སེམས་དཔའི། བདག་གི་ལུས་ཀྱི་ཡུལ་གཟུགས་སོགས་རྣམས་ཀྱི་དྭངས་
༣༧༠མ་ལྷ་མོ། །ལུས་ཀྱི་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་དྭངས་མ་ཁྲོ་བོ་ཁྲོ་མོའོ། །སྙིང་པོ་ཡེ་ཤེས་རླུང་གི་དབང་དུ་བྱས་ན། གཞི་རྩ་བའི་རླུང་ལྔ་རེ་རེ་གཙོ་བོར་གྱུར་པ་དགུ་བརྒྱ་པ་ཕྲག་རེ་རེ་སངས་རྒྱས། དེ་རེ་རེ་ལ་སོགས་འབྱུང་བཞིས་ཕྱེ་བ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་པ་རེ་རེ་མཉམ་པར་གྱུར་པ་རིག་མ་དེ་ཉིད་མིག་སོགས་ནས་རྒྱུ་བ་དང་། ཡན་ལག་གི་རླུང་དགུ་བརྒྱ་པ་ཕྲག་ཉི་ཤུ་རྩ་བཞི་པོ་བྱང་སེམས་དང་ལྷ་མོ། ཡན་ལག་གི་རླུང་ཁྱབ་བྱེད་པགས་པ་དང་བ་སྤུའི་ཚོགས་ལ་གནས་པ་ཁྲོ་བོ་ཁྲོ་མོའོ། །གཉིས་པ་དབང་ལ་འཁོར་འདས་བསྲེ་བ་ནི། བུམ་དབང་གི་དབང་དུ་བྱས་ན་དབང་རྫས་བུམ་པ་ལ་སོགས་པ་དང་། བསྐུར་བྱ་སློབ་མའང་རིགས་ལྔ་ཡབ་ཡུམ་དུ་བསྐྱེད། སྐྱེ་མཆེད་བྱིན་གྱིས་བརླབས་པ་ལ་སོགས་པ་བྱ་སྟེ། གདན་གསུམ་ཚང་བའི་ལྷས་དབང་བསྐུར་བས་འབྱུང་ལྔ་ཕུང་ལྔ་ཉོན་མོངས་ལྔ་ཡུམ་ལྔ་སངས་རྒྱས་ལྔ་ཡེ་ཤེས་ལྔར་བྱིན་གྱིས་རློབས་པ་དང་། གསང་དབང་ལ་ཡང་གདན་གསུམ་ཚང་བའི་བླ་མས་བསྒྲུབས་པའི་ཐིག་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གདན་གསུམ་ཚང་བའི་སློབ་མ་ལ་དབང་བསྐུར་བ་ན་ཕུང་པོ་དང་བདུད་རྩི་ལྔའི་དྭངས་མ་སངས་རྒྱས། སྐྱེ་མཆེད་ཀྱི་དྭངས་མ་བྱང་སེམས། འབྱུང་བའི་དྭངས་མ་ལྷ་མོ། །ཚིགས་སྤྱི་བོ་རྐང་མཐིལ་བཅུའི་དྭངས་མ་ཁྲོ་བོ་ཁྲོ་མོའ་གདན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ཡང་སློབ་མའི་ལུས་བྷ་ག་བྱང་སེམས་ལ་གདན་གསུམ་ཚང་བ་དེ་ལ་ཕྱག་རྒྱ་གདན་གསུམ་ཚང་བ་གཏད་དེ། འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་རྟེན་ཀུན་རྫོབ་ཀྱི་བྱང་སེམས་གདན་གསུམ་ཚང་བ་དེ་དབབ་བཟུང་ལྡོག་ཁྱབ་མི་ཉམས་པར་བཟུང་བའི་ཚུལ་གྱིས་བསྐུར་བའོ། །བཞི་པའི་དབང་ལའང་སློབ་དཔོན་གདན་གསུམ་ཚང་བས་སློབ་མ་གདན་གསུམ་ཚང་བ་ལ་བཞི་པ་ལྔ་གང་རུང་བསྐུར་བའི་སྒོ་ནས་འཁོར་འདས་དབྱེར་མེད་དུ་ངོ་སྤྲོད་པ་བྱེད་པའོ། །དེ་དག་ཀྱང་སྦྱང་གཞི་འཁོར་བ་སྦྱང་བྱེད་མྱ་ངན་ལས་འདས་པ། དེ་གཉིས་རོ་གཅིག་རྟོགས་པ་འཁོར་འདས་དབྱེར་མེད་དོ། །
༣༧༡གསུམ་པ་དབང་གི་ཡེ་ཤེས་ལ་འཁོར་འདས་བསྲེ་བ་ནི། བུམ་དབང་ལས་སྐྱེས་པའི་ཡེ་ཤེས་ཡུལ་སྣང་སྟོང་ཟུང་འཇུག །གསང་དབང་ལས་སྐྱེས་པའི་ཡེ་ཤེས་གསལ་སྟོང་ཟུང་འཇུག །དབང་གསུམ་པ་ལས་སྐྱེས་པའི་ཡེ་ཤེས་ལུས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན། དབང་བཞི་པ་ལས་སྐྱེས་པའི་ལྟ་བ་ཤིན་ཏུ་རྣམ་དག་བདེ་སྟོང་མཆོག་གི་ཏིང་ངེ་འཛིན་ཏེ། དེ་དག་སྦྱང་གཞི་ཕུང་པོ་དང་། འབྱུང་བ་ལྔ་སྦྱོང་བ་དང་། དེ་དག་གི་དྭངས་མ་དང་རླུང་བཅུ་ཟིན་པ་ལས་སྐྱེས་པའི་ཆ་ནས་སངས་རྒྱས་དང་རིག་མ། སྐྱེ་མཆེད་དང་ཡུལ་དྲུག་སྦྱོང་ཞིང་དེ་དག་གི་དྭངས་མ་དང་ཡན་ལག་གི་རླུང་དགུ་བརྒྱ་པ་ཕྲག་ཉི་ཤུ་པོ་ཟིན་པ་ལས་སྐྱེས་པའི་ཆ་ནས་བྱང་སེམས་དང་ལྷ་མོ། ཚིགས་སྤྱི་བོ་རྐང་མཐིལ་གྱི་དྭངས་མ་དང་། ཁྱབ་བྱེད་ཀྱི་རླུང་པགས་པ་དང་བ་སྤུ་ལ་གནས་པ་ཟིན་པའི་ཆ་ནས་ཁྲོ་བོ་དང་ཁྲོ་མོའ་གདན་ཡིན་ལ། དེ་ལྟར་གདན་གསུམ་ཚང་བའི་ཡེ་ཤེས་དེ་རྣམས་ཀྱིའང། སྣང་བ། གསལ་བ། དགའ་བ་དང་པོ་གསུམ་འཁོར་བ། སྟོང་པ་དང་ལྷན་སྐྱེས་མྱང་འདས། དེ་དག་ཤེས་པ་གཅིག་གི་ངོ་བོར་རོ་གཅིག་པ་དབྱེར་མེད་དོ། །དེ་དག་ཀྱང་གསང་འདུས་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་ནི་རབ་ཏུ་བཤད། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་ད་ལ་མཆོག །ས་ནི་སྤྱན་ཞེས་བྱ་བ་སྟེ། །ཆུ་ཡི་ཁམས་ནི་མ་མཱ་ཀི །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་གྲགས། །ཞེས་དང་། རྡོ་རྗེའི་ཚིག་རྐང་ལས། གདན་སོགས་གསུམ་པ་བཞིས་རྒྱུའི་དབང་བསྟན་ཞེས་སོ། །གཉིས་པ་ལམ་ལ་ངེས་ཤེས་བསྐྱེད་པ་ལ་གསུམ་ལས། བསྐྱེད་རིམ་ལ་འཁོར་འདས་བསྲེས་ལ་ངེས་ཤེས་བསྐྱེད་པ་ནི། སྔོན་འགྲོ་ཚོགས་བསགས་པ་ལ་སྦྱང་བྱ་སྔ་མའི་ལས། སྦྱོང་བྱེད་ཚོགས་གཉིས་ནི་འཁོར་འདས་ཀྱི་རྒྱུ། དེ་གཉིས་ཀྱི་སྒྲུབ་པ་པོའ་སེམས་རྒྱུད་གཅིག་གིས་བསྡུས་པས་དབྱེར་མེད། ཆོས་འབྱུང་གིས་རྣམ་ཐར་སྒོ་གསུམ་མཚོན་ལ། རྣམ་ཐར་ལས་འཁོར་འདས་གཉིས་ཀ་བྱུང་བ་དང་། གཞལ་ཡས་
༣༧༢ཁང་གིས་སྣོད་སྦྱོང་ལ། གཉིས་ཀའང་འབྱུང་བཞི་ལས་བྱུང་ཞིང་འཁོར་འདས་ཀྱི་སྣང་བ་ཡིན་ལ། དེ་གཉིས་རོ་གཅིག་ཏུ་རྣལ་འབྱོར་པས་བསྒོམས་པས་དབྱེར་མེད་དོ། །བསྐྱེད་ཆོག་ལ་ཡང་མངོན་བྱང་ལྔ་ལས་དྲོད་གཤེར་སྐྱེས་ཐིག་ལེ་ལས་བཞེངས་པས་སྒོང་སྐྱེས། མངལ་ནས་འབྱིན་པས་མངལ་སྐྱེས། སྙིང་པོ་ཚིག་ཙམ་ལས་སྐྱེས་པས་བརྫུས་སྐྱེས་སྦྱོང་བ། ལྷའི་སྐུ་མདོག་ཕྱག་མཚན་ལ་ཡང་། དག་བྱ་ཉོན་མོངས་ལྔ། དག་བྱེད་ཡེ་ཤེས་ལྔའི་རང་བཞིན། སངས་རྒྱས་ལྔའི་སྐུ་མདོག་ཕྱག་མཚན་དུ་བསྒོམས་པས་དག་པར་བྱེད་ལ། ཕྱག་ཞབས་ལ་ཡང་གཡས་གཡོན་འཁོར་འདས། ཕྱེད་ཀྲུང་དང་སྐྱིལ་ཀྲུང་སོགས་སུ་བཞུགས་པ་ཟུང་འཇུག །མཉམ་བཞག་མྱང་འདས། ཐུན་མཚམས་ཀྱི་རྣལ་འབྱོར་འཁོར་བ་དང་ཆོས་མཐུན་ལ། དེ་དག་སྒྲུབ་པ་པོ་གཅིག་གི་རྒྱུད་ལ་ཡང་དབྱེར་མི་ཕྱེད་པས་འཁོར་འདས་དབྱེར་མེད་དོ། །གཉིས་པ་རང་བྱིན་རླབས་ལ། འཁོར་འདས་བསྲེས་ལ་ངེས་ཤེས་བསྐྱེད་པ་ནི། རླུང་ནང་དུ་འཇུག་པ་ཡི་གེ་ༀ། སྦྱང་བྱ་འདོད་ཆགས། ཉམས་གསལ་བའི་ཆ། འབྲས་བུ་སྤྲུལ་སྐུ། རླུང་གནས་པ་ཡི་གེ་ཨཱཿ དག་བྱ་གཏི་མུག །ཉམས་ཟུང་འཇུག །འབྲས་བུ་ལོངས་སྐུ། རླུང་ཕྱིར་འགྲོ་ཡི་གེ་ཧཱུྃ། དག་བྱ་ཞེ་སྡང་། ཉམས་སྟོང་ཆ། འབྲས་བུ་ཆོས་སྐུ་སྟེ། དེ་དག་རོ་གཅིག་པར་རྟོགས་པ་འཁོར་འདས་དབྱེར་མེད་དོ། །གསུམ་པ་དལ་འཁོར་ལོ་ལ་འཁོར་འདས་བསྲེས་ལ་ངེས་ཤེས་བསྐྱེད་པ་ནི། བདག་དང་ཕྱག་རྒྱའི་ཕུང་པོ་ལྔ་ཉོན་མོངས་ལྔ། སྐྱེ་མཆེད་ཡུལ་རྣམ་རྟོག་སོགས་འཁོར་བ། འདུ་ཤེས་གསུམ་གྱིས་བྱིན་གྱིས་བརླབས་ནས། སྙོམས་པར་ཞུགས་ནས་དགའ་བ་བཞིའི་ཡེ་ཤེས་སྐྱེ་བ་མྱང་འདས། དེ་གཉིས་སྒྲུབ་པ་པོ་གཅིག་གི་རྒྱུད་ལ་དབྱེར་མི་ཕྱེད་པར་ཉམས་སུ་ལེན་པས་དབྱེར་མེད་དོ། །བཞི་པ་རྦ་རླབས་གྱི་ལམ་ལ་འཁོར་འདས་བསྲེས་ལ་ངེས་ཤེས་བསྐྱེད་པ་ནི།
༣༧༣བདག་དང་ཕྱག་རྒྱ་པདྨ་ཅན་གྱི་རྟེན་དལ་བཞི་འཁོར་བ། བརྟེན་པ་བདེ་སྟོང་མཆོག་གི་ཡེ་ཤེས་མྱང་འདས། ཟུང་དུ་འཇུག་པས་དབྱེར་མེད་དོ། །གསུམ་པ་ཉམས་ལ་ངེས་ཤེས་བསྐྱེད་པའི་ཐབས་གསུམ་ལས། མ་དག་པའི་ཉམས་ཀྱི་སྣང་བ་ལ་བརྟེན་ནས་ལས་རྒྱུ་འབྲས་ལ་ངེས་ཤེས་ཁྱད་པར་ཅན་བསྐྱེད་པ་ནི། བདག་རྒྱུད་ལ་རྟེན་དལ་བཞིའི་རྟེན་འབྲེལ་གྱིས་འཁོར་བ་ཁམས་གསུམ་རིགས་དྲུག་སྐྱེ་གནས་བཞི་སྣོད་བཅུད་གཉིས་ཀྱིས་བསྡུས་པའི་ཉམས་དུ་མ་སྐྱེས་པའི་ཚེ་ད་ལྟར་བདག་གི་ལུས་འདི་ལས་རྣམ་ཤེས་མ་འཕོས་བཞིན་དུ་རིགས་དྲུག་གི་ཉམས་སྣང་སྣ་ཚོགས་འདི་ལྟ་བུ་འཆར་ན། ཤི་ནས་ལས་ཀྱི་དབང་གིས་རིགས་དྲུག་སོ་སོའ་ལུས་བླངས་ནས་རིགས་དྲུག་གི་ཉམས་སྣ་ཚོགས་ཅི་ལྟར་མི་འཆར་ཏེ་འཆར་ངེས་ལ། དེ་ཐམས་ཅད་དུང་ལས་ཀྱིས་བསླད་པའི་རང་གི་སེམས་ཀྱི་སྣང་བ་ཡིན་ཏེ། བདག་འདུག་ས་གཅིག་ན་འདུག་བཞིན་དུརིགས་དྲུག་གི་སྣང་བ་ཐ་དད་དུ་འབྱུང་བའི་ཕྱིར་སྙམ་དུ་ངེས་ཤེས་བསྐྱེད་དོ། །དེ་ལ་བརྟེན་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་ཤིང་ལོག་ལྟ་སྤང་བར་འགྱུར་རོ། །གཉིས་པ་ལམ་གྱི་ཉམས་ལ་བརྟེན་ནས་ལམ་ཐམས་ཅད་ཐེག་པ་གཅིག་ཏུ་སྒྲུབ་པ་ནི། དལ་བཞིའི་འདུ་འཕྲོད་ལ་རྟེན་ནས་རྟག་ཆད་དུ་བལྟ་བ་དང་། བེམ་པོའ་བདག་ཏུ་བལྟ་བ་དང་། ཚངས་པ་དབང་ཕྱུག་སོགས་འཇིག་རྟེན་གྱི་བྱེད་པ་པོར་འཛིན་པ་དང་། རྡུལ་ཕྲན་དང་འབྱུང་བ་རྒྱུར་གྱུར་དང་། བརྗོད་དུ་མེད་པའི་བདག་དང་། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ། སེམས་ཙམ་པའི་ལྟ་བ་ལ་སོགས་པ་ཉམས་ཀྱི་སྣང་བ་དུ་མ་སྐྱེས་པའི་ཚེ་འདི་ཐམས་ཅད་དལ་བཞིའི་རྒྱུད་ཚུལ་ལ་བརྟེན་ནས་རང་གི་ཉམས་ལ་སྐྱེས་པ་ཙམ་ཡིན་པས་འཁྲུལ་པའི་སྣང་བ་ཡིན་གྱི་ཡང་དག་པར་ན་བདེན་པར་མ་གྲུབ་པས་ཐེག་པ་ཐ་དད་པ་ཅུང་ཟད་ཀྱང་མེད་སྙམ་དུ་ངེས་ཤེས་བསྐྱེད་ཅིང་བསྒོམ་མོ། །དེ་ལ་བརྟེན་ནས་ཐེག་པ་གཅིག་ཏུ་རྟོགས་པར་འགྱུར་
༣༧༤རོ། །གསུམ་པ་ཡིག་འབྲུའི་ཉམས་ཀྱི་སྣང་བ་ལ་བརྟེན་ནས་སངས་རྒྱས་ལ་མོས་གུས་དང་སྤྲོ་བ་ཁྱད་པར་ཅན་བསྐྱེད་པ་ནི། སྙིང་པོའ་ཨར་རླུང་སེམས་འདུས་པས་ཆོས་སྐུ་དང་། སྙིང་གའི་རིགས་ལྔའི་ཡི་གེར་རླུང་སེམས་འདུས་པས་ལོངས་སྤྲུལ་གྱི་ཉམས་སྐྱེས་ཏེ་འདི་ཉིད་སྐུ་གསུམ་གྱི་རང་བཞིན་ནོ་ཞེས་འདུ་ཤེས་པའི་ཚེ་འདི་སངས་རྒྱས་དངོས་མིན་གྱི་ཉམས་སྣང་ཡིན་ལ། སངས་རྒྱས་པ་ན་འདི་བས་ཀྱང་མཆོག་ཏུ་གྱུར་པའི་ཡོན་ཏན་བསམ་མི་ཁྱབ་པའི་འབྱུང་གནས་སུ་འདུག་སྙམ་པའི་མོས་གུས་དང་། བདག་གིས་ཀྱང་དེ་ཐོབ་ན་ཅི་མ་རུང་སྙམ་པའི་སྤྲོ་བ་ཡང་ཡང་དུ་བསྐྱེད་དོ། །གསུམ་པ་གནས་གྱུར་ལྷུན་གྲུབ་མི་འགལ་བའི་སྒོ་ནས་འབྲས་བུ་འཁོར་འདས་དབྱེར་མེད་ལ་ངེས་ཤེས་བསྒོམ་པ་ནི་རྒྱུ་རྟེན་དལ་བཞི་ལ་རང་བཞིན་གྱིས་སྐུ་བཞིའི་ས་བོན་གནས་པ་ནི། མངོན་དུ་གྱུར་པ་ན་སྐུ་བཞིར་ལྷུན་གྱིས་གྲུབ་པས་འབྲས་བུ་ལྷུན་གྲུབ་སྟེ། རྒྱུ་དེ་འཁོར་བའི་ཆོས་ཉིད་དང་ཚུལ་མཚུངས་པས་འཁོར་བ། རང་བཞིན་དེ་ལྟར་ཡིན་བཞིན་དུ་སྐུ་བཞིའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངོན་དུ་འགྱུར་བ་ནི། གནས་བརྟེན་དལ་བཞི་ལམ་གྱིས་སྐུ་བཞིར་སྒྱུར་བའི་ཡོན་ཏན་ཡིན་པས་གནས་གྱུར་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། ཆོས་ཉིད་ལ་ལྟོས་ནས་ལྷུན་གྲུབ། ཡོན་ཏན་ལ་ལྟོས་ནས་གནས་གྱུར་ཡིན་པས་མི་འགལ་ཞིང་འབྲས་བུ་ཡང་ཆོས་ཉིད་དང་གནས་གྱུར་གྱི་སྒོ་ནས་དབྱེར་མེད་དུ་ངེས་ཤེས་བསྐྱེད་དོ། །དེ་ལ་ངེས་ཤེས་སྐྱེས་ན་ཐོས་བསམ་གྱི་ལྟ་བ་མཐར་ཕྱིན་ཅིང་། སྒོམ་བྱུང་གི་ཡེ་ཤེས་ཅུང་ཟད་སྐྱེས་པ་ཞེས་བྱ་བ་ཡིན་ནོ། །ཀུན་གཞི་རྒྱུ་རྒྱུད་ཀྱི་ཁྲིད་བསྟན་ཟིན་ཏོ། །གཉིས་པ་ལམ་གྱི་ངེས་ཤེས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་བསྒོམ་པ་ལ། བུམ། གསང་། ཤེས་རབ་ཡེ་ཤེས། བཞི་པའི་དབང་གི་ལམ་བསྒོམ་པའོ། །དང་པོ་ལ་བསྐྱེད་རིམ་གྱི་བྱ་བ་དང་། དེ་ལ་སེམས་བཟུང་བ་གཉིས་ཀྱི་དང་པོ་ནི། སྒྲུབ་པ་ལ་འཇུག་པའི་སྔོན་དུ། བླ་མ་ལས་ལམ་དུས་ཀྱི་དབང་བླང་སྟེ་དམ་ཚིག་གསོ། བླ་མ་མི་བཞུགས་ན་བདག་ཉིད་ཀྱིས་སྒྲུབ་པའི་དལ་བྲིས་ལ་བདག་འཇུག་
༣༧༥རྒྱས་པར་བྱ། མི་མཐུན་པའི་རྐྱེན་སྤངས་ནས་མཐུན་པའི་ཆས་འགྲིགས་པའི་ཚེ་སྒྲུབ་པ་ལ་འཇུག་སྟེ། དེའང་ཕྱི་ནང་གི་བསྐྱེད་པའི་རིམ་པ་བསྒོམས་ནས་བསྙེན་པ་བཞི་འབུམ་ལ་སོགས་པ་ཅི་འགྲུབ་བཟླ། དེའི་བཅུ་ཆ་ཞི་བའི་སྦྱིན་སྲེག་བྱེད་པའོ། །གཉིས་པ་ནི། ཕྱི་ནང་གི་བསྐྱེད་རིམ་ཐ་མལ་རྣམ་རྟོག་གིས་བར་མ་ཆོད་པར་གསལ་ཞི་དྲག་ལ་ཡུན་ཐུང་བར་བསྒོམ་པ་ཡོངས་སུ་རྫོགས་པའི་མཐར། །གནད་ལ་དབབ་པ་གསུམ་སྔོན་དུ་སོང་བས་ལྷ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བཏབ། ཁྱད་པར་དུ་སྤྱན་དབུ་མ་གསལ་བཏབ་སྟེ། དེ་ལ་སེམས་རྩེ་གཅིག་ཏུ་བཟུང་། གསལ་ན་གསལ་ཏེ་འཕྲོ་བཅད་ལ་དངོས་པོ་གཞན་ཞིག་ལ་སེམས་ཡོངས་སུ་གཞུག །ཡང་གསལ་བཏབ་ལ་བསྒོམ། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། ཅུང་ཞིག་རྩོལ་བ་ཀློད། ཡང་བསྒོམ། དེས་ཀྱང་མི་གསལ་ན་བྲིས་པའི་སྤྱན་དབུ་མ་ལ་བལྟ་ཞིང་གསལ་བཏབ། དེས་ཀྱང་གསལ་བར་མ་གྱུར་ན་རང་གི་དཔྲལ་བའི་དབུས་སུ་སྤྱན་དབུ་མ་བྲིས་ནས་མདུན་གྱི་ཉེ་རིང་དང་མཐོ་དམན་རན་པར་མེ་ལོང་ཤིན་ཏུ་གསལ་བ་ཅིག་བཞག་ནས་བལྟ། ཡང་མིག་བཙུམ་ཞིང་བསྒོམ། ཡང་བལྟ། ཡང་བསྒོམ། དེ་ལྟ་བུ་ཡང་ཡང་བྱས་པས་དམིགས་པ་གསལ་བར་འགྱུར་རོ། །དེ་ལྟར་བསྒོམ་པས་གང་ལ་གསལ་བར་འདོད་པ་དེ་ལ་གསལ་བ་བྱུང་ན་ལྷ་སོ་སོའ་དག་པ་སོ་རུ་སླེབས་པ་ཡིན། གསལ་འཕྲོ་ལ་མེད་པར་འདོད་ན་མེད་པར་བྱ་བར་ནུས་ན་དེ་བཞིན་ཉིད་ཀྱི་དག་པ་སོ་རུ་སླེབ། དེ་དག་ལ་བརྟེན་ནས་ཞི་གནས་ཀྱི་ཉམས་ཁྱད་པར་ཅན་སྐྱེས་པ་ནི་རང་རིག་པའི་དག་པ་སོ་རུ་སླེབ་པའོ། །ཚུལ་དེ་ལྟ་བུས་ལམ་སྦྱང་། དེ་ལ་བརྟེན་ནས་སྐྱེས་པའི་ལྟ་བ་ངོ་བོ་ཉིད་གསུམ་བསྐྱང་སྟེ། སྤྱན་ལ་སོགས་པ་ཡུལ་གྱི་སྟེང་དུ་སེམས་ཟིན་ན་སྣང་ཕྱོགས། དམིགས་པ་ཅི་ཡང་མི་སྣང་བར་སྟོང་ཉམས་འབའ་ཞིག་སྐྱེ་ན་སྟོང་ཕྱོགས། དུ་སོགས་ཀྱི་རྟགས་ལ་སེམས་ཟིན་ན་ཟུང་འཇུག་གི་ངོ་བོ་ཉིད་དོ། །དེ་ལས་
༣༧༦སྐྱེས་པའི་རྗེས་ཐོབ་ཀྱི་ངོ་བོ་ཉིད་ཉམས་སུ་ལེན་ཚུལ། མ་སྐྱེས་ན་བསྐྱང་ཚུལ་རྣམས་གཞུང་ཅི་ལྟ་བ་བཞིན་དུ་ཉམས་སུ་བླང་ངོ་། །དེ་ནས་སྤྱན་གསུམ་ཀ་ལ་དམིགས་པ་གཏད་ལ་སྔ་མ་བཞིན་བསྒོམ། དེ་ནས་དབུ་རིལ་པོ། དེ་ནས་སྐུ་རིལ་པོ། དེ་ནས་གདན་དེ་ནས་དལ་གྱི་ལྷ་རྣམས་དང་། གཞལ་ཡས་ཁང་སྲུང་བའི་འཁོར་ལོ་དང་བཅས་པ་སྔ་མ་བཞིན་དུ་བསྒོམ་ཞིང་། སྤྱན་དབུ་མའི་ཏིང་ངེ་འཛིན་གོམས་པ་བཞིན་དུ་གོམས་པར་མ་གྱུར་གྱི་བར་དུ་བསླབ་པར་བྱའོ། །དེ་ལྟར་བདག་བསྐྱེད་ཀྱི་ལྷ་ལ་དམིགས་པ་གསལ་བ་དང་ཕྱི་རོལ་གྱི་དངོས་པོ་གང་ཡང་རུང་བ་ཞིག་རང་གིས་ལྷར་བསྒོམ་སྟེ་མཉམ་པར་བཞག་གོ །དེ་ལ་གོམས་པ་དང་རིམ་གྱིས་རྒྱ་བསྐྱེད་ཅིང་རང་གིས་མཐོང་ཚད་ཀྱི་སྣང་བ་རྣམས་ལྷར་བསྒོམ་ཞིང་གོམས་པར་བྱའོ། །དེ་ནས་རང་གིས་བསྒོམས་པའི་ལྷ་དང་དལ་གྱི་ཚད་ཀྱང་རྒྱ་བསྐྱེད་ཅིང་མཐར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བསྒོམ་པར་བྱའོ། །དེ་ནས་ལྷ་དང་དལ་ཚད་ཇེ་ཆུང་ཇེ་ཆུང་བསྡུས་ནས་ཡུངས་འབྲུའི་ཚད་ཙམ་གྱི་ནང་དུ་ལྷའི་དལ་རྫོགས་པར་བསྒོམ་ཞིང་གདབ། དམིགས་པའི་རིམ་པ་དེ་རྣམས་ཀྱང་སྤྱན་དབུ་མའི་དམིགས་པ་ལྟར་གོམས་ཀྱི་བར་དུ་བསྒོམ། དེ་རྣམས་ལ་གོམས་པ་དང་ཡུངས་འབྲུའི་ཚད་ཙམ་གྱི་ལྷ་དང་དལ་གྱིས་འཇིག་རྟེན་གྱི་ཁམས་རྒྱ་ཆེན་པོ་ཁྱབ་པར་བསྒོམས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་ཆུང་ངུ་མི་འགྲོ་ཞིང་ལྷའི་སྐུ་ཆེར་མི་འགྲོ་བར་བསྒོམ་ཞིང་གོམས་པར་བྱའོ། །ལྷའི་རྣམ་པ་དེ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པའི་ངོ་བོ་ཟུང་འཇུག་ཏུ་བསྒོམ་མོ། །གཉིས་པ་གསང་དབང་གི་ལམ་ལ། ཁྱབ་བྱེད་མན་ངག་གི་གནད་དོ། །དང་པོ་ལ་གཉིས་ལས། ཁྱབ་བྱ་མན་ངག་གི་གནད་དོ། །བསམ་གཏན་གྱི་སྔོན་འགྲོ་ནི། གྲུབ་ན་བླ་མ་ལས་དབང་བླང་། མ་གྲུབ་ན་བདག་འཇུག་བྱ། དེའང་མ་གྲུབ་ན་མཎྜལ་དང་ཡིག་བརྒྱ་ལ་བརྟེན་ནས་མཐུན་པའི་
༣༧༧པའི་རྐྱེན་ཚོགས་བསགས་པ་དང་། འགལ་བའི་རྐྱེན་སྒྲིབ་པ་སྦྱངས་ལ། ལུས་སྦྱོང་རྒྱས་པ་ཕྲིན་ལས་སུམ་ཅུ་རྩ་གཉིས་སམ་བསྡུས་པ་ཡན་ལག་ལྔ་སྦྱོང་ཅི་འགྲུབ་བྱས་པས་ལུས་སྦྱོང་འབྱོངས་འབྱོངས་སྦྱངས་ཏེ། རེ་ཞིག་འབྱོངས་པའི་ཚད་ནི་དཀའ་ལས་མི་འབྱུང་ཞིང་ན་ཚ་མེད་ལ་ལུས་བདེ་ཞིང་ཡངས་པ་ཡིན་ནོ། །ཁ་ཅིག་ལ་སྐབས་དེར་ཏིང་ངེ་འཛིན་ཤུགས་ཀྱིས་སྐྱེ་བ་ཡང་སྲིད་ལ། གང་ལྟར་ཡང་ལུས་སྦྱོང་ཡུན་རིང་དུ་བྱས་ན་ཏིང་ངེ་འཛིན་ཡུན་རིང་དུ་སྐྱེ་ཞིང་བར་ཆད་མི་འབྱུང་བ་ཡིན་ནོ། །དེ་ནས་སྦྱང་བ་གཞན་གཉིས་དང་གནད་དབབ་གསུམ་སྒོམ་པ་གསུམ་ཀྱང་སྔ་མ་བཞིན་བྱའོ། །གཉིས་པ་བསམ་གཏན་གྱི་དངོས་གཞི་ལ། དམིགས་པའི་ལུགས་མང་ན་ཡང་རྣལ་འབྱོར་གྱི་དབང་ཕྱུག་འདི་ནི་ཁམས་འདུས་པ་དང་པོ་གཏུམ་མོ་རླུང་དྲོད་རྟགས་ཀྱིས་ལམ་ཁྲིད་པ་ཡིན་པས་རླུང་གི་རྣལ་འབྱོར་གཙོ་བོར་བཞེད་ལ། དེའི་མན་ངག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་། བསྡུ་ན་རླུང་ལྡང་འཇུག་གནས་པར་འདུ་ལ། དེ་ལམ་དུ་བྱེད་པ་ལ་སྲོག་རྩོལ་ལམ་རྡོ་རྗེའི་བཟླས་པ། ཕྱིར་བཏང་བའི་མན་ངག་གསུམ། ནང་དུ་དགང་བའི་མན་ངག་གཉིས། གནས་པ་ལམ་དུ་བྱེད་པ་ཁ་སྦྱོར་ཏེ་བདུན་གྱི་དང་པོ་ལ་བཞི་ལས། ཉམས་སུ་བླང་བའི་ཐབས་ནི། བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་སོང་ནས་འཁོར་གཅིག་གཉིས་སྣ་གཡས་བཀག་ནས་གཡོན་རྒྱུར་གཞུག །དེ་ནས་གོང་ལྟར་བདེ་བར་རྒྱུར་གཞུག་སྟེ། དེའང་སྐྱོན་ཅན་ཕྱིར་འདོན་པ་དང་འདྲ་བས་ཐོག་མར་རྩོལ་བ་ནས་མགོ་འཛིན་ཏེ་ཡིད་སྣ་རྩེ་གཡས་པར་གཏད་ལ་རླུང་ཕྱིར་རྒྱུ་བའི་དུས་སུ་ཕྱིར་རྒྱུས། ནང་དུ་འཇུག་པའི་ཚེ་ནང་དུ་རྒྱུས། ཅུང་ཟད་གནས་པའི་ཚེ་གནས་ཞེས་དྲན་པར་བྱ། དེ་ཉིད་ལ་སེམས་རྩེ་གཅིག་ཏུ་ཟིན་ནས་རྟོག་པ་གཞན་མི་རྒྱུ་ན་འཇུག་པ་སེལ་བའི་ལམ། དམིགས་
༣༧༨མེད་ཀྱི་ངང་དུ་རྩེ་གཅིག་ཏུ་གནས་ན་ཆགས་པ་གཅོད་པའི་ལམ། དུ་སོགས་ཀྱི་རྟགས་ལ་སེམས་ཟིན་ན་བྱང་ཆུབ་ཆེན་པོའ་ལམ་ཞེས་བྱ་སྟེ། ཏིང་ངེ་འཛིན་དེ་དག་གང་རུང་སྐྱེས་ནས་བོགས་དབྱུང་བའི་ཕྱིར་རྩོལ་བ་ལ་རྔན་དགས་རིམ་གྱིས་བྱིན་ཏེ། །ཕྱིར་འགྲོ་ཇེ་རིང་། འཇུག་གནས་སུ་ཐུང་ངུ་བྱ་ཞིང་སེམས་ཀྱིས་ཕྱིར་རིང་དུ་རྒྱུས། ནང་དུ་ཐུང་ངུ་རྒྱུས། ནང་དུ་གནས་ཞེས་དྲན་པར་བྱས་པས་ཕྱིར་ཇེ་རིང་འགྲོ། དེའི་ཚེ་གཡོན་ནས་མི་རྒྱུ་ནས་གཡས་ནས་རྒྱུ་ན་སྣ་གཡས་རས་བལ་ལ་སོགས་པས་བཀག་ལ་གཡོན་ནས་རྒྱུ་བ་ལ་བསླབ། བཀག་ཀྱང་མ་འགྱུར་ན་གཡོན་ནས་རྒྱུ་བར་བསམས་ལ་བསླབ་བོ། །དེ་ལ་ཏིང་ངེ་འཛིན་སྐྱེས་པ་དང་གོ་བཟློག་པའི་གནད་ཡིན་པས་སྲོག་ནས་མགོ་བཟུང་སྟེ་ནང་དུ་རྒྱུས། གནས། ཕྱིར་རྒྱུས་སྙམ་དུ་དྲན། རྡོ་རྗེའི་བཟླས་པ་བྱེད་ན་ནང་དུ་རྒྱུ་བར་ༀ། གནས་པ་ཨཱཿ ཕྱིར་འགྲོ་བ་ཧཱུྃ་ཞེས་དྲན་པར་བྱས་ཀྱང་གཏུབ་བོ། །དེ་ལ་ཏིང་ངེ་འཛིན་སྐྱེས་པ་ན་དེ་བརྟན་པའི་ཡན་ལག་ཏུ་སྲོག་ལ་རྔན་དགས་རིམ་གྱིས་བྱིན་ཏེ། ནང་དུ་འཇུག་ཇེ་རིང་། ཕྱིར་འགྲོ་ཇེ་ཐུང་བཏང་ལ་དེ་དང་མཐུན་པར་ཡིད་ཀྱིས་ཀྱང་ནང་དུ་རིང་དུ་རྒྱུས། ནང་དུ་གནས། ཕྱིར་ཐུང་ངུ་རྒྱུས་ཞེས་དྲན་པར་བྱས་ཏེ། འདི་ནང་དུ་ཡུན་རིང་དུ་གནས་ཤིང་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་སྐྱེའོ། །རྗེས་ལ་རླུང་སེམས་ཀྱི་རྩོལ་བ་ཀློད་ལ་ལྟ་ཁྲིད་ཀྱི་སྐབས་ལྟར་ཆོས་གསུམ་གྱིས་ལྷ་བ་བསྐྱངས་པས་ཉམས་མཆོག་ཏུ་གྱུར་པ་སྐྱེའོ། །གཉིས་པ་སྲོག་རྩོལ་མཐར་ཕྱིན་པའི་ཚད་ལ་གཉིས་ལས། རྒྱུ་བ་གསལ་བ་ཞེས་བྱ་བ་ནི་རླུང་ལྔ་སྣ་བུག་གང་ནས་རྒྱུ་ཡང་གཡས་གཡོན་སྟེང་འོག་གི་སྦུགས་ལ་འཁྲིས་ནས་རྒྱུ་བ་ལ་སོགས་པ་འབྱུང་བ་བཞིའི་རླུང་འབྱུང་བའི་གནས་དང་། ཁ་དོག་དབྱིབས་དང་རིང་ཐུང་གི་ཚད་མིག་གིས་མཐོང་བ་ཡིན་ནོ། །རྣམ་པ་ངེས་པ་ཞེས་བྱ་བ་རླུང་གཡས་གཡོན་སྤོ་བ་དང་། དབང་པོ་གཞན་གྱི་སྒོ་ནས་
༣༧༩བཏོང་བ་དང་བཟློག་པར་ནུས་པ་ཡིན་ནོ། །བསྒོམ་པའི་ཡོན་ཏན་ནི། ཕྲིན་ལས་བཞི་འགྲུབ་པ་སྟེ། དེའང་ས་རླུང་རྒྱུ་བ་གསལ་བའི་དུས་སུ་སྔགས་ཙམ་མམ་བསམ་པའམ། སྨོན་ལམ་བཏབ་པ་ཙམ་གྱིས་རྒྱས་པའི་ལས་འགྲུབ། དེ་བཞིན་དུ་ཆུ་རླུང་གིས་ཞི་བ། མེ་རླུང་གིས་དབང་། རླུང་གི་རླུང་གིས་མངོན་སྤྱོད་ཀྱི་ལས་རྣམས་འགྲུབ་པ་ཡིན་ནོ། །ཡང་ཕ་རོལ་གྱི་སྲོག་གི་རླུང་གི་ལམ་ནས་བཅུག་ནས་ཕ་རོལ་གྱི་ནང་དུ་ཀུན་ཏུ་བལྟས་ན་ཕ་རོལ་ཀྱི་སེམས་ཤེས་པའི་མངོན་ཤེས་ཀྱང་འབྱུང་ངོ་། །སྐྱོན་གང་སེལ་ན། གཡང་ས་དང་རྡིབ་རི་དང་ཐོག་ལ་སོགས་པ་གློ་བུར་གྱིས་འཆི་བའི་རྐྱེན་གང་གིས་ཀྱང་བར་ཆད་མི་འབྱུང་སྟེ། ཚེ་ལ་ཅུང་ཟད་དབང་བ་ཡིན་ནོ། །འདི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པས་རྟགས་མ་བྱུང་གི་བར་དུ་བསྒོམ་པ་གལ་ཆེའོ། །དེ་ནས་རླུང་བརྟན་ཞིང་བོགས་དབྱུང་བའི་ཕྱིར་བཏང་བའི་ཡན་ལག་གསུམ་ལས། དང་པོ་རྩོལ་བ་བཀག་སྟེ་སྲོག་ནས་བཏང་བའི་མན་ངག་ལ་བཞི་ལས་ཉམས་སུ་བླང་བའི་ཐབས་ནི། ལུས་ཙོག་པུར་གཏན་ལ་དབབ་པའི་བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་སོང་བར་བྱས་ནས། མགོ་ཅུང་ཟད་བསྟོད་པ། སེམས་སྣ་རྩེའམ་སྣ་བུག་གཡོན་དུ་གཏད་ལ། སྡིགས་མཛུབ་གཡས་ཀྱི་གུང་མཛུབ་བརྩེགས་པས་སྣ་བུག་གཡས་པ་བཀག་ལ་རླུང་ནང་དུ་རྔུབ་སྟེ། གཡོན་ནས་ཕར་གུས་ལ་གཏོང་ངོ་། །ཕྱིར་མ་རྫོགས་པར་ནང་དུ་མི་རྔུབ་པ་དང་ཕྱིར་ལྷག་མ་མེད་པར་སངས་བཏང་བ་དང་། རྗེས་ལ་དམིགས་པ་དང་རྩོལ་བ་མེད་པར་དལ་བུས་འོང་དུ་གཞུག་པ་གསུམ་མན་ངག་ཡིན་ཞིང་བཏང་བའི་ཡན་ལག་ལ་རླུང་ནང་དུ་འོང་དུ་མི་གཞུག་པ་གནད་དུ་ཆེའོ། །འདི་ནི་སྐྱོན་ཅན་ཕྱིར་བཏོན་པ་ཡིན་པས་མི་རྟོག་པའི་ཏིང་ངེ་འཛིན་ཤུགས་ལ་སྐྱེའོ། །ཐུན་འཇོག་ཁར་ཅིར་ཡང་མི་རྟོག་པའི་ངང་ལ་མཉམ་པར་གཞག་གོ །མཐར་ཕྱིན་པའི་ཚད་ནི་ཕྱིར་བཏང་
༣༨༠རྒྱུ་མེད་པས་ན་ཅི་ཙམ་འདོད་པར་ཕྱིར་བཞག་ནས་ནང་དུ་འོང་དུ་མི་གཞུག་པར་ཁེགས་པ་ཡིན་ནོ། །ཡོན་ཏན་ལུས་བདེ་བས་ཁེངས་པ་དང་། མི་རྟོག་པ་མྱུར་ཏུ་སྐྱེའོ། །སྐྱོན་ནི་རོ་སྟོད་གཟེར་བ་དང་། སྙིང་མི་བདེ་བ་སེལ་ལོ། །འདི་ལམ་བསྒོམ་པའི་ཚེ་ཡང་ཉམ་ང་བའི་གནས་སུ་འགྲོ་བའམ། ཆུ་ལས་བརྒལ་བའི་ཚེ་རྩོལ་བ་བཀག་སྟེ་སྲོག་ནས་བཏང་བ་འཁོར་བདུན་བདུན་ཙམ་བྱས་ན་བར་ཆད་ངེས་པར་སེལ་ལོ། །གཉིས་པ་ཤུགས་བསྐྱེད་དེ་གཉིས་ཀ་ནས་བཏང་བ་ལ་བཞི་ལས། ཉམས་སུ་བླང་བའི་ཐབས་ནི་སྔར་ལྟར་བསམ་གཏན་གྱི་ཡན་ལག་ཚང་བར་བྱས་ལ། རང་གི་ཤེས་པ་མཛོད་སྤུར་གཏད། རླུང་གི་གནད་གཉིས་ཀ་ནས་ཤུགས་བསྐྱེད་དེ་དྲག་ཏུ་བུས་ལ་བཏང་། ཕྱིར་ཐུབ་ཚད་གཅིག་བཞག །བཏང་བ་ལ་འོང་དུ་མི་གཞུག་པ་གནད་དུ་ཆེ། ནང་དུ་འཇུག་པའི་ཚེ་དམིགས་པ་དང་རྩོལ་བ་མེད་པར་འོང་དུ་གཞུག །ཡང་སྔ་མ་ལྟར་བཏང་། རླུང་གི་གནད་སྔ་མ་དང་འདྲ། དེ་ལ་ཞག་གསུམ་ཙམ་བསྒོམ། དེ་ནས་རང་གི་མདུན་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་ཡིད་གཏད། དེ་ནས་འདོམ་གང་ཙམ། དེ་ནས་མདུང་གང་ཙམ། དེ་ནས་རྒྱ་ཆེ་བའི་ལུང་པ་ཙམ། དེ་ནས་ས་སྐོར་ཅིག་ཙམ། དེ་ནས་གླིང་བཞི་དེ་ནས་སྟོང་གསུམ། མཐར་འཇིག་རྟེན་གྱི་ཁམས་ཀྱི་ནམ་མཁའ་ཐམས་ཅད་ལ་ཡིད་གཏད་པའམ། ཡང་ན་ཤིས་པ་ཅི་ཡང་མི་རྟོག་པ་ལ་གཏད་ལ་བསྒོམ། རྗེས་ལྟ་བ་གསལ་སྟོང་གི་ཏིང་ངེ་འཛིན་ངོས་བཟུང་ལ་མཉམ་པར་བཞག་གོ །མཐར་ཕྱིན་པའི་ཚད་འདྲ། ཡོན་ཏན་གསལ་བའི་ཉམས་སུ་མྱོང་བ་མཐར་ཐུག་པ་སྐྱེ། སྐྱོན་མགོ་ན་བ་དང་མིག་ཁྲག་ཏུ་འོང་བ་ལ་སོགས་པ་ཐམས་ཅད་སེལ་བར་ནུས་སོ། །གསུམ་པ་ཁ་ནས་སྒྲ་བཅས་སུ་བཏང་བ་ནི། སྔར་ལྟར་བསམ་གཏན་གྱི་ཡན་ལག་རྣམས་ཚང་བར་བྱས་ལ་སོ་བསྒྲིགས་ནས། སེམས་ཀྱི་གནད་རང་གི་འདོམ་གང་ཙམ་གྱི་འཁོར་ཡུག་གི་ནམ་མཁའ་ལ་སེམས་
༣༨༡གཏད་པའམ། སིའི་སྒྲ་ལ་སེམས་གཏད་ལ། རླུང་གི་གནད་སོ་བར་ན་སིའི་སྒྲ་དང་བཅས་པས་བུས་ལ་བཏང་། ཕྱིར་ཐུབ་ཚད་མནན། བཏང་བ་ལ་ནང་དུ་འོང་དུ་མི་གཞུག་པ་གནད་དུ་ཆེ། ནང་དུ་འཇུག་པ་ན་དམིགས་པ་མེད་པར་རིམ་གྱིས་འོད་དུ་གཞུག་སྟེ། ཁྲག་མཁྲིས་ཤས་ཆེ་ན་སྒྲ་བཅས། གྲང་རླུང་ཤས་ཆེན་སྒྲ་མེད་དུ་དྲང་། མཐར་ཕྱིན་པའི་ཚད་སྔ་མ་དང་འདྲ། ཡོན་ཏན་ལུས་ལྡང་བ་ཡང་བ་དང་ཟོ་བདོག་བདེ་བ་འབྱུང་ངོ་། །སྐྱོན་ཁྲག་རོ་དང་རིམས་གློ་བུར་བ་ལ་སོགས་པ་ཚད་ནད་མཐའ་དག་སེལ་བར་ནུས་སོ། །དེ་གསུམ་ལ་བོགས་དབྱུང་བ་ནི་ཐབས་འགལ་གྱི་ཕྱག་རྒྱ་བཅས་ལ། དཔུང་པ་གྱེན་དུ་རེ་མོས་ཀྱིས་བཏེགས། སྟེང་རླུང་ཤུགས་བསྐྱེད་དེ་བཏང་ལ་འོག་རླུང་དྲག་ཏུ་དྲངས་ལ་རྒྱུ་ཞབས་དྲག་ཏུ་བསྐུམ། དེ་ལ་བོགས་དབྱུང་བ་ནི་སྤྱོད་ལམ་དེས་སྤྱི་བོ་ནས་རླུང་སྤོས་ཀྱི་དུད་པ་ལྟ་བུ་བྱུང་། གཤང་ལམ་ནས་ཐོན། འོག་གི་ཁྲུ་གང་གང་ཙམ་དུ་འཁྱིལ་བ་ལ་ཤེས་པ་གཏད། སྟེང་རླུང་ཐུབ་ཚད་མནན། འོག་རླུང་ཅུང་ཟད་བསྐུམ། དེའི་ཚེའང་གསུས་པ་ཕྱིར་འཕེལ་དུ་མི་གཞུག་གོ །གསུམ་པ་ནང་དུ་དགང་བའི་མན་ངག་གཉིས་ཀྱི་དང་པོ་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་ནི། ལུས་གནད་སྐྱིལ་ཀྲུང་དུ་གཏན་ལ་ཕབ་པའི་བསམ་གཏན་གྱི་ཡན་ལག་དགུ་ཚང་བར་བྱས་ལ་ལྟེ་བར་སྒོ་ངའི་ལྐོག་པ་འདྲ་བ་ཕྱི་དཀར་ལ་ནང་སེར་བ་ཅིག་གི་ནང་ན་མར་ལ་རླུང་སིབ་སིབ་འགྲོ་བར་བསམ། མགོ་ཅུང་ཟད་མདུན་དུ་སྒུ་བར་བྱ་སྟེ་གཡས་ཀྱི་གུང་མཛུབ་བརྩེགས་པས་སྣ་གཡས་པ་བཀག་ལ་གཡོན་ནས་རིམ་གྱིས་རླུང་རྔུབས་ནས་རྫོགས་པ་དང་མགོ་གཡས་བསྐོར་དུ་ལན་ཅིག་བསྐོར་ཞིང་གསིག །རླུང་གི་རྟ་མཆིལ་མ་སྒྲ་མེད་པར་མིད་ལ་རླུང་ཐུབ་ཚད་དུ་བསྣན། ལན་ཅིག་ལ་རླུང་རྫོགས་པར་རྔུབ་ཀྱི་ཡང་ཡང་མི་རྔུབ་པ་དང་། མི་ཐུབ་པའི་ཚེ་སེམས་དམིགས་པ་མེད་པར་དལ་བུས་ཕྱིར་གཏོང་བ་གནད་དུ་ཆེའོ། །མཐར་ཕྱིན་
༣༨༢པའི་ཚད་ཅི་ཙམ་འདོད་ཚང་ཐུབ་ཅིང་ན་ཚ་མེད་པ་ཡིན། ཡོན་ཏན་དྲོད་དང་བདེ་བ་བསམ་གྱིས་མི་ཁྱབ་པ་སྐྱེ་སྟེ། རྣལ་འབྱོར་དབང་ཕྱུག་གི་ཉམས་ཀྱང་འདི་ལ་སྐྱེས་པ་ཡིན་གསུང་ངོ་། །སྐྱོན་གྲང་བ་དང་། སྐྲན་དང་། མ་ཞུ་བའི་ནད་རྣམས་སེལ་ལོ། །གཉིས་པ་ཁ་ནས་སྒྲ་མེད་དུ་དགང་བ་ལ། ཉམས་སུ་བླང་ཚུལ་ནི། སྔར་ལྟར་བསམ་གཏན་གྱི་ཡན་ལག་རྣམས་ཚང་བར་བྱས་ནས། ལྟེ་བར་ཆོས་འབྱུང་གྲུ་གསུམ་སྔོན་པོའ་ནང་ན་མར་རླུང་ཐམས་ཅད་སིབ་སིབ་འགྲོ་བར་བསམ་ཞིང་ཁ་ཕྱེ་ལ་རླུང་ཁ་ནས་སྒྲ་མེད་དུ་དལ་བུས་རིང་བར་རྔུབ། རྫོགས་པ་དང་མཆིལ་མ་སྒྲ་མེད་དུ་མིད་ལ་མགོ་གསིག །ནོར་བུ་ལྐོག་མས་མནན་ལ་ཐུབ་ཚད་དུ་བཟུང་། གཏོང་དུས་དམིགས་པ་མེད་པར་དལ་བུས་བཏང་། རྗེས་ལྟ་བ་བསྐྱང་། མཐར་ཕྱིན་པའི་ཚད་ཉིན་མཚན་མེད་པར་མནན་ཡང་ན་ཚ་མེད་པར་ཐུབ་པ་ཡིན། ཡོན་ཏན་དྲོད་དང་བསྡོངས་ནས་བདེ་གསལ་སྐྱེ། སྐྱོན་དམུ་ཆུ་ལ་སོགས་པའི་ལྟེ་བའི་ནད་སེལ་བ། ཁྱད་པར་དུ་གང་ན་སར་རླུང་མནན་ལ་འབིགས་པ་ལྟ་བུ་བྱས་ན་འབྱུང་བ་ལུས་འཁྲུགས་ཐམས་ཅད་སེལ་ལོ། །དེ་གཉིས་ཀྱི་ཐུན་མོང་དུ་གཉིས་ཀའི་དམིགས་པ་སྔ་མའི་མཇུག་ཐོག་ཏུ་བསྒོམ་བྱའི་དམིགས་པ་ནི་ལྟེ་བར་འོད་དཀར་པོ་གཅིག་གི་ནང་ན་ཨ་དམར་པོ་མཚལ་གྱི་ཤད་ལྟ་བུ་ཞིག་ལ་རླུང་སིབ་སིབ་འགྲོ་བར་དམིགས་པའམ། འོད་དཀར་པོ་མེད་པར་དམར་པོ་ཉིད་ལ་སིབ་སིབ་སོང་བས་མེ་སོར་གཉིས་སམ་བཞིའི་བར་ལ་དམིགས་པའམ། ལྟེ་བར་ཆོས་འབྱུང་དམར་པོའམ་སེར་པོ་དམིགས་ལ་དེ་ས་གཞི་ལྟར་རྒྱ་བསྐྱེད་དེ་རླུང་མནན་པས་ཆོས་འབྱུང་དེ་རྒྱ་ཇེ་ཆེ་ལ་སོང་མཐར་ས་གཞི་ཐམས་ཅད་ཁྱབ། དེའི་ནང་སྟོང་པར་སོང་བའི་ནང་དུ་རླུང་འཇུག་པ་དང་། ཡང་རྒྱ་མཚོ་ལྟར་གཏིང་ཟབ་པར་བསྒོམས་ཏེ་ཚུལ་ཡང་རླུང་མནན་པས་གཤང་ལམ་གྱི་ནང་དུ་ཆོས་འབྱུང་གི་ཞབས་ཟངས་དུང་གི་ཁ་
༣༨༣ལྟར་དམར་སང་ངེ་བ་གཏིང་མི་མངོན་པའི་ནང་དུ་རླུང་ཐམས་ཅད་སོང་བར་བསམས་ལ་རླུང་བཟུང་། ཡང་ནམ་མཁའ་ལྟར་དབང་བསྟོད་དེ་ཚུལ་ཡང་རླུང་ཐམས་ཅད་འཇུག་པའི་དམིགས་པ་བྱས་པས་སེམས་དང་ནམ་མཁའ་འདྲེས་ནས་རོ་གཅིག་ཏུ་གྱུར་ཏེ་སྟོང་ཉིད་ཀྱི་ཏིང་ངེ་འཛིན་མཐའ་དབུས་མེད་པ་མཆོག་ཏུ་གྱུར་པ་སྐྱེའོ། །སྐབས་སུ་བྱི་ལའི་སྤྱོད་པ་བྱའོ། །དེ་གཉིས་ལ་བོགས་དབྱུང་བ་ནི། སྐྱིལ་ཀྲུང་བཅས་ཏེ་ལག་པ་གཉིས་ཀྱིས་རྐང་པའི་བསྣོལ་མཚམས་ནས་བཟུང་སྟེ། སྒུལ་ཞིང་འོག་རླུང་མི་བསྡམ་པར་སྟེང་རླུང་དྲངས་ལ་མནན། སྨད་ཀྱི་གསུས་པ་བཏུབ་ཚད་ཀྱིས་ཕྱིར་ཕུལ་ལ་བསྒོམ། གཉེར་མ་མེད་པ་དང་། མ་ཞུ་བ་སེལ་བ་འགྲུབ། དེ་ལ་བོགས་དབྱུང་བ་ནི། སྔར་ལྟར་བྱས་ལ་གསང་གནས་ཀྱི་རྩ་རུ་འདོམ་ནས་རླུང་སྤོས་ཀྱི་དུད་པ་ལྟ་བུ་བུན་གྱིས་བྱུང་ནས་ཡང་ཡང་སོང་ནས་སྤྱི་གཙུག་ནས་འཐོན་ནས་ཁྲུ་གང་ཙམ་དུ་སྔོ་རྒྱང་ངེ་འཕུར་བ་ལ་ཤེས་པ་གཏད་དེ་འོག་རླུང་ཐུབ་ཚད་བསྐུམ་སྟེ་སྟེང་རླུང་ཅུང་ཟད་མནན་ལ་བསྒོམ། དེའི་དུས་སུ་ཡང་གསུས་པ་ཚུར་ལ་ཞུམ་དུ་མི་གཞུག་གསུངས། དེ་ལ་ལུས་ཐམས་ཅད་དྲོད་ཀྱིས་ཁྱབ་པ་འབྱུང་སྟེ། དྲོད་བྱུང་རྒྱལ་དུ་བསྐྱང་ངོ་། །དེ་ལྟར་རླུང་གོམས་པ་དང་དམིགས་པ་སྣ་རྩེ་ལས་མི་རིང་བར་བཞག །སེམས་ཀློད་ལ་གནས་པར་བྱའོ། །དེ་ནི་རིག་པ་སེམས་ཀྱི་རང་སོ་བཟུང་བའོ། །ད་ནི་བཞི་པ་ཁ་སྦྱར་ཞེས་བྱ་བ་ལམ་ཐམས་ཅད་ཀྱི་རྩ་བ། ཡོན་ཏན་ཐམས་ཅད་སྐྱེད་པའི་རྒྱུ་ཡིན་པས་འདི་སྒོམ་པའི་ཚུལ་ལ་བཞི་ལས། ཉམས་སུ་ལེན་པའི་ཚུལ་ནི། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་མནན་པའམ་པུས་མོ་ལ་བཀབ་པའི་བསམ་གཏན་གྱི་ཡན་ལག་དགུ་ཚང་བར་བྱས་ལ་ལྟེ་བར་གཏུམ་མོའ་མེ་ཨ་ཤད་ཀྱི་རྣམ་པ་ལྟ་བུ་ཕྲ་ཞིང་ཚ་ལ་རྣོ་བ་ངར་དང་ལྡན་པར་བསམ། དེ་ནས་དང་པོར་འོག་རླུང་ཅུང་ཟད་བསྐུམ། དེ་ནས་
༣༨༤སྟེང་རླུང་སྒྲ་མེད་པར་མགོ་ས་ལ་ཐུག་པ་ཙམ་གྱི་རྩོལ་བས་རིམ་གྱིས་དྲངས་ལ་རླུང་ཐམས་ཅད་ལྟེ་བའི་མེ་ལ་ཐིམ་པར་བསྒོམ་པའམ་དམིགས་པ་ཅི་ལའང་མི་གཏད་པར་བསྒོམ། སྟེང་རླུང་རྫོགས་པ་དང་མཆིལ་མ་ཅིག་མིད་ལ་འོག་རླུང་དྲག་ཏུ་འཐེན་ནས་རླུང་ལྟེ་བའི་གནས་སུ་ཁ་སྦྱོར་ལ་ཕོ་བ་ཚིགས་པ་ལ་གཅེར། གསུས་པོ་ཆེ་ཕྱིར་ཕུལ་ལ་མགྲིན་པ་ཅུང་ཟད་དགུག །ནོར་བུ་ཨོག་མས་ནོན་ཙམ་བྱས་ལ་རླུང་ཐུབ་ཚད་དུ་བཟུང་། དེའི་ཚེ་འོག་རླུང་བསྐུམ་པས་སྟེང་རླུང་རང་འགགས་སུ་འགྲོ་བ་དང་། སྟེང་རླུང་མནན་པས་འོག་རླུང་ཤུགས་ཀྱིས་འཐེན་པར་འགྲོ་ཞིང་ཕྱིར་བཏང་ཡང་འགྲོར་མ་འདོད་ན་ཡོན་ཏན་རིན་པོ་ཆེ་སྐྱེ་བའི་མཆོག་ཡིན་ནོ། །དེའང་རླུང་ནོན་པའི་ཚད་ནི། རྩོལ་བ་ཡང་རབ་རྒྱུན་མི་ཆད། །རྩོལ་བ་རབ་ལ་དྲུག་ཅུ་བཞི། །རྩོལ་བ་འབྲིང་ལ་སུམ་ཅུ་གཉིས། །རྩོལ་བ་ཐ་མ་ངེས་པ་མེད། །ཅེས་བྱ་སྟེ་ཐུན་ལ་སྦྱར་ན། ཡང་རབ་ཀྱིས་ཁ་སྦྱར་རྒྱུན་མི་ཆད་པར་འོང་། རབ་ཀྱིས་ཐུན་རེ་ལ་ཁ་སྦྱར་དྲུག་ཅུ་རྩ་བཞི་རེ་འོང་། འབྲིང་གིས་ཐུན་རེ་ལ་སུམ་ཅུ་རྩ་གཉིས། ཐ་མས་ངེས་པ་མེད་པར་བསྒོམ་ཞེས་གསུང་ཞིང་འདི་ནི་གཙོར་མི་མཛད་དོ། །ཁ་སྦྱར་རེའི་ཚད་ལ་སྦྱར་ན། པུས་མོ་ལ་བསྐོར་བ་རེ་དང་སེ་གོལ་གཏོགས་པ་རེ་སྤེལ་བ་སྟེ། དེའང་ཁམས་དང་ཟས་བཟང་བ། དད་བརྩོན་ཆེ་བའི་གང་ཟག་གིས་ཐུན་གྱི་ངེས་པ་མེད་པར་ཉིན་མཚན་རྒྱུན་མི་འཆད་པར་འོང་། དེ་བས་ཁམས་དང་རྩོལ་བ་ཞན་པའི་གང་ཟག་གིས་དབྱུ་གུ་དྲུག་ཅུ་རྩ་བཞི་དག་པའི་དབང་དུ་བྱས་ནས་ཐུན་གཅིག་ལ་ཁ་སྦྱར་དྲུག་ཅུ་རྩ་བཞི་འོང་། དེ་ལས་ཁམས་དང་རྩོལ་བ་ཞན་པའི་གང་ཟག་འབྲིང་པོས་ཆུ་ཚོད་སུམ་ཅུ་རྩ་གཉིས་དག་པའི་དབང་དུ་བྱས་ནས་ཐུན་གཅིག་ལ་ཁ་སྦྱར་སུམ་སེ་གོལ་ཅུ་རྩ་གཉིས་འོང་། དད་པ་དང་བརྩོན་འགྲུས་ཐ་མས་ཐུན་རེ་ལ་བདུན་ནམ་བཅུ་སེ་གོལ། འམ་ཉེར་གཅིག་ལ་སོགས་པ་ངེས་པ་མེད་པར་འབྱུང་བ་ཡིན་ནོ། །དེ་ལ་ཉི་མ་རེ་རེའམ་ཐུན་རེ་རེ་ལ་རེ་རེ་འཕེལ་དུ་
༣༨༥བཅུག་ནས་ཐ་མ་ཡང་རབ་ཏུ་འགྱུར་བ་ཡིན་ནོ། །དེ་ལྟར་ལུས་སྐྱིལ་ཀྲུང་ལ་ཅི་ཙམ་འདོད་པ་ཐུབ་ནས་སྤྱོད་ལམ་གྱི་སྒོ་ནས་སྦྱང་བར་བྱ་སྟེ། ཙོག་པུར་སྦྱང་། དེ་ལ་འབྱོངས་ནས་ལངས་ལ་སྦྱང་། དེ་ནས་ལས་བྱེད་པ་ལ་སོགས་པ་བྱ་བ་ཐམས་ཅད་ཀྱི་སྒོ་ནས་ཀྱང་སྦྱང་བར་བྱའོ། །རྗེས་ལ་ལྟ་བ་བསྐྱང་བ་ནི། གསལ་བ་རང་སོ་བཟུང་བ་དང་། ལྷུག་པར་རང་སོ་བཟུང་བར་བྱའོ། །མཐར་ཕྱིན་པའི་ཚད་ཉིན་མཚན་དུ་མ་ཁ་སྦྱར་ཐུབ་ཅིང་ལུས་ཀྱི་འཕྲུལ་འཁོར་བཅས་པ་ཙམ་གྱིས་ཏིང་ངེ་འཛིན་དུ་འགྱུར་བའོ། །འོག་རླུང་དྲན་པ་ཙམ་གྱིས་ཐམས་ཅད་རང་འགགས་སུ་འགྲོ་བའོ། །སྐྱོན་འབྱུང་བ་ལུས་འཁྲུགས་ལ་སོགས་པའི་སྐྱོན་སེལ། ཡོན་ཏན་བདེ་སྟོང་གི་ཏིང་ངེ་འཛིན་མཉམ་རྗེས་མེད་པར་སྐྱེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པ་ཡིན་ནོ། །དེ་དག་གི་གེགས་བསལ་བ་གཞུང་ཉིད་དུ་ཤེས་པར་བྱའོ། །གཉིས་པ་ཁྱབ་བྱ་མན་ངག་གི་གནད་ནི། སྤྱིར་ཙཎྜ་ལཱི་སྒོམ་པའི་རྣལ་འབྱོར་པ་ལ་དམིགས་པ་གསལ་བ་གཅེས། རླུང་ནོན་ཆུང་ཡང་དམིགས་པ་གསལ་ན་ཉམས་བཟང་པོ་སྐྱེ། མི་གསལ་ན་རླུང་ནོན་ཆེ་ཡང་དམིགས་པ་མི་གསལ་བ་ལྟར་ཉམས་སྐྱེ་བ་བུལ་ལ། འདིར་འབར་འཛག་ཐམས་ཅད་སྙིང་ག་ཡན་ཆད་དུ་དམིགས་པ་གཏད་ན་ཉམས་གསལ་བའི་ཏིང་ངེ་འཛིན་སྐྱེ། རླུང་ནོན་ཆུང་། ལྟེ་བ་མན་ཆད་ལ་གཏད་ན་དྲོད་བདེ་བ་གཙོར་སྐྱེ། རླུང་ནོན་ཆེ་བ་ཡིན་ནོ། །དམིགས་པ་ཐམས་ཅད་ཡང་ཡང་སྤོང་པ་བས། དམིགས་པ་གཅིག་ལ་གནད་ཟིན་པ་གལ་ཆེ་ཞིང་། རླུང་དང་གཏུམ་མོ་དེ་དག་ཀྱང་། །ནམ་ཟླ་དང་། ན་ཚོད་དང་། ནད་གཞི་དང་སྦྱར་དགོས་ཏེ། རླུང་དབྱར། གཏུམ་མོ་དགུན། མི་རྟོག་པ་དཔྱིད། བདེ་བའི་ཉམས་མྱོང་སྐྱེ་བར་འདོད་ན་སྟོན་སྒོམ་པ་ཡིན་ནོ། །ཡང་གཞོན་དུས་རླུང་། དར་ལ་བབ་པ་ན་གཏུམ་མོ། །རྒས་པ་ན་མི་རྟོག་པ། ཡང་ཁྲག་མཁྲིས་ཆེ་བ་ལ་རླུང་། རླུང་ཤས་ཆེ་
༣༨༦ན་གཏུམ་མོ་བསྒོམ་པའོ། །དེ་དག་གི་ཉམས་སུ་བླང་བའི་མན་ངག་མདོར་བསྡུ་ན་དགུར་འདུས་ཏེ། འཁོར་ལོ་ལ་མ་བརྟེན་པ་ལྔ། བརྟེན་པ་གསུམ། མན་ངག་གི་གནད་ལ་བརྟེན་པ་མྱུར་བའོ། །དང་པོ་ལ་ལྔའི། མར་མེ་གསོ་བ་ལ་བརྒྱད་ལས། ལམ་སྦྱང་བ་ནི། ལུས་ཙོག་པུ་ལག་པ་སྒོམ་ཐག་གི་ཕྱག་རྒྱར་གནད་ལ་ཕབ་པའི་བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་སོང་བས་སྲོག་རྩོལ་གྱི་རླུང་གང་རུང་གིས་བསམ་གཏན་གྱི་ལམ་བཙལ་ཏེ་ལྟེ་བའི་འོག་སོར་བཞིར་ཀྵ་ཡིག་དམར་ནག་མགོ་ཐུར་ལ་བལྟ་བ་མེའི་རང་བཞིན་དུ་གནས་པ་དང་། ལྟེ་བར་ཨཾ་ཁ་དོག་དམར་སྐྱ་མགོ་གྱེན་དུ་བལྟ་བ་གསལ་བཏབ་ལ་འོག་སྒོ་འབྱེད་འཛུམ་གྱི་སྦྱོར་བ་ལན་གསུམ་གྱི་ཐ་མ་ལ་བསྡམས་པས་རླུང་མར་རྩེ་སྤྲད་པས་སུམ་མདོའ་མེ་འབར་བ་ཀྵ་ཡིག་ལ་ཕོག་པས་མེ་ཆེར་འབར། དེ་ལྟེ་བའི་ཨཾ་ལ་ཕོག་པ་ལས་ཁམས་བདུད་རྩིའི་རྒྱུན་ཆ་ཕྲ་བ་བབས་པས་མར་མེའི་སྡོང་བུ་ལ་འབྲུ་མར་བླུགས་པ་ལྟར་ཀྵའི་མེ་གསོས་པར་བསམ། དམིགས་པ་དེ་དག་བསྒོམ་པའི་ཚེ་མི་གསལ་ན་མིག་བཙུམ་སྟེ་བསྒོམས་ཀྱང་ཆོག་ལ། གསལ་ཞིང་དྲག་ལ་ཡུན་ཐུང་བ། །གཏུམ་མོའ་སྦྱོར་བ་དག་ལ་བསླབ། །ཅེས་པ་ལྟར་བསླབ་སྟེ། དམིགས་པ་འཛིན་པའི་བར་ལ་རླུང་མི་འཇུག་པ་ཡིན་ནོ། །དེ་ལྟར་དམིགས་པ་གསལ་བ་དང་སྟེང་རླུང་རྔུབས་ཏེ་རླུང་གི་རྟ་མཆིལ་མ་གཅིག་ཀྱང་སྒྲ་མེད་དུ་མིད་ལ་ཀོས་ཀོས་ཨོལ་མདུད་ནོན་པར་བྱ་སྟེ་འབར་འཛག་སྒྲ་ཤད་འཛིང་པ་ལྟ་བུའི་རྣམ་པ་ལ་དྲག་ཏུ་དམིགས་ཤིང་འོག་སྒོ་འཐེན་ནས་རླུང་རན་ཚད་དུ་ཁ་སྦྱོར་རོ། །གཉིས་པ་ལྟ་བ་བསྐྱང་བ་ནི་ཏིང་ངེ་འཛིན་དངོས་ཏེ་སྔར་གྱི་དམིགས་པ་དེ་ལས་ལུས་སེམས་ལ་ཉམས་ཅི་སྐྱེས་བརྟགས་པས་ཉམས་བཅོ་ལྔ་པོ་གང་རུང་ཞིག་སྐྱེས་ནས་དེ་ལ་སེམས་རྩེ་གཅིག་ཏུ་གནས་ན་རླུང་སེམས་ཀྱི་རྩོལ་བ་ཀློད་དེ། ལུས་སེམས་ཁོང་ལྷོད་ཀློད་ལ་གསལ་བའམ་ལྷུག་པ་ངོས་བཟུང་ལ་མི་གཡོ་བར་བཞག་གོ །
༣༨༧ཡང་སེམས་འཕྲོ་ན་ལམ་སྦྱང་བའི་རླུང་སེམས་ཀྱི་རྩོལ་བ་དེ་ཉིད་དྲག་ཏུ་བསྒོམ་པའོ། །དེ་ལྟར་ལམ་སྦྱང་བ་དང་། ལྟ་བ་བསྐྱང་བ་གཉིས་སྤེལ་ཞིང་བྱ་བའམ། ཡང་ན་ལམ་སྦྱང་བ་གཙོ་བོར་བྱས་ནས་ཐུན་ཞབས་སུ་ལྟ་བ་སྐྱོང་བ་བློ་ལ་གང་བདེ་བྱའོ། །གསུམ་པ་དྲོད་བྱུང་རྒྱལ་དུ་བསྐྱང་བ་ནི། མཚན་ཉིད་སྣ་ཚོགས་ལ་སོགས་པ་ཉམས་མཐོ་དམན་བདེ་སྡུག་ཅི་སྐྱེས་ཀྱང་ནང་གི་རྟེན་འབྲེལ་ལས་བྱུང་བའི་ཏིང་ངེ་འཛིན་དུ་ངོ་ཤེས་པར་བྱས་ལ་སྐྱོན་ཡོན་དུ་མི་ལྟ་ཞིང་དགའ་མི་དགའི་རྣམ་རྟོག་སྤངས་ཏེ་ལམ་དུ་བསྲལ་ལོ། །བཞི་པ་ཐུན་གྲངས་མེད་པ་ནི། ཉི་མ་གཅིག་ལ་ཐུན་བཞི་དང་དྲུག་ལ་སོགས་པའི་ངེས་པ་མེད་པར་བསྒོམ་པའོ། །ལྔ་པ་ཐུན་ཚད་མེད་པ་ནི། ཐུན་རེ་ལ་གྲངས་ཉེར་བཞིར་བཅད་ནས་བསྒོམ་པ་ལ་སོགས་པའི་ཚད་མེད་པའོ། །དྲུག་པ་ཡིད་འཇུག་ཡུལ་བརྟགས་པ་ནི། ཡིད་སྤྲོ་ན་བསྒོམ་ལ་མི་སྤྲོ་ན་མི་བསྒོམ་སྟེ། སྤྲོ་བཞིན་དུ་མ་བསྒོམ་ན་བོགས་མི་འབྱུང་། མི་སྤྲོ་བཞིན་བསྒོམ་ན་གེགས་སུ་གྱུར་ཏེ། རྟ་གདོང་འདྲོག་ཅན་དང་འདྲ་བར་ལན་ཅིག་སྒོམ་དང་འགྲས་ན་ཕྱིས་ཀྱང་ངན་ལང་དུ་སོང་ནས་བསྒོམ་དུ་མི་བཏུབ་བའོ། །བདུན་པ་ཁམས་ཚོད་བཟུང་བ་ནི། ཁམས་བཟང་ན་བསྒོམ་ལ་ངན་ན་ཁམས་གསོ་ཞིང་རེ་ཞིག་ཀློད་པ་སྟེ། ཁམས་ཇན་བཞིན་དུ་སྒོམ་ན་འབྱུང་བ་ལུས་འཁྲུགས་སུ་འགྱུར་བའོ། །བརྒྱད་པ་ཁ་ཟས་དང་སྤྱོད་ལམ་གྱི་ལྕག་གིས་བསྣུན་པ་ནི། ཁ་ཟས་ཡང་ཞིང་བཅུད་ཆེ་བ་ཟ། སྤྱོད་ལམ་ཧ་ཅང་གཅུར་བ་མ་ཡིན་པ་བག་ཡངས་བརྟེན། ཉི་མ་དང་མེ་དང་རླུང་ལ་མི་བསྡད། རྔུལ་འོང་དུ་མི་གཞུག །ལུས་གནད་སྐྱིལ་ཀྲུང་ངམ་ཙོག་པུ་ལ་བསླབ་བོ། །གཉིས་པ་ཚངས་པའི་ཐོག་ལ་བརྒྱད་ལས། །ལམ་སྦྱང་བ་ནི། བླ་མའི་གསུང་གིས། རླུང་གི་གཞུ་ལ་མེ་ཡི་མདའ། །བྱང་སེམས་ཧཾ་གི་འབེན་ལ་བརྡེག །
༣༨༨མྱུར་ཏུ་ཡེ་ཤེས་འཆར་བར་འགྱུར། །བསྐྱར་བའི་སྦྱོར་བ་མེད་པའོ། །ཞེས་པའི་དོན་ཏེ། ལུས་སྐྱིལ་ཀྲུང་། ལག་པ་གཉིས་པུས་མོ་ལ་དགབ། ལུས་གནད་གཞན་སྔར་དང་འདྲ་བའི་བསམ་གཏན་གྱི་ཡན་ལག་དགུ་སྔོན་དུ་བཏང་ནས་སེམས་ཀྱི་གནད་གཤང་སྒོར་རླུང་གི་གཞུ་ལ་མེའི་མདའ་ཚ་བ་རྩུབ་པ་རྣོ་ངར་དང་ལྡན་པ་མར་རྩེ་གཤང་ལམ་དུ་བསྟན་པ་གསལ་གདབ། རྩ་དབུ་མ་ཡང་གསང་གནས་ནས་སྤྱི་གཙུག་གི་བར་དུ་དྲང་པོར་ཡོད་པའི་ཡས་སྣར་ཧཾ་མགོ་ཐུར་བསྟན་བྱང་སེམས་ཀྱིས་གང་བ་བསྒོམས་ལ། རླུང་གི་གནད་འོག་རླུང་དྲག་ཤུལ་དུ་བསྐུམ། ལྟོ་བའི་སྨད་ཚིགས་པ་ལ་སྦྱར་བས་རྒྱབ་ཕྱོགས་ངོས་ནས་མདའ་གཞུ་སྟེང་འོག་འགྱུར་ཏེ་མདེལ་རྩེ་དབུ་མར་ཞུགས་པར་བསམ། དེ་ནས་རོ་སྟོད་གྱེན་དུ་འཐེན་པས་གཞུ་ཁེངས་པར་གྱུར་པ་ན་ལྟོ་བའི་སྨད་དང་འོག་རླུང་སྟེང་དུ་དྲག་ཏུ་དྲངས། མིག་སྟེང་དུ་བགྲད་པས་མེའི་མདའ་དེ་དབུ་མའི་ལམ་ནས་སོང་། སྤྱི་གཙུག་གི་ཧཾ་ལ་ཕོག་པས་ཧཾ་ལས་བདུད་རྩིའི་རྒྱུན་པ་ཐག་ནར་བའམ། མུ་ཏིག་གི་རྡོག་མ་ལྟ་བུ་དཀར་ཀྲིག་ཀྲིག་འཛག་པ་རིགས་གཉིས་པོ་བློ་ལ་བདེ་ཏིང་ངེ་བའི་བར་དུ་འབབ་པར་བསྒོམས་ལ་འོག་རླུང་དང་རོ་སྟོད་དུས་གཅིག་ཏུ་ཀློད། གསུས་པོ་ཆེ་ཕྱིར་དྲག་ཏུ་ཕུལ་ལ་ལྟོ་བ་ཚིགས་པ་ལ་གཅེར། དེ་ཉིད་ཀྱིས་སྟེང་རླུང་རང་འགགས་སུ་འགྲོ་བས་ཆེད་དུ་བཟུང་མི་དགོས་ལ། ཆེད་དུའང་མི་གཏོང་སྟེ་འདི་ནི་རླུང་ཞི་བ་ཞེས་བྱ་བའི་གནད་ཡིན་ནོ། །དེའི་ཚེ་སེམས་འཕྲོ་ན་མདའ་གཞུའི་དམིགས་པ་ནི་མི་བསྒོམ་གྱི། སྙིང་གའམ་ལྟེ་བ་ཡན་ཆད་དུ་ཐིག་ལེ་འཛག་པ་ལ་ཡིད་གཏད། ཏིང་ངེ་འཛིན་ཤུགས་དྲག་པས་བརྒྱལ་ན། ཚིགས་པ་བདུན་པའི་ཕྱི་ནང་དུ་ཁུ་ཚུར་དང་ཐལ་ལྕག་གིས་བསྣུན། དེས་མ་ཕན་ན་ཆུ་ལྕག་ལ་སོགས་པ་བྱ་ཞིང་མན་ངག་གི་གནད་བརྒྱད་ཀྱིས་ཉམས་སུ་བླང་བ་སྔར་བཞིན་ནོ། །ཐུན་ཕྱི་མ་ཕྱི་མ་མདའ་གཞུའི་དམིགས་པ་རེ་རེ་བསྒོམ་དུ་ཡོད་དོ། །ལྟ་བ་བསྐྱང་
༣༨༩བ་ལ་སོགས་པ་སྔར་བཞིན་ནོ། །འདི་ལས་གཙོ་བོར་དྲོད་དང་བདེ་བ་སྐྱེའོ། །གསུམ་པ་རྩའི་རྣལ་འབྱོར་ལ། ལམ་སྦྱོང་བ་ནི། ལུས་སྐྱིལ་ཀྲུང་ལ་སོགས་པ་ཅི་བདེར་གནད་ལ་དབབ། སྔོན་འགྲོ་གཞན་རྣམས་ཀྱང་ཚང་བར་བྱས་ནས་རླུང་ཕྱིར་ལྡང་བ་དང་བསྟུན་ཏེ་གཡས་རོ་མ་མའི་རང་བཞིན་ཁ་དོག་དམར་པོ་གསང་གནས་ནས་རྣ་བ་གཡས་ཀྱི་བར་ལ་གསལ་གདབ། དབུགས་ནང་དུ་གནས་པ་དང་བསྟུན་ཏེ་གཡོན་རྐྱང་མ་ཟླ་བ་ཆུའི་རང་བཞིན་ཁ་དོག་དཀར་པོ་གསང་གནས་ནས་རྣ་བ་གཡོན་པའི་བར་དུ་གསལ་བཏབ་སྟེ། དེ་གཉིས་ནི་སྦོམ་ཕྲ་སྙུག་མ་འབྲིང་པོ་ཙམ་མོ། །དབུགས་ནང་དུ་གནས་པ་དང་བསྟུན་ཏེ་གསང་གནས་ནས་ཚངས་བུག་གི་བར་དུ་གནས་པའི་དབུ་མ་ཆོས་བཞི་ལྡན་དུ་གསལ་གདབ་པ་ནི་པདྨའི་སྣལ་མ་ལྟར་ཕྲ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་། ཏིལ་གྱི་མར་མེ་ལྟར་གསལ། རྒྱ་སྐག་གི་མེ་ཏོག་ལྟར་དམར་ཞེས་དྲན་པར་བྱ་སྟེ། ཐོག་མར་ཕྱིར་འགྲོ་བ་ཇེ་ཐུང་ནང་དུ་འཇུག་པ་ཇེ་རིང་། ཕྱི་ནས་གནས་པ་ཇེ་རིང་ལ་བསླབ་བོ། །དེ་ལྟར་ཡང་ནས་ཡང་དུ་སྦྱངས་པས་ཡིད་གར་གནས་ངེས་པ་མེད་པར་གང་གནས་སར་གཏད་ལ་བསྒོམས་པས་ཉམས་དཔག་ཏུ་མེད་པ་སྐྱེ་ལ། དྲོད་ཉམས་ཐམས་ཅད་བྱུང་རྒྱལ་དུ་བཏང་ཞིང་ཐུན་ཚད་ལ་སོགས་པ་ངེས་པ་མེད་པར་བྱ་བ་སོགས་སྔར་བཞིན་ནོ། །འདི་ལས་མི་རྟོག་པ་གཙོ་བོར་སྐྱེའོ། །བཞི་པ་སྲུབ་ཤིང་གི་འཁོར་ལོ་ནི། ལམ་སྦྱང་བ་ནི་ལུས་ཙོག་པུ། ལག་པ་སྒོམ་ཐག་གི་ཕྱག་རྒྱ་བཅའ། སྔོན་འགྲོ་གཞན་སྔར་དང་འདྲ་བར་བྱས་ནས་སེམས་ཀྱི་གནད་ལུས་ཀྱི་དབུས་ལྟེ་བ་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་ཁ་དོག་དམར་པོ། སྦོམ་ཕྲ་ཅི་རིགས་པ་ཞིག་གསལ་གདབ། རྩ་གཡས་གཡོན་གཉིས་ཁ་དོག་དཀར་པོ་སྦོམ་ཕྲ་ཅི་རིགས་པ་གསལ་བཏབ་ལ་རླུང་སྟེང་རླུང་མནན་པས་རྩ་གཡས་གཡོན་གཉིས་ལྟང་གང་པས་ལག་པས་བསྲུབས་
༣༩༠ཤིང་སྒྲིལ་བ་ལྟར་རྩ་གཉིས་ཀྱི་མདུད་པས་བཅེར་ཏེ་དབུ་མ་ལ་བསྲུབ་ཅིང་བསྒྲིལ་བར་བསྒོམ་པའམ། ཡང་ན་རྩ་གཉིས་ཀྱིས་སྲུབ་ཐག་གི་ཚུལ་གྱིས་ལན་གསུམ་དུ་དཀྲིས་པས་དབུ་མ་བསྒྲིལ་བས་དབུ་མའི་མས་སྣས་ལྟེ་བའི་ཨ་ཐུང་སྲུབ་གཏན་གྱི་ཚུལ་དུ་འོག་ན་ཡོད་པ་ལ་བསྲུབས་པས་ཕྲ་ཕྲ་ཧར་ཧར་སོང་བར་བསམས་ལ། འོག་རླུང་བསྐུམ་སྟེ་སྟེང་རླུང་དང་འོག་རླུང་གཉིས་དྲག་ཏུ་ཁ་སྦྱར་རོ། །འདིའང་ཟས་དང་སྤྱོད་ལམ་གྱི་ལྕག་གིས་བསྐུལ་ཞིང་ཐུན་གྲངས་དང་ཐུན་ཚད་མེད་པར་ལམ་སྦྱང་། ལྟ་བ་བསྐྱང་། ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང་བ་ལ་སོགས་པ་སྔར་བཞིན་ནོ། །འདི་ལ་གཙོ་བོར་དྲོད་དང་བདེ་བ་སྐྱེའོ། །ལྔ་པ་ཐིག་ལེའི་རྣལ་འབྱོར་ནི་བཞི་ལས། གསལ་བར་འདོད་ན་སྙིང་གའི་ཉི་ཟླ་ཁ་སྦྱོར། གནས་པར་འདོད་ན་ལྟེ་བའི་དཔའ་བོ་འབའ་ཞིག །བདེ་བ་ཆེ་བ་འདོད་ན་གསང་གནས་བདེ་བའི་ཐིག་ལེ། ལུས་སྟོབས་འཕེལ་བར་འདོད་ན་མཛོད་སྤུ་སྐྲ་དཀར་ས་བོན་ལ་བསླབ་བོ། །དང་པོ་ནི། མཱ་ཧཱ་མཱ་ཡཱའི་དགོངས་པ་སྟེ། སྐྱིལ་ཀྲུང་དང་ལག་པ་པུས་མོ་ལ་དགབ་པའམ་མཉམ་གཞག་གང་རུང་དུ་གནད་ལ་ཕབ་པའི་ལུས་གནད་སོགས་བསམ་གཏན་གྱི་ཡན་ལག་དགུ་ཚང་བར་བྱས་ནས། སྙིང་སྒོ་ང་སྟོང་པ་ལྟ་བུའི་ནང་དུ་འོག་ཏུ་ཟླ་བ། སྟེང་དུ་ཉི་མ། དེ་གཉིས་སྲན་མ་བཀས་པ་ཙམ། བར་དུ་ཐིག་ལེ་ཉུངས་འབྲུ་ཙམ་ཁ་དོག་དཀར་དམར་རྣམ་པ་གསལ་བ། ངོ་བོ་བདེ་སྟོང་ཆོས་གསུམ་ལྡན་ཅིག་བསམ། དེ་ལ་ཡིད་གཏད་པས་ཐིག་ལེ་ལས་སིང་ཟེར་བའི་སྒྲ་ལ་བསྟེན་ནས་སྟེང་གི་ཉི་མ་ལ་བུ་ག་རྟ་རྔ་ཤོང་བ་ཙམ་ཅིག་བྱུང་བར་བསམ། དེ་ན་མར་ཡིད་ཀྱིས་ལྟ་ཞིང་རླུང་ཁ་ནས་སྒྲ་མེད་དུ་བཀང་བས་བུ་ག་ནས་ཐིག་ལེ་ལ་སིབ་སིབ་ཐིམ། དེ་ལ་བརྟེན་ནས་རླུང་གནས་པའི་ཚེ་ན་ཐིག་ལེ་དེ་ལས་འོད་ཟེར་གྱི་སྐུད་པ་ཤིན་ཏུ་ཕྲ་བ་ཅིག་བྱུང་སྟེ། བུག་པ་ནས་འཐོན་ནས་ཉི་ཟླ་ཐིག་ལེ་དང་བཅས་པ་ལ་དཀྲིས་ཕྱེད་དང་བདུན་དཀྲིས་པར་བསམ་ཞིང་རླུང་ཐུབ་ཚད་མནན། མི་ཐུབ་པ་དང་སྣ་ནས་སྒྲ་མེད་དུ་དལ་བུས་བཏང་ཞིང་སྔར་གྱི་ཐག་པ་དེ་ནང་དུ་བསྔོགས་ནས་ཐིག་ལེ་ལ་ཐིམ་པར་བསམ་མོ། །དེ་ལ་ཉི་ཟླ་ནི་ཐབས་ཤེས། ཐིག་ལེ་ནི་ཀུན་གཞི།
༣༩༡དེ་ལས་བྱུང་བའི་དཀྲིས་ཕྱེད་ནི་ཉོན་ཡིད། ཧྲིལ་བོ་དྲུག་ནི་རྣམ་ཤེས་ཚོགས་དྲུག་སྟེ་དེ་ལྟར་བསྒོམ་པས་ཏིང་ངེ་འཛིན་དམིགས་པ་གསལ་བ་རབ་ཀྱི་མཐར་ཐུག་པ་སྐྱེ་ཞིང་། གཞན་མངོན་ཤེས་མྱུར་དུ་འཆར་རོ། །མན་ངག་གི་གནད་ནི་སྔ་མ་བཞིན་ནོ། །གཉིས་པ་ནི། སྔོན་འགྲོ་སྤྱི་དང་མཐུན་པ་ལས་ཁྱད་པར་དུ་ལུས་སྐྱིལ་ཀྲུང་དུ་བྱ། ལྟེ་བར་ཐིག་ལེ་ཅན་ཀའི་ཚད་ཙམ་ཁ་དོག་དཀར་བ། རྣམ་པ་གསལ་བ། བདེ་སྟོང་ཟུང་དུ་ཆུད་པ་ཆོས་གསུམ་ལྡན་པ་ཅིག་བསམས་ལ། སྟེང་རླུང་རྩོལ་བ་བཀག་སྟེ་སྲོག་ནས་སམ། ཁ་ནས་སྒྲ་མེད་དུ་དགང་སྟེ་མནན་པས་ཐིག་ལེ་ལ་ཐིམ་པར་བསམས་པས་ལྟེ་བར་དྲང་སྐྱེ་ཞིང་ཁྱད་པར་དུ་མི་རྟོག་པའི་ཏིང་ངེ་འཛིན་ནི་གཉིད་མཐུག་པོ་ཙམ་མྱུར་དུ་སྐྱེའོ། །མན་ངག་གི་གནད་རྣམས་སྔ་མ་བཞིན་ནོ། །གསུམ་པ་ནི་སྔོན་འགྲོ་སྔར་དང་འདྲ། སེམས་ཀྱི་གནད་ཐབས་ཀྱི་རྡོ་རྗེ་བུམ་པའམ་ཤེས་རབ་ཀྱི་བྷ་གའི་ནང་དུ་ཐིག་ལེ་ཁ་དོག་པདྨ་རཱ་ག་ལྟ་བུ། རྣམ་པ་བདེ་གསལ། ངོ་བོ་ཟུང་འཇུག་ཆོས་གསུམ་ལྡན་ཡུངས་འབྲུ་ཙམ་ཞིག་བསམས་ལ་འོག་སྒོ་འབྱེད་འཛུམ་གྱི་སྦྱོར་བས་འོག་རླུང་ཐིག་ལེ་ལ་ཐིམ་པར་བསམ། དེའང་འོག་སྒོ་འཛུམ་པ་དང་། འོག་རླུང་ཆེར་བསྐུམ་ལ་བསྒོམ་གློད་ཙ་ན་དལ་བུས་གློད། དྲག་ཤུལ་དུ་གློད་ན་ཐིག་ལེ་ཉམས་ཏེ་འགྲོ་གསུང་། དེ་ལྟར་བསྒོམས་པས་ནོར་བུ་འགས་པ་སྙམ་བྱེད་པའི་བདེ་བ་འབྱུང་། ཐིག་ལེ་འཛག་པའམ་ཆགས་པ་སྐྱེས་ན་བགྲད་པའི་མཐས་བསྲུང་། མཛོད་སྤུར་ཤེས་པ་གཏད། དེས་ཞི། དེ་ཙམ་ན་ལྟོ་བ་འགྱུར་བ་བྱས་པས་ལུས་ཐམས་ཅད་ལ་བདེ་བས་ཁྱབ་པ་སྐྱེའོ། །དེ་ལྟར་བསྒོམས་པས་སྐྱུགས་པ་འཕྲོ་འཆད། འབྱངས་ན་ནད་འཐོན་ཏེ་བདེ་མཆོག་ནས་འབྱུང་བའོ། །མན་ངག་གི་གནད་རྣམས་སྔར་བཞིན་ནོ། །འདི་ལ་འོག་རླུང་འབའ་ཞིག་གཙོར་བྱ། ཏིང་ངེ་འཛིན་བདེ་བ་
༣༩༢མྱུར་དུ་སྐྱེའོ། །བཞི་པ་སྔོན་འགྲོ་སྔར་དང་འདྲ། སེམས་ཀྱི་གནད་མཛོད་སྤུའི་ནང་གི་སྤྱི་བོའ་གནས་སུ་ཧཾ་འཁྱོག་པོ་ཁ་ནང་བསྟན་མགོ་ཐུར་དུ་བལྟ་བ་དར་གྱི་སྣལ་མ་འདྲ་བ་འོད་དཀར་པོ་འཕྲོ་ཞིང་བདེ་བའི་ཉམས་དང་ལྡན་པ་དང་། ལྕེ་ཆུང་གི་རྩ་བར་སུཾ་དཀར་པོ་མགོ་ཐུར་བསྟན་སྙིང་གར་ཧཱུྃ་སྔོན་པོ་མགོ་གྱེན་བསྟན་བསམས་ལ་རྩོལ་བའི་རླུང་ཕྱིར་རྒྱུ་བའི་དུས་སུ་ལྕེ་ཆུང་གི་རྒྱབ་ནས་སོང་ནས་ཧཾ་ལ་ཕོག་པས་ཧཾ་བསྲོས་ཏེ། དེ་ལས་བདུད་རྩིའི་རྒྱུན་ལྕེ་ཆུང་གི་སུཾ་ལ་བབས། དེ་ཁེངས་ནས་དེ་ལས་ཀྱང་བདུད་རྩི་བབས་པས་སྙིང་གའི་ཧཱུྃ་ཚིམ་པར་བསམ། དེ་ལ་ཤེས་པ་གཏད། ཡང་ནང་དུ་འཇུག་པ་ན་ཡང་སྔ་མ་ལྟར་བབས་པར་བསྒོམས་ལ་འཛག་པ་གཉིས་སེམས་ཉམས་དང་སྦྱར། སྐབས་སུ་ལྕེ་རྩ་འགུལ་བ་ཙམ་བྱ། ལྐོག་མས་ཨོལ་མདུད་མནན། ལྕེ་རྐན་ལ་སྦྱར་ཏེ་བསྒོམས་པས་མཆིལ་མ་ཐོག་མར་སྐ་རུ་འགྲོ། དེ་ནས་ཞོ་ཙམ། དེ་ནས་མང་དུ་སོང་སྟེ་ཁམས་ཀྱི་ཟས་ལ་འདོད་ཆགས་དང་བྲལ་བ་འབྱུང་། མཆིལ་མ་ཕྱིར་མི་འདོར་བ་གནད་ཡིན། དོར་ན་ཁམས་ངན་ཞིང་ལོངས་སྤྱོད་དམན་དུ་འགྲོ་གསུང་། རླུང་སྲོག་རྩོལ་འབའ་ཞིག་དང་བསྟུན། ཡོན་ཏན་ལུས་ཟུང་ཤིན་ཏུ་རྒྱས་པ་དང་། ལུས་རྟ་ལྟར་འགྲོ། སྐྲ་དཀར་དང་གཉེར་མ་སྤོང་ཞིང་ཤེས་པ་གསལ་ཞིང་དྭངས་པར་འགྱུར་རོ། །མན་ངག་གི་གནད་རྣམས་སྔར་བཞིན་ནོ། །དེ་དག་གིས་འཁོར་ལོ་ལ་མ་བརྟེན་པ་ལྔ་བསྟན་ཏོ། །གཉིས་པ་འཁོར་ལོ་ལ་བརྟེན་པ་ལ། འཁོར་ལོ་གཅིག་ལ་བརྟེན་པ་རྣོ་བ་ནི། ལུས་ཙོག་པུར་གནད་ལ་ཕབ། བསམ་གཏན་གྱི་ཡན་ལག་གཞན་རྣམས་ཚང་བར་བྱས་ལ། གཤང་སྒོར་ལས་ཀྱི་རླུང་དང་། སུམ་མདོར་ཡེ་ཤེས་ཀྱི་མེ་རང་བཞིན་གྱིས་གནས་པ་གསལ་གདབ། ལྟེ་བའི་འཁོར་ལོའ་ཕྱི་སྐོར་དྲུག་ཅུ་རྩ་བཞི་ལ་ཡི་གེ་བཀོད་པ་དང་བྲལ་བ། ནང་སྐོར་འདབ་མ་བརྒྱད་ལ་སྡེ་ཚན་གྱི་
༣༩༣གཙོ་བོ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད་གཡས་བསྐོར། ལྟེ་བར་ཨཾ་ཤིན་ཏུ་ཆ་ཕྲ་བ་ལྟེ་བའི་རྩ་མདུད་གྲུ་གསུམ་གྱི་དབུས་སུ་གནས་པ་བསམས་ཏེ། ཡིག་འབྲུ་ཐམས་ཅད་ཁ་དོག་དམར་པོ་གསལ་གདབ། འོག་རླུང་ཨ་ལོང་འབྱེད་འཛུམ་གྱི་སྦྱོར་བས་མར་རྩེ་སྤྲད་པས་སུམ་མདོའ་མེ་སྦར། དེས་ལྟེ་བའི་ཨཾ་ལ་ཕོག་པས། ཨཾ་ལས་མེ་ཁ་དོག་དམར་ཞིང་ངོ་བོ་ཚ་བ་སོར་བཞི་ཙམ་ལ་སོགས་པར་འབར་བ་ལ་དམིགས་པ་གཏད་དེ་རླུང་རིམ་གྱིས་ཁ་སྦྱར། །ཀོས་ཀོས་ཨོལ་མདུད་མནན། རླུང་ཐུབ་ཚད་དུ་བཟུང་། དེས་ལྟེ་བའི་འོག་ཏུ་དྲོད་ཚ་འུར་གྱིས་འོང་བའམ། བདེ་བས་བརྒྱལ་ནས་འགྲོ་བའམ། གྲང་སིང་གིས་འགྲོ་བའམ། སྨིན་མཚམས་ན་བ་ལ་སོགས་པ་འབྱུང་སྲིད་པས་བྱུང་རྒྱལ་དུ་བཏང་། ལྟེ་བ་བསྐྱང་བ་ལ་སོགས་པ་གནད་རྣམས་སྔ་མ་བཞིན་ནོ། །ཉམས་མྱུར་དུ་སྐྱེ་བའི་དམིགས་པ་ཡིན་པས་རྣོ་བ་ཞེས་བྱའོ། །འཁོར་ལོ་གཉིས་ལ་བརྟེན་པ་མྱུར་བ་ནི། སྔོན་འགྲོ་སྔར་བཞིན་བྱས་ལ་སེམས་ཀྱི་གནད་སྔར་གྱི་ལྟེ་བའི་འཁོར་ལོའ་སྟེང་དུ་སྙིང་གར་རྩ་འདབ་བརྒྱད་ལ་ཡི་གེ་བཀོད་པ་དང་བྲལ་བ་ཁ་ཐུར་དུ་བལྟ་བ། ལྟེ་བ་ལ་ཧཱུྃ་སྔོ་སྐྱ་དངུལ་ཆུ་ལྟ་བུར་ཐུར་ལ་བལྟས་པ་ཐིགས་ལ་ཁད་པ་ཞིག་བསམ། དེ་ནས་ཨཾ་དང་ཧཱུྃ་གཉིས་རྩ་དབུ་མ་ཤིན་ཏུ་ཆ་ཕྲ་བས་ཟུང་སྦྲེལ་བར་བསམས་ལ་དེ་ནས་ཡང་རླུང་མར་རྩེ་སྤྲད་དེ། འབྱེད་འཛུམ་ལན་གསུམ་གྱི་ཐ་མ་ལ་བསྡམས་པས་སུམ་མདོའ་མེ་འབར་ནས། ལྟེ་བའི་ཨཾ་ལ་བསྣོན་པས། ཨཾ་ལས་མེ་ཤིན་ཏུ་ཕྲ་བ་དབུ་མའི་ནང་ནས་ཧཱུྃ་གི་བར་དུ་འབར། ཧཱུྃ་ལས་བྱང་སེམས་ཆ་ཕྲ་བ་ཨཾ་གི་བར་དུ་འཛག་པས་འབར་འཛག་དཀར་དམར་གྱི་རྣམ་པ་ལ་བློ་གཏད་དེ་བསྒོམ་མོ། །དམིགས་པ་འཛིན་པའི་བར་ལ་སྟེང་རླུང་བཅུག་ན་མགྲོན་པོ་ཚོང་མ་ཚར་བར་ཟོང་ཟད་པ་དང་འདྲ་བས་མི་གཞུག །དམིགས་པ་གསལ་གདབ་པ་
༣༩༤ཚར་བ་དང་སྟེང་རླུང་དལ་བུས་མནན། འོག་རླུང་དྲག་པོས་བསྐུམ། མནན་དྲག་ན་དམིགས་པ་མི་གསལ་དུའགྲོ་སྲིད་ཅིང་། དམིགས་པ་མི་གསལ་ན་རླུང་ནོན་ཡང་ཡོན་ཏན་མི་སྐྱེ་བས་རན་པར་བྱ། མི་ཐུབ་ན་དལ་བུས་བཏང་། མན་ངག་གི་གནད་སྔར་བཞིན་ནོ། །དེ་ལ་དྲོད་ཀྱིས་བསྡུས་པའི་མཐོང་སྣང་འབྱུང་བ་ནི་རྟགས་ལྔ་དང་། རྟགས་ཀྱི་རྟགས་ལྔ་དང་བཅུའོ། །དང་པོ་ནི་སྣ་གཡས་ནས་འབྱུང་བ་ལྔའི་རླུང་ལུགས་འབྱུང་དུ་རྒྱུ་བ་ཟིན་པའི་དབང་དུ་བྱས་ན། དུ་བ། སྨིག་རྒྱུ། སྲིན་བུ་མེ་ཁྱེར། མར་མེ་འབར་བ། ནམ་མཁའ་སྤྲིན་མེད་ལྟ་བུ་འབྱུང་ངོ་། །གཡོན་གྱི་འབྱུང་བ་ལྔའི་རླུང་ལུགས་ལྡོག་ཏུ་རྒྱུ་བ་ཟིན་པའི་དབང་དུ་བྱས་ན། མུན་ནག །འཇའ་ཚོན། གློག །ཟླ་བའི་འོད་ཟེར། ཉི་མའི་འོད་ཟེར་ལྟ་བུ་རྣམས་འབྱུང་སྟེ། མཉམ་རྗེས་གཉིས་ཀ་ལ་མཐོང་སྣང་དང་། རྨི་ཉམས་སུ་ཅི་རིགས་པར་འབྱུང་བས་ངོ་ཤེས་པར་བྱས་ལ་ཉམས་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་ངོ་། །གསུམ་པ་འཁོར་ལོ་བཞི་ལ་བརྟེན་པ་ནི། སྔོན་འགྲོ་རྣམས་སྔར་བཞིན་བྱས་ལ་ལས་བྱེད་པའི་འཁོར་ལོ་གཉིས་ཀྱང་གསལ་གདབ། ལྟེ་བའི་འཁོར་ལོ་ཕྱི་སྐོར་འདབ་མ་དྲུག་ཅུ་རྩ་བཞི་ལ་ཨཱ་ལི་བཅུ་དྲུག་ཕྲག་གཉིས་གཡོན་སྐོར། ཧ་དང་ཀྵ་སྤངས་པའི་ཀཱ་ལི་གཡས་སྐོར། ནང་སྐོར་འདབ་མ་བརྒྱད་སྔ་མ་དང་འདྲ་སྟེ་ཡི་གེ་ཐམས་ཅད་ཀྱང་ཁ་དོག་དམར་པོ་མགོ་གྱེན་ལ་བལྟ་བའོ། །དེ་ནས་སྙིང་གའི་འདབ་མ་བརྒྱད་ལ་ཕྱོགས་བཞིར། བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་བཞི། མཚམས་བཞིར་ལཱཾ་མཱཾ་བཱཾ་ཏཱཾ་བཞི། དབུས་སུ་ཧཱུྃ་ཡིག་འབྲུ་ཐམས་ཅད་ཀྱང་ཁ་དོག་ནག་པོ་མགོ་ཐུར་ལ་བལྟ་བའོ། །མགྲིན་པ་འདབ་མ་བཅུ་དྲུག་ལ་ཨཱ་ལི་བཅུ་དྲུག་གཡོན་བསྐོར་ལྟེ་བར་ༀ། ཡིག་འབྲུ་ཐམས་ཅད་ཀྱང་ཁ་དོག་དམར་པོ་མགོ་གྱེན་ལ་བལྟ་བའོ། །སྤྱི་བོར་འདབ་མ་སུམ་ཅུ་རྩ་གཉིས་ལ་ཨཱ་ལི་བཅུ་དྲུག་གཡོན་སྐོར། །ཀ་ནས་ཏ་རྣམས་སོའ་བར་བཅུ་དྲུག་གཡས་སྐོར། ལྟེ་བ་ལ་ཧཾ་
༣༩༥སྟེ་ཡིག་འབྲུ་ཐམས་ཅད་ཁ་དོག་དཀར་པོ་མགོ་ཐུར་ལ་བལྟ་བའོ། །དེ་བཞིན་དུ་རྩ་གསུམ་ཡང་གསལ་གདབ་སྟེ། གཡས་རོ་མ་དམར་པོ། གཡོན་རྐྱང་མ་དཀར་པོ་ལྟེ་བ་ནས་སྤྱི་བོའ་བར་དུ་ཟུག་པ། དབུས་སུ་དབུ་མ་ཆོས་བཞི་ལྡན་ལྟེ་བ་ནས་ཚངས་སྒོར་སླེབས་པར་བསྒོམ། དེ་ནས་འོག་སྒོ་འབྱེད་འཛུམ་ཀྱི་སྦྱོར་བས་རླུང་མེ་མ་དང་གཉིད་མ་གཉིས་རྩེ་སྤྲད་པས་སུམ་མདོའ་མེ་སྦར། ལྟེ་བའི་ཨཾ་ལ་ཕོག་པས་རླུང་དྲོད་ཀྱི་རང་བཞིན་ཅན་དེ་གཡས་རོ་མ་ནས་སོང་། སྙིང་གའི་ཡིག་འབྲུའི་ཁམས་རྣམས་བསྲེགས། ཡང་རོ་མ་ནས་སོང་མགྲིན་པའི་ཡིག་འབྲུའི་ཁམས་རྣམས་བཅོམ། ཡང་རོ་མ་ནས་སོང་སྟེ་སྤྱི་གཙུག་གི་ཧཾ་ལ་ཕོག་པས། ཧཾ་འོད་དུ་ཞུ་ནས་རྐྱང་མ་ནས་བབས། མགྲིན་པའི་ཡིག་འབྲུ་རྣམས་སྤར་བཞིན་གསོལ་བཏབ་རྒྱས་པར་བྱས། རྐྱང་མ་ནས་སོང་སྙིང་གའི་ཡིག་འབྲུ་རྣམས་གསོས་བཏབ་རྒྱས་པར་བྱས། ཡང་རྐྱང་མ་ནས་སོང་སྟེ་ལྟེ་བའི་ཨཾ་ལ་ཕོག་པས་ཨཾ་ཆེར་འབར་ཏེ་དབུ་མ་ཉིད་ཅུང་ཟད་ཁ་བྱེ་ནས་གློག་གི་ཟེར་མའི་ཚུལ་གྱིས་དབུ་མ་ནས་སོང་སྟེ་སྙིང་གའི་ཧཱུྃ་དང་མགྲིན་པའི་ༀ་གཉིས་ཀྱང་ཞེན་ཐོགས་མེད་པར་བཅོམ་སྟེ། རེག་པ་ཙམ་གྱིས་ཧཾ་ལས་བདུད་རྩིའི་ཆུ་རྒྱུན་ཆ་ཕྲ་བ་དབུ་མ་ཉིད་ནས་བབས། ༀ་དེ་རིམ་གྱིས་མར་བདས་ནས་མགྲིན་པའི་གནས་སུ་འབར་འཛག་ལ་བློ་གཏད་ལ་བསྒོམ། ཡུན་རིང་ན་རླུང་ནོན་དཀའ་ཞིང་། ལྕེ་ཆུང་འབབ་ཉེན་ཡོད། དེ་ནས་སྙིང་གང་གཏད་དེ་བསྒོམ། ཡུན་རིང་ན་སྙིང་འདར་ཞིང་སྤྲུགས་ཉེན་ཡོད། མཐར་ལྟེ་བའི་སྟེང་སོར་བཞི་ཙམ་གྱི་གནས་སུ་ཡིད་འཇུག་པའི་སར་འབར་འཛག་ལ་དམིགས་ལ་རླུང་རན་ཆད་དུ་ཁ་སྦྱར་དུ་བསྐྱང་། ལྷག་མ་ནི་སྔ་མ་བཞིན་ནོ། །གསུམ་པ་མན་ངག་གི་གནད་ལ་བརྟེན་པ་ལ་བདུན་ལས། མེ་དམར་སྐྱའི་དམིགས་པ་ནི། ལུས་ཙོག་བུ་རྐང་པ་བསྣོལ། ལག་པ་གཉིས་དཔུང་པ་ལ་བསྣོལ་མར་དགབ་སྟེ་ཕྱི་ལུས་ཀྱི་ཐབ་
༣༩༦འགལ་དྲུག །ནང་རྩའི་ཐབ་འགལ་དྲུག །གསང་བ་བྱང་ཆུབ་སེམས་ཀྱི་ཐབ་འགལ་དྲུག་སྟེ་བཅོ་བརྒྱད་བཅའ། བསམ་གཏན་གྱི་ཡན་ལག་གཞན་རྣམས་ཚང་བར་བྱ། དེ་ནས་རང་གི་ལུས་ཁོང་སྟོང་རྒྱུ་མ་བུས་པ་ལྟར་དམིགས་ལ་གང་ནས་བྱུང་ཆ་མེད་པར་མེ་དམར་སྐྱས་ལུས་ཀྱི་ནང་གང་བར་བསམ་ཞིང་ཤེས་པ་མེ་ལ་གཏད། རླུང་རྩོལ་བ་བཀག་སྟེ་སྲོག་ནས་རྔུབས་ནས་ཐུབ་ཚད་དུ་བསྣན་ལ་ཡིད་ཀྱིས་གཅིག་གཉིས་ལ་སོགས་པའི་གྲངས་བགྲངས་པའི་རླུང་སྦྱོར་བཅུ་གཉིས་དང་། གྲངས་མ་བཟུང་བར་ཐུབ་ཚད་དུ་མནན་པའི་གྲངས་མེད་ཀྱི་རླུང་སྦྱོར་བཅུ་གཉིས་སྤེལ་ཞིང་བྱ། ཐམས་ཅད་བསྡམས་པས་གྲངས་ཅན་གྲངས་མེད་ཉི་ཤུ་རྩ་བཞིས་ཐུན་ཚད་བཟུང་སྟེ། གྲངས་ཅན་རྩོལ་བ་སྟེ་ཚར་བཅད་པ་གྲངས་མེད་གློད་པ་སྟེ་ཕན་གདགས་པ། ཡང་གྲངས་ཅན་ལམ་དུ་འཇུག་པ་གྲངས་མེད་ལྟ་བ་བསྐྱང་བའོ། །ཡིད་འཇུག་ཡུལ་མི་རྟག་སྟེ་ཐུན་ཚད་ཐུན་གྲངས་མ་རྫོགས་བར་དུ་ཡིད་མི་འཇུག་ཀྱང་འབད་དེ་བསྒོམ། རྫོགས་ནས་ཡིད་སྤྲོ་ཡང་མི་བསྒོམ། ཁམས་ཚོད་མི་བཟུང་སྟེ་ཁམས་ངན་ཡང་ངལ་གསོ་ཡིན་ཚད་དུ་བསྐྱངས། དེ་ནས་ཁམས་བདེ་ཡང་མི་བསྒོམ། ཟས་དང་སྤྱོད་ལམ་གྱི་ལྕག་གིས་བསྐུལ། ཉམས་ཐམས་ཅད་བྱུང་རྒྱལ་དུ་བཏང་། ལྟ་བ་བསྐྱང་། ཐུན་བཞིའི་ངེས་པས་བྱ། གང་ཟག་རབ་ཞག་གསུམ། འབྲིང་ལྔ། ཐ་མ་དགུ་ན་དམིགས་པ་འཕོ་སྟེ། རབ་འབྲིང་ཡང་དྲོད་ཉམས་སྐྱེ་བ་མྱུར་བུལ་ལོ། །དེ་ནས་སྐྱེས་པ་བརྟན་པའི་དོན་དུ་སེམས་ཀྱི་གནད་སྣ་ཚོགས་སུ་འཕྲོ་བ་ལས། གཉིས་པ་མེ་འབར་བའི་དམིགས་པ་ནི། སྔོན་འགྲོ་དང་། དངོས་གཞི་སྔར་དང་འདྲ་བ་ལས་རྐང་མཐིལ་གཉིས་སུ་རཾ་དམར་ནག་བསམ། དེ་ནས་རྐང་པའི་རྒྱུ་མ་ཁུག་བརྐྱང་བསྐུམ་གྱི་སྦྱོར་བས། མེ་འབར་ལོང་བུའི་རྩ་ནས་ཡོང་། བརླའི་རྩ་བོ་ཆེ་ནས་ཞུགས། གསང་གནས་སུ་འཛོམ་པས། རྣོ་བ། མྱུར་བ། དྲག་པ་རྩུབ་པའི་མེ་ལ་དམིགས་པ་གཏད་དེ།
༣༩༧རྣོ་བ་ནི་ཁབ་ཀྱི་རྩེ་ལྟ་བུ། མྱུར་བ་ནི་མར་མེ་རླུང་གིས་བསྐྱོད་པ་ལྟ་བུ། དྲག་པ་ནི་རེག་བྱ་ཚ་བ། རྩུབ་པ་ནི་མེ་སྟག་འཕྲོ་བ་སྟེ་གཞན་ཐམས་ཅད་ཚུལ་སྔ་མ་བཞིན་ནོ། །དམིགས་པ་དེ་གསལ་བ་དང་། གསུམ་པ་ཐིག་ལེའི་འཐབ་མོ་ནི། སྔར་གྱི་མེ་དེའི་རྩེར་ཐིག་ལེ་དཀར་པོ་སྲན་མ་ཙམ་བསམ་དེའི་སོར་བཞི་ཙམ་གྱི་སྟེང་དུ་ཐིག་ལེ་དམར་པོ་རིལ་མ་ཙམ་བསམས་ཏེ། དེ་གཉིས་རླུང་ཁ་སྦྱར་བའི་ཚེ་སྒོང་འཐབས་པ་ལྟར་གཅིག་གིས་གཅིག་ལ་ཐུག་ཐུག་བརྒྱབ་པས་ལུས་ཐམས་ཅད་མེ་སྟག་ཏུ་ཕྲ་ཕྲ་བས་གང་བ་ལ་ཡིད་གཏད་དོ། །དེ་ལ་བརྟན་པ་དང་། བཞི་པ་འཁོར་ལོའ་དམིགས་པ་ནི། གསང་གནས་ཀྱི་མེ་དེ་མཆོད་རྟེན་གྱི་སྲོག་ཤིང་ལྟར་དྲང་ཐང་གིས་སོང་བའི་སྟེང་དུ་ཐིག་ལེ་དེའི་སྟེང་དུ་ཡང་མེའི་འཁོར་ལོ་རྩིབས་བཞི་པའམ་བརྒྱད་པ་རྩིབས་རེ་ལ་ཨཱ་ལི་རིང་ཐུང་གཉིས་གཉིས་མགོ་སྤྲོད་དུ་འཕྱང་བ། མདུན་རྒྱབ་དང་། གཡས་གཡོན་དུ་ལྟེ་བ་དང་ཚིགས་པ་མཁལ་མ་གཉིས་ལ་མ་རེག་པར་ཡོད་པ་དེ་གཡས་གཡོན་གང་བདེར་འཁོར་བས་ལུས་ཀྱི་ནང་ཐམས་ཅད་མེ་སྟག་གིས་གང་བར་བསམ་སྟེ། འོག་རླུང་དྲག་ཏུ་བསྐུམ། སྟེང་རླུང་ཁ་སྦྱོར། འདི་ལ་ནང་སྲོག་ཤིང་གི་གནད་དང་བར་འཁོར་ལོའ་གནད། ཕྱི་ཡི་གེ་འབྲུ་བཀོད་གྱི་གནད་གསུམ་གསུམ་གཅེས་སོ། །ལྔ་པ་མེ་དྲག་ཏུ་འབར་བའི་དམིགས་པ་ནི། དམིགས་པ་སྔ་མའི་སྟེང་དུ་མེའི་འཁོར་ལོ་ལས་མེ་ཁ་དོག་དམར་ནག་ངོ་བོ་ཚ་བ། རང་བཞིན་མཉེན་པས་མགྲིན་པ་མན་ཆད་གང་བ་ཤུག་པའི་ལོ་མ་ལ་མེ་འབར་བའི་ཚུལ་དུ་མེ་ལྕེ་ཕྲ་ཕྲ་འཕྲོ་བ་དང་བཅས་པ་བསམ། ང་ལ་བརྟན་པ་དང་། །དྲུག་པ་མེ་ཆེར་འབར་བ་ལ་དམིགས་པ་ནི། མེ་དེ་ཆེར་སོང་བས་ལུས་ཕྱི་ནང་ཐམས་ཅད་ལྕགས་ཀྱི་གོང་བྱ་བསྲེགས་པ་བཞིན་མེ་འབར་བར་བསམ། དེ་ནས་བདུན་པ་ཐམས་ཅད་མེ་འབར་བ་ལ་དམིགས་པ་ནི། མེ་དེ་རྒྱ་ཇེ་ཆེ་ཇེ་ཆེར་སོང་ནས་སྣང་བའི་དངོས་པོ་ཐམས་ཅད་མེར་འབར་བ་ལ་ཤེས་པ་གཏད། རྗེས་ལྟ་བ་སྐྱོང་བ་ནི་ཐུན་ཞབས་སུ་སེམས་དམིགས་པ་འཛིན་པའི་
༣༩༨རྩོལ་བ་གློད་ལ། མིག་ཐད་ཀར་ཧུར་རེ་བཞག་པས་མི་རྟོག་པ་མཐའ་དབུས་མེད་པའི་ཉམས་སྐྱེས་ཏེ། དེ་ཉིད་ལ་སེམས་བླན་ནས་བཞག་པས་ཟུང་འཇུག་གི་ཏིང་ངེ་འཛིན་དུ་འགྱུར་རོ། །གནད་གཞན་སྔ་མ་རྣམས་དང་འདྲ་ཞིང་། དམིགས་པ་རྣམས་སྔ་མ་སྔ་མའི་སྟེང་དུ་ཕྱི་མ་ཕྱི་མ་བསྟན་ནས་བསྒོམ་པ་ཡིན་ནོ། །འདི་དག་ཀྱང་རབ་ཀྱིས་ཞག་ཉི་ཤུ་རྩ་གཅིག །འབྲིང་གིས་སོ་ལྔ། ཐ་མས་དྲུག་ཅུ་རྩ་གསུམ་བསྒོམས་པས་མཐར་ཕྱིན་པ་ཡིན་ནོ། །དེ་རྣམས་ཀྱི་གེགས་བསལ་ཐབས་རྣམས་གཞུང་ཉིད་དུ་ཤེས་པར་བྱའོ། །འདི་རྣམས་ཀྱི་སྐབས་སུ་བོགས་འབྱིན་རྣམ་པ་བརྒྱད་ཀྱིས་བོགས་དབྱུང་བ་དང་། གདམས་ངག་དྲུག་གི་གནད་ཀྱང་འདི་དག་གི་སྐབས་སུ་དགོས་པ་ཡིན་ནོ། །དེ་ལྟར་གཏུམ་མོའ་མན་ངག་གིས་ལམ་སྦྱང་ཞིང་། ལྟ་བ་རང་བྱུང་གི་ཡེ་ཤེས་རྙེད་རྙེད་དུ་བསྒོམ་མོ། །འདིས་ཁམས་འདུས་པ་དང་པོར་འགྲོ་སྟེ་བསྲུང་བ་སུམ་ཅུ་དང་གེགས་སེལ་རྣམས་ཀྱང་ལྷས་ཆེ་པར་འདི་དག་གི་སྐབས་སུ་དགོས་པ་ཡིན་ནོ། །དེ་ནས་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་ལམ་བསྒོམ་པ་ལ། ལམ་རྒྱས་པ་དང་། བསྡུས་པ་གཉིས་ཀྱི་དང་པོ་ལ་སྦྱོར་བ་འདུ་ཤེས་གསུམ་གྱི་བྱིན་གྱི་བརླབས་པ། དངོས་གཞི་དབབ་བཟུང་གིས་ངོས་བཟུང་བ། རྗེས་ལྡོག་ཁྱབ་ཀྱིས་མི་ཉམས་པར་བསྲུང་བའོ། །དང་པོ་ནི། ཡེ་ཤེས་ཀྱི་རིག་མ་ལ་བརྟེན་པ་ཡིན་པས་བདག་དང་ཡེ་ཤེས་ཀྱི་རིག་མ་གཉིས་ཀ་ཡན་ལག་བཞིའམ་སྐད་ཅིག་གིས་ལྷར་གསལ་བཏབ་ལ། གཉིས་ཀས་ཟློས་པར་བསམས་ཏེ་ཡི་དམ་གྱི་རྩ་སྔགས་ལ་སོགས་པ་ཅི་རིགས་པར་བཟླ། དེ་ནས་མཁའ་གསང་བྱིན་གྱི་བརླབས་ཏེ། ཡུམ་གྱི་མཁའ་ཐ་མལ་པ་མི་དམིགས་ཏེ་སྟོང་པ་ལས་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པར་བྱིན་གྱིས་བརླབ། ཡབ་ཀྱི་ཐ་མལ་པའི་གསང་གནས་མི་དམིགས་པའི་སྟོང་པ་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་མོ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ།
༣༩༩སྦུ་གུར་ཕཊ་དམར་ནག་མགོ་གྱེན་ལ་བལྟ་བ་ནོར་བུ་ལ་མུ་ཏིག་གི་ཕྲེང་བའི་དོད་ༀ་གྱི་ཕྲེང་བས་བྱིན་གྱིས་བརླབས་པ། ས་ལས་རིན་པོ་ཆེའི་ཏོག་དང་བཅས་པ་བསམ། དེ་ནས་བདག་གིས་ཡེ་ཤེས་ཀྱི་རིག་མ་ལ་བརྟེན་ནས་ཐ་མལ་གྱི་རྣམ་རྟོག་སྤངས་ཏེ་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱས་ནས་ཆོས་སྐུ་ཐོབ་པར་བྱ་སྙམ་དུ་འདུན་པ་དར་ཅིག་བཏང་ངོ་། །གཉིས་པ་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་དེའི་གཟུགས་ལ་བལྟ་ཞིང་འདོད་ཆགས་ཀྱི་མེ་སྦར་བས་ཐིག་ལེ་དབབ། བདེ་བ་གར་སྐྱེས་ངོས་གཟུང་ལ་གང་སྐྱེས་པ་དེ་ཉིད་ལ་ཡིད་རྩེ་གཅིག་ཏུ་བཞག །ཉམས་པ་འདྲ་ན་བགྲད་པའི་མཐས་བསྲུང་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བྲང་དུ་བསྣོལ། ལྟོ་བ་ཚིགས་པ་ལ་བཅར། མིག་ནམ་མཁའ་ལ་ཟློག །གསང་ཐུབ་པར་བྱ་སྟེ། དངོས་སུ་སྙོམས་འཇུག་མི་བྱའོ། །དེ་ཐམས་ཅད་ལ་ཉམས་བྱུང་རྒྱལ་དུ་བསྐྱང་། དེའང་ཆགས་པའི་གཏམ་གྱི་སྒྲ། ཕྱག་རྒྱའི་ལུས་ཀྱི་དྲི། མ་མཆུའི་སྦྲང་རྩི་ལ་སོགས་པའི་རོ། །ལུས་ཀྱི་སྟོད་སྨད་ལ་རེག་པ་དང་། སོ་དང་སེན་མོ་གདབ་པ་དང་། འཁྱུད་པ་དང་ཙུམྦྷ། དཀར་འཛིན་ཉེད་པ་ལ་སོགས་པ་རེག་བྱ་སྣ་ཚོགས་ལ་རེག་པར་བསམ། དེས་འདོད་ཆགས་ཀྱི་མེ་སྦར་བ་སོགས་སྔ་མ་བཞིན་ནོ། །དེ་ནས་བོ་ལ་དང་ཀཀྐོ་ལ་སྦྱར་བར་བསམ་ཞིང་། ཐིག་ལེ་དབབ། བདེ་བ་བསྒོམ། བགྲད་པའི་མཐས་བསྲུང་། གསང་ཐུབ་པར་བྱ། བསྲུབ་པའི་དམིགས་པའི་སྦྱོར་བ་མི་བྱ། དེ་ནས་རུ་སྦལ་གྱི་འགྲོས་ཏེ་དལ་བུས་བསྲུབས་པས་ཐིག་ལེ་དབབ། བདེ་བ་ཉམས་པ་འདྲ་ན་སྟེང་གི་ནམ་མཁའ་དང་ཚངས་པའི་འཇིག་རྟེན་དང་འོག་མིན་ལ་སོགས་པར་འཕང་། བགྲང་བའི་མཐས་བསྲུང་། ཐིག་ལེ་བཟུང་དཀའ་ན་སྟེང་རླུང་རྣམ་པར་འགོག་པའི་སྦྱོར་བས་དྲངས་ཏེ། གཡོན་པའི་སྲིན་ལག་གིས་སྣ་བུག་གཡས་བཀག་སྟེ་སྲོག་ནས་བཀང་ལ་མགོ་ལུས་ཐམས་ཅད་གཡས་བསྐོར་དུ་བསྐོར་ལ་རོ་སྟོད་གསིག །མགོ་སྤྲུག །དེ་ལས་
༤༠༠ཐིག་ལེ་ཟིན་ན་རྟགས་གཞུང་དུ་བསྟན་པ་བཞིན་དུ་འབྱུང་། དེའི་ཚེ་བདེ་སྟོང་ཟུང་དུ་ཆུད་ནས་བདེ་བ་ངོས་གཟུང་དང་བྲལ་བའི་ཏིང་ངེ་འཛིན་སྐྱེ་བས་ངོས་ཟིན་པར་བྱས་ལ་ཡུན་ཅི་རིང་དུ་བསྐྱང་ངོ་། །གསུམ་པ་ལ་གསུམ་ལས། ཐིག་ལེ་གྱེན་དུ་བཟློག་པ་ནི། ལུས་འགྱུར་བཞི། ངག་སེམས་ཀྱི་འགྱུར་བ་གཉིས་ཏེ། འགྱུར་བ་དྲུག་གིས་སྟེང་དུ་འཕངས་པའོ། །དྲུག་པ་ན། རྒྱ་མཚོ་རི་རབ་ལ་སྐམ། གླིང་བཞི་དབང་དུ་བསྡུ། རོ་འཛིན་རང་གི་གནས་སུ་སྦྱར། དབང་པོའ་མཆོག་སྟེང་དུ་བགྲང་། ངག་སྟོབས་ཀྱི་ཧཱུྃ་དྲག་ལ་རིང་བས་དྲངས། ཏིང་ངེ་འཛིན་ཧཱུྃ་ཕཊ་ཀྱི་མདའ་གཞུ་འཕང་བ་སྟེ། དང་པོ་ནི། གསུས་པོ་ཆེ་ཕྱིར་ཕུལ་ལ། ལྟོ་བ་སྒལ་ཚིགས་ལ་བཅེར་བ། གཉིས་པ་རྐང་ལག་གི་སོར་མོ་རྣམས་དུས་གཅིག་ཏུ་དྲག་ཏུ་བསྐུམས་ནས་རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་བསྣོལ་ཏེ་ཉྭ་བཞི་བསྒྲིམ་པ། གསུམ་པ་ལྕེ་རྐན་ལ་སྦྱར་ནས་ནང་དུ་ཟློག་པ། བཞི་པ་མིག་བགྲད་ནས་སྤྱི་གཙུག་གི་ནམ་མཁའ་ལ་བལྟ་བ། ལྔ་པ་རླུང་ནང་དུ་འཇུག་པ་དང་བསྟུན་ནས་ཧཱུྃ་གི་སྒྲ་དྲག་ལ་རིང་བས་ནང་རླུང་གྱེན་དུ་དྲང་ཞིང་རྒྱུ་ཞབས་རིམ་གྱིས་བསྐུམ། དྲུག་པ་སྔར་བྱིན་གྱིས་བརླབས་པའི་དུས་ཀྱི་གསང་བའི་ཧཱུྃ་དེས་ཕཊ་འདྲེན། ཕཊ་ཀྱིས་ཧཱུྃ་ཕུལ་ཏེ་གསང་གནས་ནས་སྤྱི་གཙུག་གི་བར་དུ་རིམ་གྱིས་དྲངས་པར་བསམ་སྟེ། དེ་རྣམས་དུས་གཅིག་ལ་བྱའོ། །གཉིས་པ་ལུས་ཀུན་ལ་ཁྱབ་པར་བྱ་བ་ནི། རླུང་གི་སྐ་རགས་བཅིངས། ཞགས་པ་འཕངས། ལུས་གཏུན་ཤིང་གི་འཁོར་ལོ་ལྟར་བསྐོར། བུ་ཆུང་གི་སྤྱོད་ལམ་བྱེད་པ་སྟེ། དང་པོ་ལུས་སྐྱིལ་ཀྲུང་བཅས་ལ། རླུང་ནང་དུ་རྔུབ་སྟེ་ཐུབ་ཚད་དུ་བསྣན་ལ་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་དྲག་ཏུ་བཅང་སྟེ་ཁ་སྟེང་དུ་བསྟན་པ་བསྣོལ་ལ་མདུན་དུ་སྐེད་པ་ལ་སྐ་རགས་འཆིང་བའི་ཚུལ་དུ་བྱེད་པའོ། །གཉིས་པ་ནི། གན་རྐྱལ་དུ་འགྱེལ་ལ་རྐང་ལག་བཞི་རེ་མོས་སུ་གཡབ་ཅིང་བརྐྱང་པའོ། །
༤༠༡གསུམ་པ་ནི་སྐྱིལ་ཀྲུང་བཅས་ནས་ལག་པ་གཉིས་པུས་མོ་ལ་བཀབ་ནས་ལྟོ་བ་བསྐོར་བའོ། །བཞི་པ་ནི། ལུས་གནད་དེ་ལྟ་བུ་ལས་མགོ་མདུན་དང་གཡས་གཡོན་དུ་ལྕོག་ལྕོག་ལན་གསུམ་གསུམ་བྱ་ཞིང་སྤྲུག །ཕྱོགས་བཞིར་པར་འགྱེལ་ཚུར་འགྱེལ་བྱ། དབུགས་སིའི་སྒྲས་སོ་བར་ནས་དྲག་ཏུ་རྔུབ་པའོ། །དེ་དག་གིས་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པར་གྱུར་ཏེ་བདེ་སྟོང་མཆོག་ཏུ་གྱུར་པའི་ཉམས་སྐྱེའོ། །གསུམ་པ་མི་ཉམས་པར་བསྲུང་བ་ནི། འཛག་པ་དྲུག་པ་སྲུང་བའི་སྐབས་བཞིན་དུ་ཉམས་སུ་ལེན་པའོ། །གཉིས་པ་ལམ་བསྡུས་པ་ལ་གསུམ་ལས། སྦྱོར་བ་ཐུར་སེལ་དབང་དུ་བྱ་བ་ནི། །ལུས་ཀྱི་སྤྱོད་ལམ་ལྡན་བྱས་ནས། །ལག་གཡས་ཉི་མ་གཡོན་པ་ཟླ། །དཔུས་མོ་གཉིས་ལ་བསྣོལ་མར་དགེ་བ། །ཧཱུྃ་རིང་ཧཱུྃ་ཐུང་མདུན་དུ་དགུ། །གཡས་གཡོན་དག་ཏུ་གསུམ་གསུམ་སྟེ། །འབུད་པ་གསུམ་དང་རྔུབ་པ་གསུམ། །འཁོར་མ་དག་ཏུ་སྦྱར་བར་བྱ། །ཉི་མ་དག་ནི་གསུམ་པ་ནི། །སྦ་བ་སྦུབས་སུ་ནུབ་པར་འགྱུར། །ཞེས་པའི་སྒོ་ནས་ཐུར་སེལ་སྦྱངས་ཏེ་ཚུལ་ཡང་གནས་ཁང་དཔངས་མཐོ་བར་ཙོག་པུ་ལག་གཡས་ཉི་མ་གཡོན་ཟླ་བར་དྲན་པར་བྱས་ལ་པུས་མོ་གྲུ་ཁགས་སུ་ཆུབ་པའི་སྒོ་ནས་ལག་མཐིལ་བསྣོལ་མར་ཕྱི་ནས་བཀབ་ལ་རྐེད་པ་བསྲང་། མགྲིན་པ་མདུན་དུ་དགུག་ལ་ཕྱི་རླུང་ནང་འཇུག་དང་བསྟུན་ནས་ནང་རླུང་ཧཱུྃ་གི་སྒྲས་ཐོག་མར་རིང་བར་དྲང་བ་གཅིག །དེ་རྫོགས་མ་ཐག་བསྐྱར་ནས་འདྲེན་པ་གཅིག །དེའི་མཇུག་ཏུ་ཤིན་ཏུ་ཐུང་བ་གཅིག་སྟེ་གསུམ་འབྲེལ་པ་ཅན་དུ་བྱ། འོག་རླུང་ཡང་དེ་དང་མཐུན་པར་ལན་གསུམ་གྱི་བར་དུ་རྒྱུན་མི་འཆད་པར་དྲང་ཞིང་། དེའི་ཚེ་སྲིན་པོའ་ལམ་ཡང་དུས་གཅིག་ཏུ་ལན་གསུམ་གྱི་བར་དུ་འཐེན། གསུམ་ཀའི་མཐར་མགོ་གྱེན་ལ་དགྱེད་དགྱེད་པ་ལན་གསུམ་གསུམ་བྱ། དེའི་རྗེས་ལ་རླུང་ཐུབ་ཚད་དུ་བཟུང་། མིག་གྱེན་ལ་བགྲད་དོ། །གཡས་སུ་ཡང་དེ་ལྟ་བུ་ཁོར་ཅིག །དེ་ནས་
༤༠༢ཡང་དབུས་སུ་ཁོར་ཅིག །དེ་ནས་ཡང་གཡོན་དུ་ཁོར་ཅིག །དེ་ནས་ཡང་དབུས་སུ་ཁོར་ཅིག །དེ་ནས་སྣ་ནས་རླུང་ཕྱིར་འབུད་པ་བཏུད་མ་དྲག་པོ་གསུམ། རྔུབ་པ་བཏུད་མ་གསུམ། དེ་བཞིན་དུ་གཡས་སུ་གསུམ། དེ་ནས་གཡོན་དུ། དེ་ལྟ་བུ་གཅིག་རྟིང་གཅིག་འཁོར་མར་སྦྱངས་པས་རླུང་ཆུན་ཆེ་ན་ཉིན་ཕྱེད། ཐ་མས་ཀྱང་ཉི་མ་གསུམ་པ་ན་སྦ་བ་སྦུབས་སུ་ནུབ་སྟེ་ཐུར་སེལ་གྱི་རླུང་ལ་དབང་ཐོབ་པར་འགྱུར་རོ། །མ་ནུབ་ཀྱང་གསང་གནས་ཤིན་ཏུ་ཐུང་བར་སོང་ནས་ཐིག་ལེ་མི་འཆོར་བ་ཡིན་ཞིག་ཚུལ་དེ་ལྟ་བུ་ཁམས་ཀྱིས་མ་ལྕོགས་ན་དབུས་སུ་གསུམ། གཡས་གཡོན་དུ་རེ་རེ་བྱ། དེའི་ཚེ་མགོ་ན་བ་དང་། སྐྱུག་བྲོ་བ་བྱུང་ན་སྲིན་པོའ་ལམ་གློད། སྙིང་ཚི་བའམ་དྲི་ཆེན་དྲི་ཆུ་བསྡམས་ན་གྱེན་ཐུར་ལ་འགྲོ་བ་དང་བཅག་པ་གལ་ཆེའོ། །གཉིས་པ་དངོས་གཞི་དབབ་བཟུང་གཉིས་བསྟན་པ་ནི། བྱིན་གྱིས་རླབས་སོགས་བྱས་ནས་ནི། །སྲིན་པོའ་ལམ་ནི་ཅུང་ཟད་བསྡམས། །གུང་མཛུབ་གཉིས་ནི་དྲག་ཏུ་གཞིབ། །མིག་གཉིས་སྟེང་དུ་བགྲད་པར་བྱ། །འདིས་ནི་ཐིག་ལེ་ཟིན་པར་བྱ། །ཡང་ན་ཧ་ཧལ་དྲག་ཏུ་བརྗོད། །ལུས་ཀྱི་འཁྲུལ་འཁོར་གཞན་ཡང་བྱ། །འདིས་ཀྱང་ཐིག་ལེ་ཟིན་པར་འགྱུར། །ཞེས་པའི་ཚུལ་གྱིས་ཉམས་སུ་ལེན་པ་སྟེ། ལུས་ཙོག་པུར་གནད་ལ་དབབ། ཡེ་ཤེས་ཀྱི་ཕྱག་རྒྱ་འདུ་ཤེས་གསུམ་གྱིས་བྱིན་གྱིས་བརླབས། བོ་ལ་དང་ཀཀྐོ་ལ་སྦྱར་ཕར་བསྐྱོད་ཚུར་དྲུད་པ་ཙམ་གྱིས་ཐིག་ལེ་དབབ། བདེ་བས་མི་བཟོད་པ་དང་ཐིག་ལེ་བཟུང་བའི་ཕྱིར་སྲིན་པོའ་ལམ་ཅུང་ཟད་བསྡམས་པ་དང་ཕྱིར་ཕུལ་བ་རེས་འཇོག་ཏུ་བྱ། མིག་མི་འཛུམ་པ་སྟེང་དུ་བགྲད། ལག་པ་གཡས་གཡོན་གྱི་གུང་མཛུབ་གཉིས་རེ་མོས་ཀྱིས་ཁར་བཅུག་ལ་ཁ་ནས་མི་ཕྱིན་ཙམ་དུ་རླུང་ནང་དུ་འདྲེན་པ་དང་དུས་གཅིག་ཏུ་དྲག་ཏུ་གཞིབ་སྟེ་གཡས་ཀྱི་སོར་མོ་འཇིབ་ཙ་ན་གཡོན་གྱི་མིག་བགྲད། གཡོན་གྱི་སོར་མོ་འཇིབ་ཙ་ན་གཡས་ཀྱི་མིག་བགྲད། ལུས་འགྱུར་གསུམ་པོ་དེ་དུས་གཅིག་ཏུ་བྱ་སྟེ་ཐིག་ལེ་ངེས་པར་ཟིན་ནོ། །ཡང་ན་ངག་གཅིག་པུའི་འདྲེན་
༤༠༣པས་ཧས་རླུང་དྲག་ཏུ་དྲངས་པའི་མཐར། ཧལ་གྱིས་ཕྱིར་འཕུལ་བ་ལན་གྲངས་མང་དུ་བྱ། མཐར་རླུང་ཐུབ་ཚད་ཅིག་བཟུང་། ལུས་ཀྱི་འཕྲུལ་འཁོར་གཞན་སྟེང་རླུང་རྣམ་པར་འགོག་པའི་སྦྱོར་བས་ཀྱང་དྲང་ངོ་།། །།གསུམ་པ་རྗེས་བཟློག་ཅིང་ཁྱབ་བར་བྱ་བ་ནི། གླང་ཆེན་ཧིང་དང་སྟག་མོ་ངུར། །གཅན་གཟན་སྐྱུགས་དང་ཝ་ལྟར་བསྣོམ། །ལྟེ་བ་སྙིང་ག་མགྲིན་པ་དང་། །སྤྱི་གཙུག་དག་ཏུ་རིམ་གྱིས་དྲང་། །རྣམ་གྲོལ་རྒྱ་ཡིས་ལུས་ལ་དགྲམ། །ཞེས་པའི་དོན་ཏེ། སྐྱིལ་ཀྲུང་ཙོག་པུ་ལ་རྐང་པའི་བྲང་བ་ས་ལ་བཙུག །རྟིང་པ་བཏེག་པའི་སྟེང་དུ་ལུས་ཀྱི་ལྗིད་བོར་བ་གང་རུང་བྱ། ལག་པ་རྡོ་རྗེ་ཁུ་ཚུར་དྲག་ཏུ་བཅངས་པ་སྙིང་གར་བསྣོལ། སེམས་ཀྱི་གནད་བྱང་སེམས་རྡོ་རྗེ་ནོར་བུའི་རྩེ་ནས་ལྟེ་བར་བྱོན་པར་བསམ་ཞིང་། ངག་གི་གནད་ཧིའི་སྒྲས་རླུང་ཕྱིར་འགྲོ་དང་བསྟུན་ཏེ་ཕྱིར་ཕུལ། ཧིང་གི་ནང་ནས་རླུང་འདྲེན་པ་དང་བསྟུན་ནས་སྟེང་དུ་དྲངས། དེ་ལྟ་བུ་བཏུད་མར་རླུང་གིས་ཐུབ་ཚད་དུ་བྱ། དེ་བཞིན་དུ་སྙིང་གར་དྲང་པར་བསམ་ཞིང་ཧུས་ཕུལ། ཧཱུྃ་གིས་དྲང་བ་བཏུད་མ་མང་དུ་བྱ། མགྲིན་པར་དྲང་པར་བསམ་ཞིང་ཧག་ཧག་ཞེས་པའི་སྒྲ་བཏུང་མས་ནང་ནས་དྲངས། སྤྱི་གཙུག་ཏུ་དྲངས་པར་བསམ་ཞིང་རླུང་སྣ་ནས་ལན་འགའ་རྔུབས་པའི་རྗེས་སུ་ཧིཀ་ཅེས་བརྗོད་ལ་ལྟག་པ་བགྱེད་བྱས། མིག་སྟེང་དུ་བགྲད་ནས་རླུང་ཐུབ་ཚད་ཅིག་བཟུང་། གོང་གི་ངག་འདྲེན་སྔ་ཕྱིའི་མཚམས་སུ་ཡང་རླུང་ཐུབ་ཚད་རེ་བཟུང་། དེ་ནས་སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱས་ཁྱབ་པར་བྱ་བ་ནི། ལག་པ་གཉིས་ཀྱི་མཐེ་བོས་རྣ་བ་གཉིས། མཛུབ་མོས་མིག་གཉིས། གུང་མོས་སྣ་བུག་གཉིས། མཐེའུ་ཆུང་དང་སྲིན་ལག་གི་བར་དུ་མཆུ་བསྡམས་ལ་གྲུ་མོ་གཉིས་ཐད་ཀར་བསྲང་སྟེ། ཐོག་མར་གཡས་སུ་བསྐོར། དེ་ནས་གཡོན་དུ་བསྐོར། དེ་ནས་གསོར་ལྟར་བསྒྲིལ། དེའི་རྗེས་སུ་སྣ་བུག་མཐིབ་མཛུབ་ཀྱི་བར་དུ་བཅར་ལ་རླུང་དྲག་ཏུ་རྔུབ་ཅིང་མགོ་སྤྲུགས་ལུས་སྤྲུགས་བྱའོ། །ལམ་འདིའི་ཐུན་རེའི་མགོར་བསམ་
༤༠༤གཏན་གྱི་ཡན་ལག་དགུ་དང་། ཐུན་ཞབས་སུ་ལྟ་བ་བསྐྱང་། དགེ་རྩ་བསྔོ། མ་རྟོགས་ཀྱི་སེམས་ཅན་ལ་སྙིང་རྗེ་བསྒོམ་པ་སྔར་ལྟར་སྦྱར་བར་བྱ་བ་ལས། འདིའི་ལྟ་བ་ནི་བདེ་སྟོང་གི་ཏིང་ངེ་འཛིན་ཡིན་པས་ངས་བཟུང་ནས་ལུས་སེམས་ཁོང་གློད་ནས་འཇོག་པའོ། །འདི་ནི་ཁམས་འདུས་པ་བར་པ་ཐིག་ལེ་བདེ་སྟོང་གི་ལམ་ཁྲིད་པ་ཞེས་བྱ་བ་ཡིན་ནོ། །བཞི་པ་དབང་བཞི་པའི་ལམ་ལ་གཉིས་ཀྱི་སྔོན་འགྲོ་ནི། གནས་དབེན་པར་ཉི་ཟེར་དང་ལྷགས་པ་མེད་པར་སྟན་འབོལ་བ་རྒྱ་ཆེ་བའི་སྟེང་དུ་སྔོན་འགྲོ་གསུམ་བྱས་ལ། ཕྲིན་ལས་སུམ་ཅུ་རྩ་གཉིས་སོ། །དང་པོ་ཡས་རིམ་དུ་ཚར་གཅིག །དེ་ནས་མས་རིམ་དུ་ཚར་གཅིག །དེ་ནས་གང་ཟིན་ཟིན་ནས་ཐམས་ཅད་ཚང་བར་ཚར་གཅིག་སྟེ་དེ་ལྟར་དགུ་བཅུ་རྩ་དྲུག་ཐུན་རེ་ལ་བྱ་སྟེ། དེ་ལྟ་བུ་ཐུན་གསུམ་མམ། གཉིས་སམ་གཅིག་གང་གྲུབ་བྱ། དེ་མ་གྲུབ་ན་ཡན་ལག་ལྔ་སྦྱོང་ཐུན་བཞིའམ་གསུམ་བུ་ཉམས་སུ་བླང་བ་སྔོན་དུ་འགྲོ་བའི་བསམ་གཏན་གྱི་ཡན་ལག་དགུ་ཡུན་ཅི་རིང་དུ་ཉམས་སུ་ལེན་པའོ།། །།གཉིས་པ་དངོས་གཞི་ལ་གསུམ་ལས། སྲོག་རྩོལ་ལ་སོགས་སྔོན་དུ་འགྲོ་བའི་འོག་རླུང་བསྐྱོད་པའི་ལུས་ཀྱི་རྦ་རླབས་ན། དང་པོ་སྦྱོར་རྗེས་སྔར་དང་འདྲ་བ་ལ་རླུང་སྦྱོར་བདུན་ལ་རྟགས་ཐོན་ཐོན་གྱི་བར་དུ་བསྒོམ། དེ་ནས་ལུས་ཀྱི་རྦ་རླབས་དངོས་བསྒོམ་སྟེ། དེའང་སྐྱིལ་ཀྲུང་། ལག་པ་པུས་མོ་གཉིས་ལ་བཀབ་ལ་མནན། རྐེད་པ་དྲང་པོར་བསྲང་། ལྟོ་བ་ཚིགས་པ་ལ་སྦྱར། རླུང་འབུད་གསུམ། རྔུབ་གསུམ་གྱི་ཚུལ་གྱིས་སྟེང་རླུང་མནན། ཚང་ར་གཡས་གཡོན་འོག་ཏུ་བསྣོན་པ་རེ་མོས་ཀྱིས་དལ་གྱིས་བསྐུམ་སྟེ་དྲག་ཏུ་འཐེན། དྲག་ཤུལ་དུ་བསྐུམ་ན་ཤུགས་ཆད་ནས་འགྲོ། བཏང་ཙ་ན་འོག་རླུང་སྔོན་དུ་གཏོང་། དེ་ལྟ་བུ་ཐུན་གྲངས་དང་ཐུན་ཚད་མེད་པ་སྦྱངས་པས་ལུས་ལ་བདེ་བ་དང་། སེམས་གསལ་བའི་ཏིང་ངེ་འཛིན་དུ་འགྱུར་བ་འབྱུང་། ཁམས་འཆུག་པ་འདྲ་ན་ལྟོ་བ་བསྐྱོད། རོ་སྟོད་གཅུ། བགྲད་པའི་མཐའ་བསྲུང་།
༤༠༥སེམས་ནམ་མཁར་འཕང་། སྐབས་སུ་བོགས་འབྱིན་བརྒྱད་ཅི་རིགས་པས་བོགས་དབྱུང་ངོ་། །དེའི་ཚེ་འོག་རླུང་བཏང་བས་སྟེང་རླུང་ཕྱིར་མི་འགྲོ་ན་གནད་ཟིན་པ་ཡིན་ནོ། །གཉིས་པ་ངག་འདྲེན་པ་ཞི་དྲག་གི་རྦ་རླབས་ལ་གཉིས་ལས། ངག་འདྲེན་ཞི་བ་ནི། གནས་དབེན་པར་ཕྱིན་ལ་ལུས་སྐྱིལ་ཀྲུང་ལག་པ་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ། མགོ་མདུན་དུ་ས་ལ་མ་རེག་ཙམ་བཏུད་ལ་ཨིའི་གདངས་ཀྱིས་ཁ་ནས་སྒྲ་མེད་པར་རླུང་སོ་བར་ནས་བཞུར་ཏེ། ནང་རླུང་གྱེན་དུ་འདྲེན་པ་དང་དུས་གཅིག་ཏུ་ཁ་ནས་དལ་བུས་འདྲོངས་ཚད་དུ་དྲངས། དེ་དང་བསྟུན་ནས་རྒྱུ་ཞབས་དང་འོག་རླུང་ཡང་རིམ་གྱིས་དྲག་ཏུ་བསྐུམ། མཐར་མགོ་དགྱེད་བྱས་ལ་མིག་སྟེང་དུ་བགྲད། རླུང་ཐུབ་ཚད་དུ་མནན། མི་ཐུབ་པ་དང་དལ་བུས་བཏང་། ཕྱིར་སོང་རྫོགས་མ་ཐག་ཡང་དྲང་། དེ་ལྟ་བུ་མདུན་དུ་གསུམ། གཡས་སུ་གསུམ། གཡོན་དུ་གསུམ། དེ་ལྟ་བུ་འཁོར་བདུན་བདུན་ལ་ཐུན་རེར་བྱས་པའི་ཐུན་བཞིར་ཉམས་སུ་བླང་། རྗེས་ལ་བདེ་སྟོང་མཆོག་གི་ལྟ་བ་བསྐྱང་ངོ་། །གོམ་ནས་གླིང་བུ་ལྟ་བུའི་སྒྲ་འབྱུང་ངོ་། །གཉིས་པ་ངག་འདྲེན་དྲག་པོ་ནི། ལུས་ངག་གི་གནད་སྔར་དང་འདྲ་བ་ལས་ཁྱད་པར་ཧཱུྃ་གི་སྒྲ་དང་བཅས་པས་དྲང་། རིམ་གྱིས་སྐད་ངར་ཇེ་ཆེར་བཏང་བས་མཐར་ཕྱིན་པ་ན་རྒྱང་རིང་པོ་ནས་ཐོས་པ་རག་དུང་གི་སྐད་ལྟ་བུ་འབྱུང་ངོ་། །གཞན་ཐུན་ཚད་ལ་སོགས་པ་གོང་དང་འདྲའོ། །གསུམ་པ་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཏིང་ངེ་འཛིན་བསྒོམ་པ་སྟེ། འདི་ལ་གསུམ་ལས། ཐབས་རྒྱུད་དག་པར་བྱ་བ་ནི། ཡབ་ཡུམ་གྱི་འདུ་ཤེས་གྱིས་བྱིན་གྱིས་བརླབས་ནས་སྐད་ཅིག་གིས་སྙོམས་པར་ཞུགས་པས། ཡབ་ཡུམ་གཉིས་ཀའི་ཁམས་དྭངས་མ་དབུ་མའི་སྣ་རྩར་བྱོན། འོད་ཟེར་གྱི་རྣམ་པར་གྱུར། གཡས་རོ་མ་ནས་སོང་། ལྟེ་བར་བྱོན། ལྟེ་བའི་འཁོར་ལོ་ནམ་ལངས་པ་བཞིན་ཡལ་ཡལ། ཉི་མ་ཤར་བ་བཞིན་སལ་སལ་གློ་བ་བུས་པ་བཞིན་ལྟང་ལྟང་། ཡང་རོ་མ་ནས་སོང་སྙིང་གར་ཆོས་གསུམ་ལྡན་དུ་དྲན།
༤༠༦ཡང་རོ་མ་ནས་སོང་མགྲིན་པར་བྱོན་ཆོས་གསུམ་ལྡན་དུ་དྲན། ཡང་རོ་མ་ནས་སོང་རྣ་བ་གཡས་པ་ནས་འོད་ཟེར་གྱི་རྣམ་པར་འཕྲོས་འོད་ཟེར་གྱི་སྒོ་ལས་ལྷག་པ་ལྷའི་དལ་འཕྲོས། སེམས་ཅན་གྱི་རྒྱུད་ལ་དབང་བཞི་བསྐུར། སྣོད་གཞལ་ཡས་ཁང་བཅུད་ཀྱི་སེམས་ཅན་རྣམས་ལྷག་པའི་ལྷར་བྱས། སྣོད་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་གྱུར། ཕར་སྤྲོས་པའི་འོད་ཟེར་དང་འདྲེས། བདུད་རྩིའི་བཅུད་དུ་གྱུར་ཚངས་པའི་སྒོར་ཞུགས། སྤྱི་བོར་ཆོས་སུམ་ལྡན་དུ་དྲན། མགྲིན་པར་བྱོན་ཉི་མ་སྟོང་གི་གཟི་བརྗིད་དང་ལྡན། སྙིང་གར་བྱོན་བདག་གི་རྒྱུད་སྐུ་ལྔར་བསྒྱུར་བའི་རྟགས་སུ་འོང་ཁ་དོག་ལྔར་གྱུར། རྩ་དག་པའི་ལམ་ལྟེ་བ་ནས་བྱུང་ནས་ཡུམ་གྱི་མཁར་སྔ་མ་བཞིན་གནས་པར་བསམ་མོ། །དེས་གཟུང་རྟོག་ནུབ་རོ་མ་དབང་དུ་འདུས། རྩོལ་བའི་རླུང་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་མངོན་དུ་བྱས་སྙམ་དུ་མོས་པ་ཙམ་བྱའོ། །དེ་བཞིན་དུ་གཡོན་དུའང་བྱ་སྟེ། འཛིན་རྟོག་ནུབ། རྐྱང་མ་དབང་དུ་འདུས། སྲོག་རླུང་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་མངོན་དུ་བྱས་པར་བསམ། དེ་བཞིན་དུ་དབུ་མར་ཡང་བྱ་སྟེ། གཟུང་འཛིན་གཉིས་ཀའི་རྟོག་པ་ཕྲ་མོ་ནུབ། དབུ་མ་སྦྱངས། རླུང་གནས་པ་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་དུ་བྱས་པར་བསམ་མོ། །གཉིས་པ་ཤེས་རབ་ཀྱི་རྒྱུད་དག་པར་བྱ་བ་ནི། ཡུམ་གྱི་རྩ་གསུམ་སྦྱོང་བའི་དམིགས་པ་སྔར་བཞིན་བྱ་སྟེ། རྩ་གཡས་གཡོན་གཉིས་ནས་ནི་རྣ་བ་གཡས་གཡོན་གཉིས་ཀྱི་སྒོར་བྱོན་པ་ཙམ་ལས་ཕྱིར་སྤྲོ་བ་ནི་མེད་ལ། ཚངས་པའི་སྒོ་ལས་སྤྲོ་བ་དང་བསྡུ་བ་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ་འདྲ་བར་བཞེད་དོ། །གསུམ་པ་རྒྱུད་སོ་སོར་དག་པར་བྱ་བ་ནི། ཡབ་ཀྱི་དབུ་མ་ནས་ཁམས་དྭངས་མ་འོད་ཟེར་གྱི་རྣམ་པར་སོང་ནས་གཙུག་ཏོར་མཆོག་ཏུ་ཐིམ། ཡུམ་གྱི་ཡང་དེ་བཞིན་དུ་ཐིམ་སྟེ་གཉིས་ཀའང་སྐུ་ལྔ་ལྷུན་གྱིས་གྲུབ་པར་དྲན་པ་ཙམ་བྱ་སྟེ། འདི་དག་རླུང་ལྡང་འཇུག་དང་བསྟུན་པ་དང་། ཐུན་བཞིའི་
༤༠༧ངེས་པ་མི་དགོས་པར་བཞེད་དོ། །དེའི་ཚེ་ཉམས་གར་སྐྱེས་ངེས་པ་མེད་ལ། ཅི་སྐྱེས་བྱུང་རྒྱལ་དུ་བསྐྱངས་པས་ལྟ་བ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་མས་བརྟན་གྱི་དགའ་བ་བཞིའི་ཉམས་མྱོང་རྒྱུད་ལ་སྐྱེས་ཏེ་འདིས་ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པ་ཡིན་ནོ། །འདི་དག་ནི་གང་ཟག་ཐ་མ་རིམ་གྱིས་དཀྲི་བ་ལ་དགོངས་པ་སྟེ་ཐུན་བརྒྱ་ཉི་ཤུ་རྩ་ལྔར་བྱས་ནས་འཁྲིད་པ་ཡིན་ནོ། །ཁ་ཅིག་ལ་སྣང་གསུམ་གྱི་ཁྲིད་བོར་ཏེ་ལྟ་བ་ནས་སྐྱོང་བ་ཡང་ཡོད། སྣང་བ་གསུམ་དང་། ཀུན་གཞི་རྒྱུ་རྒྱུད་དང་། ལམ་ཐབས་རྒྱུད་བཞི་ཀ་དང་། ལམ་བཞི་རེ་རེས་འཁྲིད་པ་ཡང་ཡོད་དེ། རྒྱུ་རྒྱུད་མ་གཏོགས་པ་ཀུན་ལ་སྔོན་འགྲོ་གཉིས་དང་། ལྟ་བས་ཐག་བཅད་པ་རྒྱས་བསྡུས་ཅི་རིགས་པ་སྔོན་དུ་སོང་ནས་ཉམས་སུ་ལེན་པ་ཡིན་མོད་ཀྱང་། རྣལ་འབྱོར་དབང་ཕྱུག་གི་བཞེད་པས་བསྐྱེད་རིམ་ཅུང་ཟད་ཅིག་བརྟན་པར་བྱས་ནས་ལུས་སྦྱོང་དང་། རླུང་ཁོ་ན་གཙོར་བྱེད་པ་ཡིན་ནོ། །རླུང་དང་གཏུམ་མོའ་དམིགས་པ་རྣམས་ལ་ཏིང་ངེ་འཛིན་གྱི་རྒྱུའམ་ལམ་ཞེས་བྱ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ཏིང་ངེ་འཛིན་ཉིད་ཅེས་བྱ་སྟེ། དེ་ནམ་སྐྱེས་པ་ན་སྐྱོང་བ་ཡིན་ནོ། །སྔར་ཐོས་བསམ་གྱིས་གཏན་ལ་ཕབས་པའི་ལྟ་བ་དེ་ནི་སྐྱོན་ཅན་ཡིན་ལ། འདི་ནི་ལྟ་བ་སྐྱོན་མེད་དམ། དཔེའི་ཡེ་ཤེས་བྱ་བའམ། ཕྱག་རྒྱ་ཆེན་པོ་བྱ་བ་ཡིན་ནོ། །དེས་ན་རྒྱུ་མེད་པར་འབྲས་བུ་མི་འབྱུང་བས། རྒྱུ་རླུང་དང་གཏུམ་མོའ་དམིགས་པ་ལ་བརྟེན་ནས་ལྟ་བ་རང་བྱུང་གི་ཡེ་ཤེས་ལམ་ཕྱག་རྒྱ་ཆེན་པོ་ནས་སྐྱེ་བར་འགྱུར་བས་ན་རྒྱུ་ལ་ནན་ཏན་བྱའོ། །ཡང་གང་ཟག་གི་རིགས་ཁ་ཅིག་སྔར་བསྟན་པའི་ཁྲིད་ཐམས་ཅད་ལོ་གཅིག་ཙམ་གྱིས་སྦྱངས་ནས། ངག་འདྲེན་ཞི་བའང་ལོ་གཅིག་ཙམ་སྦྱང་། དེ་ནས་ངག་འདྲེན་དྲག་པོས་རླུང་ཁ་སྦྱར་ལ་བརྟེན་ནས་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་འབའ་ཞིག་བསྒོམ་པ་ཡོད་དེ། འདི་བརྩོན་འགྲུས་མཆོག་གི་འཇུག་པ་ཡིན་ནོ། །གསུམ་པ་ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ།
༤༠༨ཏིང་ངེ་འཛིན་ཤེས་པར་བྱ་ཞིང་ལམ་གྱི་ས་མཚམས་རྣམ་པར་གཞག་པ་ལ་གསུམ། ཚད་མ་བཞི་དང་སྙན་བརྒྱུད་བཞིས་ངེས་ཤེས་བསྐྱེད་པ། ཏིང་ངེ་འཛིན་ངོ་ཤེས་ཤིང་ས་མཚམས་བཞག་པ། འཁོར་ལོ་བསྐོར་བས་གྲུབ་པའི་རྟགས་དང་བཅས་པའོ། །དང་པོ་གཞུང་དུ་སྟོན་ལ། །གཉིས་པ་ཁམས་འདུས་པ་གསུམ། གསུམ་པ་གྲུབ་མཐའ་བཞི་སྟེ། དེ་དག་གིས་གང་ཟག་གི་ས་མཚམས་གང་སླེབས་རྟོགས་པས་གནས་སྐབས་དེའི་ལམ་གྱིས་དཀྲི་བའི་དགོས་པ་ཡོད་དོ། །འབྲས་བུ་སྐུ་ལྔ་རང་བཞིན་གྱི་ལྷུན་གྲུབ་ནི་འབྲས་བུའི་སྐབས་སུ་བསྟན་ཟིན་ཏོ། །ལམ་འབྲས་སྙིང་པོའ་ཁྲིད་ཡིན་ལ། །དེ་ཡི་ཟབ་དོན་གཞུང་ཁྲིད་ལས། ཟབ་རྒྱས་གཞུང་ཤིང་ཇི་ལྟ་བའི། །ཁྲིད་ཡིག་སྦས་དོན་གསལ་བར་བགྱིས། །སྙིགས་དུས་ནུབ་པས་འཇིགས་པའི་ཕྱིར། །བརྒྱུད་པའི་མན་ངག་ཇི་བཞིན་དུ། །སྦས་དོན་གསལ་བར་ཕྱེ་བ་ལ། །བླ་མ་མཁའ་འགྲོས་བཟོད་པར་དགོངས། །དགེ་བས་བདག་སོགས་འགྲོ་བ་ཀུན། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ལམ་ཟབ་འདི་དང་མི་འབྲལ་ཞིང་། །མྱུར་བར་སྐུ་བཞི་མངོན་གྱུར་ཅིག །ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་སྦས་པའི་དོན་གསལ་བ་ཞེས་བྱ་བ་འདི་ལྟ་བུ། རྗེ་བཙུན་གོང་མའི་ཁྲིད་ཡིག་གི་གསལ་བྱེད་བྲི་བའི་འདུན་པ་ཡོད་ཀྱང་། བཀའ་སྲུང་གཉན་པ་དང་། ལེ་ལོའ་དབང་གིས་ཡུན་རིང་པོར་བྲི་བར་མ་སྤོབས་པ་ལས། ཐོག་མར་ལམ་འདི་ལ་ཆེས་ཆེར་མོས་པའི་བསམ་གཏན་པ་ཤཱཀྱ་བཟང་པོ་ཞེས་བྱ་བས་གསེར་ཡོན་དང་བཅས་པས་གསལ་བ་བཏབ་ཅིང་། བར་དུ་ཕྱི་ནང་གི་གསུང་རབ་ཀྱིས་རྒྱུད་ཡོངས་སུ་སྦྱངས་པས་རིག་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་ཅན་རྡོ་རྗེ་འཛིན་པ་གྲགས་པ་བཟང་པོ་དང་། དགེ་བའི་བཤེས་གཉེན་གྲུབ་པ་དཔལ་བཟང་ལ་སོགས་པས་གཏོར་མ་མེ་ཏོག་དང་བཅས་པས་ཆེས་ཆེར་བསྐུལ་ཞིང་། མཐར་དགེ་བའི་བཤེས་གཉེན་དམ་པའི་དབོན་པོ་ཀུན་དགའ་ཡེ་ཤེས་ལ་སོགས་པ་མང་པོས་གསོལ་བ་བཏབ་པའི་ངོར། དགེ་སློང་རྡོ་རྗེ་འཛིན་པ་བསོད་ནམས་རྒྱལ་
༤༠༩མཚན་དཔལ་བཟང་པོས། ཐམས་ཅད་འདུལ་གྱི་ལོ་སངས་རྒྱས་དབང་བསྐུར་བའི་ཟླ་བའི་དུས་ཁྱད་པར་ཅན་མཁའ་འགྲོ་འདུ་བའི་དུས་ཉེར་དགུའི་སྔ་ཆ་སྐར་མ་ཐ་སྐར་ལ་བབ་པའི་ཚེ་ཡོངས་སུ་གྲུབ་པའི་ཡི་གེ་པ་ནི་དགེ་བའི་བཤེས་གཉེན་ཤེས་རབ་རྡོ་རྗེ་དང་། མཉྫུ་ཤྲཱི་ཞེས་བྱ་བ་བགྱིས་ཏེ་ལེགས་པར་སྦྱར་བ་གནས་སྐབས་ཀུན་ཏུ་ལམ་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །ཤིན་ཏུ་བཀྲ་ཤིས་ཤིང་དགེའོ། ༈ །གནད་བཅུ་གཅིག་གིས་དཀྲི་བ་གནད་དུག་གིས་དཀྲི་བ། དབང་པོ་རབ་འབྲིང་གསུམ་གྱིས་དཀྲི་བ་གསུམ་གྱི་ཁྲིད་བཞུགས་སོ། །ༀ་སྭ་སྟི་སིདྡྷཾ། གནད་བཅུ་གཅིག་གིས་དཀྲི་བའི་ཁྲིད་ཀྱི་གསལ་བྱེད་གནད་ཀྱི་སྒོ་འབྱེད་ཅེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཏིང་ངེ་འཛིན་སྐྱེ་བའི་རྒྱུ་ལམ་ཐམས་ཅད་མན་ངག་གི་གནད་བཅུ་གཅིག་གིས་བགྲོད་པ་ལས། འཇིག་རྟེན་པའི་ལམ་ལ་གསུམ་གྱི་འདུས་པ་དང་པོ་ལམ་སྦྱང་བ་ཁྱད་པར་ཅན་གྱི་གནད། སྲོག་རྩོལ་ལ་སོགས་པ་སྔོན་དུ་སོང་ནས། འོག་རླུང་བསྐྱོད་པ། ལུས་ཀྱི་རྦ་རླབས་ཀྱི་གནད། ངག་འདྲེན་པ་ཞི་བའི་གནད། ངག་འདྲེན་པ་དྲག་པོའ་གནད་དེ་བཞི། འདུས་པ་བར་པ་ལ་ལྟ་བ་གསོ་བ་ཕྱག་རྒྱ་ཆེན་པོའ་གནད། བོགས་འབྱིན་པ་རྣམ་པ་བརྒྱད་ཀྱི་གནད། དྲན་པ་ཉེར་བཞག་བཞིའི་གནད་དེ་གསུམ། འདུས་པ་ཐ་མ་ལ་ཡང་དག་པར་སྤོང་བ་བཞིའི་གནད། ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ཀྱི་གནད་དེ་གཉིས། འདས་པའི་ལམ་ས་བཅུ་གཉིས་ལ་དབང་བཞི་དང་དཀྱིལ་འཁོར་གསུམ་གྱི་གནད། མཐར་ཕྱིན་གྱི་ལམ་ས་ཕྱེད་ལ་འགྲོས་བཞི་ཐིམ་པའི་གནད་དེ་བཅུ་གཅིག་གིས་ལམ་བགྲོད་པ་ཡིན་ནའང་། ཉམས་ལེན་ལ་དང་པོ་བཞི། བར་པའི་ཐོག་མ་གཅིག །གསུམ་པའི་ཕྱི་མ་སྟེ་གནད་དྲུག་གིས་ཉམས་སུ་ལེན་པ་ལ་སྔོན་འགྲོ་དང་། དངོས་གཞི་གཉིས་ཀྱི་དང་པོ་ཁྲིད་ཀྱི་སྔོན་འགྲོ་བསགས་སྦྱང་དང་། ཐུན་གྱི་སྔོན་འགྲོ་གནད་ལ་དབབ་པ་གསུམ། སྒོམ་པ་གསུམ། ཤེས་རབ་ཀྱི་བྱ་བ་གསུམ། དེ་དགུ་ལམ་རྒྱས་པ་དང་། དབང་པོ་རབ་
༤༡༠འབྲིང་གསུམ་གྱི་ཁྲིད་ལྟར་ཉམས་སུ་བླང་ངོ་། །གཉིས་པ་དངོས་གཞི་ལ། སྦྱང་བ་ཁྱད་པར་ཅན་གྱི་གནད་ལ་གསུམ་གྱི། ལུས་སྦྱངས་པ་ནི་གནས་དབེན་པར་ཉི་ལྷག་མེད་པའི་ས་བདེ་བར་སྟན་འབོལ་ལ་རྒྱ་ཆེ་བའི་སྟེང་དུ་སྔོན་འགྲོ་དགུ་སྔོན་དུ་སོང་བས། ཕྲིན་ལས་སུམ་ཅུ་སོ་གཉིས་པོ་དང་པོ་ཡས་རིམ་དུ་ཚར་གཅིག །དེ་ནས་མས་རིམ་དུ་ཚར་གཅིག །དེ་ནས་གང་ཟིན་ནས་ཐམས་ཅད་ཚང་བས་ཚར་གཅིག་སྟེ་དེ་ལྟར་དགུ་བཅུ་རྩ་དྲུག་ཐུན་རེ་ལ་བྱས་ཏེ། དེ་ལྟ་བུ་ཐུན་གསུམ་མམ་གཉིས་སམ། གཅིག་གང་གྲུབ་ཀྱི་བར་དུ་བྱའོ། །དེའང་སྐྱེ་བ་འདི་ལ་དངོས་གྲུབ་ཐོབ་པར་འདོད་ན། ལུས་སྦྱོང་བ་གནད་དུ་ཆེ་བ་ཡིན་གསུངས། དེ་ནས་ངག་སེམས་སྦྱོང་བ་ལམ་རྒྱས་པ་ལྟར་བྱའོ། །གཉིས་པ་སྲོག་རྩོལ་ལ་སོགས་པ་སྔོན་དུ་སོང་ནས་འོག་རླུང་བསྐྱོད་པས་ལུས་ཀྱི་རྦ་རླབས་ཀྱི་གནད་ནི་རླུང་སྦྱོར་བདུན། གཏུམ་མོའ་དམིགས་པ་བཅོ་བརྒྱད་ལམ་རྒྱས་པ་ལྟར་བསྒོམ། དེ་དག་གི་སྐབས་སུ་བོགས་འབྱིན་བརྒྱད་ཀྱི་གནད་ཀྱིས་བོགས་དབྱུང་སྟེ། ཐུན་བྲི་སྐྱེད་གཉིས། ཤེས་པ་སྒྲིམ་ལྷོད་གཉིས། ཁ་ཟས་རེས་འཇོག་སྤྱོད་ལམ་བག་ཡངས་སེམས་ཀྱི་གནད་སྣ་ཚོགས་སུ་འཕྲོ་བ། ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པ་སྟེ་བརྒྱད་ལམ་བསམ་མི་ཁྱབ་ལྟར་ཉམས་སུ་ལེན་པ་སྐབས་དང་སྦྱར་གྱི། ཐུན་དུ་བཅད་ནས་སྒོམ་པ་ནི་མེད་དོ། །དེ་ནས་འོག་རླུང་བསྐྱོད་པ་ལུས་ཀྱི་རྦ་རླབས་དངོས། དེ་ནས་ངག་འདྲེན་པ་ཞི་བའི་གནད། དེ་ནས་ངག་འདྲེན་པ་དྲག་པོའ་གནད། དེ་ནས་ལྟ་བ་གསོ་བ་ཕྱག་རྒྱ་ཆེན་པོའ་གནད། དབང་གསུམ་པའི་ལམ་སྟེ་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ནས་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ཀྱི་གནད་གཞུང་བཞིན་ནོ། །དེ་དག་ཀྱང་སྦྱོང་བ་གསུམ་ལ་ཐུན་གསུམ། རླུང་སྦྱོར་བདུན། གཏུམ་མོའ་དམིགས་པ་བཅོ་བརྒྱད་ལ་ཐུན་ཉེར་ལྔ། ལུས་ཀྱི་རྦ་རླབས། ངག་འདྲེན་ཞི་བ། དྲག་པོ་ལ་རེ་རེ། གསུམ་པའི་ལམ་ལ་བརྒྱད། སེམས་ཀྱི་རྦ་རླབས་ལ་གསུམ་སྟེ། ཐུན་ཞེ་གཉིས་
༤༡༡ཀྱིས་ལམ་འཁྲིད་པ་ཡིན་ནོ། །དེ་དག་ཀྱང་ཐམས་ཅད་ཀྱི་སྦྱོར་བའི་ཆོས་དགུ། རྗེས་གསུམ་ཐུན་ཐམས་ཅད་ལ་སྦྱར་རོ། །རྒྱས་པའི་ལམ་གྱི་མངོན་རྟོགས་ཁྲིད། །གནད་ཀྱི་གདམས་པ་བཅུ་གཅིག་ལས། །ཁྲིད་ཀྱི་ལག་ལེན་གནད་དྲུག་ལ། །ཉམས་སུ་བླང་ཐབས་མདོ་ཙམ་བཀོད། གནད་བཅུ་གཅིག་གིས་དཀྲི་བའི་ཁྲིད་ཀྱི་གསལ་བྱེད་གནད་ཀྱི་སྒོ་འབྱེད་ཅེས་བྱ་བ། བཙུན་པ་བསོད་ནམས་ཀྱིས་སྦྱར་བ་དགེའོ། །འདི་ལའང་ཚིག་ཁྲིད་ཀྱི་སྲོལ་མེད། ཉམས་ཁྲིད་ཁོ་ན་ཡིན་གསུང་ངོ་། །ཤུ་བྷཾ། ༈ །གནད་དྲུག་གིས་དཀྲི་བའི་ཁྲིད་ཀྱི་གསལ་བྱེད་གནད་ཀྱི་ལྡེའུ་མིག་ཅེས་བྱ་བ། བླ་མ་དང་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དཔལ་བིར་ཝ་པའི་བཞེད་པ་ལ་རྒྱས་འབྲིང་གསུམ་དང་། ཟབ་འབྲིང་གསུམ་གང་བསྟན་ཡང་དོན་གྱི་གནད་དྲུག་ཏུ་འདུས་པར་བཞེད་དེ། རྒྱུ་ལ་གནས་པ། དབང་ལས་ཐོབ་པ། ལམ་ལ་གོམས་པ། ལྟ་བ་ལ་ཉམས་མྱོང་སྐྱེས་པ། གྲུབ་མཐའ་ལ་རྟགས་སུ་ཤར་བ། འབྲས་བུ་ལ་དོན་མ་ལུས་པ་མངོན་དུ་གྱུར་པ་དྲུག་གིས་བསྡུས་པར་བཞེད་ལ། འདི་ཉམས་སུ་ལེན་པ་ལ་གཉིས་ཀྱི་སྔོན་འགྲོ་ལ་ཁྲིད་ཀྱི་སྔོན་འགྲོ། བསགས་སྦྱང་གཉིས། ཐུན་གྱི་སྔོན་འགྲོ་གནད་ལ་དབབ་པ་གསུམ། སྒོམ་པ་གསུམ། ཤེས་རབ་ཀྱི་བྱ་བ་ལ་གསུམ་སྟེ་དགུ་ལམ་རྒྱས་པ་དང་། དབང་པོ་རབ་འབྲིང་གསུམ་གྱི་ཁྲིད་ལྟར་ཉམས་སུ་བླང་སྟེ། འདི་ནི་ཁྲིད་རིམ་ལྔ་ཆར་གྱི་སྔོན་འགྲོར་དགོས་པའི་ཆོས་ཡིན་ནོ། །གཉིས་པ་དངོས་གཞི་ལ་ལམ་བཞི་རིམ་བཞིན་དཀྲི་བ་དང་། བུམ་གསང་ཤེས་རབ་ཡེ་ཤེས་དབང་བཞི་པའི་ལམ་གྱིས་དཀྲི་བའོ། །དང་པོ་ལ་བཞི་ལས། བུམ་དབང་གི་ལམ་ལ་དྲུག་ལས། རྒྱུ་ལ་གནས་པ་ནི་ཐུན་གྱི་སྔོན་འགྲོ་གསུམ་དང་། སྔོན་འགྲོ་གསུམ་སྔོན་དུ་སོང་ནས། རྟེན་ལུས་ལ་རྩ་འཁོར་ལོ་བཞི། གཙོ་མོ་གསུམ་སྟེ། རྩ་རིན་པོ་ཆེའི་ཕོ་བྲང་བདུན་ལ། བརྟེན་པ་ཀུན་གཞི་གཉུག་མ་མེ་ཏོག་དང་དྲི་ཡི་ཚུལ་གྱིས་གནས་
༤༡༢རྟེན་དང་བརྟེན་པ་དེ་གཉིས་ཀ་ལ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་ས་བོན་དང་བག་ཆགས་ཀྱི་ཚུལ་གྱིས་ཚང་སྙམ་པའི་ངེས་ཤེས་བསྐྱེད། དེའི་ངང་ལ་རྩེ་གཅིག་ཏུ་བཞག །རྟོག་པ་འཕྲོ་ན་འཁོར་འདས་ཀྱི་སྣང་བ་གང་ཤར་ཡང་རྟེན་དང་བརྟེན་པ་ལུས་སེམས་ལྷན་ཅིག་ཏུ་ཚོགས་པའི་ནང་གི་རྟེན་འབྲེལ་དུ་ཤེས་པར་བྱས་ལ་ལྟ་བ་བསྐྱང་། རྗེས་ལ་དགེ་རྩ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུའི་རྒྱས་གདབ། དེ་མ་རྟོགས་ཀྱི་སེམས་ཅན་ལ་སྙིང་རྗེ་སྒོམ་པའོ། །གཉིས་པ་དབང་ལས་ཐོབ་པ་ནི། བླ་མ་ལས་བུམ་དབང་བླང་། བླ་མ་མི་བཞུགས་ན་དཀྱིལ་འཁོར་བླ་མ་དང་ཐ་མི་དད་པ་དམིགས་པ་ལས་བུམ་དབང་རྒྱས་པར་བླང་། དཀྱིལ་འཁོར། དབང་། སློབ་དཔོན། དྲི་མ་དག་པ། ལམ་ལྟ་བ། གྲུབ་མཐའ་འདའ་ཁ་མ། བར་དོ། བརྡ། དཔེ། དམ་ཚིག །འབྲས་བུ་རྣམས་ལ་ངེས་ཤེས་བསྐྱེད་དོ། །གསུམ་པ་ལམ་ལ་གོམས་པ་ནི། ལུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་ལྷ་བརྒྱ་ལྔ་བཅུ་རྩ་བདུན་གསལ་བཏབ། དབང་འབྲིང་དུ་བླང་བའི་ཚིགས་བཅད་བཞིས། ཆུ་རྒྱུན་གཅིག་ལས་དབང་བཞི་རྫོགས་པར་བླངས་ནས་ཐུགས་རྡོ་རྗེ་ལ་བཟུང་། དེ་ནས་ལྟེ་བ། དེ་ནས་གསང་གནས། དེ་ནས་མགྲིན་པ། དེ་ནས་སྤྱི་བོ། དེ་ནས་ཡུལ་ཡུལ་ཅན་གྱི་ལྷ་བཅུ་གཉིས་ནས་སྣོད་བཅུད་ལྷར་གསལ་བའི་བར་ལ་སེམས་བཟུང་སྟེ། ངོ་བོ་ཉིད་གསུམ་གྱི་ཉམས་སྐྱེས་སྐྱེས་སུ་སྒོམ། བཞི་པ་ལྟ་བ་ལ་ཉམས་སུ་མྱོང་བ་ནི། སྔར་གྱི་ཉམས་མྱོང་བརྟན་པར་བྱེད་པ་སྟེ། གཞུང་གི་གདམས་ངག་དྲུག་གི་སྐབས་བཞིན་དུ་ལྟ་བ་སྐྱོང་བ་སྟེ། དོན་རང་བཞིན་ལྷན་སྐྱེས་སོ། །ལྔ་པ་གྲུབ་མཐའ་ལ་རྟགས་སུ་ཤར་བ་ནི། བསྐྱེད་རིམ་གྱི་ལམ་བསྒོམ་པ་ལས། བུམ་དབང་ས་དྲུག་ལ་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་རྟགས་གསུམ་གྱིས་བསྡུས་པའི་ཡོན་ཏན་འདི་ལྟ་བུ་སྐྱེའོ་སྙམ་དུ་གཞུང་ནས་བཤད་པའི་ཡོན་ཏན་རྣམས་དྲན་པའི་ཚུལ་གྱིས་རྟགས་ཅན་ལམ་ལ་གོམས་པར་བྱེད་པའོ།། །།
༤༡༣དྲུག་པ་འབྲས་བུ་ལ་མངོན་དུ་གྱུར་པ་ནི་སྤྲུལ་སྐུ་རང་བཞིན་གྱིས་ལྷུན་གྲུབ་སྟེ་ཡུལ་སྣང་སྟོང་ཟུང་འཇུག་ཏུ་ཤེས་པ་ཡིན་ལ། དེའི་ངང་ལ་རྩེ་གཅིག་ཏུ་འཇོག་པ་ཡིན་ལ་དོན་རང་བཞིན་ལྷན་སྐྱེས་སོ། །དེའང་བཞི། ལྟ་བ། གྲུབ་མཐའ། མཐར་ཕྱིན་པའི་འབྲས་བུས་བསྡུས་པའི་སྐུ་བཞི་ལྷུན་གྲུབ་སྟེ་བཞིར་འགྱུར་རོ། །གཉིས་པ་གསང་དབང་གི་ལམ་དྲུག་ལས། རྒྱུ་ལ་གནས་པ་ནི། རྟེན་ངག་རྩ་ཡི་གེ་སྟེ། བྷ་གའི་དཀྱིལ་འཁོར་དུ་ཡི་གེ་བཅུ་བཞི། ལྟེ་བར་ཡི་གེའི་ཕྱི་མོ་བརྒྱད། ཨཱ་ལི་ཀཱ་ལི་ལྔ་བཅུ་ཐམ་པ་བརྟེན་པ་ཀུན་གཞི་མེ་ཏོག་དང་དྲི་ཡི་ཚུལ་དུ་གནས་པ་སོགས་སྔ་མ་བཞིན་ནོ། །གཉིས་པ་དབང་ལས་ཐོབ་པ་ནི། བླ་མ་ལས་གསང་དབང་ལ་སོགས་པ་སྔ་མ་བཞིན་སྦྱར་རོ། །གསུམ་པ་ལམ་ལ་གོམས་པ་ནི། སྦྱོང་བ་གསུམ་རླུང་སྦྱོར་བདུན། གཏུམ་མོའ་དམིགས་པ་བཅོ་བརྒྱད་ལམ་རྒྱས་པ་ལྟར་ཐུན་ཉེར་ལྔར་བཅད་ནས་བསྒོམ་སྟེ། རང་བྱུང་གི་ཡེ་ཤེས་བཞིའི་ཉམས་གང་རུང་སྐྱེས་སྐྱེས་ཀྱི་བར་དུ་ཉམས་སུ་བླང་ངོ་། །བཞི་པ་ལྟ་བ་ལ་ཉམས་སུ་མྱོང་བ་ནི། སྔར་གྱི་ཉམས་བརྟན་པར་བྱེད་པ་སྟེ། གཞུང་གི་གདམས་ངག་དྲུག་གི་སྐབས་བཞིན་དུ་ལྟ་བ་སྐྱོང་བ་ཡིན་ལ། དོན་རང་རིག་ལྷན་སྐྱེས་སོ། །དེའི་ཚེ་ཤེས་པ་གསལ་སྟོང་ཟུང་དུ་མ་ཆུད་ན། གནས་ཁང་ཅུང་ཟད་དཔངས་མཐོ་བར་ལུས་ལ་སོགས་པ་གནད་ལ་དབབ་ལ་མིག་ཕྱེ་བཙུམས་རན་པར་བྱས་ལ། གསལ་བ་སེམས་ཀྱི་མཚན་ཉིད་སྟོང་པ་སེམས་ཀྱི་རང་བཞིན་བཅོས་མིན་སེམས་ཀྱི་ངོ་བོ་ཞེས་བྱ་བ་ཐབས་ཤེས་རབ་གཉིས་མེད་ཟུང་འཇུག་ཏུ་ཤེས་པར་བྱ་སྟེ་བྱུང་རྒྱལ་དུ་བསྐྱང་ངོ་། །ལྔ་པ་གྲུབ་མཐའ་ལ་རྟགས་སུ་ཤར་བ་ནི། གསང་དབང་གི་ལམ་བསྒོམས་པས་གསང་དབང་ས་བཞི་ལ་ཕྱི་ནང་སོགས་སྔར་ལྟར་རོ། །དྲུག་པ་འབྲས་བུ་ལ་མངོན་དུ་གྱུར་པ་ནི། ལོངས་སྐུ་རང་བཞིན་གྱི་ལྷུན་གྲུབ་སྟེ་ཤེས་པ་
༤༡༤གསལ་སྟོང་ཟུང་འཇུག་ཏུ་རྟོགས་པ་རང་རིག་ལྷན་སྐྱེས་ཡིན་ལ། དབྱེ་ན་བཞིར་འགྱུར་ཚུལ་སྔར་བཞིན་ནོ། །གསུམ་པ་དབང་གསུམ་པའི་ལམ་ལ་དྲུག་ལས། རྒྱུ་ལ་གནས་པ་ནི། རྟེན་ཁམས་བདུད་རྩི་ལ་གནས་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཁམས་དགུའི་དྭངས་མ་རྩ་བཞིའི་དཀྱིལ་འཁོར་ལ་བརྟེན་པ་ཀུན་གཞི་སོགས་སྔར་བཞིན་སྦྱར་བ་ལ་ངེས་ཤེས་སྐྱེད་དོ། །གཉིས་པ་དབང་ལས་ཐོབ་པ་ནི། བླ་མ་ལས་དབང་གསུམ་པ་བླང་བ་སོགས་སྔ་མ་བཞིན་སྦྱར་རོ། །གསུམ་པ་ལམ་ལ་གོམས་པ་ནི། དབང་གསུམ་པའི་ལམ་ཐུན་བརྒྱད་དུ་བཅད་ནས་ལམ་རྒྱས་པ་བཞིན་ཉམས་སུ་བླང་སྟེ། བདེ་སྟོང་གི་ཉམས་སྐྱེས་སྐྱེས་སྒོམ་མོ། །བཞི་པ་ལྟ་བ་ལ་ཉམས་སུ་མྱོང་བ་ནི། སྔར་གྱི་ཉམས་བརྟན་པར་བྱེད་པ་སྟོན། གཞུང་གི་གདམས་ངག་དྲུག་གི་སྐབས་བཞིན་དུ་བསྐྱང་བ་ཡིན་ལ་དོན་ཞུ་བདེ་ལྷན་སྐྱེས་སོ། །དེའི་ཚེ་ལུས་བདེ་སྟོང་ཟུང་དུ་ཆུད་ནས། སྒོམ་སྟོར་རྐྱེན་གྱིས་བཙལ་བ་བཞིན་ལོངས་སྤྱོད་ཀྱི་རླབས་སམ་གསང་བའི་སྙོམས་འཇུག་གང་རུང་ལ་བརྟེན་ཏེ་སྐྱེའོ། །ལྔ་པ་གྲུབ་མཐའ་རྟགས་སུ་ཤར་བ་དབང་གསུམ་པའི་ལམ་ལ་ཤེས་རབ་ཡེ་ཤེས་ཀྱི་ས་གཉིས་ལ་ཕྱི་ནང་སོགས་སྦྱར་བ་སྔར་ལྟར་ཉམས་སུ་བླང་ངོ་། །དྲུག་པ་འབྲས་བུ་ལ་མངོན་དུ་གྱུར་པ་ནི། ཆོས་སྐུ་རང་བཞིན་ལྷུན་གྲུབ་སྟེ། བདེ་སྟོང་ཟུང་འཇུག་ཏུ་རྟོགས་པ་ཞུ་བདེ་ལྷན་སྐྱེས་ཡིན་ལ། དབྱེ་ན་བཞིར་འགྱུར་བ་སྔར་བཞིན་ནོ། །བཞི་པ་དབང་བཞི་པའི་ལམ་ལ་དྲུག་ལས། རྒྱུ་ལ་གནས་པ་ནི། རྟེན་དཀྱིལ་འཁོར་གསུམ་ལ་ཁྱབ་ཅིང་དབང་བྱེད་པའི་སྙིང་པོ་ཡེ་ཤེས་རླུང་ལ་བརྟེན་པ་ཀུན་གཞི་སོགས་སྔར་བཞིན་སྦྱར་བ་ལ་ངེས་ཤེས་བསྐྱེད་དོ། །གཉིས་པ་དབང་ལ་ཐོབ་པ་ནི། བླ་མ་ལ་དབང་བཞི་པ་ལ་སོགས་སྔར་བཞིན་སྦྱར་རོ། །གསུམ་པ་ལམ་ལ་གོམས་པ་ནི། དབང་བཞི་པའི་ལམ་ཐུན་བརྒྱད་དུ་བཅད་ནས་ལམ་རྒྱས་པ་བཞིན་ཉམས་སུ་བླང་སྟེ་བདེ་
༤༡༥སྟོང་མཆོག་གི་ཉམས་སྐྱེས་སྐྱེས་བསྒོམ་མོ། །བཞི་པ་ལྟ་བ་ལ་ཉམས་སུ་མྱོང་བ་ནི། སྔར་གྱི་ཉམས་བརྟན་པར་བྱེད་པ་སྟེ། གཞུང་གི་གདམས་ངག་དྲུག་གི་སྐབས་ལྟར་སྐྱོང་བ་ཡིན་ལ། དོན་རྣམ་ཀུན་མཆོག་ལྡན་གྱི་ལྷན་སྐྱེས་སོ། །ལྔ་པ་གྲུབ་མཐའ་ལ་རྟགས་སུ་ཤར་བ་ནི། དབང་བཞི་པའི་ལམ། བཞི་པའི་ས་ཕྱེད་ལ་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་རྟགས་གསུམ་གྱིས་བསྡུས་པའི་ཡོན་ཏན་འདི་ལྟ་བུ་སྐྱེའོ་ཞེས་ཡོན་ཏན་དྲན་པར་བྱས་ནས་རྟགས་ཅན་ལ་བསྒོམ་པའི་འདུན་པ་རྩེ་གཅིག་ཡང་ཡང་བསྐྱེད་དོ། །དྲུག་པ་འབྲས་བུ་མངོན་དུ་གྱུར་པ་ནི་ངོ་བོ་ཉིད་སྐུ་རང་བཞིན་ལྷུན་གྲུབ་སྟེ། ཡུལ་སེམས་འདུས་པ་ལ་སོགས་པས་བསྡུས་པའི་ཆོས་ཀུན་སྟོང་པར་རྟོགས་པ་རྣམ་ཀུན་མཆོག་ལྡན་གྱི་ལྷན་སྐྱེས་ཏེ་བཞིར་འགྱུར་ཚུལ་སྔར་བཞིན་ནོ། །དེ་ལྟར་ན་བུམ་དབང་ལ་བཅུ་གཉིས། གསང་དབང་ལ་སོ་གཅིག །དབང་གསུམ་པ་དང་བཞི་པ་ལ་བཅུ་གསུམ་བཅུ་གསུམ་སྟེ། དྲུག་ཅུ་རྩ་དགུས་ལམ་ཁྲིད་པ་ཡིན་ནོ། །གཉིས་པ་བུམ་དབང་གི་ལམ་གྱིས་དཀྲི་བ་ལ་སྔོན་འགྲོ། དངོས་གཞི། སྔར་དང་འདྲ་བ་ལས་ལམ་མ་གོམས་པའི་མཇུག་ཏུ། དེ་ནས་བུམ་དབང་གཅིག་པུས་ཀྱང་ལམ་ཐམས་ཅད་མཐར་ཕྱིན་པས་ན་གཞན་གསུམ་རང་གིས་འབྱུང་སྟེ། ལྷ་གསལ་སྟོང་དུ་རྟོགས་པ་གསང་དབང་གི་ལམ། བདེ་སྟོང་དུ་རྟོགས་པས་གསུམ་པའི་ལམ། སྣང་གསལ་བདེ་གསུམ་གང་ཡང་ཟུང་དུ་ཆུད་པར་རྟོགས་པ་བཞི་པའི་ལམ་དུ་ངོ་སྤྲོད་པ་དང་། འབྲས་བུའི་སྐབས་སུ་སྐུ་བཞི་ལྷུན་གྲུབ་སྟེ་ཡུལ་སྣང་སྟོང་། ཤེས་པ་གསལ་སྟོང་། ལུས་བདེ་སྟོང་། འཁོར་འདས་ཐམས་ཅད་རང་སྟོང་དུ་ཤེས་པ་སྤྲུལ་ལོངས་ཆོས་ངོ་བོ་ཉིད་སྐུ་སྟེ། རང་བཞིན་རང་རིག་ཞུ་བདེ། རྣམ་ཀུན་མཆོག་གི་ལྷན་སྐྱེས་ཡིན་ལ། དེ་རེ་རེའང་བཞི། ལྟ་བ། གྲུབ་མཐའ། མཐར་ཕྱིན་གྱིས་བསྡུས་པའི་སྐུ་བཞི་བཞིར་འགྱུར་བས་བསྟན་ཏོ། །གསུམ་པ་གསང་དབང་གི་ལམ་གྱིས་
༤༡༦དཀྲི་བ་ལ། སྔོན་འགྲོ་དང་། དངོས་གཞི་ཐུན་སོ་གཅིག་བཅད་པ་སྔར་བཞིན་ལ། ལམ་གྱི་མཇུག་ཏུ་ཉམས་སྣ་ཚོགས་སྣང་བཞིན་སྟོང་པ་བུམ་པའི་དབང་གི་ལམ། བདེ་བཞིན་དུ་སྟོང་པ་གསུམ་པའི་ལམ། ཟུང་འཇུག་བཞི་པའི་ལམ་མོ་ཞེས་ངོ་སྤྲད་དོ། །བཞི་པ་དབང་གསུམ་པའི་ལམ་ལ་སྔོན་འགྲོ་གཉིས་དང་། དངོས་གཞི་ལ་ལམ་གྱི་མགོར་རླུང་སྦྱོར་བདུན་བསྣན། མཇུག་ཏུ་དགའ་བ་བཞིའི་ལམ་དུ་ཡེ་ཤེས་དབང་བཞིའི་ལམ་དུ་ངོ་སྤྲད་དོ། །གཞན་སྔར་བཞིན་སྦྱར་བས་དངོས་གཞི་ཐུན་ཉི་ཤུར་བཅད་ནས་ཁྲིད་པའོ། །ལྔ་པ་བཞི་པའི་ལམ་ལ་སྔོན་འགྲོ་གཉིས། དངོས་གཞི་ལ་ལམ་སྐབས་སུ་སྦྱང་བ་གསུམ་ཐུན་རེར། རླུང་སྦྱོར་བདུན་ལུས་ཀྱི་རྦ་རླབས། ངག་འདྲེན་ཞི་དྲག་གཉིས་སྐད་ཅིག་གསུམ་ལ་ཐུན་རེ་རེ་བྱས་ལ་ཉམས་སུ་བླང་སྟེ། དེས་ན་བཞི་པའི་ལམ་གཅིག་པུས་ཀྱང་ལམ་མཐར་ཕྱིན་པས་གཞན་གསུམ་ངང་གིས་འབྱུང་སྟེ། ཉམས་སྣང་སྟོང་སྣང་བཞིན་དུ་སྟོང་པ་བུམ་དབང་གི་ལམ། གསལ་བཞིན་དུ་སྟོང་པ་གསང་དབང་ལམ། སྣང་རུང་གསལ་རུང་རང་རང་གི་ངོ་བོས་སྟོང་པས་ངོས་འཛིན་གྱིས་བསྐྱེད་པའི་རྡུལ་མེད་པས་བདེ། བདེ་བཞིན་དུ་སྟོང་པས་གསུམ་པའི་ལམ། དེ་ལྟར་རང་རང་གི་ངོ་བོས་སྟོང་པ་དེ་ཡང་འཕྲལ་དུ་བྱས་པ་མ་ཡིན་གྱི། གདོད་ནས་དག་པར་འཇུག་པས་བཞི་པའི་ལམ་དུ་ངོ་སྤྲད་དོ། །གཞན་བཞི་པའི་ལམ་སྔར་བཞིན་ཏེ། ཐུན་ཉེར་གཅིག་གིས་ཁྲིད་པ་ཡིན་ལ། སྦྱོར་རྗེས་ཀྱི་ཆོས་སྔར་བསྟན་པ་ལྟར་ཐུན་ཐམས་ཅད་ལ་སྦྱར་རོ། །དེ་དག་ལས་རིམ་གྱིས་དཀྲི་བ་ཚིག་ཁྲིད་དུའང་མཛད་ཅིང་། རྐང་ཐོན་དུ་དཀྲི་བ་བཞི་པོ་འདི་དོན་ཁྲིད་ཁོ་ན་ཡིན་ལ། བཞི་པོ་འདི་ཁྲིད་རིམ་གཅིག་ཏུ་བྱེད་པ་མིན་གྱི། ཁྲིད་རྫོགས་པ་བཞི་ཡིན་པས་གང་ཟག་རེ་རེའི་ལམ་མ་ཚང་བ་མེད་པ་རེ་རེ་ཡིན་ནོ། །རྒྱས་འབྲིང་བསྡུས་དང་ཟབ་འབྲིང་གསུམ། །ཁྲིད་ཚུལ་གཉིས་ཀྱིས་གང་ཟག་གསུམ། །དཀྲི་བའི་གནད་ཀྱི་གདམས་ངག་དྲུག །
༤༡༧ཉམས་ལེན་ཉུང་གསལ་འཁྲུལ་མེད་བཀོད། གནད་དྲུག་གིས་དཀྲི་བའི་ཁྲིད་རིམ་གྱི་གསལ་བྱེད་གནད་ཀྱི་ལྡེའུ་མིག་ཅེས་བྱ་བ། བཙུན་པ་བསོད་ནམས་ཀྱིས་སྦྱར་བའོ། །ཤུ་བྷཾ། ༈ ༀ་སྭ་སྟི་སིདྡྷཾ། དབང་པོ་རབ་འབྲིང་གསུམ་གྱིས་དཀྲི་བའི་ཁྲིད་རིམ་གྱི་གསལ་བྱེད་ཉུང་ངུ་རྣམ་གསལ་ཞེས་བྱ་བ། རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་བིར་ཝ་པའི་བཞེད་པས་ལམ་ལ་འཇུག་པའི་གང་ཟག་ཐམས་ཅད་རིགས་བསྡུ་ན། ཐབས་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པ་གསུམ། ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པ་གསུམ། ཐབས་ཤེས་ཟུང་འཇུག་གི་རྣལ་འབྱོར་པ་སྟེ་བདུན་དུ་བཞེད་ལ། དང་པོ་ལ་ཐ་མ་ཚོགས་ཙམ་གསོག་པར་འདོད་པ། འབྲིང་པོ་ལམ་གྱི་ཐུན་བཞི་ལ་དབང་བཞི་ལེན་པ། རབ་བཟླས་བརྗོད་སྦྱིན་སྲེག་ལ་བརྟེན་ནས་ལས་མཐའ་དག་བསྒྲུབ་པར་འདོད་པ་དང་། གཉིས་པ་ལ་བརྩོན་པ་ཐ་མ་ཆོས་བདག་མེད་ཙམ་སྒོམ་པ། འབྲིང་བསྐྱེད་རིམ་ལ་སེམས་འཛིན་པ། རབ་རླུང་གི་རྣལ་འབྱོར་ལ་སེམས་འཛིན་པ་གསུམ་མོ། །དེ་དག་གང་ཡང་རུང་བ་ཞིག་བླ་མའི་དྲུང་དུ་འོང་ནས་དབང་དང་དམ་ཚིག་དང་ལྡན་པར་བྱས། ལྷ་གང་ཡིན་གྱི་བསྐྱེད་རིམ་དང་། དེའི་སྙིང་པོ་དང་བཅས་པ་དེ་ཁྲིད་ཀྱིས་བསྐྱང་བར་འདོད་ན་ཇི་ལྟར་ཁྲིད་ཚུལ་ལ། སྔོན་འགྲོ། དངོས་གཞི་གཉིས་ལས། །དང་པོ་ལ་ཆོས་བཅོ་ལྔ་ཡོད་ཀྱང་བསྡུ་ན་བཅུ་གཉིས་སུ་འདུ་བས། དང་པོར་ཁྲིད་ཀྱི་སྔོན་འགྲོ་ལ་གསུམ་ནི། མི་མཐུན་པའི་ཕྱོགས་སྤྱོད་པ་ཡིག་བརྒྱ། མཐུན་པའི་ཕྱོགས་ཚོགས་བསགས་པ་མཎྜལ། ངེས་འབྱུང་སྐྱེད་པའི་ཐབས་འཁོར་བའི་ཉེས་དམིགས་བསམ་པ་སྟེ་གཞུང་ཇི་ལྟ་བ་བཞིན་ནོ། །གཉིས་པ་ཐུན་གྱི་སྔོན་འགྲོའི་གནད་ལ་གསུམ། སྔོན་འགྲོ་གསུམ། ཤེས་རབ་ཀྱི་བྱ་བ་གསུམ་སྟེ། ཐབས་ཀྱི་བྱ་བ་གསུམ་ནི་བར་པ་གསུམ་དུ་འདུ་བས་ཉམས་ལེན་ལ་སོགས་པ་མེད་དོ། །དང་པོ་བར་པ་ནི། བྱམས་སྙིང་
༤༡༨རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་སྟེ། གཞུང་ཇི་ལྟ་བ་བཞིན་ནོ། །གསུམ་པ་ལ་ཆོས་ཐམས་ཅད་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པར་ཐག་བཅད་པ་གསུམ་གྱི་དང་པོ་ནི། ཐུན་གྱི་སྔོན་འགྲོ་དྲུག་སྔོན་དུ་སོང་ནས། འདི་ལྟར་ཕྱི་ནང་གསང་བ་ཐམས་ཅད་རང་གི་སེམས་ཡིན་ཏེ། ཕྱྭ་འམ་དབང་ཕྱུག་གིས་བྱས་པའམ་རྡུལ་ཕྲ་རབ་ལས་གྲུབ་པའམ་དེ་བཞིན་གཤེགས་པས་སྤྲུལ་པ་ལྟ་བུ་མ་ཡིན་ཏེ། དཔེར་ན་གཉིད་ཀྱིས་བསླད་པའི་རྨི་ལམ་ལ་སོགས་པ་བཞིན་དུ་རང་གི་སེམས་ཐོག་མ་མེད་པ་ནས་ལས་དང་བག་ཆགས་ངན་པས་བསླད་པའི་རྣམ་པ་ཡིན་གྱིས། ཕྱི་ནང་གྲུབ་པ་གང་ཡང་མེད་སྙམ་དུ་བསམ། དེ་ནས་འཇོག་ཁར་ཡང་ངར་རེ་ཙམ་རང་གི་སེམས་གསལ་སིང་ངེ་བ་དེར་བཞག་གོ །ཞག་གསུམ་མམ་ལྔའམ་བདུན་ལ་སོགས་པར་གོམས་པར་བྱའོ། །གཉིས་པ། རྨི་ལམ། སྒྱུ་མ། གཟུགས་བརྙན། མིག་ཡོར་བཞི་ལ་བསླབ་སྟེ། དེ་རྣམས་ཀྱིའང་སྔོན་ལ་མིག་ཡོར་ལ་བསླབ། མིག་གཡོ་གྱིས་གཉིས་སུ་སྣང་བ་དེ་གཅིག་བདེན་ན་གཅིག་བརྫུན་པས་གཅིག་ཏུ་མི་འགྲོ་ལ། ངོས་གཅིག་བདེན་ན་ངོས་གཅིག་བརྫུན་པས་གཅིག་ཏུ་ཐིམ་འགྲོ་བ་བཞིན་ནོ། །དེ་གཉིས་ཀ་གང་ཡང་བདེན་པ་མེད་དེ། དེ་བཞིན་དུ་སེམས་འདི་ཡང་མི་བདེན་པར་འདུག་སྙམ་དུ་བསྒོམ། གཟུགས་བརྙན་ལ་གཉིས་ཏེ། མེ་ལོང་གི་ནང་དང་ཆུ་ཟླ་གཉིས་ལས། དེ་གཉིས་ལ་འདི་ལྟར་བསླབ་སྟེ། གཟུགས་བརྙན་དེ་ཡོད་དུ་སོ་སོར་ཡོད་པ་རིགས་པར་མི་འདུག །མེད་ན་མི་སྣང་བར་རིགས་པ་ལ་སྣང་གིན་མི་འདུག །དེ་བཞིན་དུ་སེམས་ཀྱང་སྒྱུ་མ་ལྟ་བུར་འདུག་སྙམ་དུ་བསམ་མོ། །སྒྱུ་མའང་རྫས་ཀྱི་དངོས་པོ་ཇོ་མོ་དང་། སྤྲེའུ་མཇུག་དང་། གྱི་ན་ལ་རྟ་གླང་སོགས་སྣང་བ་དང་། ཡོད་ན་བདེན་པར་རིགས། མེད་ན་མི་སྣང་བར་རིགས་པ་ལས་སྣང་བ་ལྟར་སེམས་འདི་སྒྱུ་མ་ལྟར་འདུག་སྙམ་དུ་བསམ། དེ་ལྟར་རྨི་ལམ་ལ་བསམས་པས་སྒྱུ་མར་འདུག་པར་སྒྲོ་འདོགས་ཆོད། དེས་སེམས་ལ་བདེན་འཛིན་ལྡོག་གོ །དེ་ལྟར་དཔེ་བཞི་སོ་སོ་རེ་རེ་
༤༡༩ལ་ཞག་གསུམ་གསུམ་ཙམ་རེ་བསླབ་སྟེ་ཞས་བཅུ་གཉིས་ཙམ་རེ་བསླབ་གསུང་ངོ་། །གསུམ་པ་ནི། རང་བཞིན་མེད་པ་ཞེས་བྱ་བ་ནི་ངོ་བོ་མེད་པ་གཏད་མེད་པ་ཞིག་ལ་ཟེར་བ་ཡིན་ཏེ། དེས་ན་སྒྱུ་མ་རང་བཞིན་མེད་པར་བློས་ཐག་བཅད་ལ་དེའི་ངང་ལ་ཅུང་ཟད་བཞག་གོ །དེ་དག་ཐག་བཅད་པ་གསུམ་མོ། །དེ་ལྟར་སྔོན་འགྲོ་དེ་དག་སྔོན་དུ་སོང་ནས། གཉིས་པ་དངོས་གཞི་ལ་གཉིས་ལས། ཐབས་ཀྱི་ཕྱོགས་སུ་ལྷུངས་པའི་རྣལ་འབྱོར་པ་གསུམ་གྱིས་བརྩོན་པ་ཐ་མ་ལ་རིགས་གཉིས་ལས། རྡོ་རྗེ་སློབ་དཔོན་དབང་ལས་མ་ཐོབ་པས་ནི། སྔོན་འགྲོ་དགུ་སྔོན་དུ་སོང་བས་ལྷ་དཔའ་བོ་གཅིག་པ་བསྒོམ། ཐུགས་རྗེའི་འོད་ཟེར་གྱི་སྤྲོ་བསྡུས་སྣོད་བཅུད་དཀྱིལ་འཁོར་དང་ལྷ་གསལ་བཏབ་ནས་དེའི་བཟླས་པ་བྱེད་པའོ། །རྗེས་འོག་ལྟར་ངོ་བོ་ཉིད་གསུམ་དྲན་པར་བྱས་ནས་གཏོར་མ་ལ་སོགས་པ་སྤྱོད་ལམ་གྱི་རྣལ་འབྱོར་གྱིས་དུས་འདའ་བར་བྱའོ། །དེ་ལྟ་བུ་ཐུན་གཅིག་གམ་གཉིས་སམ་གསུམ་ལ་སོགས་པ་གང་འགྲུབ་བྱེད་ཅིང་ལུས་ཀྱི་དཀྱིལ་འཁོར་བསྒོམ་ཡང་ལེགས། མ་བསྒོམས་ཀྱང་འགལ་བ་མེད་དོ། །དེ་ནས་འོག་ལྟར་ལྟ་བས་རྒྱས་གདབ་བོ། །སློབ་དཔོན་གྱི་དབང་ཐོབ་པ་ཡིན་ན། དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ཡིན་ལ་གཞན་སྔ་མ་དང་འདྲའོ། །བརྩོན་པ་འབྲིང་གིས་སྔོན་འགྲོ་དགུ་ཟིན་ནས་ཚོགས་ཀྱི་ཞིང་སྤྱན་དྲངས་པ་ནས་བརྩམས་ཏེ། ཡེ་ཤེས་པ་གཞུག་པའི་བར་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་བསྒོམ། དེ་ནས་ལུས་ཀྱི་དཀྱིལ་འཁོར་གསལ་བཏབ་ནས་སེམས་ཞོགས་ཚད་ཅིག་འཇོག །རྗེས་སྔར་དང་འདྲ། དེ་ནས་རྒྱས་འབྲིང་བསྡུས་གསུམ་གང་རུང་ཞིག་བླང་། དེ་ནས་ངོ་བོ་ཉིད་གསུམ་བསྒོམ་སྟེ། ལྷར་སྣང་བ་སྣང་ཕྱོགས་ཀྱི་ངོ་བོ་ཉིད། དེ་རང་བཞིན་མེད་པ་སྟོང་ཕྱོགས་ཀྱི་ངོ་བོ་ཉིད། དེ་གཉིས་དབྱེར་མེད་ཟུང་འཇུག་གི་ངོ་བོ་ཉིད་དོ། །ཟུང་འཇུག་གི་ངོ་བོ་ཉིད་ལ་བློ་ཅུང་ཟད་བཞག་ལ། དེ་ནས་བཟླས་པ་བྱེད་དམ་མི་བྱེད་རང་གང་མོས་བྱ། ལངས་ནས་འགྲོ་ན་རྗེས་
༤༢༠ཀྱི་ངོ་བོ་ཉིད་གསུམ་དྲན་པར་བྱས་ནས་འགྲོ་སྟེ། དཀར་དམར་དུ་སྣང་བ་སྣང་ཕྱོགས། དེ་རང་བཞིན་མེད་པ་སྟོང་ཕྱོགས། དེ་གཉིས་དབྱེར་མེད་པ་ཟུང་འཇུག་གི་ངོ་བོ་ཉིད་དེ། དེ་ལྟར་དྲན་པར་བྱས་ལ་སྤྱོད་ལམ་བྱའོ། །དེ་ལྟར་ན་ཐུན་བཞི་ཁོ་ནར་གྲངས་ངེས་པ་དང་། ལྟ་བ་ངོ་བོ་ཉིད་བསྐྱང་བ་ནི་ཅི་ནས་ཀྱང་བསྒོམ་མོ། །གཏོར་མ་ཐུན་ཐམས་ཅད་ལ་མ་འབྱོར་ནའང་ཐུན་ཐ་མ་ལ་རེ་རེ་མེད་ཀ་མེད་ཡིན། །བརྩོན་པ་རབ་ལ་གསུམ་ལས། ལྷ་བསྒོམ་པའི་ཚུལ་དང་ལྟ་བ་བསྐྱང་བ་ནི་སྔ་མ་དང་འདྲ་བ་ཐུན་བཞིའི་མཇུག་ཏུ་བྱེད་ལ། གཙོ་བོ་ནི་ལྟ་བ་བསྐྱང་བ་ཡིན་ནོ། །ལས་ཚོགས་བསྒྲུབ་པ་ནི། བསྙེན་པ་འབུམ་ཕྲག་བཞི་དང་། སྦྱིན་སྲེག་ཁྲི་ཕྲག་བཞི་བྱས་ལ་རྒྱུད་ལས་གསུངས་པའི་ལས་ཚོགས་བསྒྲུབ་པ་སྟེ། དེ་ཙམ་གྱིས་མ་གྲུབ་ན། སླར་ཡང་དེ་ཙམ་གཅིག་བྱ། དེས་ཀྱང་མ་གྲུབ་ན་དེ་ཙམ་གཅིག་བྱ་སྟེ། མདོར་ན་བསྙེན་པ་འབུམ་ཕྲག་བཅུ་གཉིས། སྦྱིན་སྲེག་ཁྲི་ཕྲག་བཅུ་གཉིས་བྱས་ནས་ལས་བསྒྲུབ་པའོ། །ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་གང་ཟག་ལའང་གསུམ་ལས། བརྩོན་པ་ཐ་མ་ནི། སྔོན་འགྲོ་དགུ་སྔར་དང་འདྲ་བར་བྱས་ལ། དངོས་གཞི་ལ་གསུམ་ལས། གསལ་བ་སེམས་ཀྱི་མཚན་ཉིད་ངོས་བཟུང་བ་ནི། ཕྱི་ནང་གང་ལ་བལྟས་ཀྱང་གསལ་བའི་ངོ་བོར་འདུག་པ་དེ་ལ་ཆེར་བལྟས་ནས་དེའི་ངང་ལ་རྟོག་པ་མེད་པར་འཇོག་པའོ། །དེ་ལྟ་བུ་ཐུན་གྲངས་མེད་པས་མཉམ་གཞག་ལ་བསྒོམ་ཞིང་། རྗེས་དགེ་རྩ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུའི་རྒྱས་གདབ། དེ་མ་རྟོགས་ཀྱི་སེམས་ཅན་ལ་སྙིང་རྗེ་བསྒོམ་མོ། །གཉིས་པ་སྟོང་པ་སེམས་ཀྱི་རང་བཞིན་ངོས་གཟུང་བ་ནི། ཕྱི་ནང་གང་ལ་བལྟས་ཀྱང་རང་བཞིན་གྱིས་སྟོང་སྟེ་གནས་པ་ལུས་ཀྱི་ནང་ན་ཡང་མི་འདུག །ཕྱི་རོལ་ན་ཡང་མི་འདུག །དབྱིངས་ལ་བལྟས་ན་དབྱིངས་ལ་ཡང་མི་འདུག་ལ། དེས་ན་རང་བཞིན་སྟོང་པར་འདུག་པ་དེའི་ངང་ལ་ཆེར་བལྟས་ནས་རྟོག་པ་མེད་པར་འཇོག་པའོ། །རྗེས་སྔ་མ་དང་འདྲའོ། །གསུམ་པ་བཅོས་མིན་སེམས་ཀྱི་ངོ་བོ་ངོས་གཟུང་བ་ནི། དེ་ལྟར་མཉམ་པར་གཞག་པའི་དུས་ན། གསལ་བའི་དུས་ཉིད་ན་སྟོང་། སྟོང་པའི་དུས་ཉིད་ན་གསལ་བས་གསལ་སྟོང་གི་ངོ་བོ་དེ་ལ་མ་བཅོས་
༤༢༡པར་ནམ་མཁའི་དཀྱིལ་ལྟ་བུ་ལ་སེམས་འཇོག་པའོ། །རྗེས་སྔ་མ་དང་འདྲའོ། །བརྩོན་པ་འབྲིང་གིས་ནི། སྔོན་འགྲོ་དགུ་སྔོན་དུ་སོང་ནས། དངོས་གཞི་ལ་གསུམ་ལས། ལྷ་བསྒོམ་པ་ནི། ཚོགས་ཞིང་སྤྱན་དྲངས་པ་ནས་བརྩམས་ཏེ། རིགས་བདག་གིས་རྒྱས་གདབ་པའི་བར་གསལ་ཞིང་དྲག་ལ་ཡུན་ཐུང་བར་ཐུན་བཞི་ལ་སོགས་པར་ཉམས་སུ་བླངས་ནས་དེ་ལ་སེམས་ཅུང་ཟད་འཇོག་པའོ། །རྗེས་ངོ་བོ་ཉིད་གསུམ་བསྐྱང་སྟེ་སྔ་མ་དང་འདྲའོ། །གཉིས་པ་དབང་བླང་བ་ནི། ལམ་དུས་ཀྱི་དབང་རྒྱས་བསྡུས་གང་རུང་ཞིག་ལེན་པའོ། །གསུམ་པ་སེམས་གཟུང་བ་ལ་སྤྱི་ལ་སེམས་གཟུང་བ་དང་། བྱེ་བྲག་ལ་སེམས་གཟུང་བ་ལ་གཉིས་ལས། དང་པོ་ལ་བཞི་ལས། བསྒོམ་པ་གསལ་གདབ་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ཙམ་ལ་དམིགས་ནས་གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། ཅེས་པའི་ཚུལ་གྱིས་བསྒོམ། དེ་ལྟར་བྱས་ཀྱང་མི་གསལ་ན། རང་གི་བརྗོད་པས་གསལ་གདབ་པ་ནི། སྤྱན་དབུ་མ་སྤྱན་རྩ་ཁྲོ་ཞིང་དམར་བ་ཞེས་བརྗོད་ལ་སྔ་མ་བཞིན་དུ་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེས་ཀྱང་མི་གསལ་ན་གཞན་གྱིས་བརྗོད་པས་གསལ་གདབ་པ་ནི། གཞན་གཅིག །སྤྱན་དབུ་མ་ཞེས་བརྗོད་དུ་བཅུག་ལ། ཡང་བསམ་གཏན་གྱི་དུག་དབྱུང་ལ་བསྒོམ། དེས་ཀྱང་མི་གསལ་ན་བལྟས་པས་གསལ་གདབ་ཅེས་བྱ་བ་སྤྱན་དབུ་མ་ཤིན་ཏུ་མཛེས་པ་ཞིག་བྲིས་ལ་དེ་ལ་བལྟས་ནས་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ་མོ། །གཉིས་པ་བྱེ་བྲག་ལ་སེམས་བཟུང་ཚུལ་ལ་ཕྱི་ནས་འཛིན་པ་དང་ནང་ནས་འཛིན་པ་ལུགས་གཉིས་ལས། དང་པོ་ལྟར་ན་ལམ་རྒྱས་པ་ལྟར་རང་གི་སྤྱན་དབུ་མ་ནས་བརྩམ་སྟེ་སྣོད་བཅུད་ལྷར་གསལ་བའི་བར་ལ་སེམས་འཛིན་ལ། གཉིས་པ་ལྟར་ན་དབུའི་གཙུག་ཏོར་གྱི་འཁོར་ལོ་གསལ་གདབ་པ་ནས་བརྩམས་ཏེ་ཕོ་བྲང་དྲུག་གི་ལྷ་ནས་སྣོད་བཅུད་ལྷར་གསལ་ལ་རིམ་གྱིས་སེམས་འཛིན་ཏེ། བཟུང་བའི་ཐབས་ནི་སྔ་མ་བཞིན་ནོ། །བཟུང་ཚུལ་གཉིས་པ་འདི་རང་
༤༢༢གི་བློ་ལ་གར་འཕྲོད་པ་དེ་བསྒོམ་གྱི། གཉིས་པ་བསྒོམ་དགོས་པ་ནི་མ་ཡིན་ནོ། །རྗེས་སྔ་མ་དང་འདྲའོ། །རྣལ་འབྱོར་ནང་ལ་མཆོག་ཏུ་གཞོལ་བ་ཡིས་ནི་བཟླས་པ་དང་། གཏོར་མ་དང་། མདོ་ཟློས་ལ་སོགས་མི་བྱེད་པར་མཉམ་གཞག་བསྐྱེད་རིམ་ལ་སེམས་བཟུང་ཞིང་གོམས་ནས་རྗེས་ཀྱི་ལྟ་བ་དང་བསྲེ་གསུང་བས་ངོ་བོ་ཉིད་གསུམ་བསྒོམ་ཞིང་། ཐུན་བཞི་ལ་སོགས་པར་ཉམས་སུ་ལེན་པའོ། །བརྩོན་པ་རབ་ཀྱིས། སྔོན་འགྲོ་སྔར་དང་འདྲ་བར་བྱས་ནས། དངོས་གཞི་ལ་ཉམས་ལེན་གྱི་བྱེ་བྲག་ཞེ་ལྔ་ལས། གསལ་བ་སེམས་ཀྱི་མཚན་ཉིད་སྟོང་པ་སེམས་ཀྱི་རང་བཞིན། བཅོས་མིན་སེམས་ཀྱི་ངོ་བོ་གསུམ་ནི་སྔ་མ་དང་འདྲ་ལ། དེ་ནས་སྦྱང་བ་ཁྱད་པར་ཅན་གྱི་གནད་ལ། ལུས་སྦྱང་བ་ཟླ་བ་དྲུག་སྔོན་དུ་འགྲོ་དགོས་ཏེ། དེའི་སྔོན་དུ་མཐུན་རྐྱེན་དང་འགལ་རྐྱེན་གྱི་གསག་སྦྱང་གཉིས་སྔོན་དུ་སོང་ནས། གནས་དབེན་པར་ཉི་ཟེར་དང་ལྷགས་པ་མེད་པ། ས་བདེ་བར་སྟན་འབོལ་བ་རྒྱ་ཆེ་བའི་སྟེང་དུ་སྔོན་འགྲོ་གསུམ་བྱས་ལ། ཕྲིན་ལས་སུམ་ཅུ་རྩ་གཉིས་དང་པོ་ཡས་རིམ་དུ་ཚར་གཅིག །དེ་ནས་མས་རིམ་དུ་ཚར་གཅིག། གང་ཟིན་ནས་ཐམས་ཅད་ཚང་བར་ཚར་གཅིག་སྟེ་དེ་ལྟར་དགུ་བཅུ་རྩ་དྲུག་དྲུག་ཐུན་རེ་ལ་བྱ་སྟེ། དེ་ལྟ་བུ་ཐུན་གསུམ་མམ་གཉིས་སམ་གཅིག་གང་འགྲུབ་ཟླ་བ་དྲུག་ཏུ་བྱའོ། །དེའང་སྐྱེ་བ་འདི་ལ་དངོས་གྲུབ་ཐོབ་པར་འདོད་ན་ལུས་སྦྱང་བ་གནད་དུ་ཆེ་བ་ཡིན་གསུང་ངོ་། །དེ་ནས་ངག་སེམས་སྦྱང་བ་ལམ་རྒྱས་པ་ལྟར་བྱ། སྲོག་རྩོལ་ལ་སོགས་པ་སྔོན་དུ་སོང་ནས་འོག་རླུང་སྐྱོད་པ་ལུས་ཀྱི་རྦ་རླབས་ཀྱི་གནད་ནི་རླུང་སྦྱོར་བདུན། གཏུམ་མོའ་དམིགས་པ་བཅོ་བརྒྱད་ལ་ལམ་རྒྱས་པ་ལྟར་བསྒོམ། དེ་དག་གི་སྐབས་བོགས་འབྱིན་བརྒྱད་ཀྱི་གནད་ཀྱིས་བོགས་དབྱུང་ངོ་། །དེ་ནས་འོག་རླུང་སྐྱོད་པ་ལུས་ཀྱི་རྦ་རླབས་དངོས། དེ་ནས་ངག་འདྲེན་པ་ཞི་བའི་གནད། དེ་ནས་ངག་འདྲེན་པ་དྲག་པོའ་གནད། དེ་ནས་ལྟ་བ་གསོ་བ་ཕྱག་རྒྱ་ཆེན་པོའ་གནད། དབང་གསུམ་པའི་ལམ་སྟེ་ལམ་རྒྱས་པའི་གཞུང་དང་འདྲ་ལ་དེ་ནས་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ཀྱི་གནད་དེ་གཞུང་ཇི་ལྟ་བའོ། །ད་ནི་ཐུན་གྱི་ངེས་པ་བྲི་བར་བྱ་སྟེ། གང་ཟག་ཐམས་ཅད་ལ་དགོས་པའི་སྔོན་འགྲོ་ལ་གཉིས་ལས། ཁྲིད་ཀྱི་སྔོན་འགྲོ་ལ་གསག་སྦྱང་གཉིས། འཁོར་བའི་
༤༢༣ཉེས་དམིགས་བསམ་པ་གསུམ། ཐུན་གྱི་སྔོན་འགྲོ་ལ་ལུས་ངག་ཡིད་གསུམ་གནད་ལ་དབབ་པ་གསུམ། སྔོན་འགྲོ་གསུམ་ལས་བྱམས་པ་སྒོམ་བ་ལ་གསུམ། སྙིང་རྗེ་ལ་གསུམ། བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ལྔ། ཤེས་རབ་ཀྱིས་བྱ་བ་ལ་ཐག་བཅད་པ་ལ་གསུམ་སྟེ་ཐུན་ཉི་ཤུའོ། །དངོས་གཞིའི་ཐབས་ཀྱི་ཐ་མ་ལ་ལྷ་བསྒོམ་པ་དང་ལྟ་བས་རྒྱས་གདབ་པ་གཉིས། འབྲིང་ལ་ལྷ་བསྐྱེད་པ། དབང་བླང་གི་རྒྱས་གདབ་པ་སྟེ་གསུམ། རབ་ལ་ལྷ་སྒོམ། ལྟ་བ་བསྐྱང་། ལས་ཚོགས་སྒྲུབ་པ་སྟེ་གསུམ་མོ། །ཤེས་རབ་ཀྱི་ཐ་མ་ལ། གསལ་བ་སེམས་ཀྱི་མཚན་ཉིད་སྟོང་པ་སེམས་ཀྱི་རང་བཞིན། བཅོས་མིན་སེམས་ཀྱི་ངོ་བོ་སྟེ་གསུམ། འབྲིང་ལ་ལྷ་སྒོམ་པ། དབང་བླང་བ། སྤྱི་ལ་སེམས་བཟུང་བ་ལ་བཞི། བྱེ་བྲག་ཏུ་སེམས་བཟུང་བ་ལ་གཅིག་སྟེ་ལྔ། རབ་ལ་གསལ་བ་སེམས་ཀྱི་མཚན་ཉིད། སྟོང་པ་སེམས་ཀྱི་རང་བཞིན། བཅོས་མིན་སེམས་ཀྱི་ངོ་བོ་སྟེ་གསུམ། སྦྱང་བ་ཁྱད་པར་ཅན་གྱི་གནད་ལ་གསུམ། རླུང་སྦྱོར་བདུན། གཏུམ་མོའ་དམིགས་པ་བཅོ་བརྒྱད། ལུས་ཀྱི་རྦ་རླབས། ངག་འདྲེན་ཞི་བ། དྲག་པོ། གསུམ་པའི་ལམ་ལ་སྔོན་འགྲོ་ལམ་བསྡུས་པ་བཞིན་བྱ། དངོས་གཞི་ལ་བསླབ་ཚུལ་ལྔ། མཉམ་པར་སྦྱར་བ་བསླབ་ཚུལ་ཏེ་བརྒྱད་དོ། །རྗེས་ནི་ཞར་བྱུང་ངོ་། །སེམས་ཀྱི་རྦ་རླབས་ལ་གསུམ་སྟེ། ཐུན་ཞེ་ལྔའོ། །གང་ཟག་དབང་པོ་རབ་འབྲིང་གསུམ་གྱི་ཁྲིད། །རྗེ་བཙུན་བླ་མའི་གསུང་དང་མི་འགལ་བར། །གསལ་བར་བགྱིས་ལ་ནོངས་པ་བཟོད་མཛད་ཅིང་། །དགེ་བས་ལྷན་སྐྱེས་ཡེ་ཤེས་མཐར་ཕྱིན་ཤོག །དབང་པོ་རབ་འབྲིང་གསུམ་གྱིས་དཀྲི་བའི་ཁྲིད་རིམ་གྱི་གསལ་བྱེད་ཉུང་ངུ་རྣམ་གསལ་ཞེས་བྱ་བ་འདི། བསམ་གཏན་པ་ཤཱཀྱ་བཟང་པོ་ཞེས་བྱ་བས་ཡང་ཡང་དུ་བསྐུལ་བའི་ངོར་བཙུན་པ་བསོད་ནམས་ཀྱིས་སྦྱར་བ་དགེའོ། །སརྦ་དཱ་མངྒ་ལཾ།

༄༅། །ཁྲིད་ཆེན་བརྒྱད་མཛེས་པར་བྱེད་པའི་རྒྱན་བཞུགས་སོ༎ ༎

༡༧༣ ཁྲིད་ཆེན་བརྒྱད་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བ་བཞུགས་སོ།། །།
༡༧༤ ཁྲིད་ཆེན་བརྒྱད་ཀྱི་མཛེས་རྒྱན་ཞེས་བྱ་བ། དཔལ་འབྲུག་པ་ཡབ་སྲས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །དུལ་ཞིང་ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །འཇིག་རྟེན་མགོན་པོ་སྐྱབས་མཆོག་བླ་མེད་པ། །ཐུབ་དབང་རྗེས་སྐྱེས་སྲས་བཅས་ཐམས་ཅད་དང་། །གཉིས་མེད་དཀར་བརྒྱུད་དེ་ལ་ཕྱག་འཚལ་ལོ། །ལེགས་བྱས་ཐབས་ཚུལ་སྣ་ཚོགས་འོད་ཟེར་གྱིས། །འགྲོ་འདིའི་རྨོངས་པའི་མུན་པ་མཐར་འབྱིན་པའི། །དཔལ་ལྡན་འཇིགས་མེད་བདུད་ལས་རྒྱལ་བ་ཡི། །བཤེས་གཉེན་བླ་མ་དེ་ཡིས་འདིར་སྲུངས་ཤིག །འདི་ན་འཁོར་བའི་རྒྱ་མཚོར་ཆོས་ཀྱི་རྫིང་། །སྦྱར་བ་ལྟ་ངན་རླུང་གིས་བསྐྱོད་པ་ཡིས། །ལོག་སྡེ་སྲིན་མོའི་གླིང་འཁྱམས་ཤེས་ལྡན་འགའ། །ཐེག་མཆོག་ཅང་ཤེས་འདི་ཞོན་འབྲོས་པར་གྱིས། །སྐྱེ་བོ་ཕལ་ཆེར་མྱ་ངན་ཐང་ཆེན་པོར། །ཆོས་མིན་སྨིག་རྒྱུའི་རྗེས་འབྲང་ངལ་གྱུར་པ། །དེ་དག་ཟབ་རྒྱས་གཏིང་མཐའ་མི་དཔོག་པའི། །ཆོས་མཚོ་འདི་འཐུངས་མངོན་པར་ཚིམས་པར་བྱོས། །
༡༧༥ འདིར་གངས་ཅན་གྱི་ལྗོངས་ཀྱི་གྲུབ་པའི་རིང་ལུགས་པ་ཆེན་པོ་དཔལ་འབྲུག་པ་ཞེས་གྲགས་པའི་གསུང་གི་བདུད་རྩི་རྣལ་འབྱོར་ཅན་གྱི་དབང་ཕྱུག་རྣམས་ཀྱིས་སྐུ་ཉམས་སུ་བསྟར་བའི་ཁྲིད་ཆེན་པོ་བརྒྱད་པོ་འདི་དག་སྐྱེས་བུ་སྐལ་པ་བཟང་པོ་རྣམས་ཀྱིས་སྤྱོད་པའི་ཡུལ་དུ་གྱུར་པ། བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོ་གསང་བར་སྟན་པའོ། །དེ་འཆད་པ་ལ་ཉེ་བར་མཁོ་བ་འགའ་ཞིག་བརྗོད་པ་ལ་འཇུག་པར་བྱ་སྟེ། དེ་ཡང་བླ་མ་མོས་གུས་དང་། ཕྱག་ཆེན་དང་། ནཱ་རོ་པ་ཆེན་པོའི་ཆོས་དྲུག་དང་། གསང་སྤྱོད་ཟློག་སྒོམ་གྱི་ཁྲིད་དག་དང་པོ་ནས་རྒྱས་པར་བཞུགས་ལ། ཕྱི་མ་རྣམས་རྗེ་འགྲོ་བའི་མགོན་པོ་རྒྱ་རས་པ་ཉིད་ཀྱིས་རྩ་བ་ཙམ་ཞིག་མཛད། དེ་ལས་རྒྱས་པར་རྒྱལ་བ་རྒོད་ཚངས་པས་མཛད། དེ་ལས་ཀྱང་ཆེས་ཆེར་རྒྱས་པར་རྒྱལ་བ་ཡང་དགོན་པ་དང་། གྲུབ་ཐོབ་ཆེན་པོ་ཨོ་ཌཱི་ཡ་ན་པ་རིན་ཆེན་དཔལ་ལ་སོགས་པས་མཛད་དོ། །འདིར་དཔལ་རྒྱལ་བའི་དབང་པོས་མཛད་པ་ཟབ་གནད་དང་།
༡༧༦ ལེགས་པར་བཤད་པ་ཆེས་མང་བར་སྣང་བ་ལས། བརྒྱུད་པ་ལའང་འདི་ཉིད་གདན་རབས་གཙོ་ཆེ་བར་གཟུང་ན་ལེགས་པར་མངོན་ནོ། །གཞན་ཡང་ཕྱག་ཆེན་གྱི་བརྒྱུད་པ་ལ། དཀར་བརྒྱུད་འདི་ཉིད་ཀྱི་ཆོས་སྲིད་ཀྱི་སྦྱོར་བས་ཕུན་སུམ་ཚོགས་པའི་བླ་མ་དག །ནཱ་རོ་པ་ནས། ཌོམྦི་པ། ཇོ་བོ་རྗེ། དེའི་སློབ་མ་དགོན་པ་བ་ལས་རིམ་པར་བརྒྱུད་དེ། དྭགས་པོས་གསན་ཞེས་ཚིག་བརྒྱུད་དང་། དོན་བརྒྱུད་ནཱ་རོ་པ་ནས་མར་པ་དང་། མི་ལ་དྭགས་པོ་ཡིན་ཞེས་བརྗོད། དེ་ལ་ཁོ་བོ་ཅག་འདི་སྐད་དུ་སྨྲ་སྟེ། དེ་ལྟར་ན་སྨྲ་བའི་དབང་ཕྱུག་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱིས། ཆོས་དྲུག་བོར་ནས་ལམ་འབྲས་དང་། །ཕྱག་རྒྱ་ཆེན་པོ་ལ་སོགས་པ། །གཞན་གྱི་གདམས་ངག་སྒོམ་བཞིན་དུ། །ནཱ་རོའི་བརྒྱུད་པ་འདེད་བྱེད་པ། །གཞན་དང་འགལ་བ་ལྟ་ཅི་སྨོས། །རང་ལུགས་དང་ཡང་འགལ་བ་ཡིན། །ཞེས་གསུངས་བ་ལ་ལན་གདབ་ཏུ་མེད་དོ། །གཞན་ཡང་ལ་ལ་དག་ཕྱག་རྒྱ་ཆེན་པོ་མདོའི་ཕྱོགས་ཀྱི་མན་ངག་ཡིན་ནོ་སྙམ་དུ་སེམས་ཤིང་། གཞན་དག་ལའང་བརྗོད་པར་བྱེད་དོ། །དེ་ལྟར་ན་ཁྱེད་ཅག་ཉིད་ཀྱིས་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་གསུང་ལས་ལྟ་སྒོམ་དབུ་མ་ལས་ལྷག་པ་མེད་པར་སྨྲ་བ་ལ་སྐྱོན་དུ་ལྟ་ཞིང་། དགག་པ་ལྟར་བཅོས་པའི་ཚིག་འགའ་ཞིག་གི་འདོམ་གྱིས་མཁས་པའི་དགོངས་པ་ནམ་མཁའ་ལྟ་བུ་ལ་འཇལ་བར་བྱེད་པས་ན་རྣམ་དཔྱོད་ཀྱིས་དབེན་པར་འཇལ་ལོ། །གཞན་ཡང་དེ་སྐད་དུ་སྨྲ་བ་ནི། བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་པའི་དོན་ལ་ངེས་པ་མ་རྙེད་པ་ལྟ་ཅི་སྨོས་ཏེ། ངེས་པ་ཚད་མས་མ་དམིགས་པ་ཡིན་ནོ། །དེ་ཙམ་དུ་མ་ཟད་ལྟ་བ་ཁས་ལེན་དང་
༡༧༧ བྲལ་བ་ཞེས་རང་སྟོང་པ་ཁོ་ན་ལྟར་བཤད་ནས། བདག་ཅག་དཀའ་བརྒྱུད་རིན་པོ་ཆེའི་ལྟ་བ་ནི་འདི་ཡིན་ལ། གཞན་བཤད་པ་པོ་ཕལ་ཆེ་བས་བཤད་པ་ནི་ལོག་པའོ་ཞེས་སྨྲ་བ་ནི། རྡོ་རྗེ་ཐེག་པ་ཆེན་པོ་བླ་ན་མེད་པ་ལ་ངེས་པ་མ་དམིགས་པའོ། །བདག་ནི་ཕྱག་རྒྱ་ཆེན་པོ་གསང་སྔགས་ཀྱི་རྫོགས་རིམ་མཚན་ཉིད་པ་དང་། བརྒྱུད་པ་རྗེ་མི་ལ་ནས་བརྒྱུད་པར་ཁས་ལེན་ནོ། །དེ་ལ་རྒྱུ་མཚན་མེད་པར་སྨྲ་ན། སྔ་མ་ནི་དཀར་བརྒྱུད་འདི་ཉིད་ཀྱི་བླ་མ་དམ་པ་ཕལ་མོ་ཆེ་བཞིག །ཕྱི་མ་ནི་ཕག་མོ་གྲུ་པའི་ཕྱག་ཆེན་ཚིགས་བཅད་མ་ལས་བཤད། དེ་ལས་རྒྱས་པར་བདག་གི་ཡོངས་སུ་འཛིན་པ་ཆེན་པོ་དཔལ་ངག་གི་དབང་པོའི་ཞལ་སྔ་ནས་ཀྱིས། མདོ་རྒྱུད་ཀྱི་ལུང་རྒྱ་ཆེན་པོས་བསྒྲུབ་པར་མཛད་པ་དང་། མཚུངས་མེད་རྒྱལ་བའི་དབང་པོས་བཤད་པ་ལས་འདིར་མངས་ཀྱིས་དོགས་ནས་མ་སྤྲོས་སོ། །དེ་བས་ན་བཤད་པར་བྱ་བ་དེ་དག་གིས་བཅད་ཙམ་ཞིག་བརྗོད་པས་ཕྱི་རབས་པ་རྣམས་འཇུག་པ་བདེ་བར་འགྱུར་བ་དེ་ཉིད་ཀྱི་ཆེད་དུ་བཤད་པ། བྱིན་རླབས་ཀྱི་ཐམས་ཅད་རྩ་བ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། གསང་སྔགས་རྡོ་རྗེ་ཐེག་པ་ཐམས་ཅད་ཀྱི་སྙིང་པོ། བླ་མ་མོས་གུས་ཀྱི་ཁྲིད་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ། བླ་མ་ཚོགས་ཞིང་དུ་བྱས་ནས་མཎྜལ་འབུལ་བ། བླ་མ་རིགས་བདག་ཏུ་བྱས་ནས་སྡིག་སྒྲིབ་སྦྱོང་བ། བླ་མ་སྐྱབས་གནས་སུ་བྱས་ནས་གསོལ་བ་འདེབས་པ། བླ་མ་རང་སེམས་དང་བསྲེས་ཏེ་བར་ཆད་སེལ་བ་དང་བཞིའོ། །དང་པོ་ལ། བསྒྲུབ་པའི་མཎྜལ་དང་མཆོད་པ། མཎྜལ་ལོ། །གསུམ་པ་ལ། ཕྱིའི་གསོལ་འདེབས་ཀྱིས་རྒྱུད་སྦྱོང་བ་དང་། ནང་གི་གསོལ་འདེབས་ཀྱིས་བྱིན་
༡༧༨ དབབ་པའོ། །དེ་ལ་རིང་བརྒྱུད་བླ་མ་ཚོགས་སུ་བསྒོམ་པ་དང་། ཉེ་བརྒྱུད་ཐོ་བརྩེགས་སུ་བསྒོམ་པ་དང་། ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པའོ། །གཉིས་པ་དངོས་གཞི་ལ། སྨིན་བྱེད་དབང་དང་དབང་དོན་ཉམས་སུ་བླང་བའོ། །དང་པོ་ལ། རྒྱས་འབྲིང་བསྡུས་པ་གསུམ་མོ། །གཉིས་པ་ལ། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར། རྣམ་པ་ལམ་བྱེད་ལོངས་སྐུའི་ལམ་ཁྱེར། མངོན་སུམ་ལམ་བྱེད་ཆོས་སྐུའི་ལམ་ཁྱེར་རོ། །གཉིས་པ་ལ་རགས་པ་ལྷ་སྐུ་ལ་བསླབ་པ། འབྲིང་པོ་ཕྱག་མཚན་ལ་བསླབ་པ། ཕྲ་བ་ས་བོན་ལ་བསླབ་པའོ། །གསུམ་པ་ལ། རང་སེམས་བླ་མ་ཆོས་སྐུ་ལ་སྒྲོ་འདོགས་བཅད། རྣམ་པ་བླ་མ་ཆོས་སྐུ་ལ་རྩལ་སྦྱང་། སྣང་སྲིད་བླ་མ་ཆོས་སྐུའི་ངོ་བོར་རྫོགས་པར་བྱའོ། །དེ་དག་གི་ཉམས་ལེན་འདིར་འདུ་སྟེ། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར་གྱིས་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ། རྣམ་པ་ལམ་བྱེད་ལོངས་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་སྒྲུབ་པ། མངོན་སུམ་ལམ་བྱེད་ཆོས་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་ཆོས་སྐུར་སྒྲུབ་པའོ། །དེ་ལ་དང་པོ་ཕྱི་སྒྲུབ། གཉིས་པ་ནང་སྒྲུབ། གསུམ་པ་གསང་བའི་སྒྲུབ་པ་ཡིན་ལ་སྔོན་དུ་འགྲོ་བ་བཞི་པར་བླ་མ་ཕྲིན་ལས་བཞི་པའི་ལས་སྦྱོར་དང་སྦྱར་ཏེ་བཤད་དགོས་སོ། །གསུང་རབ་ཆུ་བོ་ཇི་སྙེད་པ། །མངོན་པར་འབབ་པ་ཟབ་མོའི་ལམ། །མོས་གུས་མ་དྲོས་མཚོ་འདིར་ནི། །སྐལ་བཟང་ཀླུ་དབང་དགྱིས་སྤྱོད་ཅིང་། །གང་གིས་རིང་ནས་ཐོབ་དཀའ་བའི། །མགོན་པོ་ཚེ་འདིར་སྒྲུབ་པའི་ཐབས། །བླ་མའི་གསུང་བཞིན་འདིར་བཀོད་པས། །ཤེས་ལྡན་བག་ཡོད་བསྟེན་པར་རིགས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
༡༧༩ གཉིས་པ་ཐ་མལ་གྱི་ཤེས་རྒྱུད་ཡང་དག་པའི་ཡེ་ཤེས་སུ་ངོ་སྤྲོད་པར་བྱེད་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །གཉིས་པ་ལའང་ཐུན་མོང་གི་ཉམས་ལེན་དང་། ཐུན་མོང་མ་ཡིན་པའི་ཉམས་ལེན་ནོ། །དང་པོ་ལ། སྒོམ་གྱི་རྩ་བ་ཞི་གནས་ཀྱི་ཉམས་བཙལ་ཏེ་རྩེ་གཅིག་གི་རྣལ་འབྱོར་ཉམས་སུ་བླང་པ་དང་། གནས་འགྱུའི་རྩ་བ་བཅད་དེ་ལྷག་མཐོང་ངོས་བཟུང་ནས་སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པའོ། །དང་པོ་ལ། ཐོལ་སྐྱེས་རྦོད་གཅོད། གང་ཤར་བཟོ་མེད། གཞག་ཐབས་ཀྱི་གནད་དོ། །གཉིས་པ་ལ། གནས་འགྱུའི་རྩ་བ་བཅད་པ། ལྷག་མཐོང་ངོས་གཟུང་བ། སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པའོ། །དེ་ལ་དུས་གསུམ་གྱི་སྒོ་ནས་དཔྱད་པ། དངོས་པོ་དངོས་མེད་ཀྱི་སྒོ་ནས་དཔྱད་པ། གཅིག་ཐ་དད་ཀྱི་སྒོ་ནས་དཔྱད་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཉམས་ལེན་ལ། ཆོས་ཐམས་ཅད་སྣང་སེམས་དབྱེར་མེད་ཀྱི་སྒོ་ནས་ཟུང་འཇུག་ཏུ་རོ་གཅིག་པས་རོ་གཅིག་གི་རྣལ་འབྱོར་ཉམས་སུ་ལེན་པ་དང་། ཆོས་ཐམས་ཅད་གཉུག་མ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུར་གཏན་ལ་ཕབ་ནས་སྒོམ་མེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་པའོ། །དང་པོ་ལ། གཉིད་དང་རྨི་ལམ་གྱི་དཔེས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། ཆུ་དང་ཆབ་རམ་གྱི་དཔེས་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲོད་པ་དང་། ཆུ་དང་རླབས་ཀྱི་དཔེས་ཆོས་ཐམས་ཅད་རོ་མཉམ་དུ་གཏན་ལ་འབེབས་པའོ། །གསུམ་པ་རྗེས་ལ་ཕྱག་རྒྱ་ཆེན་པོ་ངོས་གཟུང་ཞིང་རང་ངོ་སྤྲོད་པ། གེགས་དང་གོལ་ཤོར་བཅད་ཅིང་ཉམས་རྟོགས་གོ་བ་གསུམ་གྱི་ཤན་
༡༨༠ དབྱེ་བ། འབྲས་བུ་སྐུ་གསུམ་གྱི་ཐོབ་ཚུལ་བསྟན་པའོ། །དེ་དག་གི་ཉམས་ལེན་ཐམས་ཅད་འདིར་འདུས་ཏེ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུའི་གནད་ཀྱིས་ལྟ་བ་གཏན་ལ་དབབ་པ། སྣང་བ་ལྷན་ཅིག་སྐྱེས་པ་རང་འོད་གཟུགས་ཀྱིའི་གནད་ཀྱིས་སྒོམ་པ་ཉམས་སུ་བླང་བ། སྣང་སྲིད་ལྷན་ཅིག་སྐྱེས་པ་དབྱེར་མེད་ཀྱི་གནད་ཀྱིས་འབྲས་བུ་མཐར་ཕྱིན་པ་བྱ་བའོ། །ཕལ་ཆེར་གཉིས་སུ་འཛིན་ཅིང་འགལ་བའི་ཆོས། །རོ་མཉམ་ཉིད་དུ་འཇལ་བྱེད་ཚད་མ་གང་། །གྲུབ་པ་མཆོག་གིས་མངོན་སུམ་གཟིགས་པ་ཡི། །ཚུལ་དེར་སྤྱོད་ལ་སྤྲོ་བ་འདིར་ཞུགས་ཤིག །ཅེས་ཀྱང་སྨྲས་སོ། །གསུམ་པ་རྡོ་རྗེའི་ལུས་ལ་རླུང་སེམས་ཀྱི་རྟེན་འབྲེལ་གནད་དུ་བསྣུན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་དབང་མེད་པར་མངོན་སུམ་དུ་སྟེར་བར་བྱེད་པ་ཐབས་ལམ་ཁྱད་པར་ཅན་གྱི་ཁྲིད་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །གཉིས་པ་ལ། གཏུམ་མོ། །སྒྱུ་ལུས། རྨི་ལམ། འོད་གསལ། བར་དོ། འཕོ་བ་དང་དྲུག་གོ །དང་པོ་ལ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ། ཕྱི་ལུས་ཀྱི་སྟོང་ར། ནང་རྩའི་སྟོང་ར། སྲུང་བའི་འཁོར་ལོ། རྩ་ལམ་སྦྱང་བ། རྩ་གནས་བྱིན་གྱིས་བརླབ་པ་དང་ལྔའོ། །གཉིས་པ་དངོས་གཞི་ལས། ལུས་ཀྱི་གནད་མེད་ཐབ་དྲུག་ཆིངས། ངག་གི་གནད་སྦྱོར་བ་བཞི་ལྡན། སེམས་ཀྱི་གནད་གཏུམ་མོ་རྣམ་གསུམ་མོ། དེ་ལ་ལུས་ཀྱི་གཏུམ་མོ། ཉམས་ཀྱི་གཏུམ་མོ། མཆོག་གི་གཏུམ་མོའོ། །གསུམ་པ་རྗེས་ལ། དྲོད་ཀྱི་བོགས་འདོན་གཙུབ་ཤིང་མ་དང་། བདེ་བའི་བོགས་འདོན་ཨ་ཧཾ་གི་འབར་འཛག་གོ །དེ་ལ་རང་ལུས་ཐབས་ལྡན་དང་། གཞན་ལུས་ཤེས་རབ་བོ། དང་པོ་ལ་སྔོན་འགྲོ་ཡིད་རིག་དངོས་གཞི་འབར་འཛག་གོ །གཉིས་པ་སྒྱུ་ལུས་ལ། མ་དག་པའི་སྒྱུ་ལུས་སྒྱུ་མར་སྤྱད་བ་སྤྱི་དོན་གྱི་སྒྱུ་མ། དག་པའི་སྒྱུ་
༡༨༡ ལུས་སྒྱུ་མར་སྦྱང་བ་སྦས་དོན་གྱི་སྒྱུ་མ། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་མཐར་ཐུག་གི་སྒྱུ་མའོ། །གསུམ་པ་རྨི་ལམ་ལ། རྨི་ལམ་གཟུང་བ། སྦྱང་ཞིང་སྒྱུ་མར་བསླབ་པ། རྨི་ལམ་གྱི་དེ་ཁོ་ན་ཉིད་ལ་རྩལ་སྦྱོང་བའོ། །དང་པོ་ལ། འདུན་པའི་སྟོབས་ཀྱིས་གཟུང་བ། རླུང་གི་སྟོབས་ཀྱིས་གཟུང་བ། དམིགས་པའི་སྟོབས་ཀྱིས་གཟུང་བའོ། །བཞི་པ་འོད་གསལ་ལ་གསུམ་སྟེ། གཞིའི་འོད་གསལ། ལམ་གྱི་འོད་གསལ། འབྲས་བུའི་འོད་གསལ་ལོ། །གཉིས་པ་ལ། ཉིན་སྣང་ལམ་དང་དར་བཞིན་གཅིག་ཏུ་བསྲེ་བ། མཚན་སྣང་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། བར་དོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའོ། །ལྔ་པ་བར་དོ་ལ། རང་བཞིན་དག་པ་ཆོས་སྐུའི་ལམ་ཁྱེར། རྣམ་པ་དག་པ་ལོངས་སྐུའི་ལམ་ཁྱེར། བྱེད་ལས་དག་པ་སྤྲུལ་སྐུའི་ལམ་ཁྱེར། རོ་མཉམ་དག་པ་ངོ་བོ་ཉིད་སྐུའི་ལམ་ཁྱེར་རོ། །དྲུག་པ་འཕོ་བ་ལ། རབ་ཆོས་སྐུར་འཕོ་བ། འབྲིང་ལོངས་སྐུར་འཕྲོ་བ། ཐ་མ་སྐྱེ་བ་འཛིན་པའི་འཕོ་བའོ། །ཆོས་དྲུག་པོ་དེ་དག་ཀྱང་བསྲེ་བ་གསུམ་དུ་འདུས་པ་ཡིན་ཏེ། ཉིན་སྣང་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའི་གནད་ཀྱིས་གཏུམ་མོ་དང་སྒྱུ་ལུས་སྤྲུལ་སྐུའི་ལམ་ཁྱེར། མཚན་སྣང་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའི་གནད་ཀྱིས་འོད་གསལ་དང་རྨི་ལམ་ཆོས་སྐུའི་ལམ་ཁྱེར། བར་དོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའི་གནད་ཀྱིས་བར་དོ་དང་འཕོ་བ་ལོངས་སྐུའི་ལམ་ཁྱེར་དང་གསུམ་པོ་འདིར་འདུས་སོ། །རྒྱུད་སྡེ་མཆོག་གི་སྙིང་པོའི་སྙིང་པོ་གང་། །ལེགས་པར་གཟིགས་ནས་གཞན་ལ་འདོམས་མཛད་པ། །རྗེ་བཙུན་ནཱ་རོའི་གདམས་ངག་འདི་བཤད་པས། །འགྲོ་རྣམས་བདེ་བར་གཤེགས་པའི་ས་ཐོབ་ཤོག །ཅེས་སོ། །བཞི་པ་ཐུན་མོང་དང་
༡༨༢ ཐུན་མོང་མ་ཡིན་པའི་འགལ་རྐྱེན་ཐམས་ཅད་གྲོགས་སུ་ཁྱེར་ཞིང་། མཐུན་རྐྱེན་ཐམས་ཅད་ལམ་དུ་ལོངས་ཤིང་བར་ཆད་ཐམས་ཅད་དངོས་གྲུབ་ཏུ་སྡུད་པར་བྱེད་པའི་གནད་མ་ནོར་བ་གསང་སྤྱོད་ཟློག་སྒོམ་གྱི་ཁྲིད་ལ་བཞི་སྟེ། ཀུན་ཏུ་བཟང་པོའི་སྤྱོད་པ་དང་། གསང་བའི་སྤྱོད་པ་དང་། ཚོགས་ཀྱི་སྤྱོད་པ་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །གཉིས་པ་ལ་གནས་གང་དུ་འགྲོ་བ། གྲོགས་གང་དང་འགྲོགས་ནས་འགྲོ་བ། དུས་ནམ་འགྲོ། སྤྱོད་ལམ་ཇི་ལྟ་བུས་འགྲོ་བ་དང་བཞིའོ། །དེ་ལ་དབང་པོ་རབ་ཀྱི་ཉམས་ལེན། འབྲིང་གི་ཉམས་ལེན། དབང་པོ་ཐ་མའི་ཉམས་ལེན་ནོ། །དང་པོ་ལ། གཞི་ལྟ་བའི་གོ་ཆ། རྐྱེན་བླ་མའི་མོས་གུས། དམིགས་པ་སྒོམ་པའི་མཚོན་ཆའོ། གཉིས་པ་ལ། སྔོན་འགྲོ་འདུན་པ་བཏང་བ། དངོས་གཞི་སྟོང་ཉིད་ཀྱི་ངང་ལ་བཞག་པ། རྗེས་རོ་མཉམ་པའོ། །གསུམ་པ་ལ། རང་དོན་རྟོགས་པའི་རྩལ་སྦྱོང་། གཞན་དོན་སྙིང་རྗེའི་རྩལ་སྦྱོང་། ཐུན་མོང་དུ་ཆོས་བརྒྱད་མགོ་སྙོམས་པའོ། །དེ་དག་ལས་སྤྱོད་པ་གཞན་གསུམ་ཤུགས་བསྟན་དང་། གསང་སྤྱོད་བསྟན་བྱའི་གཙོ་བོ་ཡིན་ལ། དེའི་ཉམས་ལེན་མདོར་བསྡུ་ན་གཅེར་ཉལ་འཕྲིགས་མེད་ཀྱི་གནད་ཀྱིས་གདོན་ཆོས་ཀྱི་སྐུར་གཏན་ལ་འབེབས་པ་ལྟ་བའི་ཐག་ཆོད། ཕུང་པོ་ཚོགས་འཁོར་གྱི་གནད་ཀྱིས་གདོན་ལོངས་སྤྱོད་རྫོགས་པའི་སྐུར་རྩལ་སྦྱོང་བསྒོམ་པའི་ལམ་ལོངས། ཕུང་པོ་གཟན་བསྒྱུར་གྱི་གནད་ཀྱིས་གདོན་སྤྲུལ་པའི་སྐུར་ལྟ་བ་སྤྱོད་པའི་བོགས་འདོན་དང་གསུམ་དུ་འདུས་སོ། །གྲུབ་པ་མཆོག་རྣམས་གཤེགས་པའི་ལམ་ཆེན་པོ། གསང་ཆེན་ཀུན་ཏུ་སྤྱོད་པ་འདིར་ཞུགས་ན། །མཆོག་གི་ས་ལ་འབད་པ་མེད་པར་ཡང་། །འགྲོད་འགྱུར་སྐལ་བཟང་
༡༨༣ རྣམས་ཀྱིས་བསྟེན་པར་བྱོས། །ཞེས་སྨྲས་སོ།། །།ལྔ་པ་ཟབ་མོ་དག་སྣང་ཞིང་སྦྱོང་གི་ཁྲིད་ལ་གཙོ་བོར་སྔགས་ཀྱི་ཐེག་པ་དང་མཐུན་པ་ཞིང་སྐུ་གསུམ་དུ་སྦྱོང་བ། ཞར་བྱུང་ཐུན་མོང་ཐེག་པ་དང་མཐུན་པ་ཞིང་བརྒྱུད་པའི་སྒོ་ནས་སྤྱོད་བའོ། །དང་པོ་ལ། ངོ་བོའ་སྒོ་ནས་ཆོས་སྐུ་ཡིན་ཚུལ། རྣམ་པའི་སྒོ་ནས་ལོངས་སྐུར་འཆར་ཚུལ། བྱེད་ལས་གྱི་སྒོ་ནས་སྤྲུལ་སྐུར་གྲུབ་ཚུལ་ལོ། །གཉིས་པ་ལ་བསྐྱེད་རིམ་གཙོ་བོར་གྱུར་པའི་སྐབས། རྫོགས་རིམ་གཙོ་བོར་གྱུར་པའི་སྐབས། རིམ་གཉིས་མཉམ་པར་གནས་པའི་སྐབས་སོ། །གཉིས་པ་ཐུན་མོང་བརྒྱུད་པའི་སྒོ་ནས་སྦྱོང་བ་ལ། ཞིང་སྒྱུ་མར་སྦྱོང་བ། ཞིང་སྟོང་ཉིད་དུ་སྦྱོང་བ། ཞིང་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་སྦྱོང་བའོ། །སྲིད་ཞིའི་སྒྱུ་ཐབས་མིག་འཕྲུལ་ལྟ་བུ་ཡང་། །དག་པ་རབ་འབྱམས་ཉིད་དུ་སྣང་བ་ཅན། །གང་དེ་མ་རིག་པ་རྣམས་འདིར་ཞུགས་ཏེ། །སླད་ནས་གནས་པ་ཉིད་དུ་ཤེས་པར་བྱོས། །ཞེས་སྨྲས་སོ།། །།དྲུག་པ་ཆོས་བརྒྱད་མགོ་སྙོམས་ཀྱི་ཁྲིད་ལ་གསུམ་སྟེ། སྤང་བྱ་གཉེན་པོའ་སྒོ་ནས་སྤང་བ་དང་། ཐབས་ལ་མཁས་པས་སྤང་བ་དང་། རང་བཞིན་གཅིག་ཏུ་རོ་མཉམ་པའི་ཚུལ་གྱིས་སྤང་པའོ། །དེ་ལ་སྤང་བར་གདམས་པ་དང་། སྤོང་བའི་ཚུལ་གཉིས་སོ། །དང་པོ་ལ། རྩ་བར་གྱུར་པའི་སྒོ་ནས་སྤོང་བར་གདམས་པ་དང་། འབྱུང་ཉེ་བའི་སྒོ་ནས་སྤོང་བར་གདམས་པ། སྤང་དཀའ་བའི་སྒོ་ནས་སྤང་བར་གདམས་པའོ། །དང་པོ་ལ། ཆོས་བརྒྱད་ངོས་བཟུང་བ། དེ་ཉིད་རྩ་བ་གང་ལས་བྱུང་བའི་ཚུལ་ལོ། །གཉིས་པ་ལ། སྔོན་འགྲོ་དང་། དངོས་གཞིའོ། །དེ་ལ་སྣང་བ་སེམས་སུ་རོ་མཉམ་པ། སེམས་སྒྱུ་མར་རོ་མཉམ་པ། སྒྱུ་མ་རྟེན་འབྲེལ་དུ་རོ་མཉམ་པ། རྟེན་
༡༨༤ འབྲེལ་སྟོང་ཉིད་དུ་རོ་མཉམ་པ། སྟོང་ཉིད་ཟུང་འཇུག་ཏུ་རོ་མཉམ་པ། ཟུང་འཇུག་གཉིས་མེད་དུ་རོ་མཉམ་པ། གཉིས་མེད་ཁྱབ་གདལ་དུ་རོ་མཉམ་པའོ། །དང་པོ་ལ། སྣང་བ་སེམས་ཡིན་ཚུལ་དང་། རྨི་ལམ་ལ་བརྟེན་ནས་རོ་མཉམ་པ། མངོན་སུམ་ལ་བརྟེན་ནས་རོ་མཉམ་པའོ། །ལྔ་པ་ལ། བདེ་སྟོང་ཟུང་འཇུག་ཏུ་རོ་མཉམ་པ། གསལ་སྟོང་ཟུང་འཇུག་ཏུ་རོ་མཉམ་པ། རིག་སྟོང་ཟུང་འཇུག་ཏུ་རོ་མཉམ་པའོ། །དེ་དག་གི་དོན་ཉེ་བར་བསྡུ་ན། རབ་ཆོས་སྐུར་མཉམ་པ་གྲོལ་ལམ་སྲིད་ཞི་མཉམ་ཉིད། །འབྲིང་ལོངས་སྐུར་མཉམ་པ་ཐབས་ལམ་བདེ་སྟོང་མཉམ་ཉིད། ཐ་མ་སྤྲུལ་སྐུར་མཉམ་པ་ཐུན་མོང་སྐྱིད་སྡུག་ལམ་ཁྱེར་དང་གསུམ་མོ། །སྡུག་བསྔལ་ཆུ་བོ་མ་ལུས་ཇི་སྙེད་པ། །བདེ་ཆེན་རྒྱ་མཚོར་རོ་མཉམ་གཅིག་གྱུར་པའི། །ཐབས་བཟང་འདི་ནི་སྐྲལ་པ་མཆོག་རྣམས་ཀྱིས། །བསྟེན་འོས་ཉིད་ཡིན་གཟུ་བོས་ཉམས་སུ་ལོངས། །ཞེས་སྨྲས་པ་དགེ་བ་ཉིད་དོ།། །།བདུན་པ་ལམ་ཟབ་མོ་ཐམས་ཅད་གྱི་གནད་སྐལ་ལྡན་བྱང་ཆུབ་ཏུ་བགྲོད་པར་བྱེད་པ་ལ་རིང་བ་མ་ཡིན་པ་བྱམས་སྙིང་རྗེའི་ཁྲིད་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ལ་གསུམ་སྟེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ་དམིགས་པ་མེད་པའི་སྙིང་རྗེའོ། །དེ་དག་གི་དོན་ཡང་། ཟབ་ཆོས་སྡུ་དང་རྣམ་པ་མཐུན་པ་དམིགས་པ་མེད་པའི་སྙིང་རྗེ། འབྲིང་ལོངས་སྐུ་དང་རྣམ་པ་མཐུན་པ་ཆོས་ལ་དམིགས་པའི་སྙིང་རྗེ། ཐ་མ་སྤྲུལ་སྐུ་དང་རྣམ་པ་མཐུན་པ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་གསུམ་དུ་འདུས་སོ། །འཇིག་རྟེན་མགོན་དང་དེ་སྲས་བཅས་རྣམས་ཀྱིས། །ཇི་ལྟར་འགྲོ་བའི་དོན་དུ་བསླབས་མཛད་གང་། །གྲུབ་དབང་ཤིང་རྟའི་སྲོལ་ལས་ལེགས་འོངས་པ། །མི་ཕམ་པད་དཀར་བདག་
༡༨༥ གིས་དགའ་བས་སྨྲས། །ཅེས་ཀྱང་བཤད་པ་ལེགས་པ་ཡིན་ནོ།། །།བརྒྱད་པ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་འབྲས་རྟེན་འབྲེལ་གྱི་ཁྲིད་ལ་གཉིས་ཏེ། ཤེས་བྱའི་ཚུལ་གྱིས་གཏན་ལ་དབབ་པ་དང་། བསྒོམ་བྱའི་ཚུལ་གྱིས་ཉམས་སུ་ལེན་པའོ། །དེ་ལ་བཞི་སྟེ། གཅིག་ཆོག་ཉམས་སུ་བླང་བ་དང་། རྩལ་རྫོགས་ཉམས་སུ་བླང་བ་དང་། སྤེལ་སྦྱང་ཉམས་སུ་བླང་བ། ཞར་ལ་སྒྲིག་དུས་བཞི་མ་འཆོལ་བའོ། །དང་པོ་ལ་བཞི་སྟེ། རྩ་བ་གཅིག་ཆོག་ཉམས་སུ་བླང་བ་དང་། ཡན་ལག་བཞི་ཕྱོགས་བཞིར་བརྒྱང་བ་དང་། དམ་ཚིག་གསུམ་པོ་ཁྲིད་དུ་བྱ་བ་དང་། ཐབས་ཀྱི་སྒོ་ནས་ཕན་འདོགས་ཀྱི་བྱ་བ་ཡོངས་སུ་བསྒྲུབ་པའོ། །གཉིས་པ་ལ་བཞི་སྟེ། བྱ་བ་བཏང་བ། ཆོག་ཤེས་པ། འདོད་པ་ཟད་པ། སྡོད་ཚུགས་པའོ། །གསུམ་པ་ལ་ནི། ལུས་ཀྱི་དམ་ཚིག་དང་། ངག་གི་དམ་ཚིག་དང་། ཡིད་ཀྱི་དམ་ཚིག་གོ། །གཉིས་པ་རྩལ་རྫོགས་བ་ལ། བཞི་སྟེ། བྱ་བ་སྣ་ཚོགས་ལ་རྩལ་སྦྱོང་བ། རིག་པ་སྣ་ཚོགས་ལ་རྩལ་སྦྱོང་བ། གདོན་སྣ་ཚོགས་ལ་རྩལ་སྦྱོང་བ། སྤྱོད་ལམ་སྣ་ཚོགས་ལ་སྦྱོང་རྩལ་བའོ། །གསུམ་པ་སྤེལ་སྦྱོང་ལ་གཉིས་ཏེ། སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྦྱོང་བ་དང་། དགེ་བ་ཕྲ་ཞིང་ཕྲ་བ་ནས་སྤེལ་བའོ། །བཞི་པ་སྒྲིག་དུས་བཞི་ནི། བླ་མའི་དྲུང་དུ་མོས་གུས་ཀྱི་རྟེན་འབྲེལ་སྒྲིག་པ། འཇིག་རྟེན་བློས་བཏང་གི་དུས་སུ་ཞེན་ལོག་གི་རྟེན་འབྲེལ་སྒྲིག་པ། སྒྲུབ་པའི་དུས་སུ་ཉམས་ལེན་གྱི་རྟེན་འབྲེལ་སྒྲིག་པ། འགྲོ་དོན་གྱི་དུས་སུ་གཞན་ཕན་གྱི་རྟེན་འབྲེལ་སྒྲིག་པའོ། །དེ་དག་གི་དོན་ཉེ་བར་བསྡུས་པ་འདི་ཡིན་ཏེ། གང་ལ་གང་འདུལ་གྱིས་ནད་ཀྱིས་དངོས་པོར་སྣང་བའི་རྒྱུ་འབྲས་
༡༨༦ སྤྲུལ་སྐུའི་རྩལ་སོང་། སྣང་ལ་རང་བཞིན་མེད་པའི་གནད་ཀྱིས་སྒྱུ་མ་ལྟ་བུའི་རྒྱུ་འབྲས་ལོངས་སྐུའི་རྩལ་སྦྱོང་། ཟབ་གསལ་གཉིས་མེད་ཀྱི་གནད་ཀྱིས་ནམ་མཁའ་ལྟ་བུའི་རྒྱུ་འབྲས་ཆོས་སྐུའི་རྩལ་སྦྱོང་དང་གསུམ་དུ་མ་འདུས་པ་མེད་དོ། རྟེན་ཅིང་འབྲེལ་འབྱུང་བདག་ཉིད་རྒྱལ་བའི་གསུང་། །གཞན་གྱིས་བདེ་བླག་ཉིད་དུ་རྟོགས་བྱའི་ཕྱིར། །འགྲོ་མགོན་རྗེ་ཡིས་ལེགས་པར་འདོམས་མཛད་པ། །ཇི་བཞིན་བཤད་འདི་བླང་བར་འོས་མིན་ནམ། །ཤེས་ལྡན་ཁྱེད་རྣམས་ཆོས་མིན་མཆིང་བུའི་ཚོགས། །ནོར་བུར་ཞེན་པའི་བློ་དེ་ཡོངས་སྤོངས་ལ། །ཟབ་དོན་ནོར་བུ་ཚེ་འདིར་རབ་བཟུང་ནས། །འགྲོ་བའི་རེ་བ་སྐོང་ན་མི་ལེགས་སམ། །ལ་ལ་རྨིག་རྗེས་ཆུ་དང་རྒྱ་མཚོ་དང་། །ཡུངས་འབྲུ་རི་རྒྱལ་མཆོག་ནི་མཚུངས་ལྟ་ཞིང་། །འདི་དང་གཞན་ནི་འདྲ་བར་སེམས་པའམ། །དེ་ལྟར་འཕགས་པ་རྣམས་ཀྱིས་དགོངས་པ་ཉིད། །ལ་ལ་ཁམས་ཀྱི་རྒྱལ་པོའི་ལོངས་སྤྱོད་ཀྱིས། །འཁོར་ལོས་སྒྱུར་རྒྱལ་དཔལ་ལ་འགྲན་བྱེད་པ། །དེ་ལྟར་རང་བཟོའི་སྒྲོ་བཏགས་ལྟར་སྣང་ཆོས། །འདི་དང་མཚུངས་ཞེས་སྨྲ་བ་བླུན་པ་ཉིད། །གཞན་ལ་ཕན་ཕྱིར་ལེགས་བྱས་འདི་བཤད་པས། །དགེ་པས་གང་གིས་བདག་གཞན་ཐམས་ཅད་ཀྱིས། །མྱུར་དུ་འཁོར་བའི་རྒྱ་མཚོ་ལེགས་བསྒྲལ་ཏེ། །རྣམ་མཁྱེན་མྱ་ངན་འདས་པའི་གླིང་བསྒྲོད་ཤོག །ཅེས་པ་འདི་ནི་གཙང་སྟོད་སའི་ཐིག་ལེ་དཔལ་ལྡན་ས་སྐྱའི་བྱད་འདབས་སུ་སྐྱེས་པ། སྡོམ་བརྩོན་སྡེ་སྣོད་འཛིན་པ་འཛིམས་དཀར་ཉི་ཟླ་རབ་འབྱམས་ཀྱིས་ཉེ་བར་བསྐུལ་བའི་ངོར། ཤཱཀྱ་འི་དགེ་སློང་ཆོས་སྨྲ་བ། འབྲུག་པ་རིན་པོ་ཆེའི་རིང་ལུགས་འཛིན་པ་མི་ཕམ་པདྨ་དཀར་པོ་ཕྱོགས་
༡༨༧ ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེས། ལྷོ་བརྒྱུད་བྱར་ཕུའི་དབེན་གནས་ཀུན་དགའ་བདེ་ཆེན་དགོན་པར་སྦྱར་བའོ།། །།

༄༅། །རྫོགས་པའི་སངས་རྒྱས་དཔལ་ཀརྨ་པའི་ཟབ་ཆོས་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་ཞེས་བྱ་བ་བཞུགས་སོ། །

༢༤༧ རྫོགས་པའི་སངས་རྒྱས་དཔལ་ཀརྨ་པའི་ཟབ་ཆོས་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་ཞེས་བྱ་བ་བཞུགས་སོ། །། །
༢༤༨ སྤྲོས་བྲལ་ཆོས་དབྱིངས་བདེ་ཆེན་དག་པའི་ངང་། །མ་འགགས་ལོངས་སྤྱོད་རྫོགས་པའི་སྒྱུ་འཕྲུལ་སྟོན། །སྣ་ཚོགས་སྤྲུལ་སྐུས་འགྲོ་བ་འདྲེན་མཛད་པ། །སྐུ་གསུམ་བཀའ་བརྒྱུད་བླ་མར་ཕྱག་བྱས་ནས། །གདམས་ངག་ཟབ་མོ་སྐུ་གསུམ་སྐུ་བཞི་ཡི། །གནད་དོན་ཚིག་ཉུང་དོན་ཚང་འགོད་པར་བྱ། །དེ་ཡང་གང་ཟག་དབང་པོ་དམན་རྣམས་ལ། །སྔོན་དུ་འགྲོ་བའི་ཆོས་བཞི་སྟོན་པ་སྟེ། །སྐྱབས་སེམས་ཡིག་བརྒྱ་མཎྜལ་ལ་འབད་དེ། །སྣང་གྲགས་རྟོག་གསུམ་ཆོས་སྐུའི་རང་བཞིན་དང་། །གསལ་སྟོང་འཛིན་བྲལ་ཉིད་དུ་འབད་པར་བྱ། །དབང་པོ་འབྲིང་དུ་གྱུར་པའི་གང་ཟག་ལ། །གནད་བཞི་ཆོས་ཉིད་འཁོར་ལོ་བསྐོར་བ་སྟེ། །དང་པོ་བཅའ་བ་ལུས་ཀྱི་གནད་སྟོན་པ། །བཏང་སྙོམས་རྩོལ་སྒྲུབ་མེད་པར་སྐྱིལ་ཀྲུང་བཅའ། །ལག་པ་མཉམ་བཞག་སྒལ་ཚིགས་མདའ་ལྟར་བསྲང་། །བདེ་ཞིང་ཡངས་དང་ལྷོད་པར་བཅའ་བར་བྱ། །གཉིས་པ་བླ་མའི་རྣལ་འབྱོར་མོས་གུས་གནད། །རང་གི་སྤྱི་བོར་པད་ཉི་ཟླ་གདན་སྟེང་། །དཔལ་ལྡན་རྩ་བའི་བླ་མ་རྡོ་རྗེ་འཆང་། །སངས་རྒྱས་
༢༤༩ ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་བསམ་མི་ཁྱབ་པའི་ངོ་བོ་ལ། །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར་བར་བསྒོམ། །བླ་མའི་གསང་བ་གསུམ་གྱི་བྱིན་རླབས་རྣམས། །བདག་གི་སྒོ་གསུམ་ཉིད་ལ་རབ་ཞུགས་ནས། །མཆོག་གི་དངོས་གྲུབ་ཐོབ་པར་གསོལ་བ་འདེབས། །དེ་ལྟར་ཡང་ཡང་བསྒོམ་ཞིང་འབད་པར་བྱ། །མཐར་ནི་འཁོར་རྣམས་འོད་ཞུ་བླ་མར་ཐིམ། །རྡོ་རྗེ་འཆང་ཉིད་འོད་ཞུ་རང་ལ་བསྟིམ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་བསམ། །དེ་ལྟར་རྩེ་གཅིག་ལེགས་པར་འབད་བྱས་ན། །སྐྱོན་དག་ཡོན་ཏན་མ་ལུས་རྫོགས་པར་འགྱུར། །གསུམ་པ་སྲོག་རྩོལ་རླུང་གི་གནད་སྟོན་ཏེ། །རླུང་ཞེས་ལས་ཀུན་བྱེད་པས་གལ་གནད་ཆེ། །དེ་ཉིད་བསྒོམ་ལ་ལུས་གནད་སྔར་བཞིན་ཏེ། །གཟུང་འཛིན་གཉིས་དང་ནད་གདོན་སེལ་བའི་ཕྱིར། །རླུང་རོ་ལན་གསུམ་ལྷག་མ་མེད་པར་དབྱུང་། །དེ་ནས་བུམ་ཆེན་ཁ་སྦྱོར་ཚུལ་བཞིན་འཛིན། །རིག་པ་གསལ་སྟོང་འཛིན་མེད་འོད་གསལ་བའི། །ངང་དུ་མ་ཡེངས་མཉམ་པར་བཞག་པར་བྱ། །རླུང་ནི་ཕྱིར་འབུད་དུས་སུ་གཟུང་འཛིན་གྱི། །སྡིག་སྒྲིབ་དག་
༢༥༠ པར་བསམ་ཞིང་ཡང་ཡང་འབད། །བཞི་པ་རྩོལ་བ་ལུས་སྦྱོང་གནད་སྟོན་ཏེ། །ལུས་ཀྱི་སྒྲིབ་པ་མ་ལུས་སྦྱོང་བའི་ཕྱིར། །ལུས་སྦྱོང་འཁྲུལ་འཁོར་སུམ་བཅུ་སོ་བདུན་པ། །བརྒྱའམ་སྟོང་སོགས་མང་དུ་འབད་བྱས་པས། །ངལ་ཞིང་དུབ་ཚེ་རིག་པ་གང་དུ་ཡང་། །མི་འཕྲོ་སལ་ལེ་སེང་ངེ་མཉམ་པར་བཞག །དེ་ནས་གནད་བཞིའི་རྩ་བ་གཏུམ་མོ་བསྒོམ། །དེ་ཡང་རང་ལུས་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བཞི་གཙིགས། །ཕྱག་རྒྱ་ལྔས་བརྒྱན་དབུ་སྐྲ་སིལ་བུར་གྲོལ། །སྐུ་ཡི་ནང་ཀུན་སྟོང་གསལ་དག་པའི་དབུས། །རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ། །ལྟེ་བར་རཾ་ཡིག་ཡོངས་སུ་གྱུར་པ་ལས། །ཡེ་ཤེས་གཏུམ་མོ་མཚན་ཉིད་བཞི་ལྡན་བསྒོམ། །རླུང་བཟུང་མེ་དེ་ཇེ་ཆེར་གྱུར་པ་ལས། །དབུ་མའི་ནང་དང་རོ་རྐྱང་རྩ་འདབ་ཀུན། །ཡེ་ཤེས་མེ་ཡིས་ཆིལ་གྱིས་གང་བར་བསམ། །དྲུག་སྐོར་ལ་སོགས་འཁྲུལ་འཁོར་ལ་འབད་པས། །མེ་དྲོད་བསྐྱེད་ཅིང་བདེ་བ་སྐྱེ་བར་འགྱུར། །བདེ་སྟོང་ངོ་བོ་བལྟས་པས་རང་སར་གྲོལ། །འདི་ན་རྣམ་པར་མི་རྟོག་བསྐྱེད་རིམ་སྟེ། །ཞིབ་པར་ཁྲིད་ཆེན་རྣམས་སུ་གསལ་བཞིན་ནོ། །དངོས་གཞི་སྐུ་གསུམ་ངོ་སྤྲོད་ཚུལ་སྟོན་ཏེ། །ཐོག་མར་སྤྲུལ་པའི་སྐུ་རུ་ངོ་སྤྲོད་པ། །པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་། །བདག་ཉིད་བཅོམ་ལྡན་་ཐུབ་པ་མཆོག །གསེར་མདོག་ཆོས་གོས་རྣམ་པ་གསུམ་དང་ལྡན། །མཚན་བཟང་སུམ་ཅུ་དཔེ་བྱད་བརྒྱད་ཅུས་སྤྲས། །ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་གིས་མཚན། །སྲོག་རྩོལ་རླུང་གི་སྦྱོར་བ་དང་ལྡན་པས། །རླུང་གི་ནང་དུ་རྔུབས་པར་བྱེད་པའི་ཚེ། །སེམས་ཅན་ཐམས་ཅད་སྤྲུལ་སྐུ་ཤཱཀ་ཐུབ་དང་། །སངས་རྒྱས་སྟོང་སོགས་སྤྲུལ་པའི་སྐུ་རུ་གྱུར། །རང་གི་སྣ་དང་བ་སྤུའི་བུ་ག་ནས། །ཐམས་ཅད་ཚུར་འདུས་དབུ་མའི་ནང་དུ་ཐིམ། །སྲོག་རྩོལ་རླུང་སྦྱོར་ཕར་ལ་གཏོང་བའི་
༢༥༡ དུས། །སྤྲུལ་སྐུ་ཤཱཀ་ཐུབ་བྱེ་བ་གྲངས་མེད་འཕྲོས། །འཇིག་རྟེན་ཁམས་ནི་ཐམས་ཅད་ལྟེམ་གྱིས་གང་། །དེ་དག་ཀུན་གྱིས་ཆོས་སྒྲ་ཆེར་སྒྲོགས་པས། །འགྲོ་བ་ཐམས་ཅད་ཤཱཀ་ཐུབ་ཁོ་ནར་གྱུར། །རླུང་ནི་ནང་དུ་རྔུབས་པར་གྱུར་པའི་ཚེ། །དེ་དག་ཐམས་ཅད་ཚུར་འདུས་དབུ་མར་ཐིམ། །མི་དམིགས་གསལ་སྟོང་ངང་དུ་མཉམ་པར་བཞག །སྟོང་ཉིད་ངང་དུ་སྙིང་རྗེ་ཚད་མེད་བསྒོམ། །རིག་པ་ལྟེ་བའི་དབུས་སུ་གཏད་པར་བྱ། །དེ་ལྟར་ཡང་ནས་ཡང་དུ་བསྒོམ་པ་ཡིས། །ཆོས་ཀུན་སྤྲུལ་པའི་སྐུ་རུ་རྟོགས་པར་གསུང་། །གདོད་ནས་འགྲོ་ཀུན་སྤྲུལ་པའི་སྐུར་གྲུབ་ཀྱང་། །མ་རྟོགས་ཐ་མལ་འཁྲུལ་སེམས་ཞེན་པས་བསྒྲིབས། །བསྒོམས་པས་ཐ་མལ་འཁྲུལ་པ་ཀུན་སངས་རྒྱས། །སྣང་སྲིད་སྤྲུལ་པའི་སྐུ་རུ་རྟོགས་པར་གསུང་། །དེ་ནས་ལོངས་སྤྱོད་རྫོགས་སྐུར་སྦྱོང་བའི་ཐབས། །པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་། །རང་ཉིད་སྐད་ཅིག་དྲན་རྫོགས་སྤྱན་རས་གཟིགས། །འགྲོ་འདུལ་ཕྱག་བཞི་པ་ཡི་སྐུ་རུ་བསྒོམ། །ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་མཐར། །ཡི་གེ་དྲུག་པས་གཡས་སུ་བསྐོར་བར་བསམ། །རླུང་གི་སྦྱོར་བ་ཕྱི་རུ་བུས་པའི་ཚེ། །སྣ་བུག་གཉིས་དང་བ་སྤུའི་བུ་ག་ནས། །འོད་ཟེར་ཁ་དོག་སྣ་ཚོགས་དུ་མ་འཕྲོས། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཁྱབ་པར་འཕྲོས། །འགྲོ་བ་རིགས་དྲུག་བར་དོར་བཅས་པ་ཡི། །སེམས་ཅན་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུ། །འཕགས་མཆོག་སྤྱན་རས་གཟིགས་དབང་ཤ་སྟག་གྱུར། །རླུང་གི་སྦྱོར་བ་ནང་དུ་རྔུབས་པའི་ཚེ། །དེ་དག་ཐམས་ཅད་ཚུར་འདུས་རང་ལ་ཐིམ། །དྲན་རིག་མ་བཅོས་སོ་མའི་ངང་དུ་བཞག །རང་གི་སྐུ་ལས་འོད་ཟེར་དཔག་མེད་འཕྲོས། །རབ་འབྱམས་དག་པའི་ཞིང་ཁམས་མཆོག་རྣམས་སུ། །ལོངས་སྤྱོད་རྫོགས་པའི་སྐུར་གྱུར་ཐམས་ཅད་ལ། །ཀུན་
༢༥༢ བཟང་སྨོན་ལམ་ལྟ་བུའི་མཆོད་པས་མཆོད། །ཐམས་ཅད་ཐུགས་རྗེ་ཆེན་པོའ་སྐུར་གྱུར་ནས། །རླུང་སྦྱོར་ནང་དུ་རྔུབས་དང་ལྷན་ཅིག་ཏུ། །ཐམས་ཅད་ཚུར་འདུས་བདག་ལ་ཐིམ་པར་བསམ། །གསལ་སྟོང་ངོ་བོའ་སྟེང་དུ་ལྷན་ནེར་བཞག །རིག་པ་མགྲིན་པའི་གནས་སུ་གཏད་པར་བྱ། །དེ་ལྟར་ཡང་ཡང་ནན་ཏན་བསྒོམས་བྱས་པས། །རང་བཞིན་གསལ་སྟོང་ལོངས་སྤྱོད་རྫོགས་སྐུར་རྟོགས། །ཡོན་ཏན་དཔག་མེད་རིམ་གྱིས་འབྱུང་བ་དང་། །ལོངས་སྐུའི་ལྷ་ཚོགས་རྣམས་ཀྱི་ཞལ་མཐོང་ཞིང་། །རང་ཉིད་མ་འོངས་ལོངས་སྤྱོད་རྫོགས་སྐུ་ཡིས། །སེམས་ཅན་རྒྱ་མཚོའི་དོན་བྱེད་ནུས་པས་འགྱུར། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་པ། །ངོ་བོ་སྟོང་པའི་དབྱིངས་ལས་རང་བཞིན་གསལ། །གསལ་སྟོང་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུ་ཡི། །རྟོགས་པ་ཡང་དག་ཤུགས་ཀྱིས་འཆར་བར་འགྱུར། །རང་སེམས་ཆོས་ཀྱི་སྐུ་རུ་ངོ་སྤྲོད་པ། །མ་བཅོས་གཉུག་མ་ལྷུན་གྱིས་གྲུབ་པ་ནི། །གང་ནས་མ་འོང་གང་དུ་མི་འགྲོ་ཞིང་། །འདུས་མ་བྱས་པ་ལྷུན་གྱིས་གྲུབ་པ་ནི། །འགྱུར་བ་མེད་པ་ཆོས་ཀྱི་སྐུ་ཞེས་བརྗོད། །ཚིག་ཏུ་བརྗོད་དང་དཔེ་ཡིས་མཚོན་པ་མེད། །ནམ་མཁའི་དཀྱིལ་དུ་བལྟས་པས་མཐོང་བ་འགགས། །སེམས་ཀྱིས་སེམས་ལ་ཡང་ཡང་བལྟ་བྱས་ན། །རྣམ་རྟོག་ཚོགས་རྣམས་ཆུ་དང་རླབས་བཞིན་ཤེས། །རིག་པ་གར་ཡང་མི་འཕྲོག་ནས་ཙམ་ན། །ཆོས་ཀུན་སྟོང་པ་ཉིད་དུ་གོ་བར་འགྱུར། །དེ་ལྟར་རྟོགས་ཚེ་འཁོར་འདས་ཆོས་རྣམས་ཀུན། །སེམས་ཉིད་ཁོ་ནའི་ཆོ་འཕྲུལ་ཉིད་དུ་གོ་།དྲན་རྟོག་ཐུགས་ཀྱི་ཁྱེར་སོ་བྱ་བ་དང་། །དབུ་མ་ཕྱག་ཆེན་རྫོགས་ཆེན་ཉམས་ལེན་རྣམས། །དོན་གཅིག་མིང་གི་རྣམ་གྲངས་ཁོ་ན་ཉིད། །དབེན་གནས་ཕྱི་རུ་མི་བཙལ་རང་ལུས་ཉིད། །གཞལ་ཡས་ཁང་ཡིན་སེམས་ཉིད་སྐྱེ་མེད་འདི། །ལྷ་དང་བླ་མ་དེ་ལས་གཞན་དུ་མེད། །གཏི་མུག་ཞེ་སྡང་
༢༥༣ འདོད་ཆགས་ང་རྒྱལ་དང་། །ཕྲག་དོག་ཚོགས་རྣམས་མ་སྤངས་རང་གྲོལ་ཏེ། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ཉིད་དུ་ངེས། །མདོར་ན་ཆོས་ཀུན་སེམས་ཉིད་ཁོ་ནའི་ཕྱིར། །མ་བཅོས་རང་སར་བཞག་པའི་སེམས་ཉིད་ལ། །རྣམ་རྟོག་འཕྲོ་ཡང་འཛིན་མེད་ལྷོད་དེར་བཞག །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །ཐམས་ཅད་སྣང་སྟོང་དབྱེར་མེད་ཁོ་ནར་གྲོལ། །ཡོད་དང་མེད་ཅེས་བྱ་བའི་མཐའ་དང་བྲལ། །བསྒོམ་མེད་ཡེངས་མེད་དགག་སྒྲུབ་སྤང་བླང་བྲལ། །བསྒོམ་ཞེས་བྱ་བ་དོན་ལ་མ་གྲུབ་སྟེ། །མ་ཡེངས་ཙམ་དུ་རང་གར་བོར་བས་བདེ། །གསལ་ལ་མི་རྟོག་བདེ་སྟོང་སྤྲོས་བྲལ་བ། །རང་རིག་རྗེན་པའི་སྟེང་དུ་ངོ་འཕྲོད་ན། །དབང་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། །འབྲས་བུ་ཆོས་སྐུ་ཞེས་བྱར་བཏགས་པ་ཡིན། །དེ་ཕྱིར་སྙན་བརྒྱུད་དྲི་མ་མེད་པ་འདི། །བློ་ལྡན་སྐལ་བཟང་རྣམས་ཀྱིས་སྤྱོད་པར་རིགས། །དེ་ལྟར་སྐུ་གསུམ་སྐུ་བཞིའི་ངོ་སྤྲོད་མདོར་བསྡུས་པ་ཙམ་སྟེ། ཞིབ་པ་ནི་བཀའ་བརྒྱུད་གོང་མ་དག་གི་ཁྲིད་ཡིག་རྒྱས་འབྲིང་དུ་མ་བཞུགས་པ་རྣམས་ལས་རྟོགས་པར་བྱའོ། །འདི་ནི་རྩ་བ་རྗེ་རང་བྱུང་རྡོ་རྗེའི་གསུང་ཉིད་ལ་ཀརྨ་ཆགས་མེད་རིན་པོ་ཆེའི་ཟིན་བྲིས་བཞིན་བྲིས་པ་སྟེ། འཇམ་མགོན་བླ་མ་མཁྱེན་བརྩེའི་དབང་པོ་མཆོག་གི་བཞེད་སྐོང་དུ། དཔལ་ཀརྨ་པའི་སྐུ་ཕྲེང་བཅུ་བཞི་པའི་མཚན་གྱི་བྱིན་རླབས་འཛིན་པ་དཔལ་ལྡན་རིགས་ཀུན་ལྷུན་གྲུབ་ཐེག་མཆོག་རྡོ་རྗེ་ངེས་དོན་བསྟན་པའི་ཉི་མ་ཞེས་འབོད་པའི་སྙོམས་ལས་པས་དགེ་བསྙེན་ཆེན་པོ་རྡོ་རྗེ་སྨན་དཔལ་གྱིས་སྐྱོང་བའི་ཡུལ་ཟླ་ནང་གི་དབེན་གནས་དྲི་བསུང་སྤོས་ངད་ལྡན་པའི་ལྗོན་ཤིང་གི་ནགས་ཚལ་སྟུག་པོའ་དབུས། སྒྲུབ་ཁང་བཀྲ་ཤིས་རབ་བརྟེན་གྱི་བསམ་གཏན་ཁང་བུར་ལམ་ཟབ་རྡོ་རྗེའི་རྣལ་འབྱོར་ལ་གཞོལ་བའི་ཐུན་མཚམས་སུ་བྲིས་པས་འགྲོ་ཀུན་ཐམས་ཅད་རྣམ་མཁྱེན་ཐོབ་པའི་རྒྱུར་གྱུར་ཅིག། །།མངྒ་ལམ།། །།

༄༅། །དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབེབས་པ་ཆེན་པོ་ཞེས་བྱ་བ་བཞུགས་སོ༎ ༎

༣༤༥ ༄༅། །དཔལ་དུས་ཀྱི་འཁོར་ལོའ་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབེབས་པ་ཆེན་པོ་ཞེས་བྱ་བ་བཞུགས་སོ།། །།
༣༤༦ ༄༅། །ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ །རྣམ་ཀུན་མཆོག་ལྡན་ཐིག་ལེ་སྟོང་པ་དྲུག །འགྱུར་མེད་བདེ་བ་སྟོང་ཆེན་ཡི་གེ་ལྔ། །སྙོམས་ཞུགས་འོད་གསལ་བདེ་གཤེགས་སྙིང་པོ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །ཐོག་མཐའ་དབུས་གནས་དུས་དང་ཡོན་ཏན་མེད། །སྐད་ཅིག་གཅིག་གིས་བྱང་ཆུབ་ཐམས་ཅད་མཁྱེན། །ཡེ་ཤེས་རྡོ་རྗེ་ཕྱག་རྒྱ་ཆེན་མོ་ལ། །གསོལ་བ་འདེབས་སོ །མཆོག་ཏུ་མི་འགྱུར་སྐྱེ་འཇིགས་སྤངས་པའི་བདེ། །རྣམ་པ་ལྔ་ཡིས་བྱང་ཆུབ་ཡེ་ཤེས་སྐུ། །ཐུགས་ཀྱི་རྡོ་རྗེ་དང་པོའ་སངས་རྒྱས་ལ། །གསོལ་བ །གཞོམ་མེད་སྒྲ་བརྙན་བདེན་དོན་བཅུ་གཉིས་པ། །རྣམ་པ་ཉི་ཤུས་བྱང་ཆུབ་ཉིན་མོར་བྱེད། །གསུང་གི་རྡོ་རྗེ་དུས་ཀྱི་འཁོར་ལོ་ལ། །གསོལ་བ །ཞི་བའི་གཟུགས་བརྙན་དེ་ཉིད་བཅུ་དྲུག་རིག །སྒྱུ་དྲྭས་བྱང་ཆུབ་པདྨ་འདབ་རྒྱས་སྤྱན། །སྐུ་ཡི་རྡོ་རྗེ་ཤཱཀྱ་ཐུབ་པ་ལ། །གསོལ་བ །རྡོ་རྗེ་ཟླ་བ་དྲི་མེད་འོད་བཟང་པོ། །ལྷ་
༣༤༧ དབང་གཟི་བརྗིད་ཟླ་བྱིན་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ལ། །གསོལ་བ །ས་བཅུའི་དབང་ཕྱུག་ཚོགས་ཀྱི་སྤྲུལ་པའི་སྐུ། །འཇམ་དཔལ་གྲགས་པ་པདྨ་དཀར་པོ་སོགས། །རིགས་ལྡན་ཉེར་ལྔ་ཕྱེད་སྐྱོང་དུམ་སྐྱོང་ལ། །གསོལ་བ །འཇམ་པའི་རྡོ་རྗེ་རྒྱུད་ཀྱི་བདག་པོའ་བདག །ཤྲཱི་བྷ་དྲ་སེམས་འགྲེལ་མཁའ་ཁྱབ་སྤེལ། །རྡོ་རྗེའི་སྐུ་བརྙེས་དུས་ཞབས་ཆེ་ཆུང་ལ། །གསོལ་བ །བོ་དྷི་བྷ་དྲ་ལས་ཆེན་ཐོགས་མེད་འགྲུབ། །སོ་མ་ནཱ་ཐ་ཕྲ་རགས་ཟག་པ་ཟད། །མཆོག་གི་གྲུབ་པ་པཎ་ཆེན་རྣམ་གཉིས་ལ། །གསོལ་བ །ཤེས་རབ་གྲགས་པ་གཞོམ་མེད་སྒྲ་སྐད་བསྒྱུར། །སྒོམ་པ་ཀུན་མཆོག་སྤྱན་སྔ་ཆགས་མེད་འཆང་། །སྔགས་མཆོག་རིག་པའི་བདག་པོ་ནམརྣམ་གཉིས་ལ། །གསོལ་བ །སྒྲོ་སྟོན་གནམ་བརྩེགས་འཕོ་ཆེན་་ཏིར་བཅིངས། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་མཁའ་ལ་སྤྱོད། །ཉི་ཟླའི་བགྲོད་པ་དག་པ་རྣམ་
༣༤༨ གཉིས་ལ། །གསོལ་བ །ཆོས་ཀྱི་དབང་ཕྱུག་གཉུག་མའི་ཆོས་གཏེར་བརྡོལ། །ནམ་མཁའ་འོད་ཟེར་མཁྱེན་རྟོགས་གཟི་འོད་འཕྲོ། །ལུང་རྟོགས་ཆོས་ཀྱི་ཕུང་པོ་རྣམ་གཉིས་ལ། །གསོལ་བ །ཌཱ་ཀི་ཇོ་འབུམ་ལྷན་སྐྱེས་ལང་ཚོས་སྒེག །ནམ་མཁའ་རྒྱལ་མཚན་དུས་གསུམ་ས་ལེར་གཟིགས། །ཡེ་ཤེས་ལུས་ཅན་ལྕམ་དྲལ་རྣམ་གཉིས་ལ། །གསོལ་བ །ཤེས་རབ་འོད་ཟེར་ཤེས་དང་ཤེས་བྱའི་བདག །ཆོས་སྐུ་འོད་ཟེར་འོད་གསལ་ཕྱག་རྒྱས་འཁྱུད། །མཆོག་ཐུན་གྲུབ་པའི་རྒྱལ་པོ་རྣམ་གཉིས་ལ། །གསོལ་བ །ཀུན་སྤངས་ཆེན་པོ་ཕྲ་རག་རྡུལ་ཆོས་སྤངས། །བྱང་སེམས་ཆེན་པོ་བྱམས་པའི་གོ་ཆས་གཡོགས། །རིགས་ལྡན་སྤྲུལ་པའི་སྐུ་མཆོག་རྣམ་གཉིས་ལ། །གསོལ་བ །མཁས་བཙུན་ཆེན་པོ་ཡོན་ཏན་རྒྱ་མཚོར་འཁྱིལ། །དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པབ། །རྒྱུད་འགྲོལ་མན་ངག་ཤིང་རྟ་ཆེན་པོ་ལ། །གསོལ་བ །སྒྲ་བསྒྱུར་སྐུ་མཆེད་ནཱ་དའི་རང་སྒྲ་སྒྲོགས། །ཕྱོགས་ལས་རྣམ་རྒྱལ་སྒྲིབ་གསུམ་གཡུལ་ལས་རྒྱལ། །རྒྱལ་ཚབ་ས་བརྙེས་སྐྱེས་ཆེན་རྣམ་གསུམ་ལ། །གསོལ་བ །ཀུན་དགའ་དཔལ་བ་ཤེས་བཅུ་རྣམ་དག་འཆང་། །ཀུན་དགའ་བློ་གྲོས་རྣམ་བཅུའི་དབང་དང་ལྡན། །ནང་གི་ས་བཅུའི་མཐར་སོན་རྣམ་གཉིས་ལ། །གསོལ་བ །དཀོན་མཆོག་བཟང་པོ་གཉིས་འཛིན་འཆིང་བ་བཅད། །ནམ་མཁའ་ཆོས་སྐྱོང་རྟོགས་པ་མཁའ་དང་མཉམ། །རིམ་གཉིས་རྣལ་འབྱོར་དབང་ཕྱུག་རྣམ་གཉིས་ལ། །གསོལ་བ །ནམ་མཁའ་དཔལ་བཟང་རྣམ་ཤེས་རྒྱལ་ཁམས་བརྒལ། །
༣༤༩ རཏྣ་བྷ་དྲ་འཁོར་ལོ་བདེ་བས་གང་། །མཁས་མཆོག་སྨྲ་བའི་སེང་གེ་རྣམ་གཉིས་ལ། །གསོལ་བ །འཇམ་མགོན་གྲོལ་མཆོག་གནས་གསུམ་འདུ་བ་ཐོབ། །ལུང་རིག་རྒྱ་མཚོ་སྲིད་མེད་སྲིད་པར་གནས། །ངེས་པ་དོན་གྱི་མཁས་གྲུབ་རྣམ་གཉིས་ལ། །གསོལ་བ །སྲོག་དང་ཐིག་ལེ་སྟོང་པའི་གཟུགས་ཀྱིས་བཅིངས། །པདྨ་རྡོ་རྗེ་ཉི་ཟླའི་དབུས་སུ་ཞུགས། །གསང་བདག་རྡོ་རྗེ་སེམས་དཔའ་སྒྲོལ་བའི་མགོན། །གསོལ་བ །ཡེ་ཤེས་རྒྱ་མཚོ་དྭངས་མ་སྒྲིབ་བྲལ་སྨིན། །རིན་ཆེན་རྒྱ་མཚོ་སྟོང་གཟུགས་བདེ་བར་གྲུབ། །འགྲན་ཟླ་ཀུན་བྲལ་རྒྱབ་ཚབ་རྣམ་གཉིས་ལ། །གསོལ་བ །བློ་གྲོས་རྣམ་རྒྱལ་བདེན་དོན་མཁའ་ཁྱབ་རྟོགས། །ངག་དབང་ཕྲིན་ལས་བྱིན་བརླབས་གཟི་བྱིན་འབར། །མངོན་སུམ་ལམ་གྱི་སྲོག་འཛིན་རྣམ་གཉིས་ལ། །གསོལ་བ །ཀུན་བཟང་དབང་པོ་ཟག་མེད་བདུད་རྩིས་མྱོས། །ཚེ་དབང་ནོར་བུ་རླུང་སེམས་དབང་དུ་མཛད། །བརྟུལ་ཞུགས་ཕྱོགས་མེད་གྲུབ་པ་རྣམ་གཉིས་ལ། །གསོལ་བ །བསྟན་པའི་ཉིན་བྱེད་ཡེ་ཤེས་འོད་བརྒྱ་འཕྲོ། །ཕྲིན་ལས་རྣམ་རྒྱལ་དགའ་བཞིའི་རྩེ་མོ་འཆང་། །རླབས་ཆེན་འགྲོ་བའི་དེད་དཔོན་རྣམ་གཉིས་ལ། །གསོལ་བ །པདྨ་ཉིན་བྱེད་རྟག་བདེའི་རྒྱལ་ཐབས་སྐྱོང་། །རྩ་བའི་བླ་མ་རིགས་བརྒྱའི་འཁོར་ལོས་སྒྱུར། །སངས་རྒྱས་ཀུན་དངོས་རྩ་བརྒྱུད་བླ་མ་ལ། །གསོལ་བ །ཡང་ན། ངག་དབང་ཕྲིན་ལས་ཀྱི་རྗེས་སུ། ངག་དབང་རྣམ་རྒྱལ་ཡིད་དཔྱོད་མཐའ་ལས་རྒྱལ། །ཀུན་དགའ་ཆོས་འཕེལ་ཀུན་དཱ་འཕེལ་ཞིང་བརྟན། །དེསངེས་དོན་བསྟན་པའི་སྲོག་འཚོ་རྣམ་གཉིས་ལ། །
༣༥༠ གསོལ་བ །ངག་དབང་དྲི་མེད་འཕོ་བའི་དྲི་མ་བཅོས། །ངག་དབང་ཆོས་འཕེལ་འོད་གསལ་མཁའ་ཁྱབ་འཕེལ། །སྦས་པའི་རྣལ་འབྱོར་དབང་ཕྱུག་རྣམ་གཉིས་ལ། །གསོལ་བ །རྡོ་རྗེའི་རྣལ་འབྱོར་སྟོན་མཛད་བཀའ་དྲིན་ཅན། །རྩ་བའི་བླ་མ །སོགས། ཁྱད་ཆོས་བཞི་ལྡན་བརྟགས་པའི་རྣལ་འབྱོར་གྱིས། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གསལ་སྣང་གི། །རབ་མཐར་ཕྱིན་པས་ཞི་སོགས་ལས་ཆེན་འགྲུད། །སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརློབས། །ལྟོས་མེད་བཞི་ཡིས་རྣམ་པ་ཐམས་ཅད་པའི། །འཆར་སྒོ་འབྱམས་ཀླས་ཉམས་རྩལ་ཕྱོགས་མེད་རྒྱས། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ལ། །ཡིད་ཆེས་རྣམ་གསུམ་ཐོབ་པར་བྱིན་གྱིས །མི་གཡོ་གསུམ་ལྡན་མི་རྟོག་ནང་གི་མཁར། །རྣམ་ཤེས་ཡུལ་དང་ཡུལ་ཅན་འབྲེལ་པ་བཅད། །སྟོང་པའི་ཡུལ་ལ་ཡེ་ཤེས་དབང་པོ་ཞུགས། །འོད་གསལ་རྟགས་བཅུ་རྫོགས་པར་བྱིན །སྲིད་གསུམ་གཟུགས་བརྙན་རང་གི་སེམས་ཉིད་དང་། །རོ་མཉམ་ཡན་ལག་ལྔ་པོ་མཐར་ཕྱིན་པ། །བསམ་གཏན་ཐོག་མར་དགེ་བའི་བསྙེན་པ་ཡིས། །རྡོ་རྗེ་བསླང་བ་འགྲུབ་པར་བྱིན །རྡོ་རྗེ་གསུམ་བཟླས་བྱེད་པ་བཅིངས་པ་ཡིས། །སྲོག་གཟུགས་རབ་གྲུབ་ཉི་ཟླའི་རྒྱུ་པབ་འགག །མུན་ཆེན་དབྱིངས་སུ་སྲོག་ཐུར་མཉམ་པར་འདྲེས། །འཆི་བའི་འཇིགས་པ་འཇོམས་པར་བྱིན །རླུང་གི་གོང་བུ་མི་ཤིགས་དཔྲལ་བར་ཐིམ། །གཞོམ་མེད་སྒྲ་སྒྲོགས་འབར་ཞུའི་བདུད་རྩིའི་བརླན། །བར་དུ་དགེ་བ་ཉེར་སྒྲུབ་རྡོ་རྗེའི་མེ། །ལྷ་སྐུའི་འདུ་འཕྲོ་ཤར་བར །
༣༥༡ ཕྱག་རྒྱ་གསུམ་སྦྱོར་དགའ་བཞི་རྗེས་དྲན་པས། །བདེ་སྟོང་འཕེལ་བརྟན་འཁོར་ལོའ་བདག་པོ་ཡི། །ལུས་ལས་འཕྲོས་པའི་འོད་ཀྱི་དཀྱིལ་འཁོར་དུ། །དག་པའི་གཟུགས་བརྙན་གསལ་བར་བྱིན །ཉི་རྡུལ་ཚོགས་པ་ནོར་བུའི་རྩེ་མོར་བརྟན། །བྱང་སེམས་ཟླ་བ་གཙུག་ཏོར་དབུས་སུ་ཉ། །མཐར་དགེ་ཏིང་འཛིན་སྒྲུབ་པས་དབུགས་འགགས་ནས། །ཞུ་བདེ་འགྱུར་མེད་འགྲུབ་པར་བྱིན་གྱིས་བརློབས། །སྦྱང་གཞི་སྐུ་དང་འོད་གསལ་རྡོ་རྗེའི་བཞི། །སྦྱང་བྱ་འཕོ་བ་ཀུན་སྤྱོད་གནས་སྐབས་བཞི། །སྦྱོང་བྱེད་རྣམ་ཐར་དག་པ་དེ་ཉིད་བཞིས། །སྦྱངས་འབྲས་བྱང་ཆུབ་མཁྱེན་བཞི་མངོན་གྱུར་ཤོག །སྲིད་པའི་རྣམ་པ་གཞོམ་མེད་རབ་སད་ནས། །དངོས་དང་དངོས་མེད་གཅིག་གྱུར་མ་ནིང་དངོས། །ཁམས་གསུམ་དབང་ཕྱུག་མཁའ་ཁྱབ་ཟུང་འཇུག་སྐུ། །དུས་ཀྱི་འཁོར་ལོའ་གོ་འཕང་འགྲུབ་གྱུར་ཅིག །ཅེས་པ་འདི་འང་ཡོངས་རྫོགས་བསྟན་པའི་སྒྲོན་མེ་ཐར་རྩེ་མཆོག་སྤྲུལ་རིན་པོ་ཆེའི་བཀའ་ལྟར་ཡོན་ཏན་རྒྱ་མཚོས་ནག་ཟླའི་གྲལ་ཚེས་བཟང་པོར་གུས་པ་ཆེན་པོས་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།

༄། །ཇོ་བོ་རྗེས་རྒྱལ་སྲིད་སྤངས་ནས་ཐར་པ་སྒྲུབ་པའི་རྣམ་པར་ཐར་པ་བཞུགས་སོ༎

༣༧༩

ཇོ་བོ་རྗེས་རྒྱལ་སྲིད་སྤངས་ནས་ཐར་པ་སྒྲུབ་པའི་རྣམ་པར་ཐར་པ་བཞུགས་སོ། །

༣༨༠

རྒྱ་གར་སྐད་དུ། །གུ་རུ་གུ་ཎ་དྷརྨྨ་ཀ་རཱ་ནཱ་མ། །བོད་སྐད་དུ། །བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ། །བསྟན་པའི་རྩ་ལག་སྐྱེས་མཆོག་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱེ་རྒུ་ཉོན་མོངས་ཚད་པས་གདུང་བ་ལ། །ཆོས་ཀྱི་དབྱིངས་ནས་བྱམས་པའི་སྤྲིན་བྱུང་སྟེ། །ཐུགས་རྗེའི་ཆར་གྱིས་གདུང་བ་སེལ་མཛད་པའི། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གུས་བཏུད་དེ། །དེ་ཡི་རྣམ་ཐར་དྲི་མེད་རྒྱ་མཚོ་ལས། །སྒྲོ་སྐུར་ཚིག་གི་སྤྲོས་པ་མ་ཞུགས་པར། །རང་གི་བློ་གྲོས་རྩལ་དང་སྦྱར་བའི་ཕྱིར། །ཆུ་ཐིགས་ཙམ་ཞིག་གུས་པས་བླང་གིས་ཉོན། །རྒྱ་གར་ཤར་ཕྱོགས་ཟ་ཧོར་ཡུལ་ཕྱོགས་ན། །བྷཾ་ག་ལ་ཞེས་བྱ་བའི་གྲོང་ཁྱེར་ཡོད། །དེ་ཡི་ས་བདག་ཆོས་ཀྱི་རྒྱལ་པོ་ནི། །དགེ་བ་དཔལ་ཞེས་རྒྱལ་སྲིད་བསོད་ནམས་འབར། །དེ་ཡི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན། །མི་ཁྱིམ་འབུམ་ཕྲག་གཅིག་གིས་ཀུན་ནས་བསྐོར། །ཁྲུས་ཀྱི་རྫིང་བུ་སྟོང་ཕྲག་ཉི་ཤུ་ལྔ། །སྐྱེད་མོས་ཚལ་རབ་བདུན་བརྒྱ་ཉི་ཤུས་བསྐོར། །ཏ་ལའི་ལྗོན་ཤིང་སྟོང་ཕྲག་ལྔ་བཅུ་དྲུག །འབངས་ཀྱི་སྐྱེ་བོ་འབུམ་ཕྲག་སུམ་ཅུ་ལྔ། །གྲོང་ཁྱེར་དེ་ལ་ར་བ་རིམ་པ་བདུན། །བར་གྱི་ཟོམ་པ་སུམ་བརྒྱ་དྲུག་ཅུ་གསུམ། །གསེར་གྱི་རྒྱལ་མཚན་སྟོང་ཕྲག་ཉི་ཤུ་ལྔ། །དབུས་ཀྱི་ཕོ་བྲང་རྒྱ་ཕིབས་བཅུ་གསུམ་པ། །ལོངས་སྤྱོད་སྟོབས་

༣༨༡

འབྱོར་རྒྱ་ནག་སྟོང་འཁུན་ལྟར། །མངའ་རིས་ལྷ་དབང་བརྒྱ་བྱིན་ཉིད་དང་མཚུངས། །སྐྱེ་བོའི་འདུ་ཚོགས་གྲོང་ཁྱེར་སྤོས་ལྡན་འདྲ། །ཆོས་འབྱོར་རྒྱས་པ་ཆོས་འཕགས་ཉིད་དང་མཚུངས། །ཆོས་ཀྱི་རྒྱལ་པོ་དེ་ཡི་བཙུན་མོ་ནི། །དཔལ་མོ་འོད་ཟེར་ཅན་ཏེ་ལྷ་མོ་འདྲ། །ངོ་ཚ་ཁྲེལ་ཡོད་མཛེས་པའི་འོད་ཆགས་མ། །དཀོན་མཆོག་གསུམ་མཆོད་སྐྱེ་བོ་ཡོངས་ཀྱི་མ། །ལྷ་མོ་དེ་ལ་སྲས་གསུམ་འཁྲུངས་པ་ནི། །དཔལ་དང་ཟླ་བ་པདྨའི་སྙིང་པོ་སྟེ། །གསུམ་གྱི་རྣམ་བཞག་དེ་ནི་ཟུར་ཙམ་ལགས། །ཆུང་ཤོས་ཟླ་བའི་སྙིང་པོར་གྲགས་པ་དེ། །དེང་སང་བདག་གི་བླ་མ་དམ་པ་ཡིན། །སྐལ་པ་བཟང་པོ་ཡུམ་ལ་བལྟམས་པའི་ཚེ། །རྒྱལ་པོའི་ཁབ་ཏུ་མེ་ཏོག་ཆར་པ་བབས། །ནམ་མཁའི་མཐོང་རྣམས་འཇལ་ཚོན་གུར་གྱིས་གཏམས། །ལྷ་ཡི་གླུ་དབྱངས་སྐྱེ་བོ་ཡོངས་ཀྱིས་ཐོས། །ཐམས་ཅད་དགའ་ཞིང་དག་པའི་སྣང་བ་ཐོབ། །ཟླ་བ་བཅོ་བརྒྱད་བར་དུ་ཁབ་གནས་སུ། །མ་མ་བརྒྱད་ཀྱིས་བཀུར་བསྟི་མཆོད་པས་བསྐྱངས། །དེ་ནས་ཕོ་བྲང་དེ་ཡི་བྱང་ཕྱོགས་ན། །བྲི་ཀ་མ་ལ་པུ་རི་ཅེས་པ་ཡོད། །གནས་དེར་བདེ་གཤེགས་མཆོད་པ་བྱེད་པ་ལ། །ཡབ་ཡུམ་བློན་འབངས་ཤིང་རྟ་ལྔ་བརྒྱར་བཅས། །ཁྱེའུ་བུ་མོ་མཛེས་པའི་ཆས་ཀྱིས་སྤྲས། །རོལ་མོ་མཁན་པོ་བརྒྱ་ཕྲག་དུ་མས་

༣༨༢

བསྐོར། །རིན་ཆེན་མཆོད་རྫས་དཔག་ཏུ་མེད་པ་བསྣམས། །གླུ་སྐད་ལེན་ཅིང་ལམ་དུ་ཞུགས་པ་ན། །བླ་མ་འདི་ནི་ལོ་གསུམ་ལོན་འདྲ་བའི། །གཟུགས་བཟང་བཞིན་མཛེས་བལྟ་བས་མི་ངོམས་ཤིང༌། །དབུ་རྒྱན་ལ་སོགས་ལྷ་ཡི་རྒྱན་ཆས་སྤྲས། །པཉྩ་ལི་ཀའི་གོས་གསོལ་རྒྱལ་པོས་བསྣམས། །སྐྱེ་བོ་རྣམས་ཀྱིས་ལྷ་དེ་མཐོང་བ་དང༌། །དགའ་བས་དབུགས་འབྱིན་བདེ་བའི་དཔལ་དང་ལྡན། །ཆགས་པས་བལྟ་ཞིང་འབྲལ་བར་མི་ཕོང་སྐད། །དེ་ནས་མཐོང་བའི་སྐྱེ་བོས་འདི་སྐད་དུ། །ཁྱོད་ཉིད་འཁྲུངས་ནས་མེ་ཏོག་ཆར་པ་བབས། །ཉི་མས་གུར་ཕུབ་སྙན་པའི་སྒྲ་དབྱངས་ཐོས། །ནམ་ཞིག་མཐོང་ཞེས་ཡིད་སྨོན་ཤེས་པ་འཚོར། །ད་ནི་མཐོང་ངོ་ཡ་མཚན་ལྟད་མོ་ཆེ། །དེ་ནས་རྒྱལ་བུ་དམ་པས་ཚིག་སྨྲས་པ། །ཕ་མ་སྐྱེ་བོ་འདི་དག་སུ་ཞིག་ཡིན། །ཡབ་ཡུམ་གཉིས་ཀྱིས་སྨྲས་པ། སྐྱེ་བོ་འདི་རྣམས་ཁྱོད་ཀྱི་འབངས་འཁོར་ཡིན། །རྒྱལ་བུ་དམ་པས་དེ་ལ་ལན་སྨྲས་པ། །འདི་དག་བདག་བཞིན་ཕ་མ་ཕུན་ཚོགས་ཤིང༌། །རྒྱལ་སྲིད་མངའ་ཐང་བསོད་ནམས་འབར་བ་ཡིས། །མི་དབང་སྲས་ཀྱི་ཐུ་བོར་རབ་བསྐྲུན་ཏེ། །ཐམས་ཅད་དམ་པའི་ཆོས་ཀྱིས་འཚོ་བར་ཤོག །དེ་ནས་ཀ་མ་ལ་ཡི་གཙུག་ལག་ཏུ། །འཁོར་དང་བཅས་པ་ལེགས་པར་སླེབས་པ་དང༌། །རྒྱལ་བུས་དཀོན་མཆོག་རྟེན་ལ་ཕྱག་འཚལ་ཞིང༌། །སྙན་པས་བསྟོད་དབྱངས་འདི་སྐད་བརྗོད་གྱུར་ཏེ། །བདག་ནི་དལ་འབྱོར་མི་དབང་ལུས་ཐོབ་ཅིང༌། །སྐྱོན་མེད་དབང་པོ་དཀོན་མཆོག་གསུམ་འབྲང་ཞིང༌། །རྟག་ཏུ་གུས་པས་དཀོན་མཆོག་སྤྱི་བོར་བླངས། །དེ་རིང་ཉིད་ནས་སྐྱབས་གནས་མཛད་དུ་གསོལ། །ཞེས་གསུངས་པ། དེ་ནས་ཡབ་ཡུམ་བློན་འབངས་ཐམས་ཅད་དང༌། །དགེ་སློང་མང་པོས་རྒྱལ་བུའི་ཚིག་དེ་ཐོས། །ཤིན་ཏུ་དགའ་ཞིང་ཡ་མཚན་སྐྱེས་པར་གྱུར། །ཐམས་ཅད་མཐུན་པར་དམ་པར་ཁ་ཚོན་བཅད། །དེ་ནས་

༣༨༣

རྒྱལ་པོ་ཡབ་ཡུམ་འཁོར་བཅས་ཀྱིས། །བསྙེན་བཀུར་མཆོད་ཡོན་བསོད་ནམས་བསགས་གྱུར་ཏེ། །བདག་ཅག་ཚེ་རབས་དག་ནས་ཚེ་རབས་སུ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བ་དང༌། །དགེ་འདུན་བཀུར་སྟི་དམ་ཆོས་བསྟན་པར་ཤོག །ཉོན་མོངས་གདུང་སེལ་རང་དབང་ཡོད་པར་ཤོག །སྨོན་ལམ་འདེབས་པའི་ཚིག་དེ་ཐོས་པ་དང༌། །རྒྱལ་པོ་ཡབ་ཡུམ་བདག་ལ་ལྟ་བཞིན་དུ། །ནམ་ཡང་ཁྱིམ་པའི་ཆོས་ཀྱིས་མ་བཅིངས་པར། །དགེ་འདུན་དབུས་སུ་ཆོས་སྦྱོར་ཐོབ་པ་དང༌། །ང་རྒྱལ་མེད་ཅིང་དཀོན་མཆོག་མཆོད་བྱེད་ཅིང༌། །སྐྱེ་བོ་ཡོངས་ལ་སྙིང་རྗེས་བལྟ་བར་ཤོག །རྒྱལ་བུའི་གསུང་དེ་ཀུན་གྱིས་ཐོས་པ་དང༌། །ཡབ་ཡུམ་ལ་སོགས་ཡ་མཚན་སྐྱེས་པར་གྱུར། །དེ་ནི་བླ་མའི་ཆོས་ཀྱི་ཐོག་མ་ཡིན། །དེ་ནས་རྒྱལ་བུས་ལོ་གསུམ་ལོན་པ་ན། །རྩིས་དང་ཡི་གེ་སྒྲ་ལ་མཁས་པར་གྱུར། །དེ་ནས་རྒྱལ་བུས་ལོ་དྲུག་ལོན་པ་ན། །ཕྱི་ནང་གཉིས་ཀྱི་བྱེ་བྲག་ཕྱེད་པར་གྱུར། །དེ་ནས་བཟུང་སྟེ་དགུང་ལོ་བཅུ་ཡི་བར། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། །བསྙེན་གནས་བསྲུང་ཞིང་སྦྱིན་པ་གཏོང་བ་དང༌། །གཙུག་ལག་ལྟ་ཞིང་ཁ་ཏོན་བྱེད་པ་དང༌། །གསོལ་བ་འདེབས་ཤིང་དམ་པ་ཚོལ་བ་དང༌། །ཕ་མ་བཀུར་ཞིང་ཞེ་སས་མཆོད་པ་དང༌། །གླུ་གར་ཐམས་ཅད་ཆོས་ལ་རྩེ་བ་དང༌། །ཆོས་པ་མཐོང་ན་རྒྱང་ནས་བསུ་བ་དང༌། །འཁོར་ལ་ལྟ་ཞིང་སྙིང་རྗེས་སྐྱོང་བ་དང༌། །འཇིག་རྟེན་མགོན་མེད་སྐྱོང་བ་ལ་སོགས་པ། །དམ་པའི་སྤྱོད་པ་དཔག་ཏུ་མེད་པ་མཛད། །རྒྱལ་བུས་དགུང་ལོ་བཅུ་གཅིག་ལོན་པ་ན། །ཕ་བཟང་བུ་མོ་ཉི་ཤུ་རྩ་གཉིས་ཙམ། །བློན་འབངས་རྣམས་ཀྱིས་གཉེན་དུ་གསོལ་བ་ལ། །ཡབ་ཡུམ་གཉིས་ཀྱང་དེ་ལ་བྱ་དགའ་སྟེར། །ཉིན་གཅིག་རྒྱལ་པོས་བློན་པོ་རྣམས་བསྡུས་ནས། །ནང་པར་

༣༨༤

ཤིང་རྟ་བཅུ་གསུམ་ལེགས་པར་ཆོས། །ཀུན་ལ་མཛེས་པའི་རྒྱན་ཆ་དུ་མ་གྱིས། །དབུས་སུ་ལྷག་པར་མཛེས་ཤིང་བཙུན་པ་ཡི། །སྟེང་ན་རྨ་བྱའི་གདུགས་ཕུབ་བསིལ་ཡབ་བསྟེན། །དབུས་སུ་རིན་ཆེན་ཁྲི་སྟེགས་མཛེས་པ་ལ། །དར་ཟབ་གོས་སྟེང་ཟླ་བའི་སྙིང་པོ་བཞག །ཤིང་རྟ་བཅུ་གཉིས་རྒྱན་གྱིས་སྤྲས་པ་ལ། །བློན་པོ་ཐམས་ཅད་མཛེས་པའི་ཆས་སུ་ཞུགས། །དགའ་བའི་གླུ་ལེན་རོལ་མོ་དུ་མ་བགྱིས། །ཤིང་རྟ་དཀར་པོ་གསུམ་གྱིས་སྣ་དྲངས་ལ། །ཤིང་རྟ་དམར་པོ་གསུམ་གྱིས་མཇུག་ནས་བསྟེན། །ཤིང་རྟ་སེར་པོ་གསུམ་གྱིས་གཡས་བརྟེན་ལ། །ཤིང་རྟ་ལྗང་གུ་གསུམ་གྱིས་གཡོན་ནས་བརྟེན། །ཤིང་རྟ་རེ་རེར་ཁྱེའུ་ལྔ་བརྒྱ་བཞུགས། །ཕྱོགས་ཕྱོགས་ཁ་དོག་མཐུན་པར་ལྷ་རྒྱན་བརྟེན། །རྒྱལ་བུའི་ཤིང་རྟ་ཁ་དོག་སྣ་ལྔ་ལ། །ཟུར་བཞིར་རྨ་བྱ་མཇིབས་བསྣོལ་མཛེས་པར་གྱིས། །ཕྱོགས་ནས་མཆོད་པའི་ལྷ་མོས་ཀུན་ནས་བསྐོར། །འཁོར་རྣམས་པི་ཝཾ་གླིང་བུ་རྫ་རྔ་དང༌། །སིལ་སྙན་ལ་སོགས་མཛེས་པའི་སྒྲ་འབྱིན་ཞིང༌། །སྐྱེ་བོའི་ཡིད་དབང་འཕྲོག་པས་ཀུན་ནས་བསྐོར། །དེ་ནས་གྲོང་ཁྱེར་ཆེན་པོའི་མཐའ་ལོགས་སུ། །སྐྱེད་མོས་ཚལ་རབ་ཤིན་ཏུ་ཉམས་དགའ་བར། །ལྟ་བའི་རྩེད་མོས་སྐྱེ་བོ་དབང་དུ་སྡུད། །དེ་ཡི་ཡུན་ཀྱང་ཟླ་བ་ཕྱེད་ཀྱི་བར། །སྐྱེ་བོ་ཐམས་ཅད་དགའ་བས་ཆགས་པར་གྱིས། །དེ་ནས་སྐྱེ་བོ་ཡོངས་ཀྱིས་ཁྲོམ་བསྐོར་ལ། །རྒྱལ་བུ་མཉེས་པའི་བུ་མོ་སྟ་གོན་གྱིས། །བློན་པོ་དག་གིས་བུ་མོ་མཐོང་བ་དང༌། །ཕྱོགས་སུ་བཀའ་བསྒོ་དམ་བཞག་བརྟེན་པར་གྱིས། །རྒྱལ་པོ་ཆེན་པོས་དེ་ལྟར་བགོ་བ་དང༌། །ཉི་མ་བདུན་ལ་བློན་པོ་ཐམས་ཅད་ཀྱིས། །ཤིང་རྟ་བཅུ་གསུམ་བྱས་ཤིང་རྒྱན་གྱིས་སྤྲས། །རྒྱལ་བུ་ཤིང་རྟའི་དབུས་སུ་རྒྱན་གྱིས་སྤྲས། །ཤིང་རྟ་བཅུ་གཉིས་རོལ་མོ་མཁན་པོ་ཡིས། །གང་ཞིང་རོལ་མོ་རྣམ་པ་སྣ་ཚོགས་བྱས། །དེ་ནས་གྲོང་

༣༨༥

ཁྱེར་ཆེན་པོའི་མཐའ་ལོགས་དང༌། །བཞི་མདོ་རྣམས་དང་སྐྱེད་མོས་ཚལ་རབ་དང༌། །སྐྱེ་བོའི་ཡིད་དབང་འཛིན་པའི་རྩེད་མོ་བྱས། །དེ་ཡི་ཕྱོགས་དང་གྲོང་ཁྱེར་ཐམས་ཅད་དུ། །ཟླ་བའི་སྙིང་པོ་འཁོར་ཚོགས་ཉིས་སྟོང་དང༌། །ལྔ་བརྒྱར་བཅས་ཤིང་ཤིང་རྟའི་ནང་དུ་ཞུགས། །གྲོང་ཁྱེར་མཐའ་ལོགས་པདྨའི་ཚལ་རབ་དང༌། །བཞི་མདོ་བཞི་མདོ་ཀུན་ནས་ཡོད་པ་ན། །འཁོར་ལོས་སྒྱུར་རྒྱལ་ལྟ་བུ་སྐྱེ་བོ་བསྡུ། །ཐམས་ཅད་དེར་འགྲོ་སྤྲུལ་པའི་སྐུ་དེར་བལྟ། །འོད་ཟེར་ལྷ་མོ་ལ་སོགས་བུ་མི་ཚོགས། །རིགས་ཀྱི་ཚ་བོ་དེ་ཡི་གྲངས་གཉེན་པ། །ཀུན་ཀྱང་བལྟ་ཕྱིར་ཕྱོགས་དེར་འགྲོའོ་ཞེས། །སྐྱེ་བོའི་ཚོགས་རྣམས་བལྟས་མོར་འདུས་པ་ན། །རྒྱལ་པོ་བསོད་ནམས་འཛིན་གྱི་བུ་མོ་དང༌། །རྒྱལ་པོ་མུ་ཁྱུད་འཛིན་གྱི་བུ་མོ་དང༌། །རྒྱལ་པོ་ཆུ་བདག་འཛིན་གྱི་བུ་མོ་དང༌། །རྒྱལ་པོ་གཏུམ་མོ་ལ་ཡི་བུ་མོ་སོགས། །རིགས་གཟུགས་ལོངས་སྤྱོད་དཔུང་གིས་རྒྱལ་བ་ཡིས། །ཉི་ཤུ་རྩ་གཉིས་གཉེན་ཁར་སླེབ་པ་ཡང༌། །ཤིང་རྟ་རེ་ན་བུ་མོ་བདུན་བདུན་ཏེ། །བུ་མོ་རེ་ལ་གཡོག་མོ་བདུན་བདུན་ཞིང༌། །ཤིང་རྟ་ཉི་ཤུ་རྩ་གཉིས་མཛེས་པ་ཡང༌། །རྐྱེན་ཆ་སྣ་ཚོགས་རྒྱན་རབ་རབ་སྤྲས་ཏེ། །སྙན་པའི་སྒྲ་འབྱིན་དགའ་བའི་སེམས་ཀྱིས་འོང༌། །ཐམས་ཅད་ལྷ་ཡི་བུ་མོ་འཁོད་པ་ལྟར། །རྒྱལ་བུས་མཐོང་བས་ཆགས་པའི་མིག་གིས་བཏུང༌། །ཀུན་ནས་ཆགས་ཤིང་ལུས་ཀྱི་བ་སྤུ་གཡོ། །དེ་ཚེ་མཁའ་འགྲོ་མ་ཡི་སྤྲུལ་པ་ཞིག །བུ་མོ་སྔོ་སངས་གཅིག་ཏུ་སྐུ་སྤྲུལ་ཏེ། །གླུ་དབྱངས་ཚིག་གིས་བསྐུལ་བ་འདི་སྐད་དོ། །ལྷ་གཅིག་མ་ཆགས་མ་ཆགས་སྐལ་པ་ཅན། །འདམ་བུའི་ཚལ་དུ་གླང་པོ་བྱིང་བ་ལྟར། །འདོད་པའི་འདམ་འདིར་དཔའ་བོ་ཁྱོད་བྱིང་ན། །ཚུལ་ཁྲིམས་གོས་ཅན་བསྣུབ་པར་མ་གྱུར་ཏམ། །སྐྱེ་བ་ལྔ་བརྒྱ་ལྔ་བཅུ་རྩ་གཉིས་སུ། །པཎ་ཆེན་དགེ་སློང་གཙང་མའི་ལུས་བླངས་ནས། །

༣༨༦

པདྨའི་མཚོ་ལ་ངང་པ་འཇུག་པ་ལྟར། །ཁྱོད་ནི་ཚེ་འདིར་རབ་ཏུ་འབྱུང་འགྱུར་ལགས། །གྲོང་ཁྱེར་གནས་ན་བུ་མོ་བྱི་དོར་ཅན། །ཚུལ་ཁྲིམས་མདངས་འཕྲོག་བདུད་ཀྱི་ཕོ་ཉ་མོ། །དགའ་དགའ་ལྟ་བུར་ཁྱོད་ལ་བསླུ་བྲིད་བྱེད། །ཤེས་པར་གྱིས་ཤིག་རྒྱལ་བུ་གཟུགས་མཛེས་པོ། །ཟླ་བ་ཞུན་མ་མཚོ་ལ་གསལ་བ་ལྟར། །གསལ་ཞིང་དག་ལ་རྙོགས་པ་མེད་པའི་སྐུ། །ཟུར་ཕུད་ལྔ་པ་ལྷ་ཡི་རྒྱན་ཆ་ཅན། །རབ་མཛེས་སྐྱེ་བོ་ཡོངས་ཀྱི་ཡིད་འཕྲོག་པོ། །རྙེད་དཀའ་དལ་འབྱོར་རིན་ཆེན་ཐོབ་དུས་སུ། །ཐོས་བསམ་སྒོམ་པས་མི་ཚེ་འདའ་དགོས་པས། །བདག་རྐྱེན་དགེ་བའི་བཤེས་གཉེན་མི་ཟད་པ། །ཐེ་ཚོམ་བཅད་ཕྱིར་རབ་ཏུ་བརྟེན་འཚལ་ལོ། །མཁའ་འགྲོ་མ་དེས་འདི་སྐད་སྨྲས་པ་དང༌། །རྒྱལ་བུ་འཛུམ་པའི་མདངས་ཕྱུང་ལན་སྨྲས་པ། །ལེགས་སོ་ལེགས་སོ་ཤིན་ཏུ་ལེགས། །ཤེས་རབ་སྲས་པོ་ནགས་ཀྱི་ནང་ན་བདེ། །རྨ་བྱའི་བདེ་སྐྱིད་བཙན་དུག་ནགས་ན་ཡོད། །གོམས་པའི་སྟོབས་ཀྱིས་ངང་པ་མཚོ་ན་བདེ། །བྱ་རོག་མི་གཙང་ཁྲོད་དུ་འཇུག་པ་ལྟར། །པདྨའི་ཚལ་དུ་དེ་ལྟར་ག་ལ་ཡིན། །ཐ་མལ་གྲོང་གི་གནས་སུ་ཕེབས་པ་ལྟར། །རིགས་ལྡན་བདག་ནི་དེ་ལྟར་ག་ལ་ཡིན། །སྔོན་ཚེ་རྒྱལ་བུ་དོན་རྣམས་གྲུབ་པ་དེས། །ཟས་གཙང་རྒྱལ་པོའི་རྒྱལ་སྲིད་དཔལ་འབྱོར་ལ། །མི་གཙང་འདམ་བུ་བཞིན་དུ་རབ་སྐྱོ་ནས། །བཙུན་མོ་དྲུག་ཁྲི་སྤངས་ནས་ཐར་པ་སྒྲུབ། །ཐུབ་དབང་འཇིག་རྟེན་ལྷ་དང་བཅས་པ་ཡི། །ཀུན་ནས་བསྔགས་པར་གྱུར་ཞིང་མཆོད་བྱེད་ན། །མཚན་དང་དཔེ་བྱད་འབར་བའི་ཆོས་རྒྱལ་དེས། །མཛད་པ་བཅུ་གཉིས་ཚུལ་གྱིས་བྱང་ཆུབ་བརྙེས། །ཁོ་བོ་ཅི་སྟེ་རྒྱལ་སྲིད་མ་སྤངས་པར། །འདོད་པའི་འདམ་འདིར་ཆགས་པ་འཕེལ་བར་བྱེད། །གྲོགས་རྣམས་ཐམས་ཅད་བདུད་ཀྱི་བསླུ་བྲིད་ཡིན། །འདོད་ཡོན་ཐམས་ཅད་ལན་ཚྭའི་ཆུ་བོར་ཤེས། །

༣༨༧

ད་ནི་མཁས་པའི་བླ་མ་མང་འཚོལ་ཞིང༌། །ལུས་འདིས་བྱང་ཆུབ་མཆོག་རབ་བསྒྲུབ་པར་བགྱི། །འདོད་ཡོན་དག་ལ་རྩེ་དགའ་བག་ཕེབས་ཀྱང༌། །ཆུ་ཟླ་ལྟ་བུར་སྙིང་པོ་མི་གདའ་ལགས། །བྲག་ཆ་ལྟ་བུར་བརྗོད་བྱ་མི་གདའ་ལགས། །སྤྲུལ་པ་ལྟ་བུར་ངོས་བཟུང་མི་གདའ་ལགས། །གཟུགས་བརྙན་ལྟ་བུར་རང་ཚུགས་མི་གདའ་ལགས། །ཉོན་མོངས་ཀུན་གཞིའི་རྒྱ་མཚོ་ཡངས་པ་འདིར། །སྐྱེ་རྒ་ན་འཆིའི་ཆུ་བོ་རྒྱུན་དུ་འབབ། །སྔོན་ཆད་ངན་སོང་ལས་ཀྱིས་དབང་མེད་ན། །དེང་སང་ཕུན་སུམ་ཚོགས་ཚེ་ཅིས་མི་ཚོལ། །ད་ནི་འཁོར་བ་སྤྱི་ལ་ངེས་བསམ་ནས། །བླ་མ་བསྟེན་ནས་དམ་པའི་ཆོས་ལ་སྤྱོད། །རྒྱལ་བུའི་ཆོས་ཀྱི་གསུང་དེ་ཐོས་པ་དང༌། །གྲོང་ཁྱེར་པ་ཡི་སྐྱེ་བོ་ཐམས་ཅད་ཀྱང༌། །བརྗོད་ཚུལ་འདི་ཡིས་རྒྱལ་སྲིད་ཅང་འཛིན་ནམ། །འཛིན་ཀྱང་ཆོས་ཀྱི་རྒྱལ་པོར་ཐེ་ཚོམ་མེད། །གཞན་དུ་མཁས་གྲུབ་བླ་མ་རབ་བརྟེན་ཞིང༌། །ཤཱཀྱའི་རྒྱལ་པོའི་རྒྱལ་སྲིད་འཛིན་འཛིན་འདྲ། །ངོ་མཚར་ཆེའོ་ཞེས་པའི་སྒྲ་ཡང་སྒྲོགས། །ལྷག་པར་ཆགས་ཤིང་བསྐོར་ནས་ཡང་ཡང་བལྟ། །རིགས་བཟང་གཉེན་དུ་བསྒྲིགས་པའི་བུ་མོ་ཡང༌། །མཐོང་བས་དགའ་ཡང་གསུང་དེས་མྱ་ངན་གྱུར། །ཕ་མའི་དྲུང་དུ་ཕྱིན་ནས་འདི་སྐད་དུ། །རྒྱལ་བུ་དམ་པ་འཁོར་བས་སྐྱོ་ཞེས་གདའ། །རྒྱལ་སྲིད་སྤངས་ནས་རབ་ཏུ་བྱོན་ཞེས་གདའ། །དོན་གྲུབ་གཞོན་ནུ་བཙུན་མོ་འདོར་ཞེས་གདའ། །འཁོར་གྱི་ཚོགས་ལ་ཆགས་པར་མ་གྱུར་སྐད། །ད་ནི་ཡབ་ཡུམ་འཁོར་དང་བཅས་པ་ཡིས། །མྱུར་དུ་རྒྱལ་པོའི་ཕོ་བྲང་འཁོར་དུ་བརྫངས། །རྒྱལ་བུ་ཆགས་པའི་བྱ་བ་སྣ་ཚོགས་ཀྱིས། །ནོར་དང་ལོངས་སྤྱོད་དུ་མས་སེམས་གཟུང་ཞེས། །བུ་མོ་བདག་གིས་ཕ་མ་རྣམས་ལ་བསྐུལ། །ཕན་ཚུན་ཕ་མ་བློན་འབངས་བཅས་པ་ཡིས། །བརྩོན་པ་བསྐྱེད་དེ་རྒྱལ་བུ་ཉམས་དགའ་བའི། །གླུ་གར་བྱེད་ཅིང་བུ་མོ་དག་

༣༨༨

ཀྱང་བསྡུས། །ཀུན་ནས་ཁབ་ཏུ་འབྱུང་བར་ཉེ་བ་ན། །རྒྱལ་བུས་རྟ་པ་བརྒྱ་དང་སུམ་ཅུར་བཅས། །དམག་གི་ཆས་ཞུགས་རི་བྲག་བསྐོར་བ་ན། །རི་བྲག་ཞིག་ན་བྲམ་ཟེ་ཛེ་ཏཱ་རི། །བྲམ་ཟེའི་ཆས་ཀྱིས་སྙན་ངག་སྒྲ་འབྱིན་ཞིང༌། །གཙང་མའི་ཆས་ཀྱིས་དྲང་སྲོང་སྤྱི་བོས་ལེན། །ཉོན་མོངས་དགྲ་ལས་རྣམ་པར་རྒྱལ་བ་མཐོང༌། །རྒྱལ་བུའི་ཆིབས་ཀྱི་སྟེང་ནས་མ་གཞོལ་བར། །དྲང་སྲོང་དེ་ལ་ཚིག་ནི་འདི་སྐད་ཞུས། །དབེན་པའི་ཁྲོད་ན་དཀའ་ཐུབ་ལུས་ཅན་ཁྱོད། །གཙང་མའི་ཚུལ་གྱིས་དག་པའི་འཚོ་བ་ཟ། །འདོད་ཡོན་སྤངས་ཏེ་དྲང་སྲོང་བཀུར་བ་ལས། །ཡོན་ཏན་རྣམ་པ་གང་ཞིག་ཐོབ་པ་ལགས། །ཅེས་སྨྲས་པ་དང༌། བྲམ་ཟེས་མིག་ཀྱང་བལྟ་བར་མི་བྱེད་པ། །རྒྱལ་བུའི་ལན་དུ་འདི་སྐད་བླན་པར་དགོངས། །ནམ་གཞུག་འཆད་ཀའི་མེ་ཏོག་ལྡུམ་ར་ལྟར། །རྒྱལ་པོས་བྲམ་ཟེའི་དཔལ་འབྱོར་བཀུག་གྱུར་ཀྱང༌། །ལས་ཀྱི་དབང་གིས་ངན་འགྲོར་འཕེན་པ་ལ། །ཕྱི་ཐག་སྙིང་པོ་མཆིས་ནས་གནས་འདིར་བསྡད། །བ་གླང་ཁྱི་ཕག་ལྟ་བུའི་བརྟུལ་ཞུགས་ཀྱིས། །མི་གཙང་འདམ་བུའི་སྲིན་བུར་སྐྱེས་དོགས་ནས། །དཀའ་ཐུབ་སྤྱོད་ཅིང་གཙང་སྤྲས་ནགས་འདི་བརྟེན། །སྒྱུ་མའི་ནོར་ལ་སྙིང་པོ་མ་མཐོང་ནས། །ཕ་རོལ་བསམ་ཞིང་དྲང་སྲོང་སྤྱི་བོས་བླངས། །རྒྱལ་བུས་བྲམ་ཟེའི་ཚིག་དེ་ཐོས་པ་དང༌། །ཁ་ཚོད་བལྟ་ཕྱིར་ཚིག་གིས་ལན་སྨྲས་པ། །དགེ་སྦྱོང་རྣམས་ནི་ང་རྒྱལ་གཞན་པས་ཆེ། །ས་ཡི་བདག་པོ་འོང་ཚེ་ཅིས་མི་ལྡང༌། །བྲམ་ཟེ་ཆེན་པོས་ཚིག་གིས་ལན་སྨྲས་པ། །ས་བདག་སུ་ཞིག་ཁྱོད་ནི་གང་ནས་འོང༌། །དགྲ་བཤེས་མེད་ཕྱིར་ཁྱོད་ནི་མ་ཤེས་སོ། །ང་ལ་ནོར་མེད་ནགས་ཁྲོད་དག་ན་བདེ། །ལུས་སྲོག་འདི་ལ་དགྲ་བོ་འཆི་བདག་ཡིན། །ང་རྒྱལ་མེད་ཕྱིར་བདག་གིས་འདུ་འཛི་སྤངས། །བྲམ་ཟེའི་ཚིག་དེ་ཐོས་ནས་ལན་སྨྲས་པ། །ང་ནི་གསེར་གྱི་རྒྱལ་མཚན་ཅན་ནས་འོང༌། །

༣༨༩

ང་ནི་མི་གྲལ་ནས་བུད་ཁྲིམས་ལས་འདས། །ང་ལ་དཔོན་མེད་གཡོག་མེད་ངོ་བསྲུང་མེད། །ཅེས་པའི་ལན་དུ། ས་བདག་འཇིག་རྟེན་ཕ་རོལ་འགྲོ་བའི་ཚེ། །རྟ་མེད་གྲོགས་མེད་རྐང་ཐང་གཅིག་པུར་རྒྱུ། །ལྟོ་མེད་གོས་མེད་གཅིག་པུར་བར་དོར་འཁྱམས། །གནས་མེད་ཡུལ་མེད་རྒྱུས་མེད་ཤུལ་ཐག་རིང༌། །རྒྱལ་པོའི་བུ་ཡང་ནམ་གཞུག་མ་མཆིས་པས། །དོན་དེས་བདག་ནི་ནགས་འདིར་དབེན་པ་ལགས། །ཅེས་པ་དང༌། རྒྱལ་བུས་བྲམ་ཟེའི་ཚིག་དེ་གསན་གྱུར་ནས། །ཆིབས་ལས་གཞོལ་ཏེ་འཁོར་གསུམ་དྲུང་དུ་ཕུལ། །གུས་པས་ཐལ་མོ་སྦྱར་ཏེ་གསོལ་བ་ནི། །མཁས་པ་ཁྱོད་ཀྱི་སྐྱོན་ཡོན་བརྟགས་པའི་ཕྱིར། །ང་རྒྱལ་ལྟ་བུར་དྲེགས་པའི་ཚིག་དེ་སྨྲས། །གང་ཡང་བདག་གིས་ཉིན་མཚན་དུས་དྲུག་ཏུ། །འཁོར་བའི་སྐྱོན་བསམ་ངེས་པར་ཡིད་དབྱུང་སྟེ། །རྒྱལ་སྲིད་སྤངས་ཏེ་ཐར་པར་འབྱུང་འདོད་ན། །བྲམ་ཟེ་ཁྱེད་ཀྱིས་བདག་ལ་བཟུང་དུ་གསོལ། །ཞེས་པ་དང༌། བྲམ་ཟེ་ཆེན་པོས་དེ་ལ་ལན་སྨྲས་པ། །ཚུར་ཤོག་ང་རྒྱལ་རླུང་གིས་མ་དཀྲུགས་པར། །བསྟན་པའི་བདག་པོར་བྱིན་གྱིས་བརླབ་ཀྱིས་ཤོག །གསུངས་ནས། དཀོན་མཆོག་གསུམ་གྱིས་བྱིན་བརླབས་སེམས་བསྐྱེད་གནང༌། །རྒྱལ་བུ་ཡར་བཞེངས་སླར་ཡང་མི་རྟ་རྣམས། །སྐྱབས་འགྲོ་སེམས་བསྐྱེད་ཡོན་དུ་རྗེ་ལ་ཕུལ། །རྒྱལ་བུའི་ཚོགས་རྣམས་ཡོངས་སུ་རྫོགས་བྱའི་ཕྱིར། །རེ་ཞིག་བླངས་ནས་གདམས་ངག་འདི་སྐད་གསུངས། །རྒྱལ་བུ་རེ་ཞིག་རྟོག་དཔྱོད་མ་བཏང་བའི། །ཚེ་འདིའི་ཆེ་ཐབས་འདྲེ་རྐྱེན་དག་ཀྱང་བྱེད། །རང་དོན་ཙམ་ཞིག་ཁྲ་དང་སྤྱང་ཀིའང་བྱེད། །རང་སངས་རྒྱས་ཀྱང་བླ་མེད་ག་ལ་སྒྲུབ། །ལྟོ་འགྲངས་ཙམ་ཞིག་བྲན་གྱི་ཚོགས་ཀྱང་ཟ། །སྐྱེ་བ་གཏན་དུ་རྒྱལ་པོ་འདག་ལ་འགྲངས། །རྒྱལ་བུ་སྙིང་རུས་སེམས་ལ་བརྟེན་འཚལ་ལོ། །རྒྱལ་སྲིད་སྤངས་ཏེ་

༣༩༠

ཐར་པ་བསྒྲུབ་འཚལ་ལོ། །སླར་ཡང་རྒྱལ་བུ་དམ་པས་སླར་གསོལ་པ། །བླ་མ་ང་ནི་རྒྱལ་པོའི་ཕོ་བྲང་ན། །བཟང་བརྩོན་དར་གྱི་བཅུད་མོས་ལེགས་བསྡམས་ལྟར། །དང་པོ་ཉོན་མོངས་ལས་ཀྱིས་གཉེན་འཐོམས་ཤིང༌། །ཐམས་ཅད་དགའ་དགའ་ལྟ་བུའི་བསླུ་སྲིད་ཀྱིས། །ཁོ་བོ་སྲིད་པའི་འདམ་དུ་བྱིང་གིན་ཡོད། །ང་ནི་རྒྱལ་པོས་མནར་བར་མི་ནུས་པར། །བླ་མ་ཁྱོད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་དང༌། དེ་ལ་བྲམ་ཟེ་ཆེན་པོས་འདི་སྐད་གསུངས། །རིགས་བརྒྱུད་སྲིད་པའི་འཆིང་བདག་ཆེན་པོ་ཡིན། །རྒྱལ་སྲིད་མི་གཙང་འདམ་རྫབ་ཆེན་པོ་ཡིན། །རྒྱལ་པོ་བདུད་ཀྱི་གཅེས་མིང་ཆེན་པོ་ཡིན། །བློན་རྣམས་བདུད་ཀྱི་ཕ་ཚན་ཆེན་པོ་ཡིན། །ངེས་པར་ཁྱོད་ནི་མྱུར་བར་མནར་ཏ་རེ། །འདི་རུ་མ་འདུག་ན་ལེནྡྲ་རུ་སོང༌། །དེ་ན་ཐོག་མེད་དུས་ན་ཉེར་འབྲེལ་བའི། །ཁྱོད་ཀྱི་བླ་མ་བྱང་ཆུབ་བཟང་པོ་ཡོད། །སེམས་བསྐྱེད་ཆོས་ཞུས་ལས་ཀྱི་འབྲེལ་པ་ཞོག །མཁས་པ་དེ་ཡིས་ཁྱོད་ལ་ཕན་ཞེས་གསུངས། །དེ་མ་ཐག་ཏུ་བྲམ་ཟེ་ཆེན་པོ་ཡིས། །སླར་ཡང་འབུལ་བ་ཐམས་ཅད་ཕྱིར་བྱིན་ནས། །ཁྱིམ་ནས་བྱུང་སྟེ་ངེས་པར་དྲུང་འདིར་ཤོག །མན་ངག་དུ་མས་ཁྱོད་ནི་སྐྱོང་ཞེས་གསུངས། །དེ་ནས་རྒྱལ་བུ་རྒྱལ་པོའི་ཁབ་ཏུ་འོང༌། །གསེར་དངུལ་ལ་སོགས་འབྱོར་པ་དུ་མ་བླངས། །འཁོར་དང་བཅས་ཏེ་ན་ལེནྡྲ་རུ་ཕྱིན། །ན་ལེནྡྲ་ཡི་རྒྱལ་པོ་བྲེད་གྱུར་ནས། །དམག་དཔུང་འཁོར་དང་བཅས་ཏེ་རྒྱང་ནས་བསུ། །མཇལ་ཏེ་རྒྱལ་བུས་གཏམ་དེ་ཡར་ཕུལ་བས། །ས་ཡི་རྒྱལ་པོ་ཁྱོད་ནི་ག་ནས་ལྷག །འཁོར་ལོས་སྒྱུར་འདྲ་ཁྱོད་ནི་གང་དུ་བལྟམས། །དམག་གི་ཆས་ཀྱིས་རྒོལ་བ་གང་དུ་འཇོམས། །རྒྱང་ནས་མཐོང་སྟེ་ཁྱོད་ཀྱི་དྲུང་དུ་འོངས། །ཅེས་པ་དང༌། རྒྱལ་བུས་ལན་སྨྲས་པ། ང་ནི་ཤར་ཕྱོགས་ཟ་ཧོར་ཡུལ་ནས་འོང༌། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ནས་འོང༌། །ད་ནི་སྲིད་

༣༩༡

པའི་དགྲ་བོ་འཇོམས་སུ་འགྲོ། །འཆི་བདག་བདུད་ཀྱི་དགྲ་བོ་འཇོམས་སུ་འགྲོ། །ཞེས་པ་དང༌། ན་ལེནྡྲ་ཡི་རྒྱལ་པོས་ལན་སྨྲས་པ། །ཁྱོད་ནི་ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས། །ས་ཡི་བདག་པོ་ཆོས་རྒྱལ་དགེ་བ་དཔལ། །འཁོར་ལོས་སྒྱུར་འདྲ་ནག་པོའི་ཕྱོགས་ལས་རྒྱལ། །མི་དབང་སྲས་པོ་ཞིང་འདིར་བྱོན་པ་ལེགས། །ཁྱོད་ནི་བྲི་ཀ་མ་ལ་པུ་རི་ན། །དཀོན་མཆོག་ཕོ་བྲང་ལྷ་ཡི་གཞལ་ཡས་འདྲ། །རབ་ཏུ་བྱུང་བ་བསམ་གྱིས་མི་ཁྱབ་བཞུགས། །མཁས་པའི་པཎ་ཆེན་ཉི་ཟླ་ལྟ་བུར་ཡོང༌། །ས་བདག་ཁྱོད་ནི་མཁས་པ་སུ་ཞིག་བཞེད། །ཅེས་པ་དང༌། དེ་ནས་རྒྱལ་བུ་དམ་པས་ལན་སྨྲས་པ། །ཆོས་གྲྭ་ཆེན་པོ་དཔལ་གྱི་ན་ལེནྡྲར། །རྒྱ་མཚོ་ལྟ་བུའི་ནོར་བུ་རིན་ཆེན་གླིང༌། །པཎ་ཆེན་གནམ་གྱི་སྐར་མ་ལྟ་བུ་ཡོད། །མཆོག་ཏུ་བསྔགས་པ་བྱང་ཆུབ་བཟང་པོ་དེ། །བྲམ་ཟེས་ལུང་བསྟན་བདག་གི་བླ་མ་ཡིན། །ས་བདག་ཁྱོད་ཀྱིས་བར་ཆད་བསལ་དུ་གསོལ། །དེ་ལ་རྒྱལ་པོ་ཆེན་པོས་ལན་སྨྲས་པ། །དཔའ་བོ་ཆེན་པོ་བོདྷི་བྷ་དྲ་དེ། །རི་རྒྱལ་ལྷུན་པོ་གངས་ཀྱིས་གཡོགས་པ་ལྟར། །མི་འགུལ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས། །རྣམ་ཐོས་སྲས་དེ་ནོར་ལ་སྤྱོད་པ་ལྟར། །དེ་ནི་འཕགས་པའི་ནོར་ལ་སྐལ་པ་བརྙེས། །ཚུར་དུ་བདག་གི་ཕོ་བྲང་འཁོར་དུ་བྱོན། །མཉན་པའི་གཏམ་དང་དཔལ་འབྱོར་རོལ་པར་བྱ། །རྒྱལ་བུས་ལེགས་སོ་ཞེས་ནི་བརྗོད་པ་དང༌། །རྒྱལ་པོས་བསུ་བ་ཡིས་ནི་མདུན་བརྡར་ནས། །རོལ་མོ་འབུལ་ཀྱིན་ན་ལེནྡྲ་རུ་བྱོན། །དེ་ཡི་ལྷོ་ཕྱོགས་པདྨ་ཅན་ལྗོངས་ན། །ཕོ་བྲང་ཀུན་ཏུ་བཟང་པོ་ཞེས་པ་ཡི། །མི་ཁྱིམ་འབུམ་ཕྲག་གཅིག་གིས་བསྐོར་བ་ཡོད། །དེ་ཡི་ནང་དུ་རྒྱལ་བུ་གདན་དྲངས་ནས། །རིན་ཆེན་མཛེས་པའི་ཁྲི་སྟེང་ཡངས་པ་ལ། །རྒྱལ་པོ་རང་བས་བཀུར་བསྟི་ཆེ་བར་མཛད། །དེ་ནས་ན་ལེནྡྲ་ཡི་གཙུག་ལག་ཏུ། །

༣༩༢

བླ་མ་བྱང་ཆུབ་བཟང་པོའི་དྲུང་དུ་བྱོན། །དེ་ཡི་གཙུག་ལག་ཁང་དུ་སླེབས་པ་དང༌། །བླ་མ་མཐོང་ནས་ཤིན་ཏུ་མི་བཟོད་པའི། །དགའ་བ་ཁྱད་པར་དུ་འཕགས་རྒྱུད་ལ་སྐྱེས། །བླ་མ་དམ་པ་བྱང་ཆུབ་བཟང་པོས་ཀྱང༌། །རྒྱལ་བུ་དམ་པ་བྱོན་པ་གསན་པ་དེས། །ཤིན་ཏུ་དགྱེས་ནས་སྟན་ལས་ཡར་བཞེངས་ནས། །སྙན་པའི་ཚིག་གིས་ཆོས་ཀྱི་གསུང་བྱོན་པ། །ཆོས་རྒྱལ་སྲས་པོ་གནས་འདིར་བྱོན་ལགས་སམ། །མི་ཡི་དབང་པོ་གཞི་ལམ་བདེ་ལགས་སམ། །ཟ་ཧོར་ཡུལ་ན་ཆོས་འབྱོར་རྒྱས་ལགས་སམ། །ཤུལ་རིང་ལམ་ལ་བསྙེལ་བར་མ་གྱུར་ཏམ། །དེ་ཚེ་རྒྱལ་བུ་དམ་པས་ལན་གསོལ་པ། །འདིར་འོང་ཡང་བདེ་ཆོས་དང་མཐུན་པར་བདོག །ལམ་བདེ་དེང་སང་ཁྱེད་དང་མཇལ་བར་གྱུར། །མཁས་པ་ཁྱེད་ནི་སངས་རྒྱས་བསྟན་པ་ལ། །ཐོས་བསམ་སྒོམ་པས་བསྙེལ་བར་མ་གྱུར་ཏམ། །ཞེས་པ་དང༌། བླ་མའི་ཞལ་ནས་ལེགས་ཀྱི་ཁོ་བོ་ཡང༌། །དམ་པ་ཆོས་ཀྱིས་ཉིན་མཚན་འདའ་བར་གྱུར། །རྒྱལ་བུ་སྟན་ལ་འདུག་ལ་གང་དགོས་གསོལ། །དེ་ནས་རྒྱལ་བུས་གུས་པར་ཕྱག་བཙལ་ནས། །རིན་ཆེན་མཆོད་པས་བླ་མ་མཉེས་པར་མཛད། །གུས་པའི་ཚིག་གིས་ཞུ་བ་འདི་ལྟར་ཕུལ། །འགྲོ་བའི་བླ་མ་བརྩེ་བའི་གཏམ་འདི་གསོན། །ང་ནི་འཁོར་བའི་འདམ་རྫབ་མི་ཟད་པ། །བསླུ་བྲིད་རྒྱལ་པོ་ཆེན་པོས་མནར་དོགས་ནས། །དཔུང་དང་བཅས་ཏེ་ནགས་སུ་ཕྱིན་པ་ན། །བླ་མ་དགྲ་ལས་རྣམ་རྒྱལ་བཞུགས་ཏེ་གདའ། །དེ་ལ་སེམས་སྐྱེད་གསོལ་བ་བཏབ་པའི་ཚེ། །མཁས་པའི་དབང་པོས་ཐུགས་རྗེས་རབ་གཟིགས་ནས། །ཆོས་གྲྭ་ཆེན་པོ་ན་ལེནྡྲ་རུ་སོང༌། །སྐྱེ་བ་སྔོན་ནས་ཐུགས་རྗེས་རབ་བཟུང་བའི། །བླ་མ་དམ་པ་བྱང་ཆུབ་བཟང་པོ་ཡོད། །དེ་ལ་སེམས་བསྐྱེད་གདམས་ངག་ཞུས་ཞེས་གསུང༌། །དེ་མ་ཐག་ཏུ་རང་གི་ཕོ་བྲང་ནས། །མཆོད་རྫས་བླངས་ཏེ་དེ་རིང་གནས་འདིར་སླེབས། །ད་ནི་བདག་ལ་བརྩེ་བའི་ཐུགས་རྗེ་

༣༩༣

ཡིས། །སེམས་བསྐྱེད་གདམས་པ་དུ་མ་གནང་དུ་གསོལ། །དེ་མ་ཐག་ཏུ་སྟན་ལ་འདུག་པ་དང༌། །བླ་མ་ཏིང་ངེ་འཛིན་ལ་མཉམ་བཞག་ནས། །སྒོ་གསུམ་ལས་སུ་རུང་བར་བྱིན་གྱིས་བརླབས། །དེ་ནས་སེམས་བསྐྱེད་གདམས་པ་དུ་མ་གནང༌། །དེ་ཡང་གདམས་ངག་བསྟན་པ་འདི་ལྟར་ལགས། །རྒྱལ་བུ་ཚེ་འདིར་དོན་ཡོད་ཐོབ་པ་ལགས། །རྒྱལ་སྲིད་སྤངས་ནས་ཐར་པ་མ་སྒྲུབ་ན། །ལས་ཀྱི་དབང་གིས་ངན་འགྲོ་ལྟུང་བའི་ཚེ། །ཤིན་ཏུ་འགྱོད་དེ་ངེས་པར་འཆི་བ་ཡིན། །སྐྱེ་བ་གཏན་གྱི་བཙན་ས་འཛིན་དུས་འདིར། །དཀའ་བ་ཆེན་པོས་བརྩོན་འགྲུས་མ་རྩོམ་ན། །ཐར་པའི་སྒོས་སྐལ་ངེས་པར་སྟོར་བའི་ཚེ། །ཕྱིན་ཆད་བཟུང་དུ་མེད་དོ་རིགས་ཀྱི་བུ། །དཔའ་ཞིང་བརྟན་ལ་གོ་ཆ་ཕུན་ཚོགས་ཀྱང༌། །ཕ་རོལ་འཕྲང་ལ་གཤེད་མས་ཁྲིད་པའི་ཚེ། །མཐུ་མེད་ཉམ་ཐག་འགྱོད་པ་ཙམ་ཞིག་ལས། །ཕན་པའི་དགོས་པ་ཅི་ཡང་མ་མཆིས་སོ། །རྒྱལ་བུ་དམ་པས་ཆོས་འདི་གསོན་མཛོད་ལ། །ན་ལེནྡྲ་ཡི་བྱང་ཕྱོགས་ཕ་གི་ན། །ཁྱོད་ཀྱི་ཐོག་མེད་དུས་ནས་ཕར་གྱུར་པའི། །རྒྱལ་སྲས་རིག་པའི་ཁུ་བྱུག་ཅེས་པ་ཡོད། །ཚེ་མཐར་ཕྱིན་ཞིང་གཡེང་བས་དབེན་པ་དེར། །མཐའ་བརྒྱད་སྤྲོས་པའི་དྲི་མས་མ་གོས་པར། །ཚུལ་ཁྲིམས་གོས་ཅན་མངོན་ཤེས་ཐོགས་མེད་ལྡན། །དྲུང་དེར་སོང་ལ་ཆོས་ཀྱི་གདམས་པ་ཞུས། །མགོན་པོ་དེ་ཡི་གསུང་དེ་ཐོས་གྱུར་ནས། །བྱང་ཆུབ་བཟང་པོ་དེ་ལ་ཕྲེང་བཞིན་དུ། །རིག་པའི་ཁུ་བྱུག་བཟང་པོའི་དྲུང་དུ་ཕྱིན། །ཕྱག་འཚལ་མཆོད་པ་ཕུལ་ནས་འདི་སྐད་ཞུས། །ང་ནི་ཤར་ཕྱོགས་ཟ་ཧོར་ཡུལ་ནས་འོངས། །ང་ནི་བྷཾ་ག་ལ་ཡི་རྒྱལ་པོའི་སྲས། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ནས་འོངས། །ན་ལེནྡྲ་ཡི་གཙུག་ལག་ཁང་དུ་ཕྱིན། །བྱང་ཆུབ་བཟང་པོ་དེ་ལ་སེམས་བསྐྱེད་ཞུས། །གདམས་ངག་དམ་པ་བསྟན་ནས་འདི་སྐད་གསུངས། །

༣༩༤

འདི་རུ་མ་འདུག་བྱང་གི་ཕྱོགས་སུ་སོང༌། །དེ་ན་ཐོགས་མེད་དུས་ནས་ཕར་གྱུར་པའི། །བླ་མ་རིག་པའི་ཁུ་བྱུག་ཅེས་པ་ཡོད། །དྲུང་དེར་སོང་ལ་སེམས་བསྐྱེད་གསོལ་བ་ཐོབ། །དེས་ནི་ཁྱོད་ལ་ཕན་པར་འགྱུར་ཞེས་གསུངས། །དེ་མ་ཐག་ཏུ་རྗེ་ལ་ཕྲེང་གྱུར་ཀྱང༌། །དགའ་བ་སྐྱེས་ནས་ཁྱོད་ཀྱི་དྲུང་དུ་འོང༌། །ཁོ་བོ་ལ་བཀྱས་མནར་བར་མི་འགྱུར་བར། །བླ་མ་ཁྱོད་ཀྱིས་ངེས་པར་བཟུང་དུ་གསོལ། །དེ་ནས་བླ་མ་དམ་པ་རབ་དགྱེས་ནས། །ས་བདག་སྲས་པོ་བྱོན་པ་ཤིན་ཏུ་ལེགས། །ཚུར་ཤོག་གཉིས་སུ་མེད་པར་བྱིན་བརླབ་བྱ། །ཆོས་ཉིད་འགྱུར་བ་མེད་པའི་བདེན་ཚིག་བརྡར། །བརྩེ་བའི་སེམས་ཀྱིས་དམ་ཆོས་བཤད་ཅེས་གསུངས། །དེ་ནས་རྒྱལ་བུས་མཆོད་རྫས་གུས་ཕུལ་ནས། །བླ་མའི་དྲུང་དུ་ཕྱག་བཙལ་ཐལ་སྦྱར་ཏེ། །ང་རྒྱལ་སྐྱུངས་ནས་སྟན་ལ་འདུག་པ་ན། །ཁུ་བྱུག་བཟང་པོས་སེམས་བསྐྱེད་གདམས་པ་གནང༌། །གདམས་པའི་གཙོ་བོ་མཆོག་ཏུ་བསྔགས་པ་རེ། །རྒྱལ་བུ་ཚེ་འདིར་ཕུན་སུམ་ཚོགས་གྱུར་ཀྱང༌། །སྐྱེ་བ་གཏན་ཀྱི་སོ་ནམ་མ་བྱས་ན། །དལ་འབྱོར་མི་ལུས་ཐོབ་པའི་དགོས་པ་ཆུང༌། །ཕྱི་རབས་ནོར་ཤོར་ན་ཡང་ཕོངས་པ་ལགས། །རྒྱལ་བུ་ཀླུ་སྒྲུབ་སྙིང་པོ་འདི་སྐད་གསུངས། །རྨི་ལམ་སྒྱུ་འདྲ་རང་བཞིན་སྤྲོས་དང་བྲལ། །སེམས་ཉིད་མ་བཅོས་གྱུར་པ་གཉུག་མའི་ངང༌། །གང་གིས་འདི་གཉིས་བློ་ལ་མ་བསམ་ན། །འཁོར་བའི་འདམ་དུ་བྱིང་བར་འགྱུར་རོ་ཨང༌། །རྒྱལ་བུ་དོན་དམ་མཉམ་བཞག་ནམ་མཁའ་འདྲ། །རྗེས་ཐོབ་སྒྱུ་འདྲ་ལས་འབྲས་བསམ་པར་རིགས། །བླ་མས་ཟབ་མོའི་ཆོས་དེ་བསྟན་པ་ན། །སྦྱོར་བའི་ལམ་བརྙེས་དཔེ་ཡི་ཏིང་འཛིན་ཐོབ། །དེ་ཚེ་རྗེ་ལ་རྟོགས་པ་འདི་ཕུལ་བ། །ཁོ་བོས་ཏིང་འཛིན་གཅིག་ལ་མཉམ་བཞག་ཚེ། །ནམ་མཁའ་སྤྲིན་དང་བྲལ་བ་ཇི་བཞིན་དུ། །གསལ་ལ་དྭངས་པ་རྟོག་པ་མི་གདའ་ན། །བླ་མ་ཆོས་ཀྱི་གནས་ལུགས་དེ་

༣༩༥

ལགས་སམ། །དེ་ནས་ཏིང་འཛིན་དེ་ལས་སད་པ་ན། །སྣང་ཡང་ཞེན་པ་མེད་པའི་སེམས་ཅན་དྲན། །བརྫུན་ཡང་ཕྲ་ཞིབ་བློ་ལ་བག་ཡོད་ཐོབ། །བླ་མ་བདག་ནི་ཉམས་དེ་མ་འཁྲུལ་ལམ། །ལན་དུ་བླ་མའི་ཞལ་ནས་འདི་སྐད་གསུངས། །ལེགས་སོ་ཁྱོད་ནི་བསོད་ནམས་བསགས་པའི་བུ། །ང་ནི་སྤྲོ་བཀུར་མེད་པའི་དགེ་སློང་ཡིན། །མཉམ་བཞག་ནམ་མཁའ་ལྟ་བུར་དག་ན་ཡང༌། །རྗེས་ཐོབ་སྙིང་རྗེས་འགྲོ་བ་འདྲེན་པར་བྱེད། །བདེན་པ་གཉིས་ཀྱི་གནས་ལུགས་དེ་ལྟར་ལགས། །དེ་ནི་བདག་གི་གདམས་ངག་དམ་པ་ཡིན། །ད་ནི་རྒྱལ་པོའི་ཁབ་ནས་འབྱུང་འདོད་ན། །རི་བོ་ནག་པོ་ཟོམ་གྱི་ལྷོ་ཕྱོགས་པ། །བདག་གི་བླ་མ་ཨ་བ་བྷཱུ་ཏི་ཡོད། །དེ་ནི་ཁྱོད་ཀྱི་སྔོན་གྱི་བླ་མ་ཡིན། །དེར་སོང་དེ་ལ་སེམས་བསྐྱེད་གདམས་པ་ཞུས། །རྒྱལ་པོའི་ཁབ་ནས་འབྱུང་བའི་གདམས་པ་ལོངས། །རྒྱལ་བུས་བླ་མའི་གསུང་དེ་ཐོས་པ་དང༌། །རྗེ་ལ་ཕྲེང་ཡང་དགའ་བ་མཆོག་སྐྱེས་ནས། །ཕྱི་ཕྱག་བཙལ་ཏེ་འཁོར་དང་བཅས་པ་ཡིས། །དཔའ་བོའི་གཟུགས་སུ་ལམ་དུ་ཞུགས་པ་ན། །ན་ལེནྡྲ་ཡི་རྒྱལ་པོ་ཆེན་པོ་ཡང༌། །ནོར་རྫས་མང་པོ་བདག་ལ་འབད་བྱས་ཏེ། །འཁོར་དང་བཅས་པས་དཔག་ཚད་གསུམ་དུ་བསྐྱལ། །དེ་ནས་རྒྱལ་པོ་ཕྱིར་ལ་ཟློག་པའི་ཚེ། །རྒྱལ་བུས་ཕྲེང་བའི་ཚིག་ནི་སླར་གསོལ་པ། །ས་བདག་ཁྱོད་ནི་བདེ་འབྱོར་ཐོབ་གྱུར་ཀྱང༌། །སྲིད་པའི་དགྲ་དེ་ཆོམ་པར་མ་གྱུར་ན། །ཕྱི་ནས་གཤེད་མས་བཅིངས་ཏེ་ཁྲིད་པའི་ཚེ། །འགྱོད་པར་མཆིས་པས་ཆོས་འབྱོར་སྟེན་ཅིག་ཨང༌། །བསམ་པ་བཟང་པོས་དོ་ཞག་མཇལ་ན་ཡང༌། །མི་རྟག་ཚུལ་གྱིས་ཚོང་དུས་མགྲོན་པོ་འདྲ། །འབོར་བར་གདའ་མོད་བརྩེ་བས་མ་དོར་བར། །ཆོས་དང་མཐུན་པར་མྱུར་དུ་མཇལ་བར་བགྱི། །རྒྱལ་པོས་ཀྱང་ནི་དེ་ལ་ལན་གསོལ་པ། །སྐལ་པ་བཟང་པོས་དེང་སང་མཇལ་བས་ཆོག །ཆོས་རྒྱལ་སྲས་དང་བཅས་པའི་ཡིད་དབང་པོ། །དེང་སོང་གཤེགས་པས་བུ་ལ་ཕྲེང་བར་གྱུར། །འོན་ཀྱང་མྱུར་དུ་མཇལ་བའི་སྨོན་ལམ་འཚལ། །དེ་ནས་རི་བོ་ཟོམ་གྱི་ལྷོ་ཕྱོགས་སུ། །བླ་མ་ཨ་ཝ་དྷཱུ་ཏིའི་སྤྱན་སྔར་ཕྱིན། །དེ་

༣༩༦

ཚེ་བླ་མ་སྐྱེས་མཆོག་དམ་པ་ནི། །བྲག་གདོང་ནག་པོ་གཅིག་གི་བྱ་སྐྱིབས་ན། །ལྭ་བ་ནག་པོ་གཅིག་ནི་སྐུ་ལ་གསོལ། །ཀྲྀཥྞ་སཱ་རའི་པགས་པ་གདན་དུ་བཏིང༌། །སྒོམ་ཐག་ཆེན་པོ་གཅིག་ནི་ག་ཤར་བཅུག །སྐུ་ལུས་སྦོམ་ལ་ཤིན་ཏུ་གསུས་ཁྱིམ་ཆེ། །སྤྱན་མིག་དམར་ལ་ཤ་རྩི་ཅུང་ཟད་སྔོ། །རྟོག་པ་མེད་པར་ཕྱེད་སྐྱིལ་ལུས་གནད་བཅས། །སྣོད་བཅུད་ཐམས་ཅད་ཐོད་པ་གཅིག་ཏུ་བསྡུས། །ཆགས་པ་མེད་པར་དེ་ན་བཞུགས་པར་མཐོང༌། །རྒྱང་ནས་ཆིབས་ལས་གཞོལ་ཏེ་ཕྱག་བཙལ་ཞིང༌། །འཁོར་དང་བཅས་ཏེ་དྲུང་དུ་འདུག་པ་ན། །ཅེར་རེ་གཟིགས་ནས་ཞལ་ནས་འདི་སྐད་གསུངས། །ང་རྒྱལ་སྒང་བུ་རལ་བར་མ་གྱུར་ཏམ། །ནག་པོའི་ཕྱོགས་ཀྱིས་མནར་བར་མ་གྱུར་ཏམ། །ཁྱིམ་གྱི་འདམ་དུ་བྱིང་བར་མ་གྱུར་ཏམ། །བདུད་ཀྱི་བུ་མོས་བསླུས་པར་མ་གྱུར་ཏམ། །འཕགས་པ་དལ་འབྱོར་ཆུད་ཟོས་མ་བྱས་སམ། །རྒྱལ་པོའི་བུ་དང་ཁྱེད་རྣམས་ག་ནས་འོང༌། །ཐལ་མོ་སྦྱར་ནས་ཚིག་དེའི་ལན་གསོལ་བ། །ཁོ་བོ་ཤར་ཕྱོགས་བྷཾ་ག་ལ་ནས་འོང༌། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ནས་འོང༌། །རྒྱལ་སྲིད་ཚོགས་ལ་ཞེན་པ་ལོག་ནས་འོང༌། །འཁོར་བའི་ཆོས་ལ་སྐྱབས་གནས་ཞུ་རུ་འོང༌། །ཆོས་གྲྭ་ཆེན་པོ་ན་ལེནྡྲ་རུ་ཕྱིན། །རིག་པའི་ཁུ་བྱུག་དེ་ལ་སྐྱབས་གནས་ཞུས། །ཕ་དེས་ཁོ་བ་ཁྱེད་ཀྱི་དྲུང་དུ་བཏང༌། །ད་ནི་ཁྱེད་ཀྱིས་བདག་ལ་བསྐྱབ་ཏུ་གསོལ། །ཨ་བ་དྷཱུ་ཏིའི་ཞལ་ནས་འདི་སྐད་གསུངས། །ཁོ་བོ་རྒྱལ་པོའི་རིགས་སུ་སྐྱེས་ན་ཡང༌། །ཉོན་མོངས་ལས་ཀྱི་ཚོགས་ལ་ཆེས་འཇིགས་ནས། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་སྤངས། །ཨ་བ་དྷཱུ་ཏིའི་སྤྱོད་པ་སྐྱོང་ནུས་སམ། །རྒྱལ་སྲིད་འབྱོར་པ་དུག་གི་མཚོ་དང་འདྲ། །འཐུང་པ་ཙམ་གྱིས་ཐར་པའི་སྲོག་ལ་འོང༌། །རྒྱལ་སྲིད་འབྱོར་བ་མེ་ཡི་འོབས་དང་འདྲ། །བརྒལ་བ་ཙམ་གྱིས་སྡུག་བསྔལ་སྐྱེད་པར་བྱེད། །དེ་

༣༩༧

རིང་ཕར་སོང་རྒྱལ་པོའི་ཁབ་ཏུ་སོང༌། །ཁྱིམ་གྱི་ཉེས་དམིགས་ལྟོས་ལ་མྱུར་དུ་ཤོག །རྒྱལ་བུས་བླ་མའི་གསུང་དེ་ཐོས་པ་དང༌། །བསྙེན་བཀུར་བགྱིས་ནས་མྱུར་དུ་བབ་ཏུ་འོང༌། །སྐྱེ་བོ་རྣམས་ཀྱིས་རྒྱལ་བུ་མཐོང་བ་ན། །ག་ཤ་སྒྲོགས་ཤིང་གླུ་གར་རོལ་མོ་འབུལ། །རང་གི་ནང་དུ་ལྷག་པར་གྱུར་པའི་ཚེ། །རྒྱལ་པོ་ཡབ་ཡུམ་ཆེས་ཆེར་དགའ་བ་ཡིས། །ཟླ་བའི་སྙིང་པོ་ཁྱོད་ཀྱིས་གང་དུ་ཕྱིན། །དེ་ཙམ་གཅིག་ཏུ་དུབ་པར་མ་གྱུར་ཏམ། །ཉེས་དམིགས་མཐོང་ནས་ཤེས་པ་མ་སྐྱེའམ། །སླེབ་པ་ལེགས་ཞེས་དགའ་བ་སྒྲོགས་པ་ན། །རྒྱལ་བུ་དམ་པས་ཞི་བས་ལན་སྨྲས་པ། །ས་ཕྱོགས་དག་ཏུ་ཉམས་དགའ་རྩེ་རུ་ཕྱིན། །བསྟན་པའི་དགྲ་བོ་ཐབས་ཀྱིས་འདུལ་དུ་ཕྱིན། །ཐུབ་པ་སྐྱབས་གནས་བླ་མ་ཚོལ་དུ་ཕྱིན། །རི་བྲག་དག་ཏུ་དབེན་གནས་ཚོལ་དུ་ཕྱིན། །གང་དུ་ཕྱིན་ཀྱང་འཁོར་བའི་ཉེས་དམིགས་མཐོང༌། །སུ་དང་འགྲོགས་ཀྱང་འཁོར་བའི་ཉེས་དམིགས་བཤད། །ཅི་ལྟར་བྱས་ཀྱང་ཤེས་པ་མ་ཕེབས་ན། །གོ་སྐབས་ཕྱེ་ཞིག་བདག་ནི་ཆོས་ལ་འགྲོ། །དེ་ཡི་ལན་དུ་ཕ་མས་འདི་སྐད་གསུངས། །རྒྱལ་བུ་འཁོར་བའི་གནས་སུ་སྐྱེ་ལགས་ན། །རྒྱལ་སྲིད་ཟུང་ལ་དཀོན་མཆོག་མཆོད་པ་གྱིས། །ཐུགས་རྗེ་ཆེན་པོས་དབུལ་ཕོངས་ཚིམ་པར་གྱིས། །གཙུག་ལག་བཞེངས་ལ་དགེ་འདུན་རྟག་ཏུ་ཐེག །ཕྱོགས་རིས་མེད་པར་བྱམས་དང་སྙིང་རྗེ་སྒོམས། །དེ་ལྟར་བྱས་ན་ཀུན་ཏུ་བདེ་བར་འགྱུར། །རྒྱལ་བུ་དམ་པས་ལན་སྨྲས་པ། བརྩེ་བའི་ཡབ་གཅིག་བདག་ལ་གསན་དུ་གསོལ། །ང་ནི་རིན་ཆེན་གསེར་གྱི་ཕོ་བྲང་ན། །དར་གྱི་བཅུད་མོས་བསྡམས་ཏེ་འཁྱོག་མེད་པར། །ཕོ་བྲང་འདི་རུ་བདག་ནི་མནར་བར་འགྱུར། །བདག་གིས་འཁོར་བ་འདི་ལ་ཆེར་བལྟས་ཤིང༌། །སྐྱེ་བོ་ཡོངས་ཀྱི་སྡུག་བསྔལ་བསམ་པ་ན། །རྒྱལ་སྲིད་འདི་ལ་

༣༩༨

ཆགས་པའི་སྣང་བ་ནི། །མཆིལ་མའི་ཐལ་བ་ཙམ་ཡང་མི་གདའོ། །བདག་གིས་བསྐོར་ཞིང་ཉིན་མཚན་དུས་དྲུག་ཏུ། །ཁྱིམ་གྱི་ཉེས་དམིགས་ཆེས་ཆེར་བསམ་པ་ན། །མཚར་ཡང་བསླུ་བྲིད་བདུད་ཀྱི་བུ་མོ་ལ། །ཆགས་སེམས་སྐད་ཅིག་ཙམ་ཡང་མི་གདའ་འོ། །བདག་གིས་རྫུན་སྣང་འདི་ལ་བལྟས་ཙ་ན། །དཀར་གསུམ་ཀ་ར་བུ་རམ་སྦྲང་རྩི་དང༌། །མི་གཙང་མཛེ་ཀླད་ཁྱི་ཤ་རྣག་ཁྲག་ལ། །ཁྱད་པར་ཅུང་ཟད་ཙམ་ཡང་མི་གདའ་འོ། །དར་ཟབ་གོས་དང་གཡུ་འབུར་མཛེས་པ་དང༌། །ལྷ་ཡི་རྒྱན་ཆ་མཛེས་པས་མཆོད་པ་དང༌། །མི་གཙང་ཁྲོད་དུ་ལྭ་བ་གྱོན་པ་ལ། །ཁྱད་པར་ཅུང་ཟད་ཙམ་ཡང་མི་གདའ་ན། །ང་འགྲོ་བསམ་གཏན་བསྒོམ་དུ་ནགས་སུ་འགྲོ། །དུར་ཁྲོད་བརྒྱད་དུ་རྩེད་མོ་རྩེ་རུ་འགྲོ། །ང་འགྲོ་གསང་བའི་གནས་སུ་དགའ་བདེ་སྐྱོང་དུ་འགྲོ། །ཆགས་མེད་རོ་སྙོམས་ལྡོམ་བུ་བསྟེན་དུ་འགྲོ། །ང་འགྲོ་ང་འགྲོ་རི་བོའི་ཟོམ་དུ་འགྲོ། །རྗེ་བཙུན་ཨ་བ་དྷཱུ་ཏིའི་དྲུང་དུ་འགྲོ། །ང་འགྲོ་ང་འགྲོ་མཁའ་སྤྱོད་གནས་སུ་འགྲོ། །རྡོ་རྗེ་ཐེག་པའི་རོ་མཆོག་མྱོང་དུ་འགྲོ། །ང་འགྲོ་ང་འགྲོ་ཨུ་རྒྱན་ཡུལ་དུ་འགྲོ། །ཡེ་ཤེས་མཁའ་འགྲོ་གྲོགས་སུ་སྡུད་དུ་འགྲོ། །ང་འགྲོ་ང་འགྲོ་འོག་མིན་གནས་སུ་འགྲོ། །རྣམ་སྣང་ཞབས་ལ་སྤྱི་བོས་བརྟེན་དུ་འགྲོ། །ང་འགྲོ་ང་འགྲོ་དགའ་ལྡན་གནས་སུ་འགྲོ། །བྱམས་པའི་སྐྱེས་མཆོག་བླ་མ་བརྟེན་དུ་འགྲོ། །ང་འགྲོ་ང་འགྲོ་ཞིང་ཁམས་ཡོངས་སུ་འགྲོ། །དམ་པ་ཆོས་ཀྱི་དགའ་སྟོན་འགྱེད་དུ་འགྲོ། །ང་འགྲོ་ང་འགྲོ་འཕགས་པའི་ཞིང་དུ་འགྲོ། །བདེ་བ་ཅན་འགྲོ་ཉམས་དགའ་སྐྱོང་དུ་འགྲོ། །ཁོ་བོ་མ་བཅིངས་མ་བཅིངས་དགེ་བ་དཔལ། །ཕ་གཅིག་བུ་ལ་བརྩེ་ན་བཙན་སར་སྐྱོལ། །ཁོ་བོ་མ་བཅིང་མ་བཅིངས་འོད་ཟེར་ཅན། །མ་གཅིག་བུ་ལ་བརྩེ་ན་ཆོས་ལ་སྦྱོར། །ཉི་མ་དེ་རིང་ང་ལ་འབྲས་ཆང་དང༌། །

༣༩༩

ཤ་དང་འོ་མ་བུ་རམ་སྦྲང་རྩི་དང༌། །རྫས་ཀྱི་འབྱོར་བ་ཅུང་ཞིག་ཐུགས་ལ་ཐོགས། །རྗེ་བཙུན་ཨ་བ་དྷཱུ་ཏིའི་དྲུང་དུ་འགྲོ། །བསྙེན་བཀུར་བྱེད་ཅིང་བདག་རྒྱུད་འདུལ་དུ་འགྲོ། །ཚིག་དེ་རྒྱལ་བུ་དམ་པས་གླུ་དབྱངས་ཤིང༌། །ཡབ་ཡུམ་གཉིས་ཀྱི་སྙན་དུ་ཕུལ་བ་དང༌། །དྲི་ཟའི་རྒྱལ་པོའི་བླུ་དབྱངས་བླངས་པ་ན། །སྐྱེ་བོ་རྣམས་ཀྱི་རིག་པ་གཡོས་པ་ལྟར། །ཡབ་ཡུམ་གཉིས་ཀྱི་ཤེས་པ་ཆེར་གཡོས་ནས། །ལན་མ་ཐེབས་པར་རང་ལ་གང་འདོད་གནང༌། །དེ་ནས་འབྲས་ཆང་ལ་སོགས་ཟས་སྣ་དང༌། །རྟ་བ་སྟོང་དང་བཅས་པས་ནགས་སུ་ཕྱིན། །ཨ་བ་དྷཱུ་ཏི་མཆོད་པས་ཚིམ་བྱས་ནས། །ཐལ་མོ་སྦྱར་ཞིང་ཞབས་ལ་བཏུད་པ་དང༌། །བླ་མས་སེམས་ལ་ཐེག་ཆེན་དབང་བསྐུར་མཛད། །དེ་ཚེ་འཁོར་ལོས་སྒྱུར་རྒྱལ་རྒྱལ་པོ་ལ། །འཁོར་གྱིས་བསྐོར་ཞིང་འཇིགས་པ་བསྲུང་བ་ལྟར། །ཐམས་ཅད་རྟ་ལས་མང་བས་ནགས་ཁྲོད་ན། །ཧོ་སྒྲ་ཀུ་སྒྲ་སྒྲོགས་ཤིང་ཕྱོགས་ནས་བསྐོར། །མེལ་ཚེ་བྱེད་ཅིང་གླུ་དབྱངས་མཆོད་པ་འབུལ། །བྱིན་བརླབས་རྗེས་སུ་བླ་མས་འདི་སྐད་གསུངས། །རི་བོ་ནག་པོའི་གཙུག་ལག་ཁང་དུ་སོང༌། །དཔལ་ལྡན་དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ། །བཀའ་སྡོད་གཤིན་རྗེའི་གཤེད་ཀྱི་སྒྲུབ་པ་པོ། །དཔལ་ལྡན་རཱ་ཧུ་ལ་ཡི་དྲུང་དུ་སོང༌། །སེམས་བསྐྱེད་དབང་བསྐུར་གདམས་པ་དམ་པ་ཞུས། །དེ་ཡང་སྔོན་གྱི་བླ་མ་དམ་པ་ཡིན། །དགའ་བར་རྒྱུ་གཅིག་མ་བསྡད་ད་ལྟ་སོང༌། །རྒྱལ་བུས་བླ་མའི་གསུང་དེ་ཐོས་པ་དང༌། །དཔའ་བོ་ཆེན་པོ་གཡུལ་དུ་ཞུགས་པ་ལྟར། །ཁྲབ་ཀྱི་གོས་ཅན་རྟ་པ་སྟོང་ཕྲག་གིས། །རྨོག་གྱོན་དཔའ་བོའི་ངར་སྒྲ་ཆེན་པོ་ཡིས། །སྟྭ་རེ་དགྲ་སྟྭ་ཐོ་བ་མདུད་ཐུང་ཕྱར། །ཐོག་མདའ་འཕེན་ཞིང་ཀུན་ནས་ཚིག་སྒྲ་སྒྲོག །དགའ་གའི་གླུ་ལེན་གཙུག་ལག་ཁང་དུ་རྒྱུ། །དེ་ནས་རི་བོ་ནག་པོའི་གཙུག་ལག་ཏུ། །རྣལ་འབྱོར་ཕོ་མོ་དཔག་ཏུ་མེད་པ་ལ། །དཔལ་ལྡན་

༤༠༠

དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ། །གསང་སྔགས་རྒྱུད་སྡེ་གསུང་གིན་ཡོད་པ་ལ། །རྒྱལ་བུ་ཟླ་བ་གཞོན་ནུ་བྱོན་པ་གཟིགས། །ཆོས་ལ་བྱོན་པ་མངོན་པར་མཁྱེན་ན་ཡང༌། །ཐུགས་རྗེ་ཆེན་པོས་བསྡིགས་རི་བྱ་བའི་ཕྱིར། །རྒྱལ་པོའི་སྟེང་དུ་ཐོག་གཅིག་ཕབ་པ་ན། །ཐོག་དེ་དབྱིངས་ནས་འབབ་དུ་མ་འདོད་པར། །མུ་སྟེགས་ནག་པོའི་མཆོད་རྟེན་རི་ལ་སོང༌། །དེ་ནས་རྣལ་འབྱོར་པ་རྣམས་ཡ་མཚན་ནས། །རྒྱལ་པོའི་དམག་འདི་གང་ལགས་སུ་ཞེས་གསོལ། །དེ་མ་ཐག་ཏུ་བླ་མས་ལན་གསུངས་པ། །སྐྱེ་བ་ལྔ་བརྒྱ་ལྔ་བཅུ་རྩ་གསུམ་དུ། །རྣམ་དག་དགེ་སློང་མཁས་པའི་པཎ་ཆེན་དུ། །ལེགས་པར་བརྒྱུད་ཅིང་དེང་སང་བྷཾ་ག་ལར། །ཆོས་རྒྱལ་དགེ་བ་དཔལ་གྱི་སྲས་སུ་བལྟམས། །འདི་འདྲའི་འཁོར་དང་རྒྱལ་སྲིད་ཆེན་པོ་ལ། །འདི་ན་མ་ཆགས་དཀའ་བ་སྤྱོད་པར་འདོད། །རི་བོའི་ཟོམ་ནས་ཨ་བ་དྷཱུ་ཏི་པས། །ང་ལུང་བསྟན་ཏེ་དེ་རིང་དྲུང་འདིར་ལྷགས། །ངོ་མཚར་ཆེའོ་སྐལ་ལྡན་ཕོ་མོ་རྣམས། །ཞེས་གསུངས་པ་དང༌། །ཀུན་གྱི་ཨ་ལ་ལ་ཧོ་ངོ་མཚར་ཅན། །དེ་རིང་དཔའ་བོ་ཆེན་པོ་བྱོན་པ་ལེགས། །དེ་ནས་ཀུན་གྱིས་བཞེངས་ཏེ་རྒྱང་ནས་བསུས། །རྒྱལ་བུ་ཆེན་པོས་ཆིབས་ལས་གཞོལ་བ་དང༌། །རྟ་བ་སྟོང་གིས་དེ་བཞིན་རྟ་ལས་བབས། །དེ་ནས་བླ་མའི་ཕོ་བྲང་འཁོར་དུ་བྱོན། །གུས་པས་ཕྱག་འཚལ་གསོལ་བ་འདི་སྐད་བཏབ། །སྐྱེས་མཆོག་བླ་མ་དམ་པ་གསན་དུ་གསོལ། །ཁྱིམ་ནས་བྱུང་སྟེ་ཐར་པ་བསླབ་འདོད་ཀྱང༌། །འདི་ལྟར་གྲགས་པའི་རིགས་བརྒྱུད་ཐོབ་པ་ཡིས། །བྷཾ་ག་ལ་རུ་ཁོ་བོ་འཆིང་ཉེན་གདའ། །ཛེ་ཏཱ་རི་དང་བྱང་ཆུབ་བཟང་པོ་དང༌། །རིག་པའི་ཁུ་བྱུག་ཨ་བ་དྷཱུ་ཏི་བ། །དངོས་གྲུབ་བརྙེས་པའི་བླ་མ་བསྟེན་གྱུར་ཀྱང༌། །ད་དུང་རྒྱལ་སྲིད་གནས་ལས་མ་གྲོལ་གྱུར། །ད་ནི་བླ་མ་ཉིད་གྱི་དྲུང་དུ་བཏང༌། །བདག་ལ་སེམས་བསྐྱེད་ཐེག་ཆེན་དབང་བསྐུར་གྱིས། །ངེས་པར་འཆིང་བ་འདི་ལས་བསྒྲལ་དུ་གསོལ། །

༤༠༡

དེ་ནས་བླ་མ་དཔའ་བོ་དམ་པ་ཡིས། །རྒྱལ་བུ་གཅིག་པུ་དཀྱིལ་འཁོར་དྲུང་དུ་ཁྲིད། །དཔལ་ལྡན་དགྱེས་པ་རྡོ་རྗེའི་དབང་བསྐུར་མཛད། །གསང་ཆེན་ཡེ་ཤེས་གསང་བའི་རྡོ་རྗེར་བཏགས། །ཉིན་དང་མཚན་དུ་གདམས་པའི་ཆར་པ་ཕབ། །ཉིན་ཞག་བཅུ་གསུམ་བར་དུ་དབང་བསྐུར་བགྱེས། །རྗེས་ཀྱི་བྱ་བ་ཐམས་ཅད་ཚང་བར་མཛད། །དེ་ཡི་བར་དུ་འཁོར་ཚོགས་ཐམས་ཅད་ཀྱང༌། །མ་ཉལ་འགྲོ་དང་འཆགས་དང་རྩེ་བ་དང༌། །གླུ་དང་གར་དང་རོལ་མོ་སྣ་ཚོགས་བྱེད། །རྒྱལ་བུ་ཕྱིར་ལ་ནམ་བྱོན་སྙམ་པ་ལས། །རྣམ་པར་རྟོག་པ་གང་ཡང་མ་བྱུང་ངོ༌། །ཉིན་མཚན་བཅུ་གསུམ་འདས་པའི་དུས་ཚོད་ན། །རྒྱལ་བུས་ཧེ་རུ་ཀ་ཡི་གཟུགས་སུ་བྱོན། །འཁོར་ལ་གཟིགས་ཤིང་མི་རྟག་གླུ་དབྱངས་བླངས། །འཁོར་གསུམ་བལྟ་ཞིང་སྙིང་པོ་མེད་པར་གཟིགས། །དེ་ཚེ་ངག་ཏུ་གསོལ་བའི་གླུ་དབྱངས་ནི། །ཕ་རོལ་ཉག་གཅིག་དབྱིངས་ཀྱི་ནམ་མཁའ་ལ། །སྐྱེ་མེད་གྲགས་སྟོང་ཚིག་གི་ང་རོ་སྒྲོགས། །རྒྱལ་སྲིད་རྨི་ལམ་ནོར་འདྲ་སྙིང་པོ་མེད། །འཁོར་རྣམས་སྒྱུ་མའི་ཚོགས་ལྟར་བསླུ་བྲིད་ཡིན། །ཐམས་ཅད་བོར་ནས་བྱང་ཆུབ་མ་སྒྲུབ་ན། །ཁོ་བོ་སྐལ་ལྡན་བསོད་ནམས་བསགས་པ་མིན། །ཉིན་དང་མཚན་དུ་གནས་ལུགས་དོན་སྒོམ་ཞིང༌། །རྒྱ་ཆེན་ཐོས་པ་རྟག་ཏུ་བཙལ་བར་བྱ། །དེ་ནས་དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ། །མི་རྟག་རང་བཞིན་ལས་ཀྱི་རྣལ་འབྱོར་མ། །དཔའ་བོ་དངོས་གྲུབ་བརྙེས་པའི་རྣལ་འབྱོར་པ། །འཇིགས་པའི་གྲུབ་ཐོབ་ཕོ་མོ་གཅེར་བུ་བརྒྱད། །ལག་པ་གཡས་ན་མི་རྐང་གླིང་བུ་བཟུང༌། །གཡོན་པས་མི་ཤ་ལག་པ་སོ་འདྲད་བྱེད། །ངག་ཏུ་ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོགས། །ཀུན་ནས་རྒྱལ་བུའི་ཕྱིར་ལ་བསྐོར་ཞིང་རྒྱུག །བྷཾ་ག་ལ་སོགས་རྒྱལ་བུའི་བསམ་པ་སྒྱུར། །རྒྱལ་བུ་སྲིད་དང་ཕ་རོལ་བསམ་པ་སྒྱུར། །སྐྱེས་མཆོག་ཨ་བ་དྷཱུ་ཏིའི་དྲུང་དུ་སྐྱོལ། །ལྭ་བའི་གོས་གྱོན་དམན་པའི་

༤༠༢

ཟས་ཀྱིས་སྐྱོང༌། །དར་ཟབ་སྟན་ཕྲོལ་ཀྲྀཥྞ་སཱ་ར་བྱིན། །འཁོར་དང་རྟ་ཕྲོལ་གཅིག་པུ་ལྡོམ་བུ་སློབ། །མ་ཞུམ་མ་ཞུམ་ཐར་པ་སྒྲུབ་པའི་དུས། །ངེས་པར་གཉེན་པོ་བཙན་ཚོད་སྒྲུབ་བའི་དུས། །ད་ལྟ་རྒྱུག་ཅེས་བླ་མས་བཀའ་བསྒོ་མཛད། །དེ་ནས་རྒྱལ་བུ་གྲུབ་ཐོབ་ཆ་ལུགས་སུ། །ཆིབས་ལ་ཆིབས་ཏེ་རྟ་པ་སྟོང་གིས་བསྐོར། །ལམ་དུ་ཞུགས་ཚེ་རྡོ་རྗེའི་མགུར་བཞེངས་པ། །སྐྱེ་བ་མེད་པ་སེམས་ཀྱི་རྡོ་རྗེ་ལས། །འགྱུར་བ་མེད་པ་རྡོ་རྗེའི་ཐེག་པ་རྙེད། །ཤིན་ཏུ་དགའ་བ་ཉམས་ཀྱི་རྡོ་རྗེ་ལ། །རྡོ་རྗེའི་ཉམས་དང་ལྡན་པའི་སྣང་བ་ཤར། །གསལ་ལ་དག་པ་ལྷ་ཡི་རྡོ་རྗེ་ལ། །ཉེས་སྐྱོན་བྲལ་བ་ལུས་ཀྱི་གཟུགས་བརྙན་ཤར། །རྡོ་རྗེ་རིན་ཆེན་ལུས་ཀྱི་ད་ལ་ལ། །བདག་མེད་རྡོ་རྗེ་འཇིགས་མེད་སྣང་བ་ཤར། །མི་རྟོག་ཡེ་ཤེས་གསང་བའི་རྡོ་རྗེ་སྟེ། །འཁོར་བའི་གཡུལ་ལས་ངེས་པར་རྒྱལ་བར་འགྱུར། །རྒྱལ་བུས་རྡོ་རྗེའི་མགུར་དེ་བཞེས་པ་དང༌། །ནང་བློན་ཆེན་པོ་དཔའ་བོ་རྡོ་རྗེ་དང༌། །བློན་པོ་ཆེན་པོ་ཕས་རྒོལ་རབ་འཇོམས་དང༌། །བློན་པོ་ཆེན་པོ་སྐར་མའི་རྒྱལ་བ་དང༌། །བློན་པོ་ཆེན་པོ་འཇིག་པ་མེད་པ་དང༌། །བློན་པོ་བཞི་ཡིས་སྐྱོ་བའི་གླུ་བླངས་པ། །ཨེ་མ་ཧོ་འཇིག་རྟེན་ལས་ཀྱི་མཐུ་བཙན་པ། །ཀུན་ནས་བསྔགས་པ་ཟ་ཧོར་ཡུལ་མཆོག་ན། །དཔལ་འབྱོར་རྒྱས་པ་གྲོང་ཁྱེར་བྷཾ་ག་ལ། །ལྟ་ན་སྡུག་པ་གསེར་གྱི་རྒྱལ་མཚན་ཅན། །ངོ་མཚར་ཆེའོ་རྒྱལ་པོ་དགེ་བ་དཔལ། །འགྲོ་བའི་མ་མ་ལྷ་མོ་འོད་ཟེར་ཅན། །སྤྲུལ་པ་འདྲ་བའི་བློན་འབངས་བོར་གྱུར་ནས། །རྒྱལ་བུ་དམ་པ་ནགས་སུ་ཞུགས་པ་འདྲ། །རྟ་དང་ཤིང་རྟ་གླང་པོ་བཞག་གྱུར་ནས། །དམན་པའི་ཚུལ་བཟུང་རྐང་འགྲོས་གྱེད་བྱེད་འདྲ། །ལྷ་ཡི་རྒྱན་དང་ན་བཟའ་བཞག་གྱུར་ནས། །དམན་པའི་ཆས་སུ་ལས་པ་གྱོན་ཉེན་གདའ། །རྨ་བྱ་བསྣོལ་བའི་ཁྲི་སྟན་ཕར་བཞག་ནས། །ལོ་མའི་སྤྱིལ་པོར་ཀྲྀཥྞ་བཏིང་ཉེན་གདའ། །མཛེས་པའི་ལྷ་མོ་ཁབ་ཏུ་མི་བཞེས་པར། །

༤༠༣

དུར་ཁྲོད་འགྲིམ་ཞིང་རོ་ཟས་ཟ་ཉེན་གདའ། །བལྟམས་མ་ཐག་ཏུ་དཀར་པོའི་སྣང་བ་ཅན། །དགའ་བར་འདུས་པ་འདྲལ་བར་ཕོད་ལགས་སམ། །དེ་ལྟར་གླུ་ལེན་སྐྱོ་བས་ཁབ་ཏུ་འོང༌། །ཀུན་གྱིས་ཕོ་བྲང་འཁོར་དུ་སླེབས་པ་ན། །སྐྱེ་བོ་ཀུན་གྱིས་ཚོར་ཞིང་བལྟས་པའི་ཚེ། །ཕྱོགས་སྐྱོང་བཅུ་པོ་རབ་ཏུ་ཞུགས་པ་ལྟར། །འཇིགས་ཤིང་དཔའ་ལ་གོ་ཆ་རབ་ཏུ་སྲ། །མཛེས་ཤིང་མཚར་ལ་ཡ་མཚན་ལྟས་མོ་ཆེ། །སིལ་སིལ་ཁྲོལ་ཁྲོལ་འུར་སྒྲ་སྣ་ཚོགས་སྒྲོགས། །རང་གི་རྒྱལ་བུ་ལགས་ཀྱང་འཇིགས་པར་ཚོར། །ཟླ་བ་གསུམ་དུ་བློན་པོ་ཐམས་ཅད་ཀྱང༌། །དམག་གི་ཆས་གྱོན་རྟ་རྣམས་སྒ་ཆས་སྒྲོན། །ལ་ལ་ཚབ་འདྲེན་ལ་ལ་གླུ་གར་རྩེ། །ལ་ལ་འཐབ་པ་ལྟ་བུར་གོ་གསར་བྱེད། །རྣལ་འབྱོར་ཕོ་མོ་དག་ནི་མཆོང་ཞིང་རྒྱུག །རྒྱལ་བུས་གྲོང་ཁྱེར་དབུས་སུ་སྨྱོ་སྤྱོད་སྐྱོང༌། །ཀུན་གྱིས་རྒྱལ་སྲིད་སྤོང་བར་ཁ་ཚོན་བཅད། །ཐམས་ཅད་ཕྲེང་ཞིང་མི་གནས་མཆི་མ་འབྱིན། །ཁྱེའུ་ཁྱུ་རུ་གཅན་གཟན་ལྷག་པ་ལྟར། །ཡབ་ཡུམ་བུ་ཕྱིར་མྱ་ངན་སྨྲེ་སྔགས་འདོན། །ལྷག་པར་ཡབ་ཀྱི་ཞལ་ནས་འདི་སྐད་གསུངས། །ཨེ་མ་བུ་ཁྱོད་ལེགས་པར་བཙས་པའི་ཚེ། །ཡ་མཚན་ལྟས་མཐོང་རྒྱལ་སྲིད་སྐྱོང་སྙམ་ནས། །དགའ་བའི་སེམས་ཀྱིས་ཡིད་དབང་སོས་པར་གྱུར། །ད་ནི་ནགས་ཁྲོད་བརྟེན་ནམ་ཇི་སྐད་ལགས། །རྒྱལ་བུས་སྨྲས་པ་ཆོས་རྒྱལ་གསན་དུ་གསོལ། །ཅི་གསུང་བདག་གིས་རྒྱལ་སྲིད་བཟུང་གྱུར་ན། །ཚེ་འདིར་ཡུད་ཙམ་ཡབ་དང་འགྲོགས་མོད་ཀྱི། །སྐྱེ་བ་རྟག་ཏུ་ཕ་བུར་མི་ཤེས་ཤིང༌། །ཕན་གནོད་མེད་ན་ཤིན་ཏུ་འཚེང་བ་མིན། །བདག་གིས་རྒྱལ་སྲིད་ཆེན་པོ་རབ་སྤངས་ནས། །ངེས་པར་རྣམ་གྲོལ་བྱང་ཆུབ་ལམ་འགྲུབ་ན། །སྐྱེ་བ་གཏན་དུ་དགའ་བདེར་འགྲོགས་སུ་ཡོད། །དེ་ཕྱིར་བདག་ལ་གོ་སྐབས་

༤༠༤

སྩལ་བར་མཛོད། །དེ་ནས་ཡུམ་གྱི་ཞལ་ནས་འདི་སྐད་གསུངས། །ཅི་ཕན་བུ་འདི་ཤིན་ཏུ་ཕྲེང་ན་ཡང༌། །སྐྱེ་རྒུ་ཀུན་ལ་ལས་ཀྱི་འཕེན་པ་གཙོ། །སྐྱེས་མཆོག་གང་སུ་ཆོས་ལ་བདེ་བར་ཐོངས། །ཕྱིས་ནས་གཏན་དུ་འགྲོགས་པའི་སྨོན་ལམ་འཚལ། །དེ་ནས་རྒྱལ་བུ་ནང་པར་ཐོ་རངས་ནས། །རྣལ་འབྱོར་རྣམས་དང་ལྷན་ཅིག་ནགས་སུ་བྱོན། །ཨ་བ་དྷཱུ་ཏིའི་དྲུང་དུ་དཀའ་ཐུབ་བསྟེན། །ཆགས་པ་མེད་པ་དབུ་མའི་ཆོས་རྣམས་བསླབས། །དགུང་ལོ་བཅུ་གཉིས་ལོན་ནས་བཅོ་བརྒྱད་བར། །ཨ་བ་དྷཱུ་ཏིའི་སྤྱོད་པ་སྐྱོང་བ་ལ། །ཐོས་བསམ་སྒོམ་གསུམ་སྟན་ཐོག་གཅིག་ཏུ་བསྒྲུབས། །དེ་ནས་རྗེ་བཙུན་སྙིང་རྗེ་ཆེན་པོ་འདིས། །དཀའ་བ་བརྒྱ་ཕྲག་དུ་མས་འབད་པ་ཡིས། །རྒྱལ་སྲིད་ཆེན་པོ་བསྐམ་གྱིས་མི་ཁྱབ་པ། །མཆིལ་མའི་ཐལ་བ་བཞིན་དུ་རབ་སྤངས་ནས། །རྣམ་གྲོལ་ཆེན་པོར་ཐར་པ་རབ་ཏུ་བརྙེས། །དེ་ཡི་འགྲན་ཟླ་སུ་ཡང་མ་མཆིས་པས། །བསྟན་པའི་མངའ་བདག་དོན་གྲུབ་རབ་བརྙེས་ལ། །འབྲོམ་རྗེ་ཁོ་བོས་སྤྱི་བོ་རབ་བཏུད་ནས། །འཁོར་བ་མ་སྟོངས་བར་དུ་བདག་ཕྱག་འཚལ། །འདི་ལ་སྒྲོ་སྐུར་དྲི་མ་གང་མཆིས་པ། །ཐུགས་རྗེ་ཆེན་པོ་ཁྱེད་ཀྱིས་བཟོད་པར་བཞེས། །བླ་མའི་རྣམ་པར་ཐར་པ་རྒྱ་མཚོ་ལས། །རྒྱལ་སྲིད་སྤངས་ནས་ཐར་པ་སྒྲུབ་པ་ཡི། །ཡོན་ཏན་རགས་རིམ་ཙམ་ཞིག་གསུངས་པའོ། །ཇོ་བོ་ལྷ་གཅིག་བཀའ་དྲིན་ཆེ་ལགས་སོ། །ཤུ་བྷམ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེ་བར་གྱུར་ཅིག །འགྲོ་བའི་མགོན་པོ་དཔལ་ལྡན་ཨ་ཏི་ཤའི། །རྒྱལ་སྲིད་སྤངས་ནས་ཐར་བ་སྒྲུབ་ཚུལ་གྱི། །ཡོན་ཏན་རགས་རིམ་ཙམ་ཞིག་བརྗོད་པ་ཡིས། །སེམས་ཅན་ཀུན་ལ་ངེས་འབྱུང་སྐྱེ་བར་ཤོག། །།

༄༅། །ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲྭ་བ་བཞུགས་སོ༎ ༎

༦༣ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲྭ་བ་བཞུགས་སོ།། །།
༦༤བླ་མ་སངས་རྒྱས་ཀུན་དངོས་ལ། །དངོས་གྲུབ་དོན་དུ་ཕྱག་འཚལ་ཏེ། །དཀྱིལ་འཁོར་ཤིན་ཏུ་སྤྲོས་མེད་ཀྱི། །དབང་ཆོག་གསལ་བར་བདག་གིས་བཀོད། །འདི་ལ་གཉིས་སྟེ། སྔོན་འགྲོ་སྤྱོད་པ་བརྩམ་པ་དང་། དངོས་གཞི་དབང་བསྐུར་བའོ། །དང་པོ་ནི། དཔོན་སློབ་ཀུན་རབ་ཏུ་དབེན་པའི་ལུང་སྟོང་ལ་སོགས་པར་སོང་ལ། །ཚོགས་དང་གཏོར་མ་དང་གསེར་གྱི་མཎྜལ་ལ་སོགས་པ་སྟ་གོན་དུ་བྱ་ཞིང་། བླ་མ་དང་མཁའ་འགྲོ་མཉེས་པར་བྱས་ནས་རིག་པར་སྒྲིབ་གཡོག་མེད་པར་མཚོན་པའི་ཕྱིར་དུ། གཅེར་བུའམ་སྟོད་གཡོགས་ཙམ་ཕུད་ལ། རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་སུ་དག་པ་དང་། བར་ཆད་ཞི་བར་བྱ་བའི་ཕྱིར་དུ་གོ་བགོ་བ་ནི། སློབ་མ་དེ་དག་བླ་མའི་སྐུ་སྔོ་ནག་རབ་ཏུ་འཇིགས་ཤིང་སྐྲ་བརྫེས་པ། མཆེ་བ་གཙིགས་ཤིང་ལྗགས་འགྱུར་བར་བསམས་པའི་སྤྱི་བོར་ལཾ་སེར་པོ། །དཔྲལ་བར་ཨེ་མཐིང་ག །ལྐོག་མར་སུ་སེར་པོ། །མགྲིན་པར་ཁམ་དུད་ཁ། ནུ་མ་གཉིས་ལ་ཧ་དཀར་
༦༥པོ། །ལྟེ་བར་རཾ་དམར་པོ། །རྐང་མཐིལ་གཉིས་སུ་ཡཾ་ལྗང་གུ་རེ་བསམ་དུ་བཅུག་ལ། བླ་མའི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་འཕྲོས་པས་སློབ་མའི་སྙིང་ནང་དུ་སོང་བས་ཧཱུྃ་དུ་གྱུར་པར་བསྒོམ་ཞིང་། བླ་མས་ཧ་ཧ་ཞེས་ངར་བསྐྱེད་ལ་ལན་གསུམ་བརྗོད་ནས། སློབ་མ་ཀུན་དམིགས་པ་གསལ་པོས་གཏོར་མ་རེ་ཁྱེར་ནས་སོང་སྟེ་གཞི་བདག་དང་མཁའ་འགྲོ་རྣམས་ལ་བྱིན་ལ། བདག་ལུང་པ་འདིར་སྤྱོད་པ་ཞག་གསུམ་བྱེད་པས་བར་དུ་གཅོད་པ་མ་བཏང་ཞིག །ཅེས་བཀའ་བསྒོས་ལ། དང་པོ་ལུས་ཀྱི་སྤྱད་པ་བརྩམས་པ་ནི། གཅེར་བུར་བྱས་ཏེ་ཌཱ་མ་རུ་དཀྲོལ་ཞིང་ཁ་ཾ་ག་ཐོགས་ནས་སྦ་བརྫེས་ལ་ལངས་ནས་རྒྱུག་པ་དང་། སྒུར་ནས་འགྲོ་བ་དང་། མཆོངས་པ་དང་། འཁྲབ་པ་དང་། ལུས་བསིག་པ་དང་། སྤྱིའུ་ཚུག་དང་། རྒྱབ་འགྲོས་དང་། ཉལ་བ་དང་། འཕྲས་པ་དང་། གར་བསྒྱུར་བ་དང་ཕྱག་རྒྱ་དང་ཡན་ལག་སྤྲུགས་པ་དང་། མགོ་བསྐྲིལ་བ་དང་། ཨཾ་གཙིགས་དང་མཆེ་བ་གཉེར་བ་
༦༦དང་། རྐང་ལག་ཡ་རེ་བཙུགས་ནས་འགྲོ་བ་དང་། འབུ་སྲིན་གྱི་ནུར་འགྲོས་དང་། སྟག་མོའ་མཆོངས་སྟངས་ལ་སོགས་པ་ལུས་ཀྱི་རྣམ་འགྱུར་དྲན་དགུ་ཅོག་བྱས་པའི་མཐར་ཕྱག་འཚལ་བ་དང་། བསྐོར་བ་དང་། ལྷའི་སྟངས་སྟབས་དང་ཕྱག་རྒྱ་བྱས་ལ་འཕྲོ་བཅད་ནས། མཚན་མོ་བདེ་བའི་མལ་དུ་འགུལ་འཕྲེགས་མེད་པར་ཉལ་བས་རྣལ་དུ་དབབ་བོ། །དེ་ལྟར་བྱས་པས་ལུས་རུ་ཤན་ཕྱད་པའི་ཉམས་རྟགས་ལ། ལུས་ལ་ཆགས་ཞེན་མེད་པ་དང་། ལུས་མེད་པར་སྙམ་པ་དང་། ཚ་གྲང་མེད་པ་དང་། བཀྲེས་སྐོམ་མེད་པ་དང་། ངལ་དུབ་མེད་པ་དང་། ནམ་མཁའ་ལ་འགྲོ་བར་སྙམ་པ་དང་། བདེ་དྲོད་འབར་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟ་བུ་མ་བྱུང་གི་བར་དུ་བསྐྱར་བས་ལུས་ཀྱི་རུ་ཤན་ཕྱེད་ངེས་སོ། །དགོས་པ་ནི། ལུས་ཀྱི་བར་ཆད་ཞི། སྡིག་སྒྲིབ་དག་སྤྲུལ་སྐུར་གྲོལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་མི་འགྱུར་བ་དང་གཉིས་སུ་མེད་པར་འགྱུར་བ་ཡིན་ནོ། །དེ་ནས་ངག་གི་སྤྱོད་པ་ནི། རང་གི་སྒྲ་སྐད་ཐམས་ཅད་བླ་མའི་གསུང་དུ་བསམ་ལ། ངག་གི་བརྗོད་པ་སྣ་ཚོགས་བྱ་བ་ནི། ལྷའི་སྐད་སྙན་པའི་གླུ་དང་དབྱངས་གསལ་བྱེད་ཀྱི་ཡི་གེ་དང་། སིལ་སྙན་ལྟ་བུ་ལ་སོགས་པ་དང་། ཀླུའི་སྐད་པི་ཝང་ལྟ་བུ་དང་། བུམ་ལྡིར་ལྟ་བུ་དང་། གནོད་སྦྱིན་གྱི་སྐད་བྲག་རི་ཉིལ་བ་ལྟ་བུ་དང་། མིའམ་ཅིའི་སྐད་རྒྱུད་མངས་དང་སྤྲིན་གྱི་ང་རོ་ལྟ་བུ་དང་། སྲིན་པོའ་སྐད་ར་ལ་ར་ལ་རི་ལི་རི་ལི་ལ་སོགས་པ་སེར་སྤྲིན་གྱི་འབྲུག་སྒྲ་ལྟ་བུ་དང་། ལྷ་མ་ཡིན་གྱི་སྐད་ཞི་བའི་འབྲུག་སྒྲ་ལྟ་བུ་དང་། དམྱལ་བའི་སྐད་ཚ་གྲང་གི་སྡུག་བསྔལ་སྨྲེ་སྔགས་འདོན་པ་དང་། ཡི་དྭགས་བཀྲེས་སྐོམ་གྱི་འཁུན་སྒྲ་དང་། དུད་འགྲོའི་མྱ་ངན་གྱི་བཤུག་སྒྲ་དང་། མི་སྐྱེ་རྒ་ན་འཆིའི་རང་སྒྲ་དང་། གཞན་
༦༧ཡང་སྐད་ཀྱི་རྣམ་པ་ཤེས་ཚད་བརྗོད་དོ། །རྟ་དང་། གླང་དང་། ར་ལུག་དང་། བོང་བུ་དང་། ཅེ་སྤྱང་དང་། སྟག་གཟིག་དང་། དུར་བྱ་དང་། འུག་པ་དང་། བྱ་རོག་དང་། སྐྱེ་ཀ་དང་། ཁྱི་དང་། ཝའི་སྐད་ལ་སོགས་པ་བརྗོད་པའི་བར་དུ་ཕཊཿ མང་པོ་བརྗོད་ཅིང་། ཧ་དང་ཧཱུྃ་དང་ༀ་ལ་སོགས་པ་ཆོས་སུ་འགྱུར་བའི་སྒྲ་སྐད་དང་། ཆོས་འཆད་པའི་སྐད་ཀྱིས་མཐའ་བསྡུས་ནས། མཚན་མོ་གང་ཡང་མི་བརྗོད་པའི་ངང་ལ་ཉལ་བས་ངག་གི་རུ་ཤན་ཕྱེད་དོ། །དེ་ཡང་སཾ་སྐྲྀ་ཏའི་སྐད་རང་རྡོལ་བ་དང་། སྔར་མེ་ཤེས་པའི་ཆོས་མང་པོ་རང་རྡོལ་བ་དང་། དབྱངས་སྙན་པོ་ལ་སོགས་པ་འབྱུང་ཞིང་། །ངག་སྨྲ་སྙིང་མི་འདོད་པ་དང་། མཆོག་ཏུ་བདེ་བ་དང་བརྗོད་དུ་མེད་པའི་དོན་ལ་སོགས་པ་འོང་ངོ་། །མ་བྱུང་གི་བར་ལ་བསྐྱར་རོ། །དགོས་པ་ནི། ངག་གི་བར་ཆད་ཞི་བ་དང་། སྡིག་སྒྲིབ་འདག་པ་དང་། ལོངས་སྐུར་གྲོལ་བ་དང་། གསུང་རྡོ་རྗེའི་ངོ་བོ་དང་དབྱེར་མེད་པའོ། །དེ་ནས་སེམས་ཀྱི་སྤྱོད་པ་ནི་རང་གི་དྲན་བསམ་སྣ་ཚོགས་སུ་སྤྲོས་པ་ཐམས་ཅད་བླ་མའི་ཐུགས་སུ་དྲན་པས། འགྲོ་དྲུག་སོ་སོའ་བདེ་སྡུག་འཁོར་འདས་ཀྱི་རང་བཞིན་ཆོས་དང་ཆོས་མ་ཡིན་པ་དྲན་ཚད་སྤྲོ་ཞིང་། སེམས་ནམ་མཁའི་དཀྱིལ་དུ་འཕངས་པ་དང་། རྒྱ་མཚོའ་གཏིང་དུ་འཕངས་པ་དང་། རི་བྲག་གི་ནང་དུ་ཟང་ཐལ་དུ་འཕངས་པ་དང་། དགའ་བ་དང་མི་དགའ་བ་དང་བདེ་བ་དང་སྡུག་བསྔལ་བ་དང་། སྐྱེ་ཤི་བཀྲེས་སྐོམ་ལ་སོགས་པ་དང་། སྔར་ཕྱིན་མྱོང་བ་དང་མ་མྱོང་བའི་ཡུལ་དུ་འགྲོ་བ་དང་། འགྲོ་དྲུག་སོ་སོའ་གནས་སུ་འཕངས་པ་དང་། ནམ་མཁའ་དང་ས་གཞི་ཐམས་ཅད་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་དང་མི་དང་ལྷ་དང་ལྷ་མ་ཡིན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
༦༨དང་ཉན་རང་དང་མཆོད་རྟེན་དང་ལྷ་ཁང་དང་སྐྱེད་མོས་ཚལ་དང་དག་པའི་ཞིང་གིས་གང་བར་མོས་པ་བྱ་ཞིང་། རང་གི་དགྲ་དང་གཉན་དང་བར་མས་གང་བར་བསམ་ལ། ཆགས་སྡང་དུ་སྤྲོ་ཞིང་རྗེས་མེད་དུ་རྩལ་སྦྱོང་ངོ་། །རྗེས་ལ་ཆོས་ཀྱི་ཚིག་དོན་ལ་བློ་བཞག་སྟེ། ལྟ་སྒོམ་སྤྱོད་འབྲས་ལ་གནས་པར་བྱའོ། །རྟགས་ནི་སེམས་གསལ་བ་དང་ཡང་བ་དང་འཁྲུལ་རྟོག་འགག་པ་དང་བྲོད་པ་དང་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་དང་། ཡེ་གྲོལ་ནམ་མཁའ་ལྟ་བུའི་རྟོགས་པ་ཁོང་ནས་འཆར་རོ། །དེ་ལྟར་མ་བྱུང་བར་དུ་བསྐྱར་རོ། །དགོས་པ་ནི་སེམས་ཀྱི་བར་ཆད་ཞི་བ་དང་། སྡིག་པ་འདག་པ་དང་། ཆོས་སྐུར་གྲོལ་བ་དང་། ཐུགས་རྡོ་རྗེའི་ངོ་བོར་སངས་རྒྱས་པའོ། །དེ་ལྟར་སྔོན་འགྲོ་གསུམ་པོ་བྱེད་དུས་བླ་མས་རང་གི་གནས་སུ་ཆོས་ཉིད་མངོན་སུམ་གྱི་དོན་སྒོམ་ཞིང་། སློབ་མ་རྣམས་འདུ་སླ་བའི་རི་ཟུར་དུ་སོང་ལ་རུ་ཤན་ཕྱེད་པའི་རྟགས་རྣམས་བྱུང་ངམ་ཞེས་སོ་སོར་དྲིས་ལ། མ་བྱང་ན་བསྐྱར་དུ་གཞུག་ཅིང་། ཉིན་དུས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དྲིལ་ནས་ཉམས་སུ་བླང་ཞིང་། མཚན་མོ་རྣལ་དུ་ཕབ་ལ་བརྩོན་པས་ཉམས་སུ་བླངས་པས་ཉི་མ་གསུམ་ལས་རྟགས་བྱུང་ན་དབང་པོ་ཡང་རབ། ལྔ་ལས་བྱུང་ན་འབྲིང་། བདུན་ཕན་ཆད་ནི་ཐ་མ་སྟེ། དེ་དག་གི་དུས་སུ་ནམ་མཁའ་དྭངས་ཤིང་འཇའ་འོད་དང་བཅས་བྱུང་ན་འབྱོངས་པས་སྡིག་སྒྲིབ་ཟད་པ་ཡིན་ལ། གཞན་དུ་སྡིག་སྒྲིབ་ཤས་ཆེ་བས། བསྐྱར་ལ་འབད་པར་བྱའོ། །དེས་ནི་འཁོར་འདས་རུ་ཤན་ཕྱེད་ནས་སླར་མི་ལྡོག་པའི་དགོས་པ་ཡོད་དོ། །དེ་དག་གིས་སློབ་མ་སྟ་གོན་དུ་བྱ་བའི་རིམ་པ་བཤད་ཟིན་ཏོ། །དོན་གཉིས་པ་དབང་བསྐུར་བ་དངོས་ལ་གསུམ་སྟེ། སྔོན་འགྲོ་སྟ་གོན་བྱ་བ། དངོས་གཞི་དབང་བསྐུར་བ། རྗེས་གཟེངས་
༦༩བསྟོད་པའོ། །དང་པོ་ནི། བླ་མས་གནས་དེར་དྲིའི་མཎྜལ་ཟླུམ་པོ་ལྟེ་བ་མུ་ཁྱུད་དང་བཅས་པའི་བར་ཁྱམས་འོད་ཟླུམ་བཞིས་བརྒྱན་པ་ལ། མེ་ཏོག་གི་ཚོམ་བུ་ལྔ་ཚན་ལྔ་བཀོད་ལ་མཐའ་བསྐོར་དུ་ཕྱི་ནང་གི་མཆོད་པ་དང་། འབྱོར་ན་དྲི་དང་སྤོས་དང་། སྨན་དང་རིན་པོ་ཆེ་དང་འབྲས་བུའི་མཎྜལ་ལྔ་ཚན་ལྔ་ཡང་བཤམ་མོ། །གཉིས་པ་ནི། དེ་ནས་ཉི་མ་རི་བོའ་རྩེ་ལ་ཤར་དུས་སུ། སློབ་མ་རྣམས་མེ་ཏོག་ཐོགས་ཏེ་འོང་བ་ལས། དྲི་བཟང་པོའ་ཆུས་ཁྲུས་བྱས་ཏེ། བླ་མའི་མདུན་དུ་སྟོད་གཡོགས་ཕུད་ནས་ཐལ་མོར་སྙིང་ཁར་སྦྱར་ཏེ་འཁོད་པ་ལ། བླ་མས་བུ་ཁྱོད་སུ་ཡིན་ཞེས་ལན་གསུམ་དྲིས་པའི་ལན་དུ། སློབ་མས་བདག་སྐལ་ལྡན་སེམས་ཀྱི་བུ་གཅིག་པུ་ལགས་ཤེས་གསུམ་བརྗོད་དུས། བླ་མས་དེ་ལྟར་ཡིན་ཕན་ཆད་རང་བཞིན་རྫོགས་པ་ཆེན་པོའ་དཀྱིལ་འཁོར་བཟང་ཞིང་ཉམས་དགའ་བ་འདིར་ཞུགས་ཤིག །དེ་ཅིས་ཕྱིར་ཞེ་ན། འཁོར་བ་འདི་ནི་སྙིང་པོ་མེད་ལ་རྟག་མི་ཐུབ་ཅིང་སྡུག་བསྔལ་བ་སྟེ། དེ་ལས་ཐར་པའི་ཐབས་དམ་པ་ཡང་ཚེ་གཅིག་གིས་སངས་རྒྱས་པ་རང་བཞིན་རྫོགས་པ་ཆེན་པོ་ལས་གཞན་མེད་པས། དད་པ་ཆེན་པོ་བསྐྱེད་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོག་མར་བླ་མ་ལ་གསོལ་བ་གདབ་པར་བགྱི་བའི་རྗེས་ཟློས་མཛོད་ཅིག །ཅེས་བརྗོད་ལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དགོངས་སུ་གསོལ་ལོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སཻམས་དཔའ་རྣམས་ཏེ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་དང་བདེ་བར་གཤེགས་པའི་རིགས་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས། བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསོལ། །
༧༠བདག་གི་ངག་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཡིད་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སྣང་བ་བྱིན་གྱིས་བརླབ་ཏུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། ཞེས་པ་གསུམ་གྱིས་སྤྱིར་གསོལ་བ་བཏབ་ནས། བྱེ་བྲག་ཏུ་བརྒྱུད་པའི་བླ་མ་ལ་གསོལ་བ་གདབ་པ་ནི། ཀྱེ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ལྡན་པ། །ཟག་པ་རང་ཟད་དབྱིངས་ནས་སྐུར་གཤེགས་པའི། །དྲི་མ་རང་དག་དབྱིངས་ནས་སྤྱན་གཟིགས་ནས། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའི། །བདེ་གཤེགས་འཇིག་རྟེན་མཁྱེན་པའི་ཐུགས་མངའ་བ། །དགོངས་པ་ཉག་ཅིག་མི་གཡོ་དབྱེར་མེད་ཀྱང་། །སྔོན་བཞུགས་དུར་ཁྲོད་གནས་ནས་རྗེས་དགོངས་ལ། །རང་བཞིན་མཛད་པ་གང་ཡང་མི་མངའ་ཡང་། །བདག་བློ་མོས་པའི་དོན་ཕྱིར་འདིར་གཤེགས་ཤིག །ཨེ་མ་ཧོ། །བྱིན་རླབས་རྩ་བ་བླ་མ་བརྒྱུད་པ་ཡི། །རིམ་པ་ཉིད་ཀྱིས་རིམ་ནས་རིམ་བརྒྱུད་པའི། །བདག་ཉིད་ཆེན་པོ་རོ་ལངས་བདེ་བ་དང་། །མཁྱེན་པའི་ཐུགས་མངའ་རབ་ཏུ་སྦྱངས་དང་ལྡན། །མཁྱེན་རབ་སྤྲུལ་པ་མཉྫུ་མི་ཏྲ་དང་། །ཐུགས་རྗེ་ཆེན་པོས་འགྲོ་བའི་སྡུག་བསྔལ་གཅོད། །རྗེ་བཙུན་ཐུགས་རྗེ་ཆེ་ལྡན་་སིང་ཧ་དང་། །མཁས་པ་ཐེག་པ་ཡོངས་ཀྱི་སྒྲོ་འདོགས་རབ་ཆོད་པའི། །འཇིག་རྟེན་མུན་པ་སེལ་མཛད་ཛྙཱ་ན་སཱུ་ཏྲ་དང་། །སྐྱེ་ཤི་ཀུན་བྲལ་ཚེ་ལ་དབང་ཐོབ་པའི། །མཁས་པ་ཆེན་པོ་བི་མ་མི་ཏྲ་དང་། །རྟག་ཏུ་མཉམ་གཞག་རྗེས་ཐོབ་དབྱེར་མེད་པའི། །སེམས་ལ་དབང་ཐོབ་ཏིང་འཛིན་བཟང་པོ་དང་། །རང་རྒྱུད་འཁྲུལ་པ་བློ་ལ་མི་གནས་པའི། །བདུད་རྩིའི་བཅུད་སྟོན་ལྡང་མ་ལྷུན་རྒྱལ་དང་། །
༧༡མཁའ་འགྲོས་ལུང་བསྟན་རྗེས་སུ་བཟུང་བ་ཡི། །གྲུབ་ཐོབ་ཆེན་པོ་སེང་གེ་དབང་ཕྱུག་དང་། །རྒྱལ་སྲས་སྤྲུལ་པས་འགྲོ་བ་འདྲེན་མཛད་པའི། །བླ་མ་རྗེ་བཙུན་སྤྲུལ་སྐུ་ཞང་སྟོན་དང་། །མཁྱེན་པའི་འོད་ཀྱིས་འགྲོ་བ་འདྲེན་མཛད་པའི། །མ་རིག་མུན་སེལ་མཁས་པ་ཉི་འབུམ་དང་། །བླ་མེད་རྫོགས་ཆེན་སྙིང་པོ་དར་མཛད་པའི། །རིག་འཛིན་ཆེན་པོ་གུ་རུ་ཇོ་འབེར་དང་། །བྱང་ཆུབ་སེམས་འབྱོངས་འགྲོ་བའི་དཔལ་གྱུར་པའི། །འཁྲུལ་ཞིག་ཆེན་པོ་སེང་གེ་རྒྱབ་པ་དང་། །གསལ་སྟོང་དབྱེར་མེད་བདེ་ཆེན་དོན་རྟོགས་པའི། །ཟླ་བ་མུན་སེལ་སྦས་པའི་རྣལ་འབྱོར་དང་། །དགོངས་པ་མི་གཡོ་ཆོས་ཉིད་འོད་གསལ་དང་། །རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་དང་། །སྙིང་པོའ་དོན་མཐོང་འཁྲུལ་པ་རང་སར་ཞིག །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཐུགས་རྗེ་ཅན། །མཁས་པ་དགོངས་པ་མི་འགྱུར་གཡོ་མེད་རྣམས། །འབྱུང་བ་རང་དེངས་ཟག་མེད་དབྱིངས་བཞུགས་ཀྱང་། །སྔོན་གྱི་ཐུགས་རྗེ་ཆེན་པོ་ཉིད་གཡོས་ལ། །ཐུགས་རྗེས་དགོངས་ཤིག་བདག་ལ་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ་གུ་རུ་སརྦ་སིདྡྷི་ཧཱུྃ། ༀ་ཨཱཿཧཱུྃ། དམ་པ་སངས་རྒྱས་ཀུན་གྱི་ཞལ་མཐོང་བདུད་རྩིའི་བཅུད་ལྡན་པའི། །རོ་ལངས་བདེ་བ་ལྷ་ཡི་ལྷ་མཆོག་དམ་པ་ཉིད། །སངས་རྒྱས་སྤྲུལ་པས་འགྲོ་བའི་གདུང་བ་སེལ་མཛད་པའི། །དམ་པ་བདུད་རྩིའི་བདེ་བ་ཉིད་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་འཇམ་དཔལ་སྐུ་སྤྲུལ་པའི། །ཉོན་མོངས་རང་དག་མཁྱེན་པའི་ཐུགས་དང་ལྡན། །གསུང་གི་འོད་ཀྱིས་འགྲོ་བའི་སྡུག་བསྔལ་གཅོད། །དམ་པ་ཡིད་བཞིན་མྱུ་གུ་དེ་ལ་ཕྱག་འཚལ་བསྟོད། །དེ་ཡི་གདུང་འཛིན་མཁས་པ་སྡེ་སྣོད་རྣམས་ཀྱི་བདག །ཐུགས་རྗེ་ཆེན་པོའ་སྤྲུལ་པ་འཛམ་
༧༢གླིང་ཀུན་གྱི་རྒྱན། །དྲི་མེད་གསུང་མངའ་འགྲོ་བའི་ངལ་གསོའ་གནས། །དམ་པ་ཤེས་རབ་མྱུ་གུ་དེ་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་མཁས་པ་འཇིག་རྟེན་གསུམ་གྱི་མགོན། །རྡོ་རྗེ་སེམས་དཔའི་སྤྲུལ་པས་བདག་བློའི་འཆིང་གཅོད་པ། །ཚངས་པའི་གསུང་མངའ་འགྲོ་བ་ཀུན་ཡིད་འཕྲོག །དམ་པ་བདེ་བའི་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་གདུང་འཛིན་མཁས་བློར་སྐྱེ་བ་གྲངས་མང་སྦྱངས། །མཁྱེན་རབ་མཆོག་གྱུར་སྡེ་སྣོད་ཀུན་ལ་རྨོངས་པ་མེད། །སྐྱེ་ཤིའི་འཇིག་བྲལ་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །དམ་པ་བདེ་གསལ་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་རྣམ་དག་ཤ་ཡི་སྤྱན་མངའ་བ། །མི་རྟོག་བཟང་པོའ་ཏིང་འཛིན་ཐུགས་ཀྱི་གནད་བཀྲོལ་ནས། །འཛམ་གླིང་འགྲོ་རྣམས་མ་ལུས་བསམ་པའི་རྒྱུད་མཁྱེན་པའི། །དམ་པ་རྟོག་མེད་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་སྐལ་ལྡན་ཆོས་ཀྱི་མཛོད་མངའ་བ། །རིན་ཆེན་གཏེར་བརྙེས་འགྲོ་བའི་མ་རིག་མུན་པ་སེལ། །བདེ་གཤེགས་བཀའ་དང་བླ་མའི་མན་ངག་སྙིང་པོ་འཛིན། །དམ་པ་པདྨའི་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་གསང་སྔགས་ཀུན་གྱི་མཛོད་མངའ་བ། །གྲུབ་པ་མཆོག་བརྙེས་སྣང་བྱེད་འོད་ཀྱི་ལུས་གྲུབ་ནས། །གདོད་མའི་ཟད་སར་ཐུགས་རྗེས་གཤེགས་པར་མཛད་པ་གང་། །དམ་པ་ཡེ་ཤེས་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་རྗེ་བཙུན་འགྲོ་བ་རྣམས་ཀྱི་མགོན། །གསང་སྔགས་རྣམས་ལ་དབང་བསྒྱུར་ལུང་བསྟན་རྗེས་སུ་འཛིན། །མ་རིག་མུན་སེལ་འོད་གསལ་མཆོག་ལ་མངའ་བརྙེས་པའི། །དམ་པ་རིན་ཆེན་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་འཁོར་བའི་སྐྱབས་གནས་དཔའ་བོ་ཉིད། །འགྲོ་བ་རྣམས་
༧༣ཀྱི་མགོན་པོ་དྲི་མ་མེད་པའི་དཔལ། །ཡོན་ཏན་མཆོག་མངའ་མཁྱེན་རབ་རྒྱ་མཚོའ་ཕ་རོལ་སོན། །དམ་པ་བློ་གསལ་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་བསྟན་པའི་སྙིང་པོ་དར་མཛད་ཅིང་། །ས་ཆེན་མཆོག་བརྙེས་རྒྱུད་དོན་ཀུན་ལ་དབང་འབྱོར་བ། །ཡེ་ཤེས་མིག་གཅིག་ཀུན་ནས་གཟིགས་པའི་སྤྱན་དང་ལྡན། །དམ་པ་བློ་མཚོའ་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་མ་རིག་མུན་པའི་དཔུང་འཇོམས་ཤིང་། །ཡེ་ཤེས་འོད་ཟེར་བྱེ་བའི་ཚོགས་མངའ་མཐའ་ཡས་ཀྱིས། །འགྲོ་བའི་སྡུག་བསྔལ་རྒྱ་མཚོ་མ་ལུས་སྐེམ་མཛད་པ། །དམ་པ་སྣང་བྱེད་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་ཐེག་པ་མཆོག་གི་བློ་གྲོས་ཅན། །འཆིང་བའི་དྲྭ་བ་མ་ལུས་གཅོད་མཛད་རེ་བ་སྐོང་། །ཡིད་བཞིན་གྲུབ་པའི་ས་མཐོར་གཤེགས་པ་གང་ཡིན་པ། །དམ་པ་ཆོས་ཉིད་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་འོད་གསལ་ཉི་མའི་སྙིང་པོ་བརྙེས། །བརྒལ་དཀའི་མུན་ནག་འཐིབས་པོ་རབ་ཏུ་འཇོམས་མཛད་ཅིང་། །ཐུགས་རྗེའི་འོད་ཟེར་བྱེ་བའི་འཛམ་གླིང་སྣང་མཛད་པའི། །དམ་པ་རིག་འཛིན་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་སྡེ་སྣོད་རྒྱ་མཚོའ་ཕ་རོལ་ཕྱིན། །རྒྱུད་དོན་མངའ་བརྙེས་རྡོ་རྗེ་སྙིང་པོའ་དོན་ལ་མཁས། །ཏིང་འཛིན་མི་གཡོ་ཆོས་དབྱིངས་ཞི་ལ་ཐུགས་གཞོལ་བའི། །དམ་པ་ཆོས་མཆོག་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོའ་བླ་མ་ལ། །གུས་པས་གསོལ་འདེབས་ཐུག་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་ཨཱཿཧཱུྃ། གུ་རུ་ན་མོ་མ་ཧཱ་སིདྡྷི་ས་མ་ཡ། དྷརྨ་ཀཱ་ཡ་ས་མནྟ་བྷ་དྲཱ། བཛྲ་བཱ་གི་ཤུ་ན་མོ། །ས་མེ་རཱ་ཐ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡཱ། ས་མ་བྷོ་ཀཱ་ཡ། བཛྲ་
༧༤དྷཱ་ར་ན་མོ། །ས་མར་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡཱ། ནི་ར་མ་ཀཱ་ཡ་བཛྲ་ས་ཏྭ་ན་མོ། །ས་མ་ར་ཐཱ་ཡ་སིང་། །མ་ཧཱ་སིདྡྷི་ས་མ་ཡཱ། བཛྲ་པཱ་ནི་ན་མོ། །ས་མ་ར་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡཱ། པྲཛྙཱ་དྲ་ཝཱ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡ། མཉྫུ་ཤྲཱི་མི་ཏྲ་གུ་རུ་ན་མོ། །ས་མ་རཱ་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡཱ། ཤྲཱི་སིང་ཧ་གུ་རུ་ན་མ། །ས་མ་རཱ་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡཱ། ཛྙཱ་ན་སཱུ་ཏྲ་གུ་རུ་ན་མོ། །ས་མ་ར་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡཱ། བི་མ་ལ་མི་ཏྲ་གུ་རུ་ན་མོ། །ས་མ་ར་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡཱ། ས་མ་ཏི་བྷ་དྲཱ་གུ་རུ་ན་མོ། །ས་མ་ར་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡཱ། བྷ་ཧི་ར་ཧེ་གུ་རུ་ན་མོ། །ས་མ་ར་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡཱ། སིང་ཧ་ཤཱ་ར་གུ་རུ་ན་མོ། །ས་མ་ར་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡ། སྭ་སྟི་ཤྲཱི་གུ་རུ་ན་མོ། །ས་མ་ར་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡ། སཱུ་ལཀྟི་གུ་རུ་ན་མོ། །ས་མ་ར་ཐ་ཡ་སེང་། མ་ཧཱ་སིདྡྷི་ས་མ་ཡཱ། ཇོ་འབེར་གུ་རུ་ན་མོ། །ས་མ་ར་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡ། ཡོ་གི་ཛྙཱ་ན་གུ་རུ་ན་མོ། །ས་མ་ར་ཐཱ་ཡ་སིང་། །མ་ཧཱ་སིདྡྷི་ས་མ་ཡཱ། དྷེ་ཀི་བཛྲ་གུ་རུ་ན་མོ། །ས་མ་ར་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡཱ། ཀུ་མ་རཱ་ཛ་གུ་རུ་ན་མོ། །ས་མ་ར་ཐཱ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡཱ། ཤི་ལ་མ་ཏེ་གུ་རུ་ན་མོ། །ས་མ་ར་ཐུ་ཡ་སིང་། མ་ཧཱ་སིདྡྷི་ས་མ་ཡཱ། ༀ་ཨཱཿཧཱུྃ། ཨེ་མ་དམ་པ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་ངོ་བོ་ཉིད་ཀྱི་རྗེ། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཉིད་ལ་དབང་བསྒྱུར་བླ་མ་ཉིད། །བཛྲ་བྷ་ཝ་ལྷ་རྗེ་དཔའ་བོ་ཉིད་ཀྱི་ཞལ། །བདག་བློའི་གཏི་མུག་མུན་པ་འཇོམས་ཕྱིར་བསྟན་དུ་གསོལ། །འཇིག་རྟེན་དྲི་མའི་སྐྱོན་མེད་ཉེས་པ་ཀུན་ལས་གྲོལ། །རང་རྒྱུད་རྣམ་པར་དག་ཅིང་སངས་རྒྱས་སུམ་སྟོང་གི །ཐུགས་ལ་མངའ་མཛད་མཉྫུ་མི་
༧༥ཏྲའི་ཞལ། །བདག་བློའི་ཞེ་སྡང་མ་ལུས་འཇོམས་ཕྱིར་བསྟན་དུ་གསལ། །ཐུགས་རྗེ་ཆེན་པོའ་གསུང་གི་འོད་ཟེར་ཅན། །ཚངས་པའི་དབྱངས་ཀྱིས་འགྲོ་བ་འདམ་ལས་འདྲེན། །ཤྲཱི་སིང་ཧ་མི་འགྱུར་རྡོ་རྗེའི་ཞལ། བདག་བློའི་ང་རྒྱལ་ཟད་མཛད་བསྟན་དུ་གསོལ། །ཐེག་པའི་དོན་རྣམས་ཐུགས་ལ་ཇི་བཞིན་སྟོན་མཛད་པ། །མི་བསྐྱོད་ཡེ་ཤེས་འགྲོ་བའི་དོན་ལ་ཕན་བརྩོན་གང་། །ཛྙཱ་ན་སཱུ་ཏྲ་འཇིག་རྟེན་རྨོངས་པ་མེད་པའི་ཞལ། །བདག་བློའི་འདོད་ཆགས་དྲི་མ་ཟད་མཛད་བསྟན་དུ་གསོལ། །མཁྱེན་རབ་རྨད་བྱུང་སྒྲ་ཚིག་རྣམ་པ་མང་པོ་ཡིས། །འགྲོ་མགོན་ཡེ་ཤེས་ཉི་མའི་འོད་ཀྱིས་འཛམ་གླིང་ཀུན་ལ་ཁྱབ། །བི་མ་མི་ཏྲ་སྐྱེ་ཤི་ཀུན་བྲལ་རྡོ་རྗེའི་ཞལ། །བདག་བློའི་ཕྲག་དོག་དྲི་མ་ཟད་མཛད་བསྟན་དུ་གསོལ། །དགོངས་པ་བར་མཚམས་མེད་པས་རླུང་གི་འགྲོ་འོང་ཟད། །གཉིས་མེད་རྣམ་པར་དག་པ་གང་ཡང་གྲོགས་སུ་སྣང་། །ཏིང་འཛིན་བཟང་པོ་གཟུང་དང་འཛིན་པ་བྲལ་བའི་ཞལ། །བདག་བློའི་ཁོང་ཁྲོའི་དྲི་མ་ཟད་མཛད་བསྟན་དུ་གསོལ། །གདོད་ནས་ཆོས་ཀུན་མཉམ་ཉིད་རོ་གཅིག་རྟོག་གྱུར་ཅིང་། །བདག་གཞན་དབྱེར་མེད་གཞི་ནས་བྱང་ཆུབ་དག་པའི་ངང་། །ལྷུན་གྱི་རྒྱལ་མཚན་བསོད་རྣམས་གཟི་བརྗིད་ཆེན་པོའ་ཞལ། །བདག་བློའི་ཉོན་མོངས་དུག་ལྔ་ཟད་མཛད་བསྟན་དུ་གསོལ། །ལུས་ངག་ཡིད་ཀྱི་ཞེན་པ་རང་ལོག་སྟེ། །ཉམས་ལེན་མཐར་ཕྱིན་སྣང་བ་ཟད་སར་འཆོལ། །སེང་གེ་དབང་ཕྱུག་འཁྲུལ་སྣང་དག་པའི་ཞལ། །བདག་བློའི་འཁྲུལ་སྣང་ཟད་མཛད་བསྟན་དུ་གསོལ། །རྡོ་རྗེ་ཐེག་པའི་སྙིང་པོ་གསང་སྔགས་སྡོང་པོར་གྲགས། །ངེས་པའི་དོན་རྟོགས་གཉིས་མེད་མཁའ་འདྲའི་ཐུགས་མངའ་བ། །བཀྲ་ཤིས་མི་འགྱུར་ཡིད་བཞིན་རྡོ་རྗེ་འཆང་
༧༦གི་ཞལ། །བདག་བློའི་ལས་དང་བག་ཆགས་ཟད་མཛད་བསྟན་དུ་གསོལ། །མཁྱེན་རབ་ཚད་མེད་ཐེག་མཆོག་སྙིང་པོའ་དོན་ལ་མཁས། །བསྟན་པའི་རིང་ལུགས་གསལ་བྱེད་རིན་ཆེན་འོད་ཟེར་ཅན། །རྗེ་བཙུན་ཆེན་པོ་སྤྲུལ་སྐུ་དོན་ཡོད་རྡོ་རྗེའི་ཞལ། །བདག་བློའི་འཁོར་བའི་ཉེས་སྐྱོན་ཟད་མཛད་བསྟན་དུ་གསོལ། །འཁོར་བ་མུ་མཐའ་མེད་པའི་ཀློང་དཀྱིལ་ནས། །ཆོས་ཉིད་དག་པ་ཀུན་གསལ་གཅིག་ཏུ་རྟོགས། །ཡེ་ནས་ལྷུན་མཉམ་རྫོགས་པ་ཆེན་པོའ་ཞལ། །བདག་བློའི་བཟང་རྟོག་ཟད་མཛད་བསྟན་དུ་གསོལ། །འོད་གསལ་མངོན་གྱུར་བྱ་རྩོལ་གཉིས་སུ་མེད། །རང་བཞིན་ལྷུན་གྲུབ་འོད་གསལ་ཆེན་པོའ་དང་། །རྟག་ཏུ་མི་གཡོ་ཀུན་ཏུ་བཟང་པོའ་ཞལ། །བདག་བློའི་འཛིན་རྟོག་ཟད་མཛད་བསྟན་དུ་གསོལ། །མཁའ་མཉམ་རྫོགས་པ་ཆེན་པོའ་དངོས་གྲུབ་བརྙེས། །ཐམས་ཅད་ལྷུན་མཉམ་གཅིག་ཏུ་སྟོན་མཛད་ཅིང་། །ཚོགས་བསགས་རྒྱལ་པོ་རང་རིག་དྲི་མེད་ཞལ། །བདག་བློའི་མ་རིག་ཟད་མཛད་བསྟན་དུ་གསོལ། །གདོད་མའི་རང་བཞིན་དབྱིངས་ཀྱི་ངང་ཉིད་དུ། །མ་བཅོས་སྤྲོས་བྲལ་འོད་གསལ་འཕོ་འགྱུར་མེད། །ཁམས་གསུམ་ཡོངས་སྒྲོལ་རིག་འཛིན་ཆེན་པོའ་ཞལ། །བདག་བློའི་བླང་དོར་ཟད་མཛད་བསྟན་དུ་གསོལ། །ཡོན་ཏན་མཐའ་ཡས་ཡེ་ཤེས་དཔལ་འབར་ཞིང་། །དངོས་འཛིན་རང་ཞིག་བདག་འཛིན་ཀུན་ལས་འདས། །རང་གྲོལ་རྒྱལ་པོ་དྲི་མེད་པདྨའི་ཞལ། །བདག་བློའི་འཁྲུལ་རྟོག་ཟད་མཛད་བསྟན་དུ་གསོལ། །ༀ་ཨཱ་ཧཱུྃ་སྭཱ་ཧཱ། ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་གསེར་ལ་སོགས་པའི་རིན་པོ་ཆེ་དང་། འབྲུ་དང་། དྲི་དང་། སྨན་དང་མེ་ཏོག་ལ་སོགས་པའི་མཎྜལ་དངོས་སུ་
༧༧བཤམས་ལ་འབུལ་དུས་སྟོང་གསུམ་གང་བར་དམིགས་ལ་རིམ་པར་འབུལ་ལོ། །དགོས་པ་ནི། མཆོག་དང་ཐུན་མོང་གཉིས་གཉིས་ཏེ། དེ་ཡང་རིན་པོ་ཆེས་མཆོག་ཡེ་ཤེས་ལྔ་ལ་སྤྱོད་ཅིང་། ཐུན་མོང་དུ་ཡོ་བྱད་ཕུན་སུམ་ཚོགས་པ་ཚེ་འདིར་འགྲུབ་བོ། །དེ་བཞིན་དུ་འབྲས་བུ་ནི་སྐུ་ལྔ་དང་མུ་གེའི་འཇིགས་པ་མེད་པར་འཐོབ་བོ། །དྲིས་ནི་དབྱིངས་ཀ་དག་ཆེན་པོའ་ངོ་བོ་དང་དབང་པོ་གསལ་བ་ཆེན་པོ་འཐོབ་བོ། །སྨན་གྱིས་འཁོར་བའི་སྡུག་བསྔལ་ལས་གྲོལ་བ་དང་ནད་མེད་པ་འཐོབ་བོ། །མེ་ཏོག་གིས་སྣང་བ་འོད་ལྔའི་ཞིང་དང་ཤེས་རབ་དང་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་འཐོབ་པར་བྱེད་དོ། །དེ་ནས་སློབ་མ་ཀུན་ལངས་ཏེ། སྟོད་གཡོགས་ཕུད་ནས་ཐལ་མོ་སྙིང་གར་སྦྱར། །རྐང་པའི་ལོང་བུ་གཤིབས་ནས། བླ་མའི་ཐུགས་ཀར་མིག་གཏད་དེ། ཤེས་པ་མ་ཡེངས་པར་བྱ་སྟེ། བླ་མས་ཨ་དྲུག་བརྩེགས་ཡེངས་ལ་བོར་བའི་ཚུལ་དུ་དྲག་ལ་ཐུང་བར་བརྗོད་པས། སློབ་མའི་ལུས་འཕར་བ་དང་། ངག་གསལ་ཞིང་སྨྲ་བ་སེམས་མི་རྟོག་པ་ཤར་བ་ནི་ཡེ་ཤེས་དབབ་པའོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་དུ་གཞུག་པ་ནི། སློབ་མ་རྣམས་ལུས་གནད་དེ་ཉིད་ཀྱིས་ཁ་ཤར་གྱི་ནམ་མཁར་གཏད་པ་ལ། བླ་མས་ངག་སྙན་པོས། ཨེ་མ་སྐལ་ལྡན་ཤར་ཕྱོགས་ཀྱི་ནམ་མཁའི་དཀྱིལ་ན་ཕར་གམ་གམ་སོགས་དང་། ཞེས་གསུམ་བརྗོད་ནས། ཡང་འགྲོ་ན་འགྲོ་ས་འདུག་གམ། འགྲོ་བའི་མཁན་པོ་འདུག་གམ། ཞེས་བརྗོད་དོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ལ་སྦྱར་བ་ནི། སེམས་སྟོང་པ་ཉིད་བསམ་ངོ་དང་བྲལ་བའི་ངང་དུ་འཇོག་པའོ། །དེ་ནས་བླ་མ་ཕྱག་མཛུབ་བསྒྲེངས་ཏེ། ནམ་མཁའི་དབྱིངས་ལ་ཡུག་ཡུག་ལན་གསུམ་བྱས་ཏེ། ནམ་མཁའི་དབྱིངས་ལ་ལྟོས་ཤིག་གསུམ་བརྗོད་པ་ནི། ཆོས་སྐུ་མཁའ་མཉམ་
༧༨དག་པའི་དཀྱིལ་འཁོར་བསྟན་པའོ། །དེ་ནས་ཡེ་ཤེས་ཀྱི་ལྷ་ངོ་བསྟན་པ་ནི། སློབ་མ་ཀུན་སྟོད་གཡོགས་གོན་ནས་སྐྱིལ་ཀྲུང་གིས་འདུག་པ་ལ། སྟེང་གི་ཉི་མའི་ཕྱོགས་བཞིར་ཉི་མ་བཞིས་བསྐོར་ཏེ། ལྔ་ཤར་བ་ཇེ་མཐོར་སོང་ནས་མཐར་མི་མངོན་པའི་ངང་དུ་སོམས་ཤིག་པའི་དོན་བཤད་པ་ནི། ཨེ་མ་སྐལ་ལྡན་ནམ་མཁའི་དཀྱིལ་ཡ་གི་ན། །ཉི་མའི་དཀྱིལ་འཁོར་འོད་འཕྲོ་བ་ལྔ་པོ་ལ་ཤེས་པ་གཏོད་ལ་ཇེ་མཐོ་ཇེ་མཐོར་སོང་ཞིག །ཞེས་ལན་གསུམ་བརྗོད་ནས། སླར་མ་ལྡོག་ཅིག་ཅེས་པ་ཡང་གསུམ་བརྗོད་དོ། །དེའང་ཉི་མ་ལྔ་ནི་ཡེ་ཤེས་ལྔའི་སྣང་བ་ཡིན་ལ་ཇེ་མཐོར་སོང་ནས་མི་དམིགས་པ་ནི་དབྱིངས་སུ་ཐིམ་པ་སྟེ། སླར་མ་ལྡོག་ཅིག་གསུམ་ནི། སྐུ་གསུམ་གྱི་ངང་ལས་ཕྱིར་མ་ལྡོག་ཅིག་ཏུ་མཚོན་པའོ། །དེ་ནས་བླ་མས་ལངས་ཏེ། །གཡས་བརྐྱང་གཡོན་བསྐུམ་མཛུབ་མོ་མིག་ལ་བཙུགས་ནས་ཨ་བརྩེགས་མར་བརྗོད་དེ། ཕྱོགས་བཞིར་ལན་བཞིར་དེ་ལྟར་བྱའོ། །དེ་ཡང་གཡས་བརྐྱངས་པས་ནི་འཁོར་པའི་སྤྲོས་པ་གཅོད་ལ། གཡོན་བསྐུམས་པས་ནི་མྱ་ངན་ལས་འདས་པའི་སྣང་བ་མཚོན་ཞིང་། མཛུབ་མོ་བཙུགས་པས་ཡེ་ཤེས་མིག་ནས་འཆར་བ་མཚོན་ཞིང་། ཨཿབརྗོད་པས་ཚེ་འདིར་སྐྱེ་མེད་དུ་གྲོལ་བའི་བརྡའོ། །ཞེས་བསྟན་པར་བྱའོ། །དེ་ནས་མཛུབ་མོ་ནམ་མཁར་བསྒྲེངས་ཤིང་། མིག་ནམ་མཁར་ཧུར་ཕྱུངས་ནས་གཏད་ལ། ནམ་མཁའ་འདི་ནི་རྒྱ་ཆེའོ། །ཞེས་ལན་གསུམ་བརྗོད་དོ། །དེ་ཡང་མཛུབ་མོ་བསྒྲེངས་པ་ནི། ལུ་གུ་རྒྱུད་ནམ་མཁར་འཆར་བའི་བརྡའོ། །མིག་ཧར་པོར་ལྟ་བ་ནི། གཟིགས་སྟངས་མཚོན་པའོ། །ཚིག་བརྗོད་པ་ནི་འཁྲུལ་སྣང་འགགས་ནས་ཡེ་ཤེས་ཀྱི་སྣང་བ་ཤར་ཏེ་དབྱིངས་སུ་ཐིམ་པ་མཚོན་པའོ། །ཞེས་བཤད་པར་བྱའོ། །དེ་ནས་ཞར་ལ་མཎྜལ་གྱི་དག་པར་
༧༩བཤད་པ་ནི། ཀྱེ་སྐལ་ལྡན་རྣམས་དྲིའི་མཎྜལ་ལ། མེ་ཏོག་ལྔའི་ཚོམ་བུ་བཀོད་པ་ནི། རྟེན་དང་བརྟེན་པའི་ཆོས་སུ་དབྱེར་མེད་པའི་ངོ་བོ་མཚོན་པ་སྟེ། དེ་ཡང་གདོད་མའི་དབྱིངས་ཀ་དག་གི་ངང་ནས་ཡེ་ཤེས་ལྷུན་གྲུབ་ཏུ་གནས་པ་དང་། ལམ་དུས་ཀྱི་རྟེན་ཙིཏྟ་རིན་པོ་ཆེའི་དབུས་ན་རིག་པ་འོད་གསལ་བའི་རང་བཞིན་བརྟེན་པར་གནས་པ་དང་། འབྲས་བུའི་དུས་ཀྱི་རྟེན་སྣང་བ་བཞི་མཐར་ཕྱིན་པ་དབྱིངས་ཆོས་ཉིད་ཆེན་པོར་བརྟེན་པ་ཡེ་ཤེས་ལྔའི་རང་གདངས་མཚོན་པའོ། །མཆོད་པའི་མཎྜལ་ལྔ་ཚན་ལྔས་ཡེ་ཤེས་ཉི་ཤུ་རྩ་ལྔ་ལ་ལོངས་སྤྱོད་པའི་ཐབས་སུ་མཚོན་པ་ཤེས་པར་གྱིས་ཤིག །ཅེས་བརྗོད་དོ། །དོན་གསུམ་པ་གཟེངས་བསྟོད་པ་ནི། ཤིན་ཏུ་སྤྲོས་པ་མེད་པའི་དབང་ཐོབ་ནས་ཆོས་སྐུའི་ཞིང་ལ་སྤྱོད་པ་དང་། ཡིད་ཀྱི་སྒྲིབ་པ་འདག་པ་དང་། འབར་བའི་གཞལ་ཡས་ཀྱི་ཁྲོ་བོའ་ཞིང་ལ་དབང་ཐོབ་བ་དང་། མ་འབད་ཀྱང་ཕྱི་མའི་བར་དོར་གྲོལ་ལ། འབད་ན་ཚེ་འདིར་གྲོལ་ཞིང་ཆོས་ཉིད་སྟོང་པ་ཉིད་བསྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་བརྗོད་དོ། །དེ་ལྟར་ཤིན་ཏུ་སྤྲོས་པ་ཞི་བའི་དབང་། །ཕྲ་ཐིག་རིན་ཆེན་རྒྱན་སྤྲས་དོན་བསྡུས་ཏེ། །མ་འོངས་སྐལ་ལྡན་དོན་དུ་བཀོད་པ་འདིས། །འགྲོ་ཀུན་བྱང་ཆུབ་ཀུན་བཟང་ཉིད་ཐོབ་ཤོག །གསང་བ་སྙིང་ཏིག་གི་དབང་རྣམ་པར་ཕྱེ་བ་ལས། ཤིན་ཏུ་སྤྲོས་པ་མེད་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའི་གསལ་བྱེད་པདྨའི་དྲྭ་བ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

༄༅། སློབ་དཔོན་ཨིནྡྲ་བྷཱུ་ཏིའི་མཛད་པའི་ཕྱག་རྒྱའི་ལམ་སྐོར་བཞུགས་སོ༎ ༎

༡༡༩སློབ་དཔོན་ཨིནྡྲ་བྷཱུ་ཏིའི་མཛད་པའི་ཕྱག་རྒྱའི་ལམ་སྐོར་བཞུགས་སོ།། །།
༡༢༠ །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །ལྷ་སྦྱིན་གྱིས་ནི་རྟ་བྱས་ལ། །གླུ་ཡི་སྒོ་བཞི་དབྱེ་བར་བྱ། །གཞུ་རྒྱས་གྱིས་ནི་འདོད་པ་གཟུང་། །རུ་སྦལ་འགྲོས་ཀྱིས་འཕེལ་བར་བྱེད། །འགོག་པར་བྱེད་ཅིང་དབུགས་དབྱུང་བ། །སྐ་རགས་ཧིཀ་གིས་གནས་སུ་བསྐྱལ། །ཞེས་བྱ་བ་འདི་ནི་རྩ་བའི་མདོའོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཨིནྡྲ་བྷཱུ་ཏིའི་ལམ་འདིའི་གཞི་བཅའ་ན་བརྒྱུད་པ་ནི་བཞི་སྟེ། ཚིག་གི་བརྒྱུད་པ་སྟེ། རྡོ་རྗེ་འཆང་ནས་རང་རང་གི་བླ་མ་རྣམས་ཀྱི་བར་དུ་བརྒྱུད་པའི་ལོ་རྒྱུས་དང་། དོན་གྱི་བརྒྱུད་པ་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ནས་འདི་ལྟ་བུ་ཞིག་འབྱུང་ལ། དེ་ནས་འདི་ལྟ་བུ་ཞིག་འབྱུང་བའི་བརྒྱུད་པ་དང་། བརྡའི་བརྒྱུད་པ་སྟེ་བུམ་པའི་དབང་གི་བརྡ་ལ་སོགས་པ་མ་ནོར་བར་ཤེས་པའི་བརྒྱུད་པ་དང་། བྱིན་རླབས་ཀྱི་བརྒྱུད་པ་སྟེ་བཞིའོ། །དེ་ལའང་རྣམ་པ་ལྔ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་དང་། རྡོ་རྗེ་སློབ་དཔོན་གྱིས་བྱིན་གྱིས་བརླབས་པ་དང་། ཡི་དམ་ལྷ་ཡིས་བྱིན་གྱིས་བརླབས་པ་དང་། མཁའ་འགྲོས་བྱིན་གྱིས་བརླབས་པ་དང་། ངོ་བོ་ཉིད་ལྟ་བས་བྱིན་གྱིས་བརླབས་པའོ། །དེ་ལ་བརྟེན་ནས་ལམ་གསུམ་གྱི་རྟོགས་པ་སྐྱེ་སྟེ། བུམ་པའི་དབང་ཙམ་ཐོབ་པ་ལ་བསྐྱེད་པའི་རིམ་པ་དང་། གསང་བའི་དབང་ཐོབ་པ་ལ་བདག་བྱིན་གྱིས་བརླབས་པ་དང་། ཤེས་རབ་
༡༢༡ཡེ་ཤེས་ཀྱི་དབང་ཐོབ་པ་ལ་དཀྱིལ་འཁོར་འཁོར་ལོའི་ལམ་མོ། །ལམ་ཐ་མ་འདི་ལ་གནས་པའི་གང་ཟག་ཀྱང་སྡོམ་པ་གསུམ་ལྡན་ཏེ། ལུས་ལ་ཐིག་ལེ་གནས་པས་སོ་སོར་ཐར་པའི་སྡོམ་པ་དང་ལྡན་པ་དང་། དེ་ལྟར་མ་རྟོགས་པ་རྣམས་ལ་གཞན་ལ་སྙིང་རྗེ་ཆེན་པོ་སྐྱེ་བས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་དང་། ལུས་ལ་རླུང་རྒྱས་པས་བདེ་བ་འབར་བས་གསང་སྔགས་ཀྱི་སྡོམ་པ་དང་ལྡན་པའོ། །ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ལུང་སྒོ་བསྟུན་ན། །ཕྱག་རྒྱ་ལ་བརྟེན་ནས་ལམ་ལྔ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཆ་དྲུག་ཅུ་རྩ་བཞིའམ། བཅུ་དྲུག་གམ། བཅུ་གཉིས་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་རིམ་གྲོ་དང་བཅས་པ་ནི་ཚོགས་ཀྱི་ལམ་མོ། །བོ་ལ་ཀཀྐོ་ལ་དང་མཉམ་པར་སྦྱར་བ་ནི་སྦྱོར་བའི་ལམ་མོ། །བདེ་བ་ཆེན་པོའི་དགའ་བ་རྟོགས་པ་ནི་མཐོང་བའི་ལམ་མོ། །གཉུག་མའི་དོན་དེ་ཡང་ངང་ཡང་དུ་གོམས་པར་བྱེད་པ་ནི་སྒོམ་པའི་ལམ་མོ། །ཕྱག་རྒྱའི་དངོས་གྲུབ་མཐར་ཕྱིན་པ་ནི་མཐར་ཕྱིན་པའི་ལམ་མོ། །ད་ནི་ཐོག་མར་ཉམས་སུ་བླང་བའི་ཐབས་བསྟན་པ་ལ་ལྔ། །རིག་མ་དག་པ་དང་། ལུས་ངག་མཉམ་པ་དང་། འདོད་པ་མཉམ་པ་དང་། བྱིན་རླབས་མཉམ་པ། མན་ངག་གི་གནད་ཀྱིས་ཟིན་པའོ། །དེ་ལ་དང་པོ་ནི། ལྷ་སྦྱིན་གྱིས་ནི་རྟ་བྱས་ལ། ཞེས་བྱ་བའི་དོན་ཡིན། །དེ་ལའང་གཉིས། སྐྱེ་བས་ཐོབ་པ་དང་། སྦྱངས་པ་ལས་བྱུང་བའོ། །སྐྱེ་བས་
༡༢༢ཐོབ་པ་ལ་གསུམ། གནས་ལས་སྐྱེས་པ་སྟེ། ཡུལ་དབུས་སུ་སྐྱེས་ཤིང་ལས་ཀྱི་མཐའ་མ་ལོག་པའམ། ཡུལ་ཉི་ཤུ་རྩ་བཞི་གང་ཡང་རུང་བར་སྐྱེས་པའམ། ཡུལ་མཐའ་འཁོབ་ཏུ་སྐྱེས་ཀྱང་ལུས་ཁྱད་པར་དུ་གྱུར་བ་ཡིན་ནོ། །སྔགས་ལས་སྐྱེས་པའམ་ཡེ་ཤེས་ལས་སྐྱེས་པ་ཞེས་བྱ་བ། རང་གཞན་གྱི་སྔགས་ཀྱི་ནུས་པ་ཆེ་བ། གསང་སྔགས་ཀྱི་སྤྱོད་པ་ལ་འཇིགས་པ་མེད་ཅིང་རང་བཞིན་གྱིས་ཏིང་ངེ་འཛིན་སྐྱེ་བ་ཡིན་ནོ། །རིགས་ལས་སྐྱེས་པའམ་ལྷན་ཅིག་སྐྱེས་མ་སྟེ། གསང་སྔགས་སྤྱོད་པའི་རིགས་སུ་སྐྱེས་པའམ། རྣལ་འབྱོར་མ་བདུན་ལས་བརྟེན་ཏུ་རུང་བ་རྣལ་འབྱོར་མའི་མཚན་མ་ཅི་རིགས་པ་དང་ལྡན་པ་ཡིན་ནོ། །ཡང་དེ་དག་ལས་ཀྱང་ལས་ཀྱི་སྟོབས་ཀྱིས་ལུས་ཁྱད་པར་དུ་གྱུར་བ་ཡིན་ཏེ། བདེ་བ་སྐྱེ་བའི་རྩ་རྣམས་གཞན་ལས་མཐུ་ཆེ་ཞིང་། ལུས་ཐམས་ཅད་ལ་ཁྱབ་པར་ཡོད་ལ། ཁྱད་པར་དུ་དབུ་མའི་རྩ་སྣ་རིང་བས་སྟོན་ནུས་པ་སྟེ། པདྨ་ཅན་མ་དང་། རི་དྭགས་ཅན་མ་དང་། དུང་ཅན་མ་ཞེས་བྱ་བ་ཡིན་ནོ། །དེ་དག་གི་ལོ་གྲངས་ཀྱི་དབང་དུ་བྱས་ནས་ཀྱང་། བཅུ་གཉིས་མ་མཆོག་བཅུ་དྲུག་མ་རབ། ཉི་ཤུ་མ་འབྲིང་། ཉི་ཤུ་རྩ་ལྔ་མ་ནི་ཐ་མ་ཡིན་ནོ། །དེ་དག་གང་ཡིན་ཡང་རུང་སྟེ། བརྟེན་དུ་རུང་བའི་རྟག་བཅོ་ལྔ་ཞེས་བྱ་བ། ཕྱི་རྟགས་དགུ། ནང་གི་རྟགས་གསུམ། གསང་བའི་རྟགས་གསུམ་མོ། །ཕྱི་རྟགས་དགུ་ལས་ལུས་ལ་འཆར་བའི་རྟགས་གསུམ་ནི། །སྐྱེས་པ་ལ་རྟག་ཏུ་ལྟ་བ་དང་། ཁ་སྐམ་པ་དང་། ལུས་ཀྱི་བ་སྤུ་ལྡང་བའོ། །ངག་ལ་འཆར་བའི་རྟགས་གསུམ་ནི། ཆགས་པའི་གཏམ་སྨྲ་བ་དང་། རྒོད་པ་དང་། འབྲེལ་མེད་དུ་སྨྲ་བའོ། །ཐུན་མོང་དུ་འཆར་བའི་རྟགས་གསུམ་ནི། ལམ་གྱི་རྣམ་པར་གནོན་པ་དང་། བྱ་བ་གང་ཡང་ཐུག་འཕྲད་རྩོམ་པ་དང་། བྱ་བཙག་མང་སྟེ་ཕྱིའི་རྟགས་དགུའོ། །ནང་གི་རྟགས་གསུམ་ནི། དམ་པའི་ཆོས་ལ་དགའ་བ་དང་། ཞེན་ཆགས་ཆུང་བ་དང་། སྙིང་རྗེ་ཆེ་
༡༢༣བའོ། །གསང་བའི་རྟགས་གསུམ་ནི། བླ་མ་ལ་གུས་པ་དང་། གསང་སྔགས་ཀྱི་སྤྱོད་པ་ལ་མི་སྐྲག་ཅིང་གུས་པ་དང་། བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །དེ་དག་ནི་སྐྱེ་བས་ཐོབ་པའི་ཡོན་ཏན་ནོ། །སྦྱངས་པ་ལས་བྱུང་བའི་ཡོན་ཏན་ནི། སྐྱབས་གསུམ་སྔོན་ཏུ་འགྲོ་བའི་སོ་སོར་ཐར་པའི་སྡོམ་པ་དང་ཡང་ལྡན། སྨོན་འཇུག་གི་སེམས་བསྐྱེད་བྱས་ཏེ་བྱང་ཆུབ་སེམས་དཔའི་བསླབ་པ་དང་ཡང་ལྡན། དབང་བཞི་ཡོངས་སུ་རྫོགས་ཏེ་རྡོ་རྗེ་ཐེག་པའི་སྡོམ་པ་དང་ཡང་ལྡན། རྒྱུད་དང་གདམས་ངག་མང་དུ་ཐོས་བསམ་མཐར་ཕྱིན་པ་ཞིག་ཡིན་ནོ། །དེའང་སངས་རྒྱས་མཉམ་སྦྱོར་ལས། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་རྟེན་རྙེད་པ་དང་། ཐོག་མར་རླུང་སྦྱང་ཞིང་ལྟ་བ་བསྐྱང་བར་བྱ་སྟེ། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་སྔོན་ཏུ་སོང་བར་བྱས་ལ། ལུས་སྐྱིལ་ཀྲུང་བྱ། ལག་པ་གཉིས་པུས་མོ་ལ་བཀབ། མིག་སྣ་རྩེར་དབབ། འོག་རླུང་དྲག་ཏུ་འཐེན་ལ་ཧཱུྃ་དལ་ལ་རིང་བར་ཁོག་ནས་དང་ཤིང་མནན། དེའི་དུས་སུ་མཁལ་རྐེད་ན་བ་བྱུང་ན། ལྟོ་བ་བསྐྱོད་ཅིང་གྱེན་ཏུ་དྲངས། ངར་ལ་སོགས་པ་འབོལ་བས་སྐེད་པ་བསྡམ། མགོ་ན་ན་བསྐྱོད། རོ་སྟོད་ན་ན་བསིགས། དེ་ལྟ་བུ་ཞག་བདུན་ནམ། ཟླ་བ་ཕྱེད་དམ། ཞག་ཉི་ཤུ་རྩ་གཅིག་སྦྱངས་པས། ཐུར་སེལ་ལ་ཅི་རིགས་པར་དབང་ཐོབ་པར་འགྱུར་རོ། །དེའང་བརྟེན་པར་བྱ་བའི་དོན་ཏུ། ངང་པའམ་གོང་མོའི་སྒོ་ང་བཙོས་ཏེ་སྒོ་ང་འདིའི་ཕྱོགས་གཅིག་བརྡོལ་བས། ནང་གི་བཅུད་བཏོན་ཏེ། རའི་འོ་མ་ལ་བཟང་དྲུག་དང་ཀ་ར་བཏབ་པས་བཀང་ལ། དེའི་ནང་དུ་གསང་བའི་གནས་ཆུད་པར་བྱས་ཏེ། བར་ཐམས་ཅད་བག་ཟན་གྱིས་བསྡམ། དེ་ནས་ཧཱུྃ་དལ་ལ་རིང་བས་དྲགས་པས་རིམ་གྱིས་སུམ་ཆ་ཙམ་དང་། སུམ་གཉིས་ཙམ་དང་། ཐམས་ཅད་འདྲོངས་པར་འགྱུར་རོ། །དེ་ལྟར་འདྲོངས་པ་དང་།
༡༢༤འཁར་ཕོར་ལ་སོགས་པའི་སྣོད་ནས་འདྲོངས་པར་འགྱུར་རོ། །དེ་ལྟར་གྱུར་པ་དང་འདོད་ན་གསང་བའི་གནས་སྦུབས་སུ་ནུབ་པར་བྱ་བ་དང་། འདོད་ན་བརྐྱང་པ་ལ་དབང་ཐོབ་པར་འགྱུར་རོ། །དེའི་བར་ལ་ཐོག་མར་ལྟ་བ་སྐྱོང་བར་བྱ་སྟེ། ལྟ་བ་ནི་སེམས་རྡོ་རྗེ་ཡེ་ཤེས་ཞེས་བྱ་བ་དངོས་པོ་ཐམས་ཅད་ལ་ཁྱབ་ཅིང་འདུས་བྱས་ཀྱི་རྐྱེན་གྱིས་མི་འཇིག་པས་ན་རྡོ་རྗེའི་སྐུ་དུས་གསུམ་དུ་འགྱུར་བ་མེད་པ། ཤེས་བྱའི་གནས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་སྟེ་མཚན་ཉིད་བཞི་ལྡན་ཏེ། དེ་ཡང་ཡེ་ཤེས་གྲུབ་པ་ལས། །ཁྱབ་དང་རྡོ་རྗེའི་སྐུ་ཉིད་དང་། །འགྱུར་བ་མེད་པ་ཉིད་དང་ནི། །ཡང་དག་ཡེ་ཤེས་གྲུབ་པ་དང་། །ཀུན་མཁྱེན་ཉིད་ནི་དེ་བས་འདོད། ཅེས་གསུངས་པ་ཡིན་ནོ། །དེའང་ཉམས་སུ་ལེན་ན་ཆོས་ཐམས་ཅད་རང་གི་སེམས་ཉིད་ཀྱི་ངོ་བོ། །གསལ་ཞིང་མ་འགགས་པ་བརྟགས་ན་སྟོང་པ་སྟེ། གསལ་སྟོང་དབྱེར་མེད་ཅེས་བྱ་བའམ་གསལ་བ་དེ་ཉིད་རང་གིས་རིག་ཅིང་ཉམས་སུ་མྱོང་ལ། བརྟགས་ན་སྟོང་པ་སྟེ་རིག་སྟོང་དབྱེར་མེད་ཅེས་བྱ་བའམ། ལུས་བདེ་བ་ཆེན་པོར་སྐྱེ་ལ། སྣང་བ་ཐམས་ཅད་ཀྱང་བདེ་བ་ཆེན་པོར་སྐྱེ་ཞིང་དེ་ཡང་བརྟགས་ན་སྟོང་པས། བདེ་སྟོང་དབྱེར་མེད་ཅེས་བྱ་བར་ཤེས་པར་བྱས་ལ། དང་པོར་ཐོས་བསམ་གྱིས་བསྐྱང་། ད་ནས་ཤུགས་འབྱུང་ག་ཆུལ་གྱིས་བསྐྱང་། དེ་ནས་ཤུགས་འབྱུང་གི་ཚུལ་གྱིས་བསྐྱང་ཞིང་རླུང་དང་སྦྱར་བར་བྱའོ། །དེ་ལྟར་རླུང་འབྱོངས་པ་དེས། ལྷས་བྱིན་གྱི་བརྡས་བསྟན་པ་དངོས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཚུལ་གྱིས་སྒྲུབ་ཀྱང་རུང་། ལྟ་བ་དང་། རེག་པའི་ཡུལ་ཙམ་ལ་བརྟེན་ནས་སྒྲུབ་ཀྱང་རུང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྒྲུབ་ཀྱང་རུང་སྟེ། རྟ་ལ་ཞོན་པས་གང་འདོད་པར་མྱུར་དུ་ཕྱིན་པ་ལྟར། སངས་རྒྱས་ཀྱི་སར་མྱུར་དུ་ཕྱིན་པར་བྱེད་པས་རྟ་བྱས་ལ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ནས་གླུའི་སྒོ་བཞི་དབྱེ་བར་བྱ་ཞེས་བྱ་བའི་དོན་ནི། དངོས་ཀྱི་ཕྱག་རྒྱ་ལ་སྙོམས་པར་འཇུག་པའི་ཚུལ་གྱིས་སྒྲུབ་པར་འདོད་པའི་གང་ཟག་གིས། ཐོག་མར་
༡༢༥དབུ་མའི་མར་རྩེ་བཙལ་བར་བྱ་སྟེ། ལྟེ་བ་མན་ཆད་རོ་རྐྱང་གི་སྣ་བཞི་རུ་གྱེས་གདེངས་ཀ་སྦྲུལ་གྱི་མགོ་ལྟ་བུ་བཞིས་དབུ་མ་བསྟུམས་ནས་མི་གསལ་བ་ཡོད་པ་དེ་བཞི་པོ་ཕྱེ་སྟེ་གསལ་བར་བྱའོ། །དེའི་མན་ངག་ཀྱང་ཕྱིང་པའི་ཤག་མ་ལྷ་བཤོས་ལྟ་བུ་བྱས་ལ། རྩེ་མོ་རྣོ་བའི་ཕྱོགས་སོར་བཞི་པྲ་ཚིལ་གྱིས་བྱུགས། པྲ་ཚིལ་གྱིས་མ་བྱུགས་པར་སོར་བཞི་ལ་ལག་པ་འཛིན་པའི་ས་བྱ། མཁལ་མ་གཉིས་སུ་རས་ཀྱི་ལྟོ་སྙིམ་པ་ཙམ་རེ་བཞག་ལ། དེའི་སྟེང་དུ་སྣ་ཕྱིན་ཅི་ལོག་ཏུ་གཏད་ལ། དེའི་སྟེང་དུ་སྣ་རས་ཀྱི་ཤགས་མ་ལྟེ་བའི་སྟེང་ནས་བཅིང་། འཆིང་བ་དང་བསྟུན་ནས་སྲིན་པོའི་ལམ་སྣ་པྲ་ཚིལ་གྱིས་བྱུགས་པ་དེ་གཞུག་སྟེ། ནང་དུ་སོར་བཞི་ལས་ཐལ་ཏུ་མི་གཞུག་གོ །དེའི་རྐྱེན་གྱིས་པདྨ་ཕྱིར་ཕྱུང་བ་དང་། རའི་འོ་མ་ལ་ཀ་ར་དང་པདྨའི་རྩ་བ་བཏབ་ལ། སྲིན་ལག་གཡོན་པའི་སེན་མོ་བྲེགས་ཏེ། གནས་ཐམས་ཅད་དུ་ཡང་དང་ཡང་དུ་བྱུགས་པས་རྩ་སྣ་བཞི་ཕྱིར་གྱེད་ནས། དབུ་མའི་མར་རྩེ་རྩ་བཟང་ངན་གྱི་བྱེ་བྲག་གི་སོར་གཉིས་སམ། གསུམ་མམ། བཞིའི་བར་དུ་སྟོན་པར་འགྱུར་རོ། །དེས་ནི། གླུ་ཡི་སྒོ་བཞི་དབྱེ་བར་བྱ། ཞེས་པའི་དོན་ཏེ། དོན་ལྔའི་དང་པོ་རིག་མ་དག་པ། སྔོན་ཏུ་སྦྱང་བ་དང་བཅས་པ་བསྟན་ཟིན་ཏོ། །གཉིས་པ་ལུས་ངག་མཉམ་པ་ནི། བདག་དང་རིག་མ་ཡི་དམ་ལྷའི་ང་རྒྱལ་བརྟེན་ལ། ངག་སྔགས་བཟླས་པ་ལ་བརྟེན་ནས་ཕྲིན་ལས་རྣམ་པ་བཞི་སྒྲུབ་ནུས་པའོ། །གསུམ་པ་བྱིན་རླབས་མཉམ་པ་ནི། རྡོ་རྗེ་དང་པདྨ་བསྣོལ་མར་བྱིན་གྱིས་བརླབས་ཏེ་སྒྲུབ་པ་པོས་ཡུམ་གྱི་པདྨ་ཨེ་ལས་ཆོས་ཀྱི་འབྱུང་གནས། དེའི་སྟེང་དུ་ཨཱཿལས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པར་བསྐྱེད་ལ། སྔགས་ཀྱིས་བརྟན་པར་བྱ། ཡུམ་གྱིས་ཡབ་ཀྱིས་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་མོ་ལྔ་པ་ཧཱུྃ་གིས་མཚན་པ་བསྐྱེད། ༀ་ལས་ནོར་བུ། སྭཱ་ལས་རིན་པོ་ཆེའི་ཏོག་
༡༢༦བུ་གར་ཧཱུྃ་མཐིང་ནག་མགོ་ཐུར་ལྟ་དང་། པྲཊ་དམར་ནག་མགོ་གྱེན་བལྟ་གཉིས་རྩེ་སྤྲད་པ་བསྒོམ་ལ་སྔགས་ཀྱིས་བརྟན་པར་བྱའོ། །བཞི་པ་འདོད་པ་མཉམ་པ་ནི། ཐ་མལ་པའི་འདོད་ཆགས་འདི་ཉིད་ལམ་དུ་བྱས་ལ། རིམ་གྱིས་ཐ་མལ་པའི་འདོད་ཆགས་དེ་ཉིད། སྙིང་རྗེ་ཆེན་པོས་ཀུན་ནས་བསླང་བའི་བྱང་ཆུབ་ཀྱི་སེམས་སུ་བསྒྱུར་ལ། སེམས་ཅན་གྱི་དོན་ཏུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་ནི་འདོད་པ་མཉམ་པའོ། །དེ་ལྟར་དེ་དག་ཀྱང་སྐུ་གསུམ་ལམ་དུ་བྱེད་པའི་སྒྲུབ་པ་སྟེ། ལུས་ངག་མཉམ་པ་ནི་སྤྲུལ་སྐུ། བྱིན་རླབས་མཉམ་པ་ནི་ལོངས་སྐུ། འདོད་པ་མཉམ་པ་ནི་ཆོས་སྐུ་ཡིན་ནོ། །ལྔ་པ་མན་ངག་གི་གནད་ཀྱིས་ཟིན་པ་ལྔ། བྱང་ཆུབ་ཀྱི་སེམས་གྱི་ཐིག་ལེ་དབབ་པ་དང་། བཟུང་ཞིང་བདེ་བ་བསྒོམ་པ་དང་། བཟློག་པ་དང་། ཁྱབ་པར་བྱ་བ་དང་། མི་ཉམས་པར་བསྲུང་བའོ། །དེ་ལས་དང་པོ་ནི། ཁ་ཟས་ཀྱི་སྒོ་ནས་ལུས་ཟུང་རྒྱས་པ་བྱ་བ་ནི། །ཤ་སར་ཆུ་སེར་ལེན་གསུམ་ལ་སོགས་པ་བཏོན་པ་བསྟེན་པ་དང་། ཆང་རྙིང་འཇམ་དང་ཤ་གསར་པ། འོ་མ་ལ་ཀ་ར་བཏབ་པ་བསྟེན། །དཀྱིལ་འཁོར་ཆེན་པོའི་སྦྱོར་བས་ཀྱང་ལུས་ཟུང་རྒྱས་པར་བྱའོ། །དེ་ནས་རིམ་གྱིས་ཕྱག་རྒྱ་ཡིད་ཀྱི་ཡུལ་དུ་བྱ་བ་དང་། མིག་གིས་མི་མཐོང་བར་སྒྲ་ཉན་པའི་ཡུལ་དུ་བཞག་ལ་ཆགས་པའི་གཏམ་བྱ་བ་དང་། མིག་གིས་མཐོང་བའི་ཡུལ་དུ་བལྟ་ཞིང་བསྒོམ་པ་དང་། ཕན་ཚུན་སྦྲང་རྩི་ལ་སོགས་པའི་རོ་བྱིན་ཞིང་བསྒོམ་པ་དང་། ཙུམྦ་དང་། འཁྱུད་པ་དང་། སོ་དང་སེན་མོ་ལ་སོགས་པའི་བྱེ་བྲག་ལ་བསྟེན་ཏེ་བསྒོམ་པ་དང་། དེ་ནས་ཕྱག་རྒྱ་སྙོམས་པར་འཇུག་པའི་ཚུལ་དུ་བསྒོམ་པ་ནི། །བྱང་ཆུབ་ཀྱི་སེམས་དབབ་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་བཟུང་ཞིང་བདེ་བ་སྒོམ་པ་ནི། བྱང་ཆུབ་ཀྱི་སེམས་ནོར་བུའི་དབུས་སུ་ཕབ་པ་དེ་བཟུང་བའི་ཐབས་གསུམ་གྱིས་མི་ཉམས་པར་བྱ་སྟེ། དང་པོ་ནི། མིག་གཉིས་སྟེང་དུ་དྲག་ཏུ་བསྒྲད་པ་དང་། ལྕེ་རྐན་ལ་སྦྱར་བས་བཟུང་། དེས་མ་ཟིན་ན། གཉིས་
༡༢༧པ་ནི། སྟེང་རླུང་མནན་ཏེ། འོག་སྒོ་མར་ཕུལ་ནས། ཐིག་ལེ་ལ་ཤེས་པ་གཏད་ནས་བཟུང་ན། རིལ་བ་ཞབས་ཚགས་ཀྱི་དཔེ་དང་འདྲ་བས་ཟིན་པར་འགྱུར་ཏེ། འོག་གིས་འགོག་པར་བྱེད་ཅང་ཞེས་བྱ་བའི་དོན་ཡིན། དེས་ཀྱང་བཟུང་བར་དཀའ་ན། གཞུ་རྒྱས་ཀྱིས་ནི་འདོད་པ་གཟུང་། ཞེས་བྱ་བའི་དོན། ཕཊ་མགོ་གྱེན་བལྟ་སྟེ། ཧཱུྃ་མགོ་ཐུར་བལྟ་དེས་འདྲེན་པར་བསམ་ཞིང་། ཧཱུྃ་དལ་ལ་རིང་བ་ཉི་ཤུ་རྩ་གཅིག་ལ་སོགས་པས་དྲང་བར་བྱའོ། །དེས་ཐིག་ལེ་མི་ཟིན་མི་སྲིད་དོ། འོན་ཀྱང་བདེ་ཤུགས་ཆུང་དུ་འགྲོ་བས་ན། བདེ་བ་སྤེལ་བའི་ཕྱིར་དལ་གྱིས་བསྲུབ་པར་བྱ་སྟེ། རུ་སྦལ་འགྲོས་ཀྱིས་འཕེལ་བར་བྱེད། ཅེས་བྱ་བའི་གཞུང་ཡིན་ནོ། །གསང་གནས་ཁོ་ན་ལས་ལུས་གཞན་ཏུ་བདེ་བ་མ་འཕེལ་ན། བདེ་བ་སྤེལ་བར་བྱ་བ་ནི། འོག་རླུང་ཅུང་ཟད་བསྐུམ། མིག་ཕྱེ་ལ། དབུགས་དལ་བ། ཡུན་རིང་བར་སྣ་བུག་གཉིས་ནས་ཕྱིར་བུས་པས། ལུས་ཐམས་ཅད་ལ་བདེ་སྟོང་གི་ཏིང་ངེ་འཛིན་གྱི་ཁྱབ་པར་འགྱུར་བ་སྟེ་དབུགས་དབྱུང་བ་ཞེས་བྱ་བའི་གཞུང་གི་དོན་ཡིན་ནོ། །དེས་ཐིག་ལེ་ཟིན་པའི་རྟགས་འོག་སྒོ་བེམ་བེམ་པ་དང་། ལྕི་ཡོར་ཡོར་བ་དང་། ཙུབ་ཙུབ་པ་དང་། སྐྲ་རྩ་སེང་སེང་བ་དང་། ཐུར་སེལ་དང་གཤང་གཅི་མི་ཐོན་པ་སྙམ་བྱེད་པ་དང་། ངུ་བ་དང་། རྒོད་པ་དང་། ཀུ་ཅོ་འདོན་པ་ལ་སོགས་པ་མི་བཟོད་པ་བྱུང་ཙམ་ན་བཟློག་པར་བྱ་བ་སྟེ། དེའང་སློབ་དཔོན་འདིའི་དགོངས་པ་ནི་རེ་ཞིག་བྱང་ཆུབ་ཀྱི་སེམས་དབང་གི་གནས་སུ་བཏང་ནས་དེ་ནས་འཕྲོག་སྟེ། མས་བརྟན་གྱི་དགའ་བ་བཅུ་དྲུག་གི་ཚུལ་གྱིས་ཉམས་སུ་བླང་བར་བཞེད་པ་ཡིན་ཡང་། རྡོ་རྗེའི་རྩེ་མོ་ཉིད་ནས་བཟློག་ཀྱང་བཏུབ་པས་ན་འགྱུར་བ་རྣམ་པ་དྲུག་གིས་བཟློག་པར་དཀའ་སྟེ། རྐང་ལག་གི་མཐེ་བོང་བཞི་བསྐུམ་ཞིང་བཅངས་པ་དང་། ལྷོ་བ་ཚིགས་པ་ལ་སྦྱར་བ་དང་། ལྕེ་ཕུགས་སུ་ལྡོག་པ་དང་། མིག་གྱེན་ལ་ལྡོག་པ་དང་། ངག་ཏུ་ཧཱུྃ་རིང་པོའི་རྗེས་ལ་ཧིཀ་ཅེས་
༡༢༨བརྗོད་པ་དང་། ཏིང་ངེ་འཛིན་གྱིས་ཧཱུྃ་གིས་ཕཊ་དྲངས་ལ་སྤྱི་གཙུག་ཏུ་བསྐྱལ་བར་བྱ་སྟེ། དེ་ཡང་སྐ་རགས་ཧིཀ་གིས་ཞེས་བྱ་བའི་དོན་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་ཀྱི་ལྷག་མ་ལུས་བ་སྲིད་པས། ལན་གཉིས་ནས་གསུམ་གྱི་བར་དུ་དྲངས་བར་བྱའོ། །དེ་ཁྱབ་པར་བྱ་བའི་ལུས་སོ་སོར་མ་བཀྲམ་ན་ནད་ལ་སོགས་པ་འགྱུར་བས། བཞི་པ་ཁྱབ་པར་བྱ་བ་ནི། མགོ་བོ་སྤྲུགས་པ་དང་། རོ་སྟོད་གསིག་པ་དང་། སྐེད་པ་གཅུ་བ་དང་། ལག་པ་གཡབ་པ་དང་། བྲོ་བཀྲབ་པ་དང་། འོ་དོད་བོས་པས་ཁྱབ་པར་བྱ་སྟེ། དེ་ནས་གནས་སུ་བསྐྱལ་ཞེས་བྱ་བའི་གཞུང་ཡིན་ནོ། །དེ་ལྟར་ན་ཉན་ཐོས་བཞིན་ཕྱག་རྒྱ་མི་སྤང་སྟེ། སྤངས་ན་ཐིག་ལེ་མི་རྒྱས་ཏེ། བ་མ་བཞོས་ན་སྐམ་པ་དང་འདྲའོ། །དེས་ན་བ་བཞིན་ཏུ་བཞོས་པས་ཐིག་ལེ་སྤེལ་ཏེ། ཐིག་ལེ་ལས་སངས་རྒྱས་འབྱུང་བ་ཡིན་ནོ། །ཕལ་པ་བཞིན་བྱང་ཆུབ་ཀྱི་སེམས་དོར་བར་མི་བྱ་སྟེ། དོར་ན་རྒྱུད་ནས་གསུངས་པའི་ཉེས་པ་ཐམས་ཅད་འབྱུང་ངོ་། །དེས་ན་ཐིག་ལེ་དབབ་ཟློག་གི་སྒོ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་ཏུ་བྱེད་པའི་བསམ་པས་ཆགས་པ་དོར་ཞིང་། རིག་མ་བསྟེན་པས་ལུས་ཐམས་ཅད་ཐིག་ལེས་གང་ནས་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུན་མི་འཆད་པར་སྐྱེའོ། །སྤྱི་དོན་ལྔ་པ་མི་ཉམས་པར་བསྲུང་བ་ལ་བརྒྱད་དེ། དེ་ཡང་ཐིག་ལེས་ལུས་གང་བས་འཆོར་བ་དང་། རྐྱེན་གྱིས་འཆོར་བ་དང་། ནད་ཀྱིས་འཆོར་བ་དང་། གདོན་གྱིས་འཆོར་བ་དང་། སྤྱོད་ལམ་གྱིས་འཆོར་བ་དང་། ཁ་ཟས་ཀྱིས་འཆོར་བ་དང་། བྱིན་རླབས་ཉམས་པས་འཆོར་བ་དང་། དམ་ཚིག་ཉམས་པས་འཆོར་བའོ། །དེ་ལ་གང་བས་འཆོར་བ་ནི། ལུས་ཐིག་ལེས་ཡོངས་སུ་གང་བའི་སྟོབས་ཀྱིས་འཆོར་བ་སྟེ། དེ་སྲུང་བ་ནི་རྡོ་རྗེའི་མགུལ་པ་དར་དཀར་རམ་རས་ཀྱི་སྐུད་པས་དམ་དུ་བཅིང་བ་དང་། སྐེད་པའང་དར་རམ་རས་ཀྱིས་བཅིང་བ་དང་། རྐང་པ་གཉིས་དྲག་ཏུ་སྤྲུགས་པ་དང་། ཤེས་པ་ལྟེ་བར་གཏད་པ་དང་།
༡༢༩གཤང་ལམ་བསྐུམ་པས་འོག་རླུང་ཧིཀ་ཀས་དྲང་ངོ་། །སྤྱིར་ཐིག་ལེ་མི་འཆོར་བ་ལ་རླུང་བསྒོམ་པ་ཁོ་ན་མན་ངག་ཆེ་གསུང་ངོ་། །རྐྱེན་གྱིས་འཆོར་བ་ནི། རིག་མ་མཐོང་བས་འཆོར་བ་སྟེ། དེ་ཡང་རྐང་པ་གཉིས་སྤྲུག་པ་དང་། རྡོ་རྗེའི་རྩེ་མོ་ཕཊ་སེར་པོ་དང་། ཧཱུྃ་མཐིང་ནག་གཅིག་བསམ་སྟེ། །ཧཱུྃ་གིས་དྲངས་ཤིང་རླུང་མནན་པ་དང་། འགྱུར་བ་དྲུག་ཀྱང་བྱའོ། །ནད་ཀྱིས་འཆོར་བ་ནི། གྲང་བས་འཆོར་བ་སྟེ་ཆུ་དང་བསྡོངས་ནས་འཆོར་བའོ། །དེ་བསྲུང་བ་ལ་གཉིད་ཉིན་མོ་བསྲུང་ཞིང་ནུབ་མོ་ལོག །ཨ་རུ་ར་འོ་མར་སྤངས་པ་མུར། ཆ་བ་གསུམ་གྱི་གམ་ཕྱེ་བཏང་། ཟས་བཅུད་ཅན་ལ་བརྟེན། གྲུ་མོ་སླེབས་པའི་ཕར་ངོས་ཚུར་ངོས་གཉིས་སུ་མེ་བཙའ་ཡང་གདབ། གཅན་གཟན་གྱི་རས་མ་བསྲོས་ལ་རྡོ་རྗེ་དང་དྲིལ་བུ་གཉིས་ལ་ཤུབས་ལྟ་བུར་བྱས་ལ་དཀྲི་བར་ཡང་བྱའོ། །གདོན་གྱིས་འཆོར་བ་ནི་རྨི་ལམ་དུ་འཆོར་ཏེ། དེ་སྲུང་བ་ལ་ཡུངས་ཀར་བསྲེགས་པ། གུ་གུལ་ནག་པོ། པདྨའི་། མིའི་ཀླད་པ་རྣམས་བསྲེས་ལ་རྡོ་རྗེ་ལ་སོགས་པ་གསང་བའི་གནས་ཐམས་ཅད་དུ་བཀུའོ། །སྐུད་པ་ནག་པོ་ལ་མདུད་པ་ཉི་ཤུ་རྩ་གཅིག་བྱས་ལ་བགེགས་བཟློག་པའི་སྔགས་བཟླས་ལ་སྐེད་པར་གདམས་སོ། །སྤྱོད་ལམ་གྱིས་འཆོར་བ་ནི། །ལས་དྲག་པ་དང་། ཉལ་མ་ལེགས་པ་དང་། སྨྲ་བ་མང་བ་དང་། འགྲོ་འདུག་དྲགས་པའོ། །དེ་བསྲུང་བ་ནི། དེ་དག་སྤངས་ཤིང་འགྱུར་བ་དྲུག་བྱ་བ་དང་། ཕཊ་དང་ཧཱུྃ་བསྒོམས་ཤིང་དྲང་བ་དང་། སྟེང་རླུང་མནན་པའོ། །ཁ་ཟས་མི་འཕྲོད་པས་འཆོར་བ་ནི། ཤ་རུལ་དང་། སྲན་མ་དང་། ལན་ཚྭ་ཆེས་པ་དང་། ཚྭ་རྒོད་འཐུང་བ་དང་། ཆང་མང་བ་ལ་སོགས་པས་འཆོར་བ་སྟེ། དེ་སྲུང་བ་ནི། དེ་དག་གཉིད་སྤང་བ་དང་། འོ་མ་རྟག་ཏུ་བཏུང་བ་དང་། བདུད་རྩིའི་རྒྱུན་སྦྱོར་ཞེས་བྱ་བ་སྡུམ་སྒོག་བཟའ་བར་བྱའོ། །བྱིན་རླབས་ཉམས་པས་འཆོར་བ་ནི། གཏོར་མ་དང་། ཚོགས་
༡༣༠ཀྱི་མཆོད་པ་ལ་སོགས་པ་སྔར་བྱས་པ་ལས་ཉམས་ན་འཆོར་བ་སྟེ། དང་པོ་དབབ་དཀའ། ཕེབས་ནས་བསྲུང་དཀའ་བ་སྟེ། དེ་སྲུང་བ་ནི། ཚོགས་ཀྱི་མཆོད་པ་དང་། གཏོར་མ་ལ་སོགས་པ་བྱས་པ་ཉིད་ཀྱིས་སྲུང་བའོ། །དམ་ཚིག་ཉམས་པས་འཆོར་བ་ནི། ཞེ་སྡང་ལ་སོགས་ཀུན་ནས་བླངས་ནས་རྩ་ལྟུང་བཅུ་བཞི་གང་རུང་བྱུང་ན་ཏིང་ངེ་འཛིན་སྐྱེ་ལོང་མེད་པར་ཐིག་ལེ་འཛག་སྟེ། དེ་སྲུང་བ་ནི། བླ་མ་ལས་དབང་བཞི་རྫོགས་པར་ནོད་པའོ། །དེ་ལྟ་བུའི་སྟོབས་ཀྱིས་ཐིག་ལེ་ཤིན་ཏུ་རྒྱས་པ་དང་། གདོད་ལིངྒ་དེ་བརྟན་པ་འབྱུང་ངོ་། །དེའི་དུས་སུ་ཕྱག་རྒྱ་ལ་འཛེགས་པ་སྙམ་བྱེད་ཀྱང་། བསྲན་ཐུབ་པར་བྱས་ཏེ་སྦྱོར་བ་མི་བྱའོ། །དེ་ནས་བདེ་བ་ཆེར་འབར་བ་དང་། མི་རྟོག་པ་ཆེར་འབར་བ་འབྱུང་ངོ་། དུ་བ་ལ་སོགས་པའི་རྟགས་རིམ་བཞིན་སྐྱེའོ། །དེ་ལྟར་ལུས་ལ་ཐིག་ལེ་གནས་པའི་གང་ཟག་དེ་ལ། མཁའ་འགྲོ་མས་བྱིན་གྱིས་བརླབས་ལ། དེའང་དང་པོ་ནང་གི་མཁའ་འགྲོ་མ་བཞི་དང་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་ལ་སོགས་པས་བྱིན་གྱིས་བརླབས། དེ་ནས་ཕྱིའི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབ་བོ། །ནང་དུ་མཁའ་འགྲོ་མས་བྱིན་གྱིས་བརླབས་པའི་ཚུལ་ནི། ལུས་ལ་ཐིག་ལེ་རྒྱས་པ་ནི་བདུད་རྩི་ལྔའི་དྭངས་མ་ཡིན་ལ། ད་ནི་མཁའ་འགྲོ་ལྔ་ཡིན་པས་ལུས་ཀྱི་གནས་ཡུལ་ཉི་ཤུ་རྩ་བཞིར་འགྲོ་ཞིང་རྒྱས་པས་མི་རྟོག་པ་ཆེར་སྐྱེ་སྟེ་བྱིན་གྱིས་བརླབས་པའོ། །དེ་ལྟར་གོམས་པ་ལས་ད་ནི་ཕྱག་རྒྱའི་དངོས་གྲུབ་དང་ཉེ་བར་རྟོགས་ཏེ། ཕྱག་རྒྱའི་གདམས་ངག་ལ་བརྟེན་ཏེ་འབྲས་བུ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ཡང་ལམ་གྱི་སྤྲོས་བ་བཅད་པའི་ཕྱིར། དགའ་བ་ས་དང་སྦྱར་བའི་རིམ་པ་བཞིན་ཏུ་བརྗོད་ན། མས་བརྟན་གྱི་དགའ་བ་བཅུ་དྲུག་གི་སྔོན། ཡས་བརྟན་གྱི་དགའ་བ་སྔོན་ཏུ་འགྲོ་བས་ན་དེ་ཡང་བརྗོད་པ། སྤྱི་བོ་ནས་མགྲིན་པའི་བར་དུ་དགའ་བས་བསྡུས་པའི་དགའ་བ་བཞི། མགྲིན་པ་ནས་སྙིང་གའི་བར་དུ་མཆོག་དགས་བསྡུས་པའི་དགའ་བ་བཞི།
༡༣༡སྙིང་ག་ནས་ལྟེ་བའི་བར་དུ་དགའ་བྲལ་གྱིས་བསྡུས་པའི་དགའ་བ་བཞི། ལྟེ་བ་ནས་རྡོ་རྗེའི་རྩེའི་བར་དུ་ལྷན་སྐྱེས་ཀྱིས་བསྡུས་པའི་དགའ་བ་བཞི། དེའང་ལྷན་སྐྱེས་ཀྱི་དུས་སུ་ཡེ་ཤེས་ངོས་ཟིན་ནས། དེ་ཡུན་རིང་དུ་རྒྱུད་སྦྱངས་བ་ལ་བརྟེན་ནས་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་སངས་རྒྱས་ཀྱི་ས་མངོན་ཏུ་བྱེད་པ་ཡིན་ཏེ། དེའང་རགས་པ་བརྗོད་ན། ལྟེ་བར་བརྟེན་པས་དགའ་བ་མངོན་ཏུ་བྱས་པ་ཡིན་ཏེ། དེའི་རྟགས་ཀྱང་ལྟེ་བའི་དཀྱིལ་འཁོར། ཁ་དོག་དཀར་ཞིང་མེ་ལོང་ལྟར་སྲ་བ་དང་། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ་ཡིན། སྙིང་གར་བརྟན་པས་དཔུང་པ་འཕེལ་ཞིང་། མངོན་པར་ཤེས་པ་ལྔ་འཆར་ཞིང་། སྟོབས་གླང་པོ་ཆེ་བརྒྱ་ཡིས་ཀྱང་མི་ཐུབ་པ་ཡིན་ནོ། །མགྲིན་པར་བརྟན་པས་ལྕེ་བརྐྱང་ན་གདོང་གི་དཀྱིལ་འཁོར་ཁེབས་ཤིང་ཁམས་གསུམ་གྱི་བདུད་རྩི་ལ་ལོངས་སྤྱོད་ནུས་ཤིང་ཚིག་གི་མཆོག་གྲུབ་པ་ཡིན་ནོ། །སྤྱི་གཙུག་བརྟན་པས་ལྷན་སྐྱེས་མཐར་ཕྱིན་ཏེ་སངས་རྒྱས་ཀྱི་ས་མངོན་ཏུ་བྱས་པ་ཡིན་ནོ། །དེའང་ཞིབ་ཏུ་བརྗོད་ན། མས་བརྟན་གྱི་དགའ་བ་བཅུ་གཉིས་དང་། ནང་གི་རྟགས་རླུང་སོར་བཅུ་གཉིས། ཕྱི་རྟགས་གཞན་གྱི་སེམས་ཤེས་པ་ལ་སོགས་པ་བཅུ་གཉིས་འབྱུང་བ་ཡིན་ཏེ། དེའང་ཡུལ་སོ་གཉིས་ཀྱི་ཡུལ་རེ་རེ་ན་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་རེ་ཡོད་པ་ཡིན་ལ། དེ་རྣམས་གྲོང་སྟོངས་ནས་དབང་ཐོབ་པ་ལ་བརྟེན་ནས། ས་བཅུ་གཉིས་ཀྱི་མཐར་སངས་རྒྱས་ཀྱི་ས་མངོན་ཏུ་བྱེད་པ་ཡིན་ནོ། །དེ་དག་ཀྱང་ཞིབ་ཏུ་བཤད་ན། མས་བརྟན་གྱི་དགའ་བའི་དགའ་བ། དགའ་བའི་མཆོག་དགའ། །དགའ་བའི་དགའ་བྲལ་གསུམ་མངོན་ཏུ་བྱས་ཙམ་ན་ལུས་ཀྱི་ཆ་ཤས་ཀྱི་ཨུན་དར། སྤྱི་གཙུག་ཛཱ་ལནྡྷ་ར་དང་། མ་ཚོགས་མ་པུ་ལི་ར་མ་ལ་ཡ་དང་། སྨིན་མཚམས་ཀཱ་མ་རཱུ་པ་བཞིའི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་ཕྲག་བཞིར་དབུ་མར་གྲང་སྟོང་པ་ལ་བརྟེན་ནས་ས་དང་པོ་མངོན་ཏུ་བྱེད་པ་ཡིན། ལུས་ཀྱི་
༡༣༢གསང་གནས་ཀྱི་ཕྱེད་ལྷག་བརྟན་པ་ཡིན། ནང་རྟགས་རླུང་སོར་གཅིག་འགགས། ཕྱི་རྟགས་འདི་རྣམས་ནི་ཕྱོགས་མཐུན་ཙམ་ལས་ཞིབ་ཏུ་བརྩིས་པ་མིན་ཏེ། ཕྱོགས་གཅིག་ཙམ་སྨོས་ན་དང་པོ་འདི་ལ་གཞན་གྱི་སེམས་ཤེས་པ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་ཏུ་དགའ་བའི་ལྷན་སྐྱེས་མངོན་ཏུ་བྱས། ལྟེ་བ་མན་ཆད་བརྟན། སྣ་རྩེ་མ་ལ་ཝ་དང་། མིག་གཉིས་སིནྡུ་དང་། རྣ་བ་གཉིས་ན་ག་ར་དང་། ཁ་ཀ་ལིངྒ་སྟེ། དེ་རྣམས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་བཞི་དབུ་མར་གྲོང་སྟོངས། ཕྱིའི་རླུང་སོར་གཉིས་འགག་ཕྱི་རྟགས་སྙིང་རྗེ་སྐྱེ་ཞིང་མཆི་མ་ལྷུང་བ་སྟེ་ས་གཉིས་པའོ། །དེ་བཞིན་ཏུ་ལྟེ་བ་ནས་སྙིང་གའི་བར་དུ་མཆོག་དགའི་དགའ་བ། མཆོག་དགའི་མཆོག་དགའ། མཆོག་དགའི་དགའ་བྲལ། མཆོག་དགའི་ལྷན་སྐྱེས་བཞི་མངོན་ཏུ་བྱས། ནང་གི་ཡུལ་ལ་ཀོས་ཀོ་མུལ་མ་ནི་དང་། མགྲིན་པ་དེ་ཝཱི་ཀོ་ཊི་དང་གཉིས་ཀྱིས་ས་གསུམ་པ། མཆན་ཁུང་གི་རྒྱབ་ཀུ་ལུ་དང་། ནུ་མ་གཉིས་ཨཱརྦུ་ཏའི་རླུང་སེམས་ཐིམ་པས་ས་བཞི་པ། སྙིང་ག་ཧ་རི་ཀེ་ལ་དང་། ལྟེ་བ་གོ་ད་ཝ་རིའི་རླུང་སེམས་ཐིམ་པ་ལ་ས་ལྔ་པ། འདོམས་བར་ལམྦ་ཀ་དང་། ལིངྒའི་དབུས་ཀནཡ་ཙི་གཉིས་ཀྱི་རླུང་སེམས་ཐིམ་པ་ལས་ས་དྲུག་པ་སྟེ། ནང་རྟགས་ཀྱང་ས་རེ་རེ་ལ་རླུང་སོར་རེ་རེ་འགགས་པ་ཡིན་ནོ། །ཕྱི་རྟགས་ཀྱང་གསུམ་པ་ལ་འགྲོ་བ་སྣ་ཚོགས་ཀྱི་གཟུགས་སྣ་ཚོགས་མཐོང་བ་དང་། བཞི་པ་ལ་ལིངྒ་བརྟན་བ་དང་། ལྔ་པ་ལ་རང་གི་རྒྱུད་བདེ་བ་ཆེན་པོས་ཚིམ་པས་རང་གཞན་ངོ་མི་ཤེས་པ་དང་། ཡེ་ཤེས་ཀྱི་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པས། འཇིག་རྟེན་པའི་འདོད་པའི་ཡོན་ཏན་མཐོང་ན་རྒོད་བྲོ་བ་སྟེ། ས་དྲུག་པའི་ཕྱི་རྟགས་ཡིན་ནོ། །ཡང་སྙིང་ག་ནས་མགྲིན་པའི་བར་དུ་དགའ་བྲལ་གྱི་དགའ་བ། དགའ་བྲལ་གྱི་དགའ་བྲལ། དགའ་བྲལ་གྱི་མཆོག་དགའ། དགའ་བྲལ་གྱི་ལྷན་སྐྱེས་བཞི་མངོན་ཏུ་བྱས་པ་ལ་བརྟེན་ནས། ས་བཞི་མངོན་ཏུ་བྱེད་པ་ཡིན་ཏེ། དེའང་ལུས་ཀྱི་ཆ་ཤས་བརྒྱད་
༡༣༣ཀྱི་རླུང་དང་བྱང་ཆུབ་ཀྱི་སེམས་དབུ་མར་ཐིམ་པའི་ཚུལ་ནི། ལིངྨའིརྩི་མོ་དཀར་མོ་དང་། གཞང་ཁ་གསེར་གླིང་གཉིས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་ཚན་གཉིས་ས་བདུན་པ་དང་། དེ་བཞིན་ཏུ་བརླ་ཀང་ཀན་དང་། པུས་མོ་གཉིས་སིནྡྷཱུ་ས་བརྒྱད་པ་དང་། བྱིན་པ་ཡི་དྭགས་འདུས་པ་དང་། རྐང་པའི་བོལ་རྒྱ་མཚོ་ས་དགུ་པ་དང་། མཐེ་བོང་ཀཽ་མཱ་རི་དང་། སོར་མོ་ཙཱ་རི་ཏྲས་ས་བཅུ་བ་མངོན་ཏུ་བྱས་སོ། །ནང་རྟགས་སུ་རླུང་སོར་བཅུ་ཐིམ་མོ། །ཕྱི་རྟགས་ཀྱང་བདུན་པ་ལ་ལུས་ཐམས་ཅད་འདོད་ཆགས་ཆེན་པོས་ཁྱབ་པར་མཐོང་བ་དང་། བརྒྱད་པ་ལ་རྫུ་འཕྲུལ་སྣ་ཚོགས་སྟོན་པ་དང་། དགུ་པ་ལ་སྒྲ་སྣ་ཚོགས་ཐོས་པ་དང་། བཅུ་པ་ལ་ཉི་མའི་དྲུང་དུ་ཕྱིན་ཡང་མི་འཚིགས་པ་ཡིན་ནོ། །ལྷན་སྐྱེས་ཀྱི་དགའ་བ་མངོན་ཏུ་བྱས་པ་ལ་བརྟེན་ནས། མགྲིན་པའི་སྟེང་གི་གྱེན་ཏུ་བཞི་ཆ་གཅིག་ལ་དབང་བྱས། ཁ་ཆེའི་ཡུལ་ཕྲག་པ་གཉིས་དང་། རྐང་མཐིལ་གྲོང་གི་མཐའ་འཁོབ་དང་། ལྟག་པ་ནེ་པཱ་ལ་དང་། སྐེད་པ་ཀ་ཅུ་ཙི་ཏི་བཞིའི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་བཞིའི་རླུང་དང་བྱང་ཆུབ་ཀྱི་སེམས་དབུ་མར་གྲོང་སྟོངས་པ་ལ་བརྟེན་ནས་ས་བཅུ་གཅིག་པ་མངོན་ཏུ་བྱས། ནང་རྟགས་རླུང་སོར་བཅུ་གཅིག་ཐིམ། ཕྱི་རྟགས་འདམས་ཀྱི་དབུས་སུ་པདྨ་སྐྱེས་པ་ལྟར་སྐྱོན་གྱིས་ཉེས་པས་མ་གོས་པ་ཡིན་ནོ། །དེ་ནས་སྤྱི་གཙུག་གི་བར་དུ་ལྷན་སྐྱེས་ཀྱི་མཆོག་དགའ་དང་། ལྷན་སྐྱེས་ཀྱི་དགའ་བྲལ་དང་། ལྷན་སྐྱེས་ཀྱི་ལྷན་སྐྱེས་གསུམ་མངོན་ཏུ་བྱས་པ་ལ་བརྟེན་ནས་ས་བཅུ་གཉིས་པ་མངོན་ཏུ་བྱས་ཤིང་ཆ་ཤས་སྙིང་གའི་ཕྱི་ལུས་འཕགས་པོ་དང་། ལྟེ་བའི་དབུས་བྱང་གི་སྒྲ་མི་སྙན་དང་། སྤྲུལ་པའི་ནང་གི་རྩ་འདབ་བརྒྱད་ནུབ་ཀྱི་བ་གླང་སྤྱོད་དང་། གསང་བའི་སྣ་རྩེ་ལྷོའི་འཛམ་བུ་གླིང་ལ། དེ་དག་ཀྱང་ཧི་མ་ལ་ཡ་དང་། སོར་ཥྚ་དང་། ཀོ་ལིངྐ་དང་། ཀོ་ས་ལ་ཡིན་ནོ། །ཞེས་ཀྱང་གསུངས་ཏེ། རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་བཞི་
༡༣༤དབུ་མར་གྲོང་སྟོངས་པ་ལ་བརྟེན་ནས་ས་བཅུ་གཉིས་པ་མངོན་ཏུ་བྱས། ནང་རྟགས་རླུང་སོར་བཅུ་གཉིས་འགག་སྟེ། སོར་ཞེས་བྱ་བ་ནི། སྟོང་བརྒྱད་བརྒྱ་པ་རེ་ལ་ཟེར་བ་ཡིན་ནོ། །ཕྱི་རྟགས་མཁའ་འགྲོ་མ་ཐམས་ཅད་ཀྱིས་བྱིན་བརླབ་བོ་ཅེས་བྱ་བ་ཡིན་ནོ། །ལུས་ཀྱི་བ་སྤུའི་བུ་ག་རེ་རེ་ནའང་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། པདྨའི་འབྱུང་གནས་ཉམས་དགའ་ལ། །ངང་པའི་མཚོ་འདུ་ཇི་བཞིན་ཏུ། །དམ་ཚིག་གནས་ལ་མཁའ་འགྲོ་རྣམས། །རིང་ན་གནས་ཀྱང་བྱིན་གྱིས་བརློབ། ཅེས་བྱ་བའི་དོན་ཡིན་ནོ། །དེ་ལྟར་ན་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པ་སུམ་ཅུ་སོ་གཉིས་ཀྱང་། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐིམ་པ་ཡིན་ནོ། །སྟོང་བརྒྱད་བརྒྱ་པ་བཅུ་གཉིས་ཀྱིས་ཀྱང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐིམ་པ་ཡིན་ཏེ། དེ་ལྟར་ན་དགའ་བ་བཅུ་དྲུག་གི་ས་བཅུ་གཉིས་མཐར་ཕྱིན་པར་བྱས་སོ། །ཐམས་ཅད་ཀྱི་སྟོབས་སྡོམ་པས་སྦས་པའི་རྩ་ལྔ་སྦྱངས་ནས། ས་བཅུ་གསུམ་པ་སངས་རྒྱས་ཀྱི་ས་མངོན་ཏུ་བྱས་པ་ཡིན་ནོ། །འབྲས་བུ་སངས་ཀྱི་ས་ནི་ཡན་ལག་ལྔར་བཞེད་དེ། །ཆོས་ཀྱི་སྐུ་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཉིད་དང་། གང་གིས་ཀྱང་མི་ཤིགས་པ་རྡོ་རྗེའི་སྐུ་དང་། ཆོས་ཀྱི་སྐུར་འགྱུར་བ་ཉིད་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཡང་དག་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པ་དང་། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཀུན་མཁྱེན་པའི་ཡན་ལག་ལྔ་སྟེ། སློབ་དཔོན་དེ་ཉིད་ཀྱིས་ཡེ་ཤེས་གྲུབ་པ་ལས། ཁྱབ་དང་རྡོ་རྗེའི་སྐུ་ཉིད་དང་། །འགྱུར་བ་མེད་པ་ཉིད་དང་ནི། །ཡང་དག་ཡེ་ཤེས་གྲུབ་པ་ལས། །ཀུན་མཁྱེན་ཉིད་ནི་དེ་བས་འདོད། ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ལ་བླ་མ་གོང་མ་དག་ཡན་ལག་བདུན་ལྡན་ཏུ་གསུངས་ཏེ། ཆོས་ཀྱི་སྐུ་ངོ་བོ་ཉིད་མེད་པའི་ཡན་ལག་གཅིག་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཡན་ལག་གསུམ་ནི། ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཞལ་
༡༣༥སྦྱོར་དང་། ཟག་པ་མེད་པའི་བདེ་བ་ཆེན་པོའོ། །སྤྲུལ་པའི་སྐུ་ཡན་ལག་གསུམ་ནི། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་། རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་མཛད་པ་དང་། མྱ་ངན་ལས་འདས་པའི་དབྱིངས་སུ་མི་གཤེགས་པས་འགོགས་པ་མེད་པ་དང་གསུམ་ཡིན་ནོ། །ཞེས་ཀྱང་གསུངས་སོ། །འབྲས་བུ་བསྟན་ཟིན་ཏོ། དེ་ལྟར་ན་མན་ངག་གི་གཞི་བཅའ་བ་ལ་བརྒྱུད་པ་བཞི་དང་། ལམ་ལྔ་དང་། སྡོམ་པ་གསུམ་ལྡན་དང་གསུམ་ཡིན་ལ། ཉམས་སུ་བླང་པའི་གནད་ནི་ལྔར་འདུས་ལ། དགའ་བ་བཅུ་དྲུག་དང་ཕྱི་ནང་གི་ཡུལ་སུམ་ཅུ་སོ་གཉིས་ཀྱི་ཚུལ་གྱིས་ས་བཅུ་གཉིས་ཀྱི་བགྲོད་ཚུལ་བསྟན་ལ། ཡན་ལག་ལྔའམ་བདུན་གྱི་འབྲས་བུ་སངས་རྒྱས་ཀྱི་ས་བསྟན་ཏེ། སློབ་དཔོན་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་གདམས་ངག་གིས་རྒྱས་པར་བཤད་པ་དང་། དོན་བསྡུས་པའི་ཚུལ་གྱིས་ཞིབ་ཏུ་བསྟན་ཟིན་ཏོ། །ཡང་འདིའི་བརྒྱུད་པའི་དབང་དུ་བྱས་ན། གཅིག་ནས་གཅིག་ཏུ་རིམ་པས་བརྒྱུད་པ། ཞིབ་མོ་རིང་དུ་བཤད་པ་དང་། ཕྱིས་དངོས་གྲུབ་ཐོབ་སྟེ་ཉེ་བར་བཤད་པ་གཉིས་ཡིན་ནོ། །དང་པོ་ནི། ཨིནྡྲ་བྷཱུ་ཏི་ཆུང་བས་མཛད་པའི་དེ་ཁོ་ན་ཉིད་ཀྱི་བདུད་རྩིའི་མན་ངག་ལས། དང་པོ་དཔལ་བདེའི་ཞལ་སྔ་ནས། དེ་བཞིན་ཏུ་ཡང་ཚངས་པ་དང་། །བྲམ་ཟེ་མོ་ནི་རྡོ་རྗེ་གྲུབ། །དེ་ནས་ཤྲཱི་བཛྲ་བྷཱུ་ཏི་རྒྱལ། །དཔེ་ཡི་སློབ་དཔོན་དེའི་ཕྱི་མ། །གོས་བྲལ་ཞལ་སྔ་དེ་བཞིན་ནོ། །དཔལ་ལྡན་ཛྙཱ་ན་བྷཱུ་ཏི་རྒྱལ། སློབ་དཔོན་པདྨ་བཛྲ་དང་། ཌོམྦྷིའི་ཞལ་སྔ་དེ་བཞིན་ནོ། །ཡན་ལག་བར་པ་དཔལ་ལྷ་མོ། །བུང་བའི་པདྨ་དེ་བཞིན་ནོ། །དུར་ཁྲོད་དུ་ནི་ཀི་ལར་བཞུགས། །ལྷ་ལྕམ་ལེགས་སྨིན་དེ་བཞིན་ནོ། །བདག་ཀྱང་དང་པོ་གྲུབ་པ་ཡིན། ཞེས་བྱ་བ་སྟེ། དང་པོ་དཔལ་བདེའི་ཞལ་སྔ་ཞེས་བྱ་བ། ཨིནྡྲ་བྷཱུ་ཏི་ཆེན་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་ལ། ཤྲཱི་བཛྲ་བྷཱུ་ཏི་རྒྱལ་བ་ནི་ཨིནྡྲ་བྷཱུ་ཏི་བར་པ། །བདག་ཀྱང་དང་པོ་གྲུབ་པ་ཞེས་བྱ་བ་ནི། ཨིནྡྲ་བྷཱུ་ཏི་ཆུང་བ་ཡིན་ནོ། །དེ་གསུམ་ཀའང་ཕྱག་
༡༣༦ན་རྡོ་རྗེའི་སྤྲུལ་པ་ཡིན་ནོ། །ཞེས་ཀྱང་འབྱུང་ངོ་། ཨིནྡྲ་བྷཱུ་ཏི་ཆུང་བའི་སློབ་མ། ཇོ་བོ་བྲམ་ཟེ་རིན་ཆེན་རྡོ་རྗེ། དེ་ལ་ཇོ་བོ་དམར་པོ་ཞེས་བྱ་བ། ཤེས་རབ་གསང་བས་གསན་པ་ཡིན་ནོ། །ཡང་བརྒྱུད་པ་ཉེ་བར་འདོད་ན། སངས་རྒྱས་ཀྱིས་ཨིནྡྲ་བྷཱུ་ཏི་ཆེན་པོ་ལ། དེས་ལྕམ་ལེགས་སྨིན། དེ་ལ་ཤེས་རབ་གསང་བས་གསན་ནོ། །ཞེས་འདི་ཉིད་ཀྱིས་མཛད་པའི་དཔལ་རིན་ཆེན་ཐིགས་པ་ལས་འབྱུང་ངོ་། །དཔལ་ཤེས་རབ་གསང་བས། བླ་མ་ཆེན་པོ་འབྲོག་མི་དང་། དགེ་བཤེས་དཀོན་མཆོག་རྒྱལ་པོ་ལ་སོགས་པ་མང་པོ་ལ་གསུངས་ལ། ཐམས་ཅད་ཀྱི་གདམས་ངག་ནི་བླ་ཆེན་ས་སྐྱ་པ་ལ་མངའ་ནོ། །ཨིནྡྲ་བྷཱུ་ཏིའི་གདམས་ངག་བརྒྱུད་པའི་ལོ་རྒྱུས་དང་བཅས་པ་བསྟན་ཟིན་ཏོ། །ས་མཱ་སྟ་མི་ཐ།། །།

༄༅། །རྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན་བཞུགས་སོ། །

་༣༠༡རྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན་བཞུགས་སོ། །
༣༠༢ན་མོ་གུ་རུ་བྷྱ། ཡེ་ཤེས་རིག་པ་གཞན་དུ་མ་འཁྲུལ་བས། །ཐོག་མའི་གཞི་ལ་མངོན་པར་བྱང་ཆུབ་པ། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དག་པའི་དབྱིངས་ལས་ཐུགས་རྗེ་རོལ་པའི་སྐུར། །མངོན་པར་སྣང་བ་བདེ་ཆེན་ལོངས་སྤྱོད་རྫོགས། །ཁྱབ་བདག་སྟོན་པ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རང་སྣང་མ་འགགས་གཞན་སྣང་དེར་སྟོན་པ། །འགྲོ་བའི་གཉེན་ཅིག་སྐལ་ལྡན་ཡོངས་ཀྱི་མགོན། །མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ །སྦྱངས་པ་མཐར་སོན་པཎ་ཆེན་ལྔ་བརྒྱའི་གཙོ། །ལས་འཕྲོ་བཟང་པོས་ཐེག་པའི་རྩེ་རྒྱལ་རྙེད། །སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ༴ །ཤེས་བྱ་ཀུན་མཁྱེན་ཀུན་མཁྱེན་གཉིས་པར་གྲགས། །རྫོགས་ཆེན་དགོངས་པ་རིས་མེད་མངོན་དུ་གྱུར། །པཎ་ཆེན་གྲུབ་པའི་དབང་ཕྱུག་ཤྲཱི་སེང་། །གསོལ་བ༴ །ཡང་དག་བཅུ་གཅིག་དོན་ལྡན་ལོ་ཙཱ་བ། །ལྟ་དགོངས་མཐར་ཕྱིན་སྣང་སྲིད་ཟིལ་གྱིས་མནན། །མཁས་པ་བ་གོར་བཻ་རོ་ཙན་ལ། །གསོལ་བ། སྦྱངས་པའི་
༣༠༣འཕྲོ་སད་ཆོས་ཀུན་ཐུགས་སུ་ཆུད། །བཻ་རོས་རྗེས་བཟུང་མཆོག་གི་དངོས་གྲུབ་ཐོབ། །གྲུབ་ཆེན་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ། །གསོལ་བ༴ ཆུ་བོ་བཞི་འདུས་མཉམ་མེད་ལོ་ཙཱ་བ། །སྐད་ཅིག་གཅིག་ལ་ས་བདུན་མངོན་དུ་མཛད། །སློབ་དཔོན་གཉགས་སྟོན་ཛྙཱ་ན་ཀུ་མཱ་རར། །གསོལ་བ༴ རིང་ནས་སྦྱངས་པའི་སྐལ་ལྡན་ལས་འཕྲོ་ཅན། །བླ་མས་རྗེས་བཟུང་མཁའ་སྤྱོད་གནས་སུ་གཤེགས། །སྐྱེས་མཆོག་སོག་པོ་དཔལ་གྱི་ཡེ་ཤེས་ལ། །གསོལ་བ༴ །མི་ལོ་བརྒྱ་དང་བཅུ་བཞི་རྒྱ་བོད་དུ། །བསྐྱེད་རྫོགས་སྦྱངས་པ་མཐར་ཕྱིན་གྲུབ་པ་ཐོབ། །བླ་ཆེན་གནུབས་པན་སངས་རྒྱས་ཡེ་ཤེས་ལ། །གསོལ་བ༴ །མདོ་རྒྱུད་ཀུན་ལ་ཐོགས་མེད་མཁྱེན་པ་རྒྱས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་གཅིག་ཐོབ། །ཁུ་ལུང་གནུབས་སྟོན་ཡོན་ཏན་རྒྱ་མཚོ་ལ། །གསོལ་བ༴ །དྭོགས་ལ་ཤངས་ཀྱི་གཙུག་ལག་ཁང་ཆེན་པོར། །བསྐྱེད་རྫོགས་གསུམ་སྟོན་སྙིང་པོའི་བསྟན་པ་སྤེལ། །མྱང་སྟོན་ཆེན་པོ་ཤེས་རབ་མཆོག་ལྡན་ལ། །གསོལ་བ༴ །བླ་མའི་ཐུགས་ཟིན་ཏིང་འཛིན་ལས་སུ་རུང་། །བསྐྱེད་རྫོགས་གསུམ་ལ་མཁས་པའི་གྲགས་པས་ཁྱབ།
༣༠༤ཆོས་ལུང་མྱང་སྟོན་ཡེ་ཤེས་འབྱུང་གནས་ལ། །གསོལ་བ༴ །འུག་པ་ལུང་གི་དབེན་རྩ་དམ་པ་རུ། །བཤད་སྒྲུབ་ཆུ་བོས་སྙིང་པོའ་བསྟན་པ་བཙུགས། །མཁས་གྲུབ་གཙང་སྒོམ་བདེ་གཤེགས་ཟུར་པོ་ཆེ། །གསོལ་བ༴ །ཟུར་གྱི་རིགས་འཁྲུངས་ཐོས་བསམ་མཐའ་རུ་ཕྱིན། །ལྟ་དགོངས་རྩེར་སོན་བསྟན་པ་ཉི་འོད་བརྡལ། །ལྷ་རྗེ་ཆེན་པོ་ཟུར་ཆུང་ཤེས་རབ་གྲགས། །གསོལ་བ༴ །ལུང་རྟོགས་ཡོན་ཏན་རྒྱ་མཚོས་ཐུགས་རྒྱུད་གཏམས། །ཕྲིན་ལས་རྣམ་བཞིས་གསང་སྔགས་བསྟན་སྲོག་བཟུང་། །སྐྱོ་སྟོན་སྔགས་འཆང་ཤཱཀྱ་ཡེ་ཤེས་ལ། །གསོལ་བ༴ །གདུགས་ཐོགས་སྟོང་གིས་གང་ཞབས་གུས་མཆོད་ཅིང་། །རྒྱ་ཆེན་རྒྱུན་མི་འཆད་པའི་ཕྲིན་ལས་ཅན། །གསང་བདག་དངོས་བྱོན་ལྷ་རྗེ་སྒྲོ་[280]ཕུག་པར། གསོལ་བ༴ །གསུང་རབ་ཀུན་ལ་མཁས་པའི་ཕུལ་དུ་གྱུར། །དགོངས་པ་མངོན་གྱུར་ཚེ་གཅིག་བྱང་ཆུབ་བརྙེས། །ལྕེ་[281]སྟོན་ལྷ་རྗེ་དཀྱིལ་མཁར་ལྷ་ཁང་བར། །གསོལ་བ༴ །ཏིང་འཛིན་མངོན་གྱུར་ཐོག་གིས་མི་ཚུགས་ཤིང་། །རི་གཟར་རྦབ་ཀྱང་གྱེན་ལ་བཟློག་པར་མཛད། །མཚུངས་མེད་གྲུབ་ཆེན་དབུས་པ་ཞིག་པོ་ལ། །གསོལ་བ༴ །བསམ་ཞིང་འགྲོ་བའི་དོན་ལ་བྱོན་པའི་མཐུས། །ཕྲིན་ལས་རྒྱ་མཚོ་འབད་མེད་ལྷུན་གྱིས་གྲུབ། །ཞིག་པོ་བདུད་རྩེ་སེམས་ཕྱོགས་བསྟན་པའི་བདག །གསོལ་བ༴ །གསར་རྙིང་ཆོས་ལ་མཁས་ཤིང་གྲུབ་པའི་མཆོག །གཡོ་རུ་སྟོད་དུ་བསྟན་པའི་སྲོལ་བཟང་བཏོད། །ཨ་མེས་ཆེན་པོ་རྟ་སྟོན་ཇོ་ཡེས་ལ། །གསོལ་བ༴ །མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་མཐའ་དག་ལ། །བཤད་པས་ཕན་བཏགས་སྒྲུབ་པའི་ས་སྡེ་བཙུགས། །སྔགས་འཆང་ཆེན་པོ་རྟ་སྟོན་གཟི་བརྗིད་ལ། །གསོལ་བ༴ །བགྲང་ཡས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན། །སེམས་སྡེ་བཅོ་བརྒྱད་བསྟན་པའི་སྒྲོན་མེ་སྤར། །འཁྲུལ་ཞིག་སྐྱེ་མེད་དམ་པ་སངས་རྒྱས་ལ། །གསོལ་བ་གཞོན་ནུ་ཉིད་ནས་ཏིང་འཛིན་དུས་
༣༠༥འདའ་ཞིང་། །ཡི་དམ་ཞལ་གཟིགས་བཤད་སྒྲུབ་བསྟན་པ་སྤེལ། །སྐྱེས་མཆོག་མཉམ་མེད་སྤྲུལ་སྐུ་ཆེན་པོ་ལ། །གསོལ་བ༴ །འཇམ་པའི་དབྱངས་དང་གཉིས་སུ་མ་མཆིས་པས། །སྐད་ཅིག་གཅིག་ལ་ཆོས་རྣམས་ཐུགས་སུ་ཆུད། །ཟུར་སྟོན་ཆེན་པོ་བྱམས་པ་སེང་གེ་ལ། །གསོལ་བ༴ །སྦྱངས་པ་མཐར་ཕྱིན་ཏིང་འཛིན་གདིང་དང་ལྡན། །འཁོར་བའི་སྐྱོན་སྤངས་རང་བཞིན་རྣལ་འབྱོར་མ། །མ་གཅིག་ཟུར་མོ་མཁས་བཙུན་སངས་རྒྱས་ལ། །གསོལ་བ༴ །མཁས་གྲུབ་རིག་འཛིན་རྒྱ་མཚོའི་གཙུག་གི་རྒྱན། །རིམ་གཉིས་བསྟན་པའི་རྒྱལ་མཚན་སྲིད་མཐར་བསྒྲེངས། །འཇམ་དབྱངས་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་ལ། །གསོལ་བ༴ །ཡོངས་རྫོགས་བསྟན་པའི་མངའ་བདག་དགེ་བའི་བཤེས། །འཆད་རྩོད་རྩོམ་པས་བསྟན་པ་ཕྱོགས་བཅུར་སྤེལ། །སྒྲོལ་ཆེན་ཆོས་རྗེ་སངས་རྒྱས་རིན་ཆེན་ལ། །གསོལ་བ༴ །རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི། །ཏིང་འཛིན་དགོངས་པས་ཉིན་མཚན་དུས་འདའ་བ། །ཤངས་མདའི་རྒྱལ་སྲས་རྡོ་རྗེ་ཐུགས་མཆོག་རྩལ། །གསོལ་བ༴ །ཐུབ་བསྟན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས། །བརྒྱ་ཕྲག་ཏིང་འཛིན་སྒོ་ལ་དབང་འབྱོར་བ། །ཀུན་མཁྱེན་གྲུབ་མཆོག་གྲགས་པ་དཔལ་འབྱོར་ལ། །གསོལ་བ༴ །ཐོས་བསམ་སྒྲོ་འདོགས་ཆོད་པའི་བློ་གྲོས་ཅན། །རབ་གསལ་རིག་རྩལ་འབྱོངས་པའི་ཉམས་རྟོགས་འཁྲུངས། །མཁན་ཆེན་འདྲེན་མཆོག་བློ་གྲོས་རབ་ཡངས་ལ། རྟ་ནག་ཐུབ་བསྟན་མཁན་པོ། །གསོལ་བ༴ །ཟབ་གསལ་ཏིང་འཛིན་སྒོ་མང་འབྱེད་པའི་མགོན། །མཁས་བཙུན་བཟང་པོས་གདུལ་བྱ་ཐར་ལམ་འདྲེན། །བླ་ཆེན་རྡོ་རྗེ་འཆང་དངོས་ཆོས་ཀྱི་རྗེ། །གསོལ་བ༴ །སྔོན་ནས་སྦྱངས་པས་བློ་གྲོས་ཕུན་སུམ་ཚོགས། །སྐྱེ་མེད་དོན་གྱི་གནས་ལུགས་མངོན་དུ་གྱུར། །ངེས་དོན་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་། །གསོལ་བ༴ །མཐའ་ཡས་ཤེས་བྱའི་གནས་རྣམས་མ་ལུས་
༣༠༦གཟིགས། །གཞན་ཕན་བྱང་ཆུབ་སེམས་མཆོག་མངོན་དུ་གྱུར། །རྡོ་རྗེ་ཐེག་པའི་བསྟན་འཛིན་འཇིག་རྟེན་མིག །གསོལ་བ༴ །དམ་པས་རྗེས་བཟུང་སྙིང་པོའི་ལམ་ལ་ཞུགས། །གསུང་རབ་རྒྱ་མཚོའི་ལུང་གི་ཐོས་པས་ཕྱུག །སྙིང་སྟོབས་གྲུབ་པའི་དཔའ་བོ་རྡོ་རྗེ་འཛིན། །གསོལ་བ༴ །ཀ་དག་རང་རིག་དངོས་འཛིན་འཆིང་བ་གྲོལ། །བདེ་ཆེན་འགྱུར་མེད་མཆོག་གི་དངོས་གྲུབ་བརྙེས། །སྙིགས་དུས་འགྲོ་བའི་སྐྱབས་གཅིག་རྡོ་རྗེ་འཛིན། །གསོལ་བ༴ །འདི་ཡན་ཤློ་ཀ་བཞི་བཛྲཱཀྵ་རས་སོ། སེམས་སྡེའི་བརྒྱུད་འདེབས་ཁ་སྐོང་ནི། ངག་གི་དབང་ཕྱུག་མཐའ་ཡས་ཆོས་ཚུལ་དཔལ། སྨྲ་ལ་ཟླ་མེད་མཁས་གྲུབ་རྒྱ་མཚོའ་ཕུལ། །ལོ་ཙཱ་ཆེན་པོ་དྷརྨ་ཤྲཱི་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །པཎ་གྲུབ་ལྡ་བརྒྱའི་གཙུག་རྒྱན་བི་མ་ལ། །བསམ་བཞིན་བསྟན་འགྲོའི་མགོན་དུ་ལེགས་བྱོན་པ། །རྒྱལ་བའི་སྲས་པོ་རིན་ཆེན་རྣམ་རྒྱལ་ལ། །གསོལ་བ༴ །ཨོ་རྒྱན་དུས་གསུམ་མཁྱེན་པའི་བཤད་སྒྲུབ་བསྟན། །འཛིན་མཁས་རྡོ་རྗེ་སྙིང་པོའི་དོན་གཟིགས་པ། །ཐམས་ཅད་མཁྱེན་པ་ཨཽ་ཌཱི་ཡཱ་ན་ལ། །གསོལ་བ༴ སྲས་བཅས་རྒྱལ་བ་དགྱེས་པའི་ཕྲིན་ལས་ཀྱིས། །ཡིད་སྲུབ་ཕྱོགས་ལས་རྣམ་རྒྱལ་རིག་པ་འཛིན། །མཁས་ཤིང་གྲུབ་བརྙེས་ཀརྨ་བི་ཛ་ཡར། །གསོལ་བ༴ །ཤེས་བྱ་ཀུན་གཟིགས་ཟབ་མོའི་གནས་ལུགས་རྟོགས། །འཆད་རྩོད་རྩོམ་ལ་ཐོགས་མེད་སྨྲ་བའི་དབང་། །རྒྱལ་སྲས་པདྨ་དབང་རྒྱལ་རྡོ་རྗེ་ལ། །གསོལ་བ༴ །བཅུ་ཕྲག་རིག་པའི་མཛོད་འཛིན་མཁས་པ་ཆེ། །འོད་གསལ་སྙིང་པོའི་དོན་གཟིགས་གྲུབ་པའི་དབང་། །འཇམ་པའི་དབྱངས་དངོས་བསྟན་འཛིན་འཕེལ་རྒྱས་ལ། །གསོལ་བ༴ །བསླབ་གསུམ་རྣམ་དག་བྱང་ཆུབ་སེམས་གཉིས་འབྱོངས། །རིམ་གཉིས་མཐར་ཕྱིན་རྡོ་རྗེ་འཛིན་པའི་དཔལ། །སེམས་དཔའ་ཆེན་པོ་པདྨ་མངྒ་ལ། །གསོལ་བ༴ །རྒྱལ་བ་སྲས་བཅས་ཡེ་ཤེས་གཅིག་བསྡུས་པ། །བཞན་ཕན་ཕ་མཐའ་ཡས་པའི་ཕྲིན་ལས་ཅན།
༣༠༧ཀུན་མཁྱེན་བླ་མ་རིག་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སོ། །སྨིན་གྲོལ་རྒྱ་མཚོའི་ཀློང་དུ་ཐོས་བརྩོན་གྲུརའགྲུས། །ཞུགས་ནས་གདམས་ངག་ནོར་བུའི་མཛོད་འཛིན་པ། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོ་ལ། །གསོལ་བ༴ །རིག་འཛིན་རྒྱལ་བའི་སྲས་སུ་མངོན་བྱང་ལྔས། །ལེགས་པ་བསྐྱེད་པ་བསྟན་པ་རྒྱ་མཚོའི་སྲོག །རིན་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར། །གསོལ་བ་འདེབས༴ །ལུང་རྟོགས་དམ་ཆོས་པདྨའི་དགའ་ཚལ་དུ། །བཤད་སྒྲུབ་འོད་ཟེར་ཕྲེང་བ་འགྱེད་མཛད་པའི། །བསྟན་འཛིན་ཉིན་མོར་བྱེད་པའི་མགོན་པོ་ལ། །གསོལ་བ༴ །འཕགས་པའི་བཞུགས་གནས་སྒོམ་རི་དམ་པ་རུ། །ཨོ་རྒྱན་བླ་མའི་རིང་ལུགས་འཛིན་མཛད་པའི། །རྣལ་འབྱོར་དབང་ཕྱུག་དགོངས་ཀློང་ཡངས་པ་ལ། །གསོལ་བ༴ །རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་འོད་སྟོང་གཟིས། །འཇིག་ལྟའི་མུན་པ་མཐའ་དག་ལྷག་མེད་དུ། །འཇོམས་མཛད་ཐར་གླིང་སྣང་བའི་འོད་ཟེར་ལ། །གསོལ་བ༴ །ཀུན་བཟང་ཆོས་སྐུའི་ཞལ་སྐྱིན་རྡོ་རྗེ་འཆང་། །གཞན་ཕན་ཐུགས་རྗེའི་མངའ་བདག་རིན་པོ་ཆེ། །སྙིགས་མའི་དུས་སུ་སངས་རྒྱས་གཉིས་པ་ལ། །གསོལ་བ༴ །མི་འགྱུར་གཞི་དབྱིངས་ནམ་མཁའི་རྡོ་རྗེ་ལས། །ཚེ་དབང་གྲུབ་པའི་རྒྱལ་སར་མངའ་བསྒྱུར་བ། །ཐུགས་རྗེའི་རྩལ་འཆང་མཆོག་གི་སྤྲུལ་པའི་སྐུར། །གསོལ་བ༴ །རྒྱལ་བའི་སྲས་ཀྱི་སྤྱོད་པ་ལྷུར་བླངས་ཏེ། །སྣ་ཚོགས་ཐབས་ཀྱིས་གཞན་ལ་ཕན་མཛད་པ། །མཐའ་ཡས་འགྲོ་བའི་སྐྱབས་གནས་ཆོས་ཀྱི་རྗེར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འདི་ཡན་ཤློ་ཀ་བརྒྱད་བཙུན་པ་གཞན་ཕན་པས་སོ། །ལས་འབྲས་བདེན་པའི་དོན་ལ་ཡིད་ཆེས་ནས། །དགེ་སྡིག་བླང་དོར་ཚུལ་བཞིན་མེད་པ་དང་། །འཆི་བ་སྙིང་ལ་ཟུག་པའི་བརྩོན་འགྲུས་ཀྱིས། །རང་དྲིན་རང་ལ་ཆེ་བར་བྱིན་གྱིས་རློབས། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་སྟོབས་དང་།
༣༠༨དམིགས་མེད་ཟུང་དུ་འཇུག་པའི་ཉམས་ལེན་གྱིས། །མྱུར་ཏུ་བྱང་ཆུབ་སེམས་གཉིས་འབྱོངས་ནས་ཀྱང་། །འཁོར་བ་དོང་ནས་སྤྲུགས་པར༴ །ཡེ་ཤེས་སྟོན་པའི་དྲིན་ཆེན་བླ་མ་ལ། །སངས་རྒྱས་ཀུན་ལས་ལྷག་པའི་མོས་གུས་ཀྱིས། །ཉམས་རྟོགས་ཕུན་ཚོགས་རྒྱུད་ལ་སྐྱེ་བ་དང་། །གེགས་དང་གོལ་ས་ཆོད་པར༴ །གང་ལྟར་སྣང་ཡང་ཐམས་ཅད་རང་གི་སེམས། །སེམས་ཉིད་གར་ཡང་མ་གྲུབ་སྟོང་པ་ཉིད། །མ་བཅོས་རྣལ་མར་འཇོག་པའི་ཉམས་ལེན་གྱིས། །འཁྲུལ་པ་རང་ཐོག་གྲོལ་བར༴ །ངོ་སྤྲོད་དོན་ལ་ངེས་ཤེས་བརྟན་པོ་ཡིས། །ཡེངས་མེད་རྒྱུན་དུ་གོམས་པ་མཐར་ཕྱིན་ཏེ། །ཆུ་བོ་ལྟ་བུར་རྒྱུན་ཆད་མེད་པ་ཡི། །མཉམ་བཞག་བརྟན་པ་ཐོབ་པར༴ །གང་ཤར་རང་ངོ་ཤེས་པའི་ཟབ་གནད་ཀྱིས། །རྫོགས་ཆེན་རང་སྣང་རིས་མེད་མངོན་གྱུར་ཏེ། །བྱས་ཆོས་ཐམས་ཅད་དབྱིངས་སུ་ནུབ་པ་དང་། །རང་བྱུང་ཡེ་ཤེས་འཆར་བར༴ །ནམ་ཡང་བསྒོམ་མ་མྱོང་པར་རང་བབ་གཤིས། །འདི་ལ་ཀུན་ཏུ་འབྲལ་བར་མི་བྱེད་ཅིང་། །བསྒོམ་མེད་དོན་ལ་གནས་པའི་བརྩོན་འགྲུས་ཀྱིས། །ཉིན་མཚན་ཀུན་ཏུ་འདའ་བར༴ །རྒྱ་ཆེན་ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བརྒྱད་ཁྲི་བཞི་སྟོང་དག་ཏུ་བསྟན་པ་ཡང་། །འདི་དོན་རྟོགས་སླད་གསུངས་པའི་ཚུལ་རིག་སྟེ། །འབྲལ་མེད་རྩེ་གཅིག་སྐྱོང་བར༴ །སེམས་ཉིད་ཡིད་བཞིན་ནོར་བུ་རིན་པོ་ཆེ། །ལས་དང་བག་ཆགས་ཉོན་མོངས་དྲི་ཕྱིས་ཏེ། །རྣམ་དག་སྐུ་བཞིའི་རྒྱལ་མཚན་རྩེར་བཀོད་ནས། །འགྲོ་ལ་འདོད་དགུའི་ཆོས་ཆར་འབེབས་པར་ཤོག །རྫོགས་པ་ཆེན་པོ་སེམས་ཕྱོགས་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་དགའ་སྟོན་ཞེས་བྱ་བ། །རྗེ་བཙུན་བླ་མ་དེ་དག་ལ་མི་ཕྱེད་པ་དང་། །དང་བ་དང་འདུན་པ་སྟེ། །དད་པ་གསུམ་དང་ལྡན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སྦྱར་བའོ། ༈ སྤྱིར་སེམས་སྡེ་ལ། པཎ་ཆེན་བི་མ་ལས་བསྒྱུར་པའི་ཕྱི་འགྱུར་བཅུ་གསུམ་དང་སེམས་སྡེ་ཉེར་གཅིག་དེ་དག་ཏུ་མ་འདུས་པའི་རྒྱུད་
༣༠༩དང་རྒྱ་གཞུང་མཐའ་ཡས་པ་ཡོད་ཅིང་། སྔ་འགྱུར་ལྔ་ལ་སོགས་པ་བཻ་རོ་ནས་བརྒྱུད་པ་ལའང་། བརྒྱུད་ཚུལ་སྔ་ཕྱི་བར་གསུམ་བྱུང་། བོད་འདིར་བསྟན་པ་སྔ་དར་དང་། ཕྱི་དར། ཕྱི་སྐེད་བུ་སྟོན་ཐམས་ཅད་མཁྱེན་པ་དང་། ས་སྐྱའི་དཔལ་ལྡན་བླ་མ་དམ་པའི་དུས་ཡན་ཆོད་ལ་ཤིན་ཏུ་དར། མངའ་རིས་མདོ་ཁམས་ཡན་ཆད་དུ་སོ་སོར་བརྒྱུད་ལུགས་མཐའ་ཡས་ཡོད་མོད་ཀྱང་། ཡོངས་གྲགས་ལ་རྩ་བརྒྱུད། དབུས་བརྒྱུད། དབུས་གཙང་འདྲེས་མ་དང་གསུམ་དུ་བཞག་པ་ལས། འདི་ནི་དབུས་གཙང་འདྲེས་མ་ཡིན། བདག་གིས་ཐོས་པའི་གཙང་བརྒྱུད་ལ་ཡང་བརྒྱུད་ལུགས་བཞི་ལྔ་ཡོད་པ་ཟུར་ན་གསལ། ཡང་དབུས་གཙང་འདྲེས་པའི་བརྒྱུད་ལུགས་གཅིག་ལ་ཟུར་ཆུང་ནས་གླན་ཤཱཀྱ་བཟང་པོ། མདའ་ཤཱཀྱ་འཕེལ། རྟོགས་ལྡན་ཤཱཀྱ་སེང་གེ །ཀྱི་སྟོན་ཤཱཀྱ་ཡེ། མཉམ་མེད་དམ་པ་ཤཱཀྱ་རྒྱལ། བླ་མ་ལྷ་རྗེ་ཆེན་པོ། ཞིག་པོ་བདུད་རྩི། སངས་རྒྱས་སྨྱོན་སྟོན་བླ་མ། སྨྱོན་སྟོན་ཤཱཀྱ་འབུམ། སྐྱེ་མེད་དམ་པ་སངས་རྒྱས། སྐྱེས་མཆོག་སྤྲུལ་སྐུ་ཆེན་པོ། ཆོས་རྒྱལ་མངའ་རིའི་པཎ་ཆེན། ཀུན་སྤངས་རི་ཁྲོད་པ། མཁན་ཆེན་མཛེས་པའི་རྒྱལ་མཚན། རྟོགས་ལྡན་ཆོས་དཔལ་བཟང་པོ། མཁན་ཆེན་བློ་[282]གྲོས་རབ་ཡངས། བླ་ཆེན་རྡོ་རྗེ་འཆང་དབང་། དེས་བདག་ལའོ།། །མངྒ་ལམ།། །།

༄༅། །སྤྱན་རས་གཟིགས་ཀྱི་ལམ་གྱི་རིམ་པ་རྡོ་རྗེའི་ཚིག་རྐང་བཞུགས་སོ༎ ༎

XXX སྤྱན་རས་གཟིགས་ཀྱི་ལམ་གྱི་རིམ་པ་རྡོ་རྗེ་ཚིག་རྐང་བཞུགས་སོ། །
XXX རྒྱ་གར་སྐད་དུ། ཨརྻ་བ་ལོ་ཀི་ཏེ་ཤྭ་ར་བོདྷི་མཱ་ར་གོ་བྷ་ཝ་ཀྲ་མ་ནཱ་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་ལམ་བསྒོམ་པའི་རིམ་པ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་ཞིག་དབང་བསྐུར་མཆོག་ཐོབ་པས། །བཀྲ་ཤིས་རྟགས་ལྡན་བྱིན་རླབས་གནས། །རབ་དབེན་མཐུན་རྐྱེན་འཛོམས་པ་ཡིས། །གནས་དེར་བློ་ལྡན་བསྒྲུབ་པར་བྱ། །གང་གིས་མི་ལུས་རིན་ཆེན་འདི། །རྒྱུ་འབྲས་ངོ་བོ་དཔེ་དོན་གྱིས། །དལ་འབྱོར་རྙེད་དཀའི་དོན་བསྒོམ་ཞིང༌། །བརྩོན་འགྲུས་ཆེར་བསྐྱེད་ཉམས་ལེན་བྱ། །སྣོད་བཅུད་མི་རྟག་དོན་བསྒོམ་ཞིང༌། །འཆི་ངེས་ངེས་པར་འཆི་བ་དང༌། །ནམ་འཆི་ངེས་མེད་འཆི་བ་ལ། །ཚེ་འདིས་མི་ཕན་བློས་བཏང་བྱ། །མི་དགེའི་འབྲས་བུར་སྡུག་བསྔལ་ཏེ། །དགེ་བའི་ལས་ཀྱིས་བདེ་བ་འཐོབ། །འདྲེས་ལས་བདེ་སྡུག་འདྲེས་འབྱུང་བས། །དགེ་སྡིག་ཆུང་ནས་བླང་དོར་བྱས། །གང་ཚེ་འཁོར་བ་གང་གནས་ཀྱང༌། །སྡུག་བསྔལ་གསུམ་ལས་མ་འདས་པས། །དེ་ལ་ངེས་པར་འབྱུང་འདོད་གང༌། །བདེན་དོན་ཚུལ་བཞིན་བསྒོམ་པར་བྱ། །འཁོར་བའི་སྡུག་བསྔལ་གྱིས་གཟིགས་རྣམས། །རིན་ཆེན་གསུམ་ལ་སྐྱབས་འགྲོ་ཞིང༌། །དེ་ཡི་བསླབ་བྱ་བསྲུང་བ་ལ། །རང་གི་ལུས་ལྟར་གཅེས་པར་བཟུང༌། །མཁའ་ཁྱབ་འགྲོ་བ་ཀུན་དོན་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིག །ཕ་རོལ་ཕྱིན་དྲུག་བསླབ་བྱ་ལ། །རྒྱལ་བའི་སྲས་ཀྱིས་རྟག་ཏུ་བསླབ། །རང་བཞིན་བཅས་པའི་སྡིག་པའི་ཚོགས། །དེ་དག་ཀུན་རྫོབ་དོན་དམ་གྱི། །བཤགས་པའི་ཐབས་ཤེས་ལ་མཁས་པས། །ཧྲཱིཿཡིག་བཞི་སྦྱོར་གདམས་པ་བསྒོམ། །ཡན་ལག་བདུན་དང་རབ་ལྡན་པའི། །མཎྜལ་ཕྱི་ནང་གསལ་གསུམ་འབུལ། །ཆོས་ཀུན་སྒྱུ་འདྲར་རབ་ཤེས་པས། །
XXX ཡེ་ཤེས་ཚོགས་ལའང་བསླབ་པར་བྱ། །བླ་མ་ཚེ་དཔག་མེད་སྐུ་ལ། །མཆོག་ལྡན་ཀུན་གྱི་ངོ་བོར་ལྟ། །གསོལ་འདེབས་དབང་བཞིས་སྨིན་པར་བྱ། །ཚངས་པར་བྱང་ཆུབ་ལྔ་ལྡན་པས། །སྤྱན་རས་གཟིགས་དབང་ཡབ་ཡུམ་ནི། །གཟུགས་བརྙན་འཇའ་འདྲ་བསྐྱེད་པ་ལ། །ཕྲ་མོའི་རྣལ་འབྱོར་མཆོག་བསྒོམ་ཞིང༌། །སྤྱོད་ལམ་ཉམས་ལེན་རྟག་ཏུ་བསླབ། །སྙིང་ཁའི་ས་བོན་སྦྱོང་བ་ཡིས། །ཚད་མེད་མཉམ་དང་བརྗེ་བ་བསྒོམ། །རྒྱུད་དང་རབ་དབྱེ་སྒོམ་ཚུལ་འབྲས། །ལུས་དང་ལུས་སེམས་ཉིད་ལ་ནི། །རབ་གནས་ཞི་གནས་ལ་གོམས་པས། །ལུས་སེམས་བྱང་བར་ཐོབ་པར་བྱ། །ལྷག་མཐོང་རྒྱུ་ཚོགས་བརྟན་བྱ་ཞིང༌། །རབ་དབྱེ་སྒོམ་དང་དེ་འབྲས་ཀྱི། །ཚུལ་ལ་མཁས་པར་སྤྱད་བྱ་ཞིང༌། །མི་རྟོག་རང་བྱུང་ཡེ་ཤེས་བསྒོམ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །མ་རིག་བདག་ལྟའི་སེམས་གང་ཞིག །བཙལ་ན་གཅིག་དང་དུ་བྲལ་བ། །སྒྱུ་མ་རྨི་ལམ་ལྟར་ཤེས་བྱ། །སྒྱུ་ལུས་ཚོགས་སུ་འབུལ་བྱ་ཞིང༌། །ཆོས་ཀུན་སྒྱུ་མའི་དཔེ་འདྲར་ལྟ། །རླུང་སེམས་འདྲེས་ལ་རང་སྣང་བའི། །སྒྱུ་མའི་ལྷ་སྐུ་བསྒོམ་པར་བྱ། །འབྱུང་བ་རིམ་ལྔར་རབ་སྦྱངས་ཤིང༌། །རྨི་ལམ་འཛིན་དང་སྤྲུལ་བསྒྱུར་སྤེལ། །གཏན་བབ་བགེགས་འདུལ་ཞིང་སྤྱོད་ཞིང༌། །རྨི་ལམ་ལོངས་སྤྱོད་རྫོགས་སྐུར་བསླབ། །ལུས་གནད་ལྟ་སྟངས་དང་ལྡན་པས། །ཐུགས་པའི་ཧྲཱིཿཡིག་ལ་དམིགས་ཏེ། །ཉི་མ་ཆུ་ཟླ་ནམ་མཁར་བཞིན། །སེམས་ནི་འོད་གསལ་བཅུ་རྫོགས་བསྒོམ། །འཕོ་བའི་དོན་མཁས་སྦྱང་ལྡན་པས། །འཆི་རྟགས་སྣང་མཆེད་ཉེར་ཐོབ་དང༌། །ལྷན་སྐྱེས་འོད་གསལ་ལམ་གོམ་པས། །སྐུ་གསུང་ཐུགས་ཀྱི་སྒོ་ནས་འཕོ། །བར་དོ་སྤྱན་རས་གཟིགས་དབང་བསྐུར། །སྒྱུ་མ་ལོངས་སྐུར་རབ་ལྡན་དེས། །སྐྱེ་བ་སྤྲུལ་སྐུ་མཆོག་འཛིན་པའི། །
XXX བསྲེ་བའི་མན་ངག་བསྒོམ་པར་བྱ། །འདི་དོན་བཀླག་པས་མ་ཡིན་གྱི། །བསྒོམ་པས་ཚེ་འདི་ཉིད་ལ་ནི། །སྤྱན་རས་གཟིགས་དབང་གོ་འཕང་མཆོག །འགྲུབ་པར་འགྱུར་བ་ངེས་བསྟན་ནོ། །འདི་ཡི་བསྐྱེད་རྫོགས་སྒོམ་བྱེད་པ། །དེ་དག་བདུན་རྒྱུད་བར་དུ་ནི། །སྤྱན་རས་གཟིགས་ཀྱིས་བྱིན་རླབས་པའི། །སྐྱེས་བུ་མཆོག་ཏུ་ལུང་བསྟན་ཡིན། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་ཀྱི་ལམ་བསྒོམ་པའི་རིམ་པ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏལ་མི་ཏྲ་ཨཱ་ནན་ཏའི་ཞལ་ནས། པཎྜི་ཏ་ཆེན་པོ་ཤྲཱི་པུ་ཏྲ་ལ་གནང་བ་རྫོགས་སོ། །དེ་ཉིད་ཀྱི་སྒྲ་རང་འགྱུར་དུ་མཛད་ནས། རྗེ་བཙུན་གྲགས་པ་རིན་ཆེན་ལ་གསུངས་དེས་འོད་དཔག་རྡོ་རྗེ། དེས་བུདྡྷ་ཤྲཱི། དེས་བདག་ལ་གནང་བའོ། །དགེའོ།། །།

༈ རྗེ་གྲུབ་ཐོབ་ཆེན་པོ་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་བཞུགས་སོ༎

༧༡ ༈ །།རྗེ་གྲུབ་ཐོབ་ཆེན་པོ་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་བཞུགས་སོ། །གསོལ་བ་འདེབས་སོ་བླ་མ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཡི་དམ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་འཕགས་མཆོག །གསོལ་བ་འདེབས་སོ་སྐྱབས་མགོན །གསོལ་བ་འདེབས་སོ་བྱམས་མགོན །ཐུགས་རྗེ་ཟུངས་ཤིག་རྒྱལ་བ་ཐུགས་རྗེ་ཅན། །མཐའ་མེད་འཁོར་བར་གྲངས་མེད་འཁྱམས་གྱུར་ཅིང་། །བཟོད་མེད་སྡུག་བསྔལ་མྱོང་བའི་འགྲོ་བ་ལ། །མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་སོ། །རྣམ་མཁྱེན་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ཞེ་སྡང་དབང་གིས་དམྱལ་བར་སྐྱེས་གྱུར་ཏེ། །ཚ་གྲང་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །ལྷ་མཆོག་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག །ༀ་མ་ཎི་པདྨེ་ཧཱུྃ།
༧༢ ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །སེར་སྣའི་དབང་གིས་ཡི་དྭགས་གནས་སུ་སྐྱེས། །བསྐྲེས་སྐོམ་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །ཞིང་མཆོག་པོ་ཏཱ་ལ་རུ་སྐྱེ་བར་ཤོག །ༀ་མ་ཎི་པདྨེ་ཧཱུྃ། །ཐོགས་མེད་དུས་ནས །གཏི་མུག་དབང་གིས་དུད་འགྲོར་སྐྱེས་གྱུར་ཏེ། །གླེན་སྐུག་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །མགོན་པོ་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག །ༀ་མ་ཎི་པདྨེ་ཧཱུྃ། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ཕྲག་དོག་དབང་གིས་ལྷ་མིན་གནས་སུ་སྐྱེས། །འཐབ་རྩོད་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །པོ་ཏཱ་ལ་ཡི་ཞིང་དུ་སྐྱེ་བར་ཤོག །ༀ་མ་ཎི་པདྨེ་ཧཱུྃ། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ང་རྒྱལ་དབང་གིས་ལྷ་ཡི་གནས་སུ་སྐྱེས། །འཕོ་ལྟུང་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །པོ་ཏཱ་ལ་ཡི་ཞིང་དུ་སྐྱེ་བར་ཤོག །ༀ་མ་ཎི་པདྨེ་ཧཱུྃ། །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །སྤྱན་རས་གཟིགས་དང་མཛད་པ་མཚུངས་པ་ཡིས། །མ་དག་ཞིང་གི་འགྲོ་རྣམས་སྒྲོལ་བ་དང་། །གསུང་མཆོག་ཡིག་དྲུག་ཕྱོགས་བཅུར་རྒྱས་པར་ཤོག །འཕགས་མཆོག་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་གི་གདུལ་བྱར་གྱུར་བའི་འགྲོ་བ་རྣམས། །ལས་འབྲས་ལྷུར་ལེན་དགེ་བའི་ལས་ལ་བརྩོན། །འགྲོ་བའི་དོན་དུ་ཆོས་དང་ལྡན་པར་ཤོག །ཅེས་པ་འདི་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྗེ་རང་གི་སྐྱེ་བ་གོང་མ་དགེ་སློང་པདྨ་དཀར་པོར་འཁྲུངས་པའི་སྐབས། དགུང་ལོ་ཉི་ཤུ་ནས་བརྒྱད་ཅུའི་བར་དུ་སྨྱུང་བར་གནས་ལས་འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་ཚིག་འདི་སྔོན་གནས་རྗེས་དྲན་ཏུ་གསུངས་བ་སྟེ། བྱིན་རླབས་ཀྱི་ཚན་ཀ་མཆོག་དང་ལྡན་པ་ལགས་སོ།། །།མངྒ་ལམ།། །།

ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་

༡༤༤ ༈ །ༀ་སྭ་སྟི། ན་མོ་གུ་རུ་མཎྜལ་པཱ་ད་བྷྱཿ ཞི་བྱེད་བརྒྱུད་པ་ཕྱི་མའི་ཡི་དམ་གྱི་སྐོར་ལ། །དང་པོ་ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ལ་གསུམ་ལས། སྦྱོར་བ་ལ་གཉིས་ཀྱི། དང་པོ་ས་ཆོག་ནི། བསྙེན་པ་ཐེམས་པའི་སློབ་དཔོན་གྱིས་ཡིད་དང་
༡༤༥ མཐུན་པའི་གནས་སུ་བདག་བསྐྱེད་ཡོངས་རྫོགས་སམ་གཙོ་བོ་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་བྱས་ལ། ས་བསློང་བསླངབ་ནི། ལྷའི་ང་རྒྱལ་གྱིས་གཞི་བདག་དང་ཞིང་སྐྱོང་གི་མཆོད་གཏོར། རཾ་ཡཾ་ཁཾ་གིས་བསངས་སྦྱངས། འབྲུ་གསུམ་གྱིས་བརླབ། རང་གི་སྙིང་གའི་འོད་དང་ༀ་བཛྲ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨརྒྷཾ་སོགས་ཀྱིས་མཆོད། ཨ་ཀཱ་རོས་གཏོར་མ་བྱིན་ནས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བྱ། །དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ། །ཞེས་མཆོད་གཏོར་གཤེགས། གཞི་དེར་དྲིའི་མཎྜལ་ཚོམ་བུ་ཅན་མཆོད་གཏོར་དང་བཅས་བཤམ་ལ། བྱིན་གྱིས་བརླབས། ས་གནོན་གྱི་རྒྱས་སོར་མོ་དབུས་མ་གསུམ་ས་ལ་རེག་པས། སའི་ལྷ་མོ་སེར་མོ་བུམ་པ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་ལྟེ་བ་ཡན་ཆད་སའི་སྟེང་དུ་ཐོན་ནས་བཞུགས་པར་གྱུར་པ་བལས། ༀ་པྲི་ཐི་དེ་ཝཱི་བྷྱཿ ཞེས་པའི་མཐར་ཨརྒྷཾ་ནས་ཤབྡའི་བར་དང་། ཨ་ཀཱ་རོ་བཏགས་པས་གཏོར་མ་ཕུལ་ནས། སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །མཆོད་ཅིང་རིན་ཆེན་སྣ་ཚོགས་འཛིན། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་བརྗོད་པས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་བསམ། ས་སྦྱོང་བ་ནི། ལག་མཐིལ་སར་བཞག་ལ། ༀ་བྷཱུ་ཁཾ། ས་གཞི་ནམ་མཁའི་རང་བཞིན་དུ་གྱུར། ༀ་ལཾ་ཧཱུྃ། ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར། ༀ་ཧ་ཧ་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ས་གཞི་བྱིན་གྱིས་བརླབ་པར་གྱུར། ས་བཟུང་བ་ནི། ས་འདིར་དཀྱིལ་འཁོར་བྲིའོ་སྙམས་པའི་བློས། རང་ཉིད་སྐད་ཅིག་གིས་ཁྲོ་བོ་བགེགས་མཐར་བྱེད་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཆེར་ཁྲོས་པའི་ཉམས་ཅན་སྤྲུལ་པའི་བའིཁྲོ་ཚོགས་དཔག་མེད་སྤྲོ་བའི་སྐུར་གྱུར། ཧཱུྃ། དཀྱིལ་འཁོར་ཆེན་པོའ་ས་གཞི་ལ་གནས་པའི། །ལྷ་ལ་སོགས་
༡༤༦ པའི་བགེགས་ཚོགས་ཀུན་ཉོན་ཅིག །ངས་ནི་གནས་དཀྱིལ་འཁོར་ཆེན་པོ་བྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །ཞེས་བརྗོད་ཅིང་དྲག་སྔགས་སྤོས་རོལ་དང་བཅས་སྤྲུལ་པའི་བའིཁྲོ་ཚོགས་མེ་མཚོན་གྱི་ཆར་འབེབས་པས་བདུད་བགེགས་ཐམས་ཅད་བསྐྲད་པར་གྱུར། ས་བསྲུང་བ་ནི། སླར་འདུས་པ་ལས་ཁྲོ་བོའ་རང་བཞིན་གྱི་རྡོ་རྗེ་སྲུང་བའི་ར་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །སྦྱོར་ཆོག་གཉིས་པ་ལ་གསུམ་གྱི། ལྷ་སྟ་གོན་ནི། །སྐྱ་ཐིག་བཏབ་པ་ལ། ལྷ་གནས་རྣམས་སུ་དྲིའི་ཐིག་ལེ་ཚོམ་བུ་དང་བཅས་པ་བཀོད། མཆོད་པ་བཤམས་ཤིང་བརླབས་ལ། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་འདབ་མ་བཞི་དང་། དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ༀ་ལས་བདག་མེད་མ་ནག་མོ་གྲི་ཐོད་ཁ་ཾ་ག་བསྣམས་པ། གཡོན་བརྐྱང་བའི་ཕྱེད་སྐྱིལ་ཅན་ལ། འདབ་མ་བཞིར་མཾ་པྲཾ་བཾ་ཏཱཾ་དང་། རྩིབས་བརྒྱད་ལ། ཨ་ཧཱུྃ། དྷཱི་ཧཱུྃ། ཧྲཱི་ཧྲཱི། གཾ་ཧཱུྃ་ཡོངས་སུ་གྱུར་པ་བལས་བདེ་གཤེགས་བཅུ་གཉིས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ་བཀྲ་ལམ་གྱིས་གསལ་བར་གྱུར། གནས་གསུམ་བརླབ། ཡེ་ཤེས་པ་སྤྱན་དྲང་པ་བབསྟིམ། དབང་བསྐུར་མཆོད་བསྟོད་རྣམས་བྱས་ལ། སྤོས་བཟུང་ནས། ལྕེ་ཧཱུྃ་ལས་རྡོ་རྗེར་གྱུར། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །འདིར་ནི་དཀྱིལ་འཁོར་བྲི་བར་བྱ། །སངས་རྒྱས་ལ་སོགས་ཀུན་འབྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་སྩོལ། །ཞེས་ལན་གསུམ་གྱིས་སྙན་གསན་དབབ། བུམ་པ་སྟ་གོན་ནི། བུམ་པ་གཉིས་ཆས་སུ་བཅུག་པ་རྣམ་རྒྱལ་དབུས་ཀྱི་ཚོམ་བུའི་སྟེང་དུ་མཉྫི་ལ་བཀོད། ལས་བུམ་བྱང་ཤར་དུ་བཞག་
༡༤༧ ལ་མཆོད་པས་བསྐོར་ནས། བུམ་པ་བསྐྱེད་བཟླས་འོད་ཞུའི་བར་འོག་ནས་འབྱུང་བའི་བུམ་བསྐྱེད་ལྟར་བྱའོ། །སློབ་མ་སྟ་གོན་ནི། དཀྱིལ་འཁོར་ཡོལ་བས་བསྒྲིབས་ལ། སློབ་མ་རྣམས་ཁྲུས་ཕྱག་སྔོན་འགྲོས་གྲལ་དུ་འཁོད་པ་ལ། སེམས་བསྐྱེད་གསལ་གདབ་ཅིང་ཆོས་བཤད་ཅི་རིགས་སྔོན་དུ་བཏང་ནས། འདིར་ཞི་བྱེད་བཀའ་བབས་ཕྱི་མའི་ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱིས་དབང་བསྐུར་བའི་སྐབས་ཡིན། དེ་ལའང་དཀྱིལ་འཁོར་སྔོན་དུ་འགྲོ་དགོས་པ་ལས། དེང་སང་གི་གང་ཟག་ཕལ་ཆེར་སྨིན་བྱེད་ཀྱི་རྟེན་དུ་བྱ་བའི་དཀྱིལ་འཁོར་ནི་རྡུལ་ཚོན་དང་རས་བྲིས་གཉིས་ལས། རྡུལ་ཚོན་ལྟར་ན་ནུབ་གཉིས་པ་དང་། རས་བྲིས་ལྟར་ན་ནུབ་དང་པོ་སྟ་གོན་གྱི་སྐབས་ལགས། དེ་ལས་ལྷ་དང་བུམ་པའི་སྟ་གོན་གྲུབ་ནས། ད་སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ནས་བསམ་པ་འཆོས་པ་ནི། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །ཞེས་གསུངས་པ་ལྟར། འདི་ཕྱིའི་ལྷ་མིའི་བདེ་འབྱོར་དང་ཞི་བདེ་ཉན་རང་གི་བྱང་ཆུབ་དོན་དུ་གཉེར་བ་སྤངས་ཏེ། གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་མཆོག་གི་དངོས་གྲུབ་ཐོབ་པའི་ཆེད་དུ་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པར་བྱ་སྙམ་དུ་སེམས་བསྐྱེད་འཚལ། དེ་ནས་བུར་བྱ་བ་ནི། རང་གི་ཐུགས་ཀའི་འོད་ཀྱིས་སློབ་མའི་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས་ཏེ་འོད་དུ་ཞུ་ཞུགསབ་ལས། བདག་མེད་མའི་སྐུར་གྱུར་པ་བཔདྨའི་
༡༤༨
༡༤༩ གདན་ལ་འཁོད་པར་བསམ། དེ་ནས་གསོལ་བ་གདབ་པ་འདིའི། ན་མོ། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཧེ་རུ་ཀ་དཔལ་དགོངས་སུ་གསོལ། །བྱང་ཆུབ་སེམས་ལས་རྨད་བྱུང་བའི། །སྡོམ་པ་རྒྱ་མཚོ་བདག་ལ་སྩོལ། །ལན་གསུམ་གནང་བ་བྱིན་པ་ནི། །བུ་ཁྱོད་ཚུར་ཤོག་ཐེག་ཆེན་སྔགས། །ཁྱེད་ནི་ཚུལ་ཆེན་སྣོད་དང་ལྡན། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱེད་ལ་ཡང་དག་བསྟན་པར་བྱ། དེ་ནས་ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་མཐའ་དག་བཟུང་སྙམ་པས་འདིའི། སངས་རྒྱས་ཆོས་དང་དགེ་འདུན་ལ། །ཐར་པ་བའདོད་ཕྱིར་སྐྱབས་སུ་མཆི། །སེམས་ཅན་ཀུན་དོན་སྒྲུབ་པའི་ཕྱིར། །བྱང་ཆུབ་སེམས་གསུམ་བསྐྱེད་པར་བགྱི། །སེམས་ཅན་དོན་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤོང་། །གསང་བ་སྔགས་ཀྱི་དམ་ཚིག་ནི། །བདེ་གཤེགས་ལྔ་ཡི་སྡོམ་པ་བཟུང་། །བཅུ་བཞིར་ཕྱེ་བའི་ལྟུང་བ་དང་། །ཡན་ལག་ཉེས་པ་སྤོང་བར་བགྱི། །ཞེས་ལན་གསུམ། དེ་ནས་རྡོ་རྗེ་དང་བཅས་པའི་དྲི་ཆུས་གནས་གསུམ་དུ་རེག་སྟེ། ༀ་ཨཱཿཧཱུྃ་ཞེས་བརྗོད་པས། ཁྱེད་རང་རྣམས་བདག་མེད་མར་གསལ་བའི་དཔྲལ་བར་འཁོར་ལོ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ག་རྣམས་ཀྱིས་མཚན་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར། ཡང་མས་ནས་ཡར་རེག་སྟེ་ཧཱུྃ་ཨཱཿༀ་ཞེས་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ཉིད་མཆོད་ཡུལ་དུ་བཟུང་བ་ཡིན་པས། ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཉེར་སྤྱོད་ཀྱིས་མཆོད། དེ་ནས་དངོས་གྲུབ་ཀྱི་སྐལ་པ་བབརྟག་པ་ལ་གཉིས་ལས། དང་པོ་སོ་ཤིང་དོར་བ་ནི། ཧཱུྃ་ལས་བྱུང་བའི་སོ་ཤིང་དངོས་གྲུབ་ཀྱི་ལྷས་བརྟག་པའི་ནུས་པ་དང་ལྡན་པར་བསམ་ལ་བྱིན། དེས་ཀྱང་མཎྜལ་གྱི་ར་བར་ༀ་བཛྲ་ཧ་ས་ཧ་ཞེས་དོར་ལ་སློབ་དཔོན་གྱིས་ལུང་སྟོན་གཉིས་པ་རྨི་ལམ་བརྟག་པའི་སྦྱོར་བ་ལ་གསུམ་ལས། རྨི་ལམ་གསལ་བའི་ཕྱིར་ཁྱོར་ཆུ་ༀ་ཧྲཱིཿབི་ཤུདྡྷ་སྭཱ་ཧཱ། ཞེས་ལན་གསུམ་བླུད་ལ་ལྷག་མ་
༡༥༠ རྒྱབ་ཏུ་དོར། བར་ཆད་སྲུང་བའི་ཕྱིར་ཧཱུྃ་ལས་རྡོ་རྗེའི་སྲད་བུ་བར་ཆད་བསྲུང་བའི་ནུས་ལྡན་དུ་གྱུར། ཡེ་ཤེས་ཀྱི་སྲད་བུ་ཛཿཧཱུྃ་བཾ་ཧོཿས་སྤྱན་དྲངས་ལ་བསྟིམ། དེ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་ཉིས་བསྐོར་གྱིས་བཅིངས། ལས་བུམ་གྱི་ཆུ་གཏོར་ནས་ༀ་ཨཱཿབིགྷཱ་ནཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཞེས་རྡོ་རྗེ་རྒྱ་གྲམ་དུ་རྒྱས་བཏབ། དེ་ནས་དྷཱི་དང་ཧ་ལས་བྱུང་བའི་ཀུ་ཤ་རྨི་ལམ་མི་འཁྲུགས་པའི་ནུས་པ་དང་ལྡན་པར་བསམ་ལ། དྷཱིཿབཟླས་པའི་ཆུང་བ་སྔས་ཀྱི་དོན་དུ་གཡས་དང་། ཧ་བཟླས་པའི་ཆེ་བསྟན་གྱི་དོན་དུ་གཡོན་པར་གཏད། དེ་ནས་མི་ལྡོག་པའི་ཕྱིར་ཆོས་བཤད་པ་ནི། ཁྱེད་ཅག་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དང་མཇལ་བ་འདི་འདྲ་ཨུ་དུམ་བཱ་རའི་མེ་ཏོག་ལྟར་རྙེད་དཀའ་ཞིང་རྙེད་པ་དོན་ཆེན་པོ་དང་དཀྱིལ་འཁོར་མཐོང་བ་ཙམ་གྱིས་བསྐལ་མང་བསགས་པའི་སྡིག་སྒྲིབ་འདག་ནུས་པ་དང་། དེར་ཞུགས་ཤིང་དབང་ཐོབ་ནས་ལམ་ལ་འབད་ན་ཚེ་འདི་ཁོ་ན་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ངེས་པས་རྙེད་པའི་མཆོག་རབ་ཏུ་རྙེད་པར་གྱུར་ཏེ་སྙམ་དུ་དགའ་བ་བསྒོམ་པར་མཛད་འཚལ། དེ་ནས་དངོས་གཞི་རྨི་ལམ་བརྟག་པ་ནི། དོ་ནུབ་ཀུ་ཤའི་སྔས་སྟན་ལ་སེང་གེ་ཉལ་སྟབས་དང་དགེ་བའི་སེམས་ཀྱིས་ཉོལ་ཞིག །རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་རོ། །དེས་སྟ་གོན་གྱི་ཆོས་གྲུབ། དངོས་གཞིའི་དབང་བསྐུར་པ་དེ་ནངས་པར་འབྱུང་བ་ཡིན་ནོ། །ཞེས་བརྗོད་ལ་དགེ་བ་བསྔོས་ལ་རང་གནས་སུ་བཏང་། ༀ་བཛྲ་བེ་ག་ཀྲ་མ་ཧོཿཞེས་པས་སྟ་གོན་གྱི་དཀྱིལ་འཁོར་ནམ་མཁར་བཏེགས། ནང་མཆོད་ལ་ལས་ཐམས་ཅད་པའི་སྔགས་དང་ཆུས་མཐའ་བཅིངས་ལ་བཞག་གོ །ནངས་པར་དྲིས་ལ་རྨི་ལམ་དགེ་ན་ཞེན་པ་མེད་པར་གཟེངས་གཏོད། ངན་ན་སྒྱུ་མ་ལྟ་བུར་ཤེས་པས་བཟློག་པར་བྱའོ། །གཉིས་པ་དངོས་གཞིའི་ཆོ་ག་ལ་བཞི་ལས། དང་པོ་དཀྱིལ་འཁོར་བྲི་བ་ནི། ཐིག་སྐུད་དང་རྡུལ་ཚོན་ཁ་དོག་ལྔ་རེ་བཅུ་སྡེབ་ནས་དཀྱིལ་འཁོར་གྱི་དབུས་སུ་ལྔ་ཚོམ་དུ་བཀོད་པའི་མཐར་མཆོད་པ་བཤམས་ཤིང་
༡༥༡ བརླབ། བདག་ཉིད་ལྷར་གསལ་བས་ཐིག་ཚོན་བསང་སྦྱངས། སྟོང་པའི་ངང་ལས་ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལས་དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་གྱུར། ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁས་བསྟོད། རིགས་ལྔ་ཞུ་ཞུགསབ་ལས་བྱུང་བའི་ཐིག་ཚོན་དུ་གྱུར། ཚོན་ལ། ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་ཀྱང་བཟླ། དེ་ནས་ཐིག་གདབ་པ་ནི། སློབ་དཔོན་གཙོ་བོའ་ང་རྒྱལ་གྱིས་ཤར་དུ་ཕྱོགས་པས་སྐུད་པ་ཛཿཛཿཛཿ ཞེས་སློབ་མ་འོད་ཟེར་ཅན་ལ་སོགས་རང་གི་སྙིང་ག་ནས་སྤྲུལ་པའི་བའིང་རྒྱལ་ཅན་ལ་ཐིག་སྣ་གཏད་དེ། འབྲུ་ལྔ་ཟློས་པས་གཅིག་ཏུ་སྒྲིལ་ནས་ནམ་མཁར་རང་བཞིན་གྱི་དཀྱིལ་འཁོར་ལམ་གྱིས་གྲུབ་པར་མོས་ལ། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་རྡོ་རྗེ་དང་བཅས་པའི་མཐེབ་མཛུབ་ཀྱིས་ཐིག་ཆེན་བརྒྱད་བསྐོར་འདུག་གིས་ཕྱོགས་མ་ནོར་བའི་སྒོ་ནས་མཁའ་ལ་གདབ་རྗེས་ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ། དེ་ནས་ཕྱོགས་ཐམས་ཅད་མཉམ་ཉིད་དུ་ཤེས་པར་བྱས་ནས་ལས་ཐིག་གདབ་སྟེ། སྒོ་བཞིར་རྟ་བབས་བཞི་མ་ཕྱིར་པད་ར་དུར་ཁྲོད་རྡོ་ར་མེ་ཕྲེང་དང་བཅས་པའི་རྩ་ཐིག་གི་ནང་དུ་ཟླུམ་བསྐོར་གྱི་མྱུ་ཁྱུད་ནང་འཁོར་ལོ་རྩིབས་བརྒྱད། དེའི་ནང་པད་འདབ་བཞི་ཟེའུ་འབྲུ་ལྟེ་བ་དང་བཅས་པའི་ཐིག་སྤྱི་ལྟར་བཏབ་ཅིང་། བེ་གཱས་བཏགས་ལ་ནང་དུ་ཞུགས་ཏེ་ཧི་ཞེས་ལྟས་ལ་སྒོ་ཕྱེ། དེ་ནས་ཚོན་དགྱེ་བ་ནི། སློབ་དཔོན་དབུས་སུ་ཕྱིན་ནས། ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་རྣམས་རྣམ་པར་གྲོལ། །རྡོ་རྗེ་སེམས་དཔའི་གཞལ་ཡས་ཁང་། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ཞེས་དབང་ལྡན་ནས་བརྩམས་ཏེ་རྩིག་པ་ཕྱི་ནས་དཀར་སེར་དམར་ལྗང་སྔོ་བའི་རེ་ཁཱ་ལྔ་སྒོ་ཚད་ཙམ་དུ་བྲིས་ཏེ་ཐོད་པས་བཀབ། དེ་ནས་སློབ་མས་ཀྱང་བྲིས་ཏེ། ལྟེ་བ་སྔོན་པོ། །གེ་སར་སེར། པདྨ་ཕྱོགས་མདོག །འཁོར་ལོའ་རྩིབས་ཤར་ནས་གཡས་བསྐོར་གྱིས་དཀར། སྔོ། དམར། དཀར། དཀར་པོ། སྔོ་ལྗང་།
༡༥༢ མུ་ཁྱུད་སྔོན་པོ། དེ་ཕན་ཆད་སྤྱི་དང་མཐུན་ནོ། །ལྷ་མཚན་ནི་སོ་སོའ་སྐུའམ་ཕྱག་མཚན་དང་། མི་ནུས་ན་ལྷ་མདོག་དང་མཐུན་པའི་ཐིག་ལེ་བྲི་ཞིང་ཚོན་ལྷའི་ཡེ་ཤེས་པ་གཤེགས་སོ། །གཉིས་པ་ཡོ་བྱད་དགྲམ་པ་ནི། ལྷག་གནས་བྱས་པའི་བུམ་པ་སྤོས་ཀྱིས་སྣ་དྲངས་ཏེ་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཏེ་རྣམ་རྒྱལ་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་བཀོད། ལས་བུམ་སྒོའི་ཕྱིའི་བྱང་ཤར་དུ་བཞག །སྤྱི་མཆོད་བྱང་ཤར་དུ། མཚམས་འཛིན་གྱི་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དུ་བཤམས། འགྲུབ་ན་སྤེས་མར་མེ་ལྷ་བཤོས་གསུམ་ལྷ་གྲངས་དང་མཉམ་པས་མཐའ་བསྐོར། འདས་མ་འདས་ཀྱི་གཏོར་མ་དང་། སྨན་ཕུད། ཚོགས་ཀྱི་ཡོ་བྱད། རོལ་མོའ་ཁྱད་པར། སྤྱན་གཟིགས། དབང་རྫས་སོགས་འདིར་དགོས་པ་ཐམས་ཅད་ཚང་བར་འདུ་བྱའོ། །གསུམ་པ་སྒྲུབ་མཆོད་ནི། སྔོན་གཏོར་ལ་ལས་བུམ་གྱི་ཆུ་འཐོར་ཞིང་ༀ་ཨཱཿབིགྷཱནྣ་གྱིས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ཨཱཿལས་ཡེ་ཤེས་ཀྱི་བདུད་རྩི་ཧཱུྃ་གིས་མཁའ་ཁྱབ་ཏུ་འཕེལ་བར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས། སྙིང་གའི་འོད་དང་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨ་ཀཱ་རོ་བདུན་ནམ་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། སོགས་ཀྱིས་དཀར་ཕྱོགས་པ་རྣམས་དང་། །གསང་སྤྱོད་བལྟ་བར་མི་དབང་བའི། །འབྱུང་པོའ་ཚོགས་རྣམས་གང་ཡིན་པ། །གཏོར་མའི་ལྷག་མ་འདི་ལོང་ལ། །ད་ལྟ་ཉིད་དུ་གཞན་དུ་དེངས། །ཞེས་ནག་ཕྱོགས་པ་རྣམས་དྲག་སྔགས་དང་བཅས་པས་བསྐྲད་ལ་གཏོར་མ་ཕྱིར་དོར་རོ། །རང་ཉིད་སྐད་ཅིག་གིས་བདག་མེད་མའི་སྐུར་གྱུར་པའི་བའིཐུགས་ཀའི་ས་བོན་ལས་ར་དང་ཧཱུྃ་ཡིག་འོག་ཏུ་ཆད། ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ས་གཞི། དེ་ལས་འཕྲོས་པའི་རྡོ་རྗེའི་ར་བ་དྲྭ་བ་གུར་བླ་རེས་བར་མཚམས་མེད་པར་གཏམས་པ་ཉི་མ་ལས་འབར་བའི་མེས་བཞུ་ལུགས་སུ་འབྲེལ་ཞིང་འབར་བ་མེའི་འོད་ཟེར་ཀུན་ཏུ་འཕྲོ་བས་ཅིས་ཀྱང་མི་ཤིགས་པར་
༡༥༣ གྱུར། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ། གནས་ཡོ་བསང་སྦྱངས། སྟོང་པའི་ངང་ལས་སྲུང་འཁོར་གྱི་ནང་དུ་ཆུད་པའི་གནས་ཁང་དག་པའི་གཞལ་ཡས་ཁང་དུ་ༀ་ལས་སྣོད་ཕུན་སུམ་ཚོགས་པར་ཨཱཿལས་མཆོད་པའི་ཡོ་བྱད་རང་བཞིན་བདེ་སྟོང་། རྣམ་པ་མཆོད་རྫས། བྱེད་ལས་ཟག་མེད་ཀྱི་བདེ་བས་ཚིམ་པར། ཧཱུྃ་གིས་མཁའ་ཁྱབ་ཏུ་སྤེལ་བས་ཕྱི་ནང་ཀུན་ཏུ་གང་བར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝི་དྱེ། ཤབྡ་ཨཱཿཧཱུྃ། ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབ་བོ། །དེ་ནས་བདག་བསྐྱེད་ནི། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་མདུན་གྱི་ནམ་མཁར་སད་པར་གྱུར། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ལན་གསུམ། ཤེས་རབ་སྙིང་རྗེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བགྱིས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །བཏང་སྙོམས་མཆོག་ལ་གནས་པར་ཤོག །ལན་གསུམ། སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་གྱུར། རང་གི་སྤྱི་བོར་པད་ཉི་ཟླ་བ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་ཞི་ཞིང་འཛུམ་པ་གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་ཞབས་གཡས་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཧཱུྃ་ཡིག་དཀར་པོ་དེ་ལས་བདུད་རྩིའི་རྒྱུན་གཡས་པའི་མཐེ་བོང་ལས་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ་ལུས་དག་པའི་ཤེལ་སྒོང་ལྟར་གྱུར་པར་བརབསམ་ལ། ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བཟླས་མཐར་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ཞུགསནས་རང་ལ་ཐིམ། སླར་ཡང་སྙིང་ག་ནས་འོད་ཟེར་འཕྲོས།
༡༥༤ བདག་མེད་མ་ལ་བདེ་གཤེགས་བཅུ་གཉིས་ཀྱིས་བསྐོར་བའི་དཀྱིལ་འཁོར་བླ་མ་རིགས་ཀྱི་བདག་པོར་བཞུགས་པ་མདུན་གྱི་ནམ་མཁར་སད་པར་གྱུར། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཚེ་རབས་ཀུན་གྱི་སྐྱབས་གྱུར་ཅིང་། །མི་འདོད་པ་ཀུན་རབ་སྤངས་ནས། །འདོད་པའི་དོན་རྣམས་སྟེར་མཛད་པའི། །ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱས་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ན་མོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མཆོད་པ་བླ་ན་མེད་པས་མཆོད། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །བདག་གིས་དགེ་བ་ཅི་བསགས་པ། །སེམས་ཅན་ཀུན་ལ་བསྔོ་བར་བགྱི། །ཞེས་ལན་གསུམ། དེ་དག་རྒྱུ་བསོད་ནམས་ཀྱི་ཚོགས་སོ། །དེ་ནས་ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་ཿསྭ་བྷཱ་ཝ་སུདྡྷོ྅་ཧཾ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། ཞེས་མཉམ་པར་འཇོག་སྟེ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་སོ། །སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་སུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བའི་ནང་དུ། ཡཾ་ལས་རླུང་དཀྱིལ་སྔོན་པོ་ཟླ་གམ། རཾ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ། བཾ་ལས་ཆུ་དཀྱིལ་དཀར་པོ་ཟླུམ་པོ། ལཾ་ལས་ས་དཀྱིལ་སེར་པོ་གྲུ་བཞི། སུཾ་ལས་རིན་ཆེན་སྣ་བཞི་ལས་གྲུབ་པའི་རི་རབ་རྣམས་བརྩེགས་མར་གནས་པའི་སྟེང་དུ། པཾ་ལས་སྣ་ཚོགས་པདྨའི་ལྟེ་བར། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་རྭ་ཕྱོགས་མདོག་ལྟེ་བ་མཐིང་ནག་གྲུ་བཞི་པའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་རྟ་བབས་བཞིས་བརྒྱན་པ། འདོད་སྣམ་དང་། ཕ་གུ་དང་། དྲྭ་བ་དང་
༡༥༥ དྲྭ་ཕྱེད་ཤར་བུ་དང་མདའ་ཡབ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་རོལ་དུ་དངོས་གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། ནང་ཕྱོགས་ཀྱི་མདོག་ཅན་དུ་གྱུར་པའི་བའིདབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ནང་དུ་པདྨ་འདབ་མ་བཞི་པ་གེ་སར་ལྟེ་བ་དང་བཅས། ལྷ་གནས་སོ་སོར་གདན་གྱི་རིམ་པ་གཙོ་བོ་དང་འཁོར་ལོའ་མེ་སྲིན་དབང་ལྡན་རྣམས་སུ་པད་ཉི་དང་གཞན་ཐམས་ཅད་དུ་པད་ཟླའི་གདན་རེ་རེ། གཙོ་བོའ་གདན་གྱི་སྟེང་དུ་ༀ་ཡིག་སྔོན་པོ། དེ་ལས་འཁོར་གྱི་ས་བོན་སྤྲོས་ནས་སོ་སོའ་གནས་སུ་འཁོད་པ་ནི། པད་འདབ་བཞིར་ཤར་ནས་རིམ་པར་མཱཾ་པྲཾ་མཾ་ཏཱཾ། རྩིབས་བརྒྱད་ཀྱིས་ཕྱོགས་བཞིར་ཨ་དྷཱི་ཧྲཱིཿཀཾ །མཚམས་ཀྱི་རླུང་དུ་ཧྲཱིཿདང་གཞན་གསུམ་དུ་ཧཱུྃ་རྣམས་ལྷ་རང་རང་གི་ཁ་དོག་ཏུ་གསལ་བ་ལས་འོད་ཟེར་འཕྲོས། །འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཡོངས་སུ་གྱུར་པ་བལས་ལྷ་སོ་སོའ་སྐུར་གྱུར་པ་བནི། དབུས་ཀྱི་གདན་གྱི་སྟེང་དུ་ཨཾ་ལས་རྗེ་བཙུན་རྡོ་རྗེ་བདག་མེད་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའི་གྲུ་མོར་ཁ་ཾ་ག་བརྟེན་པ། སྤྱན་གསུམ་པ། ཞལ་མཆེ་བའི་མྱུ་བུ་ཅུང་ཟད་གཙིགས་ཤིང་ཁྲོ་འཛུམ་བཞད་པའི་ཉམས་ཅན། དབུ་སྐྲ་སེར་པོ་གྱེན་དུ་འཁྱིལ་བ། གཅེར་བུ་ཕྱག་རྒྱ་ལྔ་དང་མགོ་བོ་སྐམ་པོའ་ཕྲེང་བ་སོགས་ལྷ་མོའ་ཆ་བྱད་ཡོངས་སུ་རྫོགས་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་རོའ་གདན་ལ་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །པད་འདབ་བཞིའི་བྱང་དུ་ཏཱཾ་ལས་སྒྲོལ་མ་ལྗང་གུ་གཡས་མཆོག་སྦྱིན་དང་། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤལ་སྔོན་པོའ་ཡུ་བ་ནས་འཛིན་པ། ཞབས་གཡས་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་ཅན། ཤར་དུ་མཾ་ལས་འོད་ཟེར་ཅན་དཀར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་མདའ་གཞུ་འགེངས་པ། འོག་མ་གཉིས་རིན་པོ་ཆེའི་སྙེ་མ་དང་ཕྲེང་བ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་
༡༥༦ པ། ལྷོར་པྲཾ་ལས་རང་བྱུང་རྒྱལ་མོ་གསེར་མདོག་ཕྱག་བཞིའི་དང་པོ་གཉིས་པུ་སྟི། འོག་མ་གཉིས་པད་ཕྲེང་། ཞབས་སྐྱིལ་ཀྲུང་ཅན། ནུབ་ཏུ་བཾ་ལས་རྡོ་རྗེ་ཕག་མོ་དམར་མོ། །གཡས་ཕག་ཞལ་གྱེན་དང་གཡོན་ཁྲོ་ཞལ་ཐུར་དུ་གཟིགས་པ། གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་པ་ཐུགས་ཀར་འཛིན་པ་ཞབས་གཡོན་བརྐྱང་བའི་ཕྱེད་སྐྱིལ་གྱི་གར་སྟབས་ཀྱིས་རོའ་གདན་ལ་གནས་པ། འཁོར་ལོ་རྩིབས་བརྒྱད་ཀྱི་ཤར་དུ་ཨཱཿལས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྐུ་མདོག་སྔོན་པོ་དཀར་པོ་མཉམ་གཞག་རྡོ་རྗེའི་སྐྱིལ་ཀྲུང་ཅན། །ལྷོར་དྷཱིཿལས་འཇམ་དཔལ་སྨྲ་བའི་སེང་གེ་དམར་སེར་གཡས་རལ་གྲི་དང་གཡོན་ཨུཏྤ་ལའི་སྟེང་དུ་ཤེས་རབ་ཀྱི་པུ་སྟི་བསྣམས་པ། སེམས་སྐྱིལ་གྱིས་སེངྒེ་སྔོན་པོའ་ཁྲི་ལ་བཞུགས་པ། ནུབ་ཏུ་ཧྲཱིཿལས་སྤྱན་རས་གཟིགས་དམར་པོ་ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་ཞིང་འོག་མ་གཉིས་ཕྲེང་བ་དང་པད་དཀར་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། བྱང་དུ་ཀཾ་ལས་སྒྲིབ་སེལ་དམར་པོ་ཕྱག་གཡས་པདྨ་དང་ཞགས་པ། གཡོན་ཕྲེང་བ་དང་རིན་པོ་ཆེ་བསྣམས་པ་ཕྱེད་སྐྱིལ་ཅན། མེར་ཧཱུྃ་ལས་ཕྱག་ན་རྡོ་རྗེ་མཐིང་ག་གཡས་རྡོ་རྗེ་འཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲེང་བ། སྟག་ལྤགས་ཀྱི་ཤམ་ཐབས། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། གཡས་བསྐུམ་གཡོན་བརྐྱང་བའི་དོར་སྟབས་ཀྱིས་བཞུགས་པ། སྲིན་པོར་ཧཱུྃ་ལས་གཤིན་རྗེ་གཤེད་ནག་པོ་གཡས་རྡོ་རྗེས་ཡུ་བ་བྱས་པའི་རལ་གྲི་དང་། གཡོན་སྡིགས་མཛུབ་ཨུཏྤ་ལས་མཚན་པ། དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། གཡོན་བརྐྱང་གིས་མ་ཧེའི་སྟེང་དྲེགས་པ་ཁ་སྦུབས་སུ་བརྫིས་པ། རླུང་དུ་ཧྲཱིཿལས་ཁ་སཱ་ཎི་དཀར་པོ་གཡས་མཆོག་སྦྱིན་དང་གཡོན་ཤེལ་ཕྲེང་ཐུགས་ཀར་བསྣམས་པ། གཡས་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པ། དབང་ལྡན་དུ་ཧཱུྃ་ལས་མི་གཡོ་བ་སྔོན་པོ་གཡས་རལ་གྲི་འཕྱར་ཞིང་གཡོན་ཞགས་པ་སྡིགས་མཛུབ་ལ་ལན་གཉིས་དཀྲིས་ནས་ཐུགས་ཀར་གཏོད་པ། ཞབས་གཡོན་གྱི་པུས་མོ་དང་གཡས་ཀྱི་མཐིལ་གདན་ལ་བཞག་
༡༥༧ པའི་བཞེངས་སྟབས། སྟག་ཤམ་འཆང་ཞིང་དར་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཕག་མོ་དང་ཁྲོ་བོ་གསུམ་མ་གཏོགས་པ་འཁོར་ཐམས་ཅད་དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པར་སྤྲས་པའོ། །ལྷ་ཐམས་ཅད་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བདག་མེད་མ་ལ་བདེ་གཤེགས་བཅུ་གཉིས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བའི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ཡབ་ཀྱི་ཐུགས་ཀ་ནས་རིགས་ཀྱི་ཡུམ་ལྔ་བདུད་རྩིའི་བུམ་པ་ཐོགས་པ་སྤྲོས། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཉེས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག་ཆུ་ལྷག་མ་སྤྱི་བོར་འཁྱིལ་བ་ལས་ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ལྷ་སོ་སོའ་ཐུགས་ཀར་གཙོ་བོ་དང་ཁྲོ་བོ་བཞི་ལ་ཉི་མ་དང་གཞན་བརྒྱད་པོ་ཟླ་བ་ལ་གནས་པའི་རང་རང་གི་ས་བོན་ལ་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་རྒྱལ་བ་རྣམས་མཆོད་ཅིང་ཐུགས་དམ་བསྐུལ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་དག་པར་བསམ་ལ། བཟླ་བྱའི་སྔགས་ནི། ༀ་ཨཱཿཨཾ་སྭཱ་ཧཱ། ཞེས་པ་གཙོ་མོའ་སྔགས་སོ། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྒྲོལ་མའོ། །ༀ་མ་རི་ཙྱཻ་མཱཾ་སྭཱ་ཧཱ། འོད་ཟེར་ཅན་ནོ། །ༀ་པྲཾ་ཧ་རི་ནི་ཧཱུྃ། རང་བྱུང་རྒྱལ་མོའོ། །ༀ་བཛྲ་ཝཱ་ར་ཧཱི་བཽ་རོ་ཙ་ནཱི་ཧཱུྃ་ཕཊ།
༡༥༨ ཕག་མོའོ། །ༀ་བཛྲ་ས་ཏྭ་།།།་ས་རཾ་ཧཱུྃ་ཕཊ། སྒྲིབ་སེལ་ལོ། །ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཕྱག་རྡོར་རོ། །ༀ་པྲ་ཛྙཱ་བཱ་གཱི་ཤྭ་རི་མུཾ། འཇམ་དཔལ་ལོ། །ༀ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། གཤིན་རྗེ་གཤེད་དོ། །ༀ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ། སྤྱན་རས་གཟིགས་སོ། །ༀ་ཧྲཱིཿམ་ཎི་ཁ་ས་ཎི་ཧཱུྃ་ཕཊ། སྤྱན་རས་གཟིགས་ཁ་ས་ཎིའོ། །ༀ་སྭཱ་ར་ཙ་ཡ་ཧཱུྃ་ཕཊ། ཀུན་བཟང་གིའོ། །ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། མི་གཡོ་བའི་སྔགས་སོ། །ཞེས་གཙོ་འཁོར་ཕྱི་འགྲོས་རྩིས་ནས་ཅི་ནུས་བཟླའོ། །དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོར་སྦྱངས། དེ་ཐམས་ཅད་བདག་ཉིད་ཀྱིས་བསྒོམ་པའི་དཀྱིལ་འཁོར་ལ་ཐིམ། རྟེན་གཞལ་ཡས་ཁང་འཁོར་རྣམས་ལ་ཐིམ། འཁོར་རྣམས་གཙོ་བོ་ལ་ཐིམ་ནས་བདག་ཉིད་བདག་མེད་མའི་སྐུར་གནས་པར་གྱུར། དེ་ནས་བུམ་སྒྲུབ་ནི། ལས་སྔགས་ཀྱིས་བསང་། ས་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྟོ་བ་ལྡིར་བ། ཞབས་ཞུམས་པ། མགྲིན་པ་ཕྲ་བ། ཁ་གཡེལ་ཞིང་མཆུ་འཕྱང་བ་ལྷའི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་ཤིང་གིས་ཁ་རྒྱན་ཅན། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་ཀྱི་ནང་དུ་པད་འདབ་བཞིའི་ལྟེ་བར་ༀ་ལས་བདག་མེད་མ། འདབ་མ་བཞིར། མཱཾ་པྲཾ་བཾ་ཏཱཾ་ལས་ཡུམ་བཞི། རྩིབས་བརྒྱད་ལ། ཨ་ཧཱུྃ་དྷཱི་ཧཱུྃ་ཧྲཱིཿཧྲཱིཿཀཾ་ཧཱུྃ་རྣམས་ལས་ཡབ་བརྒྱད་དེ་ལྷ་བཅུ་གསུམ་པོ་བཀྲ་ལམ་གྱིས་གསལ་བར་གྱུར། ལས་བུམ་གྱི་ནང་དུ་པད་ཉི་ལ་ཧཱུྃ་ལས་ཁྲོ་བོ་བགེགས་མཐར་བྱེད་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཁྲོས་པའི་ཉམས་ཅན་ནོ། །ལྷ་ཚོགས་དེ་རྣམས་ཐམས་ཅད་ཀྱི་གནས་གསུམ་དུ་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པའི་ལྷ་ཚོགས་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་
༡༥༩ པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཡུམ་ལྔས་བུམ་པའི་ཆུས་ཨ་བྷི་ཥེ་ཀ་ཏ་ཞེས་སོགས་ཀྱིས་དབང་བསྐུར། ཐམས་ཅད་རྡོ་རྗེ་སེམས་དཔས་དབུ་བརྒྱན། ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོར་བཅས་པས་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ་ལ། ཧཱུྃ། ཆོས་དབྱིངས་སྐྱེ་འགགས་མེད་པའི་མཁའ་ཀློང་ལས། །གཟུགས་སྐུ་འཇའ་ཚོན་ལྟ་བུར་མ་འདྲེས་གསལ། །རྡོ་རྗེ་བདག་མེད་བདེ་གཤེགས་བཅུ་གཉིས་བཅས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། གཟུངས་ཐག་ལ་འཇུས་ཏེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། རྣམ་བུམ་ལ་ལྷ་བཅུ་གསུམ་གྱི་སྔགས་རྣམས་ཅི་འགྲུབ་དང་། ཨ་བྷི་ཥེ་ཀའི་སྔགས་ཀྱང་ཉེར་གཅིག་ཙམ་བཟླ། ལས་བུམ་ལ། ༀ་ཨཱཿབིགྷྣ་ནྲ་ཏ་ཀྲི་ཏ་ཧཱུྃ་ཕཊ་ཅེས་བཟླས་ལ། ༀ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ལ། ལྷ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་ཞུ་སྟེ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བརབསམ་མོ། །རང་ཉིད་བདག་མེད་མའང་འོད་དུ་ཞུ་ཞུགསསྟེ་ༀ་ལ་ཐིམ། དེའང་འོད་གསལ་གྱི་དབྱིངས་སུ་ཐིམ་པར་གྱུར། འོད་གསལ་གྱི་ངང་ལས་སླར་ཡང་བདག་མེད་མའི་སྐུར་གྱུར། དེ་ནས་མདུན་བསྐྱེད་ནི། མདུན་གྱི་དཀྱིལ་འཁོར་བསང་སྦྱངས། སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་སུ་ཨེ་ལས་ཆོས་འབྱུང་གྲུ་གསུམ། ཞེས་པ་ནས། གཞན་ཐམས་ཅད་དུ་པད་ཟླའི་གདན་རེ་རེ། ཞེས་པའི་བར་སོང་རྗེས། གཙོ་བོའ་གདན་གྱི་སྟེང་དུ་རང་ཉིད་གནས་པར་གྱུར། བདག་ཉིད་ༀ་ཡིག་སྔོན་པོ་ཞེས་པ་ནས། ལྷ་ཐམས་
༡༦༠ ཅད་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཞེས་པའི་བར་བདག་བསྐྱེད་བཞིན་ནོ། །དེ་ནས་མཆོད་པ་ནི། གཙོ་བོའ་ཐུགས་ཀ་ནས་རང་ཉིད་བདག་མེད་མའི་རྣམ་པར་ལོགས་སུ་ཕྱེ་བས་མཆོད་བསྟོད་སོགས་ལས་རིམ་ལ་འཇུག་པར་མོས་ལ། མཆོད་ཡོན་ཡན་ལག་བརྒྱད་ལྡན་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་བྱས་ཏེ། །གང་གཱའི་རྒྱུན་བཞིན་ཕྱོགས་ཀུན་ནས། །རྒྱལ་བ་སྲས་བཅས་མཆོད་པར་བགྱི། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། གཞན་འདྲ་བ་ལས་རྐང་པ་དང་པོའ་རྗེས་ཨརྒྷཾ་གྱི་གནས་སུ་པཱ་དྱཾ་སོགས་བཅུག་སྟེ། ཞབས་ཀྱི་དྲིལ་བསིལ་གསང་ཆབ་སོགས། པཱ་དྱཾ་མེ་ཏོག་པདྨ་ཨུཏྤལ་སོགས། པུཥྤེ། བདུག་སྤོས་ཨ་ཀར་ཙནྡན་སོགས། དྷཱུ་པེ། སྣང་གསལ་སྒྲོན་མ་ཉི་ཟླ་སོགས། ཨཱ་ལོ་ཀེ །དྲི་ཆབ་ག་བུར་གླ་རྩི་སོགས། གནྡྷེ། ཞལ་ཟས་འབྲས་ཆན་ཀ་ར་སོགས། ནེ་ཝི་དྱེ། སིལ་སྙན་རྔ་དུང་གླུ་དབྱངས་སོགས། ཤབྡ་ཅེས་དང་། རིན་ཆེན་བདུན་དང་རྟགས་བརྒྱད་འདོད་ཡོན་ལྔ། །དགའ་བཞི་ཉམས་འགྱུར་བཞི་བཞིར་རྣམ་རོལ་བའི། །ཡིད་འོང་རྡོ་རྗེ་ལྷ་མོ་བཅུ་དྲུག་སོགས། །མཁའ་ཁྱབ་མཆོད་སྤྲིན་རྒྱལ་བའི་འཁོར་ལོར་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་སརྦ་མ་ཧཱ་པཱུ་ཛ་མེ་གྷ་ས་མུ་སོགས་ཏེ་ཕྱི་མཆོད་དོ། །ནང་མཆོད་བསང་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ལས་ཤ་ལྔ་བདུད་རྩི་ལྔ་དང་མྱོས་བྱེད་ཀྱིས་གང་བ་རྣམས་ཞུ་ཞིང་འདྲེས་པའི་དམ་རྫས་བདུད་རྩིའི་རང་བཞིན་གྱིས་གང་བ་ལ་ཧཱུྃ་གིས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་བརླབས་ལ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོར་གྱུར་པ་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། བཅོམ་ལྡན་འདས་བདག་མེད་མ་དང་ཐུགས་དམ་བདེ་གཤེགས་བཅུ་གཉིས་སོགས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་
༡༦༡ རྣམས་ཀྱི་ཞལ་དུ ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པའི་ཞལ་དུ་ༀ མཁའ་འགྲོ་སྡེ་བཞི་ཞིང་སྐྱོང་ཀུན་ཏུ་རི་ཀ །ཨ་པ་རཱ་ཛི་ཏ། ཀླུ་ཆེན་བཏང་གཟུངས་སོགས་སྲུང་མ་ཐུགས་དམ་ཅན་རྣམས་ཀྱི་ཞལ་དུ །རིགས་དྲུག་གི་སེམས་ཅན་དཀྱིལ་འཁོར་འཁོར་ལོའ་ངོ་བོར་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ ཞེས་ནང་མཆོད་ཕུལ། སྙོམས་འཇུག་གི་བདེ་བའི་ཡེ་ཤེས་ལ་དགྱེས་དགུར་རོལ་པར་མོས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་གསང་མཆོད། འདིར་ནི་ཐོག་མ་དབུས་ཐ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་པའི་དོན་ལ་མཉམ་པར་འཇོག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །དེ་ནས་བསྟོད་པ་ནི། ཧཱུྃ། གང་གི་འཁོར་བའི་ཉེས་པ་རྣམས། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་བསྐྱེད་མཛད་པ། །བླ་མའི་ཞབས་ཀྱི་པདྨོར་འདུད། །རྣམ་དག་དྲི་མེད་དབྱིངས་ལས་སྐུ་སྤྲུལ་ཞིང་། །སྒྱུ་མའི་སྐུ་མཆོག་མཛེས་པའི་ཆ་ལུགས་འཆང་། །རབ་བརྗིད་གར་གྱིས་རྣམ་པར་བརྒྱན་པ་མོ། །འགྲོ་བའི་ཡིད་འཕྲོག་རྣམ་དག་སྐུ་ལ་བསྟོད། །མ་རྒད་མདངས་འཛིན་རབ་ཏུ་མཛེས་པའི་སྐུ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་འཇིགས་པ་བརྒྱད། །སྒྲོལ་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། །གངས་རིའི་མདོག་ཅན་ཡིད་འཕྲོག་ལྷ་མོའ་སྐུ། །མདའ་གཞུ་རིན་ཆེན་སྙེ་མ་ཕྲེང་བ་བསྣམས། །འགྲོ་རྣམས་དབང་སྡུད་བློ་ཡི་མུན་པ་སེལ། །དབང་གི་ལྷ་མོ་འོད་ཟེར་ཅན་ལ་བསྟོད། །གསེར་གྱི་མདོག་ཅན་བདེ་བའི་གར་གྱིས་རོལ། །བདེན་གཉིས་ཟུང་འཇུག་ཞལ་གཅིག་ཕྱག་གཉིས་མ། །རིན་ཆེན་གླེགས་བམ་པདྨའི་ཕྲེང་བ་བསྣམས། །ཆོས་ཀུན་གདོད་ནས་སྤང་བླང་བྲལ་བའི་དོན། །ཟག་མེད་རང་བྱུང་རྒྱལ་མོར་ཕྱག་
༡༦༢ འཚལ་བསྟོད། །པད་རཱག་མདོག་ཅན་བདེ་བའི་གར་གྱིས་རོལ། །བདེན་གཉིས་ཟུང་འཇུག་ཞལ་གཅིག་ཕྱག་གཉིས་མ། །གྲི་གུག་ཐོད་འཆང་རབ་འཇིགས་ཁྲོ་མོའ་སྐུ། །རྡོ་རྗེ་ཕག་མོའ་སྐུ་ལ་ཕྱག་འཚལ་བསྟོད། །ཟླ་བའི་མདོག་ཅན་རིན་ཆེན་རྒྱན་གྱིས་སྤྲས། །རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་གཡོ་བ་མེད། །མཁའ་ལྟར་དྲི་མེད་སྤྲོད་ཡུལ་ཡོངས་སུ་དག །རྗེ་བཙུན་ཀུན་ཏུ་བཟང་ལ་ཕྱག་འཚལ་བསྟོད། །གུར་གུམ་མདོག་ཅན་རིན་ཆེན་རྒྱན་གྱིས་སྤྲས། །མི་འཇིགས་སེངྒེའི་སྟན་ལ་ཕྱེད་སྐྱིལ་བཞུགས། །རལ་གྲི་ཨུཏྤལ་ཤེས་རབ་པུ་སྟི་བསྣམས། །མ་རིག་མུན་སེལ་འཇམ་དཔལ་དབྱངས་ལ་བསྟོད། །ཞལ་གཅིག་ཕྱག་བཞི་པདྨ་རཱ་གའི་མདོག །གནས་ལུགས་ཐུགས་ཆུད་དང་པོ་ཐལ་མོ་སྦྱར། །འོག་མ་གཉིས་ཀྱིས་ཕྲེང་བ་པད་དཀར་བསྣམས། །ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས་ལ་བསྟོད། །བྱི་རུའི་མདོག་ཅན་པདྨ་ཞགས་པ་གཡས། །ཕྲེང་བ་རིན་ཆེན་གཡོན་པའི་ཕྱག་ན་བསྣམས། །འགྲོ་ཀུན་ལས་ཀྱི་སྒྲིབ་ཀུན་འཇོམས་མཛད་པ། །བྱང་སེམས་སྒྲིབ་པ་རྣམ་པར་སེལ་ལ་བསྟོད། །ཆོས་དབྱིངས་མི་འགྱུར་ནམ་མཁའི་མདངས་འཕྲོག་ཅིང་། །ཕྱག་གཡས་རྡོ་རྗེ་གཡོན་པས་སྡིགས་མཛུབ་སྒྲེངས། །བརྐྱང་བསྐུམ་སྟབས་ཀྱིས་བདུད་ཚོགས་འཐག་མཛད་པ། །གསང་བདག་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །གདོད་ནས་རྣམ་དག་འགྱུར་མེད་སྐུ་མདོག་ནག །རྡོ་རྗེའི་རལ་གྲི་སྡིགས་མཛུབ་ཨུཏྤལ་མཚན། །མངོན་སྤྱོད་ལས་ཀྱིས་ལོགས་འདྲེན་མཐར་མཛད་པ། །རབ་འཇིགས་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད། །སྐྱོན་གྱིས་མ་གོས་གངས་རི་ལྟར་དཀར་སྐུ། །རིན་ཆེན་རྒྱན་སྤྲས་མཆོག་སྦྱིན་ཕྲེང་བའི་ཕྱག །ཕྱེད་ཀྲུང་གིས་རོལ་འགྲོ་རྣམས་སངས་རྒྱས་སར། །ལུང་སྟོན་ཁ་ས་ཎིའི་སྐུ་ལ་བསྟོད། །ཆོས་དབྱིངས་རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ཞབས་
༡༦༣ ཟུང་བརྗིད་པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེ་ཞགས་པ་བསྣམས། །ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །དེ་ནས་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ་བས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། རྡོ་རྗེ་གསུམ་གྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ནས་རང་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཐིམ་པར་མོས་ལ། གཙོ་འཁོར་བཅུ་གསུམ་གྱི་སྔགས་རྣམས་ཅི་ནུས་བཟླས་མཐར་ཡིག་བརྒྱ་ལན་གསུམ་གྱིས་བརྟན་པར་བྱའོ། །དེ་ནས་གཏོར་མ་འབུལ་བ་ནི། བསང་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལའི་སྣོད་དུ་ༀ་ལས་ཤ་ལྔ་དང་བཟའ་བཅའ་བཏུང་བའི་བྱེ་བྲག་རྣམས་ཞུ་ཞིང་འདྲེས་པའི་གཏོར་རྫས་ཀྱིས་གང་བ་ལ་ཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བསྟིམ་པས་གཏོར་མ་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་མང་དུ་བརྗོད། རང་གི་མདུན་གྱི་ནམ་མཁར་བླ་མ་དང་བདག་མེད་མ་ལ་བདེ་གཤེགས་བཅུ་གཉིས་ཀྱིས་བསྐོར་བའི་དཀྱིལ་འཁོར་གྱི་འཁོར་ལོ་མཁའ་འགྲོའི་ཚོགས་དང་བཅས་པ་སད་པར་གྱུར། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་མོས་ལ། ༀ་གུ་རུ་དེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་བདུན་ནམ་གསུམ་གྱིས་དབུལ་ཨརྒྷཾ་སོགས་དང་། འབྲུ་གསུམ་གྱིས་ནང་མཆོད། གང་གི་དྲིན་གྱིས་བདེ་ཆེན་སོགས་ཀྱིས་བླ་མ་དང་། ཚེ་རབས་ཀུན་གྱི་སྐྱབས་གྱུར་ཅིང་། །མི་འདོད་ཐམས་ཅད་སྤངས་ནས་ནི། །འདོད་པའི་དོན་རྣམས་སྟེར་མཛད་པ། །ཡི་དམ་ལྷ་ལ་ཕྱག་འཚལ་བསྟོད། །སོགས་ཀྱིས་དཀྱིལ་འཁོར་པ་ལ་བསྟོད་ནས། བླ་མ་ཡི་དམ་མཁའ་འགྲོར་བཅས། །ཁྱེད་ལ་མཆོད་ཅིང་བསྟོད་པ་ཡིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་ཕྲིན་ལས་གཞོལ།
༡༦༤ མགོན་པོ་ཨ་གྷོར་སོགས་སྲུང་མ་རྣམས་ཀྱི་གཏོར་ཆོག་དང་། འཇིག་རྟེན་པ་ལ་ཆ་གསུམ་གྱི་ཆོ་གས་གཏོར་མ་བྱིན་ནོ། །བཞི་པ་དབང་བསྐུར་བ་ལ་གཉིས་ལས། རང་དོན་བདག་འཇུག་ནི། འོག་ནས་འབྱུང་བའི་དབང་རྣམས་ཆོ་ག་རྒྱས་བསྡུས་ཅི་རིགས་པས་བདག་འཇུག་གི་ཚུལ་དུ་བླང་བའོ། །གཞན་དོན་སློབ་མ་ལ་དབང་བསྐུར་བ་ལ། སྔོན་འགྲོ་འཇུག་པ་ནི། སློབ་བུ་རྣམས་ལས་བུམ་གྱིས་ཁྲུས་བྱས། ཕྱག་བྱས་ཏེ་གྲལ་དུ་འཁོད་པ་ལ། སེམས་བསྐྱེད་གསལ་འདེབས་དང་ཆོས་བཤད་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། འདིར་རྗེ་བཙུན་དམ་པ་སངས་རྒྱས་ལ་བཀའ་བབས་རྣམ་བཞིའི་གདམས་པ་མངའ་བ་ལས། འདི་ནི་མཆོག་གི་བཀའ་བབས་བདེ་གཤེགས་བཅུ་གཉིས་ཀྱི་དབང་བསྐུར་བའི་སྐབས་ལགས། དེའང་སྔོན་བདག་མེད་མས་དམ་པ་ཉིད་རང་གི་ལུས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་ལྟར་འདིར་སྐལ་ལྡན་གྱི་སློབ་མ་ལས་དང་པོ་པ་ལ་དབང་བསྐུར་བའི་སྔོན་དུ་དེ་མཚོན་བྱེད་མཚན་མའི་དཀྱིལ་འཁོར་དུ་འཇུག་དགོས་པ་ཡིན་པས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བ་ལ་ཡོན་དུ་མཎྜལ་ཕུལ། ཆོས་སུ་གཞུག་པ་ནི་ཨ་ཁཾ་ཝཱི་ར་ཧཱུྃ་ལན་གཉིས་ཀྱིས་མིག་དར་དགབ་ཅིང་མེ་ཏོག་བྱིན། དེ་ནས་རྗེ་བཙུན་དམ་པ་དང་གཉིས་སུ་མེད་པའི་བླ་མ་བདེ་གཤེགས་བཅུ་གཉིས་ཀྱི་ངོ་བོར་བཞུགས་པ་ལ་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས། ན་མོ་དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཧེ་རུ་ཀ་དཔལ་དགོངས་སུ་གསོལ། །བྱང་ཆུབ་སེམས་ལས་རྨད་བྱུང་བའི། །སྡོམ་པ་རྒྱ་མཚོ་བདག་ལ་སྩོལ། །ལན་གསུམ། གནང་བ་བྱིན་པ་ནི། བུ་ཁྱོད་ཚུར་ཤོག་ཐེག་ཆེན་སྔགས། །ཁྱོད་ནི་ཚུལ་ཆེན་སྣོད་དང་ལྡན། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །བདག་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན་ཅི་མཛད་ན་བླ་མ་དཀོན་མཆོག་མཁྱེན་སྙམ་པས་འདིའི། སངས་རྒྱས་ཆོས་དང་དགེ་
༡༦༥ འདུན་ལ། །ཐར་པ་བའདོད་ཕྱིར་སྐྱབས་སུ་མཆི། །ལན་གསུམ། སྔོན་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་ཐུགས་བསྐྱེད་པ་ལྟར་བདག་གིས་ཀྱང་གཞན་དོན་དུ་འབྲས་བུ་ལ་སྨོན་པ་དང་། དེའི་རྒྱུ་ལམ་ལ་འཇུག་པ་དང་། དོན་དམ་པར་ཆོས་ཐམས་ཅད་ལ་དགག་སྒྲུབ་མེད་པར་བཞག་པས་གང་ཤར་རང་གྲོལ་དུ་ཐལ་གསལལེར་སྣང་བ་དེ། དེ་ལྟར་སེམས་གསུམ་བསྐྱེད་སྙམ་པ་འདིའི། སེམས་ཅན་དོན་ཀུན་བསྒྲུབ་པའི་ཕྱིར། །བྱང་ཆུབ་སེམས་གསུམ་བསྐྱེད་པར་བགྱི། །ལན་གསུམ། དེ་ནས་སྔགས་ཀྱི་དམ་ཚིག་བཟུང་བ་ལ། སྤྱིར་རང་དོན་དུ་མི་དགེ་བ་ཐམས་ཅད་སྤང་སྙམ་པས་འདིའི། སེམས་ཅན་དོན་ཕྱིར་མ་གཏོགས་པ། །བྱ་བ་རང་དོན་ཐམས་ཅད་སྤང་། །ལན་གསུམ། ཁྱད་པར་བུམ་དབང་གཙོ་བོར་གྱུར་པའི་བའིདབང་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བཟུང་སྙམ་པས་འདིའི། གསང་བ་སྔགས་ཀྱི་དམ་ཚིག་ནི། །བདེ་གཤེགས་རིགས་ལྔའི་སྡོམ་པ་བཟུང་། །བཅུ་བཞིར་ཕྱེ་བའི་ལྟུང་བ་དང་། །ཡན་ལག་གཉིས་པ་སྤང་བར་བགྱི། །ལན་གསུམ། དེ་ནས་ལས་ཀྱི་རྡོ་རྗེས་ཁྲིད་དེ་སྒོ་བཞི་ནས་ཚད་མེད་པ་བཞིས་དཀྱིལ་འཁོར་དུ་ཞུགས་པའི་མོས་པ་མཛོད། ༀ་ཁཾ་ཝཱི་ར་ཧཱུྃ་ཞེས་ཡོལ་བའི་ནང་དུ་བཅུག །ཁྱམས་ལ་གནས་པས་ཕྱོགས་བཞི་ནས་ཕྱག་བྱས་པའི་མོས་པས་འདིའི། ན་མོ་སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་དམ་ལ་བཞག་པ་ནི། །ན་མོ་ཆོས་འདི་ཟབ་སྟེ་མཐོང་བར་དཀའ། །ཀུན་དང་ཐུན་མོང་མ་ཡིན་པས། །ཚུལ་བརྗོད་པས་ནི་ཉམས་པ་སྐྱེད། །ཉམས་ན་བདུད་ཀྱིས་བཟུང་བར་འགྱུར། །ཞེས་གདམས་ནས་བྲོ་བོར་བ་འདིའི། ས་མ་ཡ་ན་ར་ཀན། ལན་གསུམ། དེ་ནས་ནང་འཇུག་གི་དངོས་གཞི་ནི་ཡེ་ཤེས་དབབ་པའི་སླད་དུ་མཎྜལ་ཕུལ། གསོལ་བ་གདབ་
༡༦༦ པ་འདིའི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་ཤིག །བདེ་བར་གཤེགས་པ་བཅུ་གཉིས་བདག་ལ་དབབ་ཏུ་གསོལ། ལན་གསུམ། དེ་ནས་ལུས་བསྲང་། རླུང་ཁ་སྦྱོར་དུ་བཅིངས་ལ། ཁྱེད་རང་བཅོམ་ལྡན་འདས་ཕག་མོ་དམར་མོ་ཞལ་གཉིས་མ་གྲི་ཐོད་འཛིན་ཅིང་ཞབས་གར་སྟབས་ལིང་ལིང་བསྒྱུར་བར་སྒོམས་མཛོད། བླ་མ་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་བདེ་གཤེགས་བཅུ་གཉིས་ཀྱི་རྣམ་པར་ཁ་ཆར་དང་བུ་ཡུག་འཚུབས་པ་ལྟར་བྱུང་། ཁྱེད་རང་ལ་སིབ་སབསིབ་ཐིམ་པས་ལུས་སེམས་ཐམས་ཅད་བདེ་བས་ཁྱབ་ཅིང་འབར་བར་གྱུར་སྙམ་དུ་མོས་པ་མཛོད། ཁྱད་པར་གྱི་སྤོས་བསྲེག་ཅིང་རོལ་མོའ་སྒྲ་དང་བཅས། ༀ་ཏིཥྛ་མ་ཧཱ་ཀྲོ་དྷཱ་ཨཱ་བེ་ཤ་ཡ་ཧཱུྃ། ཞེས་བཟླས་པས་དབབ། དེ་བརྟན་ཕྱིར་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ་ཏིཥྛ་བཛྲ། རིགས་བརྟག་ཕྱིར་འདིའི་རྗེས་ཟློས་དང་བཅས་མེ་ཏོག་དོར་གཏོརབར་མཛོད། ཐར་པའི་བའིགྲོང་མཆོག་གཞལ་ཡས་འདིར། །རིག་པའི་མེ་ཏོག་འདི་དོར་གཏོརབས། །སྔོན་ནས་ལས་ཀྱིས་འབྲེལ་བའི་ལྷ། །གང་ཡིན་དེ་དང་འཕྲད་པར་ཤོག །ༀ་པྲ་ཏཱིཙྪ་བཛྲ་ཧོ། །གང་གིས་བཞེས་པའི་ལྷས། མེ་ཏོག་དེ་རང་གི་སྤྱི་བོར་བཅིངས་པའི་མོས་པས། ༀ་པྲ་ཏཱི་གྲྀ།།།་ཨི་མཾ་ས་ཏྭ་མ་ཧཱ་བ་ལ། ཞེས་སྤྱི་བོར་བཀོད། མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་དུ་བསལ་བར་མོས་ལ། སྔོན་གྱི་མིག་མཁན་མཁས་པ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །ཤེས་རབ་ཐབས་དང་ཐུར་མ་ཡིས། །ཁྱོད་ཀྱི་མི་ཤེས་སྒྲིབ་པ་བསལ། །ཞེས་མིག་དར་བཤུ། ཡེ་ཤེས་ཀྱི་མིག་ཐོབ་པ་ལ་མཐོང་བ་བསྟན་ཏེ། ཧེ་བཛྲ་པཱ་ཤྱ། འདི་ལྟར་བཅོམ་ལྡན་འདས་བདག་མེད་མ་ལ་བདེ་གཤེགས་བཅུ་གཉིས་ཀྱིས་བསྐོར་བའི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་གྱུར་སྙམ་པ་དང་། དེའང་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་འགགས་པའི་རོལ་རྩལ་ལྷའི་དཀྱིལ་འཁོར་དུ་
༡༦༧ ཤར་བའོ་སྙམ་དུ་ངེས་པར་གྱིས་ཤིག །དེས་འཇུག་པའི་ཆོས་རྣམས་སོང་། །དབང་དངོས་གཞི་ལ་ལྔ་ལས། དང་པོ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བླ་མ་ལ་བུམ་དབང་གི་དོན་དུ་མཎྜལ་ཕུལ་མཛོད། དེ་ནས་གསོལ་བ་གདབ་པ་འདིའི་བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་སྦྱིན་ལྟར། །བདག་ཀྱང་སྐྱོབ་པའི་དོན་སླད་དུ། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ལན་གསུམ། དེའི་ལན་དུ་བླ་མས། ཀྱེ་ཧོ་རྣལ་འབྱོར་དབང་ཕྱུག་ཚོགས། །འཇིག་རྟེན་འཁྲུལ་པའི་བའིལུས་སྤངས་ནས། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡི། །དཀྱིལ་འཁོར་ཆེན་པོར་ཁྱོད་རོལ་ལམ། །ཞེས་སྤྲོ་བ་དྲིས་པ་ལ། དེ་ལྟར་རོལ་པར་བརསྤྲོ་ལགས། ཞེས་ལན་བཏབ། དེ་ནས་ཐོག་མར་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་འགྱུར་བ་ལྟར་ཆོ་གའི་ཐབས་ཀྱིས་ལུས་ལྷའི་སྐུར་སྨིན་པར་བྱེད་པ་བུམ་དབང་ཡིན་པས། ལྷ་སོ་སོའ་དབང་བསྐུར་བའི་ཚེ་དཀྱིལ་འཁོར་གྱི་ལྷ་རྣམས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་གི་སྤྱི་བོ་ནས་སིབ་སབསིབ་ཐིམ་པས། ཐ་མལ་གྱི་ལུས་འདི་མ་སྤངས་པར་ལྷ་དེ་དང་དེའི་སྐུར་ལམ་ལམ་དུ་གྱུར་པའི་བའིམོས་པ་མཛོད། ལྷ་ཙཀ་རྣམས་ཀྱིས་དབང་རིམ་པར་བསྐུར་ལ། སྐྱེ་མེད་དབྱིངས་ལས་འགགས་མེད་སྐུ། །སྒྱུ་མ་ལྟ་བུར་ཡོངས་ཤར་བ། །བདག་མེད་ལྷ་མོའ་དབང་བསྐུར་བས། །རང་ལུས་ལྷ་སྐུར་སྨིན་པར་ཤོག །ༀ་ཨཱཿཨཾ་སྭཱ་ཧཱ་ཨ་བྷི་ཥིཉྩ་མི། རྐང་པ་དང་པོ་གཉིས་འདྲ་བ་ལས། རྗེ་བཙུན་སྒྲོལ་མའི་དབང་བསྐུར་བས། །ཕྲིན་ལས་ཐོགས་མེད་གྲུབ་པར་ཤོག །ༀ་ཏུ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཨ་བྷི་ཥིཉྩ་མི། འོད་ཟེར་ཅན་མས་དབང་བསྐུར་བས། །འགྲོ་ཀུན་དབང་དུ་འདུས་པར་ཤོག །ༀ་མཱ་རི་ཙྱཻ་མཾ་སྭཱ་ཧཱ་ཨ་བྷི་ཥིཉྩ་མི། རང་བྱུང་རྒྱལ་མོའ་དབང་བསྐུར་བས། །འདོད་ཡོན་ལམ་དུ་ལོངས་པར་ཤོག །ༀ་པྲཾ་ཧ་རི་ནི་ས་ཧཱུྃ་ཨ་བྷི་ཥིཉྩ་མི། རྡོ་རྗེ་ཕག་མོའ་དབང་བསྐུར་བས། །ཟག་མེད་བདེ་བ་
༡༦༨ རྒྱས་པར་ཤོག །ༀ་བཛྲ་ཝཱ་ར་ཧཱི་བཻ་རོ་ཙ་ནཱི་ཧཱུྃ་ཕཊ་ཨ་བྷི། ཀུན་ཏུ་བཟང་པོའ་དབང་བསྐུར་བས། །གཉུག་མའི་སེམས་ཉིད་རྟོགས་པར་ཤོག །ས་རཱ་ཛ་ཡ་ཧཱུྃ་ཕཊ་ཨ་བྷི། འཇམ་དཔལ་དབྱངས་ཀྱི་དབང་བསྐུར་བས། །ཤེས་རབ་ཐོགས་པ་མེད་པར་ཤོག །ༀ་པྲ་ཛྙཱ་ཝཱ་གཱི་ཤྭ་རི་མུཾ་ཨ། །སྤྱན་རས་གཟིགས་ཀྱི་དབང་བསྐུར་བས། །ཚད་མེད་ཐུགས་རྗེ་སྐྱེ་བར་ཤོག །ༀ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ་ཨ་བྷི། སྒྲིབ་པ་རྣམ་སེལ་དབང་བསྐུར་བས། །རང་རྒྱུད་སྒྲིབ་པ་དག་པར་ཤོག །ༀ་བཛྲ་ས་ཏྭ་།།།ས་རཾ་ཧཱུྃ་ཕཊ་ཨ་བྷི །ཕྱག་ན་རྡོ་རྗེའི་དབང་བསྐུར་བས། །གདུག་པ་འདུལ་བའི་མཐུ་ཐོབ་ཤོག །ༀ་བཛྲ་ཙཎྜ་མཱ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ་ཨ་བྷི །གཤིན་རྗེ་གཤེད་ཀྱི་དབང་བསྐུར་བས། ཁམས་གསུམ་སྒྲོལ་བའི་མཐུ་ཐོབ་ཤོག །ༀ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་ཨ་བྷི། ཁ་ས་ཎིའི་དབང་བསྐུར་བས། །སངས་རྒྱས་ཞིང་དུ་ལུང་སྟོན་ཤོག །ༀ་ཧྲཱིཿམ་ཎྀ་ཁ་ས་ཎི་ཧཱུྃ་ཕཊ་ཨ་བྷི། མི་གཡོ་མགོན་པོའ་དབང་བསྐུར་བས། །རིག་པ་ཡེ་ཤེས་སྒོ་ཕྱེད་ཕྱེསཤོག །ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་མི། ཞེས་དབང་བསྐུར་བས་རང་ལུས་ཀྱིས་མཚོན་པའི་ཆོས་ཐམས་ཅད་སྣང་སྟོང་ལྷའི་སྐུར་སྨིན་པ་དེ་ཉིད་བརྟན་བྱད་བུམ་པའི་དབང་བསྐུར་བ་དངོས་ནི། དཀྱིལ་འཁོར་གྱི་གཙོ་བོའ་ཐུགས་ཀ་ནས་སྤྲུལ་པའི་བའིདབང་ལྷ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མས་དབང་བསྐུར་བའི་མོས་པ་མཛོད། ༀ་རྣམ་པར་དག་པའི་བུམ་པ་འདིས། །བདེ་གཤེགས་སྐུ་ཡི་དབང་བསྐུར་བས། །ལུས་ཀྱི་སིབ་།།།ས། །བུམ་པའི་དབང་མཆོག་ཐོབ་པར་ཤོག །ༀ་ཨཱཿཧཱུྃ་སྭཱ་ཧཱ་ཨ་བྷི་ཥིཉྩ་མི། སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། །ཞེས་བུམ་པའི་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན་
༡༦༩ པར་གྱུར། དེས་གཙོ་བོར་ལུས་ཀྱི་དྲི་མ་དག་ཅིང་། སངས་རྒྱས་ཀྱི་སྐུ་རྡོ་རྗེ་སྣང་སྟོང་གཉིས་སུ་མེད་པ་ཐོབ་པར་བྱེད། དེ་ཐོབ་པའི་ཐབས་ལྷའི་ཏིང་ངེ་འཛིན་སྒོམ་པའི་སྐལ་པ་བཅན་དུ་བྱས་པ་ཡིན་ནོ། །གཉིས་པ་དཀྱིལ་འཁོར་གྱི་ལྷོར་གསང་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི། ཀུན་མཁྱེན་མགོན་པོ་ཐུགས་རྗེ་ཅན། །ཡོན་ཏན་རྒྱ་མཚོའ་བཀའ་དྲིན་གྱིས། །དེང་ནུབ་བཀའ་དྲིན་ཆེན་པོ་གསོལ། །ལན་གསུམ། དེའི་ལན་དུ་བླ་མས་ཀྱེ་ཧོ་ཁྱོད་ནི་ཇི་ལྟ་བུ། །སེམས་ཅན་འཁྲུལ་པའི་བའིངག་སྤངས་ནས། །རྩ་རླུང་བདེ་ཆེན་བྱང་སེམས་ཀྱི། །དཀྱིལ་འཁོར་ཆེན་པོར་ཁྱོད་རོལ་ལམ། །ཞེས་པའི་ལན་དུ། དེ་ལྟར་རོལ་བར་སྤྲོ་ལགས། །ཞེས་བཏབ། ཇི་ལྟར་དུག་འགྱུར་གྱི་སྨན་གྱི་དུག་སྨན་དུ་འགྱུར་བ་ལྟར་ཆོ་གའི་ཐབས་ཀྱིས་ངག་སྔགས་སུ་སྨིན་པར་བྱེད་པ་གསང་དབང་ཡིན་པས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མགྲིན་པ་ནས་སྔགས་ཀྱི་ཡིག་འབྲུ་རྣམས་ཐོན་པ་ཁྱེད་རང་གི་མགྲིན་པའི་གནས་སུ་ཐིམ་པས། ཐ་མལ་གྱི་ངག་འདི་མ་སྤངས་པར་ལྷ་དེ་དང་དེའི་གསང་སྔགས་ཀྱི་སྒྲ་གདངས་སུ་ལྷང་ལྷང་དུ་གྱུར་པའི་བའིམོས་པ་མཛོད། སྔགས་བྱང་མགྲིན་པར་བཞག་ནས་སློབ་དཔོན་གྱིས་སོ་སོའ་སྔགས་མཐར་ཨ་བྷི་ཥིཉྩ་མཾ་ཞེས་བཏགས་ནས་བརྗོད། ཞེས་དབང་བསྐུར་བས་རང་གི་ངག་གིས་མཚོན་པའི་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་ཀྱི་རང་སྒྲར་སྨིན་པ་དེ་ཉིད་བརྟན་བྱེད་བདུད་རྩིའི་ཐིག་ལེས་གསང་དབང་བསྐུར་བ་དངོས་ནི། ༀ་ཞེས་སངས་རྒྱས་ནམ་མཁའ་གང་བར་སྤྱན་དྲངས་པ་སློབ་དཔོན་བདག་མེད་མར་གསལ་བའི་ཞལ་དུ་བཅུག །ཨཱཿཞེས་སྐུའི་དབྱིབས་བརྒྱུད་དེ་བྱང་ཆུབ་ཀྱི་སེམས་སུ་ཞུ་ཞིབ། ཧཱུྃ་ཞེས་མཁའ་གསང་ནས་སྤྲོས་པ་ཐོད་པའི་བདུད་རྩི་དང་འདྲེས་པར་མོས་ལ། རླུང་འཇུག་གནས་ལྡང་གསུམ་དང་སྦྱར་བའི་ༀ་ཨཱཿཧཱུྃ་གི་བཟླས་པ་ལན་གསུམ་
༡༧༠ གྱིས་བདུད་རྩི་བྱིན་གྱིས་བརླབས་ནས། ཨཱཿདྲི་མེད་བདུད་རྩིའི་ཐིག་ལེ་འདིས། །བདེ་གཤེགས་གསུང་གི་དབང་བསྐུར་བས། །ངག་གི་སྒྲིབ་པ་དག་གྱུར་ནས། །གསང་བའི་དབང་མཆོག་ཐོབ་པར་ཤོག །བདུད་རྩི་སྲིན་ལག་གིས་བླངས་ནས། །ཨ་བྷི་ཥིཉྩ་ༀ་ཞེས་དཔྲལ་བར་ཐིག་ལེ་བཞག་པས། བདེ་ཆེན་འཁོར་ལོའ་གནས་སུ་ༀ་ཡིག་དཀར་པོ། ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་བཞག་པས། ལོངས་སྤྱོད་འཁོར་ལོའ་གནས་སུ་ཨཱཿཡིག་དམར་པོ། ཨ་བྷི་ཥིཉྩ་ཧཱུྃ་ཞེས་སྙིང་གར་བཞག་པས། ཆོས་ཀྱི་འཁོར་ལོའ་གནས་སུ་ཧཱུྃ་ཡིག་སྔོན་པོ། ཨ་བྷི་ཥིཉྩ་ཧྲཱིཿ ཞེས་ལྟེ་བར་བཞག་པས་སྤྲུལ་པའི་བའིའཁོར་ལོའ་དབུས་སུ་ཧྲཱིཿསེར་པོ་རྣམས་ལམ་གྱིས་གྲུབ་པར་གྱུར། དེ་ནི་གཏུམ་མོ་འབར་བས་རྩ་མདུད་གྲོལ་ནས་རོ་རྐྱང་གི་རླུང་དབུ་མར་འགགས་པ་འཁོར་ལོ་བཞིའི་གནས་སུ་འཆིང་ནུས་པའི་རྟེན་འབྲེལ་བསྒྲིག་པ་སྟེ། སེམས་གསལ་སྟོང་བརྗོད་བྲལ་ཕྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་མོ། །དེས་གཙོ་བོ་རང་གི་དྲི་མ་དག་ཅིང་། སངས་རྒྱས་ཀྱི་གསུང་རྡོ་རྗེ་གསལ་སྟོང་གཉིས་སུ་མེད་པ་ཐོབ་པར་བྱེད། དེ་ཐོབ་པའི་ཐབས་རྫོགས་རིམ་རླུང་སྒོམ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་དལ་གྱི་ནུབ་ཏུ་ཤེར་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །ཉོན་མོངས་དགྲ་ལས་རྒྱལ་བའི་བདག །དོ་ནུབ་བཀའ་དྲིན་ཆེན་པོ་འདི། །བདེ་བ་དེ་ཉིད་བརྟན་དུ་གསོལ། །ལན་གསུམ། དེའི་ལན་དུ་བླ་མས། ཀྱེ་ཧོ་སྐལ་ལྡན་ཐུགས་རྗེ་ཅན། །འཁྲུལ་པའི་བའིཟག་རྒྱུ་གཏན་སྤངས་ནས། །ཟག་མེད་བདེ་ཆེན་བྱང་སེམས་ཀྱི། །དཀྱིལ་འཁོར་ཆེན་པོ་ཅང་རོལ་ལམ། །ཞེས་པའི་ལན་དུ། དེ་ལྟར་རོལ་བར་སྤྲོ་ལགས། ཞེས་བཏབ། ཇི་ལྟར་ནོར་བུ་ཆུ་དྭངས་དེ་ཆུ་རྙོགས་མ་ཅན་གྱི་ནང་དུ་བཅུག་པས། རྙོགས་མ་རང་དྭངས་ལ་འགྲོ་བ་ལྟར་ཆོ་གའི་ཐབས་ཀྱིས་ཡིད་བདེ་སྟོང་གི་ཡེ་ཤེས་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་པས། དཀྱིལ་འཁོར་གྱི་ལྷ་
༡༧༡ རྣམས་ཀྱི་ཐུགས་ཡེ་ཤེས་མཚོན་བྱེད་ཕྱག་མཚན་རྣམས་ཁྱེད་རང་ལ་གཏད་པས་ཐ་མལ་གྱི་ཡིད་མ་སྤངས་པར་ཐུགས་རྣམ་པར་གྲོལ་བའི་ཡེ་ཤེས་སུ་ལྷག་ལྷག་འཆར་བའི་མོས་པ་མཛོད། ཕྱག་མཚན་རྣམས་སོ་སོའ་སྔགས་ལ་ཨ་བྷི་ཥིཉྩ་མཾ་ཞེས་བཏགས་པས་ལག་ཏུ་གཏད་དོ། །དེ་ལྟར་དབང་བསྐུར་བས་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་བདེ་བ་ཆེན་པོར་སྨིན་པར་བྱས། དེ་ཉིད་བརྟན་བྱེད་བདུད་རྩི་བླུད་པས་ཤེར་དབང་བསྐུར་བ་དངོས་ནི། སློབ་དཔོན་སྐད་ཅིག་གིས་ཧེ་རུ་ཀར་གནས་བསྒྱུར་ནས་བདག་མེད་མ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པའི་དྭངས་མ་བདུད་རྩི་དང་གཉིས་མེད་དུ་གྱུར་པར་བརམོས་ལ། ཧཱུྃ་བྱང་ཆུབ་སེམས་ཀྱི་བདུད་རྩི་འདིས། །བདེ་གཤེགས་ཐུགས་ཀྱི་དབང་བསྐུར་བས། །ཡིད་ཀྱི་སྒྲིབ་པ་དག་གྱུར་ནས། །གསུམ་པའི་དབང་མཆོག་ཐོབ་པར་ཤོག །འདི་རྩ་ཁམས་ཀྱི་བདེ་གཤེགས་དཔའ་བོ་དང་རྣལ་འབྱོར་མ་རྣམས་མཆོད་པའི་རྫས་ཡིན་པས་འཐུང་ཞིག་ༀ་ཨཱཿཧཱུྃ་ཞེས་བདུད་རྩི་ཧུབ་གསུམ་བླུད་པས། རྩ་རླུང་ཐིག་ལེ་གསུམ་བྱིན་གྱིས་རླབས་པའི་རྐྱེན་གྱིས་ལྟེ་བའི་གཏུམ་མོ་འབར་བས་སྤྱི་བོའ་ཧཾ་ཞུ་ཞུགསབའི་དགའ་བཞིའི་ཡེ་ཤེས་བདེ་བ་ཆེན་པོས་རྒྱུད་ཡོངས་སུ་གང་བའི་མོས་པ་མཛོད། དེས་གཙོ་བོར་ཡིད་ཀྱི་དྲི་མ་དག་ཅིང་། སངས་རྒྱས་ཀྱི་ཐུགས་རྡོ་རྗེ་བདེ་སྟོང་གཉིས་སུ་མེད་པ་ཐོབ་པར་བྱེད། དེ་ཐོབ་པའི་ཐབས་རྫོགས་རིམ་ཕོ་ཉའི་ལམ་ཞུ་ཞིབདེ་སྒོམ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་དཀྱིལ་འཁོར་གྱི་བྱང་དུ་ཚིག་དབང་རིན་པོ་ཆེ་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་གཙོ། །རྣམ་པ་ཀུན་ཏུ་མཆོག་གྱུར་པབ། །རང་གི་དེ་ཉིད་བསྟན་དུ་གསོལ། །ལན་གསུམ། དེའི་ལན་གུ་རུས། ཀྱེ་ཧོ་རིག་པའི་སྐྱེས་བུ་རྣམས། །མཚན་མའི་རྟོག་པ་རབ་སྤངས་ནས། །སྤྲོས་མེད་བདེ་ཆེན་བྱང་སེམས་ཀྱི། །དཀྱིལ་འཁོར་ཆེན་པོ་ཁྱོད་རོལ་ལམ། །ཞེས་
༡༧༢ དྲིས་པའི་ལན་དུ། དེ་ལྟར་རོལ་བར་སྤྲོ་ལགས། ཞེས་བཏབ། ཇི་ལྟར་བར་སྣང་གི་སྤྲིན་ནམ་མཁའི་ཀློང་དུ་དྭངས་པ་ལྟར་ཐབས་ཟབ་མོའ་གནད་ཀྱིས་ཕྲ་བའི་ལུས་ངག་ཡིད་གསུམ་གྱི་ཆགས་རྟོག་ཐམས་ཅད་དབྱིངས་སུ་གྲོལ་བས་རྒྱུད་ཡོངས་སུ་དག་པ་རྡོ་རྗེ་བཞི་ཡི་བདག་ཉིད་སྐུ་དང་ཡེ་ཤེས་ཟུང་འཇུག་བསམ་མི་ཁྱབ་ཀྱི་ལྷན་སྐྱེས་དེ་ཁོ་ན་ཉིད་སྤྲོས་བྲལ་བདེ་སྟོང་དུ་རང་ཤར་བ་ནི་དབང་བཞི་པའི་ཡེ་ཤེས་ཏེ། དེ་ལྟར་ཉམས་སུ་མྱོང་བར་མོས་ལ་ཅུང་ཟད་མཉམ་པར་གཞོག་ཞོགམཛོད། མཆོག་གི་བརྡ་དང་བདེ་གཤེགས་ཀྱི་སྒྲུབ་ཐབས་གླེགས་བམ་སྤྱི་བོར་འཇོག་ཅིང་། ཧྲཱིཿལུས་འདི་དག་པ་རྒྱལ་བའི་སྐུ། །ངག་ནི་གྲགས་སྟོང་སྔགས་ཀྱི་སྒྲ། །ཡིད་ནི་བདེ་སྟོང་སྤྲོས་དང་བྲལ། །བཞི་པའི་དབང་མཆོག་ཐོབ་པར་ཤོག །ༀ་མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་མཾ། དེས་གཉེན་པོའ་དྲི་མ་དག་ཅིང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མེད་པའི་བདེ་ཆེན་ཐོབ་པར་བྱེད། དེ་ཐོབ་པའི་ཐབས་ཀྱིས་བསམ་མི་ཁྱབ་པའི་རིམ་པས་ཕྱག་རྒྱ་ཆེན་པོ་སྒོམ་པའི་སྐལ་པ་བཅན་དུ་བྱས་པ་ཡིན་ནོ། །ལྔ་པ་བཟླས་ལུང་བྱིན་པ་ནི། དཔོན་སློབ་གཉིས་ཀས་བཟླས་ལུང་གང་བྱེད་ཀྱི་ལྷ་གང་ཡིན་དེའི་སྐུའི་རྣམ་པ་གསལ་བཏབ་པའི་ཐུགས་ཀར་གཙོ་མོ་དང་ཁྲོ་བོ་བཞི་ལ་ཉི་མ་དང་གཞན་བརྒྱད་པོར་ཟླ་བའི་སྟེང་དུ་རང་རང་གི་ས་བོན་གྱིས་མཚན་པར་གྱུར། སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་མཐར་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་བྱུང་བ་ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། སྙིང་གའི་ས་བོན་གྱི་མཐར་པར་བཏབ་པ་ལྟར་འཁོར་བར་མོས་ལ་འདིའི་རྗེས། བདག་མེད་མ་དང་བདེ་གཤེགས་བཅུ་གཉིས་ཀྱི་སྔགས་རྣམས་གསུམ་རེ་བརྗོད། དེ་ནས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་ལན་གསུམ། མེ་ཏོག་དེ་ཉིད་སླར་ཡང་ཁྱེད་རང་གི་སྤྱི་བོར་གཏོར་བས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་
༡༧༣ མཛོད། ཅེས་སློབ་དཔོན་གྱིས་མེ་ཏོག་དེ་བཟུང་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཅེས་ལན་གསུམ་བརྗོད་ཅིང་རྟེན་འབྲེལ་སྙིང་པོ་བཟླས་ནས་སྤྱི་བོར་གཏོར་ཏེ། བདེ་གཤེགས་བཅུ་གཉིས་ཀྱི་གསུང་རིག་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་རྡོ་རྗེ་སློབ་མ་འདིའི་རྒྱུད་ལ་ཡོངས་སུ་འཇུག་པར་གྱུར་ཅིག །ཅེས་བརྗོད། སློབ་མས་ཀྱང་བཟླས་ལུང་ཐོབ་པས་ཕྲིན་ལས་ཐོགས་པ་མེད་པ་དང་། འགྲོ་ཀུན་དབང་དུ་འདུ་བ་སོགས་སྔར་ལྷ་དབང་དུ་བཤད་པ་ལྟར་གྱི་སོ་སོའ་ཡོན་ཏན་རྣམས་ཐོབ་པར་གྱུར་ཏོ་སྙམ་པའི་ང་རྒྱལ་འཛིན་དུ་བཅུག །དེ་ནས་སློབ་མ་རྣམས་བདེ་གཤེགས་བཅུ་གཉིས་ཀྱི་ངོ་བོར་གྱུར་པ་བལ་མཆོད་པས་མངའ་གསོལ་བའི་མོས་པ་མཛོད། ཅེས་ཕུལ། ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ནི་ཝི་དྱེའི་བར་ཉེར་སྤྱོད་ལྔས་མཆོད། གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་ཁས་བླངས་བཀའ་དྲིན་གཏོང་རག་གི་དོན་དུ་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་ལུས་འབུལ། དགེ་བ་བསྔོ་བ་རྣམས་བྱའོ། །ཚོགས་མཆོད་བྱ་བར་སྤྲོ་ན། བདག་འཇུག་གི་སྔ་ཕྱི་གཉིས་གང་རིགས་སུ་བྱ་བ་ཤས་ཆེ་ནའང་། དབང་ཆོག་རྩ་བར་སྐབས་འདིར་བཤད་པ་ལྟར་དེ་གསུམ་གང་དུ་བྱས་ཀྱང་རུང་ངོ་། །ཆོ་ག་ནི། །བྱིན་རླབས་སྔར་བཤད་ཀྱི་གཏོར་མ་ལྟར་ལས་གཏོར་རྫས་དང་གཏོར་མ་ཞེས་པ་ཚོགས་རྫས་དང་ཚོགས་ཀྱི་ལོངས་སྤྱོད་ཡེ་ཤེས་ཀྱི་བདུད་རྩི་ཞེས་བསྒྱུར་བ་ལས་གཞན་འདྲ། མགྲོན་དྲང་དྲངསབ་ནས་ལྷག་གཏོར་གྱི་བར་ལམ་ལྔའི་དབང་ཆོག་ཏུ་བཤད་པ་ལྟར་ཏེ། ཁྱད་པར་བདག་འཇུག་གི་སྔ་ཕྱི་གང་རིགས་སུ་བྱེད་པ་ལྟར་ན་རོལ་པ་བམན་ཆད་སྐབས་འདིར་བྱ་བ་ལག་ལེན་ལ་བདེའོ། །དེ་ནས་རྗེས་ཆོག་ནི། མཆོད་པ་ཁ་གསོས་ཏེ་བྱིན་རླབས་བྱ། ཨརྒྷཾ་ནས་ཤབྡའི་བར་དང་། འབྲུ་གསུམ་གྱིས་ནང་མཆོད་ཕུལ། བུམ་བསྐྱེད་ལྟར་ཆོས་དབྱིངས་སྐྱེ་འགག་མེད་པའི་སོགས་ཤློ་ཀ་གཅིག་པོས་བསྟོད། ཡིག་བརྒྱ་
༡༧༤ བཟླ་ཞིང་མ་རྙེད་ཡོངས་སུ་སོགས་ཀྱིས་བཟོད་པར་གསོལ། རྡུལ་ཚོན་གྱི་ནུབ་ཐ་མ་ལ་ཡིན་ན། ༀ་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་གསོལ་དང་། ཨ་ཀཱ་རོས་དབྱིབ་དབྱིབསཆུ་བོར་སྐྱེལ་བ་རྣམས་བྱ། ཉིན་དང་པོ་རྣམས་དང་རས་བྲིས་ལ་རྣམ་པ་ཀུན་ཏུ་འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས་བྱ། དམ་ཚིག་པ་འོད་གསལ་དུ་བསྡུ་ཞིང་ལངས་ལ་བསྔོ་ཤིས་ཀྱིས་མཐའ་བརྒྱན་ནོ། །དར་རྒྱས་འཕེལ།།

འདུལ་བའི་ལས་ཆོག་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ

༥༥༥ འདུལ་བའི་ལས་ཆོག་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ།། །།
༥༥༦ བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དང་དགེ་སློང་ཉིད་དུ་ཉེ་བར་བསྒྲུབ་པའི་ལག་ལེན་གྱི་ཆོ་ག་མཐོང་བ་དོན་ལྡན་ཞེས་བྱ་བ། ཀུན་ལ་སྙོམས་མཁས་ཐུགས་རྗེའི་ཉི་མ་ནི། །དག་པའི་མཁའ་ལ་རྒྱུན་ཆད་མེད་ཤར་བས། །གདུལ་བྱའི་མ་རིག་མུན་པ་སེལ་མཛད་པ། །རྒྱལ་བ་ནམ་མཁའི་སྐུ་ཅན་དེ་ལ་འདུད། །འབུམ་ཕྲག་འདུལ་བའི་གཞུང་ལ་དབང་འབྱོར་ཞིང་། །གདུལ་བྱ་འདུལ་བའི་ཐབས་མང་རབ་མཁྱེན་ནས། །འགྲོ་ཀུན་འདུལ་བའི་གདམས་པས་སྨིན་མཛད་པ། །རང་བྱུང་རྡོ་རྗེའི་ཞབས་ལ་གུས་ཕྱག་འཚལ། །གང་གི་མཁྱེན་པའི་ཆུ་གཏེར་ལས་བྱུང་བ། །འདུལ་གཞུང་ཡིད་བཞིན་ནོར་བུའི་བང་མཛོད་ཆེ། །ལེགས་བཤད་རིན་ཆེན་མང་པོས་ཡོངས་གང་པ། །ལས་ཀྱི་ཆོ་གའི་གསལ་བྱེད་འདིར་བཀོད་བྱ། །འདི་ལ་གཉིས་ཏེ། །དགེ་ཚུལ་དུ་བསྒྲུབ་པ་དང་། །དགེ་སློང་གི་ཆོ་ག་ལས་དང་བཅས་པའོ། །དང་པོ་ལ་སྡོམ་ནི། དྲི་དང་དགེ་བསྙེན་བསླབ་པ་དང་། །ཞུ་དང་མཁན་པོ་དང་པོ་དང་། །རབ་བྱུང་དགེ་ཚུལ་གྲིབ་ཚོད་དང་། །བསླབ་པ་བརྗོད་པ་ཐ་མ་ཡིན། །འགའ་ཞིག་གན་དུ་རབ་ཏུ་བྱུང་བར་འདོད་པས་འོངས་ན་འདི་ལྟར་བྱའོ། །
༥༥༧ བསྒྲུབ་བྱ་དེ་ཕྱག་གསུམ་འཚལ་ནས་ཐལ་མོ་སྦྱོར་དུ་བཅུག་ལ་མདུན་དུ་འདུག་སྟེ། །ཆོ་ག་སྦྱོར་བ་དང་། །དངོས་གཞི། །རྗེས་གསུམ་ལས། །དང་པོ་ལ་ལྔ། བར་ཆད་དྲི་བ། དགེ་བསྙེན་དུ་བསྒྲུབ་པ། །ཞུ་ཞིང་གསོལ་བ། རྟགས་སྦྱིན་པ། རབ་ཏུ་བྱུང་བ་བསྒྲུབ་པའོ། །དང་པོ་ནི། ཁྱོད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་འཇུག་ཅིང་མི་ལུས་ཐོབ་པ་དོན་ཡོད་པར་བྱེད་པ་ཤིན་ཏུ་སྐལ་པ་བཟང་བ་ཡིན། །བསྟན་པའི་སྙིང་པོ་ཚུལ་ཁྲིམས་ཀྱི་བསླབ་པ་འདི་ཡང་དཔེར་ན་སེང་གེའི་འོ་མ་ལྟ་བུ་ཡིན་པས་སྣོད་རིན་པོ་ཆེ་དགོས་ཏེ། དེ་བས་ན་རྒྱུད་ལ་སྡོམ་པ་སྐྱེ་བ་དང་གནས་པ་དང་ཁྱད་པར་དུ་འགྲོ་བ་དང་མཛེས་པའི་བར་ཆད་བཞི་པོ་འདིའི་ཕྱོགས་རྣམས་དང་མི་ལྡན་པའི་དག་པ་ཞིག་དགོས། བར་ཆད་ཅན་རབ་ཏུ་བྱུང་ན་རྒྱུད་དེ་ལ་སྡོམ་པ་མི་སྐྱེ་བའམ་སྐྱེས་ཀྱང་མི་གནས་པ་ལ་སོགས་པའི་སྒོ་ནས་དེ་ལ་ཕན་མི་ཐོགས་ཤིང་ངེད་ལའང་ཉེས་པ་འོང་བས་བར་ཆད་དྲི་དགོས་ཏེ། མདོ་རྩ་བར། དང་པོའ་མཁན་པོ་ཉིད་ཀྱིས་བར་ཆད་དྲིས་ནས་ཡོངས་སུ་བྱང་བ་ལ་སྐབས་དབྱེའོ། །ཞེས་གསུངས་པས། ངས་ཁྱོད་ལ་བར་ཆད་དྲི་བ་འདི་རྣམས་ལ་སེམས་མ་ཡེངས་པར་མ་ལགས་ཤེས་བྱ་བ་ལ་སོགས་པ་ལན་དངོས་པོ་དང་མཐུན་པར་ཐོབ་ཅིག །
༥༥༨ ཁྱོད་མུ་སྟེགས་ཅན་མ་ཡིན་ནམ། །ལོ་བཅྭོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅྭོ་ལྔ་ལོན་པ་བྱ་རོག་སྒྲོད་མི་ནུས་པ། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ། བྲན་ལ་སོགས་པ། བུ་ལོན་ཆགས་པ། ཕས་མ་གནང་བ་མ་ཡིན་ནམ། མས་མ་གནང་བ་མ་ཡིན་ནམ། ཕ་མས་མ་གནང་བ་ཡུལ་ཐག་མི་རིང་བ། ནད་པ། དགེ་སློང་མ་སུན་ཕྱུང་བ། རྐུ་ཐབས་སུ་གནས་པ། ཐ་དད་དུ་གནས་པ་མ་ཡིན་ནམ། །གནས་པར་མི་བྱ་བ། ཟ་མ། མ་ནིང་། སྤྲུལ་པ། དུད་འགྲོ། མུ་སྟེགས་ཅན་ཞུགས་པ། མ་བསད་པ། ཕ་བསད་པ། དགྲ་བཅོམ་པ་བསད་པ། དགེ་འདུན་གྱི་དབྱེན་བགྱིས་པ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ། ཕམ་པར་འགྱུར་བའི་ལྟུང་བ་བཞི་པོ་དག་ལས་གང་ཡང་རུང་བ་བྱུང་བ། རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ། ལག་རྡུམ་ལ་སོགས་པ། །སྐྲ་སེར་ལ་སོགས་པ། སེན་མོ་གཅིག་པ་ལ་སོགས་པ། རྒྱལ་པོས་བཀྲབས་པ། རྒྱལ་པོས་མ་གནང་བ། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ། ཆོམ་རྐུན་པར་གྲགས་པ། ཕུང་ཁྲོལ་བ། ལྷམ་མཁན། གདོལ་བ། གཡུང་པོ། མི་མ་ཡིན་པའི་འགྲོ་བ་པ། །བྱང་གི་སྒྲ་མི་སྙན་པ། མཚན་ལན་གསུམ་དུ་གྱུར་པ། སྐྱེས་པ་འདྲ་བའི་བུད་མེད་མ་ཡིན་ནམ། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་མ་ཡིན་ནམ། གླིང་གཞན་ནས་སྐྱེས་པ་ཚུལ་ཁྱད་མི་འདྲ་བ་མ་ཡིན་ནམ། །ཞེས་དྲི་བར་བྱའོ། །དེ་ནི་རབ་ཏུ་བྱུང་བ་རུང་མི་རུང་བརྟག་པའི་ཕྱིར་བར་ཆད་དྲི་བའི་ཆོ་གའོ། །དེ་ལྟར་དྲིས་པས་མ་ལགས་སོ། །ཞེས་ལན་འདེབས་ན། སྦྱོར་བའི་ཆོ་ག་གཉིས་པ་དགེ་བསྙེན་དུ་བསྒྲུབ་པ་ནི། བསྒྲུབ་བྱ་སངས་རྒྱས་དང་སློབ་དཔོན་ལ་ཕྱག་གསུམ་གསུམ་འཚལ། མདུན་དུ་ཙོག་ཙོག་པུར་འདུག་ཐལ་མོ་སྙིང་གར་སྦྱོར་དུ་བཅུག་སྟེ། ཁྱོད་ཀྱི་རྒྱུད་བར་ཆད་དང་མི་ལྡན་པར་འདུག་པ་ཤིན་ཏུ་ལེགས་ནའང་བསྟན་པ་ལ་རིམ་གྱིས་འཇུག་པར་བྱེད་པ་ཡིན་ཏེ། མདོ་རྩ་བར། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་དགེ་སློང་ཉིད་དག་གི་སྔ་མ་བསྙེན་པར་རྫོགས་པ་ལ་ཕྱི་མ་མི་བྱའོ། །ཞེས་གསུངས་པས།
༥༥༩ དེག་བསྙེན་དུ་སྒྲུབ་པར་བྱེད་དགོས། དེ་ལའང་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་ཁས་ལེན་ལན་གསུམ་དུ་བྱས་པ་ལས་སྐྱེ་བ་ཡིན་ཏེ། མདོ་རྩ་བ་ལས། སྐྱབས་སུ་འགྲོ་བ་ཁས་བླང་པའི་ཚིག་བྱའོ། །ཞེས་དང་། ལྷག་པོར་མ་གཏོགས་པའི་རང་གི་དོན་གྱི་སྔགས་བརྗོད་པ་ཡང་ངོ་། །ཞེས་འབྱུང་བས་སོ། །སྐྱབས་འགྲོ་ལ་ཡང་ཡུལ་དང་དུས་དང་བསམ་པ་དང་ཆོ་ག་སྟེ་བཞི་ལས། དང་པོ་ཡུལ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ལ། དུས་ད་ནས་བཟུང་ནས་ཇི་སྲིད་འཚོའ་བར་དུ། བསམ་པ་འཁོར་བ་ལས་ངེས་པར་འབྱུང་ཞིང་བླ་ན་མེད་པའི་བྱང་ཆུབ་འདོད་པའི་འདུན་པ་དང་བཅས་པས་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་བཟུང་ལ་དགེ་བསྙེན་བླང་ངོ་སྙམ་པས་ལད་མོ་གྱིས་ཤིག །བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའ་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའ་བར་དུ་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ། ཞེས་ལན་གཉིས་སུ་བརྗོད་ལ། །གསུམ་པ་ལ། ཆོ་ག་འདི་ལ་དུམ་བུ་གསུམ་སྟེ། དགེ་འདུན་ལ་སྐྱབས་སུ་མཆིའོ་ཡན་ཆོད་སྐྱབས་བརྗོད་པ། བདག་ཇི་སྲིད་འཚོའ་བར་དུ་དགེ་བསྙེན་དུ་ཞེས་པ་བདག་བརྗོད་པ། བཙུན་པས་བཟུང་དུ་གསོལ་ཞེས་པ་གཞན་བརྗོད་པ་ཡིན་པས། བདག་བརྗོད་རྫོགས་ནས་གཞན་བརྗོད་ཀྱི་མགོ་ཟུག་པ་དགེ་བསྙེན་དུ་ཞེས་པའི་ཚིག་རྫོགས་པ་དང་ཁྱོད་ཀྱི་རྒྱུད་ལ་དགེ་བསྙེན་གྱི་སྡོམ་པ་སྐྱེ། ངེད་ཀྱང་སློབ་དཔོན་དུ་འགྱུར་བ་ཡིན་པས། །དེ་དུས་སྡོམ་པ་ཐོབ་པར་ཤེས་པ་གྱིས་ཤེས་བརྡ་སྦྱར་ནས་རྗེས་ཟློས་ཀྱང་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་དང་། སློབ་དཔོན་གྱིས་ཐབས་ཡིན་ནོ་བྱ། སློབ་མས་ལེགས་སོ་ཞེས་བརྗོད་དོ། །དེ་ནས་སྐྱབས་སུ་འགྲོ་བའི་རྗེས་སུ་ཁས་བླངས་བས་དངོས་གཞི་ཐོབ་པ་ཡིན། །
༥༦༠ ཐོབ་ཀྱང་མ་བསྲུངས་ན་ཕན་ཡོན་ཆེན་པོ་མི་འབྱུང་ཞིང་ཉེས་པ་འབྱུང་བས་བསྲུང་དགོས། དེའི་ཕྱིར་བསླབ་པ་བརྗོད་པ་འདི་རྣམས་ཀྱང་སྤང་བྱ་རྣམས་ཚུལ་བཞིན་དུ་སྤངས་ཏེ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་བོ་སྙམ་པས་ལད་མོ་བྱས་ཤིག །སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའ་བར་དུ། སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའ་བར་དུ་སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ་།རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའ་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་འགྱུར་བ། བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའ་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་འགྱུར་བ་བག་མེད་པའི་གནས་སྤང་སྟེ། འབྲུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པར་བགྱིའོ། །ཡན་ལག་ལ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བྱའོ། །དགེ་བསྙེན་གྱིས་ལེགས་སོ་ཞེས་བྱའོ། །དེས་ནི་བསྟན་པ་ལ་རིམ་གྱིས་སློབ་ཏུ་གཞུག་པའི་ཕྱིར་དགེ་བསྙེན་དུ་བསྒྲུབ་
༥༦༡ པའི་ཆོ་ག་རྫོགས་སོ།། །།གསུམ་པ་ལ་གཉིས། རབ་ཏུ་བྱུང་བ་ཞུ་བ་དང་། མཁན་པོར་གསོལ་བ་གདབ་པའོ། །དང་པོ་ནི། མཁན་པོར་འོས་པ་དེས། རབ་བྱུང་ཞུ་བའི་ཆོ་ག་ལ་མཁས་པའི་དགེ་སློང་། བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་པ། ལྟ་བ་དང་། མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ས་རང་བཞིན་དུ་གནས་པ། བྱེ་བ་ན་ཆོས་མ་ཡིན་པའི་ཕྱོགས་སུ་མ་སོང་བ། གཟུགས་གཞན་དུ་མ་བསྒྱུར་ཞིང་། མི་སྣང་བར་བྱས་པ་མ་ཡིན་པ། །མཚམས་གཞན་ན་གནས་པ་མ་ཡིན་པ་སྟེ་ཆོས་བཅུ་ལྡན་ཞིག་ལ། སྡོམ་བརྩོན་སྡེ་སྣོད་འཛིན་པ་དགེ་སློང་ཆེ་གེ་མོས། ཚེ་དང་ལྡན་པ་འདི་དགེ་འདུན་ལ་རབ་ཏུ་བྱུང་བར་ཞུ་བ་མཛོད་ཅིག་ཅེས་བསྒོ། དགེ་སློང་དེས། ཅི་ཚེ་དང་ལྡན་པ་འདིའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ་ཞེས་དྲི། དེས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ཡིན་གདའི་ཞེས་བརྗོད་དོ། །དེ་ནས་བསྒྲུབ་བྱས་དགེ་འདུན་ལ་ཕྱག་འཚལ་ནས་གོས་དཀར་པོ་དང་ལྡན་པས་ཐལ་མོ་སྦྱར་ཏེ་འདུག་ལ། གྲོགས་བྱེད་པའི་དགེ་སློང་གིས་འདུད་པ་དང་བཅས་པས་ཞུ་བའི་ཚིག་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། ཁྱིམ་པ་གོས་དཀར་པོ་ཅན་སྐྲ་དང་ཁ་སྤུ་མ་བྲེགས་པ་ལས་ལེགས་པར་གསུངས་བའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་རབ་ཏུ་འབྱུང་བར་འཚལ་ཞིང་། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བསྒོས་ཏེ། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་སྟེ། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་དེ་རབ་ཏུ་དབྱུང་ངམ། དེ་དག་ཐམས་ཅད་ཀྱིས། གལ་ཏེ་ཡོངས་སུ་དག་ནའོ། །ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། །
༥༦༢ མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞུ་བ་པོས་མིང་འདི་ཞེས་བྱ་བ་ཞེས་བརྗོད་དགོས་པ་དེ་རང་གི་མཁན་པོ་ཡིན་ན་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བྱ་བ་ཞེས་དང་། སློབ་དཔོན་ཡིན་ན་སློབ་དཔོན་འདི་ཞེས་བྱ་བ་ཞེས་དང་། གང་ཡང་མིན་ན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཞེས་སོགས་ཉེ་ཚིག་གིས་བརྗོད། བསྒྲུབ་བྱ་གཉིས་ཡོད་ན་འདིའི་གནས་སུ་འདི་དག་དང་། དེ་ཡང་ཞེས་པ་དེ་དག་ཀྱང་དད་ཅི་དེ་ཞེས་པ་ཅི་དེ་དག་དང་ཁོ་ན་ཉིད་ཁོང་དག་ཉིད་ཅེས་འདོན་པ་བསྒྱུར། གསུམ་ཡོད་ན། འདི་རྣམས། དེ་རྣམས། ཅི་དེ་རྣམས། ཁོང་རྣམས་ཉིད། ཅེས་རྣམ་དབྱེ་དང་ཚིག་ཕྲད་བསྒྱུར་པ་ནི་གོང་འོག་ཐམས་ཅད་དུ་ཤེས་པར་བྱའོ། །དེ་ནི་རབ་ཏུ་འབྱུང་བར་འདོད་པ་ཞུ་བའོ། །གཉིས་པ་ནི། བསྒྲུབ་བྱ་མཁན་པོ་ལ་ཕྱག་འཚལ་ནས། མདུན་དུ་ཐལ་མོ་སྦྱར་ནས་འདུག་པ་ལ། འདི་སྐད་བརྗོད་དོ། །ཁྱོད་ཀྱི་འགལ་རྐྱེན་དག་ཀྱང་རབ་ཏུ་འབྱུང་བར་འདོད་པ་ལ་མཐུན་པའི་རྐྱེན་ཚང་དགོས་ཤིང་། མཐུན་རྐྱེན་གྱི་གཙོ་བོ་མཁན་པོ་ཡིན་ཏེ། མདོ་རྩ་བར། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ། །ཞེས་གསུངས་པས། མཁན་པོ་ཉིད་དུ་གནས་པ་ལ་རབ་བྱུང་ཡོད་ཀྱི་མི་གནས་པ་ལ་མེད་དོ། །དེ་ཡང་སྔོན་སྲིད་པ་ཐ་མ་པའི་གང་ཟག་རང་བཞིན་གྱིས་དབང་པོ་དུལ་བ་སོགས་ཡོན་ཏན་དང་ལྡན་པས་འཁྲིད་ཅིང་སྐྱོང་བར་བྱེད་པ་ལ་མི་ལྟོས་པས་མཁན་སློབ་མེད་པར་རྫོགས་པ་ཡིན་གྱི། དུས་ཕྱིས་སྲིད་པ་ཐ་མ་པ་མ་ཡིན་པས་མཁན་སློབ་མེད་པར་རབ་ཏུ་བྱུང་ན་སྤྱོད་ལམ་རྒོད་བག་ཅན་དུ་འགྱུར་བ་དང་། ནད་པ་རྣམས་ལ་ནད་གཡོག་དགོས་པས་མཁན་སློབ་དང་བཅས་ནས་རབ་བྱུང་བསྙེན་རྫོགས་བྱེད་པར་གནང་ཞིང་། གནང་བ་དེ་ཡང་ཅི་དགར་གནང་བའི་བསླབ་པ་མ་ཡིན་གྱི་ངེས་པར་བསྒྲུབ་དགོས་པས་སྒྲུབ་པའི་བསླབ་པ་ཡིན་ཏེ། དེས་ན་མཁན་པོ་དགོས་སོ། །
༥༦༣ མཁན་པོའ་མཚན་ཉིད། བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པ་བརྟན་པའི་ཡན་ལག་པར་མཆོད་པར་ལོ་བཅུ་ལོན་པ། མཁས་པའི་ཡན་ལག་ལྔ་ཚན་དུ་སྦྱར་བ་གང་ཡང་རུང་བ་དང་ལྡན་པ། ས་རང་བཞིན་དུ་གནས་པ། བྱེ་བ་ན་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་མ་ཡིན་པ། སྨྱོན་པ་སོགས་དང་། འགྲོ་བ་གཞན་དུ་གནས་པ་དང་། མཚན་གྱུར་པ་རྣམས་མ་ཡིན་པ་སྟེ། ཆོས་བདུན་དང་ལྡན་པ་ཞིག་དགོས་ཤིང་། སྒྲ་དོན་ནི། ཨུ་པ་ཞེས་བྱ་བ་ཉེ་བ་ཡིན་ལ། དྷ་ར་ནི་འཛིན་པ། སན་དྷི་ནི་སྦྱོར་བ། ཧ་ར་ཎ་ཞེས་བྱ་བ་ལུང་འབོགས་པ་སྟེ། ལྷག་པའི་བསམ་པ་བརྟན་པ་ལ་ཉེ་བར་འགོད་པའི་དོན་དུ་རྗེས་སུ་འཛིན། ཚུལ་ཁྲིམས་ལ་ཉེ་བར་སྦྱོར། སྤང་བླང་གི་ལུང་འབོགས་པར་བྱེད་པའི་དོན་གྱིས་ན་མཁན་པོ་ཞེས་བརྗོད་པ་ཡིན་ལ། གསོལ་བ་མ་བཏབ་ན་མཁན་པོར་མི་འགྱུར་བས་གསོལ་བ་བཏབ་ཅིང་ཁས་བླངས་པ་དང་ལྡན་པ་ཞིག་དགོས་སོ། །མཁན་པོའ་དོན་ཡང་འདིའི་ཐད་དུ་ཉེ་བར་སོང་སྟེ་ཀློག་པས་ན་མཁན་པོ་སྟེ། བསླབ་པ་རྣམས་ཀློག་ཅིང་ཀློག་ཏུ་འཇུག་པས་མཁན་པོ། དགག་སྒྲུབ་གནང་གསུམ་གྱི་ལུང་འབོགས་པ་དང་དམན་པའི་གནས་སུ་ལྟུང་བ་ལས་འཛིན་པ་དང་། དངོས་སུ་བསླབ་པ་ལ་སྦྱོར་ཞིང་བརྒྱུད་ནས་མྱང་འདས་ལ་སྦྱོར་བར་བྱེད་པས་ན་མཁན་པོ་སྟེ། མདོར་ན་ཟག་བཅས་འཁོར་བའི་ཆོས་ཐམས་ཅད་ལས་ངེས་པར་འབྱུང་བའི་རབ་བྱུང་དུ་སྒྲུབ་མཁན་ཡིན་པས་མཁན་པོའོ། །དེ་ལྟར་གསོལ་བ་གདབ་སྙམ་དུ་གྱིས་ལ་ལད་མོ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ལ་མཁན་པོར་གསོལ་གྱི། སློབ་དཔོན་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་བདག་རབ་ཏུ་དབྱུང་བར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ལན་གསུམ་པ་ལ་མཁན་པོ་མཁན་པོས་ཤེས་བརྗོད་པར་བྱའོ། །མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད། བསྒྲུབ་བྱས་ལེགས་སོ་ཞེས་བྱའོ། །དེ་ནི་བར་
༥༦༤ ཆད་དང་སྐུར་བ་སྡངས་ཤིང་ངོ་ཚ་ཁྲེལ་ཡོད་སྐྱེ་བའི་ཕྱིར་དགེ་འདུན་ལ་རབ་ཏུ་བྱུང་བར་གསོལ་བ་དང་། རབ་བྱུང་གི་མེད་ན་མི་འབྱུང་གི་རྒྱུ་བསྒྲུབ་པའི་ཕྱིར་མཁན་པོར་གསོལ་བ་གདབ་པའོ། །བཞི་པ་ནི། དེའི་འོག་ཏུ་སྐྲ་དང་ཁ་སྤུ་འདྲེག་པར་བྱེད་པའི་གྲོགས་ངན་པས། གཙུག་ཕུད་མ་གཏོགས་པ་རྣམས་བྲེགས་ལ་དེའི་འོག་ཏུ། ཅི་གཙུག་ཕུད་འདྲེག་པར་སྤྲོའམ་ཞེས་དྲི་བར་བྱའོ། །སྤྲོ་ལགས་ཤེས་ཟེར་བ་བྲེག་གོ །དེ་ནས་ཁྲུས་བྱེད་དུ་གཞུག་སྟེ། ཚ་བའི་དུས་སུ་ཆུ་གྲང་མོས་བྱའོ། །གྲང་བའི་དུས་སུ་ཆུ་དྲོན་མོས་བྱེད་དུ་གཞུག་གོ །དེ་ནས་སྦྱོར་བའི་ཆོས་བཞི་པ་རྟགས་དང་ཆ་ལུགས་སྦྱིན་ཞིང་མཚན་བརྟག་པ་ནི། མཁན་པོས་ལྷུང་བཟེད་ཆོས་གོས་སྦྱིན་པར་བྱ་ཞིང་དེས་ཀྱང་རྐང་པ་གཉིས་ལ་གཏུགས་ཏེ་བླང་བར་བྱའོ། །དེའི་འོག་ཏུ་མཁན་པོས་བཀོན་པར་བྱའོ། །ཆོས་གོས་སྦྱིན་པའི་ཚེ། མདུན་དུ་ཙོག་ཙོག་པུར་འདུག་པ་ལ་བླ་གོས་གཏད་དེ། གཉིས་ཀས་བཟུང་ནས་འདི་སྐད་དུ། འདི་ནི་སྟོད་དུ་རྒྱུན་དུ་གྱོན་པར་བྱེད་པའི་ཆོས་གོས་བླ་གོས་ཤེས་བྱ་བ་ཡིན། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་འགྱུར། དགེ་སྦྱོང་གི་དྲན་པ་གསོ། །སྦྲང་བུ་དང་ཤ་སྦྲང་དང་། སྟོད་གཅེར་བ་དང་། རླུང་དང་ཉི་མ་ལ་སོགས་པའི་ཚ་གྲང་གི་རེག་པ་ལས་སྐྱོབ་པའི་གོས་སུ་གནང་བ་ཡིན་པས་སྟོན་པས་བསྣམས་པ་བཞིན་དུ། གཙང་སྦྲ་དང་བཅས་ཏེ་བསྒོ་བར་བྱའོ། །ཤམ་ཐབས་སྦྱིན་པ་ནི། སྔར་བཞིན་གཟུང་ལ། འདི་སྨད་ཀྱི་ནང་དུ་གྱོན་པར་བྱེད་པའི་ཆོས་གོས་མཐོང་གོས་ཤེས་བྱ་བ་ཡིན། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་འགྱུར། །དགེ་སྦྱོང་གི་དྲིན་པ་གསོ། ངོ་ཚ་ཁྲེལ་ཡོད་ཁྱད་པར་དུ་འགྱུར། སྨད་གཅེར་བ་དང་ཚ་གྲང་དང་ངོ་ཚ་བའི་གནས་ལས་སྒྲོལ་སྟེ་སྦྲང་བུ་ལ་སོགས་པའི་རེག་པ་བསྲུང་། རྒྱ་གར་ན་རུང་བའི་ཚོན་གསུམ་ལ་ཁ་དོག་ངན་པར་བྱེད་པས་རྒྱགས་པ་དང་དྲེགས་པ་
༥༦༥ འཛེམས་པའི་དོན་ཡིན་ཞིང་སྟོན་པས་བསྣམས་པ་བཞིན་དུ་མ་བྲལ་བར་གྱོན་ལ་སེམས་ཞི་བ་དང་དུལ་བར་གྱིས་ཤིག །ལྷུང་བཟེད་སྦྱིན་པ་ནི། སྔར་བཞིན་གཟུང་ལ། འདི་རབ་ཏུ་བྱུང་བའི་སྣོད་སྤྱད་ཀྱི་རྟགས་ལྷུང་བཟེད་ཡིན། ཁྱིམ་པ་དང་མུ་སྟེགས་པའི་སྣོད་ལས་ཁྱད་པར་དུ་བྱེད། ཟས་ལྷུང་བ་བཟེད་པའི་སྣོད་ཡིན་པས། འདི་ཟས་ཀྱིས་འགེངས་པ་བཞིན་དུ་རང་གི་ཤེས་རྒྱུད་ཡོན་ཏན་གྱིས་འགེངས། འདིའི་ནང་ནས་ཟས་ལ་ལོངས་སྤྱོད་པ་བཞིན་དུ་དམ་པའི་ཆོས་ལ་ལོངས་སྤྱོད་དགོས་པས་སྣོད་སྤྱད་འདི་ལྟ་བུ་བཅང་བར་བྱའོ། །གདིང་བ་སྦྱིན་པ་ནི། དགེ་འདུན་གྱི་རྩྭའི་གདན་མ་གཏོགས་པ་གནས་མལ་ཐམས་ཅད་དང་། ཁྱིམ་པའི་དཀར་པོ་དང་གང་ཟག་གི་ཁྲ་བོ་ཕལ་ཆེར་མ་ཉམས་པ་རྣམས་སྐྱབས་ཏེ་གཏོང་བར་བྱ་བ་ཡིན་པས་འདི་ལྟ་བུ་ཡང་ཟུང་ཞིག །ཆུ་ཚགས་སྦྱིན་པ་ནི། ཆུ་ཚགས་གཏད་ལ། རབ་ཏུ་བྱུང་བ་ནི་ཉེས་སྤྱོད་ལས་བཟློག་པའི་ཕྱིར་སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱད་དུ་མི་རུང་སྟེ། ཆུ་ཚགས་ཀྱིས་སྲོག་ཆགས་རྣམས་རང་གི་གནས་སུ་དོར་ལ། ཆུ་གཙང་མ་ལ་ལོངས་སྤྱད་པའི་དོན་དུ་འདི་ལྟ་བུ་ཡང་ཟུང་ཞིག །དེས་མཚོན་ནས་ཡོ་བྱད་གང་ལའང་སྲོག་ཆགས་ལ་མི་གནོད་པ་བྱ་དགོས་ཤིས་བརྗོད། ཁྱིམ་པའི་ཆ་ལུགས་མཐའ་དག་དོར་ཏེ། །ཆོས་གོས་བཀོན་བའི་ཚེ་མེ་ཏོག་འཐོར་བཞིན་པས་ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ཚངས་པར་སྤྱོད་པ་ཚེའི་མཐར་ཕྱིན་པར། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར། ཚེ་རབས་ཐམས་ཅད་དུ་རབ་ཏུ་བྱུང་བ་ཐོབ་པར། སྨད་གཡོགས་བཀོན་པ་ན་མཚན་མ་ཚོར་བར་བརྟག །གཞན་ལ་འཆོལ་ན། ཆེ་གེ་མོས། འདིའི་གོས་ཚགས་ལེགས་པར་སློབ་པ་དང་། ཞར་ལ་བདག་གི་བྱ་བ་ཡང་སྒྲུབས་མཛོད། ཅེས་བསྒོ། དེས་ཀྱང་བསླབས་ཤིང་བརྟགས་ལ་བར་ཆད་དང་མི་ལྡན་པར་
༥༦༦ གདའ། ཞེས་བརྡ་སྤྲོད། དེ་ནི་བར་ཆད་རྟོག་ཅིང་ཆོས་འདི་བའི་ཆ་ལུགས་སུ་བསྒྱུར་བའི་ཕྱིར་རྟགས་དང་ཆ་ལུགས་སྦྱིན་པའོ། །ལྔ་པ་ནི། བསྒྲུབ་བྱས་སངས་རྒྱས་དང་མཁན་པོ་ལ་ཕྱག་བྱས་ནས་མདུན་དུ་ཙོག་ཙོག་པུར་འདུག་པ་ལ། འདི་སྐད་བརྗོད། ཁྱོད་རབ་ཏུ་འབྱུང་བ་དེ་ཤིན་ཏུ་ལེགས་ཏེ། དགའ་བོ་རབ་ཏུ་འབྱུང་བའི་མདོ་ལས། ཁྱིམ་པ་རྣམས་ནི་མེའི་འོབས་ན་གནས་པ་ལྟ་བུའོ། །རབ་ཏུ་བྱུང་བ་རྣམས་ནི་བསིལ་བའི་ཁང་པ་ན་གནས་པ་ལྟ་བུའོ། །ཞེས་སོགས་དང་། ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོ་ལས། འདོད་པ་དག་ནི་རབ་ཏུ་སྟོན་བྱེད་ཅིང་། །བུ་དང་ཆུང་མ་དག་ལ་སྲེད་བསྐྱེད་ནས། དམད་པར་བྱ་བའི་ཁྱིམ་ལ་བསྟེན་པ་སྟེ། །བླ་མེད་བྱང་ཆུབ་དམ་པ་གཞར་མི་འཐོབ། །གང་དག་འདོད་ལ་ལྕི་སྐམ་མེ་བཞིན་སྤོང་། །བུ་དང་ཆུང་མ་དག་ལ་སྲེད་སྤངས་ནས། །ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །གང་དག་ཁྱིམ་ན་གནས་པར་བྱེད་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡི། །སངས་རྒྱས་གང་ཡང་སྔོན་ཆད་མ་བྱུང་སྟེ། །མ་འོངས་པ་ནའང་མི་འབྱུང་གནས་པ་མེད། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དབེན་པ་འདོད་དེ་དགོན་པར་གནས་བྱེད་པ། །ཉོན་མོངས་སྤངས་ནས་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་སངས་རྒྱ། །ཞེས་གསུངས་ཤིང་། གཞན་ཡང་མདོ་སྡེ་ཟབ་མོ་རྣམས་དང་འདུལ་བ་ལུང་ལ་སོགས་པ་རྣམས་སུ་ཁྱིམ་ན་གནས་པའི་ཉེས་དམིགས་དང་། རབ་ཏུ་བྱུང་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་པས། རབ་ཏུ་བྱུང་བ་ནི། །ཁྱིམ་པ་ལས་ཁྱད་པར་དུ་གྱུར་ཅིང་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པས། བསམ་པ་ནི་འཁོར་བ་དོར་ནས་མྱ་ངན་ལས་འདས་པ་བླང་སྙམ་པ་དང་། ཁྱིམ་པའི་བསླབ་པ་དོར་ནས་རབ་ཏུ་བྱུང་བའི་བསླབ་པ་ལ་བརྟེན་སྙམ་པ་དང་། ཁྱིམ་པའི་རྟགས་
༥༦༧ དང་ཆ་ལུགས་རྣམས་སྤངས་ནས་རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་རྣམས་ཡང་དག་པར་བླངས་ཏེ་བཟུང་སྙམ་པ་དང་། འཇིག་རྟེན་པའི་ལྷ་ལ་རེ་བ་དང་སྐྱབས་གནས་སུ་འཛིན་པ་སྤངས་ཏེ་དཀོན་མཆོག་གསུམ་ལ་ལྷག་པའི་ལྷར་འཛིན་སྙམ་པ་དང་། ཐ་ན་མིང་ཡང་ཁྱིམ་པའི་མིང་དོར་ནས་རབ་ཏུ་བྱུང་བའི་མིང་གཟུང་སྟེ་བླང་དོར་རྣམ་པ་ལྔ་པོ་འདི་ལ་བརྟེན་ནས་ཁྱིམ་པའི་ཆ་ལུགས་དོར་ཞིང་རབ་ཏུ་བྱུང་བའི་ཆ་ལུགས་ངེས་པར་གཟུང་སྙམ་པའི་བསམ་པ་བཅོས་མ་མ་ཡིན་པ་གསལ་ཐོབ། ཅེས་ཡང་ཡང་བརྡ་སྦྱར། མིང་བརྗེ་བ་ནི། སྡེ་བའི་མིང་གི་མཐའ་ཅན་ནམ། དཔལ་དང་། གྲགས་པ་དང་། །བཟང་པོ་དང་། སྐལ་པ་བཟང་པོ་དང་། མཁན་པོའ་མིང་གི་མཐའ་ཅན་དུ་སྤོས་ཏེ། མིང་དེ་ནས་སྨྲོས་ལ་རྗེས་ཟློས་གྱིས་བྱས་ལ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའ་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་།།།་ཐུབ་པ། སེང་གེ། རྒྱལ་པོ། །གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་སྤོང་ངོ་། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བྱའོ། །རབ་ཏུ་བྱུང་བས་ལེགས་སོ་ཞེས་བྱའོ། །དེ་ལྟར་རབ་ཏུ་བྱུང་བ་དང་དགེ་ཚུལ་གྱི་སྦྱོར་བའི་ཆོ་ག་རྣམས་གྲུབ་ནས། མཁན་པོས། དགེ་ཚུལ་དུ་
༥༦༨ བསྒྲུབ་པའི་ཆོ་ག་ལ་མཁས་པ་སོགས་རབ་བྱུང་ཞུ་བའི་སྐབས་སུ་བཤད་པ་ལྟ་བུའི་དགེ་སློང་ཆོས་བཅུ་ལྡན་ཞིག་ལ། སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེ་གེས་ཚེ་དང་ལྡན་པ་འདི་ལ་དགེ་ཚུལ་གྱི་སྡོམ་པ་ཞིག་གནང་བར་ཞུ། ཞེས་གཏད་དོ། །དེས་ཀྱང་ཅི་ཡོངས་སུ་དག་གམ་ཞེས་དྲི་སྔར་བཞིན་ལན་བཏབ་ནས། གཉིས་པ་དངོས་གཞིའི་ཆོ་ག་དགེ་ཚུལ་དུ་བསྒྲུབ་པར་བྱ་སྟེ། བསྒྲུབ་བྱ། སངས་རྒྱས་དང་སློབ་དཔོན་ལ་ཕྱག་འཚལ་ནས་མདུན་དུ་ཙོག་ཙོག་པུར་འདུག་ཏུ་བཅུག་ནས། འདི་སྐད་དུ་ཁྱེད་རབ་ཏུ་བྱུང་ནས་དགེ་ཚུལ་གྱི་སྡོམ་པ་དོན་དུ་གཉེར་བར་འདོད་པ་ཤིན་ཏུ་ལེགས། དེ་ཡང་འགལ་རྐྱེན་མེད་པ་ཅིག་དགོས་ནའང་སྔར་མཁན་པོས་མེད་པར་རྟོགས་ཤིང་རྒྱུད་དག་པ་དང་ལྡན་པ་དེ་ཡིན། མཐུན་པའི་རྐྱེན་རྣམ་པ་ལྔ་ཚང་དགོས་ལ། །གང་ལ་བླང་བའི་ཡུལ་མཐུན་རྐྱེན་དུ་སངས་རྒྱས་ཀྱི་སྐུ་གཟུགས་ཁྱད་པར་ཅན་དང་། ལུང་དང་རྟོགས་པའི་ཆོས་གླེགས་བམ་དང་ཐུགས་རྒྱུད་ལ་མངའ་བ་དང་། མེད་ཀ་མེད་ཀྱི་ཡན་ལག་མ་ཡིན་ཀྱང་ངོ་ཚ་དང་ཁྲེལ་ཡོད་ཀྱི་རྟེན་དུ་དགེ་འདུན་དང་བཅས་པ་ཚང་ཞིང་། མཁན་པོ་མཚན་ཉིད་དང་སྒྲ་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་ཡང་ཚང་། སློབ་དཔོན་དགེ་སློང་གི་སྡོམ་པ་དང་ལྡན་ཞིང་ཆོ་ག་བརྡ་སྤྲོད་ཤེས་པ་དགོས་ནའང་དེའི་བྱ་བ་ངེད་ཀྱིས་བསྒྲུབ་པ་ཡིན། གཉིས་པ་རྟགས་དང་ཡོ་བྱད་མཐུན་པ་ཅི་རྐྱེན་ལུས་ཀྱི་རྟགས་སྐྲ་དང་ཁ་སྤུ་བྲེགས་ཤིང་མ་གནང་བའི་ཕྱོགས་མ་བྲེགས་བ་དང་ཁྲུས་བྱས་པ། ཡོ་བྱད་ཀྱི་རྟགས་བླ་གོས་མཐང་གོས་ལྷུང་བཟེད་གདིང་བ་ཆུ་ཚགས་རྣམས་རུང་བ་ཚད་ལྡན། མཁན་པོའ་ཚིག་གིས་གཏད་ཅིང་གནང་བ་དང་ལྡན་པ་ཡང་ལེགས་པར་ཚང་། གསུམ་པ་རྒྱུད་སྣོད་དུ་རུང་བའི་མཐུན་རྐྱེན་ལ། ཚོགས་སུ་མ་ཚང་ཞིང་སྔར་དགེ་ཚུལ་གྱི་སྡོམ་པ་དང་སྡོམ་རོས་རྒྱུད་མ་བཀག་པ་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང་བུད་མེད་མཚན་དོན་བྱེད་ནུས་པ་དང་ལྡན་པ་དགོས་ནའང་། གསུམ་མན་
༥༦༩ ཆད་དུ་གནས་ཤིང་སྔར་དགེ་ཚུལ་མ་ཐོབ་པ་འཛམ་བུའི་གླིང་དུ་སྐྱེས་ཤིང་དབང་པོ་ཚང་བ། ལོ་བདུན་ཡན་ཆད་ལོན་ཞིང་བྱ་རོག་སྐྲོད་ནུས་ལ་ཤེས་པ་རང་བཞིན་དུ་གནས་པ་ཚང་ནས་འདུག་ཅིང་། བཞི་པ་ཆོ་ག་མཐུན་པའི་རྐྱེན་ལ། སྦྱོར་དངོས་རྗེས་གསུམ་ལས་སྦྱོར་བའི་ཆོ་ག་རབ་ཏུ་བྱུང་བ་སྔོན་དུ་སོང་། དངོས་གཞི་དང་རྗེས་ད་ལྟ་ཉིད་དུ་བསྒྲུབ་པ་ཡིན། ལྔ་པ་བསམ་པ་མཐུན་པའི་རྐྱེན་ལ་ལྔ་ཡོད་པ་ལས། དང་པོ་ནི། བསམ་པ་འཁྲུགས་པ་ལ་མི་སྐྱེ་བར་བཤད་པས། བསམ་པ་རང་བཞིན་དུ་གནས་པ་ཅིག་དགོས། གཉིས་པ་ནི། ཞེ་ཐག་པ་ནས་སྡོམ་པ་ལེན་པར་འདོད་པའི་སེམས་དང་འདུན་པ་དང་བཅས་པ་ཅིག་དགོས་ཏེ། མདོ་རྩ་བ་ལས། གཞད་གད་ཀྱི་དངོས་པོས་ནི་གང་དུའང་མི་འགྱུར་རོ། །ཞེས་གསུངས་པ་ཡིན། གསུམ་པ་དངོས་གཞི་ཐོབ་ཤེས་ཀྱི་ནུས་ལྡན་ནི། སྡོམ་པ་ཐོབ་པའི་དུས་སུ་རང་ཉིད་ཀྱིས་ཐོབ་པར་ངོ་ཤེས་པ་ཅིག་དགོས་ཏེ། ལུང་ལས་གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། གསུམ་གང་ཞེ་ན། བདག་གི་མིང་མི་བརྗོད་པ་དང་མཁན་པོའ་མིང་མི་བརྗོད་པ་དང་སྡོམ་པ་ཐོབ་པའི་དུས་མི་ཤེས་པའོ། །ཞེས་གསུངས་པས་སོ། །དེ་ཡང་བརྗོད་པ་གསུམ་པ་ལ་འཇུག་པའི་སྐབས་སུ་བརྡ་སྤྲད་པས་ཁྱབ་པར་འདུག །བཞི་པ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་ཟིན་པ་ནི། གནས་སྐབས་ཀྱི་འཇིགས་སྐྱོ་བ་དང་ལྷ་དང་མིའི་བདེ་བ་ལ་ལེགས་སྨོན་མ་ཡིན་པར་འགྲོ་བ་རི་དྲུག་གི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་བ་སྲངས་ཤིང་མྱ་ངན་ལས་འདས་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་སྙམ་པ་དགོས་ལ། །ལྔ་པ་ངེས་པ་ལྔ་དང་བྲལ་བ་ནི། ཚེ་ངེས་པ་འཐབ་མོའ་དུས་སུ་སྡོམ་པ་བསྲུང་མི་ནུས་སྙམ་ན་འདི་མི་སྐྱེ་བས་ཚེ་ཐམས་ཅད་དུ་བསྲུང་། དེ་བཞིན་དུ་ཡུལ་ངེས་པ་དང་བྲལ་ཏེ་ཡུལ་ཐམས་ཅད་དུ་བསྲུང་། དུས་ངེས་པ་དང་བྲལ་ཏེ་དབྱར་དགུན་སྟོན་དཔྱིད་ཆད་
༥༧༠ པ་མེད་པར་བསྲུང་། གང་ཟག་ངེས་པ་དང་བྲལ་ཏེ། དགྲ་གཉེན་མེད་པར་ཐམས་ཅད་ལ་བསྲུང་། ཡན་ལག་ངེས་པ་དང་བྲལ་ཏེ་སྤང་བྱ་མཐའ་དག་སྤང་ཞིང་གཉེན་པོ་མཐའ་དག་བསྟེན་སྙམ་པ་བྱས་པས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཐོབ་པ་ཡིན་པས་བསམ་པ་དེ་དག་དང་འབྲེལ་བའི་སྒོ་ནས་དགེ་ཚུལ་གྱི་སྡོམ་པ་བླང་སྙམ་དུ་གྱིས་ལ་ལད་མོ་མཛོད། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་གཟུང་ནས། ཇི་སྲིད་འཚོའ་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ། བདག་ཇི་སྲིད་འཚོའ་བར་དུ་དགེ་ཚུལ་དུ་བཙུན་པས་གཟུང་དུ་གསོལ། །དེ་བཞིན་དུ་ལན་གཉིས་ལན་གསུམ་པའི་སྐབས་སུ་གསུམ་པ་འདི་ལ་སྐྱབས་བརྗོད་དང་། བདག་བརྗོད་གོང་དུ་སོང་། གཞན་བརྗོད་ཀྱི་མགོ་ཟུག་པའི་ཚེ་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ཡིན་ཏེ། མདོ་རྩ་བར། དཔེར་ན། གཞན་བརྗོད་པའི་དུས་ན་དགེ་ཚུལ་ཉིད་བཞིན་ནོ། །ཞེས་གསུངས་པས་དགེ་ཚུལ་དུ་ཞེས་པའི་ཚིག་རྫོགས་པ་དང་ཁྱེད་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེ། དེ་ད་སློབ་དཔོན་དུ་འགྱུར་བ་ཡིན་པས། དེ་དུས་སྡོམ་པ་སྐྱེས་པར་ཤེས་པར་གྱིས། སེམས་མ་ཡེངས་པར་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ནས། བརྗོད་པ་གསུམ་པའི་མཐའ་སློབ་དཔོན་གྱིས་གཟུང་དུ་གསོལ། ཞེས་བརྗོད། སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བྱའོ། །དགེ་ཚུལ་གྱིས་ལེགས་སོ་ཞེས་བྱའོ། །དངོས་གཞིའོ། །དེ་ནས་སློབ་དཔོན་མ་ཡིན་པ་གང་ཡང་རུང་བ་ཅིག་གིས་གྲིབ་ཚོད་གཞལ་ཏེ་གནས་པ་ལ་སློབ་དཔོན་གྱིས། དེ་ལྟར་དངོས་གཞི་གྲུབ་ནས་རྗེས་ཀྱི་ཆོ་ག་ལ། དུས་གོ་བར་བྱ་བ་དང་། བསླབ་པ་བརྗོད་པ་གཉིས་ལས། དང་པོ་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེ་གེས་གསུང་བ་ཡོད་པས་དེར་སྙན་གཏོང་། ཅེས་བརྗོད་པ་ན། དགེ་སློང་དེས། རྗེས་ཀྱི་
༥༧༡ ཆོ་ག་ལ་གཉིས་ཡོད་པའི་བསླབ་པ་ཐོབ་པའི་དུས་ཚིགས་བརྗོད་པ་ནི། ཁྱོད་ཀྱི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་ཐོབ་པའི་ལོ། །དུས། ཟླ་བ། ཡར་ངོ་དང་མར་ངོའ་ཚེས་འདི་ལ། ཉིན་མཚན་གྱི་ཆ་ཉི་ཤུ་རྩ་གཉིས་ལས། དུས་འདིའི་ཚེ་སྡོམ་པ་ཐོབ་ཅིང་། བསྙེན་བཀུར་གྱི་གནས་ནི། དགེ་སློང་ཐམས་ཅད་དང་། སྔར་དགེ་ཚུལ་གྱི་སྡོམ་པ་ཐོབ་པ་རྣམས་ཡིན། དགེ་སློང་མ་དང་། དགེ་ཚུལ་རང་ལས་བསླབ་པ་གཞོན་པ་རྣམས་དང་། དགེ་སློང་མ་དང་། དགེ་ཚུལ་མ་དང་། །དགེ་བསྙེན་དང་ཁྱིམ་པ་ལ་སོགས་པ་རྣམས་བསྙེན་བཀུར་གྱི་གནས་མ་ཡིན་པས་བསྙེན་བཀུར་གྱི་གནས་རྣམས་ལ་གྲལ་དང་ཕྱག་ལ་སོགས་པ་ཡར་སྟོབ་ཅིང་། ལས་སུ་བྱ་བ་རང་གིས་དང་པོར་གྱིས། གནས་མ་ཡིན་པ་རྣམས་ཀྱི་གྲལ་གོང་དུ་སྡོད་ཅིང་ཕྱག་དང་སྟན་བསྟབ་པ་སོགས་དང་དུ་ལོང་། དགེ་སློང་མ་དང་དགེ་སློབ་མའི་ཕྱག་མ་ལེན། དགེ་ཚུལ་མ་མཚན་མཐུན། དུས་མཉམ་པ་རྣམས་ནི་གཅིག་གིས་གཅིག་ལ་ཕྱག་མི་འཚལ། སྔར་འོངས་པ་དང་པོ་ཡིན་ནོ། །ཞེས་གསུངས་པ་ལྟར་བསྒྲུབས་པས། དགོས་པ་ནི། རང་གཞན་གྱི་བསླབ་པ་ལ་གུས་ཤིང་འཇིག་རྟེན་གྱི་ཆོས་དགེ་བ་ལ་གནས། གྲལ་དུ་ཅལ་ཅོལ་ལང་ལོང་དུ་མི་འགྱུར་ཞིང་བརྒྱུད་ནས་བྱང་ཆུབ་ཐོབ་པའི་རྐྱེན་དུ་འགྱུར་བ་ཡིན་པས་དེ་ལ་སློབས་མཛོད། ཅེས་བརྗོད་དོ། །ཡང་སློབ་དཔོན་གྱིས། དེ་ལྟར་ཁྱོད་ཀྱིས་དགེ་ཚུལ་གྱི་སྡོམ་པ་ཐོབ་ནས་ལེགས་པར་བསྲུང་དགོས། མ་བསྲུངས་ན་སྡུག་བསྔལ་གྱི་རྒྱུ་བྱེད་དེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ཡིན། །ཞེས་གསུངས་པས། །བསྲུང་ཚུལ་ཤེས་པའི་ཕྱིར་དུ་རྗེས་ཆོག་གཉིས་པ་བསླབ་པ་བརྗོད་པར་བྱ་སྟེ། སྤང་བྱ་མི་མཐུན་པའི་ཕྱོགས་བཅུ་པོ་འདི་ཕྱོགས་མཐུན་དང་བཅས་པ་སྤངས་
༥༧༢ ཏེ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་སྙམ་པས་ལད་མོ་མཛོད། །སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའ་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའ་བར་དུ་སྲོག་གཅོད་པ་སྤངས་སྟེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའ་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། །གླུ་གར་དང་རོལ་མོའ་སྒྲ་དང་། ཕྲེང་བ་དང་སྤོས་ཉུག་པ་དང་རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའ་བར་དུ། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་། མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་རོལ་མོའ་སྒྲ་དང་། ཕྲེང་བ་དང་སྤོས་ཉུག་པ་དང་རྒྱན་དང་
༥༧༣ ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤང་སྟེ། གསེར་དངུལ་ལེན་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་བཅུ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བྱའོ། །དགེ་ཚུལ་གྱིས་ལེགས་སོ་ཞེས་བྱའོ། །དེ་ལྟར་དགེ་ཚུལ་དུ་གྱུར་ནས་ཁྱིམ་པ་ཡིན་ན་འཕགས་པ་ཚུན་ཆད་ཀྱིས་ཕྱག་དང་བཀུར་སྟིའི་གནས་སུ་གྱུར་པ་ཡིན་ཏེ། མེ་ཏོག་ཕྲེང་རྒྱུད་ལས། །དེ་ལྟར་དགེ་ཚུལ་བྱས་མ་ཐག །འདི་ལ་ཁྱིམ་པ་ཐམས་ཅད་ཀྱིས། །ཕྱག་འཚལ་སྨོན་པར་གྱུར་པ་སྟེ། །གང་ཕྱིར་ཁྱིམ་གྱི་འཆིང་གྲོལ་ཕྱིར། །ཚུལ་ངན་རབ་རིབ་མུན་བསལ་ཏེ། །ངུར་སྨྲིག་གོས་མཆོག་འཛིན་པ་ཡིས། །ཉི་མ་ཤར་ལྟར་ལྷང་ངེ་ནི། །ཕུལ་ཕྱིན་དེ་ནི་ཤིན་དུ་མཛེས། །ཞེས་གསུངས་པས། དགའ་སྤྲོ་རྒྱ་ཆེན་པོ་གྱིས། དེ་ཐམས་ཅད་མཁན་ཆེན་རིན་པོ་ཆེའི་སྐུ་དྲིན་ལས་བྱུང་བ་ཡིན་ཏེ། ཁོང་རང་གིས་མཛད་པར་འོས་པ་རྣམས་ཉིད་ཀྱིས་མཛད། གཞན་ལ་བཅོལ་བས་འགྲུབ་པ་རྣམས་བཀའ་ལུང་གིས་བསྒྲུབས་པ་ཡིན་པས། ཕྱག་གསུམ་འཚོལ་ལ་སྐུ་དྲིན་ཆེ་གྱིས། ཤིས་བརྗོད་ལ། །མཁན་པོས་ཐོག་དྲངས་ཐམས་ཅད་ཀྱིས་སྨོན་ལམ་བཞི་གདབ་བོ། །ཚིགས་སྔ་མ་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའི་ཆོ་ག་རྫོགས་སོ།། ༈ །།གཉིས་པ་དགེ་སློང་ཉིད་དུ་ཉེ་བར་བསྒྲུབ་པའི་
༥༧༤ ཆོ་ག་ལ། སྡོམ་ནི། དང་པོར་བྱ་དང་མཁན་པོ་དང་། །ཆོས་གོས་གཉིས་དང་ལྷུང་བཟེད་དང་། །སྤྲོ་བྱ་གསོལ་བྱ་གསང་སྟོན་དང་། །ཞུ་དང་གསོལ་དང་གསོལ་བ་དང་། །དྲི་དང་ལས་དང་གྲིབ་ཚོད་དང་། །ཉིན་མཚན་དུས་ཚོད་གནས་རྣམས་དང་། །ལྟུང་དང་དགེ་སྦྱོང་མཆོག་འདོད་དང་། །ཚུལ་ཁྲིམས་མཉམ་དང་ཚུལ་འབྲེལ་དང་། །དུལ་དང་གོས་དང་མ་བརྗོད་དང་། །ནུས་པ་དང་ནི་བསྒྲུབ་བྱ་དང་། །མུ་སྟེགས་གནས་པ་སྦྱིན་པ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །དེའི་འོག་ཏུ་མང་ལ་དང་ཤོལ་བརྩིས་པའི་ལོ་ཉི་ཤུ་ཚང་ཞིང་། ཆོས་གོས་ལྷུང་བཟེད་ལ་སོགས་པ་ཡོ་བྱད་ཚང་ནས་དགེ་སློང་བྱེད་པར་འདོད་པས། མཁན་སློབ་དགེ་འདུན་དང་བཅས་པ་མཐུན་རྐྱེན་ཚོགས་པར་བྱས་ལ། སྟོན་པའི་སྐུ་གཟུགས་བྱིན་བརླབས་ཅན་མཆོད་སྤྲིན་དང་བཅས་པའི་དྲུང་དུ། ལས་གྲལ་བསྒྲིགས་ཏེ་ཡོ་བྱད་རྣམས་ཀྱང་མཐོང་བ་བརྒྱུད་པ་ལྟར་བཀོད། བསྒྲུབ་བྱ་དེ་མདུན་དུ་ཕ་གུ་དང་རྩྭའི་གདན་ལ་ཙོག་ཕུར་འདུག་དུ་བཅུག །མཁན་པོས་མེ་ཏོག་བཀྲམ་སྟེ། ཆོ་ག་བསྒྲུབ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་ལྔ། གནས་ཁྱད་པར་ཅན་ལ་ཞུ་ཞིང་གསོལ་བ། རྟགས་སྦྱིན་པ། གསང་སྟེ་སྟོན་པ་བསྐོ་ཞིང་བར་ཆད་དྲི་བ། དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་བ་གདབ་པ། དགེ་འདུན་གྱི་ནང་དུ་བར་ཆད་དྲི་ཞིང་གསོལ་བ་འབའ་ཞིག་གི་ལས་བྱ་བའོ། །དང་པོ་ལ་གཉིས། གནས་ཁྱད་པར་ཅན་ལ་ཞུ་བ་དང་། མཁན་པོར་གསོལ་བ་གདབ་པའོ། །དང་པོ་ནི། མཁན་པོ་སྟན་ལས་ལངས་ཏེ་འདུད་པ་དང་བཅས་འགྲེང་སྟེ་དགེ་འདུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། །དགེ་
༥༧༥ འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་ན། སློབ་དཔོན་ཆེ་གེ་མོས་ལས་ཀྱི་ཆོ་ག་བརྡ་སྤྲོད་པའི་སློབ་དཔོན་བཀས་གནང་བར་ཞུ། དགེ་བའི་བཤེས་གཉེན་ཆེ་གེ་མོས་གསང་སྟེ་བར་ཆད་རྟོག་བའི་སློབ་དཔོན་བཀས་གནང་བར་ཞུ། ཆེ་གེ་མོས་དབུ་མཛད་དགེ་འདུན་རྣམས་ཀྱིས་འདི་ལ་བསྙེན་པར་རྫོགས་པའི་དོན་དུ་ལས་ཀྱི་ཁ་སྐོང་མཛད་ནས་ཚེ་དང་ལྡན་པ་འདི་ལ་བསྙེན་པར་རྫོགས་པའི་སྡོམ་པ་བཀས་གནང་བར་ཞུ། དངོས་དེ་ལྟར་གཡར་ངོ་འཕྱར་ཞིང་མཆིས་ལགས། ཤེས་གསོལ་བ་བཏབ། དེ་ནི་ཡོ་བྱད་ཚགས་སུ་གཞུག་ཅིང་དཀོན་མཆོག་གསུམ་དང་སློབ་དཔོན་མངོན་དུ་གྱུར་བར་བྱ་བའི་ཕྱིར་དང་པོར་བྱ་བའོ། །གཉིས་པ་མཁན་པོར་གསོལ་བ་གདབ་པ་ནི། མཁན་པོས་བསྒྲུབ་བྱ་ལ། བདག་ཉིད་དགེ་སློང་གི་དགེ་འདུན་གྱི་ནང་དུ་འཇུག་པའི་བསམ་པ་དྲག་པོས། སངས་རྒྱས་དང་། ཆོས་དང་། དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་གྱིས། དེ་ཡང་གནས་ལྔ་ས་ལ་རེག་པ་དང་སྒྱིང་པ་ལ་འཁྲིལ་བའི་ཕྱག་མ་གཏོགས་གཞན་གྱིས་གོ་མི་ཆོད། ཅེས་བརྡ་སྦྱར་ཕྱག་འཚལ་བའི་ཚེ་དགེ་སློང་རེ་རེས་ཀྱང་། བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་ཅིང་མེ་ཏོག་འཐོར་རོ། །དེའི་རྗེས་སུ་མཁན་པོ་ལ་ཕྱག་གསུམ་འཚལ་ཏེ་མདུན་དུ་ཕ་གུའི་སྟེང་དུ་རྩྭ་བཏིང་ནས་འདུག་པ་ལ། ཁྱོད་བསྙེན་པར་རྫོགས་པར་བྱེད་པར་འདོད་པ་དེ་ལེགས། དེའི་རྒྱུ་མཚན་ཡང་བསྟན་པའི་སྙིང་པོ་སྡེ་སྣོད་གསུམ་གྱི་ཉམས་སུ་བླང་བྱ་བསླབ་པ་གསུམ་ཡིན། དེ་གསུམ་གྱི་གཞི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ཏེ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུང་། །ཤེས་འབྱུང་བས་སོ། །ཚུལ་ཁྲིམས་དེའི་ཡང་མཆོག་དགེ་སློང་གི་སྡོམ་པ་ཡིན་ཏེ། ཇོ་བོ་རྗེའི་ཞལ་ནས། སོ་སོ་ཐར་པ་རིས་བདུན་དུ། །དེ་བཞིན་གཤེགས་པས་བཤད་པ་ལ། །
༥༧༦ ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །ཅེས་དང་། མདོ་སྡེ་རྒྱན་ལས་ཀྱང་། དེ་ལྟར་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་ལས་ཁྱད་པར་འཕགས། །ཤེས་གསུངས་ཤིང་། སྔགས་ཀྱི་ཐེག་པར་ཡང་། གསུམ་ལས་དགེ་སློང་མཆོག་ཡིན་ཏེ། །འབྲིང་ནི་དགེ་ཚུལ་ཉིད་དུ་བརྗོད། །ཁྱིམ་ནི་གནས་པ་ཐ་མར་གསུངས། །ཤེས་འབྱུང་བས། བསྙེན་པར་རྫོགས་པ་མཆོག་ཡིན་ལ། །དེ་ཐོབ་པར་བྱེད་པ་ལ་ངོ་ཆེན་གྱི་ཚུལ་དུ་མཁན་པོ་ཞིག་དགོས་ཤིང་། དེའི་དོན་ཡང་སྔོན་སྨིན་པ་ཤས་ཆེ་སྒྲིབ་པ་ཤས་ཆུང་བས་། ཚུར་ཤོག་དང་། འཕྲིན་དང་། སྔོན་གྱི་ཆོ་གས་བསྙེན་པར་རྫོགས་པར་གྱུར་མོད་ཀྱང་། དུས་ཕྱིས་སྒྲིབ་པ་ཤས་ཆེ་བས་གསོལ་བ་དང་བཞི་ཡིས་བསྙེན་པར་རྫོགས་པ་ལ་རྐྱེན་མཁན་པོ་དགོས་ཤིང་། མཁན་པོར་ཡང་མཚན་ཉིད་སྒྲ་དོན་གསོལ་བ་གདབ་པ་དང་གསུམ་ལྡན་པ་དགོས་པ་ལས། མཚན་ཉིད་བཙུན་པ་དང་བརྟན་པའི་ཡན་ལག་བར་མ་ཆད་དུ་ལོ་བཅུ་བས་མི་ཉུང་བ་ཅིག་དང་། མཁས་པའི་ཡན་ལག་ལྔ་ཚན་དུ་སྦྱར་བ་ཉེར་གཅིག་པོ་རྣམས་གང་རུང་དང་ལྡན་ཞིང་། སྒྲ་དོན་ཨུ་པ་དྷ་ཡ། ཨུ་པ་སནྟི། ཨུ་པ་ཧ་ར་ན། ཞེས་བྱ་བ་ཉེ་བར་འཛིན། ཉེ་བར་སྤྱོད། ཉེ་བར་ལུང་འབོགས་པའི་དོན་གྱིས་ན་མཁན་པོ་སྟེ། འདི་ནི་ལྷག་པའི་བསམ་པས་རྗེས་སུ་འཛིན་པ། ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཉེ་བར་སྦྱོར་བའི་རྐྱེན་བསྒྲུབ། སྤང་བླང་གི་ལུང་འབོགས་པའི་དོན་ཡིན་ལ། བྱེད་ལས་འཁོར་བ་ལས་བཟློག །མྱ་ངན་ལས་འདས་པ་ལ་ཉེ་བར་སྦྱོར་བ་ཡིན། དེས་ན་དོན་ཐམས་ཅད་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་ཁང་ཉེ་བའི་དགེ་སློང་གི་དངོས་པོ་བསྒྲུབ་པར་བྱེད་མཁན་བསྙེན་རྫོགས་ཀྱི་མཁན་པོ་མཛད་དུ་གསོལ་ཞེས་ཞུ་བ་འབུལ་བ་ཡིན་པས་དེ་ལྟར་གསོལ་བ་གདབ་སྙམ་པས་ལད་མོ་མཛོད། བཙུན་པ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ། བཙུན་པ་ལ་མཁན་པོར་གསོལ་གྱི། བཙུན་པ་བདག་གི་མཁན་
༥༧༧ པོ་མཛད་དུ་གསོལ། བཙུན་པ་མཁན་པོས་བདག་བསྙེན་པར་རྫོགས་པར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་པོ་མཁན་པོས་ཤེས་བརྗོད་པར་བགྱིའོ། །མཁན་པོས་ཐབས་ཡིན་ནོ་ཞེས་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །སྔར་སློབ་དཔོན་ཡིན་ན་སྔར་གྱི་སློབ་དཔོན་ལ་མཁན་པོ་ཞུ་སྙམ་པ་གྱིས་བྱས་ལ། བཙུན་པ་དང་སློབ་དཔོན་འདོན་པ་རྗེ། སྔར་གྱི་མཁན་པོ་ཡིན་ན་རབ་བྱུང་གི་མཁན་པོ་ཡིན་མོད་ཀྱང་། ཆོ་ག་ཐ་དད་པས་འདིར་ཡང་གསོལ་བ་གདབ་དགོས། རབ་བྱུང་གི་མཁན་པོ་ལ་བསྙེན་རྫོགས་ཀྱི་མཁན་པོ་ཞུ་སྙམ་པ་གྱིས་བྱས་ལ་བཙུན་པ་ཞེས་པ་མཁན་པོར་སྤོས་ལ་བརྗོད་དོ། །དེ་ནི་མཁན་པོ་མངོན་དུ་གྱུར་པར་བྱ་བའི་ཕྱིར་མཁན་པོར་གསོལ་བ་གདབ་པའོ། །སྦྱོར་བའི་ཆོས་གཉིས་པ་རྟགས་སྦྱིན་པ་ནི། མདོ་རྩ་བ་ལས། རང་གི་དོན་དུ་སྔགས་ལན་གསུམ་བརྗོད་པ་ཉིད་ན་འོས་པ་ཉིད་ན་ཕྱག་བྱས་ཏེའོ། །ཞེས་གསུངས་པས། ཕྱག་གསུམ་འཚོལ་ལ། འདིར་ཤོག་ཅེས་བསྒོ། ཆོས་གོས་གསུམ་སོ་སོར་བལྟབ་པ་བསྒྲུབ་བྱའི་ཕྲག་པ་གཡོན་ལ་བཀལ་ནས། གཉིས་ཀ་འགྲེང་སྟེ། གཉིས་ཀའི་ལག་པ་གཡོན་པ་འོག་དང་གཡས་པ་སྟེང་དུ་ཡོད་པར་བཟུང་ནས། འདི་ཆོས་གོས་སྣམ་སྦྱར་བྱ་བ་ཡིན། བསྙེན་པར་མ་རྫོགས་པ་ལས་རྟགས་ཁྱད་པར་དུ་འགྱུར། དགེ་སློང་གི་དྲན་པ་གསོ། ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་ཁྱད་པར་ཅན་དུ་བྱེད། སྟོན་པས་བསྣམས་པ་བཞིན་དུ། བདག་གིས་ཀྱང་བཟུང་། དེའི་ཕྱིར་དུ་འདི་དགེ་སློང་གི་འཚོ་བའི་ཡོ་བྱད་སྣམ་སྦྱར་དུ་བྱིན་གྱིས་བརླབ་སྙམ་བགྱིས་ལ། རྗེས་ཟློས་མཛོད། མཁན་པོ་དགོང་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ། རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཐབས་།།།་།།།་།།།་།།།་།།།་
༥༧༨ ལེགས་བྱས་ལ་ཕྲག་པ་གཡས་ངོགས་སུ་སྤོ། དེ་བཞིན་དུ་བླ་གོས་བཟུང་ལ། འདི་ནི་སྟོད་དུ་རྒྱུན་དུ་བསྒོ་བར་བྱེད་པའི་ཆོས་གོས་བླ་གོས་བྱ་བ་ཡིན། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་འགྱུར། དགེ་སློང་གི་དྲན་པ་གསོ། ཚ་གྲང་དང་སྦྲང་བུའི་གནོད་པ་ལས་སྐྱོབ། སྟོན་པས་བསྣམས་པ་བཞིན། བདག་གིས་ཀྱང་བཟུང་། དེའི་ཕྱིར་འདི་ཆོས་གོས་བླ་གོས་སུ་བྱིན་གྱིས་བརླབ་སྙམ་དུ་གྱིས་ལ་རྗེས་ཟློས་མཛོད་ཅིག །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ། རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་བླ་གོས་སུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཐབས་ལེགས་བྱ། ཕྲག་པ་གཡས་སུ་སྤོ། སྔར་བཞིན་མཐང་གོས་བཟུང་སྟེ། འདི་ནི་སྨད་དུ་རྒྱུན་དུ་བསྒོ་བར་བྱེད་པའི་ཆོས་གོས་མཐང་གོས་བྱ་བ་ཡིན། ཚ་གྲང་དང་སྨད་གཅེར་བ་སྤོང་། ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་ཁྱད་པར་ཅན་དུ་བྱེད། ཁ་དོག་ངན་པ་ཡིན་པས་རྒྱགས་པ་དང་དྲེགས་པ་གཞོམ་པའི་དོན་དུ་གནང་བ་ཡིན་ཏེ། ལུང་བྱ་བའི་ཕུང་པོར། །ཆོས་གོས་གསུམ་རྗེས་སུ་གནང་སྟེ། དྲེགས་པའི་ཕྱིར་མ་ཡིན། རྒྱགས་པ་བསྐྱེད་པའི་ཕྱིར་མ་ཡིན། གཞམ་པའི་ཕྱིར་མ་ཡིན་གྱི། དེ་འདི་ལྟར་དགེ་སློང་རྣམས་བདེ་བར་སྦྱོང་བའི་ཕྱིར་ཏེ། སྦྲང་བུ་དང་། སྦྲང་མ་དང་། རླུང་དང་། ཚ་བ་དང་། སྦྲུལ་ལ་སོགས་པས་རེག་ན་མི་བདེ་བའི་གཉེན་པོའ་ཕྱིར་དང་། ངོ་ཚ་བ་དང་ཁྲེལ་བས་གཡོག་པའི་ཕྱིར་རོ། །ཞེས་གསུངས་པ་བཞིན་དུ་ཡིད་ལ་བཟུང་། དེའི་ཕྱིར་དུ་འདི་ཆོས་གོས་མཐང་གོས་སུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་མཛོད་ཅིག །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ། རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་མཐང་གོས་སུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཐབས་ལེགས་བྱས་ཏེ་གཡས་སུ་སྤོ།
༥༧༩ དེ་ནས་དགེ་འདུན་རྣམས་ཀྱིས་སྨོན་ལམ་དང་བཅས་ཏེ་ཆོས་གོས་རྣམས་བསྐོན་པར་བྱ་ཞིང་། །འདུས་པའི་དགེ་འདུན་ལ་ཕྱག་བྱའོ། །གལ་ཏེ་དྲེས་དྲུབ་སོགས་ཀྱི་བྱིན་བརླབས་ཚོགས་པ་མེད་ན། རྒྱུ་རུང་བ་ཁྲུ་བདུན་མན་ཆད་ལ་རྒྱུའི་བྱིན་བརླབས་ནི། སོ་སོ་རང་ལྟ་བ་སྟེ་སློབ་མའི་ཕྲག་པ་གཡོན་པ་ལ་བཀལ། གཉིས་ཀ་འགྲེང་སྟེ་ལག་པས་ཆོས་གོས་སྣམ་སྦྱར་གྱི་རྒྱུ་གཞུང་ནས་བཤད་པ་གཞན་འདྲ་བ་ལ་འདི་སྣམ་སྒྱར་རྒྱུར་བྱིན་གྱིས་བརླབ་སྙམ་བགྱིས་མ་རྗེས་ཟློས་མཛོད་ཅིག །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་དགུ་པ་ལ་སོག་པ་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པ་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ་བརྐྱང་ངོ་དྲའོ་བསྡེབ་པོ་ཟུངས་གདབ་བོ་དྲུབ་པོ་ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱི་སྟེ་ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་བཟླས་ཐབས་ལེགས་བྱ། དེ་ནས་ཆོས་གོས་བླ་གོས་ཀྱི་རྒྱུ་ཕྲག་པ་ལ་བཀལ་ནས་རྗེས་ཟློས་མཛོད་ཅིག །མཁན་པོ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་བླ་གོས་སུ་བྱིན་གྱིས་བརླབ་བོ། །འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་བདུན་བར་བགྱིས་ཏེ་གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ། །བར་ཆད་མ་བྱུང་ན་བགྲུའོ་བརྐྱང་ངོ་དྲའོ་བསྡེབ་བོ། །ཟུངས་གདབ་བོ་དྲུབ་བོ་ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ་ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་ཐབས་ལེགས་བྱ། དེ་ནས་ཆོས་གོས་མཐང་གོས་ཀྱི་རྒྱུ་ལག་པས་གཟུང་། །ཕྲག་པ་ལ་བཀལ་ནས་རྗེས་ཟློས་མཛོད་ཅིག །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་མཐང་གོས་སུ་བྱིན་གྱིས་བརླབ་བོ། །འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་ལྔ་པར་བགྱིས་ཏེ་གླེགས་བུ་ཕྱེད་དང་གཉིས་བར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ་བརྐྱང་ངོ་དྲའོ་སྡེབ་པོ་ཟུངས་གདབ་བོ་དྲུབ་བོ་ཁ་བསྒྱུར་རོ་ཡང་ན་འདི་ལ་
༥༨༠ ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ་ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་བྱའོ། །སློབ་མས་ལེགས་སོ་ཞེས་བྱའོ། །དེ་ནི་ཆོས་གོས་གསུམ་རྒྱུའི་བྱིན་བརླབས་ཡིན། དེ་ནས་གྲོགས་ངན་པ་ལ། ཚེ་དང་ལྡན་པ་འདིའི་ལྷུང་བཟེད་དགེ་འདུན་ལ་སྟོན་ཅི་གཅེས་བསྒོ། ལྷུང་བཟེད་སྟོན་པའི་དགེ་སློང་དེས་དེར་མེ་ཏོག་བཅུག་ནས་ལག་པ་གཡོན་པར་བཞག་ལ། གཡས་པས་བཀབ་སྟེ། དགེ་སློང་རེའི་མདུན་དུ་འགྲེང་སྟེ་འདུར་པའི་རྣམ་པས། བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་འདི་མི་ཆུང་ངམ་མི་ཆེའམ་མི་སྐྱའམ། ཞེས་བརྗོད། དགེ་སློང་ཐམས་ཅད་ཀྱིས་ཀྱང་ལྷུང་བཟེད་དེ་དེ་ལྟ་བུ་མ་ཡིན་ན། རེ་རེ་ནས་ལྷུང་བཟེད་བཟང་ངོ། །ཞེས་བརྗོད་པར་བྱའོ། །དེ་ལྟར་མི་བརྗོད་ན་དགེ་སློང་འགལ་ཚབས་ཅན་དུ་འགྱུར་རོ། །ལྷུང་བཟེད་དེ་ལག་པ་གཡོན་གྱིས་བཟུང་སྟེ་གཡས་པས་བཀབ་ལ། འདི་ནི་ཟས་ལྷུང་བ་བཟེད་པར་བྱེད་པས་ལྷུང་བཟེད་ཅེས་བྱ་བ་ཁྱིམ་པའི་ཁ་ཕོར་དང་མུ་སྟེགས་ཀྱི་སློང་ཕོར་ལས་ཁྱད་པར་དུ་གྱུར་པ། རབ་ཏུ་བྱུང་བའི་སྣོད་སྤྱད་ཀྱི་རྟགས་ཁྱད་པར་ཅན་ཡིན། འདི་ཟས་ཀྱི་སྣོད་དུ་རུང་བ་བཞིན་དུ་རང་རྒྱུད་ཡོན་ཏན་གྱི་སྣོད་དུ་རུང་བར་བྱེད། འདིའི་ནང་ནས་ཟས་ལ་ལོངས་སྤྱོད་པ་བཞིན་དུ་ཆོས་ཀྱི་ཟས་ལ་ལོངས་སྤྱོད་པ་སོགས་ཡོན་ཏན་གྱི་བརྡར་གྱུར་པ་ཡིན། དེས་ན་བརྟུལ་ཞུགས་ཀྱི་ཡན་ལག་ཏུ་གནང་བ་ཡིན་པས་དགེ་སློང་གི་འཚོ་བའི་ཡོ་བྱད་ལྷུང་བཟེད་དུ་བྱིན་གྱིས་བརླབ་སྙམ་པས་ལད་མོ་མཛོད། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་སློང་བའི་སྣོད་དུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་ཐབས་ལེགས་བྱ། དེ་ནས་གདིང་བ་གཏད་ལ། འདི་གོས་ཀྱི་བྱེ་བྲག་ཆོས་གོས་གདིང་བ་ཞེས་བྱ་བ། ཁྱིམ་པའི་དཀར་པོ་དང་གང་ཟག་གི་ཁྲོ་བོ་ཕལ་ཆེར་མ་ཉམས་པ་དང་དགེ་འདུན་གྱི་རྩའི་གདན་མ་གཏོགས་པ་གནས་མལ་
༥༨༡ ཐམས་ཅད་ལ་འདིས་གཡོགས་ནས་ལོངས་སྤྱོད་དགོས་ཏེ། མདོར། དགེ་འདུན་གྱི་རྩྭའི་ཁྲི་དང་ཁྲིའུ་མ་གཏོགས་སྟན་ཡན་ཆད་ལ་དེ་མ་ཡིན་པའི་གདིང་བ་མེད་པ་དང་གདིང་གཡོག་ལ་ཡང་བར་ཆད་མ་བཅུག་པར་ཉེ་བར་སྤྱད་པར་མི་བྱའོ། །ཐམས་ཅད་ཀྱི་ཁྲ་བོ་ཕལ་ཆེར་མ་ཉམས་པ་ལ་ཡང་ངོ་། །ངན་དོན་དང་དྲི་མ་ཅན་གྱིས་མི་བྱ། །ཞེས་གསུངས་པས་སོ། །དེས་མཚོན་ནས། གཞན་གྱི་ལོངས་སྤྱོད་ལ་ཕངས་མེད་དུ་ལོངས་སྤྱོད་པ་སྤང་དགོས་སོ། །ཞེས་བརྗོད། ཆུ་ཚགས་གཏད་ལ། འདི་ནི་ཆུ་ཚགས་ཡིན། སངས་རྒྱས་ཀྱི་བསྟན་པ་སྙིང་རྗེས་ཁྱད་པར་དུ་བྱས་པ་ཡིན་པས། སེམས་ཅན་ཐམས་ཅད་ལ་གནོད་པ་གཞི་བཅས་ལས་བཟློག་དགོས། ཁྱད་པར་དུ་ཆུ་འདི་འབྲེལ་ཆེ། འབྱུང་ཉེ། ནང་ནུབ་ཏུ་ལོངས་སྤྱོད་དགོས་པས། སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་མི་སྤྱད་ཅིང་སྙིང་རྗེ་ཆེན་པོ་སྒོམ་པའི་དོན་ཡིན་པས་དེའི་ཆེད་དུ་འདི་ལྟ་བུ་ཡང་བཟུང་ཞིག་ཅེས་བརྗོད། །དེ་ནི་ཡོ་བྱད་མངོན་དུ་གྱུར་པར་བྱ་བའི་ཕྱིར་ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབས་ནས་སྦྱིན་པ་སྟེ། དེ་རྣམས་ཀྱིས་མཁན་པོས་བསྒྲུབ་པར་བྱ་བའི་ཆོས་རྣམས་རྫོགས་སོ། །སྦྱོར་བའི་ཆོས་གསུམ་པ་གསང་སྟོན་སྐོ་ཞིང་བར་ཆད་དྲི་བ་ལ་གཉིས། སྔོན་དུ་འགྲོ་བ་དང་། དངོས་གཞིའོ། །དང་པོ་ནི། སྔོན་དུ་མ་བྱས་ན་བཤགས་བསྡམ་བྱ་ཞིང་ལྟུང་བ་ཐུན་མོང་བ་རྣམས་བྱིན་གྱིས་བརླབ་པ་དང་གནས་ལ་བློ་མཐུན་བྱ་བའི་དོན་དུ་བསྒྲུབ་བྱ་བཀར་དགོས་པས་མཁན་པོས་རེ་ཞིག་དགེ་སློང་འདིའི་ཕྱིར་སོང་ཞིག་ཅེས་བརྗོད། གྲོགས་བྱེད་པའི་དགེ་སློང་དེས་ཀྱང་། བསྒྲུབ་བྱ་དེ་ཐོས་པའི་ཉེན་ཀོར་ནས་བཀར་ལ་མཐོང་བའི་ཉེན་ཀོར་དུ་ལངས་ཏེ་ཐལ་མོ་སྦྱར་ཁ་ཚུར་བསྟན་ནས་གདིང་བ་བཏིང་པའི་སྟེང་དུ་བཞག་ལ་རང་
༥༨༢ ཉིད་གྲལ་དུ་འཁོད་པར་བྱའོ། །དེ་ནས་ལས་བྱེད་པའམ་གང་ཡང་རུང་བ་ཅིག་གིས་འདི་སྐད་དུ། ཉེས་པ་མཐུན་པ་རྣམས་བྱིན་གྱིས་བརླབ་པའི་དོན་དུ་ཐུགས་མོས་པ་མཛད་པ་ཞུ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། །དེང་དགེ་འདུན་གྱི་བསྙེན་བར་རྫོགས་པའི་ཕྲིན་ལས་ལགས་ལ། བདག་ཅག་དགེ་སློང་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ། བདག་ཅག་ལས་དགེ་སློང་འགའ་ཞིག་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེད་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ། བསྙེན་པར་རྫོགས་པའི་ཕྲིན་ལས་མཛད་ལ། སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དེ་ནས་གནས་ལ་བློ་མཐུན་བྱ་སྟེ། བློ་མཐུན་གྱི་སྐབས་སུ་བྲག་ཕུག་ལྟ་བུར་བྱེད། གནས་ཐམས་ཅད་དུ་གྲུབ་པ་ཞེས་སམ། ལྗོན་ཤིང་ལྟ་བུ་ལ་མཚན་མ་བྱས་ནས་བྱེད་ན་གནས་ཐམས་ཅད་བགྱིས་པ་ཞེས་སམ། ཁང་པ་ལྟ་བུར་བྱེད་ན་གནས་ཐམས་ཅད་ལགས་པ་ཅེས་པའི་བྱེ་བྲག་ཤེས་པར་བྱས་ནས། གནས་ལ་བློ་མཐུན་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་
༥༨༣ པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ་གསོལ་བ་ཐལ་བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བཞེད་དེ། དེའི་སླད་དུ་དགེ་འདུན་གྱི་གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་མཛད་ལགས་ཏེ་འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ། །སྔར་གནས་ལ་བློ་མཐུན་བྱས་པ་མ་ཞིག་ན་བྱེད་མི་དགོས་སོ། །གཉིས་པ་ནི། དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསང་སྟེ་སྟོན་པའི་དགེ་སློང་ལ། མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བའི་གསང་སྟེ་སྟོན་པར་གསོལ་བ་བཏབ་པ་དེ་གང་ཡིན་ཞེས་དྲི་བར་བྱའོ། །གསང་སྟེ་སྟོན་པ་གང་ཡིན་པ་དེས། བདག་མིང་འདི་ཞེས་བྱ་བའོ། །ཞེས་བརྗོད་པར་བྱ་བའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསང་སྟེ་སྟོན་པ་ལ་སྤྲོ་བ་དྲི་བར་བྱ་སྟེ། །
༥༨༤ དགེ་སློང་མིང་འདི་ཞེས་བྱ་བ་ཁྱེད་མཁན་པོ་མིང་འདི་ཞེས་བྱ་བས། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ལ་གསང་སྟེ་སྟོན་པར་སྤྲོའམ། ཞེས་དྲི་བར་བྱའོ། །དེས་ཀྱང་སྤྲོའོ་ཞེས་བརྗོད་པར་བྱའོ། །དེ་ནས་དགེ་སློང་ལས་བྱེད་པས་གསང་སྟེ་སྟོན་པ་བར་ཆད་དྲིར་གཞུག་པའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བ་ནི། བསྒྲུབ་བྱ་ལ་ལྐོག་ཏུ་བར་ཆད་དྲི་བའི་ཕྱིར་གསང་སྟེ་སྟོན་པ་བསྐོ་བའི་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ། །འདི་ནི་གསོལ་བའོ། །དེ་ནི་གསང་སྟེ་སྟོན་པ་བསྐོ་བའི་ཆོ་ག་དང་ལས་སོ། །དེ་ནས་གསང་སྟེ་སྟོན་པ་ཕྱི་རོལ་དུ་སོང་སྟེ། བསྒྲུབ་བྱ་དེ་རང་ལ་ཕྱག་འཚལ་དུ་བཅུག །མདུན་དུ་ཙོག་པུར་ཐལ་མོ་སྦྱར་ཏེ་འདུག་པ་ལ། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་རྒྱུད་དག་པ་གལ་ཆེ་བས། བདག་གིས་ཁྱོད་ཀྱི་བར་ཆད་དྲི་བའི་ཕྱིར་ཡོངས་ཀྱི། དངོས་པོ་དང་མཐུན་པར་ལན་ཐོབ་ཅིག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་འདི་ནི་ཁྱོད་ཀྱི་བདེན་པའི་དུས་འདི་ནི་ཁྱོད་ཀྱི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲི་ཡི། ཁྱོད་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་སྐྱེས་པ་ཡིན་ནམ། དེས་སྐྱེས་པ་ལགས་ཤེས་བརྗོད་པར་བའོ། །སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ལྡན་ཞེས་བརྗོད་པར་བྱའོ། །ཁྱོད་ལོ་ཉི་ཤུ་ལོན་ནམ། །དེས་ལོན་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཕ་མ་གསོན་ནམ།
༥༨༥ གལ་ལ་ཏེ་གསོན་ཞེས་ཟེར་ན། ཁྱོད་ཕ་མས་གནང་ངམ། ཞེས་དྲི་བར་བྱའོ། །དེས་གནང་ཞེས་བརྗོད་པར་བྱའོ། །གལ་ཏེ་ཤི་ཟེར་ན། ཁྱོད་བྲན་མ་ཡིན་ནམ། རྐུས་པ་མ་ཡིན་ནམ། རྙེད་བརྩོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་སྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །དེས་མ་ལགས་ཤེས་བརྗོད་པར་བྱའོ། །ཁྱོད་ལ། ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། གལ་ཏེ་བུ་ལོན་ཆགས་སོ་ཞེས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ། ཞེས་དྲི་བར་བྱའོ། །གལ་ཏེ་མི་ནུས་ཟེར་ན། འོ་ན་སོང་ཞིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བསྙེན་པར་རྫོགས་ནས་བུ་ལོན་འཇལ་ནུས་ཟེར་ན། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །གལ་ཏེ་རབ་ཏུ་བྱུང་ངོ་ཞེས་ཟེར་ན། ཁྱོད་ལ་ཕམ་པར་འགྱུར་བའི་ལྟུང་བ་བཞི་པོ་དག་ལས་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། ཁྱོད་བབས་པ་ན་བསླབ་པ་ལེགས་པར་ཕུལ་ལམ་ཞེས་དྲི་བར་བྱའོ། །གལ་ཏེ་ལྟུང་བ་བྱུང་ངོ་ཞེས་ཟེར་ན། འོ་ན་སོང་ཞིག་ཅེས་བརྗོད་པར་བྱའོ། །གལ་ཏེ་མ་བྱུང་ངོ་ཞེས་
༥༨༦ ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་བ་ཡིན་ནམ། ཞེས་བརྗོད་པར་བྱའོ། །གལ་ཏེ་བདག་རབ་ཏུ་བྱུང་ཞེས་ཟེར་ན། ཁྱོད་ཀྱིས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ། ཞེས་བརྗོད་པར་བྱའོ། །དེས་ལེགས་པར་སྤྱད་ཅེས་བརྗོད་པར་བྱའོ། །ཁྱོད་ཀྱི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི། ཁྱོད་ཀྱི་མཁན་པོའ་མིང་ཅི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བདག་གི་མཁན་པོའ་མིང་འདི་ཞེས་བགྱི་བ་ལགས་སོ་ཞེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང་འབྲས་དང་ཕོལ་མིག་དང་འབྲུམ་བྲན་དང་ཤ་བཀྲ་དང་ཁྱི་རྡོ་དང་གཡའ་བ་དང་ཀློག་པ་དང་རྐང་ཤུ་དང་སྐེམ་ནད་དང་སྐེམ་པ་དང་བརྗེད་བྱེད་དང་བཀྲེས་ངབ་དང་སྐྱ་རྦབ་དང་རྐང་བམ་དང་མཚན་པར་རྡོལ་བ་དང་རིམས་དང་རིམས་དྲག་པོ་དང་ཉིན་གཅིག་པ་དང་ཉིན་གཉིས་པ་དང་ཉིན་གསུམ་པ་དང་ཉིན་བཞི་པ་དང་འདུས་པ་དང་རིམས་ཉིན་རེ་བ་དང་རྟག་པའི་རིམས་དང་རིམ་སྡང་དུབ་པ་དང་ཤུ་བ་དང་གསུད་པ་དང་སྐྱིགས་བུ་དང་ལུད་པ་དང་དབུགས་མི་བདེ་བ་དང་ལྷོག་པ་དང་ཡན་ལག་ཏུ་ཟུག་པ་དང་སྐྲན་དང་ཁྲག་ནད་དང་མཁྲིས་ནད་དང་གཞད་འབྲུམ་དང་སྐྱུག་བྲོ་བ་དང་ཆུ་འགགས་པ་དང་ངལ་བ་དང་ལུས་ཚ་བ་དང་རྩིབ་ལོགས་ཚ་བ་དང་རུས་པ་ལ་ཟུག་པ་སྟེ་ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་འདི་ལྟ་བུ་གཞན་དག་ཀྱང་ཁྱེད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཤེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །ཁྱོད་ལ་ད་ལྟར་ངས་གང་དྲིས་པ་དེ་དགེ་འདུན་གྱི་དབུས་སུ་ཡང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཁྱོད་ལ་དྲི་ཡིས། དེར་ཡང་ཁྱོད་ཀྱིས་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་ཡང་མ་ཡིན་ཞེས་སྨྲོས་ཤིག །ཁྱོད་མ་བོས་ཀྱི་བར་དུ་མ་འོང་བར་སྡོང་ཅི་གཅེས་བརྗོད། །སྔར་བཞིན་བླང་ངོ་། །དེ་ནི་གསང་སྟེ་སྟོན་པའོ། །དེའི་འོག་ཏུ་གསང་སྟེ་སྟོན་པའི་དགེ་སློང་གིས་དགེ་འདུན་གྱི་མཐའ་ལོགས་སུ་འགྲེང་སྟེ་
༥༨༧ འདུད་པ་དང་བཅས་པས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་གིས་མཁན་པོ་མིད་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་ན། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་མཆི་ཞིག་གམ། ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ། །ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་སྐད་ཅེས་བརྗོད་ན་དེ་ལྟར་ལེབས། གལ་ཏེ་མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནི་འོང་བ་ཞུ་བའོ། །དེ་ནས་བསྒྲུབ་བྱ་ལ། དགེ་འདུན་གྱིས་གནང་གིས་ཤོག་ཅིག་ཅེས་བརྗོད། ནང་དུ་འོངས་ཏེ། ཕྱག་འཇུག་པའི་གསུམ་འཚལ་ནས་འདུག་དུ་བཅུག་གོ །དེ་ནི་ཡོངས་སུ་དག་པ་མངོན་དུ་འགྱུར་མི་འགྱུར་བརྟག་པའི་ཕྱིར་གསང་སྟོན་སྐོས་ནས་ལྐོག་ཏུ་བར་ཆད་དྲིས་ཏེ་དག་པ་གོ་བར་བྱས་ནས་འོང་བ་ཞུས་ཏེ་དགེ་འདུན་གྱི་ནང་དུ་གཞུག་པའོ། །བཞི་པ་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་བ་གདབ་པ་ནི། ལས་བྱེད་པའི་སློབ་དཔོན་གྱིས་བསྒྲུབ་བྱ། སངས་རྒྱས་དང་ཆོས་དང་དགེ་འདུན་དང་རང་ལ་ཕྱག་གསུམ་གསུམ་འཚལ་དུ་བཅུག་ནས། ཕ་གུའི་སྟེང་དུ་རྩྭ་བ་ཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པུར་ཐལ་མོ་སྦྱར་ཏེ་འདུག་ཅིག་ཅེས་བསྒོས་ནས། ཁྱོད་བསྙེན་པར་རྫོག་པ་བསྒྲུབ་པ་ལ་དགེ་འདུན་ལ་གསོལ་བ་འདེབས་པར་བྱེད་དགོས་ཏེ། མདོ་རྩ་བ་ལས། དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ། །ཞེས་གསུངས་པས། དགེ་འདུན་ཡུལ་དབུས་སུ་འདུལ་བ་འཛིན་པ་དང་བཅུ། མཐའ་འཁོབ་དུ་ལྔའི་གྲངས་ཚང་། མཚན་ཉིད་དང་ལྡན་པ་ལམ་འདུས་པ་དང་འདུས་པ་ཕྱིར་ལོག་མི་མཐུན་པ་གཉིས་མེད་པ་བཞུགས་པའི་དྲུང་དུ་གསོལ་བ་འདེབས་དགོས་པས། གསོལ་བ་འདེབས་པའི་ཚིག་ལ་ཟུར་ལྔ་ཡོད་པའི་དང་པོ་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་པའི་དོན་ནི། བསྙེན་རྫོགས་ཀྱི་སྐད་དོད། ཨུ་པ་
༥༨༨ ་ཞེས་པའི་ཨུ་པ་ནི་ཉེ་བ། རྫོགས་པ་སྟེ། དེ་མི་ཟད་པའི་ཚིག་སྡུད་ཡིན་པས། རྫོགས་པ་དང་ཉེ་བས་བསྙེན་པར་རྫོགས་པའོ། །དེ་བས་རྫོགས་པ་ནི་མྱ་ངན་ལས་འདས་པ། དེ་དང་ཁད་ཉེ་བའི་དགེ་སློང་གི་སྡོམ་པ་ན་རྫོགས་པར་བསྙེན་པ་སྟེ། དེའི་ཕྱིར་ཡོན་ཏན་ཐམས་ཅད་དང་ལྡན་པ་རྫོགས་པའི་བྱང་ཆུབ་ལ་བསམ་པ་དང་སྦྱོར་བ་བསྙེན་པའི་དོན་དུ་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་བྱ་བ་དང་། གཉིས་པ་དྲང་བར་མཛད་དུ་གསོལ། ཞེས་པ་ནི། འཁོར་བའི་གནས་ནས་ཐར་པའི་གནས་སུ་དྲང་དུ་གསོལ་ཞེས་བྱ་བ་དང་། གསུམ་པ་རྗེས་སུ་གཟུང་དུ་གསོལ། ཞེས་པ་ནི། བསྙེན་པར་རྫོགས་པའི་ཡོན་ཏན་ཅན་དུ་རྗེས་སུ་གཟུང་དུ་གསོལ་ཞེས་བྱ་བ་དང་། བཞི་པ་རྗེས་སུ་བསྟན་དུ་གསོལ། ཞེས་པ་ནི། ལམ་དང་ལམ་མ་ཡིན་པ་རྗེས་སུ་བསྟན་དུ་གསོལ་ཞེས་བྱ་བ་དང་། ལྔ་པ་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ཞེས་པ་ནི། རྙེད་པ་དང་བཀུར་བསྟི་ལ་མི་གཟིགས་པར་ཐུགས་བརྩེ་བས་དགེ་སློང་གི་སྡོམ་པ་གནང་དུ་གསལ་ཞེས་པའི་དོན་ཡིན་པས་དེ་ལྟར་དུ་གསོལ་བ་གདབ་སྙམ་པ་གྱིས་ལ་ལད་མོ་མཛོད། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་དྲང་བར་མཛད་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རྗེས་སུ་གཟུང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་
༥༨༩ བརྩེ་བར་མཛད་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་བསྙེན་པར་རྫོགས་པར་གསོལ་བའོ། །ལྔ་པ་དགེ་འདུན་གྱི་ནང་དུ་བར་ཆད་དྲི་ཞིང་གསོལ་བ་འབའ་ཞིག་གི་ལས་བྱ་བ་ནི། ལས་བྱེད་པས། དགེ་འདུན་ཐུགས་ཆེས་པའི་ཆེད་དུ་ནང་དུའང་བར་ཆད་དྲི་དགོས། དེ་ལ་སྔོན་འགྲོ་གསོལ་བའི་ལས་བགྱི་བ་ལགས་པས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་ཐུགས་གཏད་པར་ཞུ། ཁྱེད་རང་རྗེས་ཟློས་བྱ་མི་འཚལ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། བདག་གིས་དགེ་འདུན་གྱི་ནང་དུ་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་དྲི་བར་བྱའོ། །འདི་ནི་གསོལ་བའོ། །དེ་ནི་ནང་དུ་བར་ཆད་ཀྱི་ཆོས་དྲི་བར་གསོལ་བའི་ཆོ་ག་དང་ལས་སོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བར་བྱའོ། །འདི་ལྟར་དྲི་བར་བྱ་སྟེ། ལས་བྱེད་པ་ལ་ཕྱག་གསུམ་འཚལ་དུ་བཅུག་ནས། མདུན་དུ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་ཕུར་འདུག་སྟེ་ཐལ་མོ་སྦྱར་དུ་བཅུག་ནས། དེ་ནས་ལས་བྱེད་པའི་སློབ་དཔོན་གྱིས་ནང་དུ་བར་ཆད་དྲི་བ་ནི། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་དེ་རྒྱུད་དག་པ་ལས་སྐྱེ་བ་ཡིན། དེ་ཡང་བར་ཆད་ཅན་བསྙེན་པར་རྫོགས་ན་སྡོམ་པ་མི་སྐྱེ་བའམ་སྐྱེས་ཀྱང་མི་གནས་པ་ལ་སོགས་པས་ཁྱོད་ལ་ཕན་མི་ཐོགས། བསྙེན་རྫོགས་བྱེད་མཁན་ལ་ཉེས་པ་འབྱུང་། བར་ཆད་མེད་ན་སྡོམ་པ་སྐྱེ་ཞིང་གནས་པ་སོགས་ཁྱོད་ཀྱིས་དོན་ཆེན་པོ་འགྲུབ། ངེད་ཀྱིས་ཀྱང་སྟོན་པ་ལ་བྱ་བ་བྱས་ཤིང་བསྟན་པ་ལ་ཕན་བཏགས་
༥༩༠ པ་ཡིན། གསང་སྟེ་སྟོན་པས་ལྐོག་ཏུ་དྲིས་མོད་ཀྱི་བར་ཆད་བློ་བུར་དུ་བྱུང་ཡང་སྲིད་འགའ་ཞིག་མ་དྲན་པ་ཡང་སྲིད་གཙོ་བོར་དགེ་འདུན་ཐུགས་ཆེས་པའི་དོན་དུ་ངས་ཀྱང་དྲི་བར་བྱེད་པས་ལན་ཐོབ་ཅིག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། །འདི་ནི་ཁྱོད་ཀྱི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲི་ཡིས། །ཁྱོད་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་སྐྱེས་པ་ཡིན་ནམ། དེས་ཀྱང་སྐྱེས་པ་ལགས་ཤེས་བརྗོད་པར་བྱའོ། །སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ལྡན་ཞེས་བརྗོད་པར་བྱའོ། །ལོ་ཉི་ཤུ་ལོན་ནམ། །དེས་ལོན་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཕ་མ་གསོན་ནམ། གལ་ཏེ་གསོན་ཞེས་ཟེར་ན། ཁྱོད་ཕ་མས་གནང་ངམ་ཞེས་དྲི་བར་བྱའོ། །དེས་གནང་ཞེས་བརྗོད་པར་བྱའོ། །གལ་ཏེ་ཤི་ཟེར་ན། ཁྱོད་བྲན་མ་ཡིན་ནམ། རྐུས་པ་མ་ཡིན་ནམ། རྙེད་བརྩོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བརྩོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་སྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་
༥༩༡ ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟིགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །དེས་མ་ལགས་ཤེས་བརྗོད་པར་བྱའོ། །ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། གལ་ཏེ་བུ་ལོན་ཆགས་སོ་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ། ཞེས་དྲི་བར་བྱའོ། །གལ་ཏེ་མི་ནུས་ཞེས་ཟེར་ན། འོ་ན་སོང་ཞིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བསྙེན་པར་རྫོགས་ནས་འཇལ་ནུས་ཟེར་ན། །ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །གལ་ཏེ་རབ་ཏུ་བྱུང་ངོ་ཞེས་ཟེར་ན། །ཁྱོད་ལ་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཅིག་བྱུང་བ་མ་ཡིན་ནམ། ཞེས་བརྗོད་པར་བྱའོ། །ཁྱོད་བབས་པ་ན་བསླབ་པ་ལེགས་པར་ཕུལ་ལམ་ཞེས་དྲི་བར་བྱ་བྱའོ། །གལ་ཏེ་ལྟུང་བ་བྱུང་ངོ་ཞེས་ཟེར་ན། འོ་ན་སོང་ཞིག་ཅེས་བརྗོད་པར་བྱའོ། །གལ་ཏེ་མ་བྱུང་ཞེས་ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་བ་ཡིན་ནམ། ཞེས་དྲི་བར་བྱའོ། །གལ་ཏེ་བདག་རབ་ཏུ་བྱུང་བ་ཡིན་ཟེར་ན། །ཁྱོད་ཀྱིས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ། ཞེས་དྲི་བར་བྱའོ། །དེས་ལེགས་པར་སྤྱད་ཅེས་བརྗོད་པར་བྱའོ། །ཁྱོད་ཀྱི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི། ཁྱོད་ཀྱི་མཁན་པོའ་མིང་ཅི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བདག་གི་མཁན་པོའ་མིང་འདི་ཞེས་བགྱི་བ་ལགས། ཞེས་བརྗོད་པར་བགྱིའོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང་འབྲས་དང་ཕོལ་མིག་དང་འབྲུམ་ཕྲན་དང་ཤ་བཀྲ་དང་ཁྱི་རྡོ་དང་གཡའ་བ་དང་ཀློག་པ་དང་རྐང་
༥༩༢ ཤུ་དང་སྐེམ་ནད་དང་སྐེམ་པ་དང་བརྗེད་བྱེད་དང་བཀྲེས་ངབ་དང་སྐྱ་རྦབ་དང་རྐང་པ་མ་དང་མཚན་བར་རྡོལ་བ་དང་རིམས་དང་རིམས་དྲག་པོ་དང་ཉིན་གཅིག་པ་དང་ཉིན་གཉིས་པ་དང་ཉིན་གསུམ་པ་དང་ཉིན་བཞི་པ་དང་འདུས་པ་དང་རིམས་ཉིན་རེ་བ་དང་རྟག་པའི་རིམས་དང་རིམས་ལྡང་དུབ་པ་དང་ཤུ་བ་དང་གསུད་པ་དང་སྐྱིགས་བུ་དང་ལུད་པ་དང་དབུགས་མི་བདེ་བ་དང་ལྷོག་པ་དང་ཡན་ལག་ཏུ་ཟུག་པ་དང་སྐྲན་དང་ཁྲག་ནད་དང་མཁྲིས་ནད་དང་གཞང་འབྲུམ་དང་སྐྱུག་བྲོ་བ་དང་ཆུ་འགགས་པ་དང་ངལ་བ་དང་ལུས་ཚ་བ་དང་རྩི་བ་ལོགས་ཚ་བ་དང་རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་དག་ལས་གང་ཡང་རུང་བ་དང་འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཤེས་བརྗོད་པར་བྱའོ། །དེ་ནི་ནང་དུ་བར་ཆད་དྲི་བའོ། །དེ་ལྟར་སྦྱོར་བའི་ཆོ་ག་སྔོན་དུ་སོང་ནས། གཉིས་པ་དངོས་གཞིའི་ཆོ་ག་ལ། དགེ་སློང་གི་སྡོམ་པ་དེ་ཡང་ལུང་གཅིག་ལས་འཕྲོས་པ་ལས་མངོན་དུ་གྱུར་བ་རྣམ་པ་བཅུ་ལས་སྐྱེ་བར་གསུངས་ཏེ། དེ་ཡང་སྡོམ་ནི། སངས་རྒྱས་ཆོས་དང་དགེ་འདུན་དང་། མཁན་པོ་སློབ་དཔོན་བསྙེན་རྫོགས་འདོད། །ཡོ་བྱད་ཡོངས་སུ་དག་པ་དང་། །གསོལ་དང་ལས་ནི་མངོན་སུམ་མོ། །ཞེས་བསྡུས་པའི་དོན་འགལ་རྐྱེན་སྤངས། མཐུན་རྐྱེན་ཚོགས་པ་ལ་ཚང་མོད་ཀྱང་རེ་རེ་ནས་གོ་བར་བྱས་ན། དངོས་སུ་ཡུལ་མཐུན་པའི་རྐྱེན་བསྟན་པའི་མངའ་བདག་དེ་བཞིན་གཤེགས་པ་མི་བཞུགས་ཀྱང་དོན་བྱེད་ནུས་པའི་སྐུ་རབ་ཏུ་གནས་པ་དང་ལྡན་པ་བྱིན་བརླབས་ཀྱི་གཟི་འོད་རབ་ཏུ་འབར་བ་བཞུགས་པས་འདི་ལ་སྟོན་པ་སངས་རྒྱས་དངོས་ཡིན་སྙམ་པའི་འདུ་ཤེས་གྱིས་ཤིག །ཆོས་ལུང་སྡེ་སྣོད་གསུམ་གྱི་གླེགས་བམ་དང་དགེ་འདུན་གྱི་ཐུགས་རྒྱུད་ལ་ཡང་ལུང་དང་རྟོགས་པའི་ཆོས་ཅི་རིགས་སུ་བཞུགས་ཤིང་ལས་ཀྱི་ཆོ་ག་དངོས་སུ་ཡོད་པས་ཆོས་མངོན་དུ་གྱུར་པ་ཚང་། དགེ་འདུན་ལ་གྲངས་ཚང་བ། ཁ་སྐོང་
༥༩༣ གི་ཆོས་དང་ལྡན་པ། མི་མཐུན་པ་གཉིས་དང་བྲལ་བ་དགོས་པ་ལས། དང་པོ་ནི། མདོ་རྩར། དགེ་འདུན་དུ་མ་གྱུར་པས་མི་བྱའོ། །ཞེས་ལས་སོ་སོའ་གྲངས་སུ་ལོངས་དགོས་པར་གསུངས་པས། བསྙེན་རྫོགས་ལ་དབུས་སུ་བཅུ་སོགས་དང་། མཐའ་འཁོབ་དུ་མེད་ན་འདུལ་བ་འཛིན་པ་དང་ལྔས་ཀྱང་རུང་བས། མཐའ་དབུས་ཀྱི་མཚམས། ཤར་དུ་ལི་ཁ་རའི་ཤིང་ཚང་ཚིང་ཅན་གྱི་ནགས། ལྷོ་ན་ཆུ་ཀླུང་འདམ་བུ་ཅན། ནུབ་ན་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ། བྱང་ན་ཨུ་ཤི་རའི་རི་སྟེ། དེ་རྣམས་ཀྱི་ནང་ནི་དབུས་དང་ཕྱི་རོལ་ནི་མཐའ་འཁོབ་ཡིན་ནོ། །གཉིས་པ་ཁ་སྐོང་གི་ཆོས་ནི། མི་འདུག་པར་འགྲེང་བ་མ་ཡིན། གང་ལ་བྱ་བ་མ་ཡིན། འདུན་པ་དང་ཡོངས་དག་གི་ཆོ་ག་ལས་མ་ཡིན། མ་རྫོགས་པ་མ་ཡིན། ཉམས་པ་མ་ཡིན། མཚམས་མེད་བྱས་པ་མ་ཡིན། སྡིག་ལྟ་ཅན་མ་ཡིན། ས་གཞན་ན་གནས་པ་མ་ཡིན། ཐ་དད་དུ་གནས་པ་མ་ཡིན། འཁྲུལ་བཅས་མ་ཡིན། མཚམས་གཞན་ན་གནས་པ་མ་ཡིན། དཀོན་མཆོག་གཞན་མ་ཡིན། རང་བཞིན་དུ་མི་གནས་པ་མ་ཡིན། མཚན་མི་མཐུན་པ་མ་ཡིན་པ་སྟེ། བཅུ་བཞི་ལས་ཆོས་ཕྱོགས་པས་ལས་བྱེད་ན་ཐ་དད་དུ་གནས་པ་མ་གཏོགས་གཞན་བཅུ་གསུམ། ཆོས་མིན་ཕྱོགས་པས་ལས་བྱེད་ན་སྡིག་ལྟ་ཅན་མ་ཡིན་པ་མ་གཏོགས་གཞན་བཅུ་གསུམ་ཚང་དགོས་ལ། འདི་ཆོས་ཕྱོགས་པའི་ལས་ཡིན། བཅུ་གསུམ་པོ་དེའི་ནང་ནས་འཁྲུལ་བཅས་མ་ཡིན་པ་ནི་བསྡམ་བྱ་ཉེས་བཅས་ཚུན་ཆད་ཀྱིས་མ་གོས་པ་ཞིག་དགོས་ལ། ད་ནི་ལྟུང་མཐུན་བྱིན་བརླབས་བྱས་པས་ཚང་སྟེ། མདོ་རྩར་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ། །ཞེས་གསུངས་པས་སོ། །གསུམ་པ་མི་མཐུན་པ་གཉིས་དང་བྲལ་བ་ལ། མ་འདུས་པའི་མི་མཐུན་པ་དང་། འདུས་པ་ཕྱིར་ལོག་གི་མི་མཐུན་པ་གཉིས་ལས། དང་པོ་ནི། འདུ་བར་འོས་པ་ཐམས་ཅད་འདུས་པས་མ་འདུས་པའི་མི་མཐུན་པ་མེད་ལ། གཉིས་པ་ནི། ཆོས་ལྡན་གྱི་ལས་ལ་དགེ་སློང་ཆོས་དྲུག་ལྡན་གྱིས་ལས་འདི་བྱ་བར་མི་འོས་སོ་ཞེས་བཟློག་ན་ལས་མི་ཆགས་
༥༩༤ མདོ་ཀྱང་དགེ་སློང་ཐམས་ཅད་ཅང་མི་གསུང་བའི་ཚུལ་གྱིས་གནང་བ་སྟེར་བར་མཛད་པས། ཕྱིར་བཟློག་གི་མི་མཐུན་པ་ཡང་མེད་པ་སྟེ། དེ་ལྟར་ན། དགེ་འདུན་གྲངས་ཚང་མཚན་ཉིད་དང་ལྡན་པ་མ་འདུས་པ་དང་འདུས་པ་ཕྱིར་ལོགས་མེད་པར་ཕུན་སུམ་ཚོགས་པ་མངོན་དུ་གྱུར་བ་ཡིན། མཁན་པོ་བཙུན་པ་བརྟན་པ་དང་མཁས་ཤིང་ཕན་ཐོགས་པའི་མཚན་ཉིད་གཉིས་ལྡན་ཡན་ལག་དང་བཅས་པ་གསོལ་བ་བཏབ་པ་སྔོན་དུ་སོང་བ་ཚང་། སློབ་དཔོན་གཉིས་ལས། གསང་སྟེ་སྟོན་པ་ནི་དགེ་སློང་གི་སྡོམ་པ་དང་ལྡན་ཞིང་རང་གི་བྱ་བ་ལ་མཁས་པ་ལ། མཁན་པོས་གསོལ་བ་བཏབ། དགེ་འདུན་གྱིས་ལས་ཀྱིས་བསྐོས་ཤིང་ཆགས་པ་ཞིག་དགོས་ནའང་། ཁོང་གིས་མཛད་པས་དེ་ཐམས་ཅད་དང་ལྡན་ཞིང་བཟང་བར་མངོན་དུ་གྱུར། ལས་བྱེད་པའི་སློབ་དཔོན་དགེ་སློང་གི་སྡོམ་པ་དང་ལྡན་ཞིང་ཁ་སྐོང་བར་འོས་པ། དགེ་འདུན་གྱི་དབུས་སུ་ལས་ཀྱིས་ཆོ་ག་ཚིག་ཕྱེད་ཀྱང་མ་འཁྲུལ་བར་བློ་ལ་ཐོན་ཞིང་བརྡ་སྤྲོད་ནུས་པ་ལ་མཁན་པོས་ཚིག་གིས་བསྐོས་བཞག་དགོས་ནའང་། ཁོ་བོས་བགྱིད་པས་ཚང་། དེ་ལྟར་མཁན་སློབ་དགེ་འདུན་དང་བཅས་པ་ལ། བསམ་པའི་ཡན་ལག་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བསྒྲུབ་བྱ་དེ་ལ་ཕན་སེམས་ཀྱིས་ཀུན་ནས་སླང་སྟེ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་ཟིན་པ་ཞིག་དགོས་ཏེ། དེ་ཐམས་ཅད་ཚང་བས། གང་ལ་བླང་བའི་ཡུལ་རྣམས་ལེགས་པར་ཚང་གདའ། བསྙེན་པར་རྫོགས་འདོད་མངོན་དུ་གྱུར་པ་ནི། ལེན་པར་འདོད་པའི་རྟེན་གྱི་གང་ཟག་ལ་ལུས་མཐུན་པའི་རྐྱེན་གླིང་གསུམ་དུ་སྐྱེས་ཤིང་དབང་པོ་ཚང་ལ་ལོ་ཉི་ཤུ་ལོན་པ་དང་རྒྱུད་ཚོགས་སུ་མ་ཚང་བ་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་བཞིན་པ་མ་ཡིན་པ་དང་། ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་ན་ཚིགས་སྔ་མ་དགེ་ཚུལ་ཡན་ཆད་སྔོན་དུ་སོང་ནས་ཆགས་པ། བསམ་པ་བརྡ་ཤེས་ཤིང་དོན་གོ་བ་དགོས་ནའང་། ཁྱེད་བསྙེན་པར་རྫོགས་འདོད་པ་མཚན་ཉིད་དང་ལྡན་པ་མངོན་དུ་གྱུར་གདའ། ཡོ་བྱད་མཐུན་པའི་རྐྱེན་ནི། ཆོས་གོས་གསུམ་རུང་བ་ཚད་ལྡན་མཁན་པོས་བྱིན་
༥༩༥ གྱིས་བརླབས་ཤིང་གནང་བ་དང་ལྷུང་བཟེད་མཚན་ཉིད་དང་ལྡན་པ་དགེ་འདུན་ལ་བསྟན་ཅིང་མཁན་པོས་བྱིན་གྱིས་བརླབས་ནས་གནང་བ་དང་། འདི་ར་བ་ཆུ་ཚགས་རུང་བ་ཚད་ལྡན་མཁན་པོའ་ཚིག་གིས་བྱིན་པ་དང་ལྡན་པ་སྐབས་འདིར་ཚང་གདའ། ཡོངས་སུ་དག་པ་མངོན་དུ་གྱུར་པ་ནི། འགལ་རྐྱེན་བར་ཆད་མེད་པ་ཅིག་དགོས་ནའང་། གསང་སྟེ་སྟོན་པའི་སློབ་དཔོན་དང་། ངེད་ཀྱིས་བར་ཆོད་ལེགས་པར་དྲིས་ཤིང་། རྒྱུད་དག་པ་མངོན་དུ་གྱུར་པ་ཡིན། ཆོ་ག་མཐུན་པའི་རྐྱེན་གསོལ་བ་དང་ལས་མངོན་དུ་གྱུར་པ་ནི། སྦྱོར་བའི་ཆོ་ག་གྲུབ་ཟིན་ཅིང་དངོས་གཞི་དང་རྗེས་རིམ་པས་འབྱུང་བས། དངོས་གཞིའི་སྐབས་འདིར་བསམ་པ་མཐུན་པའི་རྐྱེན་ལ། ལེན་པར་འདོད་པའི་རྒྱུ་ཀུན་སློང་། དངོས་གཞི་ཐོབ་ཤེས་ཀྱི་ནུས་ལྡན། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་ཟིན་པ། ངེས་པ་ལྔ་དང་བྲལ་བ་སྟེ་བཞི་དགོས་པ་ལས། དང་པོ་ནི། མདོ་རྩ་བ་ལས། བཞད་གད་ཀྱི་དངོས་པོས་ནི་གང་དུ་ཡང་མི་འགྱུར་རོ། །ཞེས་དང་། མི་ནོད་ན་བྱིན་པ་མ་ཡིན་ནོ། །ཞེས་གསུངས་པས། ཞེ་ཐག་པ་ནས་ལེན་པར་འདོད་ཅིང་འདུན་པ་ཅིག་དགོས་ལ། སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ་ཉམས་ན་མི་སྐྱེའོ་ཞེས་འབྱུང་བས། སྡོམ་པ་མ་སྐྱེས་པར་རྒྱུན་མ་ལོག་པ་ཅིག་དགོས། གཉིས་པ་ནི། འདུལ་བ་གཏམ་གྱི་གཞི་ལས། གང་ཟག་གསུམ་བསྙེན་པར་མ་རྫོགས་ཤེས་བྱ་སྟེ། བདག་གི་མིང་མི་བརྗོད། མཁན་པོའ་མིང་མི་བརྗོད། བསྙེན་པར་རྫོགས་པར་མི་ཤེས་པའོ། །ཞེས་འབྱུང་བས། གསོལ་བའི་ལས་གཅིག་དང་བརྗོད་པའི་ལས་གཉིས་སྔོན་དུ་སོང་ཞིང་། གསུམ་པའི་སྐབས་སུ། ངོ་བོ་བརྗོད་པ་དང་བྱ་བ་བརྗོད་པ་ཡང་སོང་། བྱེད་པ་བརྗོད་པ་འབྱུང་བའི་དེའི་སླད་དུ་ཞེས་བྱ་བའི་སྐབས་སུ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་སྡོམ་པ་སྐྱེ་བས་སྐྱེ་བར་གོ་བ་ཅིག་དགོས་པ་ཡིན། གཞན་ཡང་། དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བ་དང་མཁན་པོ་དགེ་སློང་མ་ཡིན་པར་ཤེས་པ་དང་དགེ་སློང་གི་དངོས་པོ་མི་འདོད་པའི་སེམས་
༥༩༦ ཀྱིས་མཁན་པོ་ཕྱིར་སྤོང་བ་ལྟ་བུ་མི་མཐུན་པའི་སེམས་ཀྱང་མ་སྐྱེས་པ་ཅིག་དགོས་སོ། །གསུམ་པ་ནི། མྱ་ངན་ནི་འཁོར་བའི་མིང་སྟེ། ཁམས་གསུམ་པོ་ཐམས་ཅད་མ་རིག་པ་ལ་བརྟེན་པའི་འདུ་བྱེད་ཀྱི་སྡུག་བསྔལ་དང་མཐོ་རིས་སུ་སྐྱེས་ཀྱང་བདེ་བ་མི་རྟག་པར་འགྱུར་བའི་སྡུག་བསྔལ་དང་ངན་སོང་གསུམ་པོ་ནི་སྡུག་བསྔལ་ལས་ཀྱང་སྡུག་བསྔལ་དང་ལྡན་པས་མྱ་ངན་གྱི་གནས་ཡིན་ལ། དེ་ལས་འདས་པ་བྱང་ཆུབ་རྣམ་པ་གསུམ་ཡིན་ཀྱང་བསམ་པ་ཡར་ལྡན་དུ་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེ་ཐོབ་པར་བྱེད་པའི་རྟེན་ཤེས་རབ་དང་ཏིང་ངེ་འཛིན་གྱི་གཞིར་གྱུར་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ཏེ། ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞིན་དུ། ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཤེས་འབྱུང་བས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བླང་སྙམ་པའི་བསམ་པ་རྩེ་ཅིག་པ་མཛོད་ཅིག །བཞི་པ་ནི། ཚེ་ངེས་པ་འཐབ་མོའ་ཚེ་བསྲུང་མི་ནུས་གཞན་གྱི་ཚེ་བསྲུང་སྙམ་ནའང་གེགས་བྱེད་པས་ཚེ་ངེས་མེད་དུ་བསྲུང་། དུས་དབྱར་བསྲུང་དགུན་བསྲུང་མི་ནུས་སྙམ་ནའང་གེགས་བྱེད་པས་དུས་ངས་མེད་དུ་བསྲུང་། ཡུལ་ཕྱོགས་ངེས་པ་དང་བྲལ་ཏེ་ཕྱོགས་ཐམས་ཅད་དུ་བསྲུང་། གང་ཟག་དགྲ་གཉེན་མེད་པ་ཐམས་ཅད་ལ་བསྲུང་། ཡན་ལག་ངེས་པ་དང་བྲལ་ཏེ་སྡོམ་པའི་མི་མཐུན་ཕྱོགས་ཐམས་ཅད་བསྲུང་སྙམ་དུ་བྱ་དགོས་པས་དེ་བཞིན་དུ་མཛོད། །ཧྲིལ་གྱིས་དྲིལ་ན། མཁན་སློབ་དགེ་འདུན་དང་བཅས་པ་ལ་སེམས་དང་བའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་བསྙེན་རྫོགས་ཀྱི་སྡོམ་པ་བླངས་ལ་མ་ཤིའི་བར་དུ་བསྲུང་སྙམ་པས་སེམས་མ་ཡེངས་པ་གྱིས་ལ་ལད་མོ་བྱ་མི་འཚལ། དགེ་འདུན་རྣམས་ཀྱིས་སྤྱོད་ལམ་བསྟུན་ཐུགས་དགོངས་གསུམ་པོ་གསལ་བཏབ་ནས། གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་ཞིང་ལྷག་ཆད་གང་བྱུང་གསོ་བར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།
༥༩༧ མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་ཏེ། །སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིས་ཏེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། །གསོལ་བ་ཐལ། ལས་འདི་ལྟར་བྱ་སྟེ། བརྗོད་པའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། །འདིའི་ཆོས་གོས་གསུམ་དང་། ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་
༥༩༨ པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་གིས་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་ཏེ། དང་པོའ་མཇུག་ཏུ་བརྗོད་པ་དང་པོ་ཐལ་གཉིས་པ་ལ་ཐུགས་གཏད་པར་ཞུ་ཞེས་མཚམས་སྦྱར། གསུམ་པ་ལ་འཇུག་པའི་ཚེ་ཐོབ་ཤེས་ནུས་ལྡན་དྲན་པ་གསོ་བར་བྱ་སྟེ། དེ་ཡང་མདོ་རྩ་བ་ལས། བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ། །ཞེས་གསུངས་པས་བརྗོད་པ་འདི་ལ། །ངོ་བོ་བརྗོད་པ། བྱ་བ་བརྗོད་པ། བྱེད་པ་བརྗོད་པ་ཞེས་ཆ་གསུམ་དུ་ཡོད་པའི། དབུ་ནས་ཁོ་ན་ཉིད་མཆིན་ཞེས་པའི་བར་དང་པོ་དང་། མིང་འདི་ནས་གསོལ་ནའི་བར་གཉིས་པ་དང་། དེའི་སླད་དུ་མན་གསུམ་པ་ཡིན་པས། བརྗོད་པ་གཉིས་པ་རྫོགས་པ་གསོལ་ན་ཞེས་པ་འགགས་པ་དང་མཉམ་དུ་ཁྱེད་ལ་སྡོམ་པ་སྐྱེ། ངེད་སློབ་དཔོན་དུ་འགྱུར་བ་ཡིན་པས། དེའི་སླད་དུ། ཞེས་པའི་ཚིག་བྱུང་བ་དང་སྡོམ་པ་སྐྱེས་དགེ་སློང་དུ་གྱུར་སྙམ་དུ་ཡིད་ལ་སོམས་མཛོད། དགེ་འདུན་རྣམས་བརྗོད་པ་གསུམ་པ་ལ་ཐུགས་གཏད་པ་ཞུ་བྱས་ལ། གསུམ་པ་བྱ། མཇུག་བསྡུ་བ་ནི། ལས་ཀྱི་འཇུག་སྡུད་ལ་ཐུགས་གཏད་པར་ཞུ། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བྱ་བ་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གལ་ཏེ་ཆོ་ག་ནོར་བའམ་དགེ་སློང་སོང་བ་ལ་སོགས་པས་ལས་འཁྲུགས་ཏེ་སྐྱར་དགོས་པ་བྱུང་ནས་གསོལ་བ་སྐྱོར་ན། བཙུན་པ་དག་ཡང་གསོལ་བ་བགྱིའོ་བྱས་ལ་སྐྱར། བརྗོད་པ་སྐྱོར་ན་བཙུན་པ་དག་ཡང་རྗེས་སུ་བསྒྲག་གོ་བྱས་ལ་སྐྱར། གཉིས་ཀ་སྐྱོར་ན་བཙུན་པ་དག་ཡང་གསོལ་བ་བགྱི་ཞིང་རྗེས་སུ་ཡང་བསྒྲག་གོ་བྱས་ལ་སྐྱར་རོ། །དེ་ནི་བསྙེན་པར་རྫོགས་པ་ཉེ་བར་སྒྲུབ་པའི་ཆོ་ག་དང་ལས་སོ། །རྗེས་ཀྱི་
༥༩༩ ཆོ་ག་ལ་གཉིས་ཏེ། ཐོབ་པའི་དུས་གོ་བ་དང་། གདམ་ངག་བརྗོད་པའོ། །དང་པོ་ནི། ལས་བྱེད་པས། མཇུག་གི་ཆོ་ག་གཉིས་ཡོད་པའི་དང་པོ་བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པའི་དོན་དུ་བསྙེན་པར་རྫོགས་པའི་དུས་གོ་བ་བརྗོད་པ་ཆེ་གེ་མོས་མཛོད། ཅེས་པར་སྐྱར་བ་ན། ལས་བྱེད་པ་མ་གཏོགས་པ་གཞན་གང་ཡང་རུང་བའི་དགེ་སློང་ཞིག་གིས། ཉིན་མོ་ཡིན་ན་ཉི་མ་རྫོགས་པར་མཐོང་བའི་སར། ཐུར་མ་སོར་བཞི་པས་གྲིབ་ཚོད་གཞལ་ཏེ། ཐུར་མ་དང་མཉམ་པའི་གྲིབ་མ་ནི་སྐྱེས་བུ་དང་སོར་རེ་ལ་ནི་རྐང་པ་ཞེས་རྟོགས་པར་བྱས་ཏེ་སྔ་ཕྱིའི་ཆ་ཡང་ངེས་པར་བྱས་ལ། མཚན་མོ་ཡིན་ན་སྐར་ཁོངས་ལ་དཔགས་ནས་མཚན་མོའ་ཐུན་ཚོད་ངེས་པར་བྱས་ཏེ་བརྗོད་པ་ནི། ཁྱོད་ཀྱིས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཐོབ་ནས་རང་གཞན་གྱི་བསླབ་པ་ལ་གུས་པའི་ཡན་ལག་ཏུ་ཐོབ་པའི་དུས་གོ་བར་བྱ་བ་ལ་དོན་ཚན་ལྔ་ཡོད། དེ་ཡང་བསྙེན་བཀུར་གྱི་གནས་དང་། གནས་མ་ཡིན་པ། བསྙེན་བཀུར་རང་གི་ངོ་བོ། །གང་ལ་རྟེན་ནས་གོ་ཞིང་རིག་པར་བྱ་བ། དེ་དག་གི་ཕན་ཡོན་ནོ། །དང་པོ་ནི། མཚན་མཐུན་ཞིང་སྡོམ་པ་མཉམ་ཡང་དུས་ཀྱི་སྒོ་ནས་གྲིབ་ཚོད་རྐང་པ་གཅིག་ཡན་གྱིས་རྒན་པ་རྣམས་ཡིན། གཉིས་པ་ནི། བསྙེན་པར་མ་རྫོགས་པ་དང་དུས་ཀྱིས་གཞོན་པའི་དགེ་སློང་རྣམས་དང་དུས་ཀྱིས་རྒན་ཡང་རྟེན་དམན་པ་དགེ་སློང་མ་ཡིན་ན་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ཚུན་ཆད་དང་ཕ་ཡིན་རུང་ས་གཞན་ན་གནས་པ་ལ་སོགས་དམིགས་བསལ་ཅན་རྣམས་བསྙེན་བཀུར་གྱི་གནས་མིན། གསུམ་པ་ནི། སྔོན་དུ་ལྡང་བ་ཕྱག་འབུལ་བསྟན་བཏབ་པ་གྲལ་གོང་དུ་འཇོག་པ་རྙེད་པ་དང་པོར་འབུལ་པ་ལས་སུ་བྱ་བ་མཇུག་ཏུ་བསྐོ་བ་ལ་སོགས་པ་
༦༠༠ གུས་པའི་ལས་རྣམས་ཡིན། བཞི་པ་ནི། ལུང་དང་ཀརྨ་ཤ་ཏམ་དང་མདོ་རྩ་བ་གསུམ་ནས་ཕྲ་རིམས་ནས་དངོས་སུ་གསུངས་ཀྱང་། གཞི་འགྲེལ་ལས་ཕྲ་རིམ་ནས་བཙལ་ཏེ་རགས་རིམ་ནས་བརྗོད་པར་གསུངས་ཤིང་། ལོ་ཚིགས་ཤེས་པར་བྱ་བའི་ཕྱིར། ཞེས་གསུངས་པས་ལོའང་བརྗོད་དགོས་པར་བསྟན་པས། ཁྱོད་ཀྱིས་བསྙེན་པར་རྫོགས་པའི་སྡོམ་པ་ཐོབ་པའི་ལོ་ནི་ཆེ་གེའི་ལོ་ཡིན། དེ་ལ་དུས་ཚོད་དགུན་དང་དཔྱིད་དང་དབྱར་དང་དབྱར་ཐུང་ངུ་དང་དབྱར་རིང་པོ་དང་ལྔ་ཡོད་དེ། །མདོ་རྩ་བ་ལས། དེ་དག་ནི་ལྔའོ། །དགུན་གྱི་དུས་དང་དཔྱིད་ཀྱི་དུས་དང་དབྱར་གྱི་དུས་དང་དབྱར་ཐུང་ངུའི་དུས་དང་དབྱར་རིང་པོའ་དུས་སོ། །དང་པོ་གཉིས་ནི་ཟླ་བ་བཞི་བཞིའོ། །འོག་མ་ནི་ཟླ་བ་གཅིག་གོ །དེའི་འོག་མ་ནི་ཉིན་ཞག་གཅིག་གོ །ཐ་མ་ནི་དེས་ཟླ་བ་གསུམ་དུ་མཆོག་པའོ། །ཞེས་གསུངས་པས་སོ། །དེས་ན་དགུན་གྱི་དུས་ཟླ་བ་བཞི་དཔྱིད་ཀྱི་དུས་ཟླ་བ་བཞི་དབྱར་གྱི་དུས་ཟླ་བ་གཅིག་དབྱར་ཐུང་ངུ་ཉིན་ཞག་གཅིག་དབྱར་རིང་པོ་ཟླ་བ་གསུམ་དུ་ཞག་གཅིག་གིས་མ་ཚང་བ་རྣམས་སུ་ཡོད་པ་ལས་ཆེ་གེ་ཡིན། ཟླ་བ་ནི་ཆེ་གེ་ཡིན། དེ་ལ་མར་ངོ་དང་ཡར་ངོ་གཉིས་ཡོད་པའི་ཆེ་གེ་ཡིན། དེ་ལ་ཚེས་གྲངས་བཅུ་བཞིའམ། བཅོ་ལྔ་ཡོད་པའི་ཆེ་གེ་ཡིན། དེ་ལ་ཉིན་མཚན་གྱི་ཆ་ཉི་ཤུ་རྩ་གཉིས་ཏེ། སྔ་དྲོ་དང་གུང་དང་ཕྱི་དྲོ་དང་མཚན་མོའ་ཐུན་དང་པོ་དང་ཐུན་དང་པོའ་ཕྱེད་དང་གུང་ཐུན་གྱི་ཕྱེད་དང་ཐུན་ཐ་མ་དང་ཐུན་ཐ་མའི་ཕྱེད་དང་སྐྱ་རེངས་མ་ཤར་བ་དང་སྐྱ་རེངས་ཤར་བ་དང་ཉི་མ་མ་ཤར་བ་དང་ཉི་མ་ཤར་བ་དང་ཉི་མ་བརྒྱད་ཆ་ཤར་བ་དང་ཉི་མ་བཞི་ཆ་ཤར་བ་དང་། གུང་ཚིགས་མ་ཡོལ་བ་དང་ཉི་མ་བཞི་ཆ་ལུས་པ་དང་ཉི་མ་བརྒྱད་ཆ་ལུས་པ་དང་། ཉི་མ་མ་ནུབ་པ་དང་ཉི་མ་ནུབ་པ་དང་རྒྱུ་སྐར་རྣམས་མ་ཤར་བ་དང་རྒྱུ་སྐར་རྣམས་ཤར་བ་སྟེ། ཉི་ཤུ་རྩ་གཉིས་ཀྱི་ནང་ནས་ཆེ་གེའི་དུས་ཡིན། ཉིན་མོ་ཡིན་ན། དེ་ལ་གྲིབ་ཚོད་སྐྱེས་བུའམ་རྐང་པ་ཆེ་གེའི་དུས་དང་། མཚན་མོ་ཡིན་ན་གྲིབ་ཚོད་བརྗོད་མི་དགོས་པས་མཚན་
༦༠༡ མོའ་དུས་འདི་ཙམ་ལ་ཞེས་དང་བཀྲ་ཤིས་པའི་གནས་འདི་ཞེས་བྱ་བར་མཁན་པོ་དང་སློབ་དཔོན་ཆེ་གེ་དད་པའི་དགེ་འདུན་ཁ་སྐོང་བར་འོས་པ་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ལེགས་པར་ཐོབ་པ་ཡིན་པས། སྔར་བཤད་པའི་བསྙེན་བཀུར་གྱི་གནས་རྣམས་ལ་བསྙེན་བཀུར་ཚུལ་བཞིན་དུ་གྱིས། གནས་མ་ཡིན་པ་རྣམས་ཀྱིས་བསྙེན་བཀུར་བྱས་པ་དང་དུ་ལོང་། དུས་རང་དང་མཉམ་པ་རྣམས་གཅིག་གིས་གཅིག་ལ་ཕྱག་བྱ་མི་དགོས། གྲལ་དང་རྙེད་པ་སྔར་འོངས་པ་དང་པོ་ཡིན། ལས་སུ་ཕྱི་རིམ་ནས་བསྐོ་བ་སོགས་བྱ་སྟེ། མེ་ཏོག་འཕྲེང་རྒྱུད་ལས། གཉིས་སམ་གསུམ་པོ་དག་ཀྱང་རུང་། །དུས་གཅིག་ལ་ནི་བསྙེན་རྫོགས་ན། །ན་ཚོད་བྱེ་བྲག་ཡོད་གྱུར་ཀྱང་། །རྒན་པོ་མེད་ཅིང་གསར་བུ་མེད། །ཕན་ཚུན་ཕྱག་ཀྱང་ཡོད་མིན་ཏེ། །རྙེད་པ་གྲལ་རིམ་བཞིན་དུའོ། །ལས་བཅོལ་བ་ནི་དེ་དག་ལ། །སྐུལ་བྱེད་དབང་གིས་རིམ་པ་བཞིན། །ཞེས་སོ། །ལྔ་པ་ནི། དངོས་སུ་སྡོམ་པ་ཐོབ་པའི་དུས་ཤེས། ཤེས་ནས་བསྙེན་བཀུར་བྱས་པས་དགེ་འདུན་གྱི་གྲལ་ལང་ལོང་དུ་མི་འགྱུར། །མདོ་རྩ་བར། སོ་སོར་ཐར་པའི་སྡོམ་པ་མཆོག་ལ་རབ་ཏུ་གྱུར་བས་ཕྱག་བྱའོ་མཉམ་ན་རྒན་པ་ལའོ་མཚན་ཐ་མི་དད་པ་ལའོ། །ཞེས་འབྱུང་བའི་བཅས་པ་དང་མཐུན། རང་གཞན་གྱི་བསླབ་པ་ལ་མ་གུས་པའི་ཉེས་པས་མི་གོས། འཇིག་རྟེན་གྱི་ཆོས་དགེ་བ་ལ་གནས་པས་དགེ་ལེགས་ཐམས་ཅད་ཀྱི་རྒྱུར་འགྱུར། བརྒྱུད་ནས་བྱང་ཆུབ་ཐོབ་བར་འགྱུར་པ་ལ་སོགས་པ་དགོས་པ་བསམ་གྱིས་མི་ཁྱབ་པ་ཡོད་པས་དེ་རྣམས་སེམས་ལ་བཞག་ནས་ལག་ལེན་ལ་ཐེབས་པར་མཛོད། མཇུག་ཆོག་གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བའི་སླད་དུ་གདམ་ངག་བརྗོད་པ། མང་དུ་གསན་པའི་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་ཆེ་གེས་གསུང་བར་འགྱུར་བས་དེར་སྙན་གཏོད་པ་མཛོད། ཅེས་གོ་བར་བྱའོ། །གཉིས་པ་གདམ་ངག་བརྗོད་པ་ནི། ལས་
༦༠༢ བྱེད་པས། ད་ལྟར་ཁྱོད་ཀྱིས་སྡོམ་པ་ཐོབ་ཅིང་དུས་གོ་བ་སྔོན་དུ་སོང་ནས་ཐོབ་པ་དེ་མི་ཉམས་ཤིང་ཡོན་ཏན་ཐོབ་པར་བྱ་བའི་དོན་དུ་གང་མན་ངག་བཅུ་གཅིག་གསུངས་པ་རྣམས་བརྗོད་པར་བྱེད་པ་ལས། དེ་ཡང་མདོར་བསྡུས་ན། བསླབ་བྱ་ཡུལ་ལ་གདམས་པ་དང་། སློབ་བྱེད་གཉེན་པོ་ལ་གདམས་པ་གཉིས་ཡིན། དང་པོ་ལ་ཡང་རང་སྨིན་པར་བྱེད་པའི་ཆོས་དང་། གཞན་རྗེས་སུ་འཛིན་པར་བྱེད་པའི་ཆོས་ལ་གདམས་པ་གཉིས་ལས། རང་སྨིན་པ་ལ་ཡང་། བརྟེན་བྱ་འཚོ་བ་རྣམ་དག་དང་། བསྲུང་བྱ་ཚུལ་ཁྲིམས་རྣམ་དག་དང་། རྟོགས་པའི་དོན་ལྟ་བ་རྣམ་དག་ལ་གདམས་པ་དང་གསུམ་ལས། ཐོག་མ་ལ། གོས། ཟས། གནས་མལ། སྨན་མཐའ་གཉིས་དང་བྲལ་བ་དགོས་པ་ལས། གོས་ལ་འདོད་པ་བསོད་ནམས་ཀྱི་མཐའ་སྤང་བར་གདམས་པ་ནི། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་དགེ་སློང་གི་གནས་སུ་གསུངས་ཏེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དེང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ་གོས་ཀྱི་ནང་ན་ཕྱག་དར་ཁྲོད་ནི་དུར་བ་རྙེད་ཀྱང་སླ་བ་སྟེ་དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའ་བར་དུ་ཕྱག་དར་ཁྲོད་ཀྱི་གོས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །གཉིས་པ་ངལ་ཞིང་དུབ་པའི་མཐའ་སྤང་བ་ནི། ལྷག་པར་རྙེད་ན་དར་རམ་རས་སམ་རས་ཡུག་ཆེན་ནམ་བེའུ་རས་སམ་དར་ལའམ་མོན་དར་རམ་བེའུ་རས་ཡུག་ཆེན་ནམ། བེའུ་
༦༠༣ རག་དམར་པོའམ་བེའུ་ཕྲུག་གམ་ལྭ་དམར་རམ་ཡུལ་ཀ་ཤི་ཀའི་རས་ཕྲན་ནམ་ཁ་དོག་ངན་པའམ་ཁ་དོག་ངན་པའམ་བལ་གོས་སམ་ཤ་ནའི་རས་སམ་ཟར་མའི་རས་སམ་རས་གོས་སམ་དུ་ཀུ་ལའི་རས་སམ། ཀོ་ཏམ་པའི་རས་སམ་ཉི་འོག་གི་རས་སམ། གཞན་ཡང་གོས་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་དམ་འཆའ་ལགས་ཤེས་བརྗོད་པར་བྱའོ། །གཉིས་པ་ཟས་ལ་གདམས་པ་ལ་གཉིས་ལས། དང་པོ་ཟས་ལ་འདོད་པ་བསོད་ཉམས་ཀྱི་མཐའ་སྤང་བ་ནི། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །ཟས་ཀྱི་ནང་ན་བསོད་སྙོམས་ནི་རུང་བ་རྙེད་ཀྱང་སླ་བ་སྟེ་དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའ་བར་བསོད་སྙོམས་ཀྱི་ཟས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །གཉིས་པ་ཟས་ལ་ངལ་བའི་མཐའ་སྤང་བ་ནི། ལྷག་པར་རྙེད་ན་འབྲས་ཆན་ནམ་སྐྱོ་མའམ་ཐུག་པའམ་ལྔ་སྟོན་ནམ་བརྒྱད་སྟོན་ནམ་བཅུ་བཞི་སྟོན་ནམ་ཉ་སྟོན་ནམ་རྟག་རེས་འཁོར་རམ་འགྲོན་དུ་བོས་པའམ་ཕྲལ་ལ་པོས་པའམ་པགས་པའམ་གཞན་ཡང་ཟས་རུང་བ་གང་དགེ་འདུན་ནམ་གང་ཟག་ལ་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་དམ་འཆའ་ཞེས་བརྗོད་པར་བྱའོ། །གསུམ་པ་གནས་མལ་ལ་གདམས་པ་ལ། འདོད་པའི་མཐའ་སྤང་བ་ནི། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །གནས་མལ་གྱི་ནང་ཅ་ཤིང་དྲུང་པ་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་
༦༠༤ པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའ་བར་དུ་ཤིང་དྲུང་གི་གནས་མལ་གྱིས་འཆོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །གཉིས་པ་གནས་མལ་དུབ་པའི་མཐའ་སྤང་བ་ནི། ལྷག་པར་རྙེད་ན་ཁང་པའམ་སྤ་ཁང་ངམ་ཁང་བརྩེགས་པའམ་བསྲིལ་ཁང་ངམ་སབ་མོས་བསྐོར་བའམ་བ་གམ་འམ་ཁང་བཟངས་སམ་སྒོ་ཁང་གི་སྟེང་གི་བསིལ་ཁང་ངམ་ཁང་སྟེང་གི་ཡོལ་ཁང་ངམ་ཡོལ་ཁང་ངམ་སྤང་ལེབ་ཁང་ངམ་ས་ཕུག་གམ་བྲག་ཕུག་གམ་རི་ཕུག་གམ་རྩྭའི་སྤྱིལ་བུའམ་ལོ་མའི་སྤྱིལ་བུའམ་འཆགས་སར་བྱས་པའམ་འཆགས་སར་མ་བྱས་པའམ་བྱ་སྐྱིབས་སུ་བྱས་པའམ་བྱ་སྐྱིབས་སུ་མ་བྱས་པའམ་གཞན་ཡང་གནས་མལ་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་མ། དེས་དམ་འཆའ་ཞེས་བརྗོད་པར་བྱའོ། །བཞི་པ་སྨན་ལ་གདམས་པ་གཉིས་ནི། དང་པོ་སྨན་ལ་འདོད་པའི་མཐའ་སྤང་པ་ནི། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །སྨན་གྱི་ནང་ན་བཀུས་ཏེ་བོར་བ་ནི་རུང་བརྙེད་ཀྱང་སླ་བ་སྟེ་དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའ་བར་དུ་བཀུས་ཏེ་བོར་བའི་སྨན་གྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །གཉིས་པ་སྨན་ལ་དུབ་པའི་མཐའ་སྤང་བ་ནི། ལྷག་པར་རྙེད་ན་ཞུན་མར་རམ་འབྲུ་མར་རམ་སྦྲང་རྩིའམ་བུ་རམ་གྱི་དབུ་བའམ་དུས་སུ་རུང་བའམ་ཐུན་ཚོད་དུ་རུང་བའམ་ཞག་བདུན་པའམ་འཚོ་བའི་བར་དུ་བཅང་པའམ་རྩ་བའི་སྨན་ནམ་སྡོང་བུའི་སྨན་ནམ་ལོ་མའི་སྨན་ནམ་མེ་ཏོག་གི་སྨན་ནམ་འབྲས་བུའི་སྨན་ནམ། གཞན་ཡང་སྨན་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་
༦༠༥ ཟིན་པར་གྱི་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའམ། དེས་དམ་འཆའོ་ཞེས་བརྗོད་པར་བྱའོ། །དེས་བརྟེན་བྱ་ལ་གདམས་པ་སོང་ནས། གཉིས་པ་བསྲུང་བྱ་ཚུལ་ཁྲིམས་རྣམ་དག་ལ་གདམས་པ་ལ་གསུམ། མཚན་ཉིད་ལ་གདམས་པ་དང་། གཉེན་པོ་ལ་གདམས་པ་དང་། དཔེ་ལ་གདམས་པའོ། །དང་པོ་ལ་གཉིས། སྤང་བྱ་རང་གི་མཚན་ཉིད་ལ་གདམས་པ་དང་། གཉེན་པོ་སྤྱིའི་མཚན་ཉིད་ལ་གདམས་པའོ། །དང་པོ་གཙོ་བོ་ཕམ་པ་བཞི་སྤོང་དགོས་པ་ལ། ངན་འགྲོར་ལྟུང་བའི་དོན་གྱིས་ན་ལྟུང་བར་འགྱུར་བས། དང་པོ་ནང་སེམས་ཅན་ལ་ཆགས་པར་འགྱུར་བ་སྤོང་བ་ནི། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ། དགེ་སློང་གིས་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། སྲས་སུ་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ་དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་ཏེ་དེའི་དགེ་སྦྱོང་གི་ཚུལ་ཕྱིས་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏཱ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་ནོ། །བཞི་གང་ཞེ་ན་འདི་ལྟ་སྟེ་འདོད་པ་དང་འདོད་པ་ལ་ཞེན་པ་དང་འདོད་པ་ལ་འཆུམས་པ་དང་འདོད་པ་ལ་ལྷག་པར་ཞེན་
༦༠༦ པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །འདོད་པ་སྤངས་པ་ནི་བསྔགས་ཏེ་བོར་བ་དང་བསལ་བ་དང་ཟད་པ་དང་འདོད་ཆགས་དང་བྲལ་བ་དང་འགོག་པ་དང་ཉེ་བར་ཞི་བ་དང་། ནུབ་པ་ནི་བསྟོད་དོ་བཀུར་རོ་བསྔགས་སོ་སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཆགས་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་ལ་མིགས་གཏད་དེ་བལྟ་བ་ཡང་མི་བྱ་ན་གཉིས་ཀྱིས་གཉིས་སྤྲོད་པའི་མི་ཚངས་པར་སྦྱོང་བ་འཁྲིག་པའི་ཆོས་བསྟེན་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ་དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར་དགེ་སྦྱོང་དུ་མི་རུང་སྲས་སུ་མི་རུང་དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སློང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་ཏེ་དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་
༦༠༧ ཤིང་ཏཱ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་བྱ་བ་མ་ཡིན་པ་དང་སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག །ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། ངེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །ནང་སེམས་ཅན་ལ་ཆགས་ན་ངན་འགྲོར་འགྱུར་བ་ཆ་དང་བཅས་པ་བསྟན་ནས། གཉིས་པ་ཕྱི་རོལ་རྫས་ལ་ཆགས་ན་ངན་འགྲོར་འགྱུར་བ། མ་བྱིན་པར་ལེན་པ་ཆ་དང་བཅས་པ་སྤང་བར་གདམས་པ་ནི། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མ་བྱིན་པར་ལེན་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དེ་མ་བྱིན་པར་ལེན་པ་སྤངས་པ་ནི་བསྟོད་དོ་བཀུར་རོ་བསྔགས་སོ་སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་རྐུ་སེམས་ཀྱིས་གཞན་གྱི་ནོར་ལ་ཏིལ་གྱི་ཕུབ་མ་རྩམ་ཡང་མ་བྱིན་པར་མི་བླང་ན་མ་ཤ་ཀ་ལྔའམ་མ་ཤ་ཀ་ལྔ་ལས་ལྷག་པར་མ་བྱིན་པར་བླང་བ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའི་མ་དགོན་པ་ན་འདུག་པ་མ་བྱིན་པ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན། ཇི་ཙམ་མ་བྱིན་པར་བླངས་པ་དེ་རྒྱལ་པོའམ་བློན་པོས་གཟུང་ནས་དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ་བྱིས་པའོ་བླུན་པའོ་རྐུ་བའོ་ཞེས་ཟེར་ཞིང་གསོད་དམ་འཆིང་ངམ་སྒྱུག་ཀྱང་རུང་སྟེ་དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར་དགེ་སྦྱོང་དུ་མི་
༦༠༨ རུང་བར་འགྱུར། སྲས་སུ་མི་འགྱུར་དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་ཏེ་དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏཱ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་བྱ་བ་མ་ཡིན་པ་དང་སྤྱོད་ལམ་ཡིན་པ་སྤང་བདེ་ཡང་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །གཉིས་པ་མ་བྱིན་པར་ལེན་པར་འགྱུར་བའི་ལྟུང་བ་ཆ་དང་བཅས་པ་བསྟན་ནས་གསུམ་པ་ཞེ་སྡང་གིས་ཀུན་ནས་སླང་ནས་སྲོག་བཅད་ན་ངན་འགྲོར་འགྱུར་བ་སྲོག་བཅད་པ་ཆ་དང་བཅས་པ་སྤང་བར་གདམས་པ་ནི། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །སྲོག་གཅོད་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །སྲོག་གཅོད་པ་སྤངས་བ་ནི་བསྟོད་དོ་བཀུར་རོ་བསྔགས་སོ་སྙན་པར་བརྗོད་དོ། །དེང་ཕྱིན་ཆད་ཚེ་དང་ལྡན་པ་ཁྱོད་ཀྱིས་བསམས་བཞིན་དུ་སྲོག་ཆགས་གྲག་སྦུར་ཡན་ཆད་བསད་པར་མི་བྱ་ན། མིའམ་མིར་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་མིའམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གིས་ལག་གདར་ཏེ་སྲོག་གཅོད་དམ་དེ་ལ་མཚོན་བྱིན་ནམ་དེ་ལ་མཚོན་ཐོགས་པ་གཉེར་ཏམ་འཆིར་བཅུག་གམ་དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ་ཀྱེ་མི་
༦༠༩ ཁྱོད་གསོན་པ་བས་ཤི་ན་སླའོ་ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་དང་སེམས་ཀྱི་ཀུན་དུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ་དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་བརྩོམ་པ་དེས་དུས་བྱས་ན་དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་གྱུར་དགེ་སྦྱོང་དུ་མི་རུང་སྲས་སུ་མི་རུང་དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ་དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་སྟེ་དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏཱ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་བྱ་བ་མ་ཡིན་པ་དང་སྤྱོད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་དུ་བསྲུང་བར་བརྩོན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །གསུམ་པ་སྲོག་གཅོད་པ་ལྟུང་བར་འགྱུར་བ་ཆ་དང་བཅས་པ་བརྗོད་ནས། བཞི་པ་ཉོན་མོངས་པ་གཏི་མུག་གིས་ཀུན་ནས་སླང་བ་མངོན་ཤེས་སམ་ལྷ་མཐོང་བ་ལ་སོགས་པ་མིའི་ཆོས་བླ་མའི་ཡོན་ཏན་མེད་པ་ལ་ཡོད་པར་སྨྲས་ན། ངན་འགྲོར་ལྟུང་བར་འགྱུར་བ་བརྫུན་དུ་སྨྲ་བ་ཆ་དང་བཅས་པ་སྤོང་བར་གདམས་པ་ནི། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ་བརྫུན་དུ་སྨྲ་བ་སྤངས་བ་ནི་བསྟོད་དོ་བཀུར་རོ་བསྔགས་སོ་སྙན་པར་བརྗོད་དོ་ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཐ་ན་གཞད་གད་བྱ་བར་བསམས་ཏེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡང་མི་བྱ་ན་བསམས་བཞིན་དུ་མིའི་ཆོས་བླ་མ་སྨྲ་བ་
༦༡༠ ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། །མིའི་ཆོས་བླ་མ་མཐའ་དག་དང་འཕགས་པ་དང་བྱེ་བྲག་ཐོབ་པ་དང་ཤེས་པ་དང་མཐོང་བ་དང་རིག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ་འདི་མཐོང་ངོ་། །ཞེས་ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་། འདི་སྐད་ཅེས། ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས་མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ་གསོག་གསོ་བརྫུན་དུ་སྨྲས་སོ་ཞེས་ཟེར་ན། མངོན་པའི་ང་རྒྱལ་མ་གཏོགས་ཏེ་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། ཅི་ཞིག་ཤེས་ཤེ་ན་སྡུག་བསྔལ་ཤེས་སོ་ཀུན་འབྱུང་བ་དང་འགོག་པ་དང་ལམ་ཤེས་སོ། །ཅི་ཞིག་མཐོང་ཞེ་ན་ལྷ་རྣམས་མཐོང་ངོ་ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་ནམ་མཁའ་ལྡིང་རྣམས་དང་དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་ཡི་དགས་རྣམས་དང་ཤ་ཟ་རྣམས་དང་གྲུལ་བུམ་རྣམས་དང་སྲུལ་པོ་རྣམས་དང་ལུས་སྲུལ་པོ་རྣམས་དང་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་མཐོང་ངོ་། །ལྷ་རྣམས་ཀྱིས་ཀྱང་བདག་མཐོང་ངོ་ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་ནམ་མཁའི་ལྡིང་རྣམས་དང་དྲི་ཟ་རྣམས་དང་མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་ཡི་དྭགས་རྣམས་དང་ཤ་ཟ་རྣམས་དང་གྲུལ་བུམ་རྣམས་དང་སྲུལ་པོ་རྣམས་དང་ལུས་སྲུལ་པོ་རྣམས་དང་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་མཐོང་ངོ་། །ལྷ་རྣམས་ཀྱི་སྒྲ་ཐོས་སོ་ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་ནམ་མཁའ་ལྡིང་རྣམས་དང་དྲི་ཟ་རྣམས་དང་
༦༡༡ མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་ཡི་དྭགས་རྣམས་དང་ཤ་ཟ་རྣམས་དང་གྲུལ་བུམ་རྣམས་དང་སྲུལ་པོ་རྣམས་དང་ལུས་སྲུལ་པོ་རྣམས་དང་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་སོ། །ལྷ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་ནམ་མཁའ་ལྡིང་རྣམས་དང་དྲི་ཟ་རྣམས་དང་མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་ཡི་དྭགས་རྣམས་དང་ཤ་ཟ་རྣམས་དང་གྲུལ་བུམ་རྣམས་དང་སྲུལ་པོ་རྣམས་དང་ལུས་སྲུལ་པོ་རྣམས་དང་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ལྷ་རྣམས་བལྟ་བའི་ཕྱིར་འགྲོའོ་ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་ནམ་མཁའ་ལྡིང་རྣམས་དང་དྲི་ཟ་རྣམས་དང་མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་དང་ཡི་དྭགས་རྣམས་དང་ཤ་ཟ་རྣམས་དང་གྲུལ་བུམ་རྣམས་དང་སྲུལ་པོ་རྣམས་དང་ལུས་སྲུལ་པོ་རྣམས་དང་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འགྲོའོ། །ལྷ་རྣམས་བདག་བལྟ་བའི་ཕྱིར་འོང་ངོ་ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་ནམ་མཁའ་ལྡིང་རྣམས་དང་དྲི་ཟ་རྣམས་དང་མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་ཡི་དྭགས་རྣམས་དང་ཤ་ཟ་རྣམས་དང་གྲུལ་བུམ་རྣམས་དང་སྲུལ་པོ་རྣམས་དང་ལུས་སྲུལ་པོ་རྣམས་དང་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱང་བདག་བལྟ་བའི་ཕྱིར་འོང་ངོ། །ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད་ཕེབས་པར་སྨྲ་བར་བྱེད་སོ་སོར་ཀུན་དགའ་བར་བྱེད་རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་ནམ་མཁའ་ལྡིང་རྣམས་དང་དྲི་ཟ་རྣམས་དང་མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་ཡི་དྭགས་རྣམས་དང་ཤ་ཟ་རྣམས་དང་གྲུལ་བུམ་རྣམས་དང་སྲུལ་པོ་རྣམས་དང་ལུས་སྲུལ་པོ་རྣམས་དང་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད་
༦༡༢ ཕེབས་པར་སྨྲ་བར་བྱེད་སོ་སོར་ཀུན་དགའ་བར་བྱེད་རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ལྷ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད་ཕེབས་པར་སྨྲ་བར་བྱེད་སོ་སོར་ཀུན་དགའ་བར་བྱེད་རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་ནམ་མཁའ་ལྡིང་རྣམས་དང་དྲི་ཟ་རྣམས་དང་མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་ཡི་དྭགས་རྣམས་དང་ཤ་ཟ་རྣམས་དང་གྲུལ་བུམ་རྣམས་དང་སྲུལ་པོ་རྣམས་དང་ལུས་སྲུལ་པོ་རྣམས་དང་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད་ཕེབས་པར་སྨྲ་བར་བྱེད་སོ་སོར་ཀུན་དགའ་བར་བྱེད་རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །མ་ཐོབ་བཞིན་དུ་བདག་གིས་མི་རྟག་པའི་འདུ་ཤེས་དང་མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་ཟས་ལ་མི་མཐུན་པའི་འདུ་ཤེས་དང་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་ཉེས་དམིགས་ཀྱི་འདུ་ཤེས་དང་སྤོང་བའི་འདུ་ཤེས་དང་འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་འགོག་པའི་འདུ་ཤེས་དང་འཆི་བའི་འདུ་ཤེས་དང་མི་སྡུག་པའི་འདུ་ཤེས་དང་རྣམ་པར་སྔོས་པའི་འདུ་ཤེས་དང་རྣམ་པར་རྣགས་པའི་འདུ་ཤེས་དང་རྣམ་པར་བམ་པའི་འདུ་ཤེས་དང་རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་རྣམ་པར་ཟོས་པའི་འདུ་ཤེས་དང་རྣམ་པར་དམར་བའི་འདུ་ཤེས་དང་རྣམ་པར་འཐོར་བའི་འདུ་ཤེས་དང་རུས་གོང་གི་འདུ་ཤེས་དང་སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཐོབ་བོ། །མ་ཐོབ་བཞིན་དུ་བདག་གིས་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་ཅི་ཡང་མེད་པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་རྒྱུན་དུ་ཞུགས་པའི་འབྲས་བུ་
༦༡༣ དང་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་དང་རྫུ་འཕྲུལ་གྱི་ཡུལ་དང་ལྷའི་རྣ་བ་དང་སེམས་ཀྱི་རྣམ་གྲངས་དང་སྔོན་གྱི་གནས་དང་འཆི་འཕོབ་དང་སྐྱེ་བ་དང་ཟག་པ་ཟད་པ་ཐོབ་པའོ། །བདག་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལས་བསམ་གཏན་པ་དང་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །ཞེས་བྱ་བ་སྟེ། དགེ་སློང་གིས་གནས་འདི་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར་དགེ་སྦྱོང་དུ་མི་རུང་སྲས་སུ་མི་རུང་དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ་དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་བྱ་བ་མ་ཡིན་པ་དང་སྤྱོད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་པ་ལ་བརྩོན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །དེས་སྤང་བྱ་ལྟུང་བར་འགྱུར་བའི་ཆོས་བརྗོད་ནས། གཉེན་པོ་སྤྱིའི་མཚན་ཉིད་དགེ་སྦྱོང་དུ་བྱེད་པའི་ཆོས་ལ་གཉིས། དང་པོ་ཕར་སེམས་ཅན་ལ་གནོད་པ་བྱེད་པ་ལས་བཟློག་ནས་ཚུར་ལ་བྱེད་པ་བཟོད་པར་བྱ་བར་གདམས་པ་ནི། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དགེ་སྦྱོང་དུ་བྱེད་པའི་ཆོས་སུ་གསུངས་ཏེ། ཚེ་དང་ལྡན་པ་ཁྱོད་ཀྱིས་དེང་ཕྱིན་ཆད་གཤེ་ཡང་སླར་མི་གཤེ་བར་བྱ་བ་དང་
༦༡༤ ཁྲོས་ཀྱང་སླར་མི་ཁྲོ་བར་བྱ་བ་དང་བརྡེག་ཀྱང་སླར་མི་བརྡེག་པར་བྱ་བ་དང་མཚང་བྲུས་ཀྱང་སླར་མཚང་མི་བྲུ་བར་བྱའོ། །ཇི་ལྟར་གནས་འདི་ལྟ་བུ་ལ་སྤྱོད་དམ། དེས་སྤྱོད་ཅེས་བརྗོད་པར་བྱའོ། །དེ་ལྟར་སྤང་བྱ་སྤོང་ཞིང་གཉེན་པོ་བརྟེན་པ་རྒྱུ་དང་རྐྱེན་ཕུན་སུམ་ཚོགས་པ་ལས་ཅི་བསྒྲུབ་པར་བྱ་བའམ་མི་བྱ་ཐེ་ཚོམ་མི་བྱ་སྟེ། ངེས་པར་བསྒྲུབ་དགོས་པར་གདམས་པ་ནི། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་ཁྱོད་སྔོན་པ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ཀྱང་ཅི་མ་རུང་སྙམ་པའི་སྨོན་པ་གང་ཡིན་པ་དེ། ད་ཁྱོད་ལ་མཁན་པོར་འོས་པ་དང་སློབ་དཔོན་དུ་འོས་པ་གཉིས་དང་དགེ་འདུན་མཐུན་པ་དང་གསོལ་བ་དང་བཞིའི་ལས་མི་གཡོ་བ་བཞུག་པར་མི་འོས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །དེ་ནི་མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པའོ། །དེ་ལྟར་མཚན་ཉིད་དང་གཉེན་པོ་བསྟེན་པ་སོང་ཟིན་ནས། དཔེ་ལ་གདམས་པ་ནི། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་ལྟ་བུར་ཁྱད་པར་མེད་པར་བསྒྲུག་དགོས་སོ་ཞེས་བསྟན་པ་ནི། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་བོ། །དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་བོ། །དེ་ལྟར་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང་བསླབ་པ་ཉིད་ཀྱིས་མཉམ་པ་དང་སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་དེ་ཁྱོད་ཀྱིས་དེང་ཕྱིན་ཆད་བསྒྲུབ་པར་བྱ་ཡིས་མི་བསྒྲུབ་པར་མི་བྱའོ། །དེ་ནི་ཚུལ་ཁྲིམས་ཀྱིས་མཉམ་པར་འགྱུར་བ་ཉིད་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་བའོ། །དེ་ལྟར་གསུམ་པོས་བསྒྲུབ་བྱ་ཚུལ་ཁྲིམས་རྣམ་དག་
༦༡༥ ལ་གདམས་པ་བསྟན་ནས། གསུམ་པ་རྟོགས་པའི་དོན་ལྟ་བ་རྣམ་པར་དག་པ་ལ་གདམས་པ་ལ་གསུམ་ལས། ཡུལ་གྱི་གཙོ་བོ་མཁན་པོ་ལ་གུས་པ་བསྐྱེད་པ་ནི། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །ཁྱོད་ཀྱིས་དེང་ཕྱིན་ཆད་མཁན་པོ་ལ་ཇི་སྲིད་འཚོའ་བར་དུ་བསྙེན་བཀུར་བར་བྱའོ། །མཁན་པོས་ཀྱང་ཁྱོད་ཤི་བའམ་གསོན་གྱི་བར་དུ་ནད་གཡོག་བྱའོ། །དེ་ནི་ཚུལ་ཁྲིམས་དང་འབྲེལ་བའི་གཟུགས་བརྙན་ལ་ངེས་པར་སྦྱར་བའོ། །གཉིས་པ་གྲོགས་ཕལ་པ་ལ་ཡང་གུས་པར་བྱས་ན་ཡོན་ཏན་འབྱུང་ངོ་ཞེས་གདམས་པ་ནི། དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་གནས་བརྟན་རྣམས་དང་བར་མ་རྣམས་དང་གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པ་དང་འཇིགས་པ་དང་བཅས་པའི་དབང་དུ་འགྱུར་བར་གནས་པར་བྱའོ། །དེ་ནི་དུལ་བར་གནས་པ་ཉིད་ལ་སྦྱར་བའོ། །དེ་ལྟར་ལྟ་བའི་ཡུལ་ལ་གུས་པ་བསྐྱེད་ནས། ལྟ་བ་དངོས་ལ་སྦྱར་བ་ནི། ཐོས་པ་དང་ཐོས་ནས་ཤེས་ཤིང་བསྟན་པའི་དོན་སྔོན་དུ་བྱ་དགོས་སོ་ཞེས་བསྒྲུབ་པར་གདམས་པ་ནི། དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་ནོད་པར་བྱ་ཀླག་པར་བྱ་ཁ་ཏོན་དུ་བྱའོ། །ཕུང་པོ་ལ་མཁས་པ་དང་ཁམས་ལ་མཁས་པ་དང་སྐྱེ་མཆེད་ལ་མཁས་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ། །མ་ཐོབ་པ་ཐོབ་པར་བྱ་བ་དང་མ་རྟོགས་པ་རྟོགས་པར་བྱ་བ་དང་མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་ཁྱོད་ཀྱིས་བརྩོན་པ་མི་འདོར་བར་བྱའོ། །དེ་ནི་དགོས་པ་རྗེས་སུ་སྒྲུབ་པ་ལ་ཉེ་བར་སྦྱར་བར་བྱའོ། །དེ་ལྟར་རྟེན་པ་འཚོ་བ་རྣམ་པར་དག་པས་བསྲུང་བྱ་ཚུལ་ཁྲིམས་རྣམ་པར་དག་པ་དང་རྟོགས་པའི་དོན་ལྟ་བ་རྣམ་པར་དག་
༦༡༦ པ་དང་གསུམ་པོ་དེས་ནི་རང་སྨིན་པར་བྱེད་པ་ལ་གདམས་པ་བསྟན་ནས། གཞན་རྗེས་སུ་འཛིན་པ་ལ་གདམས་པ་ནི། སྔར་དངོས་སུ་མ་བརྗོད་ཀྱང་བསླབ་པའི་གཞི་ཞིབ་དུ་བརྗོད་པ་རྣམས་ད་གཟོད་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ནི། དེ་དག་ནི་ཁོ་བོས་ཁྱོད་ལ་བསླབ་པའི་གཞི་ཆེ་ལོང་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དེ་གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་ཐོས་པར་འགྱུར་རོ། །གཞན་དག་ཀྱང་སློབ་དཔོན་དང་མཁན་པོ་དང་མཁན་པོ་གཅིག་པ་དང་སློབ་དཔོན་གཅིག་པ་དང་གཏམ་འདྲེས་པ་དང་ཕེབས་པར་སྨྲ་བ་དང་སྨྲོས་འདྲིས་པ་དང་གྲོགས་བཤེས་རྣམས་ཀྱིས་ཀྱང་རྒྱ་ཆེར་སྟོན་པར་འགྱུར་རོ། །དེ་ནི་མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་བསྒྲུབ་པར་འགྱུར་བ་ཉིད་བརྗོད་པའོ། །དེ་ལྟར་རང་སྨིན་པ་དང་གཞན་རྗེས་སུ་འཛིན་པའི་གདམ་ངག་གཉིས་ཀྱིས་བསླབ་བྱ་ཡུལ་ལ་གདམས་ནས། གཉིས་པ་སློབ་བྱེད་གཉེན་པོ་ལ་གདམས་པ་ནི་གཉིས་ལས། གཉེན་པོའ་རྩ་བ་སངས་རྒྱས་ཀྱི་བསྟན་པ་ལ་གུས་པ་བསྐྱེད་པར་གདམས་པ་ནི། ཤེས་རབ་མཆོག་གི་བསྟན་པ་ལ། །ཁྱོད་ནི་བསྙེན་པར་རྫོགས་པར་འགྱུར། །དལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཅི་ལྟ་བཞིན་དུ་བསྒྲུབས། །མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །དེ་ནི་གུས་པ་ལ་ངེས་པར་སྦྱར་བའོ། །དེས་ནི་ཤེས་རབ་ཁྱད་པར་དུ་འཕགས་པ་སངས་རྒྱས་ཀྱི་བསྟན་པ་ལ་བསྙེན་པར་རྫོགས་པ་ཐོབ་ནས་ཐམས་ཅད་མཁྱེན་པའི་བཀའ་བཞིན་དུ་བསྒྲུབས་ཤིག་པར་བསྟན་ནས། གཉེན་པོ་དངོས་ལ་གདམས་པ་ནི། །ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས། །བག་ཡོད་པར་
༦༡༧ བསྒྲུབས་ཤིག །དེ་ནི་བསྒྲུབ་པར་བྱ་བ་ཐབས་བརྗོད་པ་ལ་ངེས་པར་སྦྱར་བའོ། །འདི་ནི་ཚིག་ཉུང་ལ་དོན་རྒྱ་ཆེ་བ་སྟེ། །དེ་ལྟར་གསུངས་པའི་དོན་ནི། ཐོས་དང་ཁྲིམས་དང་གཏོང་དང་བཟོད་པ་དང་། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །གཏེར་ཐོབ་བཞིན་དུ་དེ་བཞིན་གཤེགས་པས་གསུངས། །ཤེས་གསུངས་པས། འདི་ལ་གནས་ན་དགེ་བའི་ཆོས་ཐམས་ཅད་རྫོགས་པར་འགྱུར་བ་ཡིན་པས། དེ་ལྟར་བསླབ་པ་ལ་བརྩོན་པར་བྱའོ། །དེ་ལྟར་གདམ་ངག་བརྗོད་པ་དང་། དུས་གོ་བ་དང་གཉིས་ཀྱིས་རྗེས་དང་། དངོས་གཞི་དང་། སྔོན་འགྲོའི་སྒོ་ནས་བསྙེན་པར་རྫོགས་པ་ལེགས་པར་བསྒྲུབ་པ་ཡིན། དེ་ཡང་གཙོ་བོ་མཁན་པོའ་བཀའ་དྲིན་ལས་བྱུང་བ་ཡིན་ཏེ། རང་གིས་མཛད་དགོས་པ་རྣམས་རང་གིས་མཛད། གཞན་ལ་བསྐོ་དགོས་པ་རྣམས་བསྐོས་ནས་མཛད་པས་དྲིན་ཆེ་བར་བསོམས། །ཕྱག་གསུམ་འཚོལ་ཐལ་མོ་སྦྱོར་ལ་བཀའ་དྲིན་ཆེའོ་ཞེས་བརྗོད། དགེ་འདུན་རྣམས་ཀྱིས་མེ་ཏོག་འཐོར་བཞིན་པས་ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ་བོ། །དགེ་སློང་གི་བསྙེན་པར་རྫོགས་པར་བྱ་བའི་ཆོ་ག་ལས་དང་བཅས་པ་རྫོགས་སོ། །ཡང་དག་རྫོགས་པའི་སངས་རྒྱས་སྒྲ་གཅན་འཛིན། །དཔལ་གྱི་གྲགས་པ་བྲམ་ཟེ་སྒྲ་གཅན་འཛིན། །ཀླུ་སྒྲུབ་བཟང་པོ་ཡོན་ཏན་བློ་གྲོས་དང་། །རིན་ཆེན་བཤེས་གཉེན་།།།་བྷ་དྲ་དང་། །ཡོན་ཏན་གཟི་བརྗིད་ཆོས་ཀྱི་ཕྲེང་བ་མཆོག །འབྱུང་གནས་སྦས་པ་།།།་ཤྲཱི་བྷ་དྲ། །བོད་ཀྱི་ཡུལ་དུ་བཤེས་གཉེན་ལྷོ་བྲག་པ། །སྦྱངས་སྡོམ་ལྡན་པ་མཁན་པོ་གཙང་བ་དང་། །སྡེ་སྣོད་འཛིན་པ་གཞོན་ནུ་བྱང་ཆུབ་ཀྱི། །བསླབ་གཞུང་འཛིན་པ་རྒྱ་ཆེར་སྤེལ་བྱའི་ཕྱིར། །ལས་ཀྱི་ཆོ་
༦༡༨ གའི་གདམས་པ་གསལ་བྱེད་འདི། །འདུལ་བའི་གཞུང་དང་མཁས་བཙུན་གདམ་ངག་བཞིན། ཤིན་དུ་གོ་བདེར་རང་བྱུང་རྡོ་རྗེས་སྦྱར། །དགེ་བ་འདི་ཡིས་སེམས་ཅན་མ་ལུས་པ། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་དང་། །རྒྱལ་བའི་བསྟན་པ་ཡུན་རིང་གནས་གྱུར་ཅིག །ཞེས་པ་འདི། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེའི་ཞལ་སྔ་ནས། ཕག་ལོ་ཟླ་བ་བརྒྱད་པའི་ཚེས་ལྔ་ལ་དབེན་གནས་བདེ་ཆེན་དུ་སྦྱར་བར་མཛད་པ་དེ་ཉིད་དོན་ཚང་ཞིང་གོ་གསལ་ལ། ལག་ཏུ་བླང་བདེ་བར་ཡོད་ཀྱང་སྤྲོས་པ་ལ་དགའ་བ་རྣམས་དང་། བློ་དམན་པའི་སྒྲུབ་བྱ་བརྡ་སྤྲོད་ལ་བརྟེན་ནས་གོ་བ་འཆར་དགོས་པ་རྣམས་ཀྱི་དོན་དུ་མི་དགོས་ཀ་མེད་ཀྱི་གོ་དོན་བརྡ་སྤྲོད་དང་བཅས་པ་ཅུང་ཟད་ཙམ་བསྣན་ཏེ་ཚིག་ཉུང་ཞིང་ལག་ལེན་ཡི་གེ་བལྟས་པ་ཙམ་གྱིས་ཤེས་པ་ཞིག་དགོས་ཤེས་རབ་འབྱམས་སྨྲ་བ་མང་དག་གིས་ཡང་ཡང་བསྐུལ་བའི་ངོར་མང་དུ་ཐོས་པའི་དགེ་སློང་ཆོས་སྨྲ་བ་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་ཞེས་བྱ་བས། དཔལ་རང་བྱུང་གི་ཞལ་སྔ་ནས་མཛད་པའི་ལས་ཆོག་དེ་ཉིད་གཞིར་བཞག་སྟེ་བསྣན་པར་འོས་པ་འགའ་ཞིག་ལྷན་ཐབས་ཀྱི་ཚུལ་དུ་བསྣན་ནས། ས་ཕོ་སྟག་འབྲུ་མང་པོའ་ལོ་ལ་ལེགས་བཤད་གླིང་དུ་སྦྱར་བའི་ཡི་གེ་པ་ནི་ཟླ་འོད་རྣམ་རྒྱལ་གྱིས་བགྱིས་པ་སྟེ། །འདིས་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་མྱུར་དུ་སྐེམས་རྒྱུར་གྱུར་ཅིག། །།ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ད་ནི་ཁྱིམ་པ་ལ་ཕན་གདགས་པའི་སླད་དུ་འདུལ་བའི་ཞར་ལས་བྱུང་བའི་བསླབ་པ་ལ་སྦྱོར་ཚུལ་ཅུང་ཟད་ཙམ་བཤད་པར་བྱའོ། །དེ་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཙམ་དོན་དུ་གཉེར་པ་དག་འོངས་ན་སྟོན་པའི་སྐུ་སོགས་རྟེན་དང་མཆོད་པ་ཅི་
༦༡༩ འབྱོར་བ་བཤམས་ནས། །སློབ་མས་སྟོན་པ་དང་བླ་མ་ལ་ཕྱག་གསུམ་གསུམ་འཚལ་ཙོག་བུའམ་པུས་མོ་བཙུགས་ཐལ་མོ་སྦྱར་ནས་འདུག་དུ་བཅུག །བླ་མས་ཁྱོད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཤིན་ཏུ་ལེགས་ཏེ། །ཕག་མོའ་རྟོག་བརྗོད་ལས། །གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་འགྲོར་མི་འགྲོ་སྟེ། །ལྷ་ཡི་ལུས་ནི་སྤངས་ནས་ཀྱང་། །མི་ཡི་ལུས་སུ་སྐྱེ་བར་འགྱུར། །ཞེས་དང་། དེ་བཞིན་དུ་ཆོས་དང་དགེ་འདུན་ལ་ཡང་སྦྱར་ནས་གསུངས་ཤིང་། །མདོ་སྡེ་རྒྱན་ལས་ཀྱང་། སྣ་ཚོགས་འཇིགས་གྱུར་འཇིག་ཚོགས་ཀུན་དང་ཐེག་པ་དང་། །ངན་སོང་རྣམ་མང་སྡུག་བསྔལ་ཐབས་མིན་སོང་བ་རྣམས། །སྐྱེ་དང་འཆི་བ་ཉོན་མོངས་ལས་རྣམས་ཀུན་ལས་བསྲུང་། །ཞེས་གསུངས་པས། །སྐྱབས་མེད་པས་ཡ་ང་བའི་འཇིགས་པ་དང་ཉེར་འཚེ་ཐམས་ཅད་དང་ངན་སོང་གི་སྡུག་བསྔལ་ལས་བསྲུང་། དེའི་རྒྱུ་ལྟ་ངན་དང་འཁོར་བའི་ཉེས་དམིགས་སེལ། མི་གནས་པའི་མྱང་འདས་ཀྱི་བསམ་བས་ཟིན་པས་ཐེག་དམན་ལས་ཀྱང་བསྲུང་བས་བསྲུང་བ་ཆེན་པོར་འགྱུར་བས་སོ། །ལུང་གཞན་ལས་ཀྱང་། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་པས་ཕན་ཡོན་ཤིན་ཏུ་ཆེའོ། །དེ་ཡང་བླ་མའི་རྗེས་སུ་བཟླས་ནས་བླངས་ན་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་སོགས་དགོས་པ་ཁྱད་པར་ཅན་ཡོད་པས་རྗེས་བཟློས་མཛོད། །ཅེས་བརྡ་སྦྱར། ཆོས་འབྲེལ་མེད་ན་བཙུན་པའམ་ཡོད་ན་སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་གཟུང་སྟེ་ཇི་སྲིད་འཚོའ་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ། །བདག་དུས་འདི་ནས་གཟུང་སྟེ། །ཇི་སྲིད་འཚོའ་བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་
༦༢༠ སློབ་དཔོན་གྱིས་གཟུང་དུ་གསོལ། །ཞེས་ལན་གཉིས་བརྗོད་དེ། །ལན་གསུམ་པ་འདི་ལ་ཆ་གསུམ་ཡོད་པའི་སྐྱབས་བརྗོད་དང་བདག་བརྗོད་ཀྱི་ཆ་དགེ་བསྙེན་དུ་ཞེས་པ་རྫོགས་ནས་གཞན་བརྗོད་ཀྱི་མགོ་ཟུག་པའི་སྐབས་སུ་ཁྱོད་ལ་སྐྱབས་འགྲོའི་དགེ་བསྙེན་གྱི་སྡོམ་པ་སྐྱེ་བ་ཡིན་པས་དེ་སྐྱེས་པ་ཤེས་དགོས་ཤིང་། །དེ་ནས་དེད་སློབ་དཔོན་དུ་འགྱུར་བ་ཡིན་པས། །བཙུན་པ་ཞེས་མི་བརྗོད་པར་སློབ་དཔོན་ཞེས་བརྗོད་དགོས་པས་དེ་ཡིད་ལ་ཞོག །སེམས་མ་ཡེངས་པར་གསུམ་པའི་རྗེས་བཟློས་གྱིས་ཤེས་བརྡ་སྦྱར་ནས་ལན་གསུམ་པ་བརྗོད། །སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནས་བསླབ་བྱ་བཤད་པར་བྱ་སྟེ། དེ་ལྟར་སྐྱབས་སུ་འགྲོ་བའི་སྡོམ་པ་ཐོབ་ནས་དེའི་བསླབ་བྱ་ལ། དགག་པའི་བསླབ་བྱ་གསུམ་དང་། སྒྲུབ་པའི་བསླབ་བྱ་གསུམ་དང་། ཆ་མཐུན་གྱི་བསླབ་བྱ་གསུམ་མོ། །དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་འགྲོ་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དང་འགྲོགས་པར་མི་བྱའོ། །དེ་ཡང་བོད་གྱི་ཡུལ་འདིར་མུ་སྟེགས་དངོས་སུ་མི་འབྱུང་ཀྱང་མི་སྡིག་ལ་རྔམ་པ་རྣམས་མུ་སྟེགས་དང་འདྲ་བས་དེ་དང་མི་འགྲོགས་པའོ། །གཉིས་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུའི་རྟེན་ཐ་ན་སཱ་ཚའི་ཆག་དུམ་ཙམ་ལའང་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་ཕྱག་མཆོད་བཀུར་བསྟི་བྱེད་འོ་རྒྱལ་བའི་གནས་རྣམས་སུ་བཞུགས་མི་འཇུག་ཅིང་ཐ་ན་བྱིས་པས་རྩེད་མོ་ལ་བྱས་པའི་སྐུ་གཟུགས་ཀྱང་མི་འཇིག་པ་དང་ཆོས་ལ་སྐྱབས་སུ་སོང་ནས་ཆོས་ཀྱི་རྟེན་ཐ་ན་གསུང་རབ་ཀྱི་ཡིག་འབྲུ་གཅིག་ཡན་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་བཀུར་བསྟི་སོགས་སྔ་མ་ལྟར་རོ། །དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་གྱི་གཟུགས་ཐང་ཤམ་ཙམ་ལྡན་པ་ཡན་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་སོགས་སྔ་མ་
༦༢༡ བཞིན་ནོ། །གསུམ་པ་ནི། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པ་དང་ནང་ནུབ་སོགས་སུ་སྐྱབས་སུ་འགྲོ་བ་ལ་བརྩོན་པ་དང་སྐྱེས་བུ་དམ་པ་ལ་བརྟེན་ནས་ཆོས་ཀྱི་རྗེས་སུ་འཇུག་ཅིང་ཆོས་དང་མཐུན་པར་སྤྱོད་པའོ། །དེ་ལྟ་བུའི་བསླབ་བྱ་རྣམས་ཡིད་ལ་གཟུང་ནས་དྲན་ཤེས་བཞིན་དང་ལྡན་པས་དུས་རྟག་ཏུ་སློབ་པར་གྱིས་ཤིག །ཅེས་བརྗོད་ནས་ཕྱག་གསུམ་འཚལ་དུ་བཅུག །བསྔོ་བ་སྨོན་ལམ་བྱས་ནས་རང་གི་གནས་སུ་བཏང་ངོ་།། ༈ །།ཁྱིམ་པ་ཡོངས་རྫོགས་ཀྱི་དགེ་བསྙེན་ཐོབ་པར་འདོད་པ་དག་འོངས་ན། རྟེན་དང་ཕྱག་འདུག་ཚུལ་སོགས་གོང་བཞིན་བྱས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་དགེ་བསྙེན་ཡོངས་རྫོགས་བླངས་ནས་བསྲུང་སྙམ་པས་རྗེས་བཟློས་གྱིས་ཤིག་ཅེས་བརྡ་སྦྱར། བཙུན་པའི་སློབ་དཔོན་དགོངས་གསོལ་དང་། རྐང་གཉིས་རྣམས་ཀྱི་ནས་དགེ་འདུན་ལ་སྐྱབས་སུ་མཆི་བོའ་བར་དང་། བདག་དུས་འདི་ནས་གཟུང་སྟེ་ཇི་སྲིད་འཚོའ་བར་དུ་དགེ་བསྙེན་དུ་བཙུན་པའམ་བསློབ་དཔོན་གྱིས་གཟུང་དུ་གསོལ། ལན་གཉིས་བརྗོད་ནས་སྔར་བཞིན་སྡོམ་པ་ཐོབ་མཚམས་བདག་བརྗོད་རྫོགས་རྗེས་ཐོབ་ཤེས་དགོས་ཚུལ་དང་གསུམ་པའི་རྗེས་བཟློས་བརྡ་སྦྱར་ཏེ་ལན་གསུམ་པ་སོང་ནས་ཐབས་ལེགས་བྱ། དེ་ལྟར་ཁྱོད་ཀྱིས་དགེ་བསྙེན་གྱི་སྡོམ་པ་ཐོབ་ནས་བསྲུང་དགོས་པས་བསྲུང་ཚུལ་ཀྱང་སྤང་བྱ་ལྔ་པོ་འདི་ཡིད་ཀྱི་སྒོ་ནས་སྤང་ལུས་ངག་གི་སྒོ་ནས་སླར་ལོག་པར་བྱེད། དེ་ཡང་སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་བསྲུང་སྙམ་པ་གྱིས་རྗེས་བཟློས་བརྡ་སྦྱར་སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའ་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་སྟེ་ཇི་སྲིད་འཚོའ་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པར་
༦༢༢ བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསླབ་བོ་རྗེས་སུ་སྒྲུབ་བོ་རྗེས་སུ་བགྱིད་དོ། །གཞན་ཡང་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའ་བར་དུ་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་རྫུན་དུ་སྨྲ་བ་དང་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། །འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་སྟེ་ཇི་སྲིད་འཚོའ་བར་དུ་མ་བྱིན་པར་ལེན་པ་དང་ཞེས་པ་ནས་བག་མེད་པའི་གནས་ལས་སླར་ལོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་ཞེས་པ་ནས་རྗེས་སུ་བགྱིད་དོའ་བར་ལན་གཅིག་བརྗོད། དེ་ལྟར་ཁྱོད་ཀྱིས་ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་སྡོམ་པ་ལེན་པའི་ཆོ་ག་དངོས་དང་བསླབ་པ་བརྗོད་པ་གཉིས་ཀྱི་སྒོ་ནས་ལེགས་པར་ཐོབ་པ་ཡིན་པས། དེ་ལ་བརྟེན་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་གྱིས་ཤིག་ཅེས་བརྗོད་ནས་སྨོན་ལམ་འདེབས་པའི་བསླབ་བྱ་མདོར་བསྡུས་འཆད་པར་འདོད་ན། སྡོམ་པ་གང་དང་གང་ལེན་ཀྱང་སྐྱབས་འགྲོ་བརྩོམ་བྱེད་དུ་བྱེད་དགོས་པས་སྐྱབས་འགྲོའི་བསླབ་བྱ་འདི་རྣམས་ལ་སློབ་དགོས། ཤེས་སྔར་སྨོས་པའི་སྐྱབས་འགྲོའི་བསླབ་བྱ་རྣམས་བརྗོད་ཅིང་། དགེ་བསྙེན་ཉིད་ཀྱི་བསླབ་བྱ་ལྔ་ཡིན་པས། མིའམ་མིར་ཆགས་པ་བསད་ན་སྲོག་གཅོད་གྱི་སྡོམ་པ་དང་། རང་དང་ནོར་མི་གཅིག་པ་གཞན་གྱི་ནོར་ཞོ་གང་གི་བཞི་ཆ་གཅིག་ཏུ་ལོངས་པ་རྐུས་སམ་ཕྲོགས་ན་མ་བྱིན་ལེན་གྱི་སྡོམ་པ་དང་། ཁྱོད་ཅག་ཁྱིམ་པ་ཡིན་པས་རང་གི་ཆུང་མ་བསྟེན་རུང་ཀྱང་རང་མི་དབང་བའི་བུད་མེད་སོགས་འཁྲིག་པ་སྤྱད་ན་ལོག་གཡེམ་གྱི་སྡོམ་པ་དང་། མངོན་ཤེས་དང་རྫུ་འཕྲུལ་སོགས་མི་ཆོག་བླ་མའི་ཡོན་ཏན་མ་ཐོབ་ཀྱང་ཐོབ་པར་ཁས་བླངས་ན་རྫུན་སྨྲའི་སྡོམ་པ་དང་། མྱོས་པར་འགྱུར་བའི་ཆང་ཐིག་པ་གཅིག་ཡན་མིད་ན་མྱོས་འགྱུར་གྱི་སྡོམ་
༦༢༣ པ་འཆོར་བས་དེ་ལྔ་པོ་ཆ་ཤས་དང་བཅས་པ་སྤོང་ཞིང་དགེ་བ་ལ་བརྩོན་པས་བག་ཡོད་དུ་གནས་པར་བྱོས་ཤིག །ཅེས་བརྗོད་ནས་བསྔོ་བ་བྱས་ཏེ་རང་གནས་སུ་བཏང་ངོ་། ༈ །།རྗེ་བུ་སྟོན་གྱིས་ཕལ་ཆེར་སྤྱོད་པ་རྩ་བཞི་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་གསུངས་པས། ཁྱིམ་པ་ཆད་སྤོང་བར་མི་ནུས་པ་དག་ལ་དེ་སྦྱིན་པར་བྱ་སྟེ། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དེའི་ཕྱིར་དུ་རྩ་བཞི་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་བསྲུང་སྙམ་པ་གྱིས་ལ་སོགས་རྗེས་ཟློས་བརྡ་སྦྱར། རྐང་གཉིས་ནས་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའ་བར་དུ་ཕལ་ཆེར་སྤྱོད་པ་རྩ་བཞི་འཛིན་པའི་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ། ལན་གཉིས་སོང་ནས་ཐོབ་ཤེས་བརྡ་སྦྱར་ལན་གསུམ་པའི་རྗེས་སུ་ཐབས་ལེགས་བྱ། དེ་ལྟར་རྩ་བཞི་སྤྱོད་པའི་དགེ་བསྙེན་ཐོབ་ནས་སོགས་བསྲུང་ཚུལ་དཔེ་དང་བཅས་ཏེ་རྗེས་ཟློས་བརྡ་སྦྱར། སློབ་དཔོན་དགོངས་གསོལ་ནས་ཡན་ལག་དང་པོའ་རྗེས་སུ་བགྱིད་དོའ་བར་དང་། གཞན་ཡང་ཇི་ལྟར་ནས་འཚོའ་བར་དུ། མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་རྫུན་དུ་སྨྲ་བ་སྤངས་ཏེ་རྫུན་དུ་སྨྲ་བ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་ནས་རྫུན་དུ་སྨྲ་བ་སྤང་སྟེ་རྫུན་དུ་སྨྲ་བ་ལས་སླར་ལོག་པར་བགྱིའོ། །ཡན་ལག་བཞི་པ་འདི་ས་བདག་འཕགས་པ་ནས་ཐབས་ལེགས་ཀྱི་བར་བྱས་ཏེ། དེའི་བསླབ་བྱ་ནི། སྐྱབས་འགྲོའི་བསླབ་བྱ་དང་རྩ་བ་བཞི་པའི་བསླབ་བྱ་སྔར་བཞིན་བཤད་ནས་དེ་དག་ཕྱོགས་མཐུན་དང་བཅས་པ་བསྲུང་བ་ལ་བརྩོན་པར་བྱོས་ཤིག་ཅེས་བརྗོད་དོ།། །།བསྙེན་གནས་ཀྱི་སྡོམ་པ་དོན་དུ་གཉེར་བ་དག་འོངས་ན། རྟེན་མཆོད་དང་སློབ་མས་ཡན་ལག་ལྔའི་ཁྲུས་ཕྱག་སྔོན་དུ་འགྲོ་བས་པུས་བཙུགས་ཐལ་སྦྱར་དུ་འདུག་པ་སོགས་སྔར་ལྟར་ལ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བསྙེན་གནས་ཡན་ལག་བརྒྱད་པའི་ཁྲིམས་བླངས་ལ་བསྲུང་སྙམ་དུ་སེམས་བསྐྱེད་པ་སྔོན་དུ་འགྲོ་
༦༢༤ བས་ཉན་པར་བྱོས་ཤིག །ཉན་པར་བྱ་བའི་ཆོས་འདི་ལ་ཡིད་ཆེས་པའི་ཕྱིར་དུ་ཕན་ཡོན་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་གནས་འཇོག་གི་མདོ་ལས། གངྒ་ལ་སོགས་པའི་ཆུ་ཀླུང་ཆེན་པོ་ལྔ་བརྒྱ་དང་རྒྱ་མཚོ་ཆེན་པོའ་ཆུ་བུམ་པའི་གྲངས་ཀྱིས་ཚད་གཟུང་བར་ནུས་ཀྱིས་བསྙེན་གནས་ཀྱི་ཕན་ཡོན་གྱི་ཚད་གཟུང་བར་མི་ནུས་སོ་ཞེས་སོགས་གསུངས་ལ། འཇིག་རྟེན་གདགས་པ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས། །ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུངས། དེ་ནི་ང་དང་ང་འདྲར་འགྱུར། །ཞེས་སྨྲས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀཽ་ཤི་ཀ་ཁྱོད་དེ་སྐད་མ་ཟེར་ཅིག །ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཞེས་པ་ནས། དེ་ནི་ང་དང་ང་འདྲར་འགྱུར། །ཞེས་པའི་བར་གསུངས་པས་བསྙེན་གནས་གཅིག་པུས་སངས་རྒྱས་ཐོབ་པར་གསུངས་ཤིང་། ཟླ་བ་སྒྲོན་མེའི་མདོ་ལས། །བསྐལ་པ་བྱེ་བ་གངྒའི་བྱེ་སྙེད་དུ། །དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་འགྲོ་བྱས། །གང་གིས་ཆོས་འདི་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཤེས་དང་། གཞན་ཡང་གསུང་རབ་རྣམས་སུ་བསྙེན་གནས་ཀྱི་ཕན་ཡོན་རྒྱ་ཆེར་གསུངས་པ་རྣམས་ཤེས་པར་གྱིས་ལ། འདིའི་རྗེས་བཟློས་མཛོད། ཅེས་བརྡ་སྦྱར། ཆོས་འབྲེལ་མེད་ན་བཙུན་པའམ། ཡོད་ན། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་གཟུང་སྟེ་ཇི་སྲིད་འཚོའ་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ། བདག་དུས་འདི་ནས་གཟུང་སྟེ། སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་
༦༢༥ གནས་ཡན་ལག་བརྒྱད་པར་སློབ་དཔོན་གྱིས་གཟུང་དུ་གསོལ། ཞེས་ལན་གསུམ་བརྗོད། ཐབས་ལེགས་བྱའོ། །དེས་ཁྱོད་ཀྱི་རྒྱུད་ལ་བསྙེན་གནས་ཀྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན། ཐོབ་པས་མི་ཆོག་བསྲུང་དགོས། མ་བསྲུངས་ན། རྡོ་ཐང་ལ་ཡོད་པ་ལག་པས་བླངས་ནས་གནམ་ལ་འཕངས་ཏེ། རང་གི་མགོ་ཐོག་ཏུ་ལྷུང་བར་བྱས་ནས་རང་གིས་རང་བརྡུང་བ་དང་འདྲ། བསྲུངས་ན་རྡོ་ཐང་ལ་ཡོད་པ་ཐག་རིང་པོར་དོར་ནས་གནོད་པ་མེད་པར་བྱས་པ་དང་འདྲ་བས། བསྲུང་སྡོམ་ཤིན་ཏུ་གལ་ཆེ། དེ་ལ་བསྙེན་གནས་ཀྱི་སྐབས་སུ་བཤད་པའི་བསྲུང་བྱ་བརྒྱད་པོ་འདི་ཡིད་ཀྱི་སྒོ་ནས་སྤང་ལུས་ངག་གི་སྒོ་ནས་སླར་ལོག་པར་བྱེད། དེ་ཡང་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་བསྲུང་སྙམ་པ་གྱིས་ལ་རྗེས་ཟློས་མཛོད་ཅེས་བརྡ་སྦྱར། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་སང་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤང་སྟེ་སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་རོལ་མོའ་སྒྲ་དང་ཕྲེང་བ་དང་སྤོས་ཉུག་པ་དང་རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་སང་ཉི་མ་མ་ཤར་གྱི་བར་དུ་མ་བྱིན་པར་ལེན་པ་དང་། ཞེས་པ་ནས་སླར་ལོག་པར་བགྱི་བོའ་བར་དང་ཡན་ལག་བརྒྱད་པ་འདིས། བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་
༦༢༦ བསླབ་པ་ནས་རྗེས་སུ་བགྱིད་དོའ་བར་རྣམས་ལན་གཅིག་བརྗོད། ཐབས་ལེགས་བྱའོ། །དེ་ནས་བསླབ་བྱ་བཤད་པར་བྱ་སྟེ། སྐྱབས་འགྲོ་བརྩོམ་བྱེད་དུ་བྱས་པས་ཇི་སྲིད་འཚོའ་བར་དུ་ཐོབ་ཅིང་། བསྙེན་གནས་སང་ཉི་ཤར་གྱི་བར་དུ་བླངས་པས་ཡན་ལག་བརྒྱད་བསྲུང་བའི་སྡོམ་པ་ཞག་གཅིག་ཏུ་ཐོབ་པས་སྐྱབས་འགྲོའི་བསླབ་བྱ་ནི་ཞེས་སོགས་སྔར་ལྟར་བཤད། བསྙེན་གནས་ཀྱི་སྐྱབས་སུ་ཐོབ་པ་ཡན་ལག་བརྒྱད་དང་ཇོ་བོ་རྗེའི་ཕྱག་ལེན་གྱིས་ཁ་བརྒྱན་པ་བར་མ་གཉིས་ཏེ་བཅུ་ལས། དང་པོ་ནི། སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་ཚངས་པར་སྤྱོད་པ། །རྫུན་སྨྲ། །ཆང་། གར་སོགས་ཕྲེང་སོགས་བསྡོམས་པས་གཅིག །མལ་ཆེ་མཐོ་བསྡོམས་པས་གཅིག །དུས་མ་ཡིན་པའི་ཁ་ཟས་ཏེ་བརྒྱད་པོ་འདི་བསྲུང་དགོས་ལ། དེ་ཡང་། མིའམ་མིར་ཆགས་པ་བསད་ན་སྡོམ་པ་རྩ་བ་ནས་འཆོར། དུད་འགྲོ་སོགས་མི་མ་ཡིན་པ་བསད་ན་སྡོམ་པ་དེ་ཉམས་ཉེས་པར་བྱེད། དེ་དག་བསྲུང་བའི་ཐབས་སུ་དུད་འགྲོ་ལ་རྡེག་འཚོག་དང་ནམ་མཁའ་ལ་རྡོ་དབྱུག་སོགས་འཕེན་པ་དང་སྲོག་ཆགས་ཡོད་མེད་སོམ་ཉི་ཟ་བའི་ཆུ་ལ་བྱེ་མ་སོགས་འདེབས་པ་སྤང་། མདོར་ན་སྲོག་ཆགས་ཆེ་འཕྲ་གང་ལ་ཡང་གནོད་པ་མི་བྱེད། གཞན་གྱི་ནོར་ལས་བཞི་ཆ་གཅིག་ཡན་མ་བྱིན་པར་བླངས་ན་དེ་རྩ་བ་ནས་འཆོར། དེར་མ་ལོངས་ཙམ་མ་བྱིན་པར་བླངས་ན་དེ་ཉམས་ཉེས་པར་བྱེད། དེ་བསྲུང་ཐབས་སུ་གཞན་དབང་བའི་རྩ་དང་ཤིང་བུ་སོགས་མ་བྱིན་པར་མི་བླང་། ཕོ་མོ་འཁྲིག་པའི་ཆོས་རྟེན་ན་སྡོམ་པ་འཆོར་དེ་མིན་རུང་ཆགས་སེམས་ཀྱིས་ཁུ་བ་ཕྱུང་ན་དེ་ཉམས་ཉེས་པར་བྱེད། བསྲུང་ཐབས་སུ་སྐྱེས་བུད་མེད་མིག་གིས་བལྟ་བའི་ཚེའང་ཆགས་སེམས་ཀྱིས་མི་བལྟ་བར་སྙིང་རྗེའི་སེམས་ཀྱིས་བལྟ། མི་ཆོས་བླ་མའི་རྫུན་སྨྲས་ན་སྡོམ་པ་འཆོར། རྫུན་ཆེན་པོ་སྨྲས་ན་ཉམས་ཉེས་པར་བྱེད། བསྲུང་ཐབས་སུ་རྩེད་མོའ་རྫུན་ཀྱང་མི་སྨྲ་བ་ལ་བསླབ། བཟི་ནུས་ཅན་གྱི་ཆང་ཐིགས་པ་གཅིག་འཐུངས་ན་ཡན་ལག་དེ་གཏོང་།
༦༢༧ བཟི་མི་ནུས་ཀྱང་ཟི་བིར་བ་ཙམ་འཐུངས་ན་ཉམས་ཉེས་པར་བྱེད། བསྲུང་ཐབས་སུ་སིང་རླག་ལྟ་བུ་ཐིམ་བུ་འགྲིམས་པ་མི་འཐུང་། འཇིག་རྟེན་པའི་གླུ་བྲོ་ལེའུ་ཅིག་ཏུ་ལོངས་བ་དང་ནར་མིའི་རྒྱན་མ་གཏོགས་རྒྱན་ཕྲེང་དུ་གཏོགས་པ་དུམ་བུ་ཅིག་གམ་མཚོན་གྱིས་མཛེས་པར་བརྒྱན་པ་དང་གོས་དར་བཀྲག་མདངས་ཅན་གྱོན་ན་ཡན་ལག་དེ་འཆོར། དེ་རྣམས་རྗེས་མཐུན་ཙམ་བས་ན་ཉམས་ཉེས་པར་བྱེད། བསྲུང་ཐབས་སུ་འཕྱོང་རྒྱུག་དང་རྒྱངས་སྐད་འབོད་སྒྲོག་ཀུ་ཆོ་སོགས་གྱ་ཚོམས་ཀྱི་སྤྱོད་ལམ་མི་མཛེས་པ་རྣམས་དང་གོས་ལྷྭམ་ཚུན་ནར་མ་ལས་མཛེས་པ་མི་གྱོན། སྟན་དང་ཁྲི་ཁྲུ་གང་ལས་མཐོ་བ་དང་བ་སོ་དང་གསེར་དངུལ་སོགས་ཀྱིས་བརྒྱན་པའི་ཁམ་ཆེ་བ་ལ་ཉལ་འདུག་རྫོགས་ན་ཡན་ལག་དེ་རྩ་བ་ནས་འཆོར། དེ་དག་རྗེས་མཐུན་ཙམ་ལ་ཉལ་འདུག་རྫོགས་ན་ཉམས་ཉེས་པར་བྱེད། བསྲུང་ཐབས་སུ་གདན་ཕལ་པའང་ནར་མ་ལས་ལྷག་པ་ལ་མི་འདུག །རང་གླིང་གི་སྐྱ་རེངས་ཤར་ནས་ཉིན་ཕྱེད་ཡན་དུ་དུས་རུང་གི་ཟས་རུང་བ་རྣམས་ཟོས་ཆོག་ཀྱང་ཉིན་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བར་དུ་དུས་རུང་གི་ཟས་ཟོས་ཤིང་མིད་ན་ཡན་ལག་དེ་འཆོར། ཟོས་ནས་མ་མིད་པ་ལྟ་བུས་ཉམས་ཉེས་པར་བྱེད། བསྲུང་ཐབས་སུ་ཕྱི་གྲོའི་དུས་བུར་མ་སོགས་ཞག་བདུན་པའི་སྨན་དང་ནད་པ་ཞོ་ཁ་ཆུ་སོགས་ཐུན་ཚོད་དུ་རུང་བའི་སྨན་ལའང་རུང་ཆུ་བཏབ་སྟེ་ལོངས་སྤྱད་པར་བྱའོ། །དེ་རྣམས་བསྙེན་གནས་ཀྱི་བརྒྱད་པོ་བསྲུང་ཚུལ་ཡིན་ལ་དཀར་གསུམ་ལ་རྟེན་པ་དང་ཁྲུས་དང་གཙང་སྦྲ་ལ་གནས་ཏེ་འབགས་ལོངས་ཚུན་མི་བྱེད་པར་སྔ་ཆབ་ཕྱི་ཆབ་ལེན་པ་ལ་བསླབ་བོ། །དེ་ལྟར་བསྙེན་གནས་ནོད་དེ་བསླབ་བྱ་དེ་རྣམས་ལ་གནས་ན། བཅོམ་ལྡན་འདས་ཀྱི་འཁོར་རྣམ་པ་དྲུག་གི་ནང་དུ་གཏོགས་ཏེ། དྲིན་ལན་གསབ་བ་ལས། ཡན་ལག་བརྒྱད་པའི་ཁྲིམས་མ་ནོས་ན་འཁོར་རྣམ་པ་དྲུག་ལས་འཁོར་གང་གི་ནང་དུ་བསྡུད། བཀའ་སྩལ་པ། ནམ་འཚོའ་བར་གྱི་ཁྲིམས་མ་མནོས་ནའང་ཉིན་ཞག་
༦༢༨ གཅིག་གི་ཁྲིམས་མནོས་ཡོད་པས་དེ་ལ་ཡང་དགེ་བསྙེན་ཞེས་བྱའོ། །ཞེས་གསུངས་པས་སོ། །དེས་ན་བསྙེན་གནས་ཀྱི་བསྲུང་སྡོམ་དང་ཐོས་བསམ་སྒོམ་གསུམ་སོགས་ཉམས་ལེན་ལ་འབད་རྩོལ་འདོན་པར་གྱིས་ཤིག་ཅེས་བརྗོད་ནས། བསྔོ་བ་སྨོན་ལམ་བྱས་ཏེ། སློབ་མ་རྣམས་དབེན་པའི་གནས་ལ་སོགས་པར་དགེ་བའི་བྱ་བ་ལ་འབད་པར་བསྐུལ་ལོ། །བསྙེན་གནས་ཀྱི་སྡོམ་པ་འདི་ཞག་གཅིག་ཏུ་ཁས་བླངས་པ་དང་། མཛོད་ནས། རྩ་བ་ཆད་དང་མཚན་འདས་ལས། །སོ་སོ་ཐར་བའི་འདུལ་བ་གཏོང་། །ཞེས་གསུངས་པས། སང་ནངས་པར་པན་དུ་བསྙེན་གནས་བསྲུང་ན་ནཾ་བསྲུང་བསྲུང་ལེན་དགོས་པས་གལ་ཏེ་བླ་མ་མེད་པའི་སྐབས་སུ་བསྲུང་ན། དོན་ཡོད་ཞགས་པའི་རྟོགས་པ་ལས་གསུངས་པ་ལྟར་རྟེན་གྱི་དྲུང་དུ་རང་གིས་བླང་བར་བྱ་སྟཻ། དེ་ཡང་སྔ་བར་ལངས་ནས་ཡན་ལག་ལྔའི་ཁྲུས་དང་གཙང་སྦྲལ་གནས་པས། རྟེན་གྱི་དྲུང་དུ་ཅི་འབྱོར་བའི་མཆོད་པ་དང་ཕྱག་གུས་པར་།།།་ཕུལ་ནས་ཐལ་མོ་སྦྱར་ཏེ། བསམ་པ་རྣམ་པར་དག་པས་ངག་ཏུ་འདི་སྐད་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནི། རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། །བྱ་བར་བྱས་ཤིང་། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་ཕན་པར་བྱའི་ཕྱིར་དང་གྲོལ་བར་བྱ་བའི་ཕྱིར་དང་མུ་གེ་མེད་པར་བྱ་བའི་ཕྱིར་དང་ནད་མེད་པར་བྱ་བའི་ཕྱིར་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་བླ་ན་མེད་པ་ཡང་དག་པར་རྫོགས་
༦༢༩ པའི་བྱང་ཆུབ་རྟོགས་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོའ་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་ཐེག་པ་ཆེན་པོའ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ཞེས་པ་ལན་གསུམ་གྱིས་གསོ་སྦྱོང་གི་སྡོམ་པ་བླངས་ཏེ་བསླབ་པ་བརྗོད་པའི་དོང་དུ། །དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ནི་མི་སྨྲའོ། །སྐྱོན་ནི་མང་པོ་ཉིད་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱ་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྡུག་བསྔལ་མང་དཀྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གཅིག་བརྗོད་ནས་དྲན་ཤེས་བཞིན་དང་ལྡན་ཞིང་སྔར་བཤད་པ་ལྟར་བག་ཡོད་པས་བསྲུང་སྡོམ་ལ་གནས་ཏེ་བསམ་གཏན་དང་ཁ་ཏོན་ལ་བརྩོན་པ་སོགས་སྒོ་གསུམ་དགེ་བ་ལ་འབད་པར་བྱའོ། །དེ་ལྟར་ཁྱིམ་པ་རྣམས་ལ་ཕན་གདགས་ཕྱིར། །བློ་དང་འཚམས་པར་སྡོམ་པ་སྦྱིན་པའི་ཚུལ། །མདོར་བསྡུས་བཀོད་ལས་ཐོབ་པའི་དགེ་བ་དེས། འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་གྱུར་ཅིག །ཅེས་པ་ཡང་ཀརྨྨ་ཕྲིན་ལས་པས་རྣམ་ཐོས་ཀྱི་རི་བོའ་སྒྲུབ་སྡེར་བྲིས་པ་ཤུ་།།།་སརྦ་ཛཱ་ག་ཧཾ།། །།མངྒ་ལམ།།

༄༅། །སློབ་དཔོན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་རྫོགས་པ་ཆེན་པོ་སེམས་སྡེའི་པྲ་ཁྲིད་ཀྱི་མན་ངག་བཞུགས་སོ༎

༣༡༡སློབ་དཔོན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་རྫོགས་པ་ཆེན་པོ་སེམས་སྡེའི་པྲ་ཁྲིད་ཀྱི་མན་ངག་བཞུགས་སོ།། །རྫོགས་པ་ཆེན་པོ་སེམས་སྡེ་ཁམས་ལུགས།
༣༡༢ༀ་སྭ་སྟི། རང་བཞིན་སྐྱེ་མེད་ཆོས་ཀྱི་སྐུ། །རོལ་པ་འགག་མེད་སྤྲུལ་པའི་སྐུ། །མཚན་ཉིད་དབྱེར་མེད་ལོངས་སྤྱོད་སྐུ། །རིག་པ་རང་གྲོལ་ངོ་བོའི་སྐུ། །འཕོ་འགྱུར་མེད་པ་རྡོ་རྗེའི་སྐུ། །སྐུ་ལྔ་ཡོངས་རྫོགས་ཀུན་ཏུ་བཟང་། །བཀའ་བརྒྱུད་བླ་མར་བཅས་པ་ལ། །དབྱེར་མེད་རང་སྣང་འདུད་ཕྱག་འཚལ། །དེ་ལ་འདིར་ཐེག་པ་དགུའི་ཡང་རྩེ། རྒྱུད་སྡེ་བཞིའི་སྙིང་པོ། དུས་གསུམ་སངས་རྒྱས་ཐམས་ཅད་བགྲོད་པ་གཅིག་ཏུ་གྱུར་པའི་ལམ། རྣལ་འབྱོར་པ་ཐམས་ཅད་ཀྱི་དོན་དུ་གཉེར་བྱའི་མན་ངག །སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེས་མཛད་པའི་རྫོགས་པ་ཆེན་པོའི་པྲ་ཁྲིད་ཀྱི་མན་ངག་འདི་ལ་གཉིས་ཏེ། བླ་མ་བརྒྱུད་ཚུལ་གྱི་རིམ་པ་དང་། མན་ངག་དངོས་སོ། །དང་པོ་ལ་རིང་བརྒྱུད་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔལ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རྒྱལ་བ་དགོངས་པའི་བརྒྱུད་པའོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན། དྷ་ཧེ་ན་ཏ་ལོ། ཨིནྡྲ་བྷཱུ་ཏི། གོ་མ་དེ་བ། རབ་སྣང་བརྟན་མ། ཚོགས་ཀྱི་བདག་པོ། འཕགས་པ་ཀླུ་སྒྲུབ། རྡོ་རྗེ་ལེགས་པ་རྩལ། ཀུ་ཀུ་རཱ་ཛ། ཐོར་ཚུགས་
༣༡༣དགུ་པ། མར་མེ་མཛད། ཤྲཱི་སེཾ་དྷ། བཻ་རོ་ཙ་ནའི་བར། རིག་འཛིན་རིག་པར་བརྒྱུད་པའོ། །དེ་ནས་གཡུ་སྒྲ་སྙིང་པོ། གསལ་རབ་ཆེན་པོ། རྨ་དཔལ་གྱི་རྒྱལ་པོ། གཉན་བྱང་ཆུབ་ཤེས་རབ། ཡོན་ཏན་འབྱུང་གནས། ཅོག་རོ་སྒོམ་ཆུང་། བྱམས་པ་སྒོམ་ཆེན། བྱང་སྟོན་རྣམ་དག །དམ་པ་བདེ་གཤེགས། ཆོས་རྗེ་གཙང་པ། བྱམས་པ་ཆེན་པོ། སྤྱན་སྔ་བ། གཡན་པ་རིན་པོ་ཆེ། བོ་དྷི་ཤྲཱི། ཆོས་རྗེ་བཛྲ་ཤྲཱིའི་བར་གང་ཟག་སྙན་ནས་སྙན་དུ་བརྒྱུད་པའོ། །ཡང་བྱམས་པ་ཆེན་པོས་ནས། ཙ་སྡེ་སྤྱན་སྔ་བ། དྲུང་ཐུགས་རྗེ་ཡེ་ཤེས། སྟོན་པ་དབང་འབྱོར་དཔལ། དེས་བཛྲ་ཤྲཱི་སྟེ། གཡན་པ་དང་། བྱང་ཆུབ་དཔལ། སྟོན་པ་བ་གསུམ་ཀས། དཔལ་འབར་བ་ལ་གང་བྱོའི་ཚུལ་དུ་ཚིག་དོན་མ་ལུས་པ་གནང་བའོ། །ཉེ་བརྒྱུད་ནི། དམ་པ་ཆེན་པོ་ལ་དཔལ་རྡོ་རྗེ་སེམས་དཔས་དངོས་སུ་ཞལ་གཟིགས་ནས་ཡང་དག་པའི་དོན་མ་ལུས་པ་གནང་བའོ། །ཤིན་ཏུ་ཉེ་བརྒྱུད་ནི། རྩ་བའི་བླ་མ་ཉིད་སངས་རྒྱས་དངོས་ཡིན་པར་རྒྱུད་ཐམས་ཅད་ནས་གསུངས་སོ། །བརྒྱུད་པའི་བར་མ་ཆད་པ་ནི་རང་གི་སེམས་ཉིད་རྟོགས་ན་སྐུ་ལྔ་
༣༡༤ལྷུན་གྲུབ་སངས་རྒྱས་ཀྱི་ཡིན་པར་གསུངས་སོ། །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་མན་ངག་ལ་གསུམ་སྟེ། སྔོན་ཏུ་འགྲོ་བས་རྒྱུད་སྣོད་དུ་རུང་བར་བྱེད་པ་དང་། དངོས་གཞི་ཉམས་སུ་བླང་བའི་རིམ་པ་དང་། རྗེས་འབྲས་བུ་ཅི་ལྟར་ཐོབ་པའི་ཚུལ་བསྟན་པའོ། །དང་པོ་ལ་གསུམ་གྱི་ཐོག་མར་ཡི་གེ་བརྒྱ་བའི་བསྒོམ་བཟླས་དང་། བླ་མའི་རྣལ་འབྱོར་ཐུན་མོང་དུ་བྱ་བ་ནི། བདག་དང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་ནས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་ཞིག་དཀོན་མཆོག་དྲུག་པོ་འདི་མཁྱེན་སྙམ་པ་བྱས་ལ། བླ་མ་ཡི་དམ་མཁའ་འགྲོ་དང་སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་འགྲོ་བ་མང་དུ་བྱའོ། །དེ་ནས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས། ཐོག་མ་མེད་པ་ནས་བདག་གི་ཕ་མ་བྱས་ཤིང་དྲིན་གྱིས་བསྐྱངས་པ་ཁོ་ན་ཡིན་པ་རྣམས་ད་ལྟ་རིགས་དྲུག་འཁོར་བའི་སྡུག་བསྔལ་མྱོང་བ་འདི་དག་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱེད་པ་ལ། ཐོག་མར་བདག་འཚང་རྒྱ་དགོས་ཏེ། དེའི་ཆེད་དུ་དགེ་སྦྱོར་བྱའོ་སྙམ་དུ་ངེས་པར་སེམས་བསྐྱེད། དེ་ནས་རིན་པོ་ཆེའི་ས་གཞི་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པའི་དབུས་སུ་པདྨ་ཉི་ཟླའི་སྟེང་དུ། རང་གི་སེམས་ཉིད་ཧཱུྃ་དཀར་པོ་ལས་འོད་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་སྒྲིབ་པ་སྦྱངས་ནས་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད། འོད་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དང་དར་སྣ་ལྔའི་ཤམས་ཐབས་བྱས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཟླ་བའི་སྟེང་དུ་ཧཱུྃ་ལ་ཡི་གེ་བརྒྱ་པས་གཡས་སུ་འཁོར་བ། རང་གི་སྤྱི་གཙུག་
༣༡༥ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ་ནམ་མཁའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་མར་འཛིན་ཅིང་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྣང་ལ་རང་བཞིན་མེད་པ་འཇའ་ཚོན་གྱི་སྐུ་ལྟ་བུའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་བྱོན་ནས་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ལ་ཐིམ་པ་ལན་བདུན། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་གཡས་སུ་བསྐོར་བ་དང་། སེ་གོལ་བཅས་པས་ལན་བདུན་ཡི་གེ་བརྒྱ་པ་ཚར་བདུན་བཟླ་བ་རིམ་བཞིན་སྤྲོད། དེ་ནས་བླ་མ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་ནས་རང་གི་སྤྱི་བོར་བབས། ལུས་ཀྱི་ནད་གདོན་སེམས་ཀྱི་སྡིག་སྒྲིབ་དམ་ཚིག་ཆགས་ཉམས་ཐམས་ཅད་འོག་སྒོ་དང་། རྐང་ཞབས་སུ་བུད་ནས་སོང་བས། རང་ལུས་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་གང་བར་བསམ་ཞིང་། ༀ་བཛྲ་ས་ཏྭ་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ལྦཱན་སརྦ་ཏ་ཐཱ་ག་ཏ། །བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་གསལ་དག་ཏུ་བཟླས་ཤིང་། ཐུན་རྟིང་ལ་བདག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བཤགས་སོ། དག་པར་མཛད་དུ་གསོལ། ཞེས་བརྗོད་ལ་བླ་མ་རང་ལ་བསྟིམ། རང་ཐུགས་ཀའི་རྡོ་རྗེ་ལ། དེ་ཧཱུྃ་ལ། ཧཱུྃ་འཇའ་ཡལ་བ་ལྟར་སོང་ནས་ཆོས་ཀྱི་དབྱིངས་སུ་འདྲེས་པར་བསམ་པའི་ངང་ནས་
༣༡༦དམིགས་མེད་དུ་བཞག་ལ་བསྔོ་སྨོན་བྱའོ། །དེ་ནས་རྟགས་ཐོན་པར་བྱེད་པ་གལ་ཆེ་སྟེ། རྟགས་ནི་སྔར་བས་དད་པ་ཆེ་བ། མི་རྟག་པ་རྒྱུད་ལ་སྐྱེ་བ། སེམས་དགའ་ཞིང་དགེ་སྦྱོར་ལ་བློ་འཇུག་པ། སེམས་ཅན་ལ་བྱམས་སྙིང་རྗེ་སྐྱེ་བ་དང་རྨི་ལམ་དུ་རི་དང་སྐས་ལ་སོགས་པར་གྱེན་ལ་འགྲོ་བ། ནམ་ལངས་པ། ཉི་ཟླ་ཤར་བ། ཁྲུས་བྱེད་པ། དར་ཕྱར་བ། དུད་འབུད་པ། ལྷ་ཆ་དཀྲོལ་བ། ལུས་ལས་འབུ་སྲིན་དང་ཁྲག་རྣག་བུད་པ། སྐྱུགས་སྦྱོང་དང་གོས་དཀར་པོ་གྱོན་པ། མེ་ཏོག་གི་གླིང་དུ་ཕྱིན་པ་ལ་སོགས་པ་རྨིའོ། །དགོངས་པ་ཚིག་གསུམ་པར། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་ཟློ་བྱེད་པ། །དེ་ཡི་སྡིག་ཀུན་དག་ནས་ཀྱང་། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཅེས་དང་། སྒོམ་པ་ལས། མདུན་དུ་ཐུགས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་ནི། ནམ་མཁའི་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན་པའི་གནས་གསུམ་དུ། །སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་འོད་ཟེར་ཅན། །བདག་གི་ལུས་ལ་ཞུགས་པས་སྡིག་པ་དག་ནས་བྱིན་རླབས་འཇུག་པ་ཉིད། །ཅེས་གསུངས་སོ། །གཉིས་པ་ཚོགས་གཉིས་རྫོགས་ཤིང་བྱིན་རླབས་འཇུག་པར་བྱེད་པ་མཎྜལ་དང་བླ་མའི་རྣལ་འབྱོར་བསྒོམ་པ་ནི། སྐྱབས་འགྲོ་སེམས་བསྐྱེད་དང་། ཡི་གེ་བརྒྱ་པའི་བསྒོམ་བཟླས་སྔོན་དུ་སོང་བས། རང་ཡི་དམ་རྡོ་རྗེ་སེམས་དཔའི་སྨིན་མཚམས་ནས་བྷྲཱུྃ་སྤྲོས་པ་ལས་མདུན་གྱི་མཎྜལ་དེ་འོད་དུ་ཞུ་བས་རིན་པོ་ཆེ་ཁ་དོག་བརྒྱ་རྩ་བརྒྱད་ལ་མིག་མང་རིས་སུ་བསྡེབས་པའི་ས་གཞི་མནན་ན་ནེམ་པ་བཏེག་ན་འཕར་བ། གཞི་མདོ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་པའི་ཚོམ་བུས་སྤྲས་པ། མིག་གིས་བལྟར་མི་བཟོད་པའི་འོད་དང་ལྡན་པ་རྒྱ་ཆོས་དབྱིངས་ནམ་མཁའ་དང་མཉམ་པའི་དབུས་སུ། རིན་པོ་ཆེའི་ཁྲི་ཀ་བ་བརྒྱད་ཀྱིས་
༣༡༧བཏེགས་པ་མཛོད་མིག་བདུན་བདུན་དང་ལྡན་པ། གདུང་མ་ཟུང་སྒྲིལ་དུ་འཁོར་བ་སེང་གེ་བརྒྱད་ཀྱིས་བཏེགས་ཅིང་རིན་པོ་ཆེའི་དྲྭ་བས་ཁྲི་ཁེབས་བྱས་པའི་སྟེང་དུ། པདྨ་སྟོང་ལྡན་དང་ཉི་མའི་གདན་ལ། རྩ་བའི་བླ་མ་དང་ཆོས་སྐུ་ཀུན་ཏུ་བཟང་པོ་དབྱེར་མེད་པ་ལ། བརྒྱུད་ཚུལ་གསུམ་གྱི་བླ་མ་རྣམས་ཀྱིས་བསྐོར་བ། དེའི་མདུན་དུ་གླང་ཆེན་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ལ། ཡི་དམ་རྒྱལ་བའི་ལྷ་ཚོགས་ལ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བསྐོར་བ། བླ་མའི་གཡས་སུ་རྟ་མཆོག་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ལ། སངས་རྒྱས་དཀོན་མཆོག་སྐུ་གསུམ་གྱིས་བསྡུས་པ་རྣམས་དང་། རྒྱབ་ཕྱོགས་སུ་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ལ། ཆོས་དཀོན་མཆོག་རྒྱུ་འབྲས་ལམ་གསུམ་གྱིས་བསྡུས་པ་རྣམས་གསེར་གྱི་ཤོག་བུ་ལ་བཻ་ཌཱུརྻ་ཞུན་མས་རང་ནན་དུ་བྲིས་པའི་གླེགས་བམ་རང་སྒྲ་གྲགས་པ་རྣམས་དང་། གཡོན་ཕྱོགས་སུ་ཤང་ཤང་བརྒྱད་ཀྱིས་བཏེགས་པའི་གདན་ལ། དགེ་འདུན་དཀོན་མཆོག་རིག་པ་འཛིན་པ་རྣམས་ལ་ས་དང་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་རང་སངས་རྒྱས་ཉན་ཐོས་ཆེན་པོ་དགྲ་བཅོམ་པ་རྣམས་བཞུགས་པར་བསམས་ལ། རང་བཞིན་གྱི་གནས་དང་ཕྱོགས་བཅུའི་འཇིག་རྟེན་ནས། དེ་འདྲ་བ་ཐམས་ཅད་སྤྱན་དྲངས་ལ་སོ་སོར་བསྟིམ། དེ་དག་ལ་མཆོད་པའི་དངོས་པོ་ནམ་མཁའ་ཁྱབ་ཚད་ཀྱི་འཇིག་རྟེན་གྱི་ཁམས་ས་གཞི་དང་རི་དང་ཁང་པ་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། །རྩི་ཤིང་ནགས་ཚལ་ཐམས་ཅད་དཔག་བསམ་ཤིང་ལས་དགོས་འདོད་འབྱུང་བ། མཚོ་དང་ཆུ་ཐམས་ཅད་ཡན་ལག་བརྒྱད་ལྡན་གྱི་མཚོ་དང་རྫིང་བུ་གསེར་དངུལ་གྱི་བྱེ་མ་གདལ་བ། གཟུགས་སྒྲ་དྲི་རོ་རེག་བྱ་ཐམས་ཅད་མཆོད་རྫས་ཀྱི་བྱེ་བྲག་དངོས་པོ་བཟང་ལ་གྱ་ནོམ་པ། རང་
༣༡༨གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། སྐྱེ་འགྲོ་ལྷའི་བུ་དང་བུ་མོ། གཟུགས་བྱད་མཆོག་ཏུ་གྱུར་པ། ངག་ཏུ་ཅི་སྨྲ་ཐམས་ཅད་དབྱངས་དང་བསྟོད་པ། རྐང་ལག་གི་འདུ་བྱེད་ཐམས་ཅད་བྲོ་དང་གར། ལུས་ཀྱི་རྒྱན་དང་གོས། ལག་ཏུ་གང་བཟུང་ཐམས་ཅད་ལྷའི་ན་བཟའ་དོ་ཤལ་དབུང་རྒྱན་སེ་མོ་དོ་དང་། ཡེ་ཤེས་ཀྱི་བདུད་རྩི་ལ་སོགས་པའི་མཆོད་རྫས་སུ་གྱུར་པ་དང་། ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་རིན་པོ་ཆེའི་སྤྲིན་ལས་དགོས་འདོད་ཆར་དུ་དབབ་པ་དང་། གདུགས་དང་རྒྱལ་མཚན་བ་དན་བླ་རེ་ཡོལ་བ་ལ་སོགས་པ་སྤྲིན་བཞིན་འཁྲིགས་པ། མེ་ཏོག་ཨུཏྤ་ལ་དང་པདྨ་ལ་སོགས་དྲི་བསུང་ཕྱོགས་བཅུར་འཕྲོ་བ་རྣམས་རྩི་ཤིང་ལྟར་རྒྱས་པ། མདོར་ན་ཕྱོགས་བཅུ་རབ་འབྱམས་མུ་མེད་མཐའ་ཀླས་པ་ཐམས་ཅད། འཕགས་པ་ཀུན་དུ་བཟང་པོའི་རྣམ་པར་ཐར་པ་ལྟ་བུའི་མཆོད་པས་རྒྱས་པར་བཀང་སྟེ་འབུལ་བར་བསམས་ལ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞིར། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིངས་ལེགས་རྫིང་བུ་བྲོ་མཆོག་བསེལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་ཀྱིས། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཅེས་དམིགས་པ་དང་བཅས་པས་བརྒྱ་རྩའམ་ཉེར་གཅིག་ལ་སོགས་ཐུན་རེ་ལ་བྱའོ། །དེ་ལྟར་
༣༡༩སེམས་ཉིད་སྐྱེ་བ་མེད་པའི་ངང་ལས་འགག་པ་མེད་པའི་རྩལ་གྱི་རྣམ་པ་འཕྲུལ་བ་སྒྱུ་འཕྲུལ་ཆེན་པོའི་ཚུལ་དུ་མཆོད་པ་ནི། ལོངས་སྐུའི་ཞིང་སྒྲུབ་པའི་མཎྜལ་ཐུན་མོང་མ་ཡིན་པའོ། །དེ་ནས་སྤྲུལ་སྐུའི་ཞིང་སྒྲུབ་པ་ཐུན་མོང་གི་མཎྜལ་འབུལ་བ་ནི། རང་ཡི་དམ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་ཏྲཱྃ་ཅིག་སྤྲོས་པ་འོད་དུ་ཞུ་བ་ལས། མཐའ་ཡི་རྒྱ་མཚོ་ཆེན་པོའི་དབུས་སུ་རི་བོ་མཆོག་རབ། ཤར་ཤེལ་དཀར་པོ་ལས་གྲུབ་པ། ལྷོ་བཻ་ཌཱུརྻ་སྔོན་པོ། ནུབ་པདྨ་རཱ་ག་དམར་པོ། བྱང་གསེར་ལས་གྲུབ་པ་སེར་པོ། སྟེང་སུམ་ཅུ་རྩ་གསུམ་ལྷའི་ལོངས་སྤྱོད། ཕྱི་རོལ་རྒྱལ་ཆེན་སྡེ་བཞིའི་ལོངས་སྤྱོད། ཁོང་གསེང་ལྷ་མ་ཡིན་གྱི་ལོངས་སྤྱོད། འོག་ཀླུའི་ལོངས་སྤྱོད་དང་བཅས་པ་གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་གྱིས་བསྐོར་བ། དེའི་ཤར་ཕྱོགས་ཀྱི་གླིང་ལུས་འཕགས་པོ་དང་། གཡས་གཡོན་དུ་གླིང་གཡོགས་ལུས་དང་ལུས་འཕགས་གཉིས། དེ་བཞིན་དུ་ལྷོ་འཛམ་བུ་གླིང་། རྔ་ཡབ་དང་རྔ་ཡབ་གཞན། ནུབ་བ་གླང་སྤྱོད། གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་སྒྲ་མི་སྙན། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། གླིང་གི་ཕྱི་རོལ་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ། གླིང་རྣམས་སུ་འཁོར་ལོ། ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག །དམག་དཔོན་ཏེ་རྒྱལ་སྲིད་སྣ་བདུན་དང་། གཏེར་ཆེན་པོའི་བུམ་པ། བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་གྱིས་གང་བ་དང་། ནམ་མཁས་ཁྱབ་ཚད་ཀྱི་གླིང་བཞི་འཇིག་རྟེན། སྟོང་གསུམ་མུ་མེད་པ་ཐམས་ཅད། རིན་ཆེན་སྨན་དང་འབྲུ་ལ་སོགས་པས་བཀང་སྟེ། སྔར་གྱི་དམིགས་ཡུལ་ཚན་པ་ལྔ་པོ་ལ་འབུལ་བར་བསམས་ལ། ཏྲཱྃ། གླིང་བཞི་དཀྱིལ་འཁོར་རིན་ཆེན་ལྡན། །དཔག་བསམ་ཤིང་དང་
༣༢༠རྫིང་བུ་མཛེས། །ལས་བཞི་བྱིན་རླབས་ལྷུན་གྲུབ་པ། །ལྷ་དང་ལྷ་མོའི་ལོངས་སྤྱོད་ལྡན། །ལྷག་པ་ཏིང་འཛིན་མཆོད་པར་འབུལ། །ཅེས་ཐུན་རེར་བརྒྱའམ་ཉེར་གཅིག་ཕུལ་ན། རྒྱུ་བསོད་ནམས་ཀྱི་ཚོགས་དེས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དེ། ཆོས་རྣམས་ཐམས་ཅད་འབྲས་བུ་ཡོངས་རྫོགས་པའི། །སངས་རྒྱས་རྣམས་ལ་མཎྜལ་འདི་ཕུལ་བས། །འབྲས་བུ་འཕགས་པའི་ནོར་བདུན་ལྷུན་གྲུབ་སྟེ། །ཏིང་འཛིན་འབུམ་ཕྲག་རྣམས་ལ་དབང་སྒྱུར་ཤོག །ཅེས་བསྔོའོ། །དེ་ནས་ཐལ་མོ་སྦྱར་ཏེ་ཡིད་ཀྱིས་མོས་གུས་གདུང་བ་ཞེ་ཐག་པ་ནས་གསོལ་བ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི། སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་དང་། ཞིང་ཁམས་ཟག་པ་མེད་པ་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བདེན་པ་དང་། རྒྱལ་བ་རྒྱ་མཚོ། གསང་བ་རྒྱ་མཚོ། སྨིན་པ་རྒྱ་མཚོའི་བཀའ་བརྒྱུད་ཀྱི་བླ་མ་རིན་པོ་ཆེ་རྣམས་ཀྱི་བྱིན་རླབས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་མིང་རྡོ་རྗེ་ཆེ་གེ་མོ་ཞེས་བགྱི་བ་ལ། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་གྱི་དོན་རང་བྱུང་གི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་གང་བ་དང་། ཤིན་ཏུ་གང་བ་དང་། རྒྱས་པ་དང་། ཤིན་ཏུ་རྒྱས་པ་དང་། སྨིན་པ་དང་། ཤིན་ཏུ་སྨིན་པ་དང་། གྲོལ་བ་དང་། ཤིན་ཏུ་གྲོལ་བ་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་ཐུན་རེ་ལ་ཉེར་གཅིག་ལ་སོགས་པས་གསོལ་བ་གདབ་ནས། དཀོན་མཆོག་རིགས་དྲུག་ཚན་ལྔ་པོ་དེ་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། ཚོམ་བུ་བསྡུས་ལ་རང་གི་སྤྱི་བོར་བཞག །བླ་མ་བདག་ལ་ཐུགས་རྗེས་ཉེ་བར་དགོངས་ནས་སྤྱི་བོར་བྱོན་ཏེ། སྣ་ཚོགས་པདྨ་ཉི་མ་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་སྐུ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་པས་ཡུམ་
༣༢༡ལ་འཁྱུད་པ། རལ་པ་བཅིངས་བའི་ལྷག་མ་གྲོལ་བ། དར་སེར་པོའི་ཚངས་སྐུད་སེ་རལ་ཁར་ཐོགས་པ། ཡུམ་རྡོ་རྗེ་སྙེམ་མ་དམར་མོ་གཡས་ཡབ་ལ་འཁྱུད་ཅིང་། གཡོན་དྲིལ་བུ་སྙན་རྩར་འཁྲོལ་བ། ཡབ་ཡུམ་གཉིས་ཀ་ལ་རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། དོ་ཤལ། སེ་མོ་དོ། སྐུ་རེག་ཐམས་ཅད་ཀྱིས་བརྒྱན་ཅིང་། དར་སྣ་ལྔའི་ཤམ་ཐབས་བྱས་པ། ཞབས་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་དུ་བཞུགས་པ། སྣང་ལ་རང་བཞིན་མེད་པ། ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསམ། དེ་ནས་བདག་གི་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དུས་གསུམ་གྱི་དགེ་རྩ་བདེ་སྐྱིད་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བླ་མ་དམ་པ་ལ་འབུལ་ལོ། །བཞེས་སུ་གསོལ་ལོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབས་དུ་གསོལ། ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བླ་མ་དམ་པའི་རྟོགས་པ་ཁྱད་པར་ཅན་ད་ལྟ་ཉིད་དུ་བདག་གི་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གདུང་སེམས་དྲག་པོས་བརྒྱ་རྩ་བརྒྱད་ལ་སོགས་པ་གསོལ་བ་བཏབ་པའི་རྗེས་ལ། བླ་མ་ཡབ་ཡུམ་མ་ཆགས་ཐབས་ཀྱི་རོལ་པའི་འོད་ཟེར་ཕྱོགས་བཅུར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ་བྱིན་རླབས་བསྡུས་བླ་མ་ཡབ་ཡུམ་ལ་ཐིམ། སྦྱོར་བ་མཛད་ནས་བྱང་སེམས་དཀར་དམར་བབས། བདག་གི་ལས་ཉོན་ཤེས་སྒྲིབ་ཐམས་ཅད་དག་ནས་རང་རྡོ་རྗེ་སེམས་དཔའ་ཉིད་དུ་གསལ་བ་ལ། བླ་མའི་དཔྲལ་བར་ནས་ༀ་དཀར་པོ་འོད་ཟེར་དང་བཅས་པ་བྱུང་བདག་གི་སྤྱི་བོར་ཐིམ། ལུས་ཀྱི་སྒྲིབ་པ་དག །སྐུ་བུམ་པའི་དབང་ཐོབ། ལུས་
༣༢༢སྤྲུལ་སྐུར་མངོན་དུ་བྱས་ཨཾ་སྙམ་པ་བྱའོ། །དེ་བཞིན་དུ་བླ་མའི་མགྲིན་པ་ནས་ཨཱཿདམར་པོ་འོད་ཟེར་དང་བཅས་པ་བྱུང་། རང་གི་ལྕེ་ཐོག་ཏུ་ཐིམ། ངག་གི་སྒྲིབ་པ་དག །གསུང་གསང་བའི་དབང་ཐོབ། ངག་ལོངས་སྐུར་གྲོལ། ཐུགས་ཀ་ནས་ཧཱུྃ་མཐིང་ག་འོད་ཟེར་དང་བཅས་པ་རང་གི་སྙིང་ནང་དུ་ཐིམ། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཆོས་སྐུར་གྲོལ་བར་བསམ། དེ་ནས་བླ་མ་ཡབ་ཡུམ་དགྱེས་པའི་ཚུལ་གྱིས་ཚངས་བུག་ནས་མར་བྱོན། རང་གི་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ་གཞིག་ཏུ་གྱུར་པའི་དབུས་སུ། ཉི་ཟླ་པདྨའི་གདན་ལ་ཞལ་འཛུམ་མུལ་ལེ། སྤྱན་ཁྲ་ཟིམ་མེ། ཐུགས་དགའ་ཡལ་ལེ། ཡབ་ཡུམ་དཀར་དམར་ལྷམ་མེར་བཞུགས་པ་ལ་ཅི་ནུས་སུ་སེམས་གཏད། དེ་ནས་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བླ་མ་དེའི་ཀཱ་ཝཱ་ཙི་དང་། རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས། སྒོ་གསུམ་ཐ་དད་ཀྱི་དྲི་མ་དག །ཡེ་ཤེས་རྡོ་རྗེའི་ཚིག་གིས་སྦྱིན་པའི་དབང་ཐོབ། ངོ་བོ་ཉིད་དང་གསང་བའི་སྐུ་མངོན་དུ་གྱུར་ཨཾ་སྙམ་པའི་རྗེས་ལ། དུས་གསུམ་གྱི་རྟོག་པ་བཅད་ནས་སེམས་མ་བཅོས་ལྷུག་པར་བཞག་པ་ཡུན་བསྲིང་། ཐུན་རྟིང་དགེ་བ་བསྔོ་སྟེ། བདག་གིས་དགེ་བའི་ལས་འདི་བགྱིས་པ་ཡིས། །འཇིག་རྟེན་རིང་པོར་མི་ཐོགས་སངས་རྒྱས་ནས། །དེ་ཀུན་འགྲོ་ལ་ཕན་ཕྱིར་དམ་ཆོས་ཀྱིས། །སེམས་ཅན་སྡུག་བསྔལ་ཚ་གདུང་སྒྲོལ་གྱུར་ཅིག །འདི་ལ་རྟགས་མ་བྱུང་བར་དུ་གཉུག་བསྲིང་བ་གལ་ཆེ་སྟེ། བྱིན་རླབས་མ་ཞུགས་ན་ཉམས་རྟོགས་མི་སྐྱེ་ཞིང་། བླ་མའི་བྱིན་རླབས་ཞུགས་ན་ཉམས་རྟོགས་བཙན་ཐབས་སུ་སྐྱེ་བར་གསུངས་སོ། །རྟགས་ནི་རབ་སྣང་སྲིད་ཆོས་སྐུར་རྟོགས་པ། འབྲིང་སྣང་སྲིད་བླ་མར་འཆར་བ། བདེ་གསལ་མི་རྟོག་པའི་ཉམས་གཅིག་
༣༢༣ཅར་དུ་སྐྱེ་བ། ཐ་མས་འཁོར་བ་ལ་བློ་ལྡོག་ཅིང་། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་བ་དང་། རྨི་ལམ་དུ་རིན་པོ་ཆེ་དང་སངས་རྒྱས་ཀྱི་ཞིང་ལ་སོགས་པ་དག་པའི་སྣང་བ་འབྱུང་། སྤྱིར་གསང་སྔགས་དབང་གིས་ཁྱད་པར་བྱས་པ་ཡིན་ཅིང་། དབང་ཐམས་ཅད་ལས་ཏིང་ངེ་འཛིན་གྱི་དབང་ཟབ། དེ་ལས་བླ་མལ་དབང་བླང་པ་ཟབ་ཅིང་། བླ་མ་སྙིང་དབུས་སུ་བསྒོམས་པས་སྙིང་རླུང་ལ་སོགས་པའི་སྨྱོ་འབོགས་དང་། འབྱུང་བ་འཁྲུགས་པའི་ནད་ཐམས་ཅད་དང་། གདོན་གྱི་བར་ཆད་ཐམས་ཅད་མི་འབྱུང་ཞིང་། ཏིང་ངེ་འཛིན་གྱི་ཡོན་ཏན་རིན་པོ་ཆེ་མ་ལུས་པ་འབྱུང་བར་གསུངས་པ་ལ་རང་གིས་མྱོང་བའི་ངེས་ཤེས་ཡོད་པས། བཀའ་རྒྱ་ཡོད་ཀྱང་གཞན་ལན་གྱི་བློ་ཁོ་ནས་བྲིས་པ་རྩ་གསུམ་ཚོགས་ལ་བཟོད་པར་གསོལ། གང་གིས་རྡོ་རྗེ་སློབ་དཔོན་ཉིད། །བཀུར་ཞིང་སྤྱི་བོར་སུས་སྒོམ་པ། །དེ་ལ་རྒྱལ་བས་བྱིན་གྱིས་རློབས། །རྒྱལ་བའི་དགོངས་པ་དེ་ཡིས་འཛིན། །ཅེས་པ་དང་། བླ་མ་དམ་པ་ཧེ་རུ་ཀ་ཡི་གཙུག་རྒྱན་ཉིད། །མོས་ཤིང་གུས་པ་ཡོན་ཏན་ཀུན་གྱི་གཞི། །ཞེས་སོགས་རྒྱུད་སྡེའི་ལུང་དཔག་ཏུ་མེད་དོ། །གསུམ་པ་བར་ཆད་བསྲུང་བའི་དོན་དུ་རང་ཡི་དམ་ཧེ་རུ་ཀ་ཡེ་ཤེས་ཀྱི་ཁྲོ་བོ་གང་རུང་བསྒོམ་པའི་ཐུགས་ཀར་ཧཱུྃ་མཐིང་ནག་གཅིག་བསམས་ལ། ཧཱུྃ་དེ་འདྲ་བ་གྲངས་མེད་པ་བྱུང་། སྣ་བུག་གཡས་ནས་ཕྱིར་ཐོན་ལོ་ཀའི་ཁམས་ཐམས་ཅད་ཧཱུྃ་སྒྲ་དང་བཅས་པས་གང་། སྣ་བུག་གཡོན་ནས་ཚུར་བྱུང་། ལུས་ཀྱི་ནང་ཐམས་ཅད་ཧཱུྃ་སྒྲ་དང་བཅས་པས་གང་བར་བསམ་ཞིང་། ངག་ཏུ་ཧཱུྃ་རིང་བགང་ངོ་། །དབུགས་ཕྱིར་འགྲོ་ཚུར་འོང་གང་ལ་ཡང་ཕྱི་ནང་གི་ཧཱུྃ་གིས་མགྲིན་པའི་བར་དུ་གང་བར་བསམ་པའོ། །བར་ཆད་བསལ་ཕྱིར་ཧཱུྃ་རིང་བགྲང་། །ཧཱུྃ་གི་སྦྱོར་བས་ཕྱོགས་མཚམས་བསྲུང་། །ཞེས་གསུངས་སོ། །སྔོན་འགྲོ་འདི་རྣམས་དང་པོ་རེ་རེ་
༣༢༤ནས་རྟགས་ཐོན་པར་བྱ་ཞིང་། ཕྱིས་ཀྱང་ཐུན་མགོ་ཐམས་ཅད་ལ་བྱའོ། །ཐུན་རིང་ཐུང་གང་ལ་ཡང་སྔ་མ་བསྐྱུར་ནས་ཕྱི་མ་ལ་འཇུག་པ་མ་ཡིན། སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་སྟེ་སྔ་མ་ལ་ཕྱི་མ་ཕྱི་མ་སྣོན་པའི་ཚུལ་དུ་བྱ་ཞིང་། ཐམས་ཅད་ཀྱི་ཐུན་རྟིང་དམིགས་མེད་དུ་བཞག་ལ་དགེ་བ་བསྔོ། གཉིས་པ་དངོས་གཞི་ལ་གཉིས་ཏེ། སྣོད་བཅུད་ཀྱི་མཚན་ཉིད་དང་། ཏིང་ངེ་འཛིན་གྱི་རིམ་པའོ། །དང་པོ་ནི། རྩ་ཚིག་ལས། ངེས་པའི་ལུང་ལྡན་སློབ་དཔོན་གྱིས། །རྣལ་འབྱོར་པ་ཡི་དོན་ཆེད་དུ། །བྱང་ཆུབ་སེམས་ཀྱི་པྲ་ཁྲིད་ཀྱི། །སྒོམ་པའི་རིམ་པ་བསྟན་པའོ། །ཞེས་པས། བླ་མ་དང་སློབ་མ་གདམས་ངག་གི་མཚན་ཉིད་གསུམ་སྟོན་ཏེ། བླ་མ་ནི་ངེས་དོན་སྟོན་པའི་རྒྱུད་ལུང་མན་ངག་མཁྱེན་པ། ཀུན་ཏུ་བཟང་པོ་ནས་རིམ་པར་དབང་བཞིའི་ཆུ་བོ་མ་ནུབ་པ། བྱིན་རླབས་ཉམས་རྟོགས་ཀྱི་ཟམ་མ་ཆད་པ། སྙན་བརྒྱུད་གདམས་ངག་གི་གནད་མ་འཆུག་པ། རང་འདོད་མེད་པ་གཞན་རྗེས་སུ་བཟུང་ནུས་པའི་བླ་མ། སློབ་མའི་མཚན་ཉིད་འཁོར་བ་ལ་ངེས་འབྱུང་གི་བློ་སྐྱེས་པ། སྙན་གྲགས་ལ་སོགས་པ་ཚེ་འདིའི་བྱ་བ་རྒྱབ་ཏུ་དོར་བ། དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་། ལས་རྒྱུ་འབྲས་ཁྱད་དུ་མི་གསོད་པ། དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ། བླ་མ་ལ་སངས་རྒྱས་སུ་བལྟ་ཞིང་ལུས་ལོངས་སྤྱོད་གཏོང་ནུས་པ། གདམས་ངག་ལ་གཅེས་སྤྲས་སུ་བྱེད་ཅིང་ཕྱི་བཤོལ་མེད་པར་སྒྲུབ་པ། རྣལ་མ་དོན་དམ་པའི་ཆོས་ཉིད་ལ་བློ་འབྱོར་ནུས་པའི་ཤེས་རབ་དང་ལྡན་པའོ། །གདམས་ངག་གི་མཚན་ཉིད་ནི། ལས་ཐབས་སྣ་ཚོགས་པས་ཚེ་འདི་སྒྲུབ་པའི་ཐབས་དང་། རང་ཉིད་ཞི་བདེ་སྒྲུབ་པ་ཐེག་དམན་གྱི་ལམ་དང་། བསྐལ་པ་གྲངས་མེད་དུ་ས་ལམ་བགྲོད་པ་མཚན་ཉིད་ཀྱི་ལུགས་དང་། མཚན་བཅས་རྩོལ་སྒྲུབ་ལ་ལྟོས་པ་གསང་སྔགས་འོག་མའི་ཐབས་ཐམས་ཅད་ལས་ཁྱད་པར་འཕགས་པ། འཁོར་
༣༢༥འདས་ངོ་བོ་གཅིག་པའི་དོན་བྱང་ཆུབ་ཀྱི་སེམས། ཆོས་སྐུ་མངོན་སུམ་དུ་རྟོགས་ཤིང་མངོན་དུ་བྱེད་པ་ལ་བརྡ་ཐབས་ལག་ལེན་གྱི་རིམ་པས་སྲ་ཐབས་སུ་ཁྲིད་པར་བྱེད་པ་འདི་བསྟན་པའོ། །གཉིས་པ་ཏིང་ངེ་འཛིན་གྱི་རིམ་པ་ནི། རྩ་ཚིག་ལས། དང་པོར་གནས་པའི་ཏིང་ངེ་འཛིན། །གཉིས་པ་ལ་ནི་མི་གཡོ་བ། །གསུམ་པ་མཉམ་པ་ཉིད་དུ་འགྱུར། །བཞི་པ་ཡེ་ཤེས་ལྷུན་གྱིས་གྲུབ། །ཅེས་པས། དཔེར་ན། སྐྱེས་བུ་རིམ་གྱིས་སྐྱེད་རྫོགས་པ་ལ། བྱིས་པ་དང་། གཞོན་ནུ་དང་། བར་པ་དང་། སྟོབས་རྫོགས་ནས་ཚེ་དང་ལུས་སྟོབས་མཐར་ཕྱིན་པ་བཞི་ཡོད་ཅིང་། ལོ་ཐོག་རིམ་གྱིས་སྐྱེས་པ་ལ་ཡང་ལྗང་བུ་དང་། སྙེ་མ་དང་། འབྲས་བུ་སྨིན་པ་དང་། རྔ་བཙས་ཟིན་ནས་མཐར་ཕྱིན་པ་བཞི་ཡོད་པ་ལྟར། གང་ཟག་བློའི་རིམ་གྱིས་ས་ལམ་བགྲོད་པ་ལ་ཡང་། དང་པོ་སེམས་ལས་སུ་རུང་བར་བྱེད་པ་ཞི་གནས་ཉམས་ཀྱི་དུས་དང་། གཉིས་པ་ལྷག་མཐོང་རྟོག་པ་མི་གཡོ་བའི་དུས་དང་། གསུམ་པ་ཞི་གནས་ཉམས་རྟོགས་གཅིག་ཏུ་འདྲེས་པ་མཉམ་པ་ཉིད་ཀྱི་དུས་དང་། བཞི་པ་ཡེ་ཤེས་ལྷུན་གྲུབ་ལམ་མཐར་ཕྱིན་པའི་དུས་ཀྱི་རྣལ་འབྱོར་དང་བཞིའོ། །དེ་ལ་དང་པོ་སེམས་ཞི་གནས་ཀྱི་སེམས་ལས་སུ་རུང་བར་བྱེད་པ་ལ་བཞི་སྟེ། ཏིང་ངེ་འཛིན་ལ་མཉམ་པར་གཞག་པའི་ཐབས། དེ་ལས་སྐྱེས་པའི་ཏིང་ངེ་འཛིན་གྱི་དཔེ། དེའི་དྲོད་རྟགས། འབྲས་བུ། ཅི་ལྟར་ཐོབ་ཚུལ་བསྟན་པའོ། །དང་པོ་བཞག་ཐབས་ནི། འཁོར་བའི་འདུ་འཛི་སྤངས་ནས་སུ། །དགོན་པར་མཉམ་པར་གཞག་པའི་ཚེ། །རྐྱེན་གྱི་ཚོགས་རྣམས་མ་བྱུང་བར། །ཇི་སྲིད་གནས་ལ་གནས་ཞེས་བྱ། །ཞེས་པས། དང་པོར་འཇུག་པའི་འགལ་རྐྱེན་སྤང་ཞིང་མཐུན་རྐྱེན་བསྟན་པ། །མཉམ་པར་གཞག་ཐབས་དངོས། བར་དུ་ཏིང་ངེ་འཛིན་གྱི་སྐྱོན་ངོས་བཟུང་ཞིང་སྤང་བ། ཏིང་ངེ་
༣༢༦འཛིན་གྱི་ངོ་བོ་བཞིས་སྟོན་ཏེ། སྤང་བྱ་ནི། ཚེ་འདིར་རང་ཉིད་གཉེན་འདུན་དང་བཅས་པ་བདེ་སྐྱིད་དཔལ་འབྱོར་འདོད་ཅིང་། དགྲའི་ཕྱོགས་འདུལ་བའི་དོན་དུ་མི་དགེ་བ་བཅུ་ལ་སོགས་སྡིག་པ་དང་། ཚོང་ཁེ་སྤོགས་སོ་ནམ་རྩོལ་སྒྲུབ་ཤེས་ཡོན་གྲོར་ཆོག་བཟོ་རྩིས་སྨན་བོན་ལ་སོགས་པའི་ལྟོ་གོས་དང་རྙེད་བཀུར་སྙན་གྲགས་སྒྲུབ་པ་ཐམས་ཅད་འདུ་འཛི་རྣམ་གཡེང་འཁོར་བའི་བྱ་བ་ཡིན་པས་རིང་དུ་སྤངས་ལ། བསྟེན་བྱ་ནི། གྲོང་ཡུལ་ལས་རིང་དུ་དཔག་པ་དགོན་པའི་གནས་མི་དང་མི་མ་ཡིན་པ། གཅན་གཟན་ལ་སོགས་པའི་འཇིགས་པ་མེད་པ་ཆུ་ཤིང་ལ་སོགས་མཐུན་རྐྱེན་བསྒྲུབ་སླ་བ། ཉམས་དགའ་ཞིང་དགེ་སྦྱོར་འཕེལ་བའི་གནས་སུ་མཚན་ཉིད་དང་ལྡན་པའི་བླ་མ་དང་། ཆོས་མཐུན་གྱི་གྲོགས་བཟང་པོ་བསྟེན་པར་བྱའོ། །གཉིས་པ་མཉམ་པར་གཞག་པའི་ཐབས་ནི། གསང་སྒྲོན་ལས། མ་ལུས་སེམས་ཅན་ཐམས་ཅད་ལ། །བྱང་ཆུབ་སྙིང་པོའ་རང་བཞིན་གནས། །དེ་དོན་རྟོགས་པར་བྱ་བའི་ཕྱིར། །མ་ཟིན་ཟིན་ཕྱིར་གནད་བཞི་བསྒོམ། །ཅེས་པས་བཅའ་བ་ལུས་ཀྱི་གནད་བསམ་གཏན་ཆོས་བདུན་བྱས་ཏེ། རྐང་པ་སྐྱིལ་ཀྲུང་བཅའོ། །སྒལ་པ་དྲང་པོར་བསྲང་། ལག་པ་མཉམ་གཞག་བྱས་ནས་དཔུང་པ་བརྒྱད། མགྲིན་པ་དགུག །ལྕེ་ཡ་རྐན་ལ་སྦྱར། སོ་ཡར་མར་མ་རིག་ཙམ་བྱ། མཆུའི་བར་རླུང་འགྲིམ་པ་ཙམ་དུ་སྦྱར། ལྟོ་བ་གསུས་པོ་ཆེ་ཕྱིར་བརྒྱང་། མིག་སྣ་རྩེར་སྨིན་མཚམས་ནས་ཕར་ཐད་ཀྱི་ལག་པའི་སླེབ་སོ་ཙམ་དུ་མ་འགུལ་བར་གཏད་དེ། དམིགས་པ་ཡུལ་གྱི་གནད་ནི། དམིགས་པ་གཏད་ས་དེ་ཨ་དཀར་པོ་གསལ་ཞིང་འཚེར་བ་གཅིག་ལ་སྐད་ཅིག་ཀྱང་མ་ཡེངས་པར་གཏད་དོ། །རྒྱ་བ་རླུང་གི་གནད་ནི། ཐུན་མགོ་ལ་རླུང་རོ་དྲག་པོ་ལན་དགུའམ་གསུམ་ལ་སོགས་པར་འབུད་ནས་དབུགས་རང་སར་ཀློད་ལ་བཞག །འཛིན་
༣༢༧པ་སེམས་ཀྱི་གནད་ལ་དམིགས་བཅས་དང་དམིགས་མེད་གཉིས་ཀྱི་དང་པོ་ནི། ཨ་དེ་ལ་སེམས་ཟིན་ནས་གཞན་དུ་མི་འཕྲོ་བ་དང་། རྟོག་མེད་དུ་ལྷན་ནེ་གནས་པ་མ་བྱུང་གི་བར་དུ་ཞག་གཅིག་ཐུན་དྲུག་ལ་སོགས་པར་བྱས་ནས་སྐབས་སུ་ཁམས་བསང་བྱ་ཞིང་བསྒོམ་མོ། །གསང་སྒྲོན་ལས། དང་པོ་དབེན་པར་ལུས་བསྡད་ནས། །བྱ་རྒོད་མཁའ་ལ་འཕུར་བ་བཞིན། །དམིགས་གཏད་བྱས་པའི་རིག་པ་གཏད། །རླུང་སེམས་གཅིག་ཏུ་བྱས་པ་དེས། །རྩོལ་བ་དྲག་ལ་ཐུན་དུ་བྱ། །དམིགས་པ་དག་ལ་བརྟེན་ནས་སུ། །མི་དམིགས་པ་དག་རབ་ཏུ་སྐྱེ། །ཞེས་སོ། །གཉིས་པ་དམིགས་མེད་ལ་སེམས་གཏད་ཐབས་ལ། གསུམ་གྱི་དང་པོ་ལུས་ངག་གི་གནད་སྔར་ལྟར་བྱས་ལ། ཡིད་ཀྱི་འདས་མ་འོངས་ད་ལྟར་གྱིས་བསམ་པ་ཅི་ཡང་མི་བྱེད་དེ། སྔར་གྱི་དམིགས་པ་གཏད་ས་ཨའི་མལ་དེར། ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་བསྒྲིམས་ལ་གཏད་ཅིང་ལོགས་སུ་སྐད་ཅིག་ཀྱང་ཡེངས་ལ་མ་ཤོར་བར་བྱས་ལ་རྟོག་པ་ཅི་བྱུང་ཏོལ་སྐྱེས་རྦད་ཆོད་དུ་བཏང་ངོ་། །གསང་སྒྲོན་ལས། སྔ་ཕྱི་རྗེས་འབྲང་འཁྲུལ་པའི་ལམ། །ད་ལྟའི་ཤེས་པ་མ་བཅོས་པ། །མདའ་མཁན་སྨྱུག་མ་སྲོང་བ་བཞིན། །དམིགས་པའི་རྩོལ་བ་དྲག་ཏུ་བསྒྲིམ། །ཅེས་སོ། །གཉིས་པ་རྟོག་པ་ངོས་ཟིན་ནས་བཅང་མི་ཐུབ་པ་ཞིག་འབྱུང་བའི་སྐབས་སུ་ལུས་སེམས་གཉིས་ཀ་ཁོང་ཀློད་ལ། སྒོམ་མི་སྐྱེ་དོགས་པའི་བློ་མི་བྱེད་ནས། རྣམ་རྟོགས་བཟང་ངན་ཅི་བྱུང་ཡང་། སྔོན་བསུ་རྒྱབ་སྐྱེལ་མི་བྱེད་ནས། རང་མལ་དུ་ཀློད་ལ་ཀློད་ཐོག་དེར་བཞག་ཅི་ཉན་བྱའོ། །འཇམ་དཔལ་བཤེས་གཉེན་གྱིས། དེ་ལ་བཞག་ཐབས་བསྟན་པ་ནི། །ལུས་ངག་ཡིད་གསུམ་མི་བསྡོམ་པར། །སོས་དལ་ཁོང་ཀློད་བཞག་པ་ཡིན། །ཅེས་སོ། །གསུམ་པ་འགྱུ་བ་གནས་པ་གཉིས་སོ་སོར་ཤེས་ནས། ལུས་སེམས་གཉིས་ཀ་ཧ་ཅང་མི་བསྒྲིམས་མི་ཀློད། ངན་
༣༢༨མོར་བདེ་ཚོད་ཙམ་དུ་བྱས་ལ། རྣམ་རྟོག་བདེ་མི་བདེ་ཅི་བྱུང་ཡང་བཅས་བཅོས་མི་བྱེད་པར་ཁོ་རང་གང་བྱུང་དེ་ཉིད་ཀྱི་སྟེང་དུ་ཙན་ནེ་བཞག་ཅིང་འཚོ་ཤེས་པ་ལོགས་སུ་ཡན་མི་གཞུག་པ་གལ་ཆེའོ། །གསང་སྒྲོན་ལས། ཤེས་པ་སོ་མ་གཅིག་ཏུ་སྡོད། །དེ་བཞིན་གཤེགས་པའི་དགོངས་པ་ཡིན། །ཅེས་སོ། །གསུམ་པ་སྐྱོན་ངོས་བཟུང་ནས་བསལ་བ་ལ། དམ་པ་རིན་པོ་ཆེས་གོལ་སྒྲིབ་སུམ་བཅུར་གསུང་པའི་ནང་ནས། ཏིང་ངེ་འཛིན་དང་པོར་མི་སྐྱེ་ཞིང་བར་དུ་མི་འཕེལ་བའི་སྐྱོན་དྲུག་དང་། བར་ཆད་བཅུ་དྲུག་གསུངས་ཏེ། དེ་ལ་སྐྱོན་ནི་རྣམ་པ་དྲུག །གློ་བུར་འདོད་ཆགས་ལྡང་བ་དང་། །ཞེ་སྡང་ཆེན་པོ་འབྱུང་བ་དང་། །ང་རྒྱལ་ཕྲག་དོགས་སེམས་འཁྲུགས་དང་། །ལྟ་བ་ཁེངས་དང་དེ་དྲུག་གོ །ལེ་ལོ་བྱ་བ་མང་བ་དང་། །སེམས་གཡེང་སེམས་རྒོད་དེ་དང་ནི། །སེམས་སྡུག་པ་དང་སེམས་རྗེས་འབྲང་། །སེམས་རྨུགས་པ་དང་རྟོག་པ་མང་། །རེ་བ་མང་དང་དོགས་པ་མང་། །འདོད་ཆགས་ཆེ་དང་བརྩོན་འགྲུས་ཆུང་། །གཉིད་དགའ་ཁ་ཏོན་ཀློག་འདྲི་དང་། །བྲེ་མོའ་གཏམ་དང་ཅལ་ཅོལ་སྨྲ། །བར་དུ་གཅོད་པ་བཅུ་དྲུག་ཏེ། །མཁས་པས་འདི་དག་སྤང་བར་བྱ། །ཞེས་གསུངས་པས། སྐྱོན་དེ་དག་ངོས་ཟིན་ནས་དྲན་ཤེས་བག་ཡོད་དང་ལྡན་པས་སྤང་བར་བྱའོ། །དེ་ཡང་ཏིང་ངེ་འཛིན་སྐྱོན་ཐམས་ཅད་བྱིང་། རྨུགས། །རྒོད། འཐོར་བཞིར་འདུས་ཏེ། བྱིང་བ་ནི་ཤེས་པ་ཧོན་ནས་ཅི་བྱས་མ་ཚོར་བའོ། །རྨུགས་པ་ནི་ཤེས་པ་མི་གསལ་བར་ནག་ཐིབས་སེ་བའོ། །རྒོད་པ་ནི་སེམས་ཅུང་རེ་གནས་ཀྱང་བསམ་བློ་ཙབ་ཙུབ་ཅུང་རེ་དྲན་པའོ། །འཐོར་བ་ནི་སྒོམ་བརྗེད་ནས་རྣམ་རྟོག་ཁ་འབྱམས་པའོ། །དེ་བསལ་བ་ལ་གཉིས་ཏེ། སྒོམ་པའི་ཤུགས་ལས་བྱུང་བ་དང་། རྐྱེན་གྱིས་བྱུང་བ་བསལ་བའོ། །དང་པོ་ནི། སྒོམ་དུས་བྱིང་ཤིང་རྨུགས་ན། མཐོ་ལ་བསིལ་བའི་སར་སྟན་སྲབ་མོ་ལ་བསྡད་ནས་ལུས་སེམས་ཧུར་བཏོག་
༣༢༩ལ་ཤེས་པ་སེང་ངེ་ཡེ་རེ་ཧྲིག་གེ་ཅིག་བྱས་ལ་བསྒོམ། ཟས་བཅུད་ཅན་སྤང་ང་ོ། །རྒོད་ཅིང་འཐོར་ན་དྲོ་ཞིང་དམའ་བ་དང་ནག་པའི་སར་སྟན་འབོལ་བ་ལ་བསྡད། ལུས་སེམས་ཁོང་ཀློད་ལ་ལྟ་སྟངས་སྨད་ལ་བསྒོམ་མོ། །ཟས་བཅུད་ཅན་དང་ཆང་བཟང་པོ་ཡོད་ན་ཉུང་ཙམ་བཏང་ངོ་། །གཉིས་པ་རྐྱེན་གྱི་འབྱུང་བ་ནི། སྔར་གྱི་གེགས་སམ་འཕྲལ་ལ་ཆགས་སྡང་གི་ཡུལ་ངན་གྱིས་ལྷོངས་ནས་བྱིང་རྒོད་བྱུང་ན། གསལ་སྒྲོན་ལས། །ཆགས་སྡང་གཏི་མུག་དབང་གིས་ནི། །རྒོད་ཅིང་བྱིང་བར་གྱུར་པའི་ཚེ། །ཕྱི་ནང་གསང་བ་གསུམ་པོ་ལ། །སེམས་གཏོད་ནས་ནི་ཞི་བར་འགྱུར། །ཞེས་པས། ཕྱི་ནི་འཁོར་བའི་འཇིགས་པ་དང་། །མྱ་ངན་འདས་ཀྱི་ཡོན་ཏན་བསམ། །ནང་ནི་ཤེས་པ་རྩེ་གཅིག་བསྡམ། །གསང་བ་ལྟ་བ་དྲན་པར་བྱ། །ཞེས་འབྱུང་ངོ་། །སྐབས་སུ་བསྒོམ་འཚེར་ལུས་རྨྱ་ཞིང་རྩུབ་པ། གཉིད་མི་ཕེབས་པ་བྱུང་ན་བསྐུ་མཉེ་བྱ། ཟས་བཅུད་ཅན་བཏང་། སྤྱོད་ལམ་བག་ཡངས་བྱའོ། །འགྲོ་འདོད་པ་དང་སེམས་གཡེང་བ་དང་མགོ་བསྟོད་ན་བ་བྱུང་ན། ལྟ་སྟངས་སན་སྨད། འོག་རླུང་བསྡམ། རླུང་རོ་དྲག་ཏུ་འབུད་ནས་ལུས་ཀློད། ལུས་ལྗིང་ས་ལ་ཕབས་ནས་ཤེས་པ་ལྟེ་བར་གཏད་ཅིང་བསྒོམ་མོ། །ཉམས་སྒྲོན་ལས། སྐྱོན་དང་བཅོས་ཐབས་ལ་སོགས་ཀུན། །ཉམས་དང་ཁམས་ཀྱི་ཚོད་བཟུང་ནས། །སྐྱོན་བཅོས་སྒྲིམ་ཀློད་ཞལ་ལས་ཤེས། །ཞེས་པའི་དོན་ནོ། །བཞི་པ་ཏིང་ངེ་འཛིན་གྱི་ངོ་བོ་ལ་ལྔ་སྟེ། ཉམས་སྐྱེ་ཚུལ་གྱི་རིམ་པ། ཏིང་ངེ་འཛིན་རང་གི་ངོ་བོ། རྒྱུན་དུ་བཙའ་ཐབས། ཐུན་གྱི་ཚད། བོགས་འདོན་བ་སྟེ། དེ་དག་རེ་རེ་ལ་ཡང་གསུམ་གསུམ་མོ། །སྐྱེ་ཚུལ་ལ་གཡོ་ཐོབ་བརྟན་གསུམ་སྟེ། གཡོ་བའི་ཉམས་ནི། དང་པོ་བསྒོམས་པས་རྣམ་རྟོག་སྔར་བས་མང་རུ་སོང་། སྒོམ་མི་སྐྱེ་བར་འདུག་སྙམ་པ་འབྱུང་། དེ་ནི་རྣམ་རྟོག་ངོས་ཟིན་པ་ཡིན་པས།
༣༣༠གོང་དུ་བསྟན་པ་ལྟར་སྐྱོན་དབང་དུ་མ་སོང་བར་བྱས་ལ། རྣམ་རྟོག་ཁོ་རང་གི་སྟེང་དུ་ཀློད་ཅིང་བཞག་པས། སྐབས་སུ་ཡོད་པ་བསྙམ་པ་དང་། ཏུ་མ་མེ་རེ་བ་དང་། ལྷན་ནེ་གནས་པ་སྙམ་དང་། ཇ་སུན་འཐུང་བ་ཙམ་དུ་རྟོག་པ་འཕྲོ་བ་འབྱུང་ངོ་། །ཉམས་སྒྲོན་ལས། །དེ་ཡང་དང་པོར་ཆུ་དྲག་བཞིན། །རྣམ་རྟོག་མང་ཞིང་ཅུང་ཟད་གནས། །ཞེས་སོ། །གཉིས་པ་ཐོབ་པའི་ཉམས་ནི། ཐུན་གྱི་མགོ་རྒབ་བར་གསུམ་དུ་མ་ངེས་པར། །ཤེས་པ་སེང་ངེ་བའམ། །བདེ་ལྷན་ནེ་བ། རྟོག་པ་མེད་པར་མེར་རེ་བའམ། །ལྷེམ་མེ་བའམ། །བདེ་གསལ་མི་རྟོག་གསུམ་ཆར་དུ་སྐྱེ་བའོ། །ཉམས་སྒྲོན་ལས། །དེ་ནས་དལ་དྲག་ཆུ་བོ་བཞིན། །རེས་འགའ་རེས་རྟོག་ཐུན་ཕྱེད་གནས། །ཞེས་སོ། །གསུམ་པ་བསྟན་པའི་ཉམས་ནི། ཐུན་རེའམ་ཉི་དྲོས་པའི་བར་ཙམ་མམ། ཕྱེད་སྐབས་ཙམ་དུ་ཡང་བྱིང་རྨུགས་རྒོད་འཐོར་མེད་པར་བདེ་གསལ་མི་རྟོག་གསུམ་ཀ་འཆར་རམ། ཤས་གང་ཆེ་མ་ངེས་པ་ལ་གནས་བ་འབྱུང་སྟེ། ཉམས་སྒྲོན་ལས། དེ་ནས་དལ་འབབ་ཆུ་བོ་བཞིན། །ཤེས་པ་ངལ་ཞིང་ཐུན་དུ་གནས། །ཞེས་སོ། །གཉིས་པ་ཏིང་ངེ་འཛིན་གྱི་ངོ་བོ་ངོས་བཟུང་བ་ལ་གསུམ་སྟེ། རབ་ཀྱིས་མཉམ་གཞག་ཏུ་བདེ་གསལ་མི་རྟོག་པ་གསུམ་དུས་གཅིག་ཏུ་སྐྱེ་བ་དེ་ཡང་ཉམས་ཕྱི་ནང་འཆར་བ། སེམས་ནང་དུ་ཡོད་སྙམ་པ་ལྟ་བུ་མ་ཡིན་པར། རང་གི་སེམས་དེ་ཉིད་ངོ་བོ་ཉིད་ཀྱིས་བདེ་བ། རང་བཞིན་གསལ་པ་གཉིས་སུ་མེད་པར་ཐག་ཆོད་པའི་ངང་ལ། ཤེས་པ་རྩེ་གཅིག་ཏུ་གནས་པ་འབྱུང་བ་ནི། སྔར་ཐོས་བསམ་གྱི་བློ་དང་མི་འདྲ་བར། དོན་ཉམས་སུ་མྱོང་བའི་ངེས་ཤེས་ཀྱི་དགའ་སྤྲོ། དོན་གཉེར་མིས་དོན་གྲུབ་པ་ལྟ་བུ་འབྱུང་ངོ་། །སེམས་རང་བཞིན་འོད་གསལ་བའི་མཉམ་གཞག་ཚེ་ན་འབྱུང་བ་སྟེ། ཉམས་སྒྲོན་ལས། མཉམ་ཉིད་ཡུལ་བྲལ་ཏིང་
༣༣༡འཛིན་ལ། །མ་ཡེངས་ངང་གིས་གནས་པར་བྱ། །སྐྱེས་བུ་རབ་ཀྱི་སྤྱོད་ཡུལ་ཡིན། །ཞེས་གསུངས་སོ། །འབྲིང་གསལ་དྭངས་སུ་འཆར་ཞིང་། །དེ་ཉིད་རང་གི་སེམས་ཀྱི་རང་བཞིན་དུ་ཤེས་ཀྱང་རྣམ་རྟོག་དང་འོད་གསལ་སོ་སོར་འཛིན་པ་འབྱུང་ངོ་། །དམ་པས། འབྲིང་གིས་སེམས་ཉིད་འོད་གསལ་ལ། །ཡུལ་དང་ཤེས་པའི་ཚུལ་དུ་མཐོང་། །ཞེས་སོ། །ཐ་མ་ནི་ལུས་བདེ་སེམས་དགའ་བའི་ངང་ནས་ཤེས་པ་མི་འཕྲོ་བར་ལྷན་ནེ་གནས་པ་འབྱུང་སྟེ། དམ་པས། །ཐ་མ་རྟོག་པའི་བསླད་བྲལ་བར། །མི་གཡོ་ཙམ་དུ་གནས་པ་ཉིད། །ཅེས་སོ། །རྗེས་ཐོབ་ཏུ་ནི། རབ་དྲན་པ་ཟིན་དུས་སེམས་རང་སྣང་ཡིན་པ་དང་། མ་ཟིན་དུས་ཀྱང་ཐ་མལ་གྱི་དངོས་འཛིན་ཆུང་བ། །འབྲིང་དྲན་པ་ཟིན་དུས་སྒྱུ་མ་ལྟ་བུ་རང་བཞིན་མེད་པ་ཡིན་སྙམ་པ་དང་། མ་ཟིན་དུས་ཐ་མལ་དུ་འགྲོ། ཐ་མ་དངོས་འཛིན་རང་ག་མའོ། །ཉམས་སྒྲོན་ལས། རྗེས་ཤེས་དྲན་པ་མ་ཟིན་ནས། །ཐ་མལ་འཆོལ་བ་བཏང་སྙོམས་གནས། །དྲན་ཟིན་ཐ་མལ་ཨ་འཐས་ལོག །གཟུང་འཛིན་ལོག་པར་འཕྲུལ་པ་ཤེས། །ཐུག་འཕྲད་ཤར་དང་རང་ལོག་འབྱུང་། །ཞེས་སོ། །གསུམ་པ་མཉམ་གཞག་གི་ཏིང་ངེ་འཛིན་དེ་རྒྱུན་དུ་རང་གི་རྒྱུད་ལ་བཙའ་ཐབས་གསུམ་ནི། །དཔེར་ན་ནོར་ཡོད་པའི་མིས་སྐྱོང་བྲན་དགོས་པ་དང་འདྲ་བས། །རབ་ཀྱིས་ཟ་ཉལ་འགྲོ་འདུག་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་ལྟ་བས་སྣང་སྲིད་ཐམས་ཅད་སེམས་སུ་ཐག་བཅད་ཅིང་། །སྒོམ་པས་ཡུལ་སེམས་གཉིས་མེད་རིག་པ་རང་གསལ་གྱི་ནང་ལ་རྒྱུན་ཁྱེར་བྱའོ། །གསང་སྒྲོན་ལས། །སྤྱོད་ལམ་རྣམ་བཞི་ཅི་སྤྱོད་ཀྱང་། །སེམས་ཀྱི་རྩི་ཡིས་ཟིན་པས་ན། །འདི་ནི་བཞག་ཐབས་དམ་པ་སྟེ། །དགོངས་པ་སངས་རྒྱས་ཐུགས་དང་མཉམ། །ཅེས་སོ། །འབྲིང་གིས་མཉམ་གཞག་དུས་ཀྱི་འོད་གསལ་དེ། ད་ལྟའི་རང་གི་ཤེས་རིག་གི་
༣༣༢ངོ་བོ་གསལ་སྟོང་འདི་ཡིན་པ་ལ་འགྱུར་བ་མེད་པར་ངོས་བཟུང་ཞིང་། གང་ཤར་གྱི་སྟེང་དུ་མ་ཡེངས་པར་རིག་པ་ཅོག་བཞག་བྱའོ། །མ་ཡེངས་ལམ་དུ་ཁྱེར་དགོས་པས། ཉམས་སྒྲོན་ལས། དཔེར་ན་རྨུ་རྒོད་རྟ་འདུལ་ལྟར། །མ་ཡེངས་པར་ནི་བསྒོམ་པར་བྱ། །ཞེས་སོ། །ཐ་མལ་ལུས་ངག་ཡིད་གསུམ་གྱི་གཡེང་བ་ཐམས་ཅད་བཙན་ཐབས་སུ་བོར་ཞིང་། ཡུན་རིང་ཐུང་ཆེ་ཆུང་ཅི་ནུས་པས་ཁོང་སྙོམས་སུ་མཉམ་པར་གཞག་པ་ལ་བརྩོན་པར་བྱའོ། །དམ་པས། ཕྱི་ནང་གཡེང་བས་མ་གོས་པའི། །གནས་སུ་ཡང་ཡང་བསྒོམ་པར་བྱའོ། །ཞེས་སོ། །བཞི་པ་ཐུན་ཚད་ལ་གསུམ་སྟེ། ཁམས་བདེ་ཞིང་ཏིང་ངེ་འཛིན་གསལ་བའི་དུས་སུ་ཐུན་རིང་བར་བྱ། ཁམས་ཉོག་ཅིང་མི་གསལ་བའི་དུས་སུ་ཐུན་ཆུང་ལ་གྲངས་མང་བར་བྱའོ། །ཉིན་མཚན་གྱི་གུང་གཉིས་དང་མཚམས་གཉིས་བྱིང་རྒོད་ཀྱི་དུས་ཡིན་པས་སྲོད་ཐོ་རངས་སྔ་དྲོ་ཕྱི་དྲོ་བཞི་ལ་བརྩོན་ནས་བསྒོམ་གོམས་ནས་སྤྱོད་ལམ་ལ་ཁྱེར་ནུས་པ་དང་། ཐུན་ལ་བཅད་དུ་མེད་པར་རྒྱུན་དུ་ཏིང་ངེ་འཛིན་དང་མི་འབྲལ་བར་བྱའོ། །ཉམས་སྒྲོན་ལས། །ཐུན་ཚད་རབ་འབྲིང་གསུམ་དུ་བཅད། །ཁམས་བདེ་ཐུན་ནི་རིང་བར་བྱ། །མི་བདེ་ཐུན་བཞིར་བཅད་པར་བྱ། །ཐུན་ཆེན་གོམས་པའི་རྣལ་འབྱོར་བྱ། །ཞེས་སོ། །ལྔ་པ་བོགས་དབྱུང་བ་ལ་གསུམ་སྟེ། རབ་རྟོགས་པས་བོགས་དབྱུང་བ་ནི། སྣང་སེམས་ལ་བཟང་ངན་དང་བདེ་སྡུག་གི་འཆར་ཚུལ་ཅི་བྱུང་ཡང་། བློ་མ་བཅོས་པར་གང་ཤར་དེ་ཉིད་ཀྱི་ངོ་བོ་ལ་བལྟས་པས། མཚན་འཛིན་གྱི་རིག་པ་ཉིད་རང་བཞིན་སྐྱེ་མེད། རོལ་པ་འགག་མེད། མཚན་ཉིད་དབྱེར་མེད་དུ་གྲོལ་བས། སྣང་བ་དང་རང་རིག་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །འབྲིང་གིས་སྤྱོད་ལམ་ལ་ལྟ་སྒོམ་གྱིས་རྒྱས་གདབ་ཅིང་། སྐབས་སུ་རྒྱུད་ལུང་ཟབ་མོའི་ལྟ་བ་དང་། བསྐྱེད་རིམ་དང་། ཐབས་ལམ་དང་། འཁྲུལ་འཁོར་ལ་སོགས་པས་
༣༣༣བོགས་འདོན་ཏེ། མདོ་རྒྱུད་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །ཐ་མས་འཆི་བ་མི་རྟག་པ་བསམ་ཞིང་། བླ་མ་ལ་ཡང་ཡང་ཞུ་གཏུགས། །གྲོགས་པོ་ལ་གསལ་འདེབས་ཞུ་བ་དང་། ཏིང་ངེ་འཛིན་ལ་བརྩོན་འགྲུས་ཀྱིས་བོགས་འདོན་ཏེ། བླ་མ་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །སྤྱིར་རབ་འབྲིང་ཐ་མ་གསུམ་ཀ་ལ་ཡང་། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ལ་རྒྱུན་དུ་གསོལ་བ་གདབ་པ་དང་། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་ཕ་མའི་འདུ་ཤེས་ཀྱིས་བྱམས་སྙིང་རྗེ་བསྒོམ་པ་དང་། ཉམས་སུ་བླངས་པའི་བརྩོན་འགྲུས་ཡེངས་པ་མེད་པ་དང་། ཚེ་འདིའི་བདེ་སྐྱིད་སྙན་གྲགས་ཟས་ནོར་ཉེ་དུའི་ཞེན་པ་ཐམས་ཅད་བཙན་ཐབས་སུ་བཅད་ན་མྱུར་ཏུ་ཡོན་ཏན་ཆེན་པོ་འོང་ངེས་སོ། །ཉམས་སྒྲོན་ལས། ལུང་ཟབ་བླ་མ་ཉམས་ཅན་སྤུན། །བལྟ་དང་ལྟ་འབུལ་ཉམས་བསྡུར་དང་། །མི་རྟག་འཆི་བསམ་བརྩོན་འགྲུས་བསྐྱེད། །གནས་ལུགས་དྲན་པའི་རྩིས་ཟིན་པས། །གསང་སྤྱོད་ཐབས་ལ་བསྟེན་པ་དང་། །རླུང་ངང་བདེ་བའི་མན་ངག་དང་། །དམིགས་མེད་སྙིང་རྗེ་བསྒོམ་པ་དང་། །གདམས་པའི་གནད་དང་ཤེས་རབ་ཀྱིས། །རིག་པ་རྩལ་སྦྱང་ཉམས་སོགས་འདོན། །ཅེས་གསུངས་སོ། །གཉིས་པ་ཏིང་ངེ་འཛིན་སྐྱེས་པའི་དཔེ་ནི། དཔེར་ན་སྐྱེས་བུ་འཇིགས་བཅས་ཞིག །ལམ་ལ་བགྲོད་པར་གྱུར་པའི་ཚེ། །རང་ཡུལ་སྣང་བ་མཐོང་སླེབས་དང་། །འཇིགས་པའི་རྟོགས་པ་མེད་དང་མཚུངས། །ཞེས་པས་ལྟ་སྒོམ་མཐར་ཕྱིན་ནས་རེ་དོགས་མེད་པའི་དཔེ་ནི་འདིར་མ་ཡིན་ལ། ཉམས་རྟོགས་སྐྱེས་པའི་གནས་སྐབས་སུ་དབུགས་དབྱུང་པའི་དཔེ་སྟེ། རབ་སྣང་སེམས་དབྱེར་མེད་ཆོས་སྐུར་རྟོགས་པས་ཐེག་པ་འོག་མའི་རྒྱུན་རྩོལ་བ་ལ་ལྟོས་པའི་འཇིགས་པ་མེད། འབྲིང་རིག་པ་རང་གསལ་དུ་གནས་པའི་བྱིང་རྨུགས་རྒོད་འཐོར་གྱི་འཇིགས་པ་
༣༣༤མེད། ཐ་མ་ལུས་སེམས་དགའ་བདེའི་ངང་ལ་རྩེ་གཅིག་ཏུ་ལྷག་པར་གནས་བས་དབུགས་ཕྱིན་པའོ། །གསུམ་པ་ཏིང་ངེ་འཛིན་སྐྱེས་པའི་རྟགས་བསྟན་པ་ནི། རྩ་ཚིག་ལས། འཁོར་བའི་ཆོས་ལ་སྐྱོ་བ་དང་། །སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ། །རང་གི་གནས་ལ་མི་ཆགས་ཤིང་། །ཐག་རིང་གཞན་དུ་འགྲོ་བར་འདོད། །ཅེས་པས། དྲོད་རྟགས་ཕྱི་ནང་གསང་གསུམ་སྟེ། །གསང་བའི་རྟགས་ནི། ཉམས་སྒྲོན་ལས། རླུང་གི་མཚན་མ་ལྔ་མཐོང་ནས། །ཤུགས་སྣང་བརྒྱད་སོགས་ཉམས་སྣང་དག །གཡོ་ཐོབ་ཙམ་དུ་འབྱུང་བ་སྲིད། །ཅེས་པ་ནི། སེམས་དང་རླུང་གཉིས་མེད་བརྟན་པ་ཡིན་པས་སེམས་གནས་པའི་ཚེ་རླུང་ཟིན་ཅིང་། རླུང་ལ་ས་ཆུ་མེ་རླུང་ནམ་མཁའི་རླུང་ལྔ་སྟེ། དེ་རྩ་རོ་རྐྱང་གཉིས་ལ། ལྔ་གཉིས་བཅུ་ནང་དུ་རྒྱུ་བ་དེ་ནང་དུ་ཟིན་པའི་རྟགས་སུ་རྣལ་འབྱོར་པའི་མཐོང་སྣང་དུ། དུ་བ་ལྟ་བུ་ཁ་དོག་མ་ངེས་པ་དང་། སྨིག་སྒྱུ་ལྟ་བུ་ཆུའི་རིགས་དང་། སྲིན་བུ་མེ་ཁྱེར་དང་། མེ་སྟག་ལྟ་བུ་མེའི་རིགས་དང་། མར་མེ་འབར་བ་ལྟ་བུ་གཅིག་ནས་མང་པོའི་བར་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་རྒྱ་ཆེ་ཆུང་མ་ངེས་པ་དང་། དཀར་པོ་དམར་པོ་སེར་པོ་ལམ་ལམ་པ་དང་། སྣང་བ་མེད་པའི་མུན་ནག་ལྟ་བུ་དང་། ཉི་མ་དང་ཟླ་བའི་འོད་ཅན་དང་། འོད་མེད་དང་། ཕྱེད་པོ་དང་། བར་སྣང་སྦྲང་འདབ་ལྟ་བུ་སྐྱ་ཙིག་ཙིག་པས་གང་བ་དང་། འོད་ཀྱི་ཐིག་ལེ་ཁ་དོག་ལྔ་གང་རུང་ལ། འོད་ཟེར་གྱི་ཐག་པ་བརྐྱང་བ་ལྟ་བུ་དང་། འོད་སྣ་ལྔ་ཅི་རིག་པ་མཐོང་སྟེ། ཉམས་སྒྲོན་ལས། རླུང་གི་མཚན་མ་རྣམ་ལྔ་ཡང་། །དུ་བ་ལྟ་བུའི་ལོང་ལོང་ལ། །སྨིག་སྒྱུ་ལྟ་བུའི་གྱ་གྱུ་དང་། །སྲིན་མེ་ལྟ་བུའི་དམར་འགྲོ་དང་། །མར་མེ་ལྟ་བུའི་དམར་ཀན་དང་། །མཁའ་ལ་ཉི་ཤར་ལྟ་བུར་སྣང་། །ཤུགས་སྣང་བརྒྱད་པོ་སྣང་བ་ཡང་། །གྲུར་ཞུགས་འགྲོ་བ་སྙམ་བྱེད་དང་། །སྣང་བ་མུན་པར་འགྱུར་བ་དང་། ནམ་མཁའ་
༣༣༥རྡུལ་གྱིས་གང་བ་དང་། །མཁའ་ལ་འོད་དུ་འབར་བ་དང་། །ལུས་དང་འབྱུང་བ་སྣང་མེད་པར། །སེམས་ཉིད་གསལ་སྟོང་དྭངས་པ་དང་། །མེ་ལོང་སྐར་མས་བརྒྱན་པ་མཐོང་། །ཞེས་སོ། །གཞན་ཡང་སེམས་ནི་འཁོར་འདས་ཐམས་ཅད་ཀྱི་ཀུན་གཞི་ཡིན་པས། ཐོག་མེད་དུས་ཀྱི་ཤེས་བྱའི་བག་ཆགས་ཐམས་ཅད་ཀུན་གཞི་ལ་ཡོད་པ་དང་། ཀུན་གཞི་དེས་བསྐྱེད་པའི་ལུས་འདི་ལ་སྣང་སྲིད་འཁོར་འདས་ཀྱི་ས་བོན་ཐམས་ཅད་རྩ་མདུད་ལ་ཡི་གེའི་ཚུལ་དུ་དོད་པའི་ནང་དུ་རླུང་སེམས་ཚུད་པའི་རྟེན་འབྲེལ་གྱིས། ཕྱི་སྣོད་ནང་བཅུད་སྐྱེ་འགྲོ་རིགས་དྲུག །བེམ་པོ་དང་རིག་པ་ཅན་ལ་སོགས་པའི་གཟུགས་དབྱིབས་ཁ་དོག་སྣ་ཚོགས་པ་ཞེས་བྱ་ལ་ཅི་སྲིད་པ་གང་ཡང་སྣང་དུ་རུང་བ། །རྣལ་འབྱོར་པའི་བསྒོམ་པའི་ཉམས་སྣང་ཡིན་པས་བཟང་ངན་གྱི་རྣམ་པ་གང་ལ་ཡང་ཆགས་སྡང་མི་བྱ་བར་ཉམས་སྣང་དེ་ཉིད་ཀྱི་སྟེང་དུ་སེམས་གཏད་ཅིང་སྣང་སེམས་བསྲེ་བར་བྱའོ། །ཉམས་སྒྲོན་ལས། འགྲོ་དྲུག་རྒྱ་གནས་རླུང་ཚུག་དང་། །ཐོག་མེད་བག་ཆགས་སྣ་ཚོགས་དང་། །སེམས་ཉིད་ཅིར་ཡང་འཆར་བའི་ཕྱིར། །འགྲོ་དྲུག་སྣང་ཚུལ་སྣ་ཚོགས་དང་། །ལྷ་དང་ལྷ་མོ་ལ་སོགས་དང་། །སྐྱེད་མོས་ཚལ་དང་ཞིང་ཁམས་སོགས། །ངན་སོང་གསུམ་གནས་སྡུག་བསྔལ་དང་། །འདོད་ཁམས་ལྷ་མིའི་སྣང་ཚུལ་དང་། །གཟུགས་ཁམས་གཟུགས་མེད་བསམ་གཏན་དང་། །པདྨའི་ཚལ་དང་སངས་རྒྱས་ཞིང་། །ཉམས་ཀྱི་སྣང་བ་ཅིར་ཡང་འཆར། །དེ་ཀུན་སེམས་ཉིད་རང་སྣང་ལ། །མི་གཡོ་དེ་བཞིན་མ་བཅོས་བཞག །ཅེས་སོ། །ནང་གི་དྲོད་རྟགས་ནི། ཉམས་སྒྲོན་ལས། དྲོད་ནི་བཟོད་པ་ཕྲ་ཐོབ་དང་། །ལུས་ཡང་བདེ་བ་འབྱུང་བ་དང་། །དབུགས་ཀྱི་རྒྱུ་བ་མི་ཚོར་དང་། །སེམས་ཉིད་རྣལ་དུ་ཕེབས་པ་ཡི། །གསལ་ལ་ཡུལ་མེད་མི་རྟོག་གནས། །ཞེས་སོ། །ཕྱི་རྟགས་ནི། ནོར་
༣༣༦རྫས་གཉེན་འདུན་ལ་སོགས་པ། །ཚེ་འདིའི་བྱ་བ་ཐམས་ཅད་བློས་ཐོངས་ནས། །ཅི་ལ་ཡང་ཆགས་ཞེན་ཆུང་བ་སྟེ། རྩ་ཚིག་ལྟར་རོ། །གཞན་ཡང་། ཕྱི་རྟགས་ལུས་ནི་ཡོད་མི་ཚོར། །ནང་རྟགས་དབུགས་ནི་རྒྱུ་མི་ཚོར། །གསང་རྟགས་དངོས་པོའི་ཞེན་པ་ཆུང་། །ཉམས་ནི་མིང་དུ་མི་ཐོགས་ཤིང་། །ཤེས་པ་ཁོང་ནས་དགའ་བ་འབྱུང་། ལུས་ནི་འདར་ཞིང་སྤྲུགས་པ་དང་། །འཕག་དང་རྒྱུག་པའི་ལས་རྣམས་བྱེད། །ངག་ནི་རྒོད་ཅིང་ངུ་བ་དང་། །ཁ་ནས་སྒྲ་སྐད་སྣ་ཚོགས་འབྱུང་། །སེམས་ནི་འཛིན་མེད་བཏང་དཀའ་ལ། །ཕྱི་ནང་ཤེས་པ་མི་རྒྱུ་བ། །ཞེས་པས། རྣལ་འབྱོར་པ་བསྒོམ་པའི་དུས་སུ་ལུས་ལ་འཕྲ་འདར་མཆོང་རྒྱུག་ཚ་བྲད་ན་སྲི་ཤ་འགུལ་སྣ་ཚོགས་དང་། ངག་ཏུ་རྒོད་པ་དང་དུ་བ་དང་། གླུ་དབྱངས་ལ་སོགས་སྐད་སྣ་ཚོགས་དང་། སེམས་བདེ་སྡུག་གསལ་མི་གསལ་མེས་ཚིག་ཆུས་ཁྱེར་ཁྱི་དང་གཅན་སྦྲུལ་ལ་སོགས་གྱིས་གཙོས་པའི་སྣང་བ་ལ་སོགས་ཉམས་ལ་མི་འབྱུང་མེད་པ་མེད་ཅིང་། ལུས་ངག་ཡིད་གསུམ་ལ་ཅི་བྱུང་ཡང་ཉམས་ཡིན་པས་བཟང་བ་འདྲ་ལ་དགའ་བ་དང་། ངན་པ་འདྲ་ལ་མི་དགའ་བ་དང་ཐེ་ཚོམ་མི་བྱ་ལ། ཉམས་གང་བྱུང་དེ་ཉིད་ཀྱི་སྟེང་དུ་སེམས་བསྐྱེད་དོ། །རྨི་ལམ་གྱི་རྟགས་མང་དུ་གསུངས་མོད་ཀྱི། རྣལ་འབྱོར་པ་བདེན་འཛིན་འཕེལ་བའི་རྒྱུ་ཡིན་པས་ཉམས་སྣང་ཐམས་ཅད་ཀྱང་བདེན་མེད་སྒྱུ་མ་ལྟ་བུར་ཤེས་དགོས་ན། རྨི་ལམ་ལ་བདེན་མེད་དུ་ཤེས་པར་བྱའོ། །གསང་སྒྲོན་ལས། གང་ལ་ཞེན་པ་མེད་ཅིང་ཆགས་པ་ཆུང་། །མ་ནོར་དོན་ལ་ཀུན་གཞི་འགྱུར་མེད་གསལ། །རྟགས་ཆེན་དེ་ཡོད་གཞན་གྱི་ཁར་མ་ལུས། །ཞེས་གསུངས་པས། ཚེ་འདིའི་བྱ་བ་ལ་སོགས་སྣང་བ་མངོན་ཞེན་ཆོད་ན་རྟགས་གཞན་མ་བྱུང་ཡང་བཟོད་ལ་རྟགས་ཐམས་ཅད་འཛོམ་ཡང་མངོན་ཞེན་ཆེ་ན་དུ་བ་བྱུང་
༣༣༧རན་མེ་བསད་པ་དང་འདྲའོ། །བཞི་པ་འབྲས་བུ་བསྟན་པ་ནི། རྩ་ཚིག་ལས། རྣལ་འབྱོར་པ་དེ་འགོག་པའི་ཚེ། །ངེས་པར་མི་ལུས་ཐོབ་ནས་སུ། །ཆོས་སྤྱོད་པ་དང་ལྡན་འགྱུར་ཏེ། །དེ་ཚེ་ཆོས་ཉིད་བདེན་པ་མཐོང་། །ཞེས་པ་ལ་གཉིས་ཏེ། རྒྱུ་མཐུན་གྱི་འབྲས་བུ་ནི། རྣལ་འབྱོར་པ་གནས་པའི་ཉམས་དེ་ཙམ་ན་ཚེ་འཕོས་ན་གོང་དུ་བསྟན་པ་ལྟར། ཏིང་ངེ་འཛིན་རབ་ལ་ཕྱིན་པ་དེ་བར་དོའ་འོད་གསལ་ངོས་ཟིན་ནས་ཏིང་ངེ་འཛིན་རྩལ་རྫོགས་ཏེ། སངས་རྒྱས། འབྲིང་སྒྱུ་ལུས་བར་དོར་ལྷའི་རིག་པ་འཛིན་པར་བརྫུས་ཏེ་སྐྱེས་ནས་ཏིང་ངེ་འཛིན་རྩལ་རྫོགས་པར་འགྱུར། ཐ་མ་མི་ལུས་ཐོབ་ནས་གདམས་ངག་ཟབ་མོ་དང་འཕྲད་ནས་ཆོས་ཉིད་བདེན་པའི་དོན་མཐོང་བར་གསུངས་ཏེ། ཉམས་སྒྲོན་ལས། རང་འབྲས་རྣལ་འབྱོར་འཕོ་བའི་ཚེ། །གདམས་པའི་གནད་དང་ཤེས་རབ་ཀྱིས། །འགགས་མེད་ཡེ་ཤེས་ཆོས་སྐུར་སྤྱོར། །འགགས་མེད་སྒྱུ་ལུས་བར་དོ་ནས། །ལྷ་མི་རིག་འཛིན་དེ་ནས་གྲོལ། །ཕལ་ཆེར་བག་ཆགས་རྟོག་པའི་མཐུས། །ངེས་པར་མི་ལུས་ཐོབ་ནས་སུ། །ཆོས་སྤྱོད་པ་དང་ལྡན་གྱུར་ཏེ། །དེ་ཚེ་ཆོས་ཉིད་བདེན་པ་མཐོང་། །ཞེས་སོ། །སྐྱེས་བུ་བྱེད་པའི་རྣམ་སྨིན་གྱི་འབྲས་བུ་ནི། གནས་པའི་ཏིང་ངེ་འཛིན་དེས་ཉོན་མོངས་བ་དང་གཟུང་འཛིན་གྱི་མཚན་མ་ཆེ་རགས་གྲོལ་ནས་མི་གཡོ་བའི་ཏིང་ངེ་འཛིན་ཐོབ་པར་གསུངས་ཏེ། ཉམས་སྒྲོན་ལས། རྟོགས་པའི་ངང་གནས་རྣལ་འབྱོར་པས། །གསལ་ལ་ཡུལ་མེད་གོམས་པ་ཡིས། །ཉོན་མོངས་ཀུན་བརྟགས་འབྲིང་བཅོམ་ནས། །བརྟན་པའི་ཆ་ལ་མི་གཡོ་ཐོབ། །ཅེས་སོ། །གཉིས་པ་ལྷག་མཐོང་རྟོགས་པ་མི་གཡོ་བའི་རྣལ་འབྱོར་ལ་བཞི་སྟེ། ཏིང་ངེ་འཛིན་ལ་མཉམ་པར་གཞག་པའི་ཐབས། ཏིང་ངེ་འཛིན་གྱི་དཔེ། དེའི་དྲོད་རྟགས་དང་།
༣༣༨འབྲས་བུ་བསྟན་པའོ། །དང་པོ་ནི། རྩ་ཚིག་ལས། ཇི་སྲིད་མཉམ་པར་གཞག་པའི་ཚེ། །སྐྱོན་གྱི་རྣམ་པ་བཀག་ནས་ནི། །རང་བྱུང་ཡེ་ཤེས་དྲོད་དང་ལྡན། །ཉིན་མཚན་འདས་ཀྱི་བར་དུ་གནས། །ཞེས་པས། མཉམ་པར་གཞག་ཐབས་སྐྱོན་ངོས་བཟུང་ནས་ཡེ་ཤེས་སྦྱོར་ཐབས། རྟོགས་པའི་ཡེ་ཤེས་ངོས་བཟུང་བ། ཏིང་ངེ་འཛིན་ལ་གནས་པའི་ཡུལ་དང་བཞིས་སྟོན་ཏེ། བཞག་ཐབས་ནི། གསང་སྒྲོན་ལས། རྣམ་ཤེས་འདུ་བའི་གནས་དག་ཏུ། །བག་ཕེབས་ལུས་སེམས་ཀློད་པར་བྱ། །རྟོག་པ་བློ་ཡི་ཞེན་པ་བཟློག །ཕྲ་རགས་ཡུལ་ལ་བློ་མི་བཟུང་། །རང་སེམས་ཐབས་ཀྱིས་མཐོང་བྱས་ཏེ། །ཡང་དག་ཤེས་རབ་མིག་གིས་བལྟ། །ཞེས་པ་དེ་ལ་ཡང་གསུམ་སྟེ། དང་པོ་ཕྱི་ནང་གསང་བའི་རྣམ་གཡེངས་མེད་པའི་གནས་སུ་ལུས་ངག་ཡིད་གསུམ་བདེ་བར་བྱས་ལ་ཚོགས་དྲུག་གི་ཡུལ་ལ་ཤེས་པ་ཕྱིར་མི་འཕྲོ་བར་རང་གི་སེམས་ལ་ནང་དུ་ཡང་དག་པར་བལྟས་ཏེ། དེ་ཡང་ད་ལྟའི་སེམས་འདི་འགྱུ་བ་དང་། གནས་པ་དང་། གསལ་བ་དང་། བདེ་བ་ཅི་ལྟར་འདུགས་བརྟག་ལ། གང་དུ་འདུག་པ་དེ་ལ་ལྟ་བའི་རྒྱས་འདེབས་དང་། འདི་ཡིན་གྱི་བློ་བཟོ་མི་བྱ་བར་བདེ་གསལ་མི་རྟོག་པའི་ངང་ལ་གནས་འདུག་ན། གང་ལྟར་འདུག་པ་དེ་ཉིད་ལ་བྱུང་ས། གནས་ས། འགྲོ་ས། ངོ་བོ། གཟུགས་དབྱིངས། ཁ་དོག་ཅི་སྣང་། སྒོམ་མཁན་གྱི་སེམས་དང་ཉམས་དེ་ལ་ཁྱད་པར་ཅི་སྣང་བརྟག་ཅིང་ཁོ་རང་གི་སྟེང་དུ་བཞག་གོ །ཉམས་སྒྲོན་ལས། མ་སྐྱེས་རང་བྱུང་སྐྱེ་བ་མེད། །སྐྱེ་བ་མེད་པའི་ཆོས་ཉིད་ལ། །མ་བཅོས་རང་བྱུང་ལྷུག་པར་བཞག །ཞེ་འདོད་མི་བྱ་ཕྱལ་བར་བཞག །ཅེས་གསུངས་སོ། །དེའི་དོན་ཆོད་ན་ཚོད་ཚུལ་འོག་ནས་འབྱུང་། གནས་པ་ཡོན་ཏན་དུ་མི་ལྟ། འགྱུ་བ་སྐྱོན་དུ་མི་ལྟ་བར་རྣམ་རྟོག་འགྱུ་བ་གང་བྱུང་ངོས་བཟུང་ནས། ད་ལྟ་དྲན་བདོའི་
༣༣༩རྣམ་རྟོག་དེ་ལ་བྱུང་གནས་འགྲོ་གསུམ། ངོ་བོ། དབྱིབས། ཁ་དོག་ཅི་བྱུང་ཅི་སྣང་། ཉམས་བདེ་གསལ་མི་རྟོག་པ་དང་། འགྱུ་བ་དེ་ལ་ཁྱད་ཅི་འདུག །རྒྱུ་རྐྱེན་གྱི་བྱས་མ་བྱས། དྲི་མ་ཡོད་མེད་ཁྱད་ཅི་སྣང་། སེམས་ཀྱི་ངོ་བོ་དེ་གང་བྱུང་བརྟག །སོ་སོར་ཕྱེས་ཤིང་བརྟག །གཅིག་ཏུ་བསྲེ་ཞིང་བརྟག །འགྱུ་གནས་གང་བྱུང་དེ་ཉིད་ཀྱི་སྟེང་དུ་འཚོ་ཞིང་བརྟགས་ཏེ། གསང་སྒྲོན་ལས། ཞི་གནས་བསྒོམས་པས་ལྷག་མཐོང་སྐྱེ། །རྣམ་པར་རྟོག་ལས་ཡེ་ཤེས་སྐྱེ། །སྟོང་པ་ཉིད་ལ་སྙིང་རྗེ་སྐྱེ། །ཞེས་སོ། །སེམས་ཀྱི་དོན་ཆོད་ན། གཉིས་པ་ནི། སྔར་བཤད་པའི་དྲོད་རྟགས་མེ། དུ་བ། སྨིག་རྒྱུ་ནས་བཟུང་སྟེ། སངས་རྒྱས་གྱི་ཞིང་ཁམས་སྐུ་གཟུགས་ལ་སོགས་མཐོང་སྣང་བཟང་ངན་ཅི་བྱུང་ཡང་དེ་ཉིད་ལ་སེམས་བསྲེ་ཞིང་འཚོ། ཉམས་སྣང་དེ་ལ་བྱུང་གནས་འགྲོ་གསུམ་དངོས་པོ་གྲུབ་མཐའ་ཅི་སྣང་ཡང་སེམས་དང་གཅིག་གམ་ཐ་དད་བརྟག་གོ །གསང་སྒྲོན་ལས། ཟུང་དུ་འཇུག་པའི་ཡེ་ཤེས་ནི། །རྒྱུ་དང་རྐྱེན་ལ་རག་མ་ལུས། །ཐུགས་ཕྲད་ཤུགས་ཀྱིས་ལྷུག་པར་འཆར། །ཅེས་སོ། །འདིའི་དོན་ཆོད་ན། གསུམ་པ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་ཡུལ་དུ་སྣང་བ་ཐམས་ཅད། ཉོན་མོངས་པ་དུག་ལྔ་དང་། བདེ་སྡུག་གི་ཚོར་བ་དང་། འཁོར་འདས་ལ་རེ་དོགས་ལ་སོགས་སེམས་ལ་བྱུང་ཚད་ཀྱི་སྟེང་དུ་བཞག་ཅིང་། ངོ་བོ་དབྱིབ་ས་ཁ་དོག་བྱུང་གནས་འགྲོ་གསུམ་སེམས་དང་སེམས་བྱུང་ཁྱད་ཅི་སྣང་བརྟག་གོ །ཉམས་སྒྲོན་ལས། ཆོས་སྐུ་སྤྲོལ་བྲལ་རང་རིག་གསལ། །སྐུ་གསུམ་རང་ཆས་རྩོལ་མེད་ལས། །བྱར་མེད་སྐྱེས་བུ་ཅི་བཞིན་དུ། །ལུས་སེམས་ཁོང་ཀློད་གང་དགར་བཞག །ཅེས་སོ། །དེ་ལྟར་སེམས་ལ་གང་ཤར་གྱི་ཉམས་བསྐྱང་དགོས་པ་ཡང་། བང་མཛོད་ལས། འདོད་ཆགས་
༣༤༠ཞེ་སྡང་གཏི་མུག་ཀྱང་། །རྣམ་རྟོག་རླུང་གིས་མི་བསྐྱོད་ན། །དེ་ཉིད་རང་བྱུང་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་ཡང་། །རྣམ་རྟོག་རླུང་གིས་བསྐྱོད་པ་ན། །འདོད་ཆགས་ཞེ་སྡང་གཏི་མུག་ཡིན། །ཞེས་གསུངས་སོ། །གཉིས་པ་སྐྱོན་ངོས་བཟུང་ནས་ཡེ་ཤེས་སྦྱར་བ་ལ། དམ་པས། མི་མཐུན་ཕྱོགས་ཀྱི་སྐྱོན་བསྟན་པ། །གོལ་སྒྲིབ་སུམ་ཅུ་སོ་དྲུག་སྟེ། །ནོར་དུ་དོགས་པ་ལྔ་བཤད་ན། །ཆད་པར་དོགས་དང་རྟག་པར་དོགས། །ཕྱལ་བར་དོགས་དང་བྱིང་བར་དོགས། མེད་པར་དོགས་དང་དེ་ལྔའོ། །སྒྲིབ་པ་ཆེན་པོ་བཅུ་བཤད་ན། །མི་གཡོ་གསལ་དང་བདེ་སྡུག་བསྔལ། །སེམས་ལ་ཤེས་འབྱུང་མངོན་ཤེས་དང་། །མཚན་མའི་རྫུ་འཕྲུལ་འབྱིན་པ་དང་། །འདི་ལ་བླ་མེད་མཆོག་འཛིན་དང་། །བདག་གི་ལྟ་བ་སྙེམས་པ་དང་། །གཞན་གྱི་ལྟ་བ་ཁྱད་དུ་གསོད། །འདི་དག་སྒྲིབ་པ་ཆེན་པོའོ། །མངོན་ཤེས་མཚན་མར་འཛིན་པ་བདུད། །མི་བཟད་དུག་འཐུང་འདྲ་སྟེ་སྐྱོན། །ཞེས་གསུངས་པས། ལྟ་སྒོམ་ལ་ཐུན་མོང་པའི་དྲི་མ་ལྔས་གཏིང་དུ་མི་ཕྱིན་ཅིང་། ཡོན་ཏན་ལ་མངོན་པར་རློམ་པ་བཅུས་གོང་དུ་མི་འཕེལ་བ་སྟེ། དེ་ལྟར་བཅོ་ལྔའོ། །རྣལ་འབྱོར་དང་པོར་བཤད་པའི་སྐྱོན་དྲུག །བར་དུ་གཅོད་པ་བཅུ་དྲུག་དང་སུམ་བཅུ་རྩ་བདུན་དུ་འགྱུར་ཡང་། སྐྱོན་དྲུག་སྒྲིབ་བཅུས་ལྟ་བ་སྙེམས་གཉིས་གཅིག་ཏུ་བརྩི་བས་གོལ་སྒྲིབ་སོ་དྲུག་པོ་དེ་དག་གིས་རྣལ་འབྱོར་དང་པོའི་ཏིང་ངེ་འཛིན་མི་སྐྱེ་མི་འཕེལ་བས་སྤང་བ་ཡིན་ལ། འདིར་སྣང་སྲིད་སེམས་སུ་རྟོགས་ཤིང་སེམས་ཉིད་ཆོས་སྐུར་རྟོགས་པའི་ཚེ། གོལ་སྒྲིབ་ཀྱི་སྐྱོན་དྲུག །སྒྲིབ་པ་བཅུ། དོགས་པ་ལྔ། བར་ཆད་བཅུ་དྲུག །བྱིང་རྨུགས་རྒོད་འཐོར་གང་བྱུང་ཡང་དེ་ཉིད་ཀྱི་སྟེང་དུ་བཞག་ཅིང་ངོ་བོ་ལ་བལྟས་པས། གོལ་སྒྲིབ་ཐམས་ཅད་རིག་པའི་རྩལ་མ་འགག་པ་ལས་ཅིར་ཡང་སྣང་ཞིང་། རིག་པ་ཉིད་གཞི་མེད་རྩ་བྲལ་
༣༤༡དུ་སྐྱོན་ཡོན་གྱི་མཐའ་ལས་འདས་པར་རྟོགས་པས་སྐྱོན་ཐམས་ཅད་ཡེ་ཤེས་སུ་འཆར་བའོ། །སྐྱོབ་པས། ཐམས་ཅད་བདག་ཏུ་རྟོགས་པས་ཉོན་མོངས་སྐྱོ་ཡུལ་མེད། །བདག་ཉིད་བསམ་མི་ཁྱབ་པས་ཉོན་མོངས་སྐྱེ་མཁན་མེད། །ཉོན་མོངས་མ་བཅད་རང་ཚོད་སངས་རྒྱས་དགོངས་པ་ཡིན། །ཞེས་པ་དང་། དམ་པ་ཉིད་ཀྱིས་སྐྱེན་[283]སེལ་གསུངས་པ། སྟོང་པ་ལྟ་མེད་ཆད་མ་སོང་། །ཐེར་ཟུག་ལྟ་མེད་རྟག་མ་སོང་། །བསམ་རྗེས་མ་འབྲངས་ཕྱལ་མ་སོང་། །རྨུགས་པ་མེད་ན་བྱིང་མ་སོང་། །རང་རིག་ཤེས་རབ་གསལ་ཡོད་པས། །མེད་པར་མ་སོང་དེ་དག་གོ །ཞེས་སོ། །གསུམ་པ་རྟོག་པའི་ཡེ་ཤེས་ངོས་བཟུང་བ་ལ་བཞི་སྟེ། །རྟོགས་པ་སྐྱེ་ཚུལ་གྱི་རིམ་པ་དང་། རྟོགས་པ་རང་གི་ངོ་བོ། དེ་རང་གི་རྒྱུད་ལ་བཙའ་ཐབས། གོང་དུ་བོགས་འདོན་པའོ། །དང་པོ་ནི། སེམས་ལ་འཆར་སྒོ་གང་བྱུང་གི་སྟེང་དུ་བཞག་ཅིང་། དེའི་ངོ་བོ་ལ་བལྟས་པས་མཉམ་པར་གཞག་ཐབས་གསུམ་ལས། རྣམ་རྟོག་སྐྱེ་ཚུལ་གསུམ་འབྱུང་སྟེ། དང་པོ་རྣམ་པར་རྟོག་པ་ཕྲ་རགས་གང་བྱུང་ཐམས་ཅད་རང་བྱུང་རང་ཞི་གསལ་སྟོང་དུ་གྲོལ་ནས། གསལ་སྟོང་དེ་ཉིད་རང་རིག་པའི་ཡེ་ཤེས་སུ་རྟོགས་པ་ནི། རྟོགས་པའི་ཡེ་ཤེས་མགོ་གཡོ་བ་ཞེས་སོ། །མཉམ་གཞག་རྟོག་པ་རང་གྲོལ་དང་། །གསལ་སྟོང་བདེ་ལ་མི་རྟོག་གནས། །ཞེས་སོ། །དེ་ནས་ངར་འཛིན་རྣམ་པར་རྟོག་པ་གྲ་མ་ཆགས་ཟུར་མ་ཉམས་པ་དེ་ཉིད་རྒྱུན་ཆད་མེད་ཅིང་འདུས་མ་བྱས་པའི་རང་བྱུང་གི་ཡེ་ཤེས་དྲི་མེད་ཆོས་སྐུར་ལྷག་གིས་རྟོགས་པ་ནི་རྟོགས་པའི་ངོ་བོ་ཐོབ་པ་ཞེས་བྱའོ། །ཀློང་གསལ་ལས། རང་བྱུང་ཡེ་ཤེས་རང་ལས་བྱུང་། །དེ་ཤེས་ཡེ་ཤེས་ཙམ་དུ་བརྗོད། །ཅེས་སོ། །ཀུན་བྱེད་ལས། རང་བྱུང་རྒྱུ་རྐྱེན་མེད་པར་འབྱུང་བ་ཡིན། །ཡེ་ཤེས་འགག་པ་མེད་པར་གསལ་བ་ཡིན། །ཞེས་
༣༤༢སོ། །དེ་ནས་ཉམས་སྣང་གང་བྱུང་བ་ཐམས་ཅད་རྒྱུན་ཆད་མེད་པར་འགག་མེད་རིག་པ་རང་སྣང་དུ་རྟོགས་ལ། གཞན་སྣང་སྲིད་ཤེས་བྱའི་ཆོས་ཐམས་ཅད་སེམས་ཉིད་རང་སྣང་དུ་རྟོགས་ཤིང་སྣང་སེམས་གཉིས་མེད་དུ་འདྲེས་ནས་ཡུལ་མེད་རང་གསལ་གྱི་ངང་དུ་གནས་པ་ནི། རྟོགས་པ་བརྟན་པོར་ཞུགས་པ་ན། །ཡུལ་མེད་རང་གསལ་ཉམས་ཀྱི་གཏིང་། །ཞེས་སོ། །ཆོད་ཚུལ་གསུམ་པོ་དེ་ལ། སེམས་ཉིད་འོད་གསལ་ཆེན་པོ་ལ། །ཇི་སྲིད་མཉམ་པར་གཞག་པའི་ཚེ། །རྣམ་པར་རྟོག་པ་སྔོན་ལ་འབྱུང་། །ཡེ་ཤེས་ཆེན་པོ་ཕྱི་ན་ཤར། །སྐྱོན་བཅོས་གཡོ་བའི་ཉམས་ཞེས་བྱ། །གསལ་བའི་ངང་ལ་རྟོག་པ་འབྱུང་། །འབྱུང་བ་དེ་ཉིད་དབྱིངས་སུ་རིག །སྐྱོན་བཅོས་ཐོབ་པའི་ཉམས་ཞེས་བྱ། །སྣང་གསལ་དྲན་རིག་ཡེ་ཤེས་ཀློང་། །ཅིར་སྣང་འགག་མེད་འཛིན་ཆགས་མེད། །གཉིས་མེད་རིག་པ་ལྷུན་གྱིས་གྲུབ། །རྟག་ཏུ་དེ་ལྟར་གནས་པ་ནི། །སྐྱོན་བཅོས་བརྟན་པའི་ཉམས་ཞེས་བྱ། །ཞེས་གསུངས་པས་མངོན་ནོ། །གཉིས་པ་རྟོགས་པ་རང་གི་ངོ་བོ་ལ་རབ་འབྲིང་ཐ་གསུམ་སྟེ། རབ་ཀྱི་མཉམ་གཞག་དུས་སུ་སེམས་ཉིད་སྐྱེ་བ་མེད་པ་གསལ་སྟོང་ཀ་དག་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་རྒྱ་མཚོ་ལ་གཟུགས་བརྙན་འཆར་བ་ལྟར། འགག་པ་མེད་པའི་རོལ་པ་ལས་ཤེས་བྱ་ཐམས་ཅད་མ་འདྲེས་ཡོངས་རྫོགས་ལྷུན་གྱིས་གྲུབ་པ་ལ་མ་སྐྱེས་མི་འགག་སྔ་ཕྱི་མེད་པར་མཚན་ཉིད་དབྱེར་མེད་དུ་ཉམས་སུ་མྱོང་ཞིང་། མྱོང་མཁན་གྱི་རིག་པ་ཉིད་གཏན་ཚིག་གསུམ་གྱི་ངོ་བོར་རང་གྲོལ་པ་ནི་སྐུ་གསུམ་དབྱེར་མེད་ཀྱི་དགོངས་པ་ཞེས་བྱའོ། །སྐྱོང་བ་ལས། མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ། །མ་འགག་རང་བྱུང་ལོངས་སྤྱོད་རྫོགས། །མཚན་ཉིད་སྣ་ཚོགས་སྤྲུལ་པའི་སྐུ། །སེམས་དང་ཆོས་སྐུར་འདྲེས་པ་ནི། །སྐུ་གསུམ་ངོ་བོ་དབྱེ་བ་མེད། །ཅེས་སོ། །རྗེས་ཐོབ་ནི། དྲན་
༣༤༣པས་ཟིན་ཚད་ཀྱི་སྣང་བ་ཐམས་ཅད་སེམས་ཉིད་རང་སྣང་སྒྱུ་མར་འཆར་ཞིང་། མ་ཟིན་དུས་བཏང་སྙོམས་སུ་གནས་ཏེ་ཐ་མལ་གྱི་འཁྲུལ་སྣང་མེད་དོ། །ཉམས་སྒྲོན་ལས། དྲན་ཟིན་གཉིས་མེད་གསལ་འདབས་ཤིང་། །རང་སྣང་སྒྱུ་མར་གསལ་བ་དང་། །རྩོལ་མེད་བཏང་སྙོམས་ཆེན་པོར་གནས། །ཞེས་སོ། །འབྲིང་གི་མཉམ་གཞག་ཏུ་སྣང་རིག་གི་ཆོས་ཐམས་ཅད་ཡུལ་མེད་རང་རིག་པ་རང་གསལ་རང་སྣང་དུ་གཅིག་པའི་ངང་དུ་གནས་པས་རེ་དོགས་གཉིས་འཛིན་ལ་སོགས་པའི་ལྟ་སྒོམ་གྱི་སྐྱོན་མི་མངའ་སྟེ། ཉམས་སྒྲོན་ལས། མཉམ་གཞག་མི་མཐུན་གཉེན་པོ་བྲལ། །མ་གཏད་ཡེངས་མེད་མི་གཡོར་གནས། །བདེ་གསལ་མི་རྟོག་སྤྲོས་དང་བྲལ། །ཞེས་སོ། །རྗེས་ཐོབ་ནི། དྲན་པ་ཟིན་དུས་རིག་པ་རང་སྣང་དུ་ཤེས་ཤིང་། མ་ཟིན་དུས་ཐ་མལ་དུ་འགྲོ་ཡང་འཕྲལ་དུ་ཟིན་ནོ། །ཉམས་སྒྲོན་ལས། རྗེས་ཤེས་དྲན་པས་མ་ཟིན་ན། །ཐ་མལ་འཆོར་དང་བཏང་སྙོམས་དང་། །སྐབས་སུ་རང་ལོག་ཐུག་འཕྲད་འབྱུང་། །ཞེས་སོ། །ཐ་མ་ནི། མཉམ་གཞག་ཏུ་རྣམ་པར་རྟོག་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་རྟོགས་ཤིང་། རིག་པ་རང་གསལ་གྱི་ངང་ལ་གནས་པས་འགྱུ་གནས་གཉིས་ལ་ཁྱད་པར་མེད་ཅིང་། བང་མཛོད་ལས། རིག་པ་ཕྱི་ནང་མེད་པར་གསལ་བས་ལྷག་མཐོང་ཡིན། །གསལ་བའི་དོན་ལ་མ་ཡེངས་ཞི་གནས་ཡིན། །ཞེས་སོ། །རྗེས་ཐོབ་ནི། དྲན་པས་ཟིན་དུས་ཐ་མལ་གྱི་ཞེན་པ་མེད་པ་བཏང་སྙོམས་སུ་འདུག་ལ། །མ་ཟིན་དུས་ཐ་མལ་འཁྲུལ་སྣང་དུ་འཆར། །ཉམས་སྒྲོན་ལས། ཐ་མལ་འཆོར་དང་བཏང་སྙོམས་གནས། །ཞེས་སོ། །གསུམ་པ། ཉམས་རྟོགས་ཟུང་དུ་འབྲེལ་བ་དེ་རང་གི་རྒྱུད་ལ་སྦྱོར་ཞིང་བཙའ་ཐབས་ནི། བྱང་ཆུབ་སེམས་རྫོགས་པ་ཆེན་པོའི་དོན་སེམས་ཀྱི་རང་བཞིན་རྟོགས་པའི་དོན་
༣༤༤ལ་ཏིང་ངེ་འཛིན་དང་ལྡན་ན། དེའི་བཙའ་ཐབས་ལ་རྣམ་པ་དྲུག་སྟེ། ཕྱི་ནང་གི་དམ་ཚིག་ཉམས་ན་གཡེང་བ་བྱུང་ནས་བསྒོམ་མི་ཁོམ་པ་དང་། འཇུག་དཀའ་བ་དང་། །སེམས་གནས་མི་ཐུབ་པ་དང་། ལུས་སྡོད་མི་ཚུགས་པ་བྱུང་ན་ལྟ་བ་ཁ་འབྱམས་སུ་འགྲོ། ཏིང་ངེ་འཛིན་གྱི་དྲོད་རྟགས་ཐམས་ཅད་རྗེས་ཡལ་དུ་འགྲོ་བའི་མཐར་ངན་སོང་ཁ་བརྒྱུད་ནས་འགྲོ་བས། དམ་ཚིག་ཐམས་ཅད་མ་ཉམས་པ་བསྲུང་བ་གལ་ཆེ་སྟེ། ལུང་ལས། དེ་ལ་དམ་ཚིག་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞི་གནས། །ཞེས་སོ། །གཉིས་པ་ནི། སྒོམ་པའི་དུས་བསམ་དཔྱོད་དྲག་པོ་མང་ན་ཆུ་རྙོགས་པ་དང་འདྲ་སྟེ། ཡུན་དུ་བསྒོམས་ཀྱང་ཏིང་ངེ་འཛིན་གྱི་རྙོགས་མ་མི་དྭངས་པས་སེམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ལ་མ་ཡེངས་བག་གིས་བལྟ་བར་བྱའོ། །ལུང་ལས། སྣང་བ་མེད་པའི་ཆོས་ཉིད་ནི། །མ་བཙལ་བཞག་ན་སྒོམ་པ་ཡིན། །དེ་དང་དེ་ནི་རྣམ་བཙལ་ན། །དེ་ལ་དེ་བཞིན་མི་སྣང་ངོ་། །གསུམ་པ་ནི། ཏིང་ངེ་འཛིན་ཤིན་ཏུ་གསལ་ཡང་ཡུན་རིང་ན་སྔར་གོམས་ཤས་ཆུང་བའི་དབང་གིས་བྱིང་རྒོད་བྱུང་ཡང་ངོས་མ་ཟིན་ཏེ། ངོས་བཟུང་བྲལ་བའི་རིག་པ་རྒྱས་འདེབས་སུ་སོང་ནས་བདེན་པ་མཐོང་དུ་མི་གཏུབ། ངེས་ཤེས་དང་བརྩོན་འགྲུས་ཆུང་ངུ་འགྲོ་བས། ཏིང་ངེ་འཛིན་མ་དུབ་ཙམ་དུ་བཞག་ནས་ཁམས་གསོ་བར་བྱས་ལ་བསྒོམ་མོ། །བཞི་པ་ནི། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ཤུགས་དང་ལྟ་བའི་རླབས་མཐོང་བའི་དབང་གིས་སྣང་སྲིད་ཡེ་ཤེས་སུ་འཆར་ཞིང་མཐོང་སྒོམ་གྱི་དྲོད་རྟགས་ལྟར་དུ་འཆར་བའི་དུས་ན་ཉམས་དང་རྟོགས་པའི་ང་རྒྱལ་སྐྱེས་ནས། ད་ནི་བདག་ལ་ཏིང་ངེ་འཛིན་གྱི་འགལ་རྐྱེན་མེད་སྙམ་སྟེ། འཇིག་རྟེན་གྱི་ཁེ་དྲག་དང་། འདུ་འཛི་དང་། འདོད་ཡོན་དང་། བཀུར་སྟི་དང་། ཉེ་འཁོར་གྱི་རྗེས་སུ་འབྲངས་ནས། ཆོས་བརྒྱད་ཀྱི་མགོ་ཡང་མ་འཇིལ་བར་བདག་ཅག་རྣལ་
༣༤༥འབྱོར་པ་ཡིན་ཟེར་ཞིང་སངས་རྒྱས་པར་གདོན་མི་ཟ་བར་སྐད་པ་དེ་ནི་ཤིན་ཏུ་འཁྲུལ་ཏེ། འབྱུང་བའི་ལྷག་མ་མ་ཟད་པས་ལུས་ལ་ཞེན་ཅིང་། འདུ་ཤེས་ཀྱི་ལྷག་མ་མ་ཟད་པས་ཆགས་སྡང་འབྱུང་བ་ཡིན་ཏེ། སླར་ཡང་དེའི་བག་ཆགས་ཀུན་གཞི་ལ་བསགས་ནས་མཐོ་རིས་ཀྱང་མི་ཐོབ་ན་ཐར་པ་ལྟ་སྨོས་ཅི་དགོས། དེས་ན་རྟག་ཏུ་དགོན་པ་བསྟེན་ཅིང་འཇིག་རྟེན་གྱི་འབྲེལ་བ་བཅད་དེ་ཆོས་བརྒྱད་ཀྱི་ཁུར་པོ་སྤང་བར་བྱའོ། །ལྔ་པ་རྣལ་འབྱོར་པ་ལ་མངོན་ཤེས་སམ་ཡོན་ཏན་ཕྲ་མོ་བྱུང་ནས་དེ་ལ་རང་ཡང་རློམ་པ་སྐྱེ་ཞིང་གཞན་ལ་ཡང་སྒྲོགས་པ་དེ་ནི། བདུད་ཀྱི་ལས་བར་ཆད་ཐམས་ཅད་འཇུག་པའི་རྒྱུ་ཡིན་པས། མངོན་ཤེས་རྫུ་འཕྲུལ་ཡོན་ཏན་ཅི་ཡོད་ཀྱང་དོམས་པ་དང་། དོམ་པོ་མི་བྱ་ལ་སྦེད་ཅིང་། ཡོན་ཏན་གོང་འཕེལ་ལ་བརྩོན་པར་བྱའོ། །དྲུག་པ་ནི། གདམས་ངག་དང་པོ་ཐེབས་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་གདམས་ངག་གི་འདེབས་ལུགས། ཏིང་ངེ་འཛིན་གྱི་དམིགས་ཁྲིད། དབྱིངས་ཀྱི་སྣང་ལུགས། ཡེ་ཤེས་ཀྱི་འཇུག་ལུགས། ཉམས་རྟོགས་ཀྱི་མཚན་མ་ཐམས་ཅད་སྙིང་སྒོར་ཡང་དབྱུང་བར་མི་བསམ་ན་ཁར་དབྱུང་བ་ལྟ་སྨོས་ཀྱང་ཅི་དགོས། གལ་ཏེ་སྨྲས་ན་ལས་དང་པོ་པའི་ཉམས་དང་དྲོད་རྟགས་གཏན་ནས་མེད་པར་འགྱུར་ཞིང་། གདིང་ཐོབ་ནས་ཀྱང་སངས་རྒྱས་མྱུར་ཏུ་མི་ཐོབ་པར་བྱེད་དོ། །ལུང་ལས་ཀྱང་། རྒྱ་མཚོའི་མཇིང་གི་ཕ་བོང་བཞིན། །བསྐལ་པ་འཁྲུགས་ཀྱང་ཁར་མི་དབྱུང་། །ཞེས་སོ། །ཐོག་མ་ནས་ཐ་མའི་བར་དུ་བླ་མ་ནི་རྟག་ཏུ་ཡིད་ཀྱི་ཏིང་ངེ་འཛིན་དུ་བྱ་ཞིང་། ཡུད་ཙམ་ཡང་འབྲལ་བའམ། འཕྱ་བའམ། ངན་སེམས་སམ། མི་དགོས་པར་མི་བལྟའོ། །གལ་ཏེ་སྐྱོན་དེ་དག་བྱུང་ན་བསམ་གཏན་ཇེ་མེད་དུ་འགྲོ་ནས་ངན་སོང་གསུམ་དུ་ཁ་བརྒྱུད་པར་བྱེད་དོ། །ཞེས་གསུངས་པས། དེ་ལ་དང་པོར་གནས་ཞིང་།
༣༤༦ཟག་མེད་མངོན་དུ་མ་གྱུར་གྱི་བར་དུ་དྲན་ཤེས་བག་ཡོད་དང་ལྡན་པས་བརྩོན་པར་བྱའོ། །བཞི་པ་ཉམས་རྟོགས་ཐོགས་འདོན་པ་ལ་གསུམ་སྟེ། རབ་ཡོན་ཏན་གྱིས་ངོམས་ནས་འདི་བས་ཡོན་ཏན་གོང་ན་མེད་སྙམ་ནས། རློམ་པ་དང་ཁེངས་པས་བཅིངས་ཏེ་བོགས་མི་ཐོན་པ་ཡིན་ཏེ། རང་ལ་སྐྱོན་དེ་ལྟ་བུ་ཅི་འདྲ་འདུག་ཡང་ཡང་ངོས་བཟུང་ཞིང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པ་རང་སེམས་ལ་ཚང་ནས་ཡོད་པ་མངོན་དུ་མ་གྱུར་ཅིང་། ས་བཅུའི་བྱང་ཆུབ་སེམས་དཔའི་དགོངས་པ་ཡོན་ཏན་ཐམས་ཅད་སངས་རྒྱས་དང་མཉམ་པར་ཡོད་ཀྱང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་ཤེས་སྒྲིབ་ཀྱི་བག་ལ་ཉལ་སྦྱང་དགོས་པ་ལ། རང་ལ་ད་ལྟ་ཟག་བཅས་ཀྱི་ཉམས་བན་བུན་སྐབས་རེ་ཡོད་ཀྱང་རྐྱེན་དང་འཕྲད་དུས་ཐ་མལ་རང་དུ་ཤོར་བ་འདི་ལ་ང་རྒྱལ་ནས་ཏིང་ངེ་འཛིན་ལ་མི་བརྩོན་པ་བདུད་དབང་དུ་སོང་ངེས་སྙམ་པ་བྱས་ལ། ང་རྒྱལ་དང་རློམ་པ་བྱེད་མཁན། ཉམས་སུ་མྱོང་མཁན། རྟོག་མཁན་དེ་ཚུར་སེམས་ལ་རྩད་བཅད་ཅིང་། རྟོག་མཁན་གཞི་མེད་རྩ་བྲལ་དུ་ཡང་ཡང་དུ་གྲོལ་པ་གལ་ཆེའོ། །ཉམས་སྒྲོན་ལས། རྫུ་འཕྲུལ་སྣ་ཚོགས་སྟོན་མཛད་ཅིང་། །འཇིག་རྟེན་གྲགས་པ་སྒྲོགས་པ་དང་། །ལོངས་སྤྱོད་གཡེང་བས་བྲིད་པ་དང་། །དྲོད་རྟགས་བྱིན་རླབས་སྟོབས་སྐྱེས་ནས། །དགའ་བྲོང་རློམ་སེམས་ང་རྒྱལ་ན། །བདག་མེད་ཐར་པའི་བར་དུ་གཅོད། །དེ་ཀུན་སེམས་ཉིད་རང་སྣང་ལས། །མ་གཡོས་གཉིས་མེད་ངང་དུ་གཞོམ། །ཅེས་སོ། །འབྲིང་མཉམ་རྗེས་ཐུན་མཚམས་སོང་ནས་མཉམ་གཞག་དུས་སྣང་སེམས་ཕྱོགས་རེ་ལ་འདྲེས་ཀྱང་གདལ་ཁྱབ་ཏུ་མ་སོང་ཞིང་རྗེས་ཐོབ་ལྟ་སྒོམ་དང་མ་འདྲེས་ན་བོགས་མི་ཐོན་པས་མཉམ་རྗེས་ཐམས་ཅད་དུ་ཤེས་པ་ཧུར་བཏོན། སྣང་བ་རྒྱ་བསྐྱེད། རིག་པ་ངར་བསྐྱེད་ནས་སྤྱོད་ལམ་ཐམས་ཅད་དུ་ལྟ་སྒོམ་གྱིས་
༣༤༧ཟིན་པར་བྱས་ལ་གཙང་བཙོག་དང་བདེ་སྡུག་ཐམས་ཅད་བླང་དོར་མེད་པར་ཚོགས་དྲུག་རོ་སྙོམས་རིག་པའི་རྩལ་སྦྱང་བར་བྱའོ། །དགོངས་པ་སྐྱེད་ཆུང་འཐས་པ་ན། །རྟོགས་པའི་ངང་ནས་མ་ཡེངས་པས། །གསང་སྤྱོད་སྤྱོད་པ་སྣ་ཚོགས་བྱ། །རྗེས་ཤེས་དྲན་པའི་ཐག་པ་ཡིས། །རྟ་རྒོད་བཞིན་དུ་བསྒྲིམས་ལ་བཙའ། །དེ་ལྟར་ལྟ་སྤྱོད་སྤེལ་མ་ཡིས། །མི་གཡོ་རྒྱུན་གོམས་བརྟན་པར་བྱ། །ཞེས་སོ། །ཐ་མ་ནི་ཉམས་རྟོགས་ཆ་རེ་ལ་ཆགས་ནས་བོགས་མི་ཐོན་པས། རིག་ངོར་བྱུང་ཚད་ཀྱི་ཤེས་བྱ་ཡུལ་སྣང་དང་། ཤེས་བྱ་ཡུལ་ལ་འཇུག་ཚད་ཀྱི་ཤེས་བྱེད་ཀྱི་རིག་པ་འཆར་ཚད་ལ་ཕར་བཞག་ཚུར་ལེན་མི་བྱེད་ནས་གང་ཤར་དེ་ཉིད་ཀྱི་སྟེང་དུ་གཅིང་། སྣང་སེམས་གཉིས་གཅིག་གམ་ཐ་དད་བྱུང་། གཅིག་ན་ཡུལ་སེམས་སོ་སོར་སྣང་ཞིང་དུས་གཅིག་ལ་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་དུ་མར་སྣང་བ་ཅི་ཡིན། ཐ་དད་བྱུང་ན་གང་ཟག་གཅིག་ལའང་ཉམས་སྣང་ཉིན་སྣང་མཚན་རྨི་ལམ་སྣང་བ་དང་གནས་སྐབས་གསུམ་དུ་བརྗོད་ཀྱིས་མི་ལོང་པར་སྣང་བ་དེ། གཅིག་ཡོད་པའི་དུས་གཉིས་པོ་དེ་གང་དུ་སྣང་བརྟག་ཅིང་། སྣང་བ་རྣམ་གསུམ་ལ་ཕྱིར་གྲུབ་པ་ཅི་སྣང་། འདས་པའི་སྣང་བ་ཐམས་ཅད་གང་དུ་སྣང་། མ་འོངས་གར་ཡོད། ད་ལྟའི་སྣང་བ་ལ་དངོས་པོ་ཅི་འདུག །སྣང་བའི་རིག་པ་ནང་དུ་གྲུབ་པ་ཅི་འདུག །འདས་པ་གར་སོང་། མ་འོངས་པ་གང་དུ་ཡོད། །ད་ལྟ་བའི་རིག་པ་དེ་གང་དུ་གནས། གཞན་ཡང་འཁྲུལ་གྲོལ་ལམ་གསུམ་གང་ཟག་གཅིག་གི་སེམས་རྒྱུད་ལ་འཆར་བ་དེ་ཇི་ལྟར་བྱུང་། ད་ལྟ་ཡང་བདེ་སྡུག་ཐམས་ཅད་སོ་སོར་མ་འདྲེས་པར་མྱོང་བ་དེ་ཅི་ཡིན། ལེགས་པར་བརྟག་ཤིང་དཔྱད་པས། སྣང་བ་རྣམ་གསུམ་ཇི་ལྟར་སྣང་ཡང་། སེམས་འགག་མེད་ཀྱི་རོལ་པར་རང་སྣང་ཞིང་སེམས་ཉིད་གཞི་
༣༤༨མེད་རྩེ་བྲལ་གདོད་ནས་ཀ་དག་ཆེན་པོ་རྟོགས་པའི་བོགས་དབྱུང་ངོ་། །དམ་པས་ལྷུན་གྲུབ་མངོན་དུ་མ་གྱུར་བར། །གོལ་སྒྲིབ་གདར་ཤ་གཅོད་པ་གཅེས། །ཞེས་བསམ་གཏན་སྤྱི་འགྲེལ་དུ་སེམས་ཀྱི་གདར་ཤ་གཅོད་པའི་ཐབས་མང་དུ་གསུངས་པའི་དོན་ཡིན་ནོ། །བཞི་པ་ཏིང་ངེ་འཛིན་མཐར་ཕྱིན་པའི་ཚད་དང་ཡུན་ནི། རྟོགས་པ་རབ་འབྲིང་ཐ་མ་གང་རུང་གི་ངང་ལ། རབ་ཉིན་མཚན་འཁོར་བ་རེ་ཙམ། འབྲིང་ཉིན་རེ་ཙམ། ཐ་མ་ཐུན་རེ་ཙམ་དུ་བར་མི་ཆོད་པ་སྟེ། ཉམས་སྒྲོན་ལས། རང་བྱུང་ཡེ་ཤེས་དྲོད་དང་ལྡན། །རྒྱ་མཚོའི་གཏིང་ལྟར་མི་གཡོ་ལ། །ཉིན་ཕྱེད་ཉིན་དང་ཉིན་ཞག་ནས། །ཞེས་སོ། །གཉིས་པ་ཏིང་ངེ་འཛིན་དེའི་དེའི་དཔེ་ནི། རྩ་ཚིག་ལས། མི་རྟོག་མི་དམིགས་ཐིག་ལེ་བདེ། །མི་བསྐྱོད་དྭངས་པའི་རྒྱ་མཚོ་ལྟར། །མི་གཡོ་གསལ་བའི་མར་མེ་འདྲ། །དེ་ནི་ཡེ་ཤེས་བདེ་པའི་དྲོད། ༈ །ཅེས་པའི་དཔེ་བཞི་སྟེ། དང་པོ་ནི། ཐིག་ལེ་གཅིག་ལ་གྲྭ་ཟུར་མེད་པའི་ཟླུམ་པོ་གཅིག་ཏུ་ཡོད་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཅི་ལྟར་ཡང་ཡུལ་དུ་མི་རྟོག་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་རང་སྣང་ཞིང་སེམས་ཐིག་ལེ་ཉག་གཅིག་ལ་བདེ་སྡུག་གཉིས་སུ་མི་དམིགས་པའི་ངང་དུ་གནས་པ་ངོ་བོ་ཉིད་ཀྱི་བདེ་བའོ། །ཀློང་ཆེན་ལས། ཐིག་ལེ་གཅིག་ལ་གྲ་ཟུར་མེད། །གདལ་བ་ཆེན་པོ་ཆོས་ཀྱི་སྐུ། །ཞེས་སོ། །གཉིས་པ་ནི། དཔེ་རྒྱ་མཚོ་ཆེན་པོ་རླུང་གིས་མ་བསྐྱོད་པ་ལ་གཟུགས་བརྙན་ཐམས་ཅད་མ་འདྲེས་ལ་གསལ་བ་ལྟར། སེམས་ཀྱི་ངོ་བོ་འོད་གསལ་བ་ལ་མཚན་མའི་རྟོག་པས་མ་བསྐྱོད་པ་ལ། སྣང་སྲིད་མ་འདྲེས་ཡོངས་རྫོགས་སུ་རང་སྣང་བའི་ངང་ལ་གནས་པའོ། །དཔེར་ན་རྒྱ་མཚོ་དྭངས་པ་ལ། །སྐར་ཚོགས་གཟུགས་བརྙན་མང་སྣང་ཡང་། །ཉིད་ལས་མི་གཞན་ས་ལེར་སྣང་། །དེ་བཞིན་སྣང་བས་ཆོས་རྣམས་ཀུན། །ཆོས་དབྱིངས་དྭངས་པའི་དཀྱིལ་འཁོར་ན། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། །ཞེས་གསུངས་སོ། །གསུམ་པ་ནི། མར་མེ་ཕྱི་ནང་མེད་པར་གསལ་བ་ལྟར། །ཆོས་
༣༤༩ཐམས་ཅད་ཡུལ་མེད་རིག་པ་རང་གསལ་གྱི་ངང་ལ་གནས་པའོ། །ལྟ་མེད་རིག་པ་རང་གསལ་ནི། །ཡུལ་མེད་སྤྲོས་བྲལ་ཇི་བཞིན་ཉིད། །རང་སྣང་རིག་པའི་འཁོར་ལོ་ལ། །ཡུལ་མེད་རང་གསལ་རིག་པས་མཐོང་། །ཞེས་སོ། །བཞི་པ་ནི། དེས་དོན་གསུམ་པོ་དེ་གནས་པའི་ཉམས་རབ་འབྲིང་ཐ་གསུམ་དང་མི་གཡོའི་ཉམས་རབ་འབྲིང་ཐ་གསུམ་འདྲེས་པར་གྱུར་པའི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་ནི། དཔེར་ན་མེ་དང་དྲོད་མཚུངས་པར་ལྡན་པ་བཞིན། རྟོགས་པའི་ཡེ་ཤེས་ཉམས་མྱོང་དང་མཚུངས་པར་ལྡན་པའོ། །གསུམ་པ་དྲོད་རྟགས་བསྟན་པ་ནི། རྩ་ཚིག་ལས། །ཟས་དང་གོས་ཀྱི་འདུ་ཤེས་ཆུང་། །ཉོན་མོངས་ལ་སོགས་ཆགས་སྡང་ཆུང་། །སྙིང་རྗེ་ཕན་སེམས་རབ་ཏུ་ཆེ། །རྨི་ལམ་རྟགས་བཟང་རབ་ཏུ་བྱུང་། །ཞེས་པས། ཕྱི་ནང་གསང་བ་གསུམ་སྟེ། གསང་བའི་དྲོད་རྟགས་ནི་གོང་དུ་དཔེ་བཞིས་བསྟན་བའི་ཉམས་རྟོགས་མཚུངས་ལྡན་དེ་ཉིད་དོ། །ནང་གི་དྲོད་རྟགས་ནི། ལུས་མངོན་ཞེན་ཆོད་པས་ན་ཆེ་དྲག་པོ་ལ་སོགས་པའི་བདེ་སྡུག་རོ་སྙོམས་པ་དང་། ལུས་ཡང་ཞིང་བདེ་བར་གནས་པ་དང་། སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་ལ་རྒྱུན་དུ་གནས་པའི། །ཉམས་སྒྲོན་ལས། དྲོད་ནི་ཤིང་བལ་ལྟར་ཡང་དང་། །ལུས་ཀྱིས་བཟོད་པ་ཆེར་ཐོབ་དང་། །ཁམས་སྙོམས་རང་ལུས་བདེ་བ་རྒྱས། །འགྱུ་བ་ཅན་དང་ཐེ་ཚོམ་བྲལ། །གསལ་བ་ཡུལ་ལ་མི་གཡོར་གནས། །ཞེས་སོ། །ཕྱི་རྟགས་ཆོས་ཐམས་ཅད་སེམས་ཉིད་རང་སྣང་དུ་རྟོགས་པས། །གཟུང་འཛིན་རང་སར་གྲོལ་ཏེ། ཆགས་སྡང་གཞི་མེད་དུ་མེད་དུ་གྲོལ་ནས་རང་གི་ཟས་གོས་ཀྱི་ཞེན་པ་དང་། གཞན་ལ་ཕྱོགས་རིས་ཀྱི་རྩོད་འཐེན་དང་། ཁེ་གྲགས་དོན་དུ་གཉེར་བའི་ཆོས་བརྒྱད་ཀྱི་བྱ་བ་རང་རྒྱུད་ལ་མི་འབྱུང་ཞིང་། སེམས་ཅན་ལ་ཕྱོགས་རིས་མེད་པའི་སྙིང་རྗེ་དང་ཕན་སེམས་འབྱུང་ངོ་། །ཉམས་སྒྲོན་ལས། ཏིང་འཛིན་རླུང་
༣༥༠ཟིན་དྲོད་ལྡན་པས། །ཟས་དང་གོས་ཀྱི་འདུ་ཤེས་ཆུང་། །ཉོན་མོངས་ངར་འཛིན་ཕྱོགས་ཆ་དང་། །ཆོས་བརྒྱད་ཆགས་སྡང་ཀུན་བརྟག་སོགས། །ཤིན་ཏུ་ཆུང་ཞིང་ཕྲ་རབ་གནས། །འཁྲུལ་པ་ཡ་མཚན་ཐུགས་བརྩེ་བའི། །ཚད་མེད་ཐུགས་རྗེ་ཆེན་པོ་འབྱུང་། །ཞེས་སོ། །རྨི་ལམ་དུ་ཡང་སྒྲན་མོར་ཕྱུང་ནས་ཁྲུས་བྱེད་པ་ལ་སོགས་སྒྲིབ་པ་དག་པའི་རྟགས་དང་། མུན་ཁུང་དང་འདམ་རྫབ་ནས་ཐོན་པ་ལ་སོགས་ངན་སོང་ནས་ཐར་པའི་ལྟས་དང་། རང་ལས་འོད་བྱུང་ནས་སྣང་སྲིད་གསལ་བ་ལ་སོགས་བདེན་པ་མཐོང་བའི་ལྟས་དང་། ཡི་དམ་ལྷའི་ཞལ་མཐོང་གསུང་ཐོས་ལ་སོགས་འབྱུང་བར་བཤད་ཀྱང་དེ་ལ་དགའ་ཞིང་བདེན་པར་འཛིན་ན་བདུད་དུ་འགྲོ་བར་གསུངས་པས་རང་སྣང་སྒྱུ་མར་ཤེས་པར་བྱའོ། །གསང་སྒྲོན་ལས། ཐམས་ཅད་སེམས་སུ་ཤེས་པ་བདུད་ཀྱི་གླགས་མི་རྙེད། །ཅེས་སོ། །གཞན་ཡང་ཟག་མེད་མངོན་གྱུར་ནི་མ་ཐོབ། རྩ་ཁམས་ཉམས་སྣང་བཟང་པོ་ཡོད་པའི་རྣལ་འབྱོར་པ་ལ། ཉིན་དང་རྨི་ལམ་དུ་ཉམས་སྣ་ཚོགས་འབྱུང་བ་ལ་བཟང་ངན་དུ་ཞེན་ཅིང་བདེན་པར་འཛིན་ན་བདུད་ཀྱི་དབང་དུ་འགྲོ་ཞིང་། གང་ལ་ཡང་ཆགས་སྡང་མེད་པར་རང་སྣང་དངོས་མེད་དུ་ཤེས་ན་ལམ་རྟགས་ཡིན་ཏེ། དམ་པས། རྟགས་ནི་གཉིས་སུ་ཤེས་པར་བྱ་སྟེ། ཕྱི་རྟགས་བདུད་ཀྱི་མཚན་མ་བཅོ་བརྒྱད་དེ། སངས་རྒྱས་བྱང་སེམས་མཐོང་བ་དང་། འཁོར་དུ་བདག་གིས་ཆོས་ཉན་པ་དང་། རང་ཉིད་འཕགས་པའི་གཟུགས་སུ་སྣང་ནས་འཁོར་ལ་ཆོས་བཤད་པ་དང་། སྐད་ཅིག་མ་ལ་བསྐལ་པ་གྲངས་མེད་འགྱེད་ནུས་པ་དང་། རྒྱུད་སྡེ་ཐམས་ཅད་ཆགས་ཐོགས་མེད་པར་འཆད་ནུས་པ་དང་། རིགས་དྲུག་གི་སེམས་ཅན་མཐོང་བ་དང་། དེ་དག་གི་ཚེ་དང་ལས་བཟང་ངན་ཤེས་པ་དང་། དེ་ལ་སྙིང་རྗེའི་སེམས་སྐྱེ་ཞིང་དོན་བྱ་བར་འདོད་པ་དང་། རང་གི་ལུས་ལ་འོད་ཆེན་པོ་ཉིན་མཚན་མེད་པར་འབྱུང་བ་དང་། རི་དང་རྩིག་པ་ལ་མི་ཐོགས་པ་དང་། ནམ་མཁའ་ལ་འཁུར་བ་དང་། ཕྱོགས་
༣༥༡བཅུའི་སངས་རྒྱས་ཀྱིས་ཕྱག་སྤྱི་བོར་འཇོག་ནས་དབང་བསྐུར་བ་དང་། ལུང་སྟོན་པ་དང་། ཕྱོགས་གར་འདོད་དུ་ཐོགས་ཆགས་མེད་པར་འགྲོ་ནུས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་སྟོན་ནུས་པ་དང་། ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱིས་བདག་བཀུར་ཞིང་བཀའ་སྒྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་གོ་བར་འབྱུང་སྟེ། དེ་ལ་མཚན་མར་བཟུང་ན་བདུད་ཀྱི་ལས་ཡིན་ཏེ། ཅིའི་ཕྱིར་ན། མཚན་མར་འཛིན་པ་ལ་བདུད་ཀྱིས་སྐབས་ཚོལ་ལ། མི་འཛིན་པ་ལ་སྐབས་མི་རྙེད་དོ། །ནང་ཡོན་ཏན་གྱི་རྟགས་ཆེན་པོ་བརྒྱད་དེ། སངས་རྒྱས་དང་མཉམ་པར་གཏམ་ཡང་རློམ་པ་མེད་པ་དང་། འཇིག་རྟེན་གྱི་ཁམས་མ་ལུས་པ་སྐད་ཅིག་ལ་མཐོང་ཡང་ངོམ་པ་མེད་པ་དང་། བདུད་ཀྱི་རྒྱལ་པོ་འོང་ཡང་འཇིགས་སྐྲག་མེད་པ་དང་། །ལྷ་ཡི་བུ་མོ་མཐོང་ཡང་ཆགས་སེམས་མེད་པ་དང་། ཆོས་ཉིད་བསམ་དུ་མེད་པའི་ངང་ལ་གནས་ཀྱང་ཆོས་སྤྱོད་བཅུའི་བར་མི་ཆད་པ་དང་། སྤྱོད་ལམ་ཐམས་ཅད་དུ་ཏིང་ངེ་འཛིན་དང་མི་འབྲལ་བ་དང་། འདོད་ཡོན་ལྔ་ལ་སྤྱོད་ཀྱང་ཞེན་ཆགས་མེད་པ་དང་། སྡུག་བསྔལ་གྱི་རྐྱེན་བྱུང་ཡང་ཏིང་ངེ་འཛིན་གྱི་གྲོགས་སུ་འགྲོ་བའོ། །ཞེས་གསུངས་པར་ལྟར་ཤེས་པར་བྱའོ། །བཞི་པ་འབྲས་བུ་ནི། རྩ་ཚིག་ལས། དེ་ལྟ་བུ་ཡི་རྣལ་འབྱོར་པ། །འབྱུང་བ་ལྔ་པོ་ཞིག་པའི་ཚེ། །ལྷ་ཡི་རིག་འཛིན་ཆེན་པོ་ཐོབ། །དེ་ཚེ་དེ་ལ་སངས་རྒྱས་སོ། །ཞེས་པ་ལ་གཉིས་ཏེ། རྒྱུ་མཐུན་གྱི་འབྲས་བུ་ནི། རབ་གོང་དུ་བསྟན་པ་ལྟར་མི་གཡོ་བའི་ཉམས་རྟོགས་པ་མ་བྲལ་བར་དེ་མཐར་ཕྱིན་ནས་རྣལ་འབྱོར་པ་ཚེ་འཕོས་ན། བར་དོའི་འོད་གསལ་གྱིས་བསུ། ད་ལྟའི་འོད་གསལ་གྱིས་སྐྱེས། འཆི་ཁའི་འོད་གསལ་གྱིས་མཚམས་སྦྱར་ནས་འོད་གསལ་མ་བུ་འདྲེས་ཏེ་སྐད་ཅིག་མ་ལ་འཚང་རྒྱའོ། །ཉམས་རྟོགས་འབྲིང་གི་ཚད་ནི། ཕུང་པོ་ལེན་པར་བྱེད་པའི་རྒྱུ་ལས་དང་ཉོན་མོངས་པ་རང་གྲོལ་ཏེ།
༣༥༢སྐྱེ་བ་མི་ལེན་པར་ལྷའི་རིག་འཛིན། ཅེས་པ། ལྷ་ནི་གཉིས་འཛིན་བྲལ་བའི་རིག་པ་རྣམ་པར་དག་པ་ཡིན་ལ། འཛིན་པ་མི་གཏོང་བ་སྟེ། གཉིས་འཛིན་བྲལ་བའི་རིག་པ་དྲི་མེད་དེ་ཉིད་ཏིང་ངེ་འཛིན་དུ་ཤར་ནས་སྟོབས་རྫོགས་ཏེ། སངས་རྒྱས་ཞེས་ཆོས་རྗེ་གཙང་པས་འབྲུ་བརྣན་ཏོ། །ཐ་མ་ནི། ཞི་གནས་ཀྱི་སེམས་ཅུང་ཞིག་ལས་སུ་རུང་བས་འདོད་ཁམས་སུ་མ་སྐྱེས་ལ། གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་གང་རུང་གི་རྟེན་ལ་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་མཐར་ཕྱིན་ཏེ། སངས་རྒྱས་སར་སེམས་སོ། །ཉམས་སྒྲོན་ལས། མི་གཡོ་ངང་ལ་རྣལ་འབྱོར་པས། །འབྱུང་བ་ལྔ་པོ་ཞིག་པ་དང་། །རབ་ནི་ཡེ་ཤེས་ཆོས་སྐུར་སྦྱོར། །འབྲིང་ནི་ཡེ་ཤེས་བར་དུ་གནས། །སྟོང་གསལ་སེམས་ལ་དབང་ཐོབ་ཅིང་། །ལྷ་ཡི་རིག་འཛིན་ཆེན་པོ་ཐོབ། །དེ་ཚེ་ཉིད་ལ་མངོན་སངས་རྒྱ། །ཞེས་སོ། །སྐྱེས་བུ་བྱེད་པའི་རྣམ་སྨིན་གྱི་འབྲས་བུ་ནི། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ཏེ། །ཉམས་སྒྲོན་ལས། མི་གཡོ་དང་གནས་རྣལ་འབྱོར་པའི། །ཐུགས་རྗེས་སྤྱོད་པ་སྣ་ཚོགས་དང་། །མི་རྟོག་ཐིག་ལའི་ཀློང་གནས་པའི། །དགོངས་པ་ཉོན་མོངས་ཀུན་བརྟགས་སྒྲིབ། ཕྲ་བ་བཅོམ་ནས་མཉམ་ཉིད་ཐོབ། །ཅེས་སོ། །གསུམ་པ་མཉམ་པ་ཉིད་ཀྱི་རྣལ་འབྱོར་ལ་བཞི་སྟེ། རང་གི་ངོ་བོ། །དཔེ། དྲོད་རྟགས། འབྲས་བུ་བསྟན་པའོ། །དང་པོ་ངོ་བོ་ནི། རྩ་ཚིག་ལས། འཁོར་དང་མྱ་ངན་འདས་པའི་ཆོས། །ཇི་ལྟ་བུར་ཡང་མི་གཟིགས་ཏེ། །ཐམས་ཅད་མཁྱེན་པ་ཉིད་དུ་གསལ། །ལོ་ཟླ་འདས་ཀྱང་དེ་བཞིན་གནས། །ཞེས་གསུངས་སོ། །གོང་གི་རྣལ་འབྱོར་གཉིས་པོའི་ཞི་ལྷག་ཉམས་རྟོགས་གཅིག་ཏུ་འདྲེས་ན་མཐར་ཕྱིན་པའི་འབྲས་བུ་ཡིན་པས། འཁོར་འདས་སྣང་སྲིད་སྣོད་བཅུད་བཟང་ངན། རྟག་ཆད། ཡོད་མེད། བདེ་སྡུག །རེ་དོགས། ཡིན་མིན་ལ་སོགས་པ་གཉིས་འཛིན་གྱི་མཚན་མ་ཐམས་ཅད་རང་གྲོལ་ཏེ།
༣༥༣ཡུལ་ཕར་སྣང་གི་རྟོག་པ་མེད་པར། རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ཆོས་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་། ཡུལ་ཉིད་རིག་པའི་ངོ་བོར་ཀ་དག་པ་སྟེ། སྣང་སེམས་གཉིས་མེད་ཀྱི་མཉམ་གཞག་ཆེན་པོ་མངོན་དུ་གྱུར་པའོ། །འཁོར་བ་མྱ་ངན་འདས་པའི་ཆོས། །མ་སྐྱེས་རང་སྣང་དམིགས་མེད་ཕྱིར། །ཡུལ་མེད་རང་གྲོལ་ཅིར་མི་གཟིགས། །ཐམས་ཅད་མཉམ་པ་ཉིད་དུ་གསལ། །ཞེས་སོ། །དེ་ལྟར་མཉམ་གཞག་ཏུ་ཆོས་ཐམས་ཅད་མཉམ་པ་ཉིད་མངོན་དུ་གྱུར་པའི་ངོ་བོ་ལ། །རབ་འབྲིང་ཐ་མའི་དབྱེ་བ་མེད་ཅིང་། བཞག་ཐབས། སྐྱེ་ཚུལ། བཙའ་ཐབས། བོགས་འདོན་རྣམས་ལ་འོག་མ་ལྟ་བུ་ཡུལ་ཡུལ་ཅན། མཚན་མའི་བརྟགས་དཔྱད་དང་ཉམས་ལེན་གྱི་རིམ་པ་མེད་ཀྱང་། ད་རུང་སྒོམ་པའི་ལམ་ཡིན་པས་རྗེས་ཐོབ་མཉམ་གཞག་ལ་ཁྱེར་དགོས་པ་ལ། མཉམ་རྗེས་འདྲེས་མ་འདྲེས་ཀྱི་རིམ་པ་ཡོད་དེ། མཉམ་ཉིད་ངང་ལ་མཉམ་རྗེས་ཐོབ། །ཅུང་མངའ་ཚུལ་བཟུང་རྩོད་པ་ཅན། །ཅེས་གསུངས་པས་མཉམ་གཞག་གིས་མ་ཟིན་པའི་སྤྱོད་ལམ་ཅི་འབྱུང་ངོས་བཟུང་ནས། རང་རིག་གི་འཆར་སྒོ། གཉིས་འཛིན་གྱི་རྟོག་པ་གང་བྱུང་ཁོ་རང་གི་སྟེང་དུ་མཉམ་པར་གཞག་སྟེ། གསང་སྒྲོན་ལས། ཏིང་འཛིན་རབ་ཏུ་གྱུར་པ་ན། །མ་བཅོས་སོ་མ་ལྷུག་པར་བཞག །ཅེས་སོ། །ཉིན་པར་མཉམ་རྗེས་མེད་ཀྱང་གཉིད་མ་གཉིད་ཀྱི་མཚམས་སུ་བག་ཆགས་ཀྱི་སྣང་བ་བན་བུན་འབྱུང་བ་དང་། གཉིད་དུས་སུ་རྨི་ལམ་གྱིས་མཉམ་གཞག་བར་ཆོད་མ་ཆོད་ཀྱི་ཚད་བཟུང་ཞིང་མ་ཡེངས་པའི་ངང་ལ་ཁྱེར། ཉིན་མཚན་དང་མཉམ་རྗེས་ཀྱི་དབྱེ་བ་མེད་པར་རྒྱུན་ཆགས་ནས་ཀྱང་མཉམ་པར་གཞག་མཁན་དང་། སྒོམ་པའི་བརྩོན་པ་བྱེད་མཁན། རྟོག་ཅིང་ཉམས་སུ་མྱོང་མཁན་ཁོ་རང་གི་སྟེང་དུ་བཞག་དགོས་ཏེ། རེ་ཞིག་ཡིན་ཚུལ་ཤེས་པས་མི་ཕན་ནོ། །གསང་སྒྲོན་ལས། གདགས་སུ་མེད་པའི་ཆོས་ཉིད་ལ། །མཚན་མར་བཏགས་པ་བློ་ཡིན་པས།
༣༥༤ཆོས་ཉིད་བློ་ལས་འདས་པ་ཡིན། །བློ་ཡི་བློ་གྲོས་ངོ་མཚར་ཆེ། །འདི་ནི་བློ་གྲོས་དམ་པའི་རྒྱུད། །ཅེས་སོ། །སྐྱེ་ཚུལ་གསུམ་ནི། ཟག་མེད་ཀྱི་རྟོགས་པ་དང་པོར་སྐྱེས་པ། བར་དུ་མཉམ་རྗེས་བསྲེ་བ། ཐ་མ་འདྲེས་པ་གསུམ་ལ་གཡོ་ཐོབ་བརྟན་གསུམ་དུ་ཕྱེའོ། །བཙའ་ཐབས་བོགས་འདོན་ནི། གོང་གི་ཁྱེར་ཐབས་དེ་བས་ལོགས་སུ་མེད་དོ། །སྐྱོན་སེལ་ནི་འདིར་མི་དགོས་ཏེ། ཉམས་སྒྲོན་ལས། ཁྱད་པར་ཉམས་རྟོགས་ཅིར་སྣང་ཡང་། །ཉོན་མོངས་རྩད་ཆོད་མཉམ་ཉིད་ཕྱིར། །བརྟགས་པའི་བྱེ་བྲག་འདི་ལ་མེད། །ཅེས་སོ། །ཏིང་ངེ་འཛིན་མཐར་ཕྱིན་པའི་ཚད་ནི་ལོ་ཟླ་གྲངས་ཀྱིས་བགྲངས་ཀྱང་མཉམ་གཞག་ལ་རྐྱེན་ཅིས་ཀྱང་མི་ཆོད། བརྒྱལ་ཞིང་ར་རོ་བ་དང་འདུ་ཤེས་ཐམས་པ་མི་འབྱུང་། འབྱུང་བཞིས་བསྡུས་པའི་ལུས་ལ་འཕོ་འགྱུར་བྱུང་ཡང་ན་ཚ་ལ་སོགས་པའི་རྐྱེན་ཉིད་མཉམ་གཞག་གི་ཏིང་ངེ་འཛིན་དུ་འཆར་བར་གསུངས་སོ། །གསང་སྒྲོན་ལས། སྐྱེས་བུ་གོམས་པས་གར་རྒྱུག་ལྷུང་མེད་ལྟར། །སྐྱེ་མེད་རྟོགས་ཤིང་འདྲིས་པའི་རྣལ་འབྱོར་པས། །གང་ལྟར་སྤྱད་ཀྱང་མཉམ་པ་ཉིད་ཀྱི་ངང་། ཞེས་སོ། །གཉིས་པ་དཔེ་བསྟན་པ་ནི། རྩ་ཚིག་ལས། མཉམ་ཉིད་མི་གཡོ་ཆོས་སྐུའི་ངང་། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །རྟོག་མེད་མཉམ་པ་དེ་ཉིད་ནི། །ཁྱུད་ཆེན་ནམ་མཁར་ལྡིང་དང་མཚུངས། །ཞེས་པས། དགོངས་པ་རང་གི་ངོ་བོ་དང་། རྩོལ་བ་མེད་པར་སངས་རྒྱས་ཀྱི་ས་ལ་ཕྱིན་པའི་དཔེ་གཉིས་སྟོན་ཏེ། རང་གི་ངོ་བོ་ནི་དཔེར་ན་ཆུ་དྭངས་པའི་ནང་དུ་ཟླ་བའི་གཟུགས་བརྙན་སྣང་ཡང་ཆུ་ཉིད་ལས་མ་གཡོས་པ་ལྟར། མཉམ་ཉིད་ཀྱི་དགོངས་པ་ལ་ཆོས་ཐམས་ཅད་ཡེ་ཤེས་རང་སྣང་དུ་ལྷུན་གྱིས་གྲུབ་པའོ། གཉིས་པ་ནི། དཔེར་ན་ནམ་མཁའ་ལྡིང་ལ་བྱ་བྲན་ལྟ་བུའི་རྩོལ་བ་དང་། ངམ་གྲོག་ལྟ་བུའི་གཡང་ས་ལ་དོགས་པ་དང་། འགྲོ་སར་མི་ཕྱིན་དོགས་པའི་འདུ་ཤེས་མེད་པར་ཡུད་ཙམ་གྱིས་གར་འདོད་ཕྱིན་པ་ལྟར། མཉམ་ཉིད་རྟོགས་པའི་རྣལ་འབྱོར་པས།
༣༥༥རྣལ་འབྱོར་འོག་མ་ལྟ་བུའི་རྩོལ་བ་དང་། འོག་མར་ལྟུང་གིས་དོགས་པ་དང་། །འཚང་མི་རྒྱ་དོགས་པའི་འདུ་ཤེས་མེད་པར་རྩོལ་མེད་ཀྱི་ངང་ནས་སངས་རྒྱས་ཀྱི་ས་ལ་གཤེགས་པའོ། །གསུམ་པ་དྲོད་རྟགས་བསྟན་པ་ནི། རྩ་ཚིག་ལས། ཡོ་བྱད་འདུ་ཤེས་ཐམས་ཅད་འགོག །དགེ་དང་མི་དགེ་རྣམ་རྟོག་མེད། །ཉོན་མོངས་སྒྲིབ་པ་རྣམ་པར་དག །ཉམས་ཀྱི་རྨི་ལྟས་སྣ་ཚོགས་འབྱུང་། །ཞེས་པས། ཕྱི་ནང་གསང་བ་གསུམ་ལས། གསང་བའི་དྲོད་རྟགས་ནི། ཉོན་མོངས་དང་ཁམས་དང་སྐྱེ་གནས་ཀྱི་ཟག་པ་གསུམ་དང་བྲལ་བ། །དགེ་སྡིག་གཉིས་ཀྱི་འབྲས་བུ་བདེ་སྡུག་གཉིས་ལ་རེ་དོགས་གཉིས་མེད། སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་བརྒལ། བདུད་བཞི་བཅོམས་ནས་ཟག་མེད་མཉམ་ཉིད་ཀྱི་ཏིང་ངེ་འཛིན་རྒྱུན་ཆད་མེད་པར་རང་ངོ་ཤིན་ཏུ་རྣམ་པར་དག་གོ །ཉམས་སྒྲོན་ལས། མཉམ་ཉིད་ཀུན་བྲལ་ཀུན་དངོས་ཕྱིར། །ཟག་མེད་ཟས་གོས་ཞེན་པ་གྲོལ། །ཀུན་བརྟགས་ཉོན་མོངས་ཆགས་སྡང་དང་། །ངར་འཛིན་ཕྱོགས་ཆ་རེ་དོགས་དང་། །ཆོས་བརྒྱད་ལ་སོགས་རྩད་ནས་ཆོད། །འཇིགས་པ་ལྔ་བྲལ་བདུད་བཞི་བཅོམ། །འདུ་འབྲལ་མེད་པའི་དགོངས་པ་ལ། །དུས་ཕྱེད་བཏང་སྙོམས་ཆེན་པོར་གནས། །ཞེས་སོ། །ནང་རྟགས་ནི། མངོན་བར་ཤེས་པ་སྤྱན་ལྔ་དང་དྲུག་སྟེ། མ་བསྒྲིབས་རང་གསལ་མཉམ་ཉིད་ཀྱི། །ཟག་མེད་ཤེས་རབ་སྤྱན་མངའ་བས། །མངོན་པར་ཤེས་པ་རྣམ་པ་དྲུག །གསལ་དང་རྒྱུན་གྱིས་ཁྱད་པར་འཕགས། །ཞེས་སོ། །ཕྱི་རྟགས་ནི། གཞན་སྣང་གི་རྫུ་འཕྲུལ་སྣ་ཚོགས་པས་འགྲོ་བ་འདུལ་བ་སྟེ། མཉམ་ཉིད་ངང་ལས་མ་གཡོས་བཞིན། །ཞིང་ཁམས་སྟོང་གསུམ་བརྒྱ་སྟོང་ཕྲག །ཐུགས་རྗེས་རང་བྱུང་སྤྲུལ་པ་ཡི། །རྔོན་དང་སྨད་འཚོང་ཤན་པ་དང་། །ལྷ་མིའི་བསོད་ནམས་ལྡན་ལ་སོགས། །གང་ལ་གང་ལྟར་འདུལ་བ་བཞིན། །མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་དང་། །
༣༥༦སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །རང་བྱུང་ཆོ་འཕྲུལ་བཞིར་སྣང་བ། །ཉི་ཟླ་ཞོན་ནས་མཁའ་ལ་འགྲོ། །རི་བྲག་ལ་སོགས་ཐོགས་མེད་དང་། །ཆུ་ལ་མི་བྱིངས་མེས་མི་ཚིག །དུག་དང་མཚོན་དང་ནད་མི་ཚུགས། །ཆུ་རྒྱུན་བཟློག་དང་རླུང་མི་འགུལ། །སྲེག་པའི་བསྐལ་པ་གཞིལ་ལ་སོགས། །ཉི་མའི་དཀྱིལ་འཁོར་འབུམ་འབྱེད་དང་། །སྐམ་པར་ཆུ་ཕྱུང་བྱེ་མ་གསེར། །སོལ་བར་ལྗོན་ཤིང་དུག་ལ་སྨན། །མི་སྣང་བ་དང་མངོན་པར་སྤྲུལ། །རི་རབ་བཀྱག་ནས་གསོར་བ་དང་། །འཇིག་རྟེན་རྒྱང་མར་འཕེན་པ་དང་། །སྟོང་གསུམ་ཡུངས་འབྲུ་ཤོང་བ་དང་། །ཡུངས་འབྲུས་སྟོང་གསུམ་ཁེངས་པ་དང་། །གཞན་ཡང་ཇི་ལྟར་འདོད་པ་བཞིན། །ཚེ་དང་དུས་ལ་བསྲིང་བསྟུང་དང་། །འགུགས་དང་གཏད་དང་འཆིང་དང་དགྲོལ། །གསོ་གསང་ཕམ་རྒྱལ་ཐོགས་མེད་འགྲུབ། །རང་བྱུང་ཐུགས་རྗེས་བྱིན་གྱིས་བརླབ། །འགྲོ་བ་རིགས་དྲུག་མུ་སྟེགས་དང་། །ལམ་དང་ས་ལ་གནས་བ་དག །སོ་སོའི་སྐད་དང་ཆ་མཐུན་པས། །གང་ལ་གང་འཚམས་ཆོས་སྟོན་ནས། །རྣལ་འབྱོར་ཏིང་འཛིན་རྩལ་སྟོབས་ཀྱིས། །འཇིག་རྟེན་བརྒྱ་སྟོང་གཡོས་ནས་ཀྱང་། །ངོ་མཚར་ཆེར་སྐྱེད་དགའ་ཞིང་མགུ། །ནང་གཡོས་པ་ཡང་རིམ་གཡོ་བྱེད། །གསང་བ་སྔགས་ཀྱི་སྒྲ་བསྒྲགས་པས། །ཀུན་ཀྱང་རྨད་བྱུང་སྔགས་ཀྱི་སྒྲར། །གྲགས་པས་བདུད་འདུལ་ངན་སོང་སྤྱོད། །ཐེག་ཆེན་ལམ་འཛུད་འགྲོ་དོན་མཛད། །ཅེས་སོ། །བཞི་པ་འབྲས་བུ་ནི། མཉམ་པ་ཉིད་ཀྱི་ངོ་བོ་ལ། །ལམ་དང་ས་ཡི་རིག་འཛིན་ཐོབ། །དེ་ཡང་བགྲོད་དུ་མེད་པ་སྟེ། །དེ་ཚེ་ཉིད་ལ་སངས་རྒྱས་ཐོབ། །ཅེས་པ་ལ། ལམ་དང་སའི་རིག་འཛིན་ཟག་མེད་ཀྱི་རྟོགས་པ་མངོན་གྱུར་མཐོང་ལམ་ཡིན་ཅིང་། སྒོམ་ལམ་ལ་གསང་སྔགས་ནང་པས་ལམ་གྱི་རིག་འཛིན་བཞི་དང་། ཕ་རོལ་ཏུ་ཕྱིན་པས་འཕགས་པའི་ས་བཅུར་བཞེད་པ་གང་ཡང་མཉམ་གཞག་ཏུ་ཆོས་ཉིད་མངོན་
༣༥༧སུམ་དུ་རྟོགས་པ་དེའི་རྒྱུན་གོམས་པར་བྱེད་ནས། རྗེས་ཐོབ་ཏུ་ཤེས་སྒྲིབ་ཕྲ་རགས་མངའ་བ་དེ་སྦྱང་བའི་རིམ་པ་ཡིན་པ་ལྟར། འདིར་ཡང་ཟག་མེད་མཉམ་པ་ཉིད་མངོན་སུམ་དུ་རྟོགས་པའི་ངང་ལ་གོམས་པར་བྱེད་ཅིང་། རྗེས་ཕྲ་རགས་མཉམ་གཞག་ལ་བསྐྱལ་བ་ཡིན་པས། རང་གི་ངོ་བོ་ལམ་གྱི་རིག་འཛིན་བཞི་དང་འཕགས་པའི་ས་བཅུའི་ཐད་ཡིན་གསུངས། འོག་མའི་ས་ལམ་གྱི་རིག་འཛིན་དང་། འཕགས་པ་རྣམས་བསྐལ་པའི་གྲངས་དང་མི་ཚེའི་དུས་ལ་ལྟོས་ནས་ཤེས་སྒྲིབ་རིམ་གྱིས་སྦྱོང་བ་དང་མི་འདྲ་སྟེ། འདིར་ཤེས་སྒྲིབ་གཉིས་ཅན་གཟུང་འཛིན་གྱི་ཆོས་ཐམས་ཅད་གཉིས་མེད་རང་བྱུང་གི་ཡེ་ཤེས་སུ་རྟོགས་ཤིང་། དེའི་ངང་ལ་རྒྱུན་གོམས་པར་བྱེད་ཅིང་། རྗེས་ཤེས་མཉམ་གག་ལ་བསྐྱལ་བ་ཁོ་ན་ཡིན་ལ། །འདི་ལ་རབ་འབྲིང་གཉིས་ཏེ། རབ་མཉམ་རྗེས་མེད་པ་ནི། རྒྱུ་མཐུན་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཉིད་ཚེ་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ཐོབ་ནས། རང་ངོ་ལ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་བརྙེས་ནས་རྣམ་སྨིན་གྱི་འབྲས་བུ་སངས་རྒྱས་པའོ། །འབྲིང་མཉམ་གཞག་ཏུ་ཟག་མེད་ཀྱི་ཏིང་ངེ་འཛིན་ཡོད་ཀྱང་རྗེས་ཐོབ་ཏུ་མཚན་མའི་རྟོག་པ་ཡོད་པ་ཙམ་ལ་ཚེ་འཕོས་པ་ནི། འཆི་ཀའི་གནད་གཅོད་ལ་སོགས་པའི་རྐྱེན་གྱིས་བྱས་ཏེ། ཏིང་ངེ་འཛིན་ཅུང་ཞིག་བརྗེད་སོང་ཡང་ཕྱི་དབུགས་སོང་ནས་ནང་དབུགས་མ་སོང་གི་བར་རམ་ཐ་མ་ཡང་ལུས་སེམས་བྲལ་མ་ཐག་ཏུ་རྒྱུ་མཐུན་ནམ། སྐྱེས་བུ་བྱེད་པའི་འབྲས་བུ། རྗེས་སུ་དྲན་པ་དྲུག་འབྱུང་སྟེ། སྐབས་འདིར་བར་དོ་ཡིན་པར་དྲན་པ། དེར་བླ་མ་དམ་པ་དྲན་པ། དེས་བསྟན་པའི་གདམས་ངག་དྲན་པ། སྔར་གྱི་ཉམས་ལེན་རྟོགས་པ་དྲན་པ། དེ་མ་ཐག་ཏུ་ཆོས་ཉིད་མ་བུ་འབྲེས་པའི་སྐད་ཅིག་མ་དེ་ལ་གཟུང་འཛིན་རང་གྲོལ་ཀ་དག་ཆེན་པོར་སངས་རྒྱས་པ་དང་། སྤྱན་ལྔ་མངོན་ཤེས་དྲུག་ལ་སོགས་པའི་ཡོན་ཏན་མ་ལུས་རྫོགས་
༣༥༨པ་ནི་རྣམ་སྨིན་གྱི་འབྲས་བུའོ། །ཉམས་སྒྲོན་ལས། མཉམ་ཉིད་ངང་གནས་དགོངས་སྤྱོད་དང་། །དགོངས་པའི་ངང་གནས་ཤེས་རབ་ཀྱིས། །ཤེས་སྒྲིབ་རགས་དང་འབྲིང་བཅོམ་ནས། །བཙལ་བ་མེད་པར་ལྷུན་འགྲུབ་ཐོབ། །ཅེས་པ་དང་། །མཉམ་པ་ཉིད་ཀྱི་ངོ་བོ་ལ། །ཟག་པ་ཀུན་བྲལ་རིན་ཆེན་འཛིན། །སྐྱེ་འཆི་འཕོ་འགྱུར་མེད་པའི་ཕྱིར། །དེ་ཚེ་ཉིད་ལ་མངོན་སངས་རྒྱས། །ཞེས་པའི་ལུང་གཉིས་པོ་འདི་རབ་འབྲིང་གཉིས་ཀའི་ལུང་ཐུན་མོང་མ་ཡིན་ནོ། །བཞི་པ་ཡེ་ཤེས་ལྷུན་གྲུབ་ལམ་མཐར་ཕྱིན་པའི་རྣལ་འབྱོར་ནི། རྩ་ཚིག་ལས། རང་གི་ངོ་བོ་ཆོས་ཀྱི་སྐུ། །དཔེ་ནི་དཔེ་མེད་ནམ་མཁའ་འདྲ། །རྟགས་ནི་སངས་རྒྱས་ཆོ་འཕྲུལ་འབྱུང་། །འབྲས་བུ་སངས་རྒྱས་དེ་ཉིད་དོ། །ཞེས་པས། ངོ་བོ་དང་། དཔེ་དང་། རྟགས་དང་། འབྲས་བུ་བཞིའོ། །དང་པོ་ངོ་བོ་ལ་གཉིས་ཏེ། རྣམ་པ་ནི། སྐུ་ལྔ་ལྷུན་གྲུབ་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོར་བཞུགས་པ་སྟེ། ལྷུན་གྲུབ་རིག་འཛིན་ཅེས་པའི་དོན་ནོ། །ཉམས་སྒྲོན་ལས། རང་བྱུང་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་གི་རྒྱལ་ཚབ་སྟོན་པར་བྱེད། །ཅེས་སོ། །དགོངས་པ་ནི་རང་སྣང་ལྷུན་གྲུབ་ཆོས་ཀྱི་སྐུ་སྟེ། སྐྱེ་མེད་རང་བྱུང་མངོན་བྱས་པའི། །རྩོལ་མེད་བདེ་ཆེན་ལྷུན་གྲུབ་ལ། །མཐའ་དབུས་སྐྱེ་འགག་རྣམ་དག་དབྱིངས། །སྐུ་ལྔ་མ་འདྲེས་ཀུན་ཏུ་བཟང་། །ཞེས་སོ། །གཉིས་པ་དཔེ་ནི་ཆོས་ཅན་མཚན་མའི་དཔེས་མཚོན་མི་ནུས་ཏེ། ཆོས་ཉིད་ལྷུན་གྲུབ་ཀྱི་ནམ་མཁའ་ནི་མཐར་ལམ་ཆེན་པོ་དེ་ཉིད་དང་། སངས་རྒྱས་མ་གཏོགས་པ་གཞན་གང་གིས་ཀྱང་ཤེས་པར་མི་ནུས་པའོ། །ཕྱོགས་རེའི་ཆ་ནས་དགོས་འདོད་འབྱུང་། ཅི་བསམ་འགྲུབ། ཡེ་ཤེས་གསལ། མ་རིག་སེལ་བའི་དཔེ་དུ་མ་སྟེ། དེ་ཉིད་ལས། ནམ་མཁའི་དཔེ་ལྟར་མཚོན་དུ་མེད། ཆ་ཙམ་དཔག་བསམ་རིན་ཆེན་ཤིང་། །མེ་ལོང་ཉི་མའི་སྙིང་བོ་འདྲ།
༣༥༩ཞེས་གསུངས་སོ། །གསུམ་པ་རྟགས་ཕྱི་ནང་གསང་གསུམ་ནི། སངས་རྒྱས་དང་མཚུངས་ཏེ། གསང་རྟགས་སྒྲིབ་གཉིས་བྲལ་བའི་ཡེ་ཤེས་རྒྱས། །ནང་རྟགས་ཟག་མེད་ཀྱི་མངོན་ཤེས་དང་། རྫུ་འཕྲུལ་ཡོན་ཏན་མཐའ་ཡས་པ་ལ་དབང་འབྱོར། ཕྱིའི་རྟགས་སྐུའི་རྫུ་འཕྲུལ། གསུང་གི་ཆོས་བརྗོད། ཐུགས་རྗེས་སུ་བསྟན་པའི་ཆོ་འཕྲུལ་སྣ་ཚོགས་མཛད་པས་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའོ། །ཉམས་སྒྲོན་ལས། རྟགས་ནི་སངས་རྒྱས་རྫུ་འཕྲུལ་དང་། །ཡོན་ཏན་སྣ་ཚོགས་རང་བཞིན་རྫོགས། །མ་བསྒྲིབས་ཀུན་གསལ་མངོན་ཤེས་དྲུག །རྒྱུ་རྐྱེན་མེ་ལོང་ཚུལ་གཟིགས་པའོ། །ཡུལ་དང་མཁྱེན་ཚད་རྒྱལ་བ་དང་། །འདྲ་ལ་བག་ལ་ཉལ་བས་ཕྱེ། །ཞེས་སོ། །བཞི་པ་འབྲས་བུ་ནི། སངས་རྒྱས་དང་དགོངས་པ་ཡོན་ཏན་ཐམས་ཅད་འདྲ་ཡང་བག་ལ་ཉལ་ཡོད་མེད་ཀྱི་ཁྱད་ཡོད་དེ། འདི་འབྲས་བུ་དངོས་མ་ཡིན་མཐར་ལམ་ཡིན་པའི་དོན་གྱིས་བག་ལ་ཉལ་ཞེས་བྱ་བའི་ཕྲ་བ་གཉེན་པོ་ཡེ་ཤེས་དང་མི་འབྲལ་བ་དང་། གོང་དུ་བསྙེན་བཀུར་བའི་གནས་སངས་རྒྱས་དང་། མར་དོན་བྱ་བའི་གནས་སེམས་ཅན་དུ་སྣང་ཆ་ནམ་མཁའི་འཇའ་ལྟ་བུར་མཚན་མའི་སྒྲིབ་གཡོགས་མེད་ཀྱང་རང་སྣང་ཙམ་གཅིག་མངའ་བ་དེ། གཞན་རྐྱེན་ལ་མི་ལྟོས་པར་རང་རིག་པའི་ཡེ་ཤེས་ཆེན་པོས་སྐད་ཅིག་མ་ལ་རྟོགས་པ་གྲོལ་བ་དུས་མཉམ་སྟེ་སངས་རྒྱས་པས། གཡོ་ཐོབ་བརྟན་གསུམ་དུ་ཕྱེའོ། །ཉམས་སྒྲོན་ལས། ལྷུན་གྲུབ་ཆེན་པོའི་དགོངས་སྤྱོད་དང་། །མཐའ་བྲལ་འོད་གསལ་འདུས་མ་བྱས། །དམིགས་མེད་རང་རིག་ཤེས་རབ་ཀྱིས། །སྐད་ཅིག་ཉིད་ལ་ཐ་མ་ཡི། བག་ལ་ཉལ་བཅོམ་དེ་བཞིན་གཤེགས། །ཞེས་སོ། །དོན་གསུམ་པ་རྗེས་སུ་འབྲས་བུ་ཐོབ་ཚུལ་ནི། རྣལ་འབྱོར་པས་གོང་དུ་བསྟན་པ་ལྟར་སྔོན་འགྲོ་རྣམས་ཀྱིས་རྒྱུད་སྣོད་དུ་རུང་བར་བྱས་ནས། དངོས་
༣༦༠གཞི་རྣལ་འབྱོར་བཞི་ལ་གཡོ་ཐོབ་བརྟན་གསུམ་དུ་ཕྱེས་པས། རིམ་པ་དང་པོ་གཞི་གནས་ལམ་བརྟེན་ན། ཐོས་བསམ་གྱི་གོ་བ་བཟང་པོ་ཡོད་ཀྱང་སེམས་ལས་སུ་མི་རུང་བས། འགལ་རྐྱེན་སྤང་བ་ལ་སོགས་རྣལ་འབྱོར་དང་པོར་བསྟན་པའི་རིམ་པ་ལྟར་ཉམས་སུ་བླངས་པས་སེམས་ལས་སུ་རུང་པའི་ཞི་གནས་ཁྱད་པར་ཅན་སྙེན་ལ། དེ་ཡང་རང་རིག་རྟོགས་པའི་ཡེ་ཤེས་ཀྱི་མ་ཁྱབ་ན་འཇིག་རྟེན་པའི་བསམ་གཏན་དུ་གོལ་བས། རྣལ་འབྱོར་གཉིས་པར་ཅི་ལྟར་བསྟན་པའི་རིམ་པ་སོ་སོར་དཔྱོད་པའི་ཤེས་རབ་ཀྱིས་སྣང་སྲིད་ཆོས་སྐུར་རྟོགས་པར་བྱེད་ཅིང་། དེ་ཡང་ཟག་མེད་མངོན་དུ་མ་གྱུར་ན་ཟག་བཅས་ཀྱི་ཉམས་རྟོགས་ཐམས་ཅད་མི་རྟག་ཅིང་འགྱུར་བས། རྣལ་འབྱོར་གསུམ་པར་ཅི་ལྟར་བསྟན་པ་བཞིན། །ཡེང་མེད་ཀྱི་ངང་ལས་མཉམ་གག་ཆེན་པོར་གོམས་པ་མཐར་བསྐྱལ་ཏེ། རྣལ་འབྱོར་བཞི་པའི་བག་ལ་ཉལ་གྱི་སྒྲིབ་པ་རང་གྲོལ་ནས་གཞི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་རང་སྣང་ལ་སྐུ་ལྔ་ལྷུན་གྱིས་གྲུབ་པ་མངོན་དུ་བྱས་ཏེ། རང་བཞིན་སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །རོལ་པ་འགགས་པ་མེད་པ་སྤྲུལ་པའི་སྐུ། །མཚན་ཉིད་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ། །ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་ལས་མ་གཡོས་པ་ངོ་བོ་ཉིད་ཀྱི་སྐུ། འཁྲུལ་གྲོལ་ལམ་གསུམ་དུ་འཕོ་འགྱུར་མེད་པ་རྡོ་རྗེའི་སྐུ། སྐུ་ལྔ་ཡོངས་རྫོགས་དཔལ་ཀུན་ཏུ་བཟང་པོ་མངོན་དུ་གྱུར་པའོ། །ཉམས་སྒྲོན་ལས། ཀུན་སངས་ཀུན་དངོས་རྫོགས་སངས་རྒྱས། །རང་བྱུང་ཡེ་ཤེས་མངོན་བྱས་པས། །སྤང་ཐོབ་གཉིས་མེད་དེ་བཞིན་ཉིད། །སྐུ་དང་གསུང་ཐུགས་ཡོན་ཏན་ལས། །བསམ་གྱིས་མི་ཁྱབ་མ་འདྲེས་རྫོགས། །འབྲས་བུའི་ཀློང་དུ་ཤེས་པར་གྱིས། །ཉམས་རྟོགས་སྣ་ཚོགས་སྣང་བ་དང་། །མཐར་ཕྱིན་ཡོན་ཏན་ཀུན་རྫོགས་ཀྱང་། །ཆོས་དབྱིངས་འཕེལ་འགྲིབ་མེད་པའི་ཕྱིར། །གཞི་ལས་གཡོས་པ་རྡུལ་ཙམ་མེད། །ཅེས་སོ། །དེ་ལྟར་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་
༣༦༡གྱིས་རྫོགས་པ་ཆེན་པོ་ཉམས་སུ་བླང་བའི་ཡི་གེ་འདི་ནི། རྩ་ཆོག་ཉམས་རིམ་བཞི་པ་དང་། དེའི་རྒྱ་བསྐྱོར་དགའ་རབ་རྡོ་རྗེ་ཉིད་ཀྱིས་མཛད་པའི་ཉམས་སྒྲོན་དང་། རྩ་ཚིག་གི་རབ་དབྱེད་འཇམ་དཔལ་བཤེས་གཉེན་གྱིས་མཛད་པར་བཞེད་པ་དང་། དམ་པ་བདེ་གཤེགས་པའི་ཡིག་ཆུང་ཉམས་ཀྱི་མན་ངག་གོལ་སྒྲིབ་སུམ་བཅུ་རྩ་དྲུག །བཙའ་ཐབས་དྲུག་པ། བསམ་གཏན་སྤྱི་འགྲེལ། ཆོས་རྗེ་གཙང་པས་མཛད་པའི་དོན་གསལ། རྟོགས་ལྡན་ཤཱཀྱ་རྡོར་བའི་ཐེག་པ་སྤྱིའི་ནང་དུ་རིམ་སྐྱེས་པའི་ཉམས་ལེན་བཞིའི་སྐབས་རྣམས་ཀྱི་ཚིག་དོན་གང་མཁོ་སྐབས་སུ་མ་ནོར་བླངས་ཤིང་། ཉམས་ལེན་གྱི་རིམ་པ་དངོས་གཞི་སྙན་བརྒྱུད་ཐོར་བུར་ཡོད་པ་རྣམས་ལེགས་པར་བསྒྲིགས་ཏེ། མན་ངག་གི་རྒྱུད་གཞན་ནས་ཀྱང་ལུང་གིས་ཁ་བསྐངས་ཤིང་རང་གིས་ཉམས་སུ་མྱོང་ཚུལ་ལ་བརྟེན་ནས། ངེས་པའི་དོན་ལ་བློ་གཅིག་ཏུ་གཞོལ་བའི་སྤྲང་པོ་ནམ་མཁའ་རྡོ་རྗེས་ཕྱི་རབས་ཀྱི་གང་ཟག་གདམས་ངག་ཉམས་སུ་ལེན་པ་རྣམས་ལ་ཕན་པའི་བློས། ཆུ་མོ་བྱ་ལོ་ཟླ་བ་ལྔ་པའི་ཡར་ཚེས་ལ་བླ་མ་དམ་པའི་བཞུགས་གནས་དཔལ་གནམ་སྟེང་རི་ཁྲོད་དུ་སྦྱར་བ་འདིས། སེམས་ཅན་ཐམས་ཅད་བདེ་བླག་ཏུ་རང་གྲོལ་ནས། སྐུ་ལྔ་ལྷུན་གྱིས་གྲུབ་པ་དཔལ་ཀུན་ཏུ་བཟང་པོ་མངོན་དུ་བྱེད་པར་གྱུར་ཅིག །མངྒ་ལམ།། །།

༄༅། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་པའི་དམིགས་སྡོམ་ལྷན་སྐྱེས་གྲུབ་སྟེར་ཞེས་བྱ་བ་བཞུགས་སོ༎ ༎

༣༥༡ ༄༅། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་པའི་དམིགས་སྡོམ་ལྷན་སྐྱེས་གྲུབ་སྟེར་ཞེས་བྱ་བ་བཞུགས་སོ།། །།ན་མོ་གུ་རུ་ཤྲཱི་ཀཱ་ལ་ཙཀྲ་ཡ། འདིར་ལུས་ཀྱི་གནས་ལུགས་ལྷ་སྐུ་དང་སེམས་ཀྱི་གནས་ལུགས་བདེ་བར་ཤེས་ཏེ་སྤྲོས་པ་ལ་མི་དགའ་བར་ཡེ་ཤེས་ཀྱི་ལྷ་སྐུ་དང་རྣམ་པ་མཚུངས་པའི་རྫོགས་པའི་རྣལ་འབྱོར་ཉམས་སུ་ལེན་
༣༥༢ པར་འདོད་པས་སྐྱབས་སེམས་སྤྱི་མཐུན་བྱ། །དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བས་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །བཞིན་ལག་ཁ་དོག་རྣམ་པར་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །ལུས་ཐོགས་བཅས་རྡུལ་ཆོས་ཀྱི་དབྱིབས་སྤངས་པ་དང་། སེམས་རྟོག་བཅས་བློས་བཏགས་ཀྱི་སྒྲིབ་པ་སྤངས་པ་འགྱུར་བ་མེད་པའི་བདེ་བ་ཆེན་པོ་དང་། སྲིད་པ་གསུམ་ན་གནས་པ་མཐའ་དག་གཟིགས་པའི་སྟོང་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པ་ངོ་བོ་དབྱེར་མེད་པ་ཁ་སྦྱོར་ལྷན་ཅིག་སྐྱེས་པའི་སྐུས་མཚོན་པ་ནི། འབྱུང་བཞི་རི་རབ་པདྨ་ཟླ་ཉི་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་སྤྱན་གསུམ་པ། དྲི་མ་མེད་པའི་འོད་ཟེར་ལྔ་རྣམས་འགྱེད་ཅིང་། ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མཐེ་བོང་སེར་པོ། །མཛུབ་མོ་དཀར་པོ། །གུང་མོ་དམར་པོ། །སྲིན་ལག་ནག་པོ། །མཐེའུ་ཆུང་ལྗང་གུ། ཕྱག་སོར་རྣམས་ཀྱི་ཚིགས་ཕྲེང་དང་པོ་ནག་པོ། །གཉིས་པ་དམར་པོ། །གསུམ་པ་དཀར་པོ། །རྡོ་རྗེ་སེམས་དཔའ་རང་ཉིད་དུ་མཚོན་པའི་
༣༥༣ དབུ་རྒྱན་ཅན། རལ་པའི་ཐོར་ཚུགས་ཡིད་བཞིན་གྱི་ནོར་བུ་དང་། ཟླ་ཕྱེད་རྡོ་རྗེས་བརྒྱན་པ་རྡོ་རྗེའི་རྒྱན་སྣ་ཚོགས་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་པ་དཀར་པོ་བསྐུམ་པས་དྲག་པོ་དཀར་པོ་དང་། གཡས་པ་དམར་པོ་བརྐྱང་པས་འདོད་ལྷ་དམར་པོའ་སྙིང་གར་མནན་པ། གཉིས་ཀའང་མཚོན་ཆ་སྤངས་པའི་ལག་པ་གཉིས་པ་དམན་པའི་ཚུལ་ཅན། ཁ་དོག་ལྔ་པའི་མེའི་དབུས་ན་ཁྲོ་ཆགས་འདྲེས་པའི་ཉམས་ཀྱིས་བཞུགས་པའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་གྲི་གུག་དང་ཐོད་པ་འཛིན་པ། གཅེར་མོ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་དབུ་སྐྲ་ཕྱེད་གྲོལ་པབ། གཡོན་བརྐྱང་གིས་བཅོམ་ལྡན་འདས་ལ་སྙོམས་པར་ཞུགས་པའོ། །གཉིས་ཀའི་དཔྲལ་བར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་པོ། །ལྟེ་བར་ཧོ་སེར་པོ། །གཙུག་ཏོར་དུ་ཧཾ་ལྗང་གུ། གསང་བ་རྐྵཿསྔོན་པོ་རྒྱལ་བ་རིགས་དྲུག་གི་དཀྱིལ་འཁོར་མ་ལུས་པ་འདུས་པའི་བདག་ཉིད་དུ་གྱུར། ཡང་ན། གསང་བར་སྭཱ་སྔོན་པོ། །གཙུག་ཏོར་དུ་ཧཱ་ལྗང་གུ་བསྒོམ། ཐུགས་ཀར་ཟླ་ཉི་སྒྲ་གཅན་གྱི་སྟེང་དུ་བརྟན་གཡོ་འཁོར་འདས་མ་ལུས་པ་གཅིག་ཏུ་འདུས་པ་དུས་ཀྱི་འཁོར་ལོའ་རྩ་བའི་སྙིང་པོ་རྣམ་བཅུ་དབང་ལྡན་བརྩེགས་པ་མཆོག་གི་དོན་དུ་སྔོན་པོའམ། ལས་ཐམས་ཅད་པར་ཁ་དོག་ལྗང་གུར་གནས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའ་ལྷ་ཚོགས་སུ་གསལ། སླར་
༣༥༤ འདུས་ཏེ་སྙིང་པོར་ཐིམ་པར་བསམ་ལ། ༀ་ཧཀཾ།།།སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར། སྣོད་བཅུད་སྟོང་ཉིད་འོད་གསལ་དུ་བསྡུས་ནས་མཉམ་པར་བཞག་ཅིང་། སླར་གཉུག་མའི་ལྷ་སྐུ་རུ་ལྡང་། རིགས་སུ་སྐྱེ་དང་སོགས། ལག་པས་རྡོ་རྗེ་སོགས། ལྷ་མོ་ཚད་མ་སོགས་ཐུན་མོང་མིན་པའི་སྨོན་ལམ་དང་། །དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྲུབ་སོགས་དགེ་བསྔོ་བྱའོ། །འདི་ནི་བསྐྱེད་རྫོགས་ཐུན་མོང་ལ་ལྟོས་པ་སྟེ་རྫོགས་རིམ་ཁོ་ནའི་སྔོན་འགྲོར་ལྷན་སྐྱེས་བསྒོམ་ན་སྣོད་བཅུད་སྦྱངས་བསྡུའི་རྗེས་སུ་ལྷ་སྐུ་ལ་སེམས་འཛིན་པ་མ་གཏོགས་བཟླས་པའི་རྩོལ་བ་མི་དགོས་སོ། །ཞེས་པ་ནི་བསྡུས་པའི་ཚུལ་གྱིས་ལྷན་སྐྱེས་སྒོམ་པའི་ཐབས་སོ།། ༈ །སྤྲོས་པ་བྲལ་ཡང་དོན་དུ་གསལ། །གཅིག་ཉིད་རྣམ་པ་ཐམས་ཅད་ལ། །རྟོག་པ་མེད་ལ་འགྱུར་མེད་བདེ། །ཟུང་འཇུག་དེ་ལ་ཕྱག་འཚལ་ལོ། །དབེན་པར་འཆི་བས་རྒྱུད་བསྐུལ་ཏེ། །གསུམ་ལ་སྐྱབས་སུ་འགྲོ་བ་བརྩམ། །སེམས་བསྐྱེད་པས་ནི་གཞན་དོན་གཉེར། །ཚོགས་བསགས་སྒྲིབ་པ་སྦྱོང་བའི་ཐབས། །བྱང་ཆུབ་འདོད་པས་དེ་འདོད་བྱ། །ཁྱད་པར་རྡོ་རྗེ་ཐེག་པའི་ལམ། །བླ་མའི་རིམ་པ་ལས་འོངས་པས། །གང་ལ་མོས་པའི་ཤུགས་ཡོད་པ། །དེ་ལ་ཡེ་ཤེས་ལྷག་པར་འབར། །ཉོན་མོངས་རླན་དང་མ་བྲལ་བའི། །ལུས་སེམས་ཚང་ཚིང་མྱུར་དུ་བསྲེག །དམ་པའི་དོན་ཉིད་མཐོང་བར་འགྱུར། །རྗེས་སུ་དཔག་པའི་འདྲ་འབག་གིས། །མངོན་སུམ་ལམ་གྱི་གཞི་བཏིང་སྟེ། །གཉུག་མ་ལྷན་ཅིག་སྐྱེས་
༣༥༥ པ་ཡི། །བསྐྱེད་པའི་རིམ་པས་རྟོག་བཅས་བསྒོམ། །ལུས་ངག་སེམས་དང་འཕོ་བ་ལ། །རྣམ་པར་མི་རྟོག་ལྟོས་མེད་པར། །བྱ་བྱེད་སྨྲ་བརྗོད་རྣམ་རྟོག་གིས། །དབེན་པ་གསུམ་ལ་ཐོག་མར་བསླབ། །ཕྱིས་ནས་རྡོ་རྗེ་རྣལ་འབྱོར་ནི། །དྭངས་བའི་ཆུ་ལ་གཟུགས་བརྙན་བཞིན། །དབེན་ལས་རབ་ཏུ་སྐྱེ་བར་འགྱུར། །ལམ་གྱི་གཞི་དགོང་པ་རྣམས་སོ། །དང་པོར་མུན་པའི་ཁང་བུ་རུ། །རྡོར་སྐྱིལ་ཁུ་ཚུར་བརླ་སྟེང་བཞག །རྒལ་ཚིགས་བསྲང་ལ་རོ་སྟོད་འགྱེད། །མགྲིན་དགུག་ལྕེ་རྩེ་རྐན་ལ་སྦྱར། །ཧ་ཅང་འབྱེད་འཛུམ་བྲལ་བ་ཡི། །མིག་དག་སྟེང་དུ་བཟློག་ནས་ནི། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །སྨིན་མའི་དབུས་སུ་སེམས་བྱས་ཏེ། །མི་བཟང་མུན་པ་ལྟ་བུར་ནི། །ཉི་མ་གཅིག་ཏུ་ཡོངས་སུ་བརྟག །དུ་བ་སྨྲིག་རྒྱུ་མཁའ་མར་མ། །སྒྲུབ་པོས་དང་པོར་མཐོང་བར་འགྱུར། །དེ་ནས་སྤྲིན་བྲལ་ནམ་མཁའ་ལ། །འབར་བ་ཟླ་ཉི་རྡོ་རྗེ་དང་། །མཆོག་གི་ཆ་དང་ཐིག་ལེའོ། །རླུང་སེམས་འགྱུ་བ་སོ་སོར་བཅད། །ངག་ལ་སྔགས་ཀྱིས་བྱིན་གྱིས་བརླབས། །ཡན་ལག་དང་པོའོ། །སྟོང་པའི་གཟུགས་ལ་སེམས་བསྡུས་ཏེ། །དེ་ཉིད་བློ་ཡིས་མ་རེག་པར། །མཉམ་རྗེས་ངོ་བོ་གོམས་པ་ལས། །སྤྲོས་བྲལ་ཤེས་རབ་དང་པོར་སྐྱེ། །སེམས་སུ་རྟོགས་པ་གཉིས་པའོ། །མཚན་བྲལ་སྤྱོད་པ་གསུམ་པ་སྟེ། །ལུས་སེམས་དགའ་བ་བཞི་པའོ། །འདྲེས་ལས་ཤིན་ཏུ་སྦྱངས་པ་ཡི། །བདེ་བས་བསམ་གཏན་ཡན་ལག་རྫོགས། །ཆོས་ལྔ་ལྡན་པའི་ཐིག་ལེའི་དབུས། །སངས་
༣༥༦ རྒྱས་གཟུགས་སུ་དུ་མར་སྣང་། །མངོན་ཤེས་ལྔ་པོ་འགྲུབ་པར་འགྱུར། །ཡན་ལག་གཉིས་པའོ། །བྱེད་བཅིངས་བགེགས་མཐར་བྱེད་པས་བལྟ། །རྡོ་རྗེའི་བཟླས་པས་རྩ་ལམ་སྦྱོང་། །རླུང་གཟུགས་སེམས་གསུམ་ཆ་མཉམ་སྟེ། །འཇམ་རྩུབ་གང་བཏང་བུམ་ཅན་གྱིས། །སྲོག་ནི་དབུ་མར་གཞུག་ཅིང་འཆིང་། །བཙན་ཐབས་སྦྱོར་བས་ཉི་ཟླ་བཀག །ཟླ་བ་དྲུག་གིས་ཡོན་པོ་འགག །ཡེ་ཤེས་སྣང་བའི་ཡོན་ཏན་སྤྱོད། །ཡན་ལག་གསུམ་པའོ། །འཁོར་ལོ་ལྔ་རུ་བུམ་ཅན་བསྒྲུབ། །རླུང་སེམས་ཨ་བ་་ཏིར་བཀག །མི་ཤིགས་པ་ཡི་ཐིག་ལེར་བསྟིམ། །གཏུམ་མོ་སྦར་བས་སྲོག་ཐུར་བསྲེ། །ལྕེ་གསུམ་བསྐྱོད་པའི་སྦྱོར་བ་ཡིས། །ནང་གི་བདུད་རྩིའི་བཅུད་མྱོང་བྱ། །བདེ་དྲོད་ཉམས་དང་གཞོམ་མེད་སྒྲ། །སྲིད་གསུམ་སྣང་བརྙན་རབ་འབྱམས་མཐོང་། །ཡན་ལག་བཞི་པའོ། །འདུག་སྟངས་འཁྲུལ་འཁོར་བཟུང་བཟློག་རྣམས། །འབྱངས་ནས་ཡེ་ཤེས་རང་གི་ལུས། །ལས་ཀྱི་ཕྱག་རྒྱར་དབང་པོ་གཉིས། །བསྲུབས་པའི་སྦྱོར་བས་ལུགས་འབྱུང་དང་། །ལུགས་ཟློག་སྐད་ཅིག་མ་བཞི་པོ། །སྟོང་གཟུགས་ཕྱག་རྒྱ་ཆེན་མོར་བསྲེ། །ཞུ་བདེ་འཛག་པ་མེད་ལ་བསླབ། །རྩ་འདབ་སྐ་བའི་ཐིག་ལེས་གང་། །རང་ལུས་འོད་ཀྱི་དཀྱིལ་འཁོར་དང་། །རང་སེམས་ལྷ་སྐུ་ཕྱག་རྒྱར་གྲུབ། །ཡན་ལག་ལྔ་པའོ། །སྤྲོས་བཅས་སྤྱོད་ལ་རྟག་གནས་པས། །ཆགས་པ་ཆེན་པོའ་ཐིག་ལེ་ཡི། །འགྲོས་ལས་ཤར་བའི་ལྷན་སྐྱེས་དང་། །སྟོང་གཟུགས་ཕྱག་རྒྱ་ཆེན་མོ་འདྲེས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །འགགས་
༣༥༧ ལས་ཁྱབ་བདག་དེ་སྙེད་འཕེལ། །འཕོ་བ་བཅུ་གཉིས་འགགས་པས་སོ། །ཀུན་ཏུ་འོད་ལ་སོགས་པ་ཐོབ། །ཡས་མར་དཀར་དམར་བརྟན་པ་ལས། །བདེན་དོན་བཅུ་གཉིས་དེ་ཉིད་ནི། །རྣམ་པ་བཅུ་དྲུག་ཀུན་ཏུ་འགྱུར། །ཡན་ལག་དྲུག་པ་སྟེ་རྫོགས་སོ།། །།ཐོག་མཐའ་བར་དུ་དགེ་བ་ཡི། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ནི། །ཡན་ལག་དྲུག་གི་རྣལ་འབྱོར་གྱིས། །རྡུལ་མུན་སྙིང་སྟོབས་འཛག་བདེ་དག །མི་ཕྱེད་རྡོ་རྗེ་བཞི་ཡི་དངོས། །སེམས་དཔའ་སྲིད་པ་གསུམ་གྱི་བདག །སྐྱེ་འདི་ཉིད་ལ་མངོན་ཏུདུ་འགྱུར། །དད་བརྩོན་བརྟུལ་ཞུགས་ལྡན་པས་སོ། །གལ་ཏེ་དམ་ཚིག་ལ་གནས་ན། །གཡེང་བས་འབྲས་བུ་མ་ཐོབ་ཀྱང་། །ཡང་སྲིད་བདུན་ལས་མི་འདའ་བར། །མཆོག་གི་གོ་འཕང་ཉིད་ལ་སྦྱོར། །སྟོན་པའི་བསྟན་པ་མཁའ་འདྲ་ཡང་། །འདི་ལས་ཟབ་པའི་རྣལ་འབྱོར་མེད། །རྩ་བའི་རྒྱུད་ལས་ཤིན་ཏུ་གསལ། །ས་བཅུ་པ་ཡི་འགྲེལ་པས་བཀྲལ། །གྲུབ་བརྙེས་དུ་མས་ཐུགས་སུ་བསྟར། །བྱིན་བརླབས་བརྒྱུད་པ་བར་མ་ཆད། །བསྒོམ་ན་ཡིད་ཆེས་རྟགས་ཚད་སྐྱེ། །འདི་འདྲར་འཇུག་པ་སྐལ་པ་རབ། །དགེ་བས་བརྟན་གཡོ་ཀུན་གྱི་སྲོག །ཟུང་འཇུག་རྡོ་རྗེ་སེམས་དཔའ་ཡི། །གོ་འཕང་བདག་གཞན་མ་ལུས་པས། །རྩོལ་བ་མེད་པ་འགྲུབ་པར་ཤོག །ཅེས་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་། རྡོ་རྗེའི་རྣལ་འབྱོར་གྱི་བསྒོམ་དོན་རྩ་བའི་ཚིག་ཐོ་ཙམ་བཀོད་པ་འདི་དག་ཀྱང་། ཞབས་དྲུང་རིན་པོ་ཆེའི་བཀའ་ལྟར་བློ་གྲོས་མཐའ་ཡས་ད་རི་དྲཱས་ས་ཟླའི་ཚེས་བཅོ་ལྔའི་ཐུན་མཚམས་སུ་དབེན་ཁྲོད་ཀུན་བདེ་གླིང་དུ་བྲིས་པ་དགེ་
༣༥༨ ལེགས་འཕེལ།།

༄༅། །ཌོམྦི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་ཡིག་བཀྲ་ཤིས་གི་ཝཾ་སྨན་བཅུད་ཅེས་བྱ་བ་བཞུགས་སོ༎

༡༣༧ཌོམྦྷི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་ཡིག་བཀྲ་ཤིས་གི་ཝཾ་སྨན་བཅུད་ཅེས་བྱ་བ་བཞུགས་སོ།
༡༣༨ན་མོ་གུ་རུ་བཛྲ་དྷ་ར་པཱ་དཱ་ཡ། བིརྺ་པ་དང་ཌོམྦྷིའི་ཞབས། །དབྱེར་མེད་རྗེ་བཙུན་གོང་མ་ལྔ། །གཅིག་བསྡུས་མཁྱེན་བརྩེའི་དབང་པོར་འདུད། །ལྷན་ཅིག་སྐྱེས་གྲུབ་ཁྲིད་རིམ་དགོད། །ལམ་སྐོར་ཕྱི་མ་བརྒྱད་ཀྱི་ནང་ཚན་གྲུབ་པའི་དབང་ཕྱུག་ཆེན་པོ་ཌོམྦི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་འཆད་པ་ལ་གཉིས། །བརྒྱུད་པ་གང་ལས་བྱུང་བ། དེ་ལས་བརྒྱུད་པའི་གདམས་ངག་དངོས་བསྟན་པའོ། །དང་པོ་ནི། འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་ལ་རྗེ་བཙུན་རྡོ་རྗེ་བདག་མེད་མས་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་ནས་ས་དྲུག་པའི་རྟོགས་པ་མངོན་ཏུ་མཛད་ཅིང་གྲུབ་ཆེན་བིརྺ་པར་གྲགས་པ་དེ་ཉིད་ཀྱིས་ཌོམྦི་པ་ལ་རྒྱུད་ཀྱི་བཤད་པ་ཤིན་ཏུ་རྒྱས་པ་དང་། མན་ངག་སྙན་བརྒྱུད་ཀྱི་ཉམས་ལེན་བསྡུས་པ་ཞིག་གནང་བས་དངོས་གྲུབ་བརྙེས་པ་དེ་ཉིད་ཀྱིས། རྩ་རྒྱུད་ལས། །ལྷན་ཅིག་སྐྱེས་པར་གང་སྐྱེས་པ། །ལྷན་ཅིག་སྐྱེས་བ་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་གསུངས་པ་ལ་བརྟེན་ནས་ལྷན་ཅིག་སྐྱེས་གྲུབ་བཤད།
༡༣༩དེ་ལས་རིམ་བཞིན་ངོ་མཚར་རྡོ་རྗེ། ནགས་ཁྲོད་པ། གརྦྷ་རི་པ། ཛ་ཡ་ཤྲཱི། མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ་རྣམས་རིམ་པར་བརྒྱུད། དེ་ནས་འབྲོག་མི་ལོ་ཙཱས་གསན་ཅིང་རྗེ་བཙུན་ས་སྐྱ་པ་ཁུ་དབོན་སོགས་བརྒྱུད་པའི་ཟམ་མ་ཆད་པར་བྱོན་པའི་མཐར། ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གདམས་ངག་མཐའ་དག་གི་བཀའ་ཆེན་ཆུ་ཀླུང་གཅིག་ཏུ་བབས་པ་ལས་བཀའ་དྲིན་ཏུ་ཐོབ་པའོ། །གཉིས་པ་གདམས་ངག་དངོས་ལ་གཉིས། ལམ་སྒྲུབ་ཚུལ་སྤྱིར་བསྟན་པ། གདམས་ངག་དངོས་གཞི་བྱེ་བྲག་ཏུ་འཆད་པའོ། །དང་པོ་ནི། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆར་ཆེན་པོའི་གོ་འཕང་མངོན་ཏུ་བྱེད་པར་འདོད་པའི་རྟེན་གྱི་གང་ཟག་གིས་ལམ་སྒྲུབ་ཚུལ་གཉིས་ཡོད་དེ། རྟོག་བཅས་དཀའ་ཐུབ་ཀྱི་ལམ་དང་། རྟོག་མེད་བུ་ཆུང་གི་ལམ་མོ། །དེ་གཉིས་ཀ་ལའང་ཆུད་མ་ཟོས་པ་རྣམ་པ་གསུམ་དགོས་ཏེ་ལོངས་སྤྱོད་ཆུད་མ་ཟོས་པ། ལུས་ཆུད་མ་ཟོས་པ། སེམས་ཆུད་མ་ཟོས་པའོ། །དེའི་དང་པོ་ནི། རང་ལ་ཟང་ཟིང་གི་ལོངས་སྤྱོད་ཡོད་ན་སྔོན་གྱི་སྦྱིན་པའི་འབྲས་བུ་ལས་བྱུང་བ་ཤེས་པར་བྱས་ནས་དེ་ཉིད་ཚོགས་གསོག་པའི་
༡༤༠ཆ་རྐྱེན་ཏུ་འགྲོ་དགོས་པས། མེ་དང་ཆུ་དང་དགྲ་དང་གདོན་རྣམས་ཀྱིས་ཆུད་ཟོས་དབང་དུ་མ་ཤོར་བ་བྱས་ལ་སེར་སྣ་དང་གསོག་འཇོག་མེད་པའི་ཡིད་ཀྱིས་ཆ་དང་པོ་བླ་མ་ལ་མཎྜལ་དུ་འབུལ། ཆ་གཉིས་པ་དཀོན་མཆོག་དང་མཁའ་འགྲོ་ལ་ཚོགས་སུ་བཏང་། ཆ་གསུམ་པར་རང་གི་ཆོས་རྒྱགས་སུ་ལོངས་སྤྱད། ཟང་ཟིང་མེད་ན་དེའི་ཕྱོགས་སུ་རེ་དོགས་དང་འབད་རྩོལ་གང་ཡང་མི་བྱ་བར་ཟས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ་བློས་བཏང་ངོ་། །འདི་ནི་ལམ་གཉིས་ཀའི་ཐུན་མོང་དུ་འགྲོ་བའོ། །གཉིས་པ་ནི། །ལུས་དལ་འབྱོར་རྙེད་དཀའ་བ་ཐོབ་པ་ཐ་མལ་དུ་གནས་པས་ཆུད་ཟོས་སུ་མ་སོང་བར། སོ་སོ་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའི་སྡོམ་པ་གསུམ་དང་ལྡན་པར་བྱ་དགོས། དེ་རེ་རེ་ལའང་ཕྱིའི་སྡོམ་པ་དང་ནང་གི་སྡོམ་པ་གཉིས་གཉིས་སུ་ཡོད་པ་ལས། སོ་ཐར་གྱི་ཕྱིའི་སྡོམ་པ་ནི། དགེ་བསྙེན་གྱི་སྲུང་བྱ་རྣམ་པ་ལྔ། དགེ་ཚུལ་གྱི་ཡང་དག་པར་བླང་བ་བཅུ་གསུམ། དགེ་སློང་གི་བསྙེན་པར་རྫོགས་པའི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་རྣམས་ཐམས་ཅད་དམ། རང་གིས་གང་ཐོབ་པའི་སྡོམ་པ་དེ་ཉིད་ནམ་ཡང་ཉམས་པ་མེད་པར་སྲོག་བཞིན་བསྲུང་བའོ། །ནང་གི་སྡོམ་པ་ནི་བྱང་སེམས་ཐིག་ལེ་ཅུང་ཟད་ཀྱང་ཉམས་སུ་མི་གཞུག་བར་ལུས་ལ་གནས་པའོ། །བྱང་སེམས་ཀྱི་ཕྱིའི་སྡོམ་པ་ནི། ཕམ་པའི་ཆོས་བཞི་དང་ཉེས་བྱས་སུམ་ཅུ་ལ་སོགས་པས་རྒྱུད་ལ་མ་གོས་པར་བྱའོ། །ནང་གི་སྡོམ་པ་ནི། སྡུག་བསྔལ་ཅན་གྱི་སེམས་ཅན་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་གཞན་གྱི་དོན་ཇི་ལྟར་ནུས་པ་བྱེད་པ་དང་། ཤེས་པ་གསལ་ལ་མ་འགགས་པའི་ངང་ལུས་གཞན་གྱིས་གཡོག་ཅི་ནུས་སུ་བཀོལ་བའོ། །རིག་པ་འཛིན་པའི་ཕྱིའི་སྡོམ་པ་ནི། །རྒྱུད་སྡེ་རྣམས་ལས་ཐུན་མོང་དུ་གྲགས་པའི་རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་ལྟུང་བ་བརྒྱད་དེ་ཉི་ཤུ་རྩ་གཉིས་རྣམས་ཚུལ་བཞན་དུ་བསྲུང་བའོ། །ནང་གི་སྡོམ་པ་ནི། ཤེས་པ་བཅོས་
༡༤༡བསླད་མེད་པར་གཉུག་མ་མི་རྟོག་པའི་ངང་དུ་བཞག་པའོ། །དེ་རྣམས་གྱི་ཕྱིའི་སྡོམ་པ་གསུམ་ནི་དཀའ་ཐུབ་ཀྱི་ལམ་དུ་འགྱུར་ལ། ནང་གི་གསུམ་ནི་བུ་ཆུང་གི་ལམ་གྱིས་ཉམས་སུ་བླང་བའོ། །གསུམ་པ་ནི། རང་གི་སེམས་འཁྲུལ་རྟོག་གི་རྗེས་སུ་འབྲངས་ནས་ཆུད་མ་ཟོས་པར་བྱང་ཆུབ་ཀྱི་སེམས་གཉིས་དང་རྟག་ཏུ་མ་བྲལ་བར་བྱ་དགོས་ཤིང་། དེ་ལའང་ཕྱི་ནང་གཉིས་སུ་ཡོད་པ་ལས། ཕྱིའི་ཀུན་རྫོབ་བྱང་སེམས་ནི་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ། དོན་དམ་ནི་སྤྲོས་པ་དང་བྲལ་བའི་དབྱིངས་སུ་མཉམ་པར་འཇོག་པའོ། །ནང་གི་ཀུན་རྫོབ་བྱང་སེམས་ཀུནྡ་ལྟ་བུ་མི་ཉམས་པར་བསྲུང་བ་དང་། དོན་དམ་བྱང་སེམས་བདེ་སྟོང་གི་ཏིང་ངེ་འཛིན་ལ་རྟག་ཏུ་གནས་པར་བྱ། དེས་ཕྱིའི་དཀའ་ཐུབ་ཀྱི་ལམ་དང་། ནང་གི་བུ་ཆུང་གི་ལམ་དང་འབྲེལ་བའོ། །དེ་གསུམ་དང་ལྡན་པའི་སྟེང་དུ་ཐབས་གསུམ་ཚུལ་བཞིན་དུ་བསྟེན་ན་འབྲས་བུ་སྐུ་གསུམ་མྱུར་དུ་འཆར་བར་འགྱུར་རོ། །གཉིས་པ་གདམས་ངག་དངོས་གཞི་བྱེ་བྲག་ཏུ་འཆད་པ་ལ་གསུམ། རྒྱུ་ལྷན་ཅིག་སྐྱེས་པ་རང་བཞིན་གྱིས་གནས་པ། ཐབས་ལྷན་ཅིག་སྐྱེས་པ་ཉམས་གསུམ་སྐྱེད་པར་བྱེད་པ། འབྲས་བུ་ལྷན་ཅིག་སྐྱེས་པ་རྣམ་ཐར་སྒོ་གསུམ་དང་སྐུ་གསུམ་འཆར་བའི་ཚུལ་ལོ། །དང་པོ་ལ་གཉིས། གནས་ལུགས་སྐྱེ་མེད་ལྷན་ཅིག་སྐྱེས་པ་དང་པོ། རྒྱུ་རང་ལུས་ལྷན་ཅིག་སྐྱེས་པ་གཉིས་པའོ། །དང་པོ་ནི། སེམས་དངོས་པོའི་གནས་ལུགས་གང་ནས་ཀྱང་སྐྱེ་བ་མེད་པར་གདོད་ནས་ལྷན་ཅིག་ཏུ་སྐྱེས་པ་སྟེ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་སུ་འདུ་ཞིང་སེམས་ལས་གཞན་དུ་ཆོས་གང་དུའང་གྲུབ་པ་མེད། སེམས་ཀྱི་གནས་ལུགས་དེ་ཉིད་ཐོག་མ་ནས་རང་བཞིན་གྱིས་ལྷན་ཅིག་སྐྱེས་པར་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཁྱབ་ནས་ཡོད། དེ་ཉིད་ཁ་ནང་བལྟས་ཀྱིས་བརྟག་པ་ན་ངོ་བོ་གསལ་རིག་ཙམ་དུ་མྱོང་བ་ནི་གསལ་བ་སེམས་ཀྱི་མཚན་ཉིད་
༡༤༢ཡིན་ལ། གསལ་ཙམ་དེ་ཉིད་རང་གི་ངོ་བོའི་སྒོ་ནས་དང་པོ་སྐྱེ་བ་མེད། བར་དུ་གནས་པ་མེད། མཐར་འགག་པ་མེད། ཁ་དོག་དབྱིབས་ལ་སོགས་པའི་དངོས་པོར་མ་གྲུབ། ལུས་ཀྱི་ཕྱི་ནང་སྟོད་སྨད་གང་དུའང་མི་གནས། ཇི་ལྟར་བཙལ་ཡང་མ་རྙེད། གང་ལྟར་དཔྱད་ཀྱང་མ་གྲུབ་པ་དེ་ནི་སྟོང་པ་སེམས་ཀྱི་གནས་ལུགས་ཞེས་བྱ། དེ་ལྟར་ཚོལ་མཁན་དེའང་སེམས་ཁོ་རང་ལས་གཞན་མེད་ཅིང་གསལ་བའི་ཆ་ཡིན། དེ་ལྟར་ན་གསལ་བའི་ངོ་བོ་སྟོང་པ། སྟོང་པའི་རང་བཞིན་གསལ་བ། དེ་གཉིས་དབྱེར་མེ་ཕྱེད་པ་ལ་ཟུང་འཇུག་དང་། དབྱེར་མེད་དང་། བརྗོད་བྲལ་དང་། གནས་ལུགས་ལྷན་སྐྱེས་སོགས་ཀྱི་མིང་གིས་བསྟན་པ་ཡིན་ནོ། །དེ་ཉིད་ཉམས་སུ་ལེན་པ་ན། ལྷན་སྐྱེས་གྲུབ་པ་ལས། གང་ཕྱིར་ཡིད་ཀྱིས་མ་བསྒོམས་ན། །འགྲོ་བ་ཐམས་ཅད་བསྒོམ་པར་འགྱུར། །བསྒོམ་པ་མེད་པའི་བསྒོམ་ཉིད་ཀྱིས། །ཆོས་རྣམས་ཐམས་ཅད་ཡོངས་ཤེས་འགྱུར། །བརྟན་དང་གཡོ་བའི་དངོས་པོ་ཡང་། །རྩྭ་དང་ནགས་ཚལ་ལྕུག་མ་སོགས། བདག་ཉིད་རང་གི་ངོ་བོ་ཉིད། །དེ་ཉིད་མཆོག་ནི་ངེས་བསྒོམ་ན། དེ་དག་རྣམས་ལས་ཕྱོགས་གཅིག་མེད། །ཅེས་གསུངས་པ་ལྟར་ཅིར་ཡང་བསྒོམ་དུ་མེད་པའི་ངོ་བོ་ཉིད་ལ་སོ་སོ་དང་རིག་པས་མཉམ་པར་བཞག་པས་བདེ་སྟོང་དབྱེར་མེད་པའི་དབྱིངས་སུ་གྲོལ་བར་འགྱུར་ཏེ། སྔ་མ་ལས། སོ་སོ་རང་རིག་བདེ་ཆེན་པོ། །གང་ཞིག་སོ་སོ་རང་རིག་སྒོམ། རང་གིས་དངོས་གྲུབ་འབྱུང་བར་འགྱུར། །ཅེས་སོ། །གཉིས་པ་ནི། གནས་ལུགས་དེ་ལྟར་མ་ཤེས་ཤིང་ཕྱིན་ཅི་ལོག་ཏུ་བརྟགས་པ་ལ་བརྟེན་ནས་དུག་གསུམ་སྒོ་གསུམ་ལ་སོགས་པ་རིམ་གྱིས་གྲུབ་ནས་འཁོར་བའི་འཁོར་བའི་གནས་སུ་འཁོར་བ་ཡིན་ཅིང་། དེ་ལ་རྒྱུ་ལྷན་ཅིག་སྐྱེས་པ་ཞེས་བྱ། དེ་ལ་སྐབས་འདིར་ཆོས་བཅོ་ལྔས་བསྟན་ཏེ་སྒོ་གསུམ་གྱི་ཆོས་དགུ། དེ་ལ་བར་ཆད་ཀྱི་ཆོས་དྲུག་བཅས་བསྡོམས་པའོ། །དང་པོ་ཆོས་དགུ་ནི། སྒོ་གསུམ་ལུས་ངག་ཡིད་དང་
༡༤༣གསུམ། ལུས་ལ་རྩ་དབུ་མ་རོ་མ་རྐྱང་མ་གསུམ་ལྷན་ཅིག་ཏུ་སྐྱེས། ངག་ལ་རླུང་ལྡང་འཇུག་གནས་པ་གསུམ་ལྷན་ཅིག་ཏུ་སྐྱེས། སེམས་ལ་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་པོ་ལྷན་ཅིག་ཏུ་སྐྱེས་པའོ། །དེ་ལས་དུག་གསུམ་གྱི་རང་མདངས་ཕྱི་ནང་གི་བར་ཆད་དྲུག་ཀྱང་ལྷན་ཅིག་སྐྱེས་པ་སྟེ། ནང་གི་བར་ཆད་འདོད་ཆགས་ལས་རླུང་གི་ནད། །ཞེ་སྡང་ལས་མཁྲིས་པའི་ནད། གཏི་མུག་ལས་བད་ཀན་གྱི་ནད་དེ་ཉེས་པ་གསུམ་ལྷན་ཅིག་ཏུ་སྐྱེས། ཕྱིའི་བར་ཆད་འདོད་ཆགས་ལས་བསེན་མོ་སོགས་མོ་རིགས་ཀྱི་གདོན། ཞེ་སྡང་ལས་རྒྱལ་འགོང་སོགས་པོ་རིགས་ཀྱི་གདོན། གཏི་མུག་ལས་ཀླུ་གཉན་ས་བདག་སོགས་ཀླུ་རིགས་ཀྱི་གདོན་བྱུང་བ་སྟེ། དེ་ལྟར་ན་ཆོས་བཅོ་ལྔ་པོ་དེ་ཐོག་མར་རང་སེམས་འཁྲུལ་པས་ཉོན་མོངས་པའི་གཞན་དབང་དུ་སོང་སྟེ་ལུས་གྲུབ་པ་ཙམ་ནས་ལྷན་ཅིག་ཏུ་སྐྱེས་པའི་ཕྱིར་དེ་དག་སྦྱོང་བའི་དོན་ཏུ་ལམ་ཉམས་སུ་བླང་བ་ལ་འབད་དགོས་སོ། །གཉིས་པ་ཐབས་ལྷན་ཅིག་སྐྱེས་པ་ལ་གཉིས། དཀའ་ཐུབ་པའི་ལམ་དང་། བུ་ཆུང་གི་ལམ་མོ། །དང་པོ་ནི། རྟོག་བཅས་དཀའ་ཐུབ་པའི་གང་ཟག་དེ་ལམ་དུ་ཞུགས་པའི་ཐོག་མར་སྦྱོར་བའི་ཆོས་གསུམ་ལས། བླ་མ་སྤྱི་བོར་བསྒོམ་པ་ནི། རང་གི་སྤྱི་བོར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མ་ཟླ་བ་བརྩེགས་པའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག །སྐྱབས་གནས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་འབྱུང་གནས་སུ་ཤེས་པར་བྱས་ལ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་གསོལ་འདེབས་ཀྱི་ཚིག་ཁྱད་པར་ཅན་རྣམས་དང་བརྒྱུད་པའི་གསོལ་འདེབས་ཀྱང་བྱས་ལ། མཐར་བླ་མ་ཉིད་འོད་ཀྱི་རང་བཞིན་ཏུ་ཞུ་ནས་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་བཞི་ཐོབ། དྲི་མ་བཞི་དག །ལུས་ངག་
༡༤༤ཡིད་བྱ་བྱེད་དང་བཅས་པ་བླ་མ་སྐུ་བཞིའི་བདག་ཉིད་དུ་གྱུར་པར་མོས་ལ་གསལ་སྟོང་འཛིན་མེད་ཀྱི་ངང་ལ་བཞག །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་པ་ནི། རང་གི་ཚེ་རབས་ཐོག་མ་མེད་པ་ནས་ཕ་མར་གྱུར་པའི་སེམས་ཅན་འདི་རྣམས་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱང་བ་སྙིང་རེ་རྗེ། འདི་རྣམས་ཀྱི་དོན་དུ་བདག་གིས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཅི་ནས་ཀྱང་ཐོབ་ངེས་པར་བྱ། དེའི་རྒྱུ་རྐྱེན་གྱི་གཙོ་བོ་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་འདུན་པ་དྲག་པོས། ངག་ཏུའང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་མང་དུ་བརྗོད། ལྷའི་རྣལ་འབྱོར་དྲན་པ་ནི། ཧཱུྃ་ཞེས་བརྗོད་པས་གནས་ཁང་སྲུང་བའི་འཁོར་ལོ། ཧཱུྃ་ཞེས་བརྗོད་པས་དེའི་ནང་དུ་གཞལ་ཡས་ཁང་། ཧཱུྃ་ཞེས་བརྗོད་པས་དེའི་དབུས་སུ་པདྨ་ཉི་མ་བདུད་བཞི་བརྩེགས་པའི་གདན་ལ་བདག་ཉིད་བཅོམ་ལྡན་འདས་དཔལ་ཀྱེ་རྡོ་རྗེ་མཐིང་སྔོན་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་དང་གཡོན་ཐོད་པ་བསྣམས་པ། གྲུ་མོ་ན་བདག་མེད་མའི་ངོ་བོ་ཁ་ཊྭཱྃ་ལ་འཁྱུད་པ། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་རྡོ་རྗེ་གསུམ་གྱི་ངོ་བོར་འབྲུ་གསུམ་དཀར་དམར་མཐིང་གས་མཚན་པར་གསལ་བཏབ་ལ། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད། དངོས་གཞི་ལ། ལུས་ཀྱི་འཁྲུལ་འཁོར་ལག་ལེན་བཞིན་བྱ། ངག་འདྲེན་པ་ལུགས་གཉིས་ལ་ཡན་ལག་གསུམ་གསུམ་དུ་བྱ་བ་བླ་མའི་ཞལ་ལས་འདྲི། ཞེས་གསུངས་པ་ཡི་གེར་བཏབ་པ་མེད་ཅིང་ཞལ་ཤེས་མན་ངག་གི་རྒྱུན་དངོས་མི་བཞུགས་ཀྱང་དཀའ་ཐུབ་ཀྱི་ལམ་གྱི་དངོས་གཞི་དང་། བུ་ཆུང་གི་ལམ་པ་ལའང་སྔོན་དུ་གལ་ཆེ་བའི་རང་ལུས་ཐབས་ལྡན་གྱི་གདམས་པ་ལ་དོན་ཚང་བས། དེ་ལ་བཞི།
༡༤༥སྦྱང་བའི་ཐབས། གཟུད་པའི་སྲང་། དྲང་བའི་ཐབས། དགྲམ་པའི་གནས་བསྟན་པའོ། །དེའི་དང་པོ་ལའང་བཞི། ལུས་བཅོས་པའི་ཐབས་ནི། རྐང་པ་གཡོན་པ་གཡས་པའི་བརླ་སྟེང་དུ་འཁྱུད། རླུང་བཟུང་བའི་གནས་བསྟན་པ་ནི་ལྟེ་བ་དང་གསང་གནས་བར་དུ་བཟུང་། དམིགས་པ་བྱ་བའི་ཡུལ་ནི་གནས་དེར་རླུང་ཁ་དོག་སྔོ་ཆི་ལེ་བ་སོར་གཉིས་སམ་སོར་བཞིའི་ཚད་དུ་བསྒོམ། ཉམས་སུ་བླང་བའི་མན་ངག་ནི། བཙན་ཐབས་སུ་སྟེང་འོག་རླུང་ཁ་སྦྱོར་དུ་བཟུང་བས་ཞག་གསུམ་ནས་ལྟེ་བ་འབུར་གྱིས་འོང་བར་གསུངས། གཉིས་པ་གཟུང་བའི་སྲང་བསྟན་པ་ནི། དངོས་ལས་རྒྱའི་ལམ་ལ་བསྟེན་པ་ཡིན་པས་མདོ་ཙམ་འོག་ཏུ་བཤད། ལམ་གཉིས་ཀར་ཡང་ཐོག་མར་ཡིད་རིག་ལ་བརྟེན་དགོས་པས། ངག་འདྲེན་པའི་ཐབས་གཉིས་སམ། གོང་བཤད་དེ་ལ་རིམ་གྱིས་སྦྱངས་པས་རླུང་ལས་སུ་རུང་བ་ན་ཡིད་ཆགས་པའི་བུ་མོ་ཞིག་མདུན་དུ་ཡོད་པར་དམིགས། འདོད་ཆགས་ཀྱི་རོལ་རྩེད་བྱས་པས་བདེ་བ་བསྐུལ། འདུ་ཤེས་སྤྱི་ལྟར་བྱས་ལ་སྙོམས་པར་འཇུག །ཡས་བབ་ཀྱི་དགའ་བ་བཞི་རིམ་པར་བསྐྱེད། འདིར་རྩ་བཞི་པོ་དང་དངོས་སུ་འཕྲད་པ་མེད་ཀྱང་ཡིད་ཀྱིས་བརྟགས་པས་དངོས་སུ་འབྱང་བའི་དགོས་པ་ཡོད། དེས་ཐིག་ལེ་དངོས་སུ་བབས་པའམ་རྗེས་མཐུན་པའི་བདེ་བ་སྐྱེ་བར་འགྱུར་རོ། །གསུམ་པ་དྲང་བའི་ཐབས་བསྟན་པ་ནི། ཡས་བབས་ཀྱི་དགའ་བཞི་རྫོགས་མ་ཐག་པར་ཐིག་ལེ་ཏིལ་འབྲུ་ཙམ་ཡང་མ་ཉམས་པར་བྱས་ཏེ། ལུས་ཀྱི་མགོ་སྨད། གཞན་སྟོད་ལ་དང་པོ་ཨ་ཐུང་དུ་སྒྲ་མེད་དུ་དྲང་། དེ་ནས་སྒྲ་བཅས་སུ་དྲང་། མཐར་ཡིད་ཀྱིས་དྲང་། གསུམ་ག་རེ་རེ་བཞིན་མགོ་སྤྲུགས། དམིགས་པ་ཐིག་ལེ་རྣམས་སྐྱ་ཆི་ལི་ལི་སྤྱི་བོར་ལྡོག་པར་བསྒོམ། ཡས་བརྟན་གྱི་དགའ་བཞི་ངོས་བཟུང་བས་ངེས་པར་ལུས་ཐམས་ཅད་ལ་ཁྱབ་པའི་བདེ་བ་སྐྱེའོ། །བཞི་པ་དགྲམ་པའི་གནས་བསྟན་པ་ནི། དབུགས་ནང་དུ་རྔུབ་
༡༤༦ལ་སྟེང་རླུང་དགག །དང་པོ་ལག་པ་གཡས་བརྐྱང་ལ་སྣ་གཡོན་ནས་བཟུང་སྟེ་མགོ་སྤྲུགས། ལག་པས་བཏང་ནས་སྤྲུགས། ཡང་བཟུང་སྟེ་སྤྲུགས། དེ་གོ་ལྡོག་སྟེ་བྱ། ལུས་ཐམས་ཅད་ཐིག་ལེས་ཁྱབ་པར་དམིགས། དེས་ངེས་པར་ལུས་ཀྱི་བ་སྤུའི་བུ་ག་ཚུན་ཆད་ཐིག་ལེས་ཁྱབ་པར་འགྱུར་ཞིང་། དེ་ནས་ལུས་ཀྱང་རས་བལ་གྱི་ཟེག་མ་ལྟ་བུར་འགྱུར། འདིས་འཕྲལ་དུ་ཉམས་མྱོང་སྐྱེ་བས་ཤིན་ཏུའང་གནད་གལ་ཆེ་གསུངས་སོ། །འདི་ནི་དཀའ་ཐུབ་པའི་ལམ་གྱི་དངོས་གཞི་དང་། བུ་ཆུང་གི་ལམ་ལའང་སྔོན་ཏུ་འབྱང་ངེས་པ་དགོས་སོ། །གཉིས་པ་བུ་ཆུང་གི་ལམ་གྱི་དངོས་གཞི་ལ། ཐོག་མར་སྦྱོར་བའི་ཡུམ་བཞི་ནི། པདྨ་ཅན། དུང་ཅན་མ། རི་མོ་ཅན། བ་ལང་ཅན་མ་བཞི། དེ་རེ་རེ་ལའང་རབ་འབྲིང་ཐ་མ་གསུམ་རེ་ཡོད་པ་རྣམས་གཞུང་ལྟར་བརྟགས་ལ་རབ་འབྲིང་གང་རྙེད་བསྟེན། ཐ་མ་བསྟེན་དུ་མི་རུང་། བསྟེན་བྱ་དེའང་རྒྱུད་དག་པར་བྱས་ལ་ཟླ་བ་གཅིག་ཏུ་བཟའ་བཏུང་བཅུད་ཆེན་གྱིས་མདངས་བསྒྲུབ། བཀྲག་མདངས་རྒྱས་པ་དང་དམིགས་པ་འཁྲུལ་འཁོར་སོགས་ཡིད་རིག་ལྟར་བྱས་ལ་སྙོམས་པར་ཞུགས། གཟུད་པའི་སྲང་དངོས་རིགས་བཞི་དང་མཐུན་པའི་རྩ་བཞི་སྟེ། པདྨའི་སྣལ་མ་ལྟར་ཕྲ། མདུང་གི་རྩེ་ལྟར་རྣོ། རལ་གྲིའི་སོ་ལྟར་གཅོད། མེ་ལོང་གི་ངོས་ལྟར་འཇམ། སྤྱིར་རྩ་ཤིན་ཏུ་ཕྲ་ན་བཟང་ཞིང་རྩྭ་ཤིན་ཏུ་བཟང་བའི་རིགས་ཆགས་པ་སྐྱེས་པ་ཙམ་གྱིས་རྩ་སྣ་རང་བཞིན་འབྱུང་བ་ཡོད་ཅིང་། དེ་ལྟར་མི་འབྱུང་བ་རྣམས་ལ་རྩ་བཙལ་བའི་ཐབས་བྱས་ཏེ་རྩྭ་སྣེ་རྡོ་རྗེའི་བུ་གར་གཟུད། དམིགས་པ་རྩྭ་ཀུན་འདར་སྦྲུལ་གྱི་མགོ་རླུང་གིས་བསྐྱོད་པ་ལྟར་ལྟེ་བའི་གནས་དེར་ཕྲིལ་ཕྲིལ་སོང་བར་བསམ། འདྲེན་དགྲམ་སྔར་བཞིན་བྱའོ། །དེ་ལྟར་སྦྱངས་པས་ཞག་དང་པོ་ནས་བཅུ་གཅིག་ཚུན་ཆད་དུ་བདེ་བས་བརྒྱལ་ནས་མི་འགྲོ་མི་སྲིད། གང་ཟག་འགའ་ཞིག་ཐོག་མ་ནས་བདེ་བས་བརྒྱལ་ནས་འགྲོ་བའང་ཡོད་དོ། །གསུམ་པ་ལམ་གཉིས་ཀ་ལ་ཐུན་མོང་དུ་བསྟན་པ་
༡༤༧ཉམས་ཀྱི་མན་ངག་གི་ཆོས་ཉི་ཤུ་རྩ་བཞི་ནི། དང་པོ་ཐུར་སེལ་གྱེན་ལ་ལོག་པའི་སྟོབས་ཀྱིས་ལུས་ལ་བདེ་རླུང་འབར་བས་སྐྱེ་བའི་གོ་རིམ་ངེས་པ་མེད་པར་དྲོད་དང་བདེ་བ་དུས་གཅིག་ཏུ་སྐྱེ། སེམས་ལ་དགའ་བདེས་ཁྱབ། ངག་སྨྲ་རྒོད་དང་གློ་བུར་གྱིས་འོ་དོད་འབོད་པ་འབྱུང་། དེ་ནི་སྒོ་གསུམ་ལ་འདོད་ཆགས་ཆེན་པོས་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན། ཉོན་མོངས་པ་འདོད་ཆགས་ལམ་དུ་བསླང་བ་ལ་ཡུལ་ལ་ཆགས་པ་རིམ་གྱིས་སྤང་། ནང་རླུང་ནད་འབྱང་། གདོན་མ་རིགས་ལྔ་ལས་གྲོལ། རྩ་གཡོན་པ་རྐྱང་མ་དབང་དུ་འདུས། རླུང་འཇུག་པ་ལ་དབང་ཐོབ། སེམས་རྨི་ཉམས་རྣམས་སུའང་བདེ་བ་འབྱུང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་མིང་ཐོབ། དེ་ལྟར་བརྒྱད་ནི་ཡན་ལག་དང་པོ་སྟེ་རྒྱུ་ཉིད་ལམ་དུ་འགྱུར་བའོ། །གཉིས་པ་ཐུར་སེལ་དྲངས་པའི་སྟོབས་ཀྱིས་ཉམས་མྱོང་གཅིག་ཆར་དུ་སྐྱེ། བདེ་བ་སྐྱེས་པའི་དུས་སུ་ཤེས་པ་གསལ་ལ་ཡང་བ། སྙིང་རྗེ་ཆེན་པོ་འབྱུང་བ་ནི་ཏིང་ངེ་འཛིན། མི་སྡུག་པའི་རྐྱེན་གྱིས་གསལ་བ་མཐར་ཐུག་པ་འབྱུང་བ་ནི་ཞེ་སྡང་ཆེན་པོ་ཡིན་པས་ཉོན་མོངས་པ་ཞེ་སྡང་ལམ་དུ་བསླངས། ནད་ཁྲག་མཁྲིས་ཞི། གདོན་ཕོ་རིགས་ལས་གྲོལ། རྩ་གཡས་པ་རོ་མ་དབང་དུ་འདུས། རླུང་ཕྱིར་དབྱུང་བ་ལ་དབང་ཐོབ། སེམས་རྨི་ལམ་དུའང་ནམ་མཁའ་ལ་སྐྱིལ་ཀྲུང་བཅའ་བ་སོགས་གསལ་ཞིང་ཡང་བ་འབྱུང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་མིང་ཐོབ། དེ་ལྟར་བརྒྱད་ནི་ཡན་ལག་གཉིས་པ་སྟེ་རྒྱུ་ལྷན་ཅིག་སྐྱེས་པའི་སྟོབས་ལས་བྱུང་བའོ། །གསུམ་པ་ཐུར་སེལ་དྲངས་པའི་སྟོབས་ཀྱིས་སྔ་མ་དང་ལྷན་ཅིག་ཏུ་ཤེས་པ་རང་བཞིན་གྱིས་མི་རྟོག་པའི་གཉུག་མར་གནས་པ་འབྱུང་སྟེ་ཏིང་ངེ་འཛིན། ཡུལ་གང་ལའང་མི་རྟོག་པས་མ་རིག་པ་ཆེན་པོ་ཡིན་པས་ཉོན་མོངས་པ་གཏི་མུག་ལམ་དུ་བསླང་། ནད་བད་ཀན་ཞི། །གདོན་རླུང་རིགས་ཀྱིས་མི་ཚུགས། རྩ་ཨ་བ་དྷཱུ་ཏི་དབང་དུ་
༡༤༨འདུས། རླུང་གནས་པ་ལ་དབང་ཐོབ། སེམས་མི་རྟོག་པ་མཉམ་རྗེས་མེད་པས་གཉིད་ལོག་མ་ལོག་ཀྱི་ཁྱད་པར་མེད་པས་གཉིད་ལོག་ནས་སད་པར་མི་བྱེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་མིང་ཐོབ་སྟེ། གཟུང་འཛིན་གཉིས་ལས་གྲོལ། དེ་ལྟར་བརྒྱད་ནི་ཡན་ལག་གསུམ་པ་སྟེ་དེ་དག་ཀྱང་རྒྱུ་ལྷན་ཅིག་སྐྱེས་པའི་མཐུ་ལས་བྱུང་བའོ། དེ་དག་བསྡོམས་པས་ཡན་ལག་ཉི་ཤུ་རྩ་བཞི་ནི་ཉམས་ལྷན་ཅིག་སྐྱེས་པའོ། །གསུམ་པ་འབྲས་བུ་ལྷན་ཅིག་སྐྱེས་པ་ལའང་གསུམ། དང་པོ་རྟགས་འབྱུང་ཚུལ། བར་དུ་སྤྱོད་པ་སྤྱད་ཚུལ། མཐར་འབྲས་བུ་དངོས་ཐོབ་ཚུལ་ལོ། །དང་པོ་ཉམས་གསུམ་རྒྱུད་ལ་སྐྱེས་ནས་རྟགས་གསུམ་ལུས་ངག་ཡིད་གསུམ་ལ་འབྱུང་སྟེ། ལུས་ཀྱི་གཞན་དོན་བྱེད་པའི་ཁྱད་པར་གྱི་རྟགས་ནད་དང་གདོན་གྱིས་ཟིན་པའི་སྡུག་བསྔལ་ཅན་མཐོང་ན་ལག་པས་བྱབས་པའམ་འགོམ་པ་དང་དྲི་ཆེན་དྲི་ཆུ་བྱུགས་པ་ཙམ་གྱིས་ཞི་བར་འགྱུར། ངག་གི་རྟགས་ནད་སོས་པར་གྱུར་ཅིག་བརྗོད་པས་ནད་སོས་པ་སོགས་སྨོན་པའི་ཚིག་བརྗོད་པ་ཙམ་གྱིས་དེ་དང་དེ་དག་འགྲུབ་པ་སྟེ་ཚིག་གི་མཆོག་གྲུབ་པར་འགྱུར་རོ། །སེམས་ཀྱི་རྟགས་དང་པོ་རྨི་ལམ་ཇེ་གསལ་དུ་འགྲོ། །དེ་ནས་མི་མ་ཡིན་མཐོང་། དེ་ནས་སྒོམ་ཉམས་ཉིད་ལ་ཕན་པ་དང་གནོད་པ་ངོས་ཟིན་པ་འབྱུང་ངོ་། །ཡང་ཚེ་འདི། འཆི་ཁ། བར་དོ་ལ་རྟགས་གསུམ་འཆར་བར་འགྱུར་སྟེ། ཚེ་འདིར་འཆར་བ་ནི། ལུས་ཡང་། བཀྲག་མདངས་བཟང་། ཟས་གོས་གང་ལའང་ཞེན་པ་ཆུང་། བྱ་བ་རྣམས་ཐུག་འཕྲད་བྱེད། བརྗེད་ངས་གློ་བུར་དུ་དྲན་པ་སྐྱེའོ། །གཉིས་པ་འཆི་ཁར་གནད་གཅོད་ཀྱི་ཟུག་རྔུ་མེད། འཆི་བ་ལ་མི་འཇིགས། ལྷ་མིའི་ལུས་དོན་དུ་མི་གཉེར། རང་གི་ཏིང་ངེ་འཛིན་གྱི་ཉམས་དང་མ་བྲལ་བར་འབྱུང་ངོ་། །གསུམ་པ་བར་དོར་བླ་མ་དང་མཇལ་བ་སྙམ་བྱེད། སངས་རྒྱས་ཞལ་མཐོང་བ་སྙམ་བྱེད། ལུས་གང་ལེན་པ་དེའི་སྣང་བ་རང་གི་ལྷག་པའི་ལྷར་འཆར་སྟེ་རིག་པ་འཛིན་པ་ལ་སོགས་པར་གྱུར་ནས་ངན་སོང་གི་སྐྱེ་སྒོ་ཁེགས་པར་འགྱུར་རོ། །གཉིས་
༡༤༩པ་རྟགས་མཐོང་ནས་སྤྱོད་པ་སྤྱད་ཚུལ་ནི། འདིའི་ལུགས་ཀྱི་རྟགས་དང་པོ་ཅུང་ཟད་ཙམ་བྱུང་ནས་གསང་བའི་སྤྱོད་པ་རིམ་གྱིས་བྱེད་པ་ཡིན་ཏེ། ཉིན་མོ་གྲོགས་དང་མཐུན་པའི་སྤྱོད་པ་བྱ། འཇིག་རྟེན་པའི་ཁ་ན་མ་ཐོ་བ་བསྲུང་། མཚན་མོ་སྤྱོད་པའི་དུས་སུའང་གོ་རིམ་དཀྲིག་གེ་བ་མི་བཞེད། གོས་བཟང་ངན་མེད་པ་གྱོན། གྲོགས་ཀྱང་རིགས་བཟང་ངན་གཉིས་ཀ་ལ་བསྒྲོད། རྣམ་རྟོག་ཆུང་ན་དྲི་ཆེན་དྲི་ཆུ་ཤ་ཆེན་རྣམས་རིམ་གྱིས་གསང་ལ་བརྟེན་པས་རིམ་པར་སེམས་ཉམས་བརྟན་ཅིང་རྟགས་གསུམ་ལ་སོགས་པ་མྱུར་དུ་འཆར་ཅིང་བརྟན་པར་འགྱུར། མངོན་ཤེས་འཆར་ཅིང་གཞན་དོན་ནུས་ན་ལུས་ལ་རྒྱན་དྲུག་གདགས་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱ་བར་བཞེད་དོ། །འདིའི་ལུགས་ཀྱིས་ལམ་དང་པོ་བསྒོམ་པ་ནས་བཟུང་། འབྲས་བུ་ཐོབ་ཀྱི་བར་བར་ཆད་ཀྱི་ཆོས་བསལ་བ་གུད་དུ་མི་མཛད་དེ། བར་ཆད་ནི་ནད་གསུམ། གདོན་གསུམ་ཡིན་ལ་དེ་ནི་ཉམས་བསྐྱངས་པ་ཉིད་ཀྱིས་རང་གྲོལ་དུ་འགྱུར་བར་བཞེད་དོ། །གསུམ་པ་སྤྱོད་པས་མཚམས་སྦྱར་ཏེ་འབྲས་བུ་ལྷན་ཅིག་སྐྱེས་པ་ཐོབ་པར་འགྱུར་ཏེ། དེ་ལའང་གསུམ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། དང་པོ་ཆོས་སྐུ་ནི་ཡན་ལག་གཅིག་སྟེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའོ། །ད་ནི་ལམ་གྱི་ཉམས་ཕྱི་མས་འགྲུབ་པའོ། །གཉིས་པ་ལོངས་སྐུ་ནི་ཡན་ལག་གསུམ་དང་ལྡན་པ་སྟེ་ལོངས་སྤྱོད་རྫོགས་པའི་ཡན་ལག་མཚན་དང་དཔེ་བྱད་འབར་བ། ཁ་སྦྱོར་གྱི་ཡན་ལག་རང་འོད་ཀྱི་ཡུམ་དང་བཅས་པ། བདེ་ཆེན་གྱི་ཡན་ལག་ཟག་པ་མེད་པའི་བདེ་བས་རྒྱུད་གང་བའོ། །དེ་ནི་ལམ་གྱི་ཉམས་དང་པོ་རྣམས་ཀྱིས་འགྲུབ་པའོ། །གསུམ་པ་སྤྲུལ་སྐུ་ནི་ཡན་ལག་གསུམ་དང་ལྡན་པ་སྟེ་སྙིང་རྗེས་ངེས་པར་གང་བའི་ཡན་ལག་ནི། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པས་རྟོག་པ་མེད་བཞིན་དུ་སེམས་ཅན་གྱི་དོན་འབད་མེད་དུ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །རྒྱུན་མི་འཆད་པའི་ཡན་ལག་ནི། སྨོན་ལམ་གྱི་དབང་གིས་གདུལ་བྱ་ཇི་སྲིད་གནས་པ་དེ་སྲིད་དུ་སྤྲུལ་པའི་རྒྱུན་མི་འཆད་དེ་ཆུ་
༡༥༠སྣོད་དང་ཟླ་གཟུགས་ལྟ་བུའོ། །འགོག་པ་མེད་པའི་ཡན་ལག་ནི། དོན་དམ་པར་སྤྲུལ་པའི་སྐུ་ལ་མྱ་ངན་ལས་འདའ་བ་མེད་དེ། ཚོགས་ཡོངས་སུ་རྫོགས་པའི་ཕྱིར་དང་། འཆི་བདག་གི་བདུད་བཅོམ་པའི་ཕྱིར་དང་། ཚེ་ལ་དབང་བ་སོགས་དབང་བཅུའི་མཐར་ཐུག་བརྙེས་པའི་ཕྱིར། ཀུན་ཏུ་ཁྱབ་པའི་ནམ་མཁའ་ལ་སྐྱེ་འཇིག་མེད་པ་ལྟ་བུའོ། །དེ་ནི་ལམ་གྱི་ཉམས་བར་པ་རྣམས་ཀྱིས་འགྲུབ་པ་ཡིན་ནོ། །དེ་ལྟར་སྐུ་གསུམ་པོ་འབྲས་བུ་ལྷན་ཅིག་སྐྱེས་པ་སྟེ། མདོར་ན་རྒྱུ་དང་ལམ་དང་འབྲས་བུ་གསུམ་གྱིས་བསྡུས་པའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་ཀྱི་རིམ་པ་གྲུབ་བོ། །བློ་ལྡན་ཐར་བར་ངལ་འཚོ་བའི། །གཏན་གྲོས་ལྷན་སྐྱེས་ཁྲིད་ཀྱི་ཚུལ། །ཕ་མཐའ་ཡས་པའི་འགྲོ་རྣམས་ཀྱིས། །ཉམས་སུ་ལོན་ནས་བདེ་ཐོབ་ཤོག །གྲུབ་ཆེན་ཌོམྦི་པས་མཛད་པ་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་ཀྱི་ལེ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།

༄༅༅། །དཔལ་ལྡན་ཤངས་པའི་གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད་ཅེས་བྱ་བ་བཞུགས་སོ༎ ༎

༤༥ དཔལ་ལྡན་ཤངས་པའི་གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད་ཅེས་བྱ་བ་བཞུགས་སོ།། །།
༤༦ རིན་ཆེན་རྣམ་བདུན་གསེར་གྱི་ཕྲེང་། །འཛིན་མཛད་བླ་མའི་གསང་བ་གསུམ། །མོས་གུས་སྙིང་གི་ཆུ་རྐྱེསསྐྱེས་ལ། །བརྟན་བཞུགས་སྒོ་གསུམ་བྱིན་གྱིས་རློབས། །སྔོན་ཅདཆད་ལུགས་འདིར་སྒོམ་དོན་ངག་ཏུ་བརྗོད་པའི་སྲོལ་མི་འདུག་ཀྱང་། ཐམས་ཅད་མཁྱེན་པ་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་ནཱ་རོའ་ཆོས་དྲུག་ཆེན་མོའ་རྩ་ཚིག་མཛད་པས་བློ་དམན་ལ་གསལ་ཐེབས་སླ་བའི་ཕན་པ་ཆེན་པོའ་རྒྱུན་སྲོལ་འདུག་པ་ལྟར། ལུགས་འདིའི་ཆོས་དྲུག་ལའང་དེ་ལྟར་མེད་ཀ་མེད་དུ་འདུག་ཅེས་ཉམས་ལེན་མཁན་རྣམས་ནས་སྔ་རྗེས་ནན་གྱིས་བསྐུལ་བ་ལྟར་འབྲི་བ་ལ། རིན་ཆེན་རྣམ་བདུན་བརྒྱུད་པར་བཅས་པ་དང་། ཆོས་བདག་མཁའ་འགྲོ་སྡེ་ལྔ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པས་བཀའི་གནང་བ་སྩལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་སྔོན་འགྲོའི་ངག་འདོན་རྣམས་གཞན་དུ་བཀོད་ཟིན། འདིར་གསེར་ཆོས་དང་པོ་རྩ་བ་ནི་གུ་ཆོས་དྲུག་རྗེ་བཙུན་ཆེན་པོའ་ཁྲིད་ཡིག་ཏུ། རྒྱས་པ་དམིགས་སྐོར་དྲུག་ཅུ་རྩ་བདུན། འབྲིང་པོ་བཅུ་བདུན། བསྡུས་པ་སྟན་གཅིག་མར་དྲུག་ཏུ་གསུངས་པ་ལས། འདིར་ཉམས་ཁྲིད་རྒྱས་པ་ལ་འཇུག་པའི་དབང་དུ་བྱས་ཤིང་། དེ་ལས་དངོས་གཞི་སྒོམ་པའི་སྐབས་སུ་མེད་ཀ་མེད་རྣམས་སྡོམ་དུ་བཀོད་པའི་ཐོག་མར་གཏུམ་མོ་བདེ་དྲོད་རང་
༤༧ འབར་གྱི་སྔོན་འགྲོ་ལུས་གནད་མེའི་སྟོང་ར་གསལ་འདེབས་པ་ནི། རང་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར། །སྤྱན་གསུམ་སྐྲ་གྲོལ་རུས་པའི་རྒྱན་ཆས་སྤྲས། །རྡོ་རྗེ་ཐོད་ཁྲག་བསྣམས་ཤིང་མེ་དཔུང་དབུས། །པད་ཉི་མི་རོའ་གདན་ལ་གཡས་བརྐྱང་བཞུགས། །དར་དམར་གུར་ཕུབ་ལྟ་བུའི་སྟོང་རའི་ནང་། །འོད་དམར་དྲོད་ཀྱི་རང་བཞིན་ཁྱབ་པའོ། །ཞེས་པས་ལུས་ཀྱི་སྟོང་ར་ནན་ཏུ་གསལ་འདེབས་པ་ནི་འོག་དངོས་གཞི་ལའང་མཚུངས་སོ། །མེ་རྒོད་དམིགས་པ་ནི། རང་གི་ལྟེ་བའི་མདུན་རྒྱབ་མཁལ་ཁུང་གཉིས། །མེ་གོང་ཟླུམ་པོ་དམར་ལ་རེག་བྱ་ཚ། །ལྕགས་བསྲེགས་གོང་བུ་དང་མཚུངས་བཞི་སྒོམ་གསལ། །དྲག་རླུང་སྦྱོར་བས་མེ་གོང་བཞི་པོ་འཐབ། །མེ་སྟགས་ཆེམས་ཆེམ་ལུས་ཀྱི་ནང་ཁྱབ་པས། །སྟོད་སྨད་ཚ་དྲོད་འུར་རེ་འབར་བར་འགྱུར། །དངོས་གཞི་གཏུམ་མོ་ཟས་ཟ་ལ། རྩའི་སྟོང་ར་དང་ཐིག་ལེ་གསལ་འདེབས་ནི། །རང་ལུས་ལྷར་གསལ་དབུ་མ་དྲང་ལ་སྲབ། །དམར་གསལ་གཡས་གཡོན་རོ་རྐྱང་དམར་དང་དཀར། །འཁོར་ལོ་བཞི་པོ་གདུགས་རྩིབས་ལྕགས་བསྲེགས་མཚུངས། ། །
༤༨ བཤང་སྒོར་རླུང་དཀྱིལ་ཟླ་གམ་སྔོན་པོ་གཡོ། །རྩ་གསུམ་འདུས་མདོར་རཾ་དམར་མེའི་རང་བཞིན། །དབུ་མའི་ཡས་སྣར་ཧཾ་དཀར་མགོ་ཐུར་ལྟ། །དཀར་ཆའི་རང་བཞིན་བསིལ་ཞིང་བདེ་རྒྱས་གསལ། །དེ་གསལ་ཐེབས་ནས་རླུང་སྦྱོར་དང་གཏུམ་མོ་གསལ་འདེབས་ནི། །རྔུབ་དགང་གཞིལ་འཕེན་འོག་རླུང་བསྐུམ་པ་ཡིས། །བུམ་ཅན་སྦྱོར་བས་རླུང་རྣམས་རོ་རྐྱང་བརྒྱུད། །རླུང་དཀྱིལ་ལས་བྱུང་དང་བཅས་ལྟེ་འོག་འདུས། །རཾ་ཡིག་བུས་པས་མེ་ལྕེ་སྤུ་ཤད་ལྟར། །ཕྲ་ཞིང་གསལ་ལ་ཇེ་རིང་འབར་བར་གྱུར། །དེ་ཡིས་ནུས་པ་རྙེད་ནས་འབར་འཛག་ནི། གཏུམ་མོའ་མེ་ལྕེས་སྤྱི་བོའ་ཧཾ་ལ་རེག །བྱང་སེམས་དཀར་པོའ་རྒྱུན་བབས་རང་ལ་ཐིམ། །མདུན་ཕྱོགས་མེ་དང་རྒྱབ་ཕྱོགས་བྱང་སེམས་རྒྱུན། །བར་མ་ཆད་པས་བར་དྲོད་ཚད་མེད་སྐྱེས། །བོགས་འདོན་གཏུམ་མོ་གོས་གྱོན་གདན་འདིང་ཐུན་མོངས་ནི། གནས་ཁང་རྡོ་རྗེའི་ས་གཞི་ར་བ་གུར། །པད་ཉིའི་གདན་བཅས་ལྕགས་བསྲེགས་རང་བཞིན་ལ། །ལྷ་སྐུ་རྒྱན་སོགས་མེ་ལྕེ་ཡལ་ཡལ་འབར། །གཏུམ་མོའ་མེ་ཡིས་ལུས་ནང་གང་བར་གྱུར། །འགྲོ་དུས་རྟར་ཞོན་པ་ནི། རང་ཉིད་ཡི་དམ་སྣང་སྟོང་ཞེན་བྲལ་གསལ། །རླུང་གི་ལྷ་མོ་དཀར་ལྗང་གཤོག་པ་ཅན། །གཉིས་ཀྱིས་མཆན་ཁུང་གཡས་གཡོན་ནས་བཏེགས་ཏེ། །གང་འདོད་གནས་སུ་ཐོགས་མེད་ཕྱིན་པར་གྱུར། །ཅེས་གསལ་གདབ་ལ། འཇམ་རླུང་བཟུང་ནས་ཕྱིན་པས་དཀའ་བ་མེད་ཅིང་ལུས་སྤྱོད་དུ་འགྱུར་བར་གསུངས་སོ།། ༈ སྒྱུ་ལུས་ཆགས་སྡང་རང་གྲོལ་གྱི་དབང་པོ་རབ་ཀྱི་ལམ་ཁྱེར་ནི། འདུས་བྱས་མི་རྟག་ནམ་འཆི་ཆ་མེད་པས། །ཅིས་ཀྱང་དགོས་མེད་རང་ཉིད་ཡི་དམ་ལྷ། །སྤྱི་བོའ་བླ་མར་མོས་གུས་གསོལ་བཏབ་པས། །རང་ཐིམ་དུས་གསུམ་སྤྲོས་བཅད་ལྷུག་པར་བཞག །དབང་པོ་འབྲིང་གི་ལམ་ཁྱེར་ནི། ལྷ་དང་བླ་མ་མོས་གུས་དྲན་འདུན་གསུམ། །རྟག་ཏུ་མི་
༤༩ འབྲལ་རང་གཞན་སྣོད་བཅུད་ཀུན། །སྣང་ཡང་བདེན་པར་མ་གྲུབ་སྒྱུ་མ་དང་། །རྨི་ལམ་དངོས་ཡིན་འཛིན་མེད་རང་ངོ་བསྐྱང་། །དབང་པོ་ཐ་མ་འགྲོ་དྲུག་སྒྱུ་མར་འཆར་བྱེད་ཀྱི་དམིགས་པ་ལ་གནད་བརྒྱད་ཡོད་པའི་དང་པོ་ནི། རང་ཉིད་ཡི་དམ་ལྟེ་འོག་ཆོས་འབྱུང་དཀར། །ཟུར་གཅིག་མདུན་བསྟན་འོད་ཀྱི་རང་བཞིན་གསལ། །གཉིས་པ་ནི། དེ་དག་རིགས་དྲུག་སེམས་ཅན་སོ་སོ་ཡི། །ཆ་བྱད་སྤྱོད་ཚུལ་ཅན་གྱིས་ཁྲིགས་མེར་གང་། །གསུམ་པ་ནི། དེར་སྐྱེའི་བག་ཆགས་ལྟེ་འོག་རྩ་ཡིག་གཟུགས། །མཁའ་མཉམ་འགྲོ་བཅས་བདེན་མེད་སྒྱུ་མའོ། །བཞི་པ་ནི། མ་རྒན་འདི་རྣམས་བདེན་མེད་བདེན་པར་བཟུང་། །རྟག་ཏུ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །ལྔ་པ་ནི། འདི་རྣམས་འཁོར་བའི་འཇིགས་ལས་མྱུར་སྒྲོལ་བར། །ཕ་གཅིག་བླ་མ་མཁྱེན་ནོ་ཐུགས་རྗེས་སྐྱོབས། །དྲུག་པ་ནི། དེ་ལ་སེམས་གཏད་གཅིག་ཡལ་གཉིས་ཡལ་ཏེ། །མཐར་ནི་ཀུན་ཡལ་ཆོས་འབྱུང་སྟོང་པར་གྱུར། །བདུན་པ་ནི། སེམས་ཉིད་གཏད་སོ་ཐམས་ཅད་བྲལ་བ་ཡི། །འཛིན་མེད་རང་བབས་ངང་དུ་ཤིགས་སེར་བཞག །བརྒྱད་པ་ནི། །རང་གཞན་སྣོད་བཅུད་སྣང་བཞིན་མ་གྲུབ་ལ། །མེད་སྣང་སྒྱུ་མ་རྨི་ལམ་ལྟ་བུའོ། །ནད་ལམ་ཁྱེར་གྱི་གནད་གསུམ་ནི། ནད་རྣམས་དགེ་སྦྱོར་སྐུལ་འདེབས་བླ་མ་ཡི། །ཐུགས་རྗེ་དོན་ལ་མེད་སྣང་སྒྱུ་མ་སྟེ། དེ་ཡང་སེམས་ལས་གཞན་མེད་ལྟེ་འོག་གི། །ཆོས་འབྱུང་གཤམ་ནས་ཐོན་ཏེ་ས་འོག་ཡལ། །གདོན་ལམ་ཁྱེར་གྱི་གནད་གསུམ་ལས་སྔ་མ་གཉིས་གོང་དང་འདྲ། དམིགས་པ་ནི། ལྟེ་འོག་ཆོས་འབྱུང་རིགས་དྲུག་སེམས་ཅན་གསལ། །མདུན་དུ་གདོན་བགེགས་སྒྱུ་མར་སྣང་བ་ཉིད། །སྣ་ནས་ཆོས་འབྱུང་ནང་རྔུབས་ཁ་འདུས་པས། །རིགས་དྲུག་གནས་འཁྱམས་ལས་འབྲས་ཡིད་ཆེས་ཏེ། །གནོད་པའི་སེམས་ཞི་བྱང་ཆུབ་སེམས་ལྡན་གྱུར། ༈ རྨི་ལམ་ཉིང་འཁྲུལ་རང་
༥༠ དག་གི་ཁྲིད་རྐང་དང་པོ་རྨི་ལམ་བཟུང་བ་ལ། རྩ་བ་རང་ཟིན་ཐིག་ལེ་དབང་བཞིའི་གནད་ནི། རང་ལུས་ལྷར་གསལ་དབུ་མ་ཤེལ་སྦུགས་ལྟར། །དཀར་འཚེར་སྣེ་གཉིས་སྤྱི་བོ་གསང་གནས་ཟུག །ཧཾ་དཀར་ཧཱུྃ་དམར་མགོ་བོ་གྱེན་མཐུར་ལྟ། །ཧཾ་ལས་ཐིག་ལེ་དཀར་པོ་སྲན་ཙམ་ཆད། །སྙིང་གར་སླེབས་པས་ཉོན་མོངས་གཏི་མུག་དག །ཁོག་སྟོད་ཡང་ཕྱོད་ཧཱུྃ་ལས་དམར་པོ་ཆད། །སྙིང་གར་སླེབས་པས་ཉོན་མོངས་འདོད་ཆགས་དག །ཁོག་སྨད་ཡང་ཕྱེད་གཉིས་འཛོམ་ཞེ་སྡང་དག །སྙིང་ཐད་ལྟེ་གསང་ཐིག་ལེ་དཀར་དམར་གཉིས། །དབུ་མར་འབྲོས་འདིདའདེད་ཚུལ་འཁོར་བུམ་དབང་ངོ་། །གཅིག་རྗེས་གཅིག་ཟིན་རེག་པ་གསང་བའི་དབང་། །རེག་པས་ལུས་སེམས་བདེ་ཕྲིལ་ཤེས་རབ་དབང་། །གཅིག་ལ་གཅིག་ཐིམ་ཡལ་བས་བཞི་པའོ། །ཞེས་པ་དང་། ཐམས་ཅད་སྣང་ཡང་བདེན་མེད་སྒྱུ་མ་སྟེ། །མི་རྟག་མོས་གུས་རྨི་ལམ་ལམ་དུ་ཁྱེར། །ཅེས་པ་ནི་བར་མཚམས་ཐམས་ཅད་དུ་དྲན་དགོས། མ་ཟིན་ན་སྒོགས་ཆོག་འཆུགས་མེད་གནད་དགུ་ལས་རྟོག་མེད་ལམ་ཁྱེར་དམིགས་པ་རྒྱ་བསྐྱེད་པ་ནི། ཁ་སྦྱོར་རླུང་བཟུང་ཐིག་ལེ་སྙིང་གར་འཁོར། །དཀར་པོ་སྣ་བུག་གཡས་དང་དམར་གཡོན་ནས། །ཐོན་ཏེ་སྨིན་མཚམས་འཁོར་ཞིང་མདུན་ཐད་བབས། །བདེ་མཆོག་ཡབ་ཡུམ་སྐུར་གྱུར་དབྱིངས་སུ་ཡལ། །དམིགས་པའི་གཞི་བསྡུ་བ་ནི། སྙིང་དབུས་བླ་མ་ཐུགས་ཀར་ཧཱུྃ་བཅས་དཀར། །འོད་འཕྲོས་སྣང་བ་ཀུན་ཁྱབ་འོད་དུ་ཞུ། །རང་ཐིམ་རང་ཉིད་སྙིང་གའི་བླ་མར་ཐིམ། །བླ་མ་ཧཱུྃ་ཐིམ་དེ་ཡང་མི་དམིགས་གྱུར། །རྟོག་བཅས་ལམ་ཁྱེར་ནི། མགྲིན་རྩ་པདྨ་དམར་པོ་འདབ་མ་བཞིའི། །ལྟེ་བར་ༀ་ཡིག་དམར་པོའ་འོད་ཟེར་གྱིས། །མགྲིན་པའི་ཕྱོགས་ཁྱབ་རྫུན་སྣང་འདི་དག་རྣམས། །རྨི་ལམ་ཡིན་པར་ཅིས་ཀྱང་ཤེས་པར་བྱ། །ཟིན་ནས་སྦྱོང་བ་ནི། ཡ་
༥༡ ང་ཐོག་བརྫིས་ལུས་ཀྱིས་སེམས་སྦྱོང་ཞིང་། །ཡི་དམ་སྒོ་དགུ་བ་སྤུ་ཧཱུྃ་སྔོན་མགོ། །ནང་བསྟན་འོད་ཀྱིས་ལུས་ཁྱབ་འོད་གོང་ཉིད། །མཐའ་ནས་དབུས་ཡལ་སེམས་ཀྱིས་ལུས་སྦྱང་བྱ། །སྤེལ་པ་ནི། འབྱུང་བ་བཞི་དང་སེམས་ཅན་ཕྲ་རགས་རྣམས། །གཅིག་ནས་དུ་མར་སྤེལ་ཞིང་བསྡུ་བ་དང་། །སྟག་ལ་སེང་གེ་གདོན་ལ་འཇིགས་བྱེད་སོགས། །ཐུག་ཕྲད་གང་འདུལ་གཉེན་པོས་སྤེལ་སྦྱང་བྱ། །སྤྲུལ་པ་ནི། རྨི་ལམ་སྣང་ཚད་བདེན་པར་མ་གྲུབ་པས། །རང་ཉིད་འབྱུང་བཞི་སེམས་ཅན་ཕྲ་དང་རགས། །འཇིག་རྟེན་འཇིག་རྟེན་འདས་པའི་གཉེན་པོ་ནི། །གང་འདུལ་སྤྲུལ་ནས་སེམས་ཀྱིས་རྩལ་སྦྱང་བྱ། །བསྒྱུར་བ་ནི། རྨི་ལམ་བདེན་མེད་གང་བྱས་ཆོག་པས་ན། །མེ་ཉིད་ཆུ་དང་བེམ་པོ་སེམས་ཅན་སོགས། །དངོས་པོ་ཕན་ཚུན་ལྷ་སྐུ་སྣ་ཚོགས་བསྒྱུར། །ལྷར་སྣང་མཚན་ཉིད་སུམ་ལྡན་འཆར་བར་བྱ། །ཡུལ་སྣང་ལྟ་བ་ནི། ཡིད་ལུས་མཁའ་ལྡིང་ཤུགས་དང་དབུ་མའི་ནང་། །ལྟེ་བར་ཨ་དཀར་འོད་ཟེར་སྣ་ནས་ཐོན། །སངས་རྒྱས་ཞིང་དང་འགྲོ་དྲུག་གནས་ཀུན་གསལ། །ཅི་འདོད་ཡུལ་སྣང་གཏན་ལ་འབེབ་པར་བྱ། །འོད་གསལ་གཏི་མུག་རང་སངས་ལ། བདག་མེད་མ་ལ་བརྟེན་ནས་འཛིན་པ་ནི། མགོ་ནང་པད་ཉིད་བདག་མེད་མ་སྔོན་མོ། །གྲི་ཐོད་ཁ་ཊྭཾ་གཡོན་བརྐྱང་སྐུ་ཆུང་ལ། །ཡན་ལག་དོད་པའི་ཐུགས་ཀར་ཨ་དཀར་པོ། །ཤིན་ཏུ་ཕྲ་བའི་འོད་ཀྱིས་ཀླད་པ་ནས། །ལུས་ནང་རིམ་གང་གདོས་བཅས་དངོས་པོ་སྦྱང་། །བདེ་མཆོག་ལྷན་སྐྱེས་སྐུར་གྱུར་ཨ་ཡིག་ལ། །དམིགས་པས་འོད་འཕྲོས་བདག་མེད་སྐུ་དང་ནི། །རང་ལུས་ནང་གང་ཕྱིར་འཕྲོས་སྣང་བ་ཀུན། །ཁྲ་གསལ་ཁྱབ་སྟེ་ཤེས་པ་རང་བབས་གློད། །གནས་དུས་ཐུགས་ཀའི་ཨ་ལ་སེམས་བཟུང་བྱ། །ཨ་ཡིག་ལ་བརྟེན་ནས་འཛིན་
༥༢ པ་ནི། ལུས་ནང་དབུ་མ་དཀར་པོ་སྦ་ལྕག་ཙམ། །ལྟེ་འོག་ཨ་དཀར་འོད་ཀྱིས་དབུ་མ་དང་། །རང་ལུས་ཕྱི་རོལ་རིམ་གྱིས་ཁྲ་གསལ་ཁྱབ། །ཉལ་དུས་ལྟེ་བའི་ཨ་ལ་སེམས་བཟུང་བྱ། །ལུས་ལ་བརྟེན་ནས་འཛིན་པ་ནི། རང་ལྷའི་སྙིང་གར་པད་ནང་བླ་མ་དཀར། །ཞི་འཛུམ་ཐུགས་ཀར་ཐིག་ལེ་དཀར་འོད་འཕྲོས། །སྐུ་དང་རང་ལུས་སྣང་བ་ཁྲ་ལམ་གསལ། །ཉལ་ཚེ་ཐུགས་ཀའི་ཧཱུྃ་ལ་སེམས་གཏད་བྱ། །ཐུན་མཚམས་སྐུ་གསུམ་ལམ་ཁྱེར་ནི། །སྤྱོད་ལམ་ཀུན་ཏུ་གང་ཤར་ངོ་བོ་ཡི། །སྟོང་པ་ཆོས་སྐུ་གསལ་བ་སྤྲུལ་པའི་སྐུ། །དབྱེར་མེད་ལོངས་སྐུ་ལམ་ཁྱེར་རྣམ་གསུམ་པོ། །མི་འབྲལ་ཡེངས་མེད་དྲན་ཤེས་བསྟེན་པར་བྱ། །བསྲེ་བ་བཞི་ནི། །སྟོང་ན་གསལ་བ་གསལ་ན་སྟོང་པར་བསྲེ། །མཉམ་གཞག་ཉམས་མྱོང་རྗེས་ཐོབ་ཉིད་དུ་བསྲེ། །ཉིན་མོའ་སྒོམ་པ་མཚན་མོའ་གཉིད་དང་བསྲེ། །བདེ་སྟོང་བསྲེས་ནས་རང་བབས་ངང་ལ་བཞག ༈ འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་དང་པོ་ཆོས་སྐུ་འོད་གསལ་གྱི་འཕོ་བ་གསལ་འདེབས་དྲན་འདུན་བཏང་བ་ནི། རང་བབས་རྣམ་གསུམ་འབྲལ་མེད་སྐྱོང་བ་ཡིས། །ཉིན་མཚན་འོད་གསལ་འདྲེས་ནས་འཆི་བའི་ཚེ། །ཐིམ་རིམ་ངོ་ཤེས་གཉུག་མའི་ངང་དུ་བཞག །འོད་གསལ་མ་བུ་གཅིག་འདྲེས་རང་གྲོལ་བྱ། །གཉིས་པ་ཟུང་འཇུག་ཡི་དམ་གྱི་འཕོ་བ་ནི། རང་ཉིད་ལྷར་གསལ་སྤྱི་བོ་མདའ་གང་ཐད། །ཡི་དམ་དཔལ་ལྡན་འཁོར་ལོ་སྡོམ་པ་བཞུགས། ༈ །ལུས་ནང་དབུ་མ་དཀར་པོ་མཚན་ཉིད་ལྡན། །མས་སྣ་གསང་བར་ཁ་ཟུམ་ཡར་སྣཾ་ནི། །ཚངས་བུག་ཧད་པོར་ཁ་བྱེ་དེ་ཡི་ནང་། །ལྟེ་ཐད་རང་སེམས་ཨ་ཡིག་དཀར་ལ་འཚེར། །མར་སྣར་ཧཱུྃ་སྔོན་རླུང་གི་རང་བཞིན་གསལ། ༈ །རླུང་སྦྱོར་གྱིས་བསྐུལ་ཧཱུྃ་གིས་ཨ་ཡིག་བཏེགས། །ཡི་གེ་གཉིས་བརྩེགས་སྤྱི་བོར་རྒྱངས་ཀྱིས་ཐོན། །ཡི་དམ་ཐུགས་ཀར་སླེབས་པས་དབྱེར་མེད་གྱུར། །
༥༣ ལན་བདུན་བསྐྱར་བའི་མཚམས། ཡི་དམ་ཐུགས་ལས་ཡི་གེ་གཉིས་བརྩེགས་བྱུང་། །དབུ་མར་སོ་སོའ་གནས་སུ་ལྗིད་ལྡན་ཆགས། །ཐུན་འཇོག་པའི་ཚེ། ཡི་དམ་འོད་ཞུ་རང་ཐིམ་ཧཱུྃ་ཡིག་ལས། །འོད་སྔོན་འཕྲོས་པས་ཚངས་བུག་བཀག་པར་གྱུར། །གསུམ་པ་བྱིན་རླབས་བླ་མའི་འཕོ་བ་ནི། རང་ཉིད་ལྷར་གསལ་སྤྱི་བོར་བླ་མ་བཞུགས། །ལུས་ནང་དབུ་མ་སོགས་ཚིག་རྐང་གསུམ་གོང་ལྟར་ལ། ལྟེ་ཐད་རང་སེམས་ཐིག་ལེ་དཀར་ལ་སེར། །ཟླུམ་འདྲིལ་སྲན་མ་ཙམ་གསལ་རླུང་སྦྱོར་གྱིས། །སྤྱི་གཙུག་ནས་ཐོན་བླ་མའི་ཐུགས་ཀར་ཐིམ། །ལན་བདུན་མཚམས། བླ་མའི་ཐུགས་ལས་ཐིག་ལེ་མར་བབས་ཏེ། །དབུ་མའི་ལམ་བརྒྱུད་ལྟེ་བར་ལྗིད་བཅས་གནས། །ཐུན་མཐར། བླ་མ་འོད་ཞུ་རང་ཐིམ་བདེ་བས་ཁྱབ། །ཚངས་བུག་ཐིག་ལེ་དཀར་པོས་བཀག་པར་གྱུར། །ལྷན་ཐབས་ཀྱི་མན་ངག་ཡེ་ཤེས་སྐར་ཁུང་མ་ནི། རང་ལུས་ལྷ་སྐུ་ཁོང་སྟོང་ནང་དབུས་སུ། །དབུ་མ་དཀར་པོ་སྦ་ལྕག་ཙམ་གྱི་ནང་། །ལྟེ་ཐད་ཆོས་འབྱུང་དཀར་པོ་ཟུར་གཅིག་མདུན། །བསྟན་དབུས་རང་སེམས་ཨ་དཀར་སྲན་ཆུང་ཙམ། ༈ །རླུང་གིས་རིམ་འཕར་ཤུགས་དྲག་བཅེར་བ་ཡིས། །ཆོས་འབྱུང་ཁ་བརྡབ་སྐར་མདའ་འཕངས་བཞིན་སོང་། །ཚངས་བུག་ནས་ཐོན་མཁའ་དབྱིངས་མཐོན་པོར་ཡལ། །དབྱིངས་རིག་ནམ་མཁའ་གཅིག་འདྲེས་དབྱེར་མེད་གྱུར། །ལན་བདུན་མཐར། མཁའ་ནས་ཨ་དཀར་ལམ་བྱུང་དབུ་མར་ཞུགས། །ཆོས་འབྱུང་ནང་དབུས་ལྗིད་བཅས་གནས་པར་གྱུར། ༈ བར་དོ་རྒྱལ་བ་ལོངས་སྐུ་ནི། །རབ་འོད་གསལ་ཆོས་སྐུ་ནི་འཕོ་བ་དང་པོ་དང་དོན་གཅིག །འབྲིང་པོ་ལོངས་སྐུར་རང་ཤར་ནི། རང་མདུན་ཆོས་འབྱུང་སྔོན་པོ་རྩ་བ་ཕྲ། །གདེངས་ཀ་གྱེན་གཡེལ་མ་རྟོགས་མ་ཡི་མངལ། །རྟོགས་ན་འོག་མིན་ཆོས་དབྱིངས་ཕོ་བྲང་ངོ་། ༈ །དེ་ནང་རང་ཕྱིན་ཧཱུྃ་ཡིག་སྔོན་པོར་གྱུར། །འོད་འཕྲོས་ཆོས་འབྱུང་ལ་ཕོག་
༥༤ དུས་གསུམ་གྱི། །སྐྱེ་བ་གནས་བཞིའི་ལས་དང་བག་ཆགས་སྦྱངས། །ཕྱིན་ཆད་འགྲོ་བ་དྲུག་གི་སྐྱེ་སྒོ་བཀག ༈ །ཧཱུྃ་ཡིག་འོད་ཞུ་བདེ་མཆོག་ལྷན་སྐྱེས་གྱུར། །སྤྱི་བོར་བཞི་རྫོགས་གདན་ལ་བླ་མ་བཞུགས། །སྣང་བ་འདི་དག་བར་དོ་དངོས་སུ་འདུག །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཚིག་རྐང་ཕྱི་མ་ལན་ཁ་ཤས་བརྗོད། ཐ་མ་སྤྲུལ་སྐུ་རང་ཤར་ནི། བར་དོའ་འཁྲུལ་སྣང་འདི་དག་བསྒྱུར་བར་བྱ། །གཟུགས་སུ་སྣང་ཚད་འཁོར་ལོ་སྡོམ་པའི་སྐུ། །སྒྲ་གྲགས་ཡི་གེ་བདུན་པའི་རང་སྒྲ་འུར། །དྲན་རྟོག་ཡུལ་བཅས་འོད་གསལ་སྒྱུ་མའོ། །སྤྱི་གནད་འཆུག་མེད་ནི། སྐྱེ་འགྲོ་ཕོ་དང་ཞེ་སྡང་སྐྱེ་བའི་ཡུལ། །གཡས་ཟུར་འཁོད་ལ་མཆོད་པ་བཞི་རྫོགས་ཕུལ། །བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །གསོལ་བཏབ་འཁོར་ལོ་སྡོམ་པའི་སྐུ་རུ་གྱུར། ༈ །སྐྱེ་འགྲོ་མོ་དང་འདོད་ཆགས་སྐྱེ་བའི་ཡུལ། །གཡོན་ཟུར་འཁོད་ལ་མཆོད་པ་བཞི་རྫོགས་ཕུལ། །བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །གསོལ་བཏབ་རྡོ་རྗེ་རྣལ་འབྱོར་མ་རུ་གྱུར། ༈ རྟག་ཏུ་བླ་མར་མོས་གུས་རང་གཞན་ཀུན། །ལྷར་གསལ་བདེན་མེད་འདུན་པས་རྒྱབ་བརྟེན་བྱ། །དེ་ལྟར་བར་དོའ་དམིགས་པ་གསུམ་པོ་དེ་རྣམས་སྔ་མའི་སྟེང་དུ་ཕྱི་མའི་རིམ་གྱིས་བསྣན་དགོས་ཤིང་། །སྤྲུལ་ཤད་ཡོད་པ་རྣམས་སུ་ཅུང་ཟད་མཚམས་བཅད་ནས་གསལ་ཐེབས་ངེས་པབྱའོ། །གསེར་ཆོས་གཉིས་པ་སྡོང་པོ་ཕྱག་ཆེན་གའུ་མ་ལ། སྔོན་འགྲོ་རང་བབ་མ་རྣམ་གསུམ་གྱི་དང་པོ་ཞི་གནས་སྐབས། སྒོ་གསུམ་མ་བཅོས་རང་བབས་རྣམ་གསུམ་དང་། །རྣམ་རྟོག་ངོས་བཟུང་འོག་འགྱུ་རྒྱ་འབྱམས་བཅད། །བྱིང་ན་བསིང་ཞིང་རྒོད་ན་ལྷོད་ཀྱིས་ཀློད། །ཧད་དེ་ཆད་དེ་གླང་ཆེན་ལྟ་སྟངས་བྱ། །དེའི་རྩལ་སྦྱོང་ནི། མ་ཡེངས་རང་བབས་ངང་དུ་ལྟ་སྟངས་ནི། །མཐོ་དམན་སྣ་ཚོགས་ཆོས་སྤྱོད་རྒྱས་དང་བསྡུས། །སྤྱོད་ལམ་བཟང་ངན་ངེས་མེད་དང་
༥༥ བསྲེས་ནས། །ཅི་བྱས་དགེ་སྦྱོར་ངང་དུ་ཆུད་པར་བྱ། །ལྷག་མཐོང་སེམས་ཚོལ་ནི། སེམས་ཀྱི་ངོ་བོ་གང་ཡིན་སྐྱེ་འགག་ཅི། །ཡུལ་སྣང་གང་བྱུང་རྣམ་རྟོག་སེམས་ཡིན་མིན། །ཡུལ་དང་རྣམ་རྟོག་ཡོད་མེད་རྩད་བཞུད་ནས། མཐར་ཐུག་རིག་སྟོང་རྗེན་པའི་དབྱིངས་སུ་བསྐྱལ། །དངོས་གཞི་སྐྱོན་བཞི་རང་གྲོལ་གྱི་དང་པོ་ངོ་བོ་སྐྱོང་བ་ནི། གནས་འགྱུ་ཐམས་ཅད་དྲན་པས་ཟིན་བྱས་ཏེ། །ངོ་ཤེས་ཙམ་ལས་བཟོ་བཅོས་མི་བྱ་ཞིང་། །གང་ཤར་དགག་སྒྲུབ་སྤང་བླང་རེ་དོགས་ཕྲལ། ཅིར་ཡང་མི་བསྒོམ་སྐད་ཅིག་མ་ཡེངས་བྱ། །ངོ་སྤྲོད་གསལ་འདེབས་ནི། ཉེ་དྲགས་རང་ངོ་མ་ཤེས་ཟབ་དྲགས་པས། །ངོས་མ་ཟིན་ཅིང་སླ་དྲགས་ཡིད་མ་ཆེས། །བཟང་དྲགས་བློར་མི་ཤོང་བའི་སྐྱོན་བཞི་སྤངས། །རང་བཞིན་གསལ་སྟོང་གཉུག་མ་འདི་ཉིད་ལས། །འཁོར་འདས་ཆོས་ཞེས་རྡུལ་ཙམ་མ་གྲུབ་པོ། །རྗེས་སྐུ་གསུམ་རང་ཤར་ནི། ཐ་མལ་ཤེས་པས་མ་བཅོས་སོ་མ་ཉིད། །གདོད་ནས་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །གསལ་བ་སྤྲུལ་སྐུ་ཟུང་འཇུག་ལོངས་སྤྱོད་རྫོགས། །ཡིན་ལ་ཡིན་བཞིན་ཤེས་པས་རྟག་ཏུ་བསྐྱང་། བོགས་འདོན་ནི། མོས་གུས་དྲག་པོ་སྙིང་རྗེ་ཚད་མེད་བསྐྱེད། །བུམ་ཅན་རླུང་བཟུང་ལྷ་སྐུ་སྣང་སྟོང་བསྒོམ། །བདེ་སྟོང་འོད་གསལ་ཉམས་རྣམས་ཕྱག་རྒྱ་ཆེའི། །ཉམས་དང་བསྲེས་ཏེ་བོགས་ཆེན་བཏེན་པར་བྱ། །གེགས་བསལ་བ་ནི། ལུས་སེམས་དགའ་བདེ་རིག་པའི་གསལ་ཆ་ནི། །མི་རྟོག་སྟོང་པའི་ཉམས་ལ་མི་ཞེན་ཅིང་། །སྣང་བར་བདེན་འཛིན་སྟོང་ལྟ་ཧད་པོ་སྟེ། །ཕྱོགས་རེར་ཤོར་བའི་གེགས་ལས་གྲོལ་བར་བྱ། །གསེར་ཆོས་གསུམ་པ་ཡལ་ག་ལམ་མཁྱེར་རྣམ་གསུམ་གྱི་དང་པོ་བླ་མ་ལམ་ཁྱེར་གྱི་སྔོན་འགྲོ་ནི། མདུན་གྱི་ནམ་མཁར་པཾ་ལས་པདྨ་ནི། །འདབ་བཞིའི་ལྟེ་བ་དང་ནི་འདབ་མ་བཞིར། །ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་། །དབུས་སུ་བླ་མ་འཁོར་ལོ་
༥༦ སྡོམ་པ་དཀར། །ཤར་དུ་དགྱེས་མཛད་རྡོ་རྗེ་དཀར་པོབོ་དང་། །ལྷོ་རུ་གསང་བ་འདུས་པ་སྐུ་མདོག་སེར། །ནུབ་ཏུ་མ་ཧཱ་མཱ་ཡཱ་དམར་པོབོ་སྟེ། །ཐམས་ཅད་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །བྱང་དུ་འཇིགས་བྱེད་ལྗང་གུ་གྲི་ཐོད་འཛིན། །ཀུན་ཀྱང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །གནས་གསུམ་འབྲུ་གསུམ་ལྟེ་བར་ཧཱུྃ་ཁྲ་བོ། །འོད་འཕྲོས་བླ་མ་ཡི་དམ་སངས་རྒྱས་རྣམས། །རང་འདྲའི་རྣམ་པར་སྤྱན་དྲངས་གཉིས་མེད་ཐིམ། །སླར་ཡང་འོད་འཕྲོས་རིགས་ལྔ་སྤྱན་དྲངས་ཏེ། དབང་བསྐུར་རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། །བླ་མ་རིན་པོ་ཆེས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ལན་གསུམ། གསོལ་བ་བཏབ་པས་བླ་མའི་དཔྲལ་བ་ནས། །ༀ་དཀར་འཕྲོས་པས་རང་གི་དཔྲལ་བར་ཐིམ། །བུམ་པའི་དབང་ཐོབ་ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་དབང་སྤྲུལ་སྐུ་མངོན་དུ་བྱས། །མགྲིན་པའི་ཨཱཿལས་ཨཱ་དམར་མགྲིན་པར་ཐིམ། །གསང་བའི་དབང་ཐོབ་དགངག་གི་སྒྲིབ་པ་དག །རྫོགས་རིམ་སྒོམ་དབང་ལོངས་སྐུ་མངོན་དུ་བྱས། །ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་སྙིང་གར་ཐིམ། །ཤེར་ཡེའི་དབང་ཐོབ་ཡིད་ཀྱི་སྒྲིབ་པ་དག །ཟུང་འཇུག་སྒོམ་དབང་ཆོས་སྐུ་མངོན་དུ་བྱས། །འཁོར་རྣམས་འོད་ཞུ་གཙོ་བོ་ཉིད་ལ་ཐིམ། །དེ་ཡང་འོད་ཕུང་ཁྲ་ཆེམ་རང་ལ་ཐིམ། །བཞི་པའི་དབང་ཐོབ་ཆ་མཉམ་སྒྲིབ་པ་དག །སྤྲོས་བྲལ་སྒོམ་དབང་སྐུ་བཞི་མངོན་བྱས་གྱུར། དངོས་གཞི་ནི། རང་ཉིད་ཡི་དམ་ལྷར་གསལ་སྤྱི་བོ་རུ། །པད་ཟླའི་གདན་ལ་རྩ་བའི་བླ་མ་ནི། །བཀྲག་མདངས་འོད་འབར་འཛུམ་བཅས་བཞུགས་པ་ལ། །བདག་སོགས་འགྲོ་ཀུན་མགྲིན་གཅིག་གསོལ་འདེབས་གྱུར། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྒྱུ་ལུས་རྨི་ལམ་འབྱོངས་པར་བྱིན་གྱིས་རློབས། །
༥༧ འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་གསོལ་འདེབས་ལ་ཐུན་གྱི་དངོས་གཞི་བྱ། ལམ་ཁྱེར་ནི། གཟུགས་སྣང་ཅི་ཤར་བླ་མ་སངས་རྒྱས་ཡིན། །བླ་མས་བདག་ཅག་འཁོར་བ་ལས་བསྒྲལ་ནས། །སངས་རྒྱས་ས་ལ་བཀོད་པ་བཀའ་དྲིན་ཆེ། །ཞེས་མོས་ལ་ཕྱག་མཆོད་ཡན་ལག་བདུན་པ་སྤྱི་ལྟར་བྱ། ཅིར་སྣང་བླ་མ་བླ་མ་རང་གི་སེམས། །རང་སེམས་སྤྲོས་བྲལ་སྣང་སྟོང་ཟུང་འཇུག་གོ །ཞེས་ཐག་བཅད། གཉིས་པ་ཡི་དམ་ལམ་ཁྱེར་ནི། །རང་མདུན་པདྨ་འདབ་བཞིའི་ལྟེ་བ་དང་། །འདབ་མ་རྣམས་ལ་ཟླ་དཀྱིལ་རེ་རེའི་སྟེང་། །དབུས་སུ་འཁོར་ལོ་སྡོམ་པ་དཀར་ལ་སྔོ། །རྡོར་དྲིལ་ཡུམ་འཁྱུད་རིན་ཆེན་རུས་པས་བརྒྱན། །ཡུམ་མཆོག་རྡོ་རྗེ་ཕག་མོ་སྐུ་མདོག་དམར། །གྲི་གུག་ཐོད་ཁྲག་བསྣམས་པས་ཡབ་ལ་འཁྱུད། །ཤར་གྱི་འདབ་མར་མཁའ་འགྲོ་མ་དཀར་མོ། །བྱང་དུ་ལཱ་མ་ལྗང་གུ་ནུབ་ཕྱོགས་སུ། །དུམ་སྐྱེས་དམར་མོ་ལྷོ་རུ་གཟུགས་ཅན་སེར། །གྲི་ཐོད་ཁ་ཾ་བསྣམས་ཤིང་གཡས་བརྐྱང་གི། །གར་སྟབས་རོ་གདན་ལ་གནས་རུས་པ་དང་། །རིན་པོ་ཆེས་བརྒྱན་མེ་འབར་དབུས་ན་བཞུགས། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །སླར་ཡང་རིགས་ལྔ་སྤྱན་དྲངས་དབང་བསྐུར་བས། །སོ་སོའ་རིགས་བདག་རིགས་ལྔས་དབུར་བརྒྱན་གྱུར། །ཅེས་གསལ་བཏབ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ལན་གསུམ། གསོལ་བ་བཏབ་པས་གཙོ་བོའ་དཔྲལ་བ་ནས། །སོགས་ནས། འོད་ཞུ་རང་ལ་བསྟིམ་པའི་བར་གོང་ལྟར་བྱ། དངོས་གཞི་ནི། རང་དང་གཟུགས་སུ་སྣང་བ་ཐམས་ཅད་ཀྱང་། །འཁོར་ལོ་བདེ་མཆོག་རྡོ་རྗེ་རྣལ་འབྱོར་མ། །སྣང་ལ་རང་བཞིན་མེད་པའི་སྐུ་རུ་
༥༨ གསལ། །ཡིད་ཀྱིས་མཆོད་པ་འབུལ། གསལ་མ་ཐེབས་ན་མཆོད་ཚིག་གང་འོས་བརྗོད་ཆོག །ཡི་དམ་ལྷར་གསལ་ཀུན་གྱིས་སྡགས་བཟླས་འུར། །སྒྲ་གྲགས་ཀུན་ཀྱང་སྔགས་ཀྱི་རང་སྒྲ་སྟེ། །ཡིད་ཀྱི་རྟོག་ཚོགས་སྒྱུ་མ་རྨི་ལམ་ལྟར། །ལྷ་སྔགས་རང་སེམས་སེམས་ཉིད་སྤྲོས་བྲལ་ལོ། །ཞེས་མོས་ལ་ཡི་གེ་བདུན་པ་བཟླས་པས་ཐུན་གྱི་དངོས་གཞི་བྱ། རྗེས་ནི། སྤྱི་གཙུག་བླ་མ་རང་ལུས་ཡི་དམ་ལྷ། །ངག་ནི་བཟླས་བརྗོད་བཟའ་བཏུང་བདུད་རྩི་ཉིད། །དྲན་རྟོག་སྒྱུ་མ་མདུན་དུ་བཀའ་སྲུང་སྟེ། །རྟག་ཏུ་འབྲལ་མེད་དྲུག་གི་ཉམས་ལེན་བྱ། །གསུམ་པ་སྒྱུ་མ་ལམ་ཁྱེར་ནི། སྣང་བ་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ནི་སྒྱུ་མ་རྨི་ལམ་ཁོ་ན་ཉིད། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཚོགས་དྲུག །དབང་པོ་དྲུག་ལ་བཟང་ངན་ཅི་ཤར་ཡང་། སྣང་བ་མ་འགགས་འཛིན་པ་མ་ཞུགས་པར། །ངོ་བོར་བལྟས་ལ་གསལ་སྟོང་ངང་དུ་བཞག །གསེར་ཆོས་བཞི་པ་མེ་ཏོག་མཁའ་སྤྱོད་དཀར་དམར་བསྒོམ་བཟླས་ཟུང་དུ་གསལ། །འདིའི་སྡེབས་སུ་འཕོ་བའི་དམིགས་འདོན་སྐབས་སུ་བབ་པས་སྔོན་འགྲོ་སྤྱི་ལྟར་ལ་ཁྱད་པར་དམིགས་པ་དམར་མོ་ལ། རང་ཉིད་འཁོར་ལོ་བདེ་མཆོག་སྐུར་གྱུར་བའི། །ལྟེ་བར་རླུང་སེམས་དབྱེར་མེད་ཨ་དཀར་གསལ། །སྤྱི་བོར་རྡོ་རྗེ་རྣལ་འབྱོར་མ་དམར་མོ། །སྤྱན་གསུམ་དབུ་སྐྲ་གྲོལ་བས་སྐུ་སྟོད་ཁེབས། །གཞོན་ནུ་བརླ་དང་སྐྱེ་གནས་ནུ་འབུར་རྒྱས། །ཕྱག་གཡས་རྡོ་རྗེ་མཐུར་སྡིགས་གཡོན་པ་ཡིས། །ཐོད་ཁྲག་བདེ་རྒྱུན་སྟེང་ནས་ཞལ་དུ་གསོལ། །གྲུ་མོར་ཐབས་ཀྱི་རང་བཞིན་ཁ་ཊྭཾ་ག །ཕྱག་རྒྱ་ལྔ་དང་མགོ་བོའ་ཕྲེང་བ་འཆང་། །འཛུམ་ཁྲོ་ཞབས་གཉིས་རང་གི་དཔུང་པར་བཞག །གསང་གནས་པདྨ་ཚངས་བུག་སྤྲད་པ་ལས། །ཨ་ཡིག་འཕུར་ལ་ཁང་པས་ཡར་བལྟས་པས། །དེ་མཐོང་འགྲོ་འདོད་འདུན་པ་དྲག་སྐྱེས་གྱུར། །ཅེས་གསལ་བཏབ་ལ་ཁྱད་འཕགས་གསོལ་འདེབས་སམ།
༥༩ སྤྲོ་ན་རྗེ་བཙུན་རིན་པོ་ཆེའི་གསུང་བྱིན་རླབས་ཅན་འདིའང་བྱ་སྟེ། རྗེ་མཚན་ལྡན་གྱི་བླ་མ་རིན་ཆེན་དང་། །དབྱེར་མེད་རྗེ་བཙུན་མཁའ་སྤྱོད་མར། །བུ་མོས་གུས་གདུང་བས་གསོལ་བ་འདེབས། །དུས་ད་ལྟ་བྱིན་གྱིས་བརླབ་ཏུ་གསོལ། །འགྲོ་དྲུག་གི་སྐྱེ་སྒོ་དགག་ཏུ་གསོལ། །བར་དོའ་འཁྲུལའཕྲུལ་འཁོར་བསལ་དུ་གསོལ། །ཐར་པའི་ལམ་སྣ་འདྲེན་དུ་གསོལ། ཁྱིན་རླབས་ཀྱི་ཚན་ཀ་འབེབས་སུ་གསོལ། །ཆོས་ཉིད་ཀྱི་དོན་དང་སྤྲད་དུ་གསོལ། །དུས་ལ་བབ་པོ་ཐུགས་རྗེ་ཅན། །ཁྱེད་ཐུགས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ། །བདག་སོགས་རིག་པ་དྲི་མེད་ཐིམ། །མཉམ་ཉིད་ངང་ལས་མ་གཡོས་པའི། །མོས་གུས་ཀྱིས་ས་ལམ་བགྲོད་པར་ཤོག །ཅེས་དང་། ཁྱད་པར་དུ། རྗེ་བཙུན་རྡོ་རྗེ་འབྱོར་མས་བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། །ཅེས་གསོལ་བ་དྲག་ཏུ་བཏབ། ཐུགས་ལས་འོད་ཟེར་དཀར་པོ་ནར་གྱིས་བྱུང་། །ཨ་ལ་རེག་པས་གྱེན་དུ་ཡེར་གྱིས་འཐེན། །ཚངས་བུག་བྷ་ག་ནས་སོང་ཐུགས་ཀར་སླེབ། །ཏོག་སྒྲ་དང་བཅས་རྣལ་འབྱོར་མ་དཔལ་ཉིད། །མཁའ་ལས་རྗེ་མཐོར་མཁའ་སྤྱོད་ཞིང་དུ་ཕེབ། །དེ་ཡང་འཇའ་ལྟར་ཡལ་ནས་མི་དམིགས་གྱུར། །དེ་འདྲ་ལན་བདུན་བསྐྱར། མཁའ་ལས་སྤྲིན་བརྡོལ་བཞིན་ཏུ་རྣལ་འབྱོར་མ། །ལམ་གྱིས་མར་བབ་དཔུང་སྟེང་ཞབས་བཞག་པའི། །ཐུགས་ནས་རང་སེམས་ཨ་བྱུང་ལྟེ་བར་སླེབ། །ཡང་གསོལ་འདེབས་སོགས་གོང་ལྟར་སྦྱང་། །ཐུན་འཇོག་པ་དང་ཨ་ཕབ་རྗེས། རྣལ་འབྱོར་མ་ཡང་འོད་ཞུ་སྤྱི་བོར་ཐིམ། །སྤྱི་བོར་སྲ་མཁྲེགས་རྡོ་རྗེའི་རང་བཞིན་གྱུར། །མཁའ་སྤྱོད་དཀར་མོའ་འཕོ་བ་སྙན་བརྒྱུད་དཔེ་གཉིས་མ་ནི་ངག་ཏུ་བརྗོད་པར་བྱ་བ་མ་ཡིན་ཀྱང་། གསོལ་འདེབས་ཀྱི་འགྲོས་སོགས་བཤད་མ་ཐག་པ་ཉིད་ཁ་སྤོས་པས་ཆོག་གོ། །གསེར་ཆོས་ལྔ་པའི་འཆི་མེད་
༥༩ རང་གྲོལ་ལ། ཐོག་མར་སྔོན་འགྲོ་ཁྱད་པར་བ་ནི། འཆི་བ་ཞེས་བྱ་ལུས་སམ་སེམས་འདི་ཡིན། །རྣམ་སྨིན་ལུས་ནི་བེམ་པོ་ས་རྡོ་འདྲ། །བག་ཆགས་ལུས་ཀྱང་རྨི་ལམ་ཤི་རྨིས་བཞིན། །འཆི་ཞིས་བཏགས་པ་ཙམ་ལས་དོན་མ་གྲུབ། ༈ །པད་ཉི་འཇིགས་དུས་གདན་ལ་རང་གི་སེམས། །འཁོར་ལོ་སྡོམ་པ་མཐིང་སྔོན་སྤྱན་གསུམ་པ། །རལ་པའི་ཐོར་ཚུགས་ཟླ་ཕྱེད་རྡོ་རྗེས་མཚན། །ཁྲོ་འཛུམ་མགོ་ཕྲེང་རུས་པའི་ཕྱག་རྒྱས་སྤྲས། །རྡོར་དྲིལ་ཡུམ་འཁྱུད་སྟག་ལྤགས་ཤམ་ཐབས་གྲོལ། །གར་དགུའི་ཉམས་ལྡན་གཡས་བརྐྱང་སྟབས་ཀྱིས་བཞུགས། །ཕག་མོ་དམར་མོ་སྤྱན་གསུམ་དབུ་སྐྲ་གྲོལ། །ལང་ཚོ་རབ་རྒྱས་ཐོད་སྐམ་ཕྲེང་བ་དང་། །ཕྱག་རྒྱ་ལྔས་བརྒྱན་གྲི་ཐོད་འཛིན་པས་འཁྱུད། །ཡེ་ཤེས་མེ་འབར་དབུས་བཞུགས་སྤྱི་བོ་རུ། །བཞི་རྫོགས་གདན་ལ་རྩ་བའི་བླ་མ་བཞུགས། །དེས་གསལ་གདབ་ལ་གསོལ་འདེབས་བྱ། ལྷ་སྣང་ཤིན་ཏུ་གསལ་བའི་ཡབ་ཉིད་ཀྱི། །སྤྱི་བོའ་སྐྲ་མཚམས་ཧཱུྃ་སྔོན་ཆེར་གསལ་བའི། །འོད་ཟེར་རིམ་འབྱུང་སྨིན་མཚམས་མགྲིན་པ་དང་། །སྙིང་ག་ལྟེ་བ་གསང་གནས་རྐང་མཐིལ་ཡར། །ཤེལ་ལ་ཉི་ཟེར་ཕོག་ལྟར་གསལ་སིང་གྱུར། །སླར་ཡང་ཧཱུྃ་གིས་འོད་སྔོན་ཚངས་བུག་ནས། །ཞུགས་ནས་རྐང་མཐིལ་ཡན་ཆད་སྔོ་སིང་ངེ། །རབ་གསལ་ལྷ་སྐུ་འོད་གོང་བཀྲག་ཅན་གྱུར། །ཅེས་ཡབ་ཀྱིས་ཕྱི་ནང་སྤྱོད་པའོ། །ཡབ་གྱི་མལ་དུ་ཡུམ་དང་། ཧཱུྃ་སྔོན་མ་ལ་པཾ་ཡིག །འོད་དམར་དང་དམར་སིང་ཞེས་བསྒྱུར་ལ་ཡུམ་གྱིས་ཕྱི་ནང་སྦྱང་། དབྱིངས་དང་རྒྱན་བཅས་གསལ་ལ་མ་འདྲེས་རྫོགས། །སྟོང་ལ་རང་བཞིན་མ་གྲུབ་ཟུང་འཇུག་སྐུ། །རང་སེམས་ལྷར་ཤར་རྨི་ལམ་སྣང་བ་བཞིན། །བདེན་པར་མ་གྲུབ་འགྲོ་འོང་གནས་པ་བྲལ། །སེམས་ནི་དུས་གསུམ་རྒྱལ་བས་མ་གཟིགས་སོ། །དངོས་གཞི་ཐག་ཆོད་བཞི་ནི། །དེ་ཕྱིར་སེམས་ཉིད་གསལ་
༦༠ སྟོང་ན་བ་མེད། །སྟོང་པ་ཉིད་ལ་འཆི་བ་གཏན་མ་གྲུབ། །སངས་རྒྱས་མིང་ཙམ་གསར་དུ་འཐོབ་བྱར་མེད། །འཁོར་མཁན་མེད་པས་འཁོར་བ་མ་གྲུབ་སྟེ། །ཐམས་ཅད་རང་སེམས་འཁྲུལ་པའི་སྣང་བ་ཙམ། །ད་ནི་ཐག་ཆོད་འཆི་མེད་བཙན་ས་བཟུང་། །རྗེས་ནི། དེ་ལྟར་ལུས་སེམས་འཆི་མེད་གདིང་ཐོབ་ནས། །འཁོར་བ་མྱང་འདས་གང་དུའང་མི་འཆུག་པར། །ལས་ཉོན་འཁྲུལ་པའི་གཅོད་ནད་ཀུན་བསལ་ནས། །ད་ལྟ་ཉིད་དུ་སྐུ་གསུམ་རང་ཤར་ཤོག །ཅེས་སོ། །འདི་དག་གི་ཁྲིད་རྒྱས་པར་ཐོབ་ནས་ཁྲིད་ཡིག་དབང་དུ་བཞག །དོན་ཞིབ་མོར་བསམ། བསྒོམ་དོན་མ་ཡེངས་པར་བྱས་ནས་ཚིགས་བཅད་འདི་དག་སྐབས་དང་སྐབས་སུ་ངག་ཏུ་བརྗོད་ནས་གསལ་འདེབས་པར་བྱའོ། །ཟབ་ལམ་འདི་སྤྱོད་སྐལ་བཟང་ཅན། །ས་སྟེང་ཀུན་ཁྱབ་ཐམས་ཅད་ཀྱང་། །ཟུང་འཇུག་ཡེ་ཤེས་མཆོག་གྲུབ་ནས། །མཁའ་སྤྱོད་ཆེན་པོའ་གྲོང་མཛེས་ཤོག །ཅེས་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོས་རིང་མོ་ནས་གནང་བ་སྩལ་བ་དང་། ཡང་ཁྲོད་འདིར་བཞུགས་ཀྱི་སྒྲུབ་བླ་སྔ་རྗེས་རྣམས་དང་། ཁྱད་པར་གཏེར་ཆེན་བསམ་གཏན་གླིང་པའི་བསྟན་པའི་སྣང་བྱེད་འཕེལ་ཆ་རིག་འཛིན་བླ་མ་མགོན་པོ་རྡོ་རྗེས་བཀྲ་ཤིས་པའི་ལྷ་རེག་བཅས་ཆེད་དུ་བསྐུལ་མ་མཛད་དོརངོར། །རིས་མེད་ཀྱི་བསྟན་པ་ལ་མི་ཕྱེད་དད་པ་ཐོབ་པ་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

སུ་ཁ་སིདྡྷིའི་ལོ་རྒྱུས། རྒྱ་གཞུང། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར། དབང་ཆོག་རྣམས་བཞུགས་སོ

༢༧༩ ༄༅། སུ་ཁ་སིདདྷིའི་ལོ་རྒྱུས། རྒྱ་གཞུང། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར། དབང་ཆོག་རྣམས་བཞུགས་སོ།
༢༨༠ རྒྱ་གར་སྐད་དུ། སུ་ཁ་སིདྡྷི། བོད་སྐད་དུ། བདེ་བའི་དངོས་གྲུབ་ཀྱི་ལོ་རྒྱུས་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དེ་ལ་རྒྱ་གར་ཁ་ཆེ་ན་གྲོང་ཁྱེར་ཆེན་པོ་འབུམ་ཚོ་སུམ་ཅུ་སོ་བརྒྱད་ཡོད་པ་ལས། འདི་ནུབ་བྱང་ཁ་ཆེའི་གྲོང་ཁྱེར་བ་ཡིན་ནོ། །དེ་ཡང་གྲོང་ཁྱེར་དེར་བཟའ་མི་གཉིས་ལ་བུ་གསུམ། བུ་མོ་གསུམ་དང་། ཁོ་རང་གཉིས་དང་བརྒྱད་ཡོད་པ་ལས། ཤིན་ཏུ་དབུལ་ཞིང་ཕོངས་པར་གྱུར་ཏེ། རྒྱགས་འབྲས་བུམ་པ་གང་ལས་མེད་པ་ལ་དེ་ཟ་མ་ནུས་པར་ཁ་བཅད་དེ་སྦས་ནས་བཞག་གོ །དེ་ནས་བུ་གསུམ་ལྷོ་ཕྱོགས་སུ་ཟས་འཚོལ་དུ་སོང་། བུ་མོ་གསུམ་བྱང་དུ་སོང་། ཕ་ནུབ་ཏུ་སོང་། དེ་ནས་མ་ལ་དུས་གཅིག་ན། ཤིན་ཏུ་ཕོངས་པ་གཅིག་ཟས་འཚོལ་དུ་བྱུང་ནས། འབྲས་ཀྱི་བུམ་པ་ཁ་ཕྱེ་སྟེ་བཙོས་ནས་བྱིན་ནོ། །དེར་ཕས་ཟས་མ་རྙེད་པར་བཀྲེས་པས་ཉེན་པ་ད་ནི་ཁྱིམ་གྱི་འབྲས་བུམ་པ་གང་པོ་ཟོས་ལ། དེ་ནས་བཙལ་དགོས་སྙམ་ནས་ལོག་པ་དང་། བུ་མོ་གསུམ་གྱིས་ཀྱང་དེ་བཞིན་དུ་ལོག །བུ་གསུམ་ཡང་ལོག །དེར་ཁོང་
༢༨༡ རྣམས་གྲོས་བྱས་པ་བཞིན་དུ་དུས་གཅིག་ལ་ལོག་ནས། ད་ནི་མས་འབྲས་ཀྱི་བུམ་པ་ཁ་ཕྱེ་ལ་བྱིན་ཅིག །བཀྲེས་པས་ཉེན་ཅིང་ཉམ་ཐག་པར་གྱུར་ཏོ། །ཞེས་ཟེར་བ་ལ། མ་ཡིས་སྨྲས་པ། ཁྱེད་རྣམས་ཀྱིས་ཟས་རྙེད་དེ་འོང་སྙམ་ནས། ཤིན་ཏུ་དབུལ་ཞིང་ཉམ་ཐག་པ་ཅིག་ཟས་སློང་དུ་བྱུང་ནས། དེ་ལ་བྱིན་ནས་མེད་བྱས་པས། ཁྱོ་དང་བུ་གསུམ་པོ་མགྲིན་གཅིག་ཏུ་བསྡེབས་ནས། མ་ལ་སྨྲས་པ། ཁྱོད་ཀྱིས་སྔར་ཡང་འདི་ཀ་བཞིན་བྱས་པས། ངེད་རྣམས་སྐྱིད་དུ་མ་སྟེར། ད་ཡང་ཁྱོད་ཀྱིས་ཟས་ཚོལ་བ་དང་མི་འོང་སྟེ། ངོས་ཀྱིས་བསགས་པ་རྣམས་ཀྱང་མེད་པར་བྱས་པས། འདི་ཕྱིར་ཐོན་ཅིག་ཟེར་ནས་ཁྱིམ་ནས་བཏོན་ནོ། །དེ་ནས་རྒན་མོ་དེས་ཁ་ཆེའི་ཡུལ་ནས། ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་ཕྱིན་པ་དང་། ཨོ་རྒྱན་གྱི་མི་རྣམས་ནི། ཕོ་སྐྱེས་པ་ཐམས་ཅད་ནི་དཔའ་བོ། མོ་སྐྱེས་པ་ཐམས་ཅད་ནི་དཔའ་མོ་ཤ་སྟག་ཏུ་འདུག་པ། གནས་དེར་ཕྱིན་པ་ཙམ་གྱིས་རིག་པ་རང་བཞིན་གྱིས་དྭངས་པར་འདུག་སྐད། དུས་དེར་འབྲས་རྩ་བ་དང་འཛོམ་ནས། འབྲས་བསྒྲུབ་པས་
༢༨༢ ཁལ་གཅིག་རྙེད་དོ། །དེ་གྲོང་ཁྱེར་དུ་ཁྱེར་ནས་ཆང་ཚོང་མ་བྱས་སོ། །དེའི་དུས་སུ་ཨོ་རྒྱན་གྱི་ནགས་ཁྲོད་ན། སློབ་དཔོན་ནག་པོ་བིར་ཝ་བ་ཞེས་ཀྱང་བྱ། ཨ་ཝ་བྷཱུ་ཏི་པ་ཞེས་ཀྱང་བྱ་བ་དེས། ཕྱག་རྒྱ་མ་ཨ་ཝ་ན་ཏི་མ་དང་གཉིས་གསང་གཅོད་མཛད་ཅིང་ཡོད་པ་ལས། རྣལ་འབྱོར་མ་དེས་རྟག་ཏུ་ཆང་ཉོར་ཕྱིན་ནོ། །དེ་ནས་རྒན་མོ་ཆང་ཚོང་མ་དེ་ལ་ཡང་སྐབས་སུ་ཆང་ཉོས་པས། ཆང་གཞན་བས་ཞིམ་པ་ཤ་སྟག་བཙོངས་སོ། །དེར་རྒན་མོས་སྨྲས་པ། རྣལ་འབྱོར་མ་ཁྱོད་ཆང་ཉོས་ནས་སུ་ལ་ཁྱེར་བ་ཡིན་བྱས་པས། རྣལ་འབྱོར་མས་སྨྲས་པ། ནགས་ཁྲོད་ན་རྣལ་འབྱོར་པ་བཟང་པོ་ཅིག་བཞུགས་པས་དེ་ལ་འདྲེན་པ་ཡིན་ཟེར། རྒན་མོས་སྨྲས་པ། ད་ནི་ཁྱེད་ལ་ཆང་རིན་མི་འདོད་དོ་ཟེར་ནས། འབྲས་ཆང་ཉིང་བསྲིངས་བྱས་ཀྱིན་བསྐུར་རོ། །དེར་བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ་རིན་མི་དགོས་པར་ཆང་ཞིམ་པོ་ཤ་སྟག་འབྱུང་བ་འདི། ཇི་ལྟར་བྱས་པ་ཡིན་གསུངས་པ་དང་། དེར་སྔར་གྱི་ཆང་ཚོང་མ་དང་མི་འདྲ་བའི་དད་པ་ཅན་ཅིག་འདུག་སྟེ། ངའི་བླ་མ་བཟང་པོ་ཅིགཞིག་ནགས་ཁྲོད་ན་བཞུགས་ཡོད་པས་དེ་ལ་འདྲེན་པ་ཡིན་བྱས་པས། ཆང་ཚོང་མ་དད་པ་སྐྱེས་ནས་བསྐུར་བ་ལགས་ཞུས་པས། བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ་ཅི་ནས་ཀྱང་རྒན་མོ་དེ་ཁམས་གསུམ་ནས་འདྲེན་དགོས་པས་ཁྲིད་ལ་ཤོག་གསུངས་ནས། རྣལ་འབྱོར་མས་རྒན་མོའ་རྩར་ཕྱིན་ནོ། །དེར་རྣལ་འབྱོར་མ་དེས་རྒན་མོ་ལ་སྨྲས་པ། ངའི་བླ་མ་བིར་ཝ་པའི་ཞལ་ནས། ཆང་ཚོང་མ་ཁྲིད་ལ་ཤོག་འཁོར་བ་ནས་འདྲེན་དགོས་གསུངས་པས། ཁྱོད་འདོངས་དང་བྱས་པས། རྒན་མོ་དེ་ཤིན་ཏུ་མོས་ཏེ། འབྲས་ཆང་བུམ་པ་གང་དང་བཅས་ཏེ་མཇལ་དུ་ཕྱིན་ནོ། །རྗེ་བཙུན་བིར་ལྦ་པས་དུས་དེ་ཉིད་དུ་གསང་སྒྲུབ་ལྟེ་བ་
༢༨༣ སྤྲུལ་འཁོར་གྱི་དབང་བཞི་རྫོགས་སུ་བསྐུར། བསྐྱེད་རྫོགས་ཆོས་དྲུག་དང་བཅས་པ། དབང་གི་ཕྲིན་ལས་འདུ་བ་རྣམ་གསུམ་དང་བཅས་པ་གསུངས་པས། དུས་དེ་ཉིད་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་ཏོ། །དེ་ཡང་བུ་ཁྱོ་རྣམས་ཀྱིས་ཁ་ཆེའི་ཡུལ་ནས་བཏོན་པའི་དུས་སུ། ལོ་ལྔ་བཅུ་རྩ་བརྒྱད་ལོན། ཨོ་རྒྱན་གྱི་ཡུལ་དུ་ཕྱིན་ནས་ཆང་ཚོང་ཙ་ན་དྲུག་ཅུ་ཐམ་པ། བིར་ཝ་པ་དང་མཇལ་ནས་དབང་བསྐུར་བྱས་ཙ་ན། དྲུག་ཅུ་རྩ་གཅིག་ལོན་ནོ། །དེར་ནུབ་གཅིག་ལ་གྲུབ་པ་ཐོབ་པའི་སྟོབས་ཀྱིས། དྲུག་ཅུ་རྩ་གཅིག་ལོན་པའི་རྣམ་སྨིན་ལུས་དེ་རང་དག་ལ་སོང་སྟེ། འཇའ་ལུས་སུ་གྱུར་ནས་གཞོན་ཞིང་ལང་ཚོ་དར་ལ་བབ་པ། སྐུ་མདོག་ཤིན་ཏུ་དཀར་བ། དབུ་སྐྲ་སིལ་བུ་སྐུ་རྒྱབ་ནོན་པ། །ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་ལྟ་བས་ཆོག་མི་ཤེས་པ། ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་བཞུགས་པའི་ཡེ་ཤེས་མཁའ་འགྲོ་སུ་ཁ་སིདྡྷི་ཞེས་བྱ་བར་གྱུར་ཏོ། །དེ་ཡང་མཁའ་འགྲོ་མ་དེ་བཅོམ་ལྡན་འདས་བདག་མེད་མར་དངོས་སུ་གྱུར་ཏོ། །བིར་ཝ་པ་དང་དགྱེས་མཛད་ཐ་དད་མེད་པའི་གསང་ཡུམ་ཀྱང་མཛད། ད་ལྟར་ཡང་འདས་གྲོངས་མི་མངའ་བར་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱི་གཟིགས་པ་དུས་དྲུག་རྟག་ཏུ་འཇུག་གོ །དེ་བས་ཀྱང་ཁྱད་པར་སྣང་བ་དག་པ་རྣམས་ལ་ཆོས་གསུངས། གསང་སྒྲུབ་ཉམས་སུ་ལེན་པ་དང་། གསོལ་བ་འདེབས་པ་ཐམས་ཅད་ལ་དངོས་སུ་བྱིན་གྱིས་རློབ་ཅིང་། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་དོ། །དེའི་ཕྱིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེའི་རྣམ་ཐར་དང་། མཚན་ཐོས་པ་ཙམ་གྱིས་ཤིན་ཏུ་མོས་པར་གྱུར་ཏེ། བདག་དད་པའི་ས་བོན་གཏིང་ནས་གཡོས་ཏེ། བདག་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་གྱི་ཕྱོགས་ཐམས་ཅད་
༢༨༤ དུ་ཕྱིན་པས། ཙནྡན་གྱི་སྡོང་པོའ་ནགས་ཀྱི་སྟེང་དུ། ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཇའ་འོད་འཁྱིལ་པའི་དབུས་ན། མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པ་རྒྱང་ནས་མཐོང་ངོ་། །དེ་ནས་དྲུང་དུ་ཕྱིན་ཏེ་ཕྱག་བཙལ། བསྐོར་བ་བྱས་ནས་གསེར་སྲང་ལྔ་ཕུལ་ནས་ཡང་དག་པའི་གདམས་བ་ཞུས་པས། ཐུན་མོང་མ་ཡིན་པའི་དབང་བའི་རྫོགས་པར་བསྐུར། གསང་སྒྲུབ་ཀྱི་བསྐྱེད་རྫོགས་ཆོས་དྲུག་འདུ་བ་གསུམ་ཞལ་གདམས་དང་བཅས་པ་དང་། ཁྱད་པར་དུ་ལོ་ཟླ་ཙམ་གྱིས་སངས་རྒྱ་བའི་གནད་ཁྱད་པར་དུ་འཕགས་པ་དང་། །གསང་སྔགས་ཀྱི་གནད་མ་ལུས་པར་གནང་ངོ་། །བདག་གི་རྩ་བའི་བླ་མ་བཞི་ལ། ཁྱད་པར་དུ་དྲིན་ཆེ་བའི་བླ་མ་སུ་ཁ་སིདྡྷི་ཡིན་ནོ། །དེ་ཡང་དང་པོར་དྲིན་ཆེ་སྟེ་ལུང་མང་པོ་སྟོན། བར་དུ་དྲིན་ཆེ་སྟེ་གསང་ཡུམ་མཛད་དེ་དབང་ཐམས་ཅད་མ་ལུས་པར་ཐོབ། ཐ་མ་དྲིན་ཆེ་སྟེ་དབང་ལག་ལེན་ཞལ་གདམས་དང་བཅས་པ་ཐམས་ཅད་གནང་ངོ་། །དེ་ཡང་བདག་ལ་རྒྱ་བོད་ཐམས་ཅད་དུ་འདུ་འབྲལ་མེད་པར་བྱིན་གྱིས་རློབ་ཅིང་དབང་བཞི་རྫོགས་རྟག་ཏུ་བསྐུར་རོ། །གསང་སྔགས་ཀྱི་གནད་རྣམས་རྒྱུན་ཆད་མེད་པར་གསུངས་པས་ཤིན་ཏུ་དྲིན་ཆེའོ། །ཕྱི་རབས་ཀྱི་བུ་སློབ་རྣམས་ཀྱིས་ཀྱང་གསངས་ནས་གསང་སྒྲུབ་འདི་བསྒྲུབ་པར་བྱའོ། བླ་མ་རྨོག་ལྕོག་པའི་ཞལ་ནས། སྡིང་མར་བསྒྲུབ་པ་བྱས་པའི་དུས་སུ། སུ་ཁ་སིདྡྷི་འདི་ཐོག་མར་ཞལ་མཐོང་། དེའི་དུས་སུ་དབང་བཞི་རྫོགས་སུ་བསྐུར། ཆོས་མང་དུ་གསུངས། དེ་ནས་རྨོག་ཅོག་གི་བྲག་ལོགས་ལ་སྒྲུབ་པ་བྱེད་ཅིང་བསྡད་པའི་དུས་སུ། སུ་ཁ་སིདྡྷི་བྱོན་ནས་ལུང་བསྟན་མང་པོ་མཛད། དེ་ནས་གཟུངབཟུང་ནས་འདུ་འབྲལ་ཅིགཞིག་ཀྱང་མེད་གསུང་ངོ་། །བླ་མ་སྐྱེར་སྒང་པའི་ཞལ་ནས། ངས་ལྷ་ས་འཕྲུལ་སྣང་དུ་ཕྱིན་པའི་དུས་སུ། སུ་ཁ་སིདྡྷི་འདིས་རྫོགས་
༢༨༥ རིམ་གྱི་ཆོས་མང་དུ་གསུངས། དུས་རྟག་ཏུ་དབང་བཞི་རྫོགས་སུ་བསྐུར། འདུ་འབྲལ་ནི་སྐད་ཅིག་ཀྱང་མེད་གསུང་ངོ་། །སངས་རྒྱས་གཉན་སྟོན་གྱི་ཞལ་ནས། སྐྱེར་སྒང་དུ་གྲོ་ཐོན་ནས་བྲག་ཁ་ཅིག་ཏུ་བསྡད་པའི་དུས་སུ། །སུ་ཁ་སིདྡྷི་ཞལ་མཐོང་། རིག་པ་རྟེན་མེད་དུ་ཞོག་དང་རྣལ་འབྱོར་པ། ཞེས་ལན་གསུམ་གསུངས། དེ་ནས་ད་ལྟ་ཡན་ཆོད་དུ་འདུ་འབྲལ་མེད། དབང་བཞི་ཁྱད་འཕགས་ཀྱི་གདམས་པ་མ་ལུས་པ་གནང་། ལུང་བསྟན་མང་པོ་མཛད་དོ། །ཁྱེད་བུ་སློབ་རྣམས་ལོ་ཟླ་ཙམ་གྱིས་སངས་རྒྱ་བར་འདོད་ན། གནས་དབེན་པར་བསྟེན་ལ་གསང་སྒྲུབ་འདི་གསང་ལ་སྒྲུབས་ཤིག་གསུང་ངོ་། །དེ་ནས་རིམ་པ་ལྟར། ཆོས་རྗེ་སྟོན་པ། མཁས་གྲུབ་ཤངས་སྟོན། མཁས་བཙུན་པ། ཁྱུང་པོ་ཚུལ་མགོན། རི་ཁྲོད་རས་ཆེན། ཤངས་པ་དཀར་པོ། སངས་རྒྱས་དཔལ་བཟང་། ནམ་མཁའི་མཚན་ཅན། སྐུ་སྐྱེ་རིན་པོ་ཆེ་སངས་རྒྱས་ཆོས་ཀྱིས་ཀུན་དགའ་བཀྲ་ཤིས་ངག་དབང་རྒྱལ་མཚན་དཔལ་བཟང་པོ་ལ་བརྒྱུད་དེ། དམ་པ་དེས་བདག་བྱམས་པ་རིན་ཆེན་བཟང་པོ་ལ་བརྩེ་བས་གནང་ངོ་།། །། ༈ སུ་ཁ་སིདྡྷིའི་རྒྱ་གཞུང་ནི། རྒྱ་གར་སྐད་དུ། བཛྲ་ཝཱ་ར་ཧི། གུ་ཧྱ་སཱ་དྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕག་མོའ་གསང་བའི་སྒྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོའི་ཕྱོགས་སུ་ཁ་བལྟས་ཏེ། །མཎྜལ་ནི་སིན་་རའོ། །རང་སྐད་ཅིག་གིས་ཕག་མོར་གསལ་བའི་ལྟེ་བར་ཆོས་འབྱུང་ངོ་། །དེ་དབུས་པད་འདབ་བཞིའི་ལྟེ་བར་ༀ་མོ། །མདུན་དུ་ཧའོ། །གཡས་སུ་རིའོ། །རྒྱབ་ཏུ་ནིའོ། ཨོ་རྒྱན་དུ། གཡོན་དུ་སའོ། །དེ་ཐམས་ཅད་་གོང་རས་ལྗང་གུ་མུ་ཁྱུད་དང་བཅས་པ། དམར་བའི་མདོག་ཅན། མྱོས་བྱེད་ཀྱི་རང་བཞིན་ཅན། ཡི་གེའི་ཚོགས་དེ་རྣམས་ལས་་
༢༨༦ འོད་ཟེར་དམར་བ་ལྕགས་ཀྱུའི་དབྱིབས་ཅན་བྱུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཔའ་བོ་དང་ཌཱ་ཀི་མ་རྣམས་ཀྱི་དབང་གི་ནུས་མཐུ་པདྨ་རཱ་གའི་མདོག་ལྟར་བཀུག་ལ་བསྟིམ་མོ། །དེའི་ནུས་མཐུའི་འོད་དམར་བའི་དབྱིབས་ཅན། དམིགས་བྱའི་སྨིན་མཚམས་དང་གསང་གནས་སུ་བཏབ་པས། ཀིཾ་ཤུའི་ལོ་མ་རླུང་གིས་བསྐྱོད་པ་ལྟར། སྒྲུབ་བྱ་འདོད་ཡོན་དང་བཅས་པ་རང་དབང་མེད་པར་པདྨའི་སྟེང་དུའོ། །དེ་ནས་ཆོས་འབྱུང་ཁ་བསྡུས་ཏེ། ཡི་གེ་མི་གཡོ་བའི་འོད་ཟེར་་སྙིང་ཟེར་བའང་སྣང་ངོ་། སྔ་མ་ལྟ་བུའི་གནས་གཉིས་སུ་བཏབ་པས། པདྨ་གཡོས་མེད་པ་ལྟར། དབང་མེད་དུ་མྱུར་དུ་འཁོར་བས། སྒྲུབ་བྱ་འདོད་ཡོན་དང་བཅས་ལི་ཁྲི་ལྟ་བུར་གྱུར་ཏེ། གཅེར་བུ་གསུམ་དང་ལྡན་པར་བལྟའོ། །མི་གནས་གསུམ་ལ་རྩེ་གཅིག་ཏུ་འབད་པར་བྱའོ། །དེ་ནི་འདུ་བ་གསུམ། ཤིན་ཏུ་མྱུར་བས། དང་འཆར་བ་གསུམ་འབྱུང་བར་འགྱུར་རོ། །འབུམ་ཕྲག་བདུན་གྱིས་འཇིག དམར་ལྡེམ་ལྡེམ། སྒྲུབ་བྱེད་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ། རྟེན་གྱི་བདག ལུས་ངག་ཡིད་གསུམ། པོར་འགྱུར་རོ། །ཟླ་བ་དྲུག་གིས་བཅུ་་མི་་བཞིའི་ས་་ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ། སྔགས་་ཐོབ་པར་འགྱུར་རོ། །དབང་ལ་ནི་ཆགས་པའི་སེམས་ཀྱིས་སོ། །མཆོག་ལ་ནི་མི་རྟོག་པའི་སེམས་ཀྱིས་སོ། །གསང་ཞིང་སྨྲ་བ་བཅད་པ་དང་། །ཐེ་ཚོམ་མེད་པ་ནི་དམ་ཚིག་གོ །གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་ཞེས་བྱ་བ། ཌཱ་ཀི་མ་སུ་ཁ་མ་ཧཱ་སིདྡྷིས་ཕྱུང་བའོ། །རྫོགས་སོ། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོ། །མངྒ་ལཾ།། །། ༈ སུ་ཁ་སིདྡྷའི་གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་ནི། ཐུགས་ནི་འོད་གསལ་ངང་ལ་གནས། །སྣང་
༢༨༧ གྲགས་སྒྱུ་མར་མཁྱེན་པ་ཡི། །ཞེན་མེད་ལྷ་སྐུས་འགྲོ་དོན་མཛད། །དཔལ་ལྡན་སྐྱེར་སྒང་པ་ལ་འདུད། །མཁའ་འགྲོ་མ་གནད་ཀྱི་གདམས་པ་འདི་ལ། དོན་རྣམ་པ་གཉིས་ཏེ། བསྙེན་པ་དང་། ཉེ་བར་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། བསྐྱེད་རིམ་བཟླས་པ་དང་བཅས་པ་དང་། རྫོགས་རིམ་བསྒོམ་པའོ། །དང་པོ་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་རི་ཁྲོད་ལ་སོགས་པ་དབེན་ཞིང་ཉམས་དགའ་བའི་གནས། བདེ་ཞིང་འབོལ་བའི་གདན་ལ། བསམ་གཏན་གྱི་ཆོས་ཀྱིས་ཉེ་བར་འདུག་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས། ཧཱུྃ་གིས་གསོལ་བ་ལན་གསུམ་གདབ་པར་བྱའོ། །གཉིས་པ་དངོས་གཞིའི་ཉམས་ལེན་ནི། རྒྱུད་ལས། ཨ་ཡི་འོད་ཀྱིས་བསྲེགས་བྱས་ནས། །མི་འགྲུབ་པ་ནི་གང་ཡང་མེད། །ཅེས་གསུངས་པའི་དོན་ནི། རང་སྐད་ཅིག་དྲན་རྫོགས་ཀྱིས་རྡོ་རྗེ་ཕག་མོར་ཝལ་གྱིས་བསྒོམ། དེའི་ལྟེ་བའི་དབུས་རྩ་དབུ་མའི་ནང་དུ་པདྨ་འདབ་མ་བཞི་པ་ཟེའུ་འབྲུ་དང་བཅས་པ་གཅིག་པུ་སྒོམས་ཏེ། དེ་ཡང་མདུན་གྱི་འདབ་མ་སྔོ་སྐྱ། གཡས་ཀྱི་དམར་པོ། རྒྱབ་ཀྱི་དཀར་པོ། གཡོན་གྱི་སེར་པོ། དབྱིབས་དང་ཁ་དོག་གསལ་བར་བསྒོམ། དབུས་ཀྱི་ལྟེ་བ་ལ་ཨ་དཀར་པོ་འོད་འཕྲོ་བ་གཅིག་བསམ། མདུན་གྱི་འདབ་མ་ལ་ཧ་སྔོ་སྐྱ། གཡས་སུ་རི་དམར་པོ། རྒྱབ་ཏུ་ནི་དཀར་པོ། དེའི་འོག་ཏུ་ས་སེར་པོ། དེ་རྣམས་གསལ་བར་བསྒོམས་ལ། དེ་ནས་མདུན་གྱི་ནམ་མཁའ་ལ་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་དང་། སློབ་དཔོན་ནག་པོ་བིར་ཝ་པ་གཉིས་ཐ་མི་དད་པར་བསམ། དེའི་འོག་ཏུ་རྗེ་བཙུན་དམ་པ་རྒྱ་གར་ཕྱག་ན་སྦའི་གླིང་བུ་བསྣམས་ནས། བདག་ལ་བྱིན་གྱིས་བརླབས་པར་བསྒོམ། དེ་གཉིས་ལ་སངས་རྒྱས་དང་བྱང་ཆུབ་སེམས་
༢༨༨ དཔའ་དཔག་ཏུ་མེད་པས་སྤྲིན་གཏིབས་པ་བཞིན་དུ་ཐམ་མེ་བསྐོར་ནས་བཞུགས་པར་བསྒོམ། དེ་རྣམས་ལ་དད་གུས་དྲག་པོ་བྱས་པས། གཙོ་བོ་ཀྱཻའི་རྡོ་རྗེ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཐུགས་ལས། ༀ་ཨཱཿཧཱུྃ་གསུམ་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་དུ་དམ་པའི་གླིང་བུ་མར་ལ་ཕྱུང་། བདག་གི་སྤྱི་བོར་བྱོན་ནས་ཚངས་བུག་ནས་མར་སོང་། དབུ་མ་བརྒྱུད་ནས་ལྟེ་བའི་ཨ་ལ་སིབ་སིབ་ཐིམ་པ་དང་། ཟག་པ་མེད་པའི་བདེ་བ་རྒྱས་པར་བསམས་ལ། སྐྱབས་སུ་འགྲོ་བ་གྲུབ་ཚད་བྱའོ། །དེས་བདག་མཁའ་འགྲོའི་དབང་དུ་མི་འགྲོ་ཞིང་། ཌཱ་ཀི་མ་བདག་གི་དབང་དུ་འདུ་བའི་གནད་ཡིན་ནོ། །དེ་ནས་ཡི་གེ་བཞི་པོ་གོང་བས་ཐོས་ཙམ་དུ་ཤིབ་ཤིབ་བཟླས་པས། ལྟེ་བའི་ཨ་ལས་འོད་ཟེར་དཀར་པོ་འཕྲོས། ཡི་གེ་བཞི་ལ་ཐིམ་ཞིང་བསྲེགས་པས་ལྕགས་བསྲེགས་པ་ལྟ་བུར་སོང་སྟེ། བདེ་སིང་སིང་པར་བསྒོམས་པས། འོག་གི་པདྨ་དབང་མེད་དུ་གཡོན་དུ་དྲག་ཏུ་འཁོར་ཞིང་སྒོ་རོ་རོ་འཁོར་བར་བསྒོམ། ཡི་གེ་མི་འཁོར་པདྨ་འཁོར་བ་ལ་དམིགས་པ་དེ་དང་མ་བྲལ་བར་བཟླས་པ་ཅི་འགྲུབ་བྱའོ། །དེ་ལས་སྐྱོན་ལྟེ་བའི་ཨ་ལས་འོད་འཕྲོས། དབུ་མ་ནས་ཚངས་བུག་ལ་བཏོན་ཏེ། ནམ་མཁའ་གང་བའི་ལྷའི་བུ་མོ་ཐམས་ཅད་ཀྱི་བདེ་བ་ཐམས་ཅད་བཀུག །ཚངས་བུག་ནས་བརྒྱུད་ནས་ལྟེ་བའི་ཨ་ལ་ཐིམ་པས། ཟག་པ་མེད་པའི་བདེ་བ་རྒྱས་པར་བསྒོམ། དེ་བཞིན་དུ་ཨའི་འོད་ཟེར་གྱིས་དྲི་ཟའི་བུ་མོ་དང་བྲམ་ཟེའི་བུ་མོ་དང་། གདོལ་པའི་བུ་མོ་དང་། ཀླུའི་བུ་མོ་དང་། མིའི་བུ་མོའ་བདེ་བ་ཐམས་ཅད་བཀུག་ལ་སྔར་བཞིན་བསྒོམ་མོ། །དེ་ནི་བསྐྱེད་རིམ་བཟླས་པ་དང་བཅས་པའོ། །གཉིས་པ་རྫོགས་རིམ་ནི། ཐ་མལ་ཤེས་པ་རང་ག་འདི། །བསྒོམ་འདོད་རྟོག་པས་མ་བསླད་པར། །མ་བཅོས་ངང་ལ་
༢༨༩ ཀློང་ལ་ཞོག །ཅི་ཡང་མི་དམིགས་དེ་ཁོ་ན། །ཕྱག་རྒྱ་ཆེན་པོ་ཞེས་སུ་བརྗོད། །དངོས་གཞི། གསུམ་པ་རྗེས་ཀྱི་བྱ་བ་ནི། བདག་གིས་དེ་ལྟར་བསྒོམས་པ་ཡིས། །དངོས་པོའ་སྣང་གྲགས་ཆོས་རྣམས་ཀུན། །སྒྱུ་མ་ལྟ་བུར་ཤེས་བྱས་ལ། །ཞེན་པ་མེད་པའི་སྤྱོད་ལམ་གྱིས། །ལུས་ངག་ཡིད་གསུམ་དགེ་ལ་བཀོལ། །སྙིང་རྗེས་སེམས་ཅན་དོན་ལ་འབད། །དེ་ལྟར་བསྙེན་པ་རྫོགས་པ་དང་། །གཉིས་པ་དྲན་པ་བསྒྲུབ་པ་ལ་འཇུག་སྟེ། དེ་ཡང་བསྙེན་པ་འབུམ་ཚོ་གསུམ་སོང་ནས། མི་འགྲུབ་པ་ནི་གང་ཡང་མེད། །ཅེས་བཤད་པས། སྔོན་ལ་བསྙེན་པ་འབུམ་ཚོ་གསུམ་སོང་ནས། དེ་ནས་ཉེ་བར་བསྒྲུབ་པ་ལ་འཇུག་པ་ནི། བླ་མའི་ཞལ་ལས་ཤེས་པར་བྱའོ། །བླ་མའི་གདམས་ངག་རིན་པོ་ཆེ། །མཁའ་འགྲོ་གནད་ནས་བསྐུལ་བྱེད་པའི། །ཇི་སྐད་གསུང་བཞིན་ཡི་གེར་བཀོད། །དེ་ལ་ཌཱ་ཀིས་མི་བཀྱོན་འཚལ། །དགེ་བ་སེམས་ཅན་དོན་དུ་བསྔོ། །ཌཱ་ཀི་གནད་ཀྱི་གསང་སྒྲུབ་རྫོགས་སོ།། །། ༈ སུ་ཁ་སིདྡྷིའི་དབང་ཆོག་བཞུགས། ན་མོ་གུ་རུ། གཞན་ལ་བྱིན་རླབས་བྱེད་པར་འདོད་པས། དབེན་ཞིང་ཉམས་དགའ་བའི་གནས་སུ་ཕྱག་དར་དང་ཆག་ཆག་བཏབ། བླ་མ་དཀོན་མཆོག་གི་རྟེན་བཀྲམ། པུ་ཙ་བཟང་དུ་བཤམ། ས་གཞི་བསྟར་བ་ལ། བདུད་རྩི་ལྔ་དང་ཆང་བསྲེས་ལ་གྲུ་བཞིར་བྱུགས། དེ་ལ་པདྨ་འདབ་བཞི་མུ་ཁྱུད་དང་བཅས་པ་བྲི། མདུན་གྱི་འདབ་མ་སྔོ་སྐྱ། གཡས་ཀྱི་དམར་པོ། རྒྱབ་ཀྱི་དཀར་པོ། གཡོན་གྱི་སེར་པོ་གོང་རས་ལྗང་གུ། ལྟེ་བར་མུ་ཁྱུད་ནག་པོས་བསྐོར། དབུས་སུ་ཧཱུྃ་ནག་པོ། མདུན་གཡས་སྐོར་དུ་ཧ་རི་ནི་ས་ཁ་དོག་པདྨ་དང་མཐུན་པ་བྲི། དེའི་སྟེང་དུ་མཉྫི་བཞག་གོ །དེའི་སྟེང་དུ་མེ་ལོང་ལ་ཆང་དང་བདུད་རྩི་བསྲེས་པ་བྱུགས། དེ་ལ་སིནྡྷཱུ་ར་
༢༩༠ དར་ཚགས་བྱས་ལ་ཁོད་སྙོམས་པར་བྱུགས། དེ་ལ་པདྨ་འདབ་བཞི་དང་ཡིག་འབྲུ་ལྔ་སྔར་བཞིན་བྲི། མཉྫིའི་ཁར་གཞུག །སྟེང་འོག་གི་ཡི་གེ་ཧཱུྃ་ནག་པོ་སློབ་དཔོན་ནག་པོ་བིར་ཝ་པ་དང་། དགྱེས་མཛད་ཐ་མི་དད་པར་བསྒོམ། ཡི་གེ་མཁའ་འགྲོ་མ་བཞིའི་ངོ་བོ་ལྷར་བལྟས་ལ། རྣམ་པ་ཡི་གེའི་གཟུགས་སུ་བསམ། འོག་མ་དམ་ཚིག་སེམས་དཔར་བསམ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། བདག་ཉིད་དགྱེས་རྡོར་དུ་བསྐྱེད་ལ་བཟླས་པ་བྱ། ༈ དགྱེས་མཛད་གཡོན་དུ་སུ་ཁ་སིདྡྷི་བསྒོམས། འབྱོར་ན་པུ་ཙ་ལྔས་ཚན་བསྐོར། དེ་མ་འབྱོར་ན་ཅི་ཙམ་འབྱོར་པ་བཤམ། གཏོར་མ་གསུམ་རྒྱབ་ཏུ་བཤམ། ཐོད་པ་ཆང་གིས་བཀང་བ་ལ་བདུད་རྩི་རིལ་བུ་བཏབ་ལ་རང་གི་མདུན་དུ་བཞག །ནང་མཆོད་བྱིན་གྱིས་བརླབས། རྡོ་རྗེ་དྲིལ་བུ་སྟ་གོན་བྱ། སློབ་མ་དུ་ཡོད་འདུས་བྱས་ལ་གྲལ་རིམ་གྱིས་བཞག །རང་སྟན་བདེ་བ་ལ་འདུག །ཡི་དམ་ལྷའི་ང་རྒྱལ་གྱིས་བྱིན་གྱིས་བརླབས་པའི་ཆང་སློབ་མ་རྣམས་ལ་གཏོར་ཞིང་བགེགས་བསྲུང་། སྤྱི་ལྟར། བྱིན་གྱིས་བརླབས་པའི་མཆོད་པ་དང་། ནང་མཆོད་དབུལ། བསྟོད་པ་རྣམས་བྱ། གཏོར་མ་དབུལ། བདག་འཇུག་བྱ། དེ་ནས། དེ་ནས་སློབ་མ་རྣམས་བློ་རིམ་གྱིས་ཁྲིད་དེ་སྡིག་པ་བཤགས་པ་དང་། སྐྱབས་སུ་འགྲོ་བ་ཐུན་མོངས་པ་དང་། སུམྦྷ་ནི་སོགས། སེམས་བསྐྱེད་པ་རྣམས་ཕ་རོལ་ཏུ་ཕྱིན་པའི་ལུགས་ལྟར་བྱའོ། །དེ་ནས་སློབ་དཔོན་ལ་ཕྱག་བཙལ་ཏེ་མེ་ཏོག་ཕུལ། དལ་འབྱོར་རྙེད་པར་དཀའ་བ་སོགས་ཀྱི། མོས་གུས་དྲག་པོ་བྱའོ། །བླ་མས་མཆོད་པ་བསངས་ལ་ལྷ་ལ་ཕུལ། བྱིན་གྱིས་རློབ་་ལམ་ཡན་ལག་ལྔ་སོགས། པར་གསོལ་བ་གདབ། རང་ཉིད་བདེ་མཆོག་ཏུ་བསྒོམས་ལ། རྩ་དབུ་མའི་ནང་ལྟེ་བའི་ཐད་ཀ་ཙམ་དུ། པདྨ་འདབ་མ་བཞི་པ་ཟེའུ་འབྲུ་དང་བཅས་་དེ་ནས་སྔགས་ཀྱི་གནང་བ་སྦྱིན་པ་ལ་སོགས་པ་ཡན་ལག་ལྔ་བྱ། པ་གཅིག བིར་ཝ་པ་ཧཱུྃ། སུ་ཁ་མ་སིདྡྷི་ཧཾ་ཞེས།
༢༩༡ བསྒོམས་ཏེ། དེ་ཡང་མདུན་གྱི་འདབ་མ་སྔོན་པོ། གཡས་དམར་པོ། རྒྱབ་དཀར་པོ། གཡོན་སེར་པོ་བསམ། དབུས་ཀྱི་ལྟེ་བ་ནག་པོ་ལ་ཨ་དཀར་པོ། མདུན་དུ་ཧ་སྔོ་སྐྱ། གཡས་སུ་རི་དམར་པོ། རྒྱབ་ཏུ་ནི་དཀར་པོ། གཡོན་དུ་ས་སེར་པོའོ། །དེ་ནས་མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསམ། དེའི་སྟེང་དུ་ཧཱུྃ་ལས་དགྱེས་མཛད་བིར་ཝ་པ་དང་ཐ་མི་དད་པ་བསྒོམ། དེའི་གཡོན་དུ་ཧཱུྃ་ལས་བདག་མེད་མ་དང་། སུ་ཁ་མ་སིདྡྷི་ཐ་དད་མེད་པར་བསྒོམ། རང་གི་སྤྱི་བོར་དམ་པ་ཕྱག་ན་སྦའི་གླིང་བུ་རྩ་དབུ་མ་ལ་རེག་གེ་བསྣམས། དམ་པའི་མདུན་ན་བླ་མ་བཞུགས་པར་བསམས་ནས། རྗེ་བཙུན་བིར་ཝ་པ་ཧཱུྃ། སུ་ཁ་སིདྡྷི་ཧཾ། ཞེས་གསོལ་བ་ལན་གསུམ་བཏབ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཁྱད་པར་དུ་བིར་ཝ་པ། སུ་ཁ་སིདྡྷི། དམ་པ་གསུམ་གྱི་ཐུགས་ཀ་ནས། ༀ་ཨཱཿཧཱུྃ་མུ་ཏིག་དར་ལ་བརྒྱུས་པ་བཞིན་དུ་དམ་པའི་གླིང་བུའི་ནང་ན་མར་ལ་སོང་། དབུ་མ་ནས་བརྒྱུད་དེ་ཡི་གེ་བཞི་ལ་སིབ་སིབ་ཐིམ་པས། ཉམས་ཆགས་ནུས་པ་སྨད་པར་བསྒོམས་ནས། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་གྲུབ་ཚད་བྱས་ལ་གསོལ་བ་གདབ་བོ། །དེ་ནས་ལུས་བཅོས་ཏེ། གོང་བཞིན་དམིགས་པ་རྣམས་བསྒོམ་དུ་གཞུག་ཅིང་། བླ་མས་ཀྱང་དམིགས་པ་རྣམས་བསྒོམས་ཏེ། གསོལ་བ་བཏབ་ཅིང་རོལ་མོ་རྣམས་འབུད་བཀྲོལ་བྱའོ། །ལུས་ངག་ཡིད་གསུམ་ལ་ཕེབས་ལུགས་སྤྱི་དང་མཐུན་ནོ། །དངོས་གཞི་དབང་བསྐུར་བ་ལ། བུམ་པའི་དབང་བཞི་དང་། ལྷ་མོ་དྲུག་གི་དབང་བསྐུར་བའོ། །དང་པོ་བུམ་པའི་དབང་གི་གསོལ་འདེབས་ནི། སྐྱོབ་པའི་དཀྱིལ་
༢༩༢ འཁོར་མངོན་སུམ་དུ། །ཏིལ་གྱི་གོང་བུ་བཞིན་གང་བས། །བདག་ཉིད་ལ་ནི་དབང་བསྐུར་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་སྟེ། དེ་ནས་ལྷ་ཚོགས་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱི་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཅེས་བུམ་པའི་དབང་བསྐུར་བར་བྱའོ། །གསང་དབང་གི་གསོལ་འདེབས་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའ་རྡོ་རྗེ་དེང་བདག་སྩོལ། ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས། ཕྱོགས་བཅུའི་གསང་གསུམ་ལས་བྱུང་བའི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཅེས་པ་སྔགས་དང་བཅས་པས་བྱང་སེམས་ལྕེ་ཐོག་ཏུ་སྦྱིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་གསོལ་འདེབས་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཁམས་གསུམ་ཡེ་ཤེས་བདུད་རྩི་ནི། །རྡོ་རྗེའི་ལམ་ལ་རབ་བསྡུས་ནས། །བདེ་བ་ཆེན་པོའ་དབང་བསྐུར་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པ་དང་། ལྷ་ཚོགས་རྣམས་ཀྱིས་དེ་དག་གི་སྟེང་དུ། བདེ་བ་བསྐྱེད་ཕྱིར་རིགས་ཀྱི་ཡུམ། རྒྱལ་སྲས་ཡེ་ཤེས་དབང་བསྐུར་སྦྱིན། །ཅེས་པ་སྔགས་དང་བཅས་པས་སྦྱིན་ནོ། །དབང་བཞི་པའི་གསོལ་འདེབས་ནི། ཀུན་མཁྱེན་ཡེ་ཤེས་ཐུགས་རྗེའི་བདག །གཙོ་བོས་བདག་ལ་དབང་བསྐུར་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པ་དང་། ལུས་ཀྱི་འཁྲུལ་འཁོར་ནི། རྐང་པ་ཅུང་ཟད་བསྣོལ། ལག་པ་གཡོན་སྡིགས་མཛུབ་བྱས་ལ་ཐུགས་ཀར་བཟུང་། གཡས་པ་མཐེབ་ཆེན་དང་མཐེའུ་ཆུང་གཉིས་སྤྲད་ལ། སོར་མོ་གསུམ་གདེངས་
༢༩༣ པའི་ཚུལ་དུ་བྱས་ཏེ་མིག་ཧུ་རེ་བལྟའོ། །ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག །ཅེས་པ་དབང་བཞི་པའོ། །དེ་ནས་ལྷ་མོ་དྲུག་གིས་དབང་བསྐུར་བ་ནི། རང་ཉིད་བདེ་མཆོག་ཏུ་བསྒོམས་པའི་ལྟེ་བའི་ཨཱ་ལས་འོད་འཕྲོས་པས། ལྷ་མོ་སྐུ་མདོག་དཀར་བ་ལ་སེར་བའི་མདངས་ཆགས་པ་གཟི་མདངས་ཅན་བདེ་བའི་ཉམས་དང་ལྡན་པ། གཞོན་ཞིང་སྒེག་པ། བཉྩ་ལི་ཀ་དང་། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པའི་གསང་གནས་སུ་འོད་ཟེར་འཕྲོས་པས་མདུན་དུ་བྱོན། དེའི་གསང་གནས་གསལ་བར་བསྒོམས་ལ། དེ་ནས་རང་གི་དབང་པོའ་རྩེར་ཧཱུྃ་མཐིང་ནག་ལས་འོད་ཟེར་ལྔ་འཕྲོས་པས། ཆོས་འབྱུང་ནང་དུ་སོང་། རྩ་འདབ་ཁེངས་པས་བདེ་བ་རྒྱས་ཏེ། རྗེ་བཙུན་མ་བདེ་བའི་འོད་ཟེར་གྱིས་ཚུར་ལ་དྲག་ཏུ་བསྡུས་ནས། རང་གི་དབང་པོའ་ནང་ནས་ཡར་རྗེ་བཙུན་མ་སོང་བས་རྩ་ཐམས་ཅད་ཁེངས། དེའི་བདེ་བ་རྒྱས་པ་དང་། འོག་རླུང་དྲག་ཏུ་བསྐུམ་ནས་བསུས་པ་སྦྱར། བདེ་སྟོང་གཉིས་སུ་མེད་པར་བསྒོམ་མོ། །ཡང་གཅིག་ཧཱུྃ་ལས་འོད་འཕྲོས་ནས། །བདེ་བ་གོང་བཞིན་བསྐུལ་བ་ཡིས། །རང་ལུས་ཟག་མེད་བདེ་བ་རྒྱས། །གསལ་སྟོང་གཉིས་སུ་མེད་པར་བསྒོམ། །དེ་ནས་ལྷ་མོ་རྗེ་བཙུན་མ། །རང་ལ་གཉིས་མེད་འཁྱུད་ནས་ནི། །ཐབས་དང་ཤེས་རབ་བསྲུབ་པ་ཡི། །དྲོད་ཀྱིས་བདེ་བའི་གནད་བསྐུལ་ནས། །ཡུམ་གྱི་རང་བྱུང་ཉི་མའི་རྒྱུན། །བདེ་བ་ཕུན་སུམ་ཚོགས་པ་དེ། །རྡོ་རྗེ་ནས་ནི་ཁོང་པ་ཡི། །ནང་ན་ཡར་ལ་སོང་བ་དང་། །རྩ་ཆེན་རྩ་ཕྲན་ཐམས་ཅད་ཁེངས། །བདེ་བས་རྒྱུད་ནི་གང་ཞིང་རྒྱས། །རང་ལུས་ཟག་མེད་བདེ་བས་རྒྱས། །རང་ལུས་རཱ་གའི་མདོག་ལྟར་གྱུར། །དེ་ཡི་ཡུམ་ནི་དབང་དུ་འགྱུར། །རང་གི་ཀུན་དཱ་ཕར་འཕྲོས་པས།
༢༩༤ ཡུམ་དེ་བདེ་བ་རྒྱས་གྱུར་ནས། །དཀར་ལ་དམར་བའི་མདངས་ཆགས་པས། །ཡུམ་གྱིས་ཡབ་ནི་དབང་དུ་གྱུར། །དེ་ལྟར་ཡབ་ཡུམ་འོད་འཁྲུག་ཅིང་། །བདེ་བས་རྒྱུད་ནི་གང་བའི་ཚེ། །འོག་རླུང་དྲག་ཏུ་བསྐུམ་པ་དང་། །བདེ་བས་སྟོང་པའི་དོན་སྟོན་ཅིང་། །སྟོང་པས་བདེ་ལ་ཆགས་མི་བྱ། །བདེ་སྟོང་གཉིས་མེད་ཡེ་ཤེས་མཆོག །དམར་བ་ཡུན་རིང་དཀར་བ་ཐུང་། །གནད་ཀྱི་མཆོག་ཏུ་ཤེས་པར་བྱ། །སྣང་སྟོང་ལྷ་སྐུ་བདེ་ཆེན་ལ། །གསལ་ལ་རྟོག་པ་མེད་པར་བཞག་དེ་ལྟར་ཡབ་ཡུམ་གཉིས་མེད་ཀྱི། །ངང་ནས་བཟླས་པ་བྱ་བ་ནི། །ༀ་ཧ་རི་ནི་ས་ལ་སོགས་བཟླས། །དེ་ཡིས་ལྷ་སྐུ་ཕྱག་རྒྱ་ཆེ། །ཞེན་པའི་དྲི་མ་ཐམས་ཅད་དག །བྲལ་བ་རང་ཤར་དག་ཏུ་འབྱུང་། །དེ་ཡིས་གང་འདུལ་ལྷུན་གྱིས་གྲུབ། །དེ་ནི་མཐར་ཐུག་འབྲས་བུའོ། །དྲི་ཟ་བྲམ་ཟེ་གདོལ་བ་དང་། །མི་དང་ཀླུ་ལ་དེ་བཞིན་ནོ། །དཀར་བ་ལ་དབང་བཞིའོ། །སྔོ་བ་ལ་དགའ་བ་བཞི། སྨུག་པ་ལ་སྐད་ཅིག་མ་བཞི། སྨུག་ནག་ལ་ཡང་དབང་བཞི། རཱ་ག་སྐུ་བཞིའོ། །དེ་ནས་ཚོགས་ལོངས་སྤྱོད། གཏོར་མ་དབུལ། ལྷག་གཏོར་བཏང་། མཎྜལ་གྱི་ལྷ་རྣམས་སློབ་མའི་ལྟེ་བར་བསྡུའོ། །ལྷག་ཆད་བཤགས་བ་ཅི་བདེར་གནས་པར་བྱའོ། །བྱིན་གྱིས་བརླབས་པའི་མན་ངག་ནི། །བླ་མའི་གསུང་བཞིན་ཡི་གེར་བཀོད། །ཌཱ་ཀི་རྣམས་ལ་བཟོད་པར་གསོལ། །དགེ་བ་སེམས་ཅན་དོན་དུ་བསྔོ། །ཌཱ་ཀི་མ་གནད་ཀྱི་གདམས་པ་དབང་གི་ཟིན་བྲིས་རྫོགས་སོ།། །།

༄༅། །གཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོ༎

༡༨༥

༄༅། །གཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

༡༨༦

༄༅། །ན་མོ་གུ་རུ། དངོས་གྲུབ་འབྱུང་གནས་བླ་མ་རིན་པོ་ཆེ། །སྐྱབས་གནས་ཀུན་འདུས་འགྲོ་མགོན་རིན་པོ་ཆེ། །གནས་ལུགས་དོན་སྟོན་ཆོས་རྗེ་རིན་པོ་ཆེ། །བདུད་བཞི་འཇོམས་མཛད་དཔའ་བོས་བྱིན་གྱིས་རློབས། །འདིར་བདུད་གཅོད་ཟབ་མོ་ཉམས་སུ་ལེན་པའི་གང་ཟག་ནི། །ནམ་འཆི་ཆ་མེད་དྲན་པས་ཚེ་འདི་བློ་ཡིས་ཐོངས། །ཆོས་མིན་བསམ་རྒྱུ་མེད་པས་སྙིང་རུས་ཞེ་བཅད་ཆེ། །བླ་མ་གཅིག་པ་སྒྲུབ་ཅིང་གཉན་ཁྲོད་རི་ལ་ཆུགས། །རྐྱེན་ངན་ཀློང་ལ་བསྲེ་ཞིང་གང་བྱུང་རོ་མཉམ་པས། །གསུངས་པ་ལྟར་དགོས་པ་ལགས། །དེས་ཉམས་སུ་བླང་རྒྱུའི་ཆོས་ནི་འདི་ཡིན་ཏེ། བརྒྱུད་པ་ལ་མོས་གུས་ཆུག །བྱིན་རླབས་འཕོ་བའི་དབང་བསྐུར་ཐོབ་ནས་ཁྲིད་ཀྱི་ངོ་བོ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་ལ། སྐྱབས་འགྲོ། སེམས་བསྐྱེད། མཎྜལ། བླ་མའི་རྣལ་འབྱོར་ཏེ་བཞི་ལས། དང་པོ་ནི། རང་གི་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་མའི་གདན་ལ་དབུས་སུ་རྩ་བའི་བླ་མ་མདུན་དུ་ཡི་དམ་དང་སངས་རྒྱས། གཡས་སུ་དམ་ཆོས་ཀྱི་ངོ་བོ་

༡༨༧

གླེགས་བམ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། རྒྱབ་ཏུ་མཁའ་འགྲོ་ཆོས་སྐྱོང་རྣམས་གསལ་བཏབ་ལ། བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ཁྱེད་རང་ཤེས་བསམ་པས། བདག་སོགས་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སངས་རྒྱས་གཙོ་ལ་སྐྱབས་སུ་མཆི། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །ཀུན་འདུས་བླ་མར་སྐྱབས་སུ་མཆི། ཞེས་པ་དང་། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་པ་ཆོས་སྐུ་གསུམ་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཅི་ནུས་བྱ། མཐར་སྐྱབས་ཡུལ་རང་ལ་བསྟིམ། གཉིས་པ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དུང་བའི་ངང་ནས། མ་རྒན་སེམས་ཅན་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་མཐའ་དག་

༡༨༨

དང་ལྡན་པར་བྱའོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མཐའ་དག་དང་བྲལ་བར་བྱའོ། །མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱའོ། །ཞེས་ངག་ནས་བརྗོད་ཅིང་ཡིད་ལ་བསམ་མོ། །གསུམ་པ་ནི། རང་གི་མདུན་དུ་བླ་མ་དང་མ་གཅིག་ལབ་སྒྲོན་དབྱེར་མེད་པ། མདུན་དུ་ཡི་དམ་སོགས་སྐྱབས་ཡུལ་བཞིན་གསལ་བཏབ། འཇིག་རྟེན་གྱི་ཁམས་ཐམས་ཅད་མཆོད་རྫས་འདོད་ཡོན་ལོངས་སྤྱོད་ཐམས་ཅད་ཀྱི་ཕྱུར་པོར་བཀང་སྟེ། རང་གི་ལུས་ངག་ཡིད་གསུམ་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་བླ་མ་དཀོན་མཆོག་ལ་ཕུལ་བར་མོས་ལ། མཎྜལ་ཚོམ་བུ་བདུན་མ་གང་མང་འབུལ་ཞིང་། མགོ་ཞབས་སུ་མཎྜལ་རྒྱས་པ་རེའང་ཕུལ། །མཎྜལ་རེ་རེའི་མཐར་བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་བསགས་པའི་དགེ་བ་ཀུན། །བླ་མ་དཀོན་མཆོག་ཁྱེད་ལ་འབུལ། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཞེས་པ་ལན་རེ་རེ་བརྗོད། བཞི་པ་ནི། རང་གི་སྤྱི་བོར་བླ་མ་དང་མ་གཅིག་དབྱེར་མེད་པ་བསྒོམས་ལ། སྙིང་ཐག་པས་མོས་གུས་དྲག་པོ་བསྐྱེད་ཅིང་། འདི་ཉིད་ཀྱི་བརྒྱུད་འདེབས་ཀྱང་སྤྲོ་ན་བྱ། ཁྱད་པར་བདག་སོགས་སེམས་ཅན་ཐམས་ཅད་བླ་མ་ལ་མོས་གུས་དྲག་པོས་གསོལ་བ་འདེབས་པར་བསམས་ནས། མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། རེ་ས་གཞན་ན་མེད་པས་ད་ལྟ་བྱིན་གྱིས་བརླབས་ཏུ་གསོལ། བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །སྐྱེ་མེད་ཆིག་ཆོད་དུ་རྟོགས་པར །བར་ཆད་དངོས་གྲུབ་ཏུ་ལོངས་པར །བདུད་ཚོགས་རང་སར་ཆོད་པར །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ། ཐུན་གྱི་མཇུག་ཏུ་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། བླ་མས་རྗེས་སུ་འཛིན་པར་སྨོན་ལམ་བཏབ་སྟེ་ཅུང་ཟད་ངལ་གསོ། རེ་ཞིག་དེ་

༡༨༩

དག་རེ་རེ་ལ་དམིགས་པ་འབྱོངས་འབྱོངས་སུ་བསྒོམས་ནས་སླར་ཡང་སྔ་དྲོ་སྐྱབས་འགྲོ། ཉིན་གུང་སེམས་བསྐྱེད། དགོངས་མོ་མཎྜལ། སྲོད་ལ་བླ་མའི་རྣལ་འབྱོར་རྣམས་དྲག་ཏུ་བསྒོམ་པ། ཞག་བདུན་ནམ་ཟླ་ཕྱེད་ལ་སོགས་པ་བསྐྱངས་པས། དེ་དག་ལ་མྱོང་བ་ཅི་རིགས་པ་ཐོན་ཡོང་ཞིང་། དངོས་གཞི་དང་མཐུན་པའི་སེམས་རྟོགས་ཀྱང་ཐན་ཐུན་སྐྱེ་བ་སྲིད། གང་ལྟར་ན་ཡང་སྔར་སོ་སོར་བསྒོམ་པ་རྣམས་ལ་ཡང་། ཞག་བདུན་བདུན་ཙམ་རེ་བྱ་ཞིང་། ཀུན་དྲིལ་བས་སྔོན་འགྲོ་ལ་མ་མཐའ་ཡང་ཟླ་བ་ཕྱེད་གཉིས་ཙམ་རེ་བྱེད་པ་གལ་ཆེའོ། །གཉིས་པ་དངོས་གཞི་ལ། ཡུམ་དོན་ངོ་སྤྲད་པ་དང་། བདུད་བཞི་དབྱིངས་སུ་གཅོད་པའོ། །དང་པོ་ལ་སེམས་འཛིན་གྱི་གདམས་ངག་དང་། ངོ་སྤྲོད་གཉིས་སོ། །དང་པོ་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅས། ངག་རླུང་རང་སོར་བཞག །སེམས་དུས་གསུམ་གྱི་རྟོག་པའི་སྤྲོས་པ་བཅད་ནས། སྔར་གྱི་རྣམ་རྟོག་འགག །ཕྱི་མ་མ་སྐྱེས་པའི་ད་ལྟར་བའི་ཤེས་པ་སྐད་ཅིག་མ་འདི་ལ་སོ་ཁང་དེ་བཞག །རྣམ་རྟོག་ཐོལ་ཐོལ་སྐྱེས་ན། པད་པད་འཕྲོ་བཅད་ལ་སྔར་ལུགས་བཞིན་བསྐྱང་། འོག་འགྱུ་རྒྱ་འབྱམས་སུ་འགྲོ་ན། སྐྱོན་ཆེ་བས་ཕྱིན་ཆད་འདི་ལྟ་བུ་མ་བྱུང་བ་བྱེད་དགོས་སྙམས་པས་ཞེ་བཅད་ཆེན་པོ་བྱས་ལ། ཡང་ཡང་དྲན་པས་བཟུང་སྟེ། སྔར་བཞིན་བསྒོམ་པས་དེ་ཇེ་ཉུང་དུ་འགྲོ། རེ་ཞིག་དེ་ཁ་མ་གཏོགས་ཐབས་གཞན་མི་བྱ། ཡུན་རིང་དུ་བསྒོམས་ཀྱང་རྣམ་རྟོག་ཁོ་ན་འཁྲུགས་པ་བྱུང་ན། རང་གི་མདུན་དུ་གསེར་གྱི་རྡོ་རྗེ་ནས་འབྲུ་ཙམ་ཞིག་གསལ་བཏབ་ལ། ཟན་ཁམ་གསུམ་ཟ་ཡུན་ཙམ་ཞིག་དེ་ལ་རིག་པ་དྲག་ཏུ་གཏད་ཅིང་གཟིར། དེ་འཕྲལ་ལ་སྔར་བཞིན་མ་བཅོས་སོ་མ་བསྐྱང་། ཡང་རྡོ་རྗེ་ལ་སེམས་གཏད། ཡང་སོ་མའི་ངང་བསྐྱང་། ཚུལ་དེ་ལྟ་བུར་བཞུར་ལ་ལན་ཉི་ཤུ་རྩ་གཅིག་ཙམ་བསྒོམ། ཉིན་རེ་བཞིན་དེ་ལྟར་བྱས་པས་རྣམ་རྟོག་ཤུགས་ཆེ་བ་དེ་

༡༩༠

དལ་དེང་གི་འགྲོ། གལ་ཏེ་དེས་མ་ཕན་ན་རྡོ་རྗེའི་ཚབས་སུ་བཅོམ་ལྡན་འདས་ཐུབ་པའི་དབང་པོའ་སྐུ་ཆེ་ཆུང་ཚོན་གང་ཙམ་ཞིག་བསྒོམ། གཞན་སྔར་དང་འདྲའོ། །དེས་ཀྱང་མ་ཕན་ན་བླ་མ་དང་མ་གཅིག་དབྱེར་མེད་པ། ཞལ་ནས་ཕཊ་ཀྱི་སྒྲ་དྲག་པོ་ལྷང་ལྷང་སྒྲོགས་པ། སྐུ་ལུས་གནམ་ལྕགས་འབར་བ་བཞིན་དུ་གང་ལའང་ཐོགས་མེད་དུ་འགྲོ་བ། ཚོན་གང་ཙམ་ཞིག་གང་ནས་བྱུང་ཆ་མེད་པར་བྱོན་ཏེ། རང་གི་ལུས་འདི་ལ་ཡར་ཐལ་མར་ཐལ་ཕར་ཐལ་ཚུར་ཐལ་དུ་ཕུག་པ་ལ་སེམས་དྲག་ཏུ་གཏད། དེ་འཕྲལ་མི་རྟོག་པའི་ངང་བསྐྱང་བ་སོགས་གོང་བཞིན་བསྒོམས་པས་རྣམ་རྟོག་གྱ་མ་གྱུ་དང་། གཞན་ཡང་ཏིང་ངེ་འཛིན་སྐྱེ་བ་ལ་བར་ཆད་ཐམས་ཅད་ངེས་པར་སེལ་བ་ཡིན། དེ་ལྟར་ཐབས་དེ་རྣམས་དང་བཅས་པས། སྔར་བཞིན་མཉམ་པར་བཞག་ན། སེམས་གསལ་ཧྲིག་པ་དྭངས་སང་ངེ་ཅི་འདོད་གནས་པར་བྱུང་ཞིང་བསམ་མནོ་སོགས་དགོས་པ་རྣམས་ཀྱང་གང་འདོད་དུ་དྲན་ཐུབ་ཅིང་། མི་འདོད་བཞིན་དུ་རྣམ་རྟོག་འདྲེ་བ་མ་ཡིན་པ། ཞི་གནས་དྲུང་དུ་ཕེབས་པར་འགྱུར་རོ། །སྐབས་འདི་དག་ཏུ་ཤེས་པ་མི་གསལ་ཞིང་མུན་མུན་པ་དང་ཐུན་མཚམས་སུ་རྨོངས་ཤིང་དྲན་པ་མི་གསལ་ན། བྱིང་བ་བསགས་པའི་ནུས་པ་ཡིན་པས་ཁང་སྟེང་རི་རྩེའམ། གཞན་ཡང་ས་བསིལ་ཞིང་ཐད་དཀར་སར་ཕྱིན། མིག་གྱེན་ལ་གཏད། རིག་པ་ཧུར་ཕྱུང་། བསྒྲིམ་སྟེ་བསྒོམ་ན་ངེས་པར་སེལ་བ་ཡིན་ནོ། །གཉིས་པ་ངོ་སྤྲད་པ་ནི། སྔར་གྱི་དེ་ཁའི་ངང་ལ། ཁ་ནང་ལོག་གི་ཤེས་པས་སེམས་ཁོ་རེའི་ངོ་བོ་ལ་ཆེ་རེ་བལྟ། ཕྱི་སྣང་བ་སྣ་ཚོགས་དང་བཅས་པ་ལ་མ་ཡེངས་ཙམ་དུ་གཞིག་པས། ཅི་ཡང་མ་ཡིན་ཞིང་ངོས་བཟུང་རྒྱུ་མེད་པ་དེ་ཁ་ཡང་ཡང་བསྒོམ། དེ་ལ་རང་གི་ཉམས་མྱོང་སྐྱེ་ཚུལ་དང་བསྟུན་ནས། བླ་མས་ངོ་སྤྲད་དགོས་པ་ཡིན་པས། འོན་ཀྱང་ངོ་སྤྲད་པའི་དོན་ཉམས་སུ་ལེན་ཚུལ་ནི། སེམས་འདི་ཉིད་གནས་པའི་དུས་ན་ངོས་བཟུང་གཅིག་ཀྱང་མེད་ཅིང་རང་སྣང་གསལ་གསལ་བ།

༡༩༡

ཅི་ཡང་འཆག་ཏུ་བཏུབ་པ། འགྱུ་བའི་དུས་ནའང་འགྱུ་བ་ཉིད་ཀྱི་ངོ་བོ་ཡུལ་ཡུལ་པའི་འགྱུ་སྟོང་། འགྱུ་བའི་སྣང་བ་མི་འགག་ཀྱང་། ངོས་བཟུང་གཅིག་ཀྱང་མེད་ཡུལ་གྱི་སྣང་བ་སྣ་ཚོགས་སུ་འཆར་བའང་། སྣང་ཆ་འགག་མེད་ལམ་ལམ་འཆར་བཞིན་པའི་དུས་ནས་ངོས་བཟུང་མེད་པ། དེ་ལྟར་ཡུལ་སྣང་དང་། རྣམ་རྟོག་དང་སེམས་གནས་པའི་ངོ་བོ་གསུམ། ཐ་དད་དུ་མ་གྲུབ་སྟེ་དབྱེ་བ་མེད། གཅིག་ཏུ་མ་གྲུབ་སྟེ་ཐམས་ཅད་ཡུལ་སྟོང་དེ་ཀ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡིན། དུས་གསུམ་རྒྱལ་བའི་དགོངས་པ་ཡིན། སྟོང་པ་ཉིད་དང་སྤྲོས་བྲལ་དང་། བརྗོད་བྲལ་དང་དོན་དམ་ལ་སོགས་པའི་ཐ་སྙད་ཇི་སྙེད་པ་ཞིག་བཏགས་མོད། དོན་རང་སེམས་སྐད་ཅིག་མ་གཅིག་པོ་དེ་ཡིན་པས། དེ་ཀ་རང་ངོ་ཤེས་པ་ཙམ་གྱི་སྒོ་ནས། གནས་སམ་འགྱུའམ་གང་བྱུང་དེ་ལ་བཟོ་བཅོས་མེད་པར་མཉམ་པར་འཇོག་གོ །གཉིས་པ་བདུད་བཞི་དབྱིངས་སུ་བཅད་པ་ལ་བཞི་ལས། དང་པོ་ཐོགས་བཅས་ཀྱི་བདུད་དབྱིངས་སུ་བཅད་པ་ནི། དགྲ་གཉེན་སོགས་ཆགས་སྡང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ལ་བརྟེན་ནས། རྣམ་རྟོག་འཛིན་པ་དང་བཅས་པ་སྐྱེས་ཚད་ཐོགས་བཅས་ཀྱི་བདུད་ཅེས་བྱ་བ་ཡིན། ཐོགས་བཅས་ཀྱི་གོ་དོན་གཟུགས་སོགས་ཕྱིའི་དངོས་པོ་ལ་བརྟེན་པའི་དོན་ཡིན་ནོ། །དེ་གཅོད་པར་བྱེད་པ་ནི་དཔེར་ན་དགྲ་ལྟ་བུ་ཞེས་དྲན་ཏེ་ཞེ་སྡང་གི་རྣམ་རྟོག་ཚིག་པ་ཟ་རུམ་གྱི་བྱུང་ན། དེའི་དབང་དུ་མ་ཤོར་བར་སྐད་ཅིག་དེ་ཉིད་ལ་ཕཊ་ཅེས་དྲག་ཏུ་བརྗོད་དོ། །རྣམ་རྟོག་དེ་ལ་སྐྱོན་ཡོན་གང་དུའང་མི་ལྟ་མོད་ལ་འཕྲོ་བདརྦད་ཀྱིས་བཅད། སྔར་གྱི་ཡུམ་དོན་གྱི་དབྱིངས་དེར་ཆམ་མེར་བཞག །དེ་བཞིན་དུ་གཉེན་དང་ནོར་རྫས་སོགས་ལ་ཆགས་སེམས་དང་། གཟུགས་སོགས་ཡིད་དུ་འོང་བ་ལ་ཆགས། མི་འོང་བ་ལ་སྡང་ཞིང་སྐྱུག་ལོག །འགའ་ཞིག་ལ་འཇིགས། འགའ་ཞིག་ལ་སྐྱོ། བར་

༡༩༢

མ་རྣམས་ལ་ཡང་ཆགས་སྡང་སོགས་ཀྱི་མཐོ་དམན་མེད་ཀྱང་། དེར་འཛིན་གྱི་རྣམ་རྟོག་དྲག་པོ་སྐྱེ་བ་དེ་ཐམས་ཅད་ལ་སྔར་བཞིན་སྦྱང་། དེ་ཡང་རྣམ་རྟོག་ལམ་གྱིས་བྱུང་བ་ལྷོངས། དེའི་དབང་དུ་ཤོར་ན་བདུད་ཀྱིས་ཁྱེར། དེ་ཉིད་དུ་ཕཊ་ཅེས་བརྗོད་ནས་འཕྲོ་བཅད་པ་ནི་གཅོད། དེའི་རྗེས་སུ་སྔར་གྱི་བསྒོམ་ལ་བོགས་ཐོན་པ་ནི། ཚར་ཚད་དང་ཆོད་ཚད་ཡིན་ནོ། །འདིས་འོག་མ་རྣམས་ལ་ཡང་རིགས་འགྲེ། གཉིས་པ་ཐོགས་མེད་ཀྱི་བདུད་གཅོད་པ་ནི། ཐོགས་མེད་ཀྱི་བདུད་ཀྱི་གོ་དོན་ཕྱི་རོལ་གྱི་རྐྱེན་ལ་མ་རག་པར། རྐྱེན་མེད་ཀྱང་དགའ་བའམ། མི་དགའ་བའམ། སྤྲོ་སྣང་ངམ། སྐྱོ་སྣང་ངམ། འཇིགས་པ་ལ་སོགས་པའི་མཐོ་དམན་གྱི་རྣམ་རྟོག་སྐྱེ་བ་རྣམས་ཡིན་ཏེ། དེ་ཡང་ལམ་གྱིས་ཤར་བ་ན་ཕཊ་ཀྱིས་འཕྲོ་བཅད་ལ་དབྱིངས་སུ་བཞག་གོ །གསུམ་པ་དགའ་བྲོད་ཀྱི་བདུད་གཅོད་པ་ནི། བླ་མ་དང་ཆོས་བརྒྱུད་བཟང་བ་དང་། རང་ལ་དགེ་སྦྱོར་འཕེལ་བའམ། མཐུན་རྐྱེན་འཛོམ་པ་སོགས་ཀྱི་བཟང་འཛིན་དང་། ང་རྒྱལ་ལ་བརྟེན་ནས་དགའ་བྲོད་སྐྱིད་སྣང་སྐྱེས་ན་དགའ་བྲོད་ཀྱི་བདུད་ཡིན་ཏེ། གོང་བཞིན་དབྱིངས་སུ་གཅོད་དོ། །བཞི་པ་སྙེམས་བྱེད་ཀྱི་བདུད་གཅོད་པ་ནི། རྣམ་རྟོག་དང་འཛིན་པ་ཅི་བྱུང་ཐམས་ཅད་སྙེམས་བྱེད་ཀྱི་བདུད་ཡིན། གང་ཤར་ཐམས་ཅད་གོང་བཞིན་ཕཊ་ཀྱིས་དབྱིངས་སུ་བསྐྱལ་བས་ཆོད་པར་འགྱུར་རོ། །འདིར་གོང་མ་གསུམ་ཅར་འདུས། འདི་ཡན་ཆད་ལ་རང་སྟོབས་ཀྱི་ཉམས་ལེན་རྐང་ཚུགས་མྱོང་བ་མེད་པར་གཉན་ཁྲོད་འགྲིམ་པ་སྟོང་སོབ་ཡིན། སྒོམ་གྱི་རྐང་འདི་ཡན་ཆད་ལ་ཚུགས་དགོས། གཉན་ཁྲོད་བྱེད་པ་བོགས་འདོན་དུ་འགྲོ་བའི་དོན་ཡིན་པས། དེ་བཞིན་གོ་དགོས། གསུམ་པ་རྗེས་ཉམས་སྐྱོང་བ་ལ་གསུམ་སྟེ། ཞི་གཅོད། དྲག་གཅོད། ཞི་དྲག་ཕྱེད་མའི་གཅོད་དོ། །དེ་ལ་དང་པོ་ནི། རང་གི་གནས་ཁང་དུ་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་ཐུན་བཞིར་དྲག་ཏུ་

༡༩༣

བསྒོམ་ཞིང་། ཐུན་འཇོག་ཁར་དཀར་འགྱེད་ཚར་རེ་བྱེད་པ་གལ་ཆེ། དེ་ཡང་རང་གི་མདུན་དུ་མི་མགོའ་སྒྱེད་པུ་གསུམ་བྱུང་། རང་སེམས་རྡོ་རྗེ་ཕག་མོའ་རྣམ་པར་སྨིན་མཚམས་ནས་ཕྱིར་འཐོན། ཐོད་པ་བྲེགས་ཏེ་སྒྱེད་བུའི་སྟེང་དུ་བཀལ། རང་ལུས་ལྷག་མ་རྣམས་དུམ་བུར་གཏབས་ཏེ་དེར་བླུགས། རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ་པར་གྱུར་ༀ་ཨཱཿཧཱུྃ། ཞེས་བརྗོད་པས་བདུད་རྩིའི་རྒྱ་མཚོར་སོང་། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་སྤྱན་དྲངས། དེ་ཐམས་ཅད་ལ་མཆོད་པས་དེ་རྣམས་ཐམས་ཅད་ཚིམས་ཤིང་དགེས། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་སྦྱིན་པས། གནས་སྐབས་ཚིམས་ཞིང་མཐར་ཐུག་སྡིག་སྒྲིབ་ཐམས་ཅད་བྱང་། བདུད་རྩིའི་ལྷག་མ་གཏོར་བས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང་། མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད་པར་བསམ། དེ་ཐམས་ཅད་རང་སེམས་སུ་ཤེས། དེའི་ངོ་བོ་ལ་ཆེར་གྱིས་བལྟས་ལ་ཕཊ་ཅེས་བརྗོད་ཅིང་དབྱིངས་རིག་བསྲེ། ཡང་དེ་རྣམས་ལམ་སྟེ་དྲན་པར་བྱས་ལ། སླར་ཡང་ཕཊ་ཅེས་དབྱིངས་རིག་བསྲེ། དེ་ལྟ་བུ་ལན་མང་དུ་བྱ། དེ་ལྟར་བསྒོམས་པས་དམིགས་པ་ཅུང་ཟད་འབྱོངས་ནས། རང་ཉིད་གཉན་ཁྲོད་གང་དུ་འགྲོ་དེར་འདུན་པ་བཏང་ལ། སྤྱིར་སེམས་ཅན་དང་བྱེ་བྲག་གཉན་ཁྲོད་དེའི་གཞི་བདག་འབྱུང་པོ་འདྲེ་གདོན་སོགས་ཐམས་ཅད་ལ་བྱམས་སྙིང་རྗེ་དྲག་ཏུ་བསྒོམ་ཞིང་སྔར་གྱི་དཀར་འགྱེད་ཀྱི་དམིགས་པ་དེ་ཀ་ཡང་ཡང་བསྒོམ་པ་ཞག་གཉིས་གསུམ་བྱས་ལ་ལམ་དུ་འགྲོ་བའི་ཚེ་ཡང་། བྱམས་སྙིང་རྗེ་དང་དབྱིངས་རིག་བསྲེ་བསྔེལ་མ་དེ་ཀ་བསྒོམ། གནས་དེར་སླེབས་ནས་ས་གནད་ཆེ་བ་ཞིག་བཙལ་ལ་བསྡད། དེར་ཐོག་མར་གཞི་བདག་དང་འབྱུང་པོ་ལ་བསིལ་གཏོར། མཁའ་འགྲོ་སྤྱི་གཏོར། གཞི་བདག་གཏོར་མ། བགེགས་

༡༩༤

གཏོར་སོགས་ཤེས་ཚད་གཏོང་། དེ་དག་ཏུ་ཡང་བྱམས་སྙིང་རྗེ་དྲག་ཏུ་སྒོམ་པ་གལ་ཆེ། དེ་ནས་སྐྱབས་འགྲོ་སོགས་སྔོན་འགྲོ་རྣམ་པ་ཞི་དྲག་ལ་འཇུར་བ་ཡུན་རིང་བ་ཞིག་བྱ། དེ་རྗེས་སུ་སྔར་བཞིན་དཀར་འགྱེད་ཀྱི་དམིགས་པ་དེ་ལན་མང་དུ་བསྒོམ། སླར་སྤྱིར་འགྲོ་དྲུག་གི་སེམས་ཅན། སྒོས་གཉན་ཁྲོད་དེའི་འདྲེ་གདོན་གཙོ་བོར་དམིགས་ནས་བྱམས་སྙིང་རྗེ་དྲག་ཏུ་བསྒོམ། ཡུལ་ཕྱོགས་དེ་དང་། འདྲེ་གདོན་སོགས་སེམས་ཅན་དུ་སྣང་བ་ལམ་ལམ་པ་དེའི་སྟེང་དུ་ཤེས་པ་ཆེར་གྱིས་གཏད་ལ། ཕཊ་ཅེས་དབྱིངས་རིག་བསྲེས་ལ་འཛིན་མེད་དུ་བཞག །ཡང་སྙིང་རྗེ་བསྒོམ། ཡང་དབྱིངས་རིག་བསྲེ་བ་སོགས་དེ་ཁོ་ན་བསྒོམ། ལྟས་དང་ཆོ་འཕྲུལ་ཅི་བྱུང་ན་ཡང་། དབྱིངས་རིགས་སྲེ་བ་དང་སྙིང་རྗེ་བསྒོམ་པ་གཉིས་པོ་རང་ལ་སྒྲིལ། ཆོ་འཕྲུལ་དྲག་པོ་བྱུང་ཡང་རུང་མ་བྱུང་ཡང་རུང་། མཐར་གནས་བག་ཆགས་ཤིང་དགེ་སྦྱོར་བོགས་ཆེ་བ་བྱུང་བའི་ཚེ། ཚར་ཚད་ཆོད་ཚད་འགྲིགས་པ་ཡིན་པས། དགེ་སྦྱོར་བོགས་ཐོན་པའི་གཏང་རག་ཏུ། དམིགས་པའི་སྒོ་ནས་དཀར་འགྱེད་ལན་མང་དུ་བཏང་ཞིང་ཡི་དམ་མཁའ་འགྲོ་ལ་གཏོར་བསྔོས་དང་། གཞི་བདག་རྣམས་ལ་གཏོར་མ་རྒྱ་ཆེར་སྦྱིན། སྨོན་ལམ་ཅི་ཤེས་འདོན། ལམ་དུ་ཡང་སྔར་བཞིན་བསྒོམས་ལ། ངང་གནས་སུ་སླེབ་པ་ན་དཀོན་མཆོག་ལ་གཏང་རག་གི་མཆོད་གཏོར་ཅི་ཤེས་འབུལ་ལོ། །གཉིས་པ་ནི། ཐོག་མར་རང་གི་གནས་ཁང་དུ་ཐུན་གྱི་ཉམས་ལེན་ཞི་གཅོད་དང་འདྲ་བ་ལས། ཐུན་གྱི་མཐར། དམར་འགྱེད་ཀྱི་དམིགས་པ་རེ་བྱ། དེ་ལ་དམར་འགྱེད་ནི་རང་སེམས་སྡང་བཞིན་ཕྱིར་བཏོན་ལ། རང་ལུས་དེ་སྟོང་གསུམ་ཁྱབ་པའི་མི་རོ་ཆོ་བཙུད་སྣུམ་བག་དང་ལྡན་པ་གཅིག་ཏུ་གྱུར། འཇིག་རྟེན་ཁམས་ཀྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ་འབོད་པའི་སྐད་བཏང་བས། ཐམས་ཅད་སྐད་ཅིག་ལ་འདུས་ཏེ། ས་དང་ནམ་མཁའ་ཐམས་ཅད་ཁྱབ་པར་བསམ། དེ་ནས་རང་ལུས་དུམ་བུ་དུམ་བུར་གཏུབས། ཁྱེད་ཅག་ཅི་འདོད་ཟོ། གང་འདོད་

༡༩༥

ལོངལོངས་ཞེས་བརྗོད་པས། སོ་སོའ་བསམ་པ་དང་མཐུན་པར་ཤ་ཁྲག་རུས་པ་ནང་ཁྲོལ། ཡན་ལག་ཟོས་འཐུང་ཁྱེར་བས་གནས་སྐབས་སུ་ཚིམས་ཤིང་མཐར་ཐུག་ཉོན་མོངས་ཞི་བར་བསམ། སླར་དེ་ཐམས་ཅད་རང་གནས་སུ་སོང་བར་བསྒོམ། དེ་ནས་དེ་ཡང་རང་སེམས་སུ་ཤེས་བཞིན་པས། ཕཊ་ཅེས་དབྱིངས་རིག་བསྲེས་ལ་བཞག །དེ་ལྟ་བུ་ཡང་ཡང་བསྒོམ། དེ་ལ་ཅུང་ཟད་གོམས་ནས། གཉན་ཁྲོད་ཞིག་ལ་དམིགས་ནས། སླར་ཡང་ཞག་གཉིས་གསུམ་བསྒོམ། ལམ་དུ་སྒོམ་ཚུལ་ཞི་གཅོད་དང་འདྲ། གནས་དེར་སླེབས་ནས་ས་གཉན་ས་ཞིག་བཙལ་ནས་བསྡད། སྔོན་འགྲོའི་ཆོས་བཞི་པོ་སྤྱིར་སྔར་དང་འདྲ་བ་ལས། རྩ་བའི་བླ་མ་དང་མ་གཅིག་དབྱེར་མེད་པ། མཁའ་འགྲོ་སྡེ་ལྔའི་ཚོགས་དང་བཅས་པ་བསྒོམ་པ་དང་། བླ་མའི་རྣལ་འབྱོར་གྱི་སྐབས། བླ་མ་དང་མ་གཅིག་དབྱེར་མེད་པ་རང་ལ་ཐིམ་པས། རང་ཉིད་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོར་གྱུར། དེ་ཉིད་ཡེ་ཤེས་ཀྱི་མེ་དྲག་ཏུ་འབར་བ་དང་བཅས་ཏེ། དྲག་པོའ་སྟངས་སྟབས་སྣ་ཚོགས་ཀྱི་གར་མཛད། གསུང་སྐད་དྲག་སྔགས་སྣ་ཚོགས་འབྲུག་ལྟར་བསྒྲག་པར་བསམས་ལ། འདི་སྐབས་མ་གཅིག་གི་ང་རྒྱལ་དང་བཅས་པ་ནི་དགོས་ཤིང་། འདྲེ་གདོན་རྣམས་ལ་གནོད་སེམས་གཏན་མེད་པར་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ཤེས་བཞིན་དུ་གང་སྣང་གི་དངོས་པོ་དང་རང་སེམས་ཆེས་ཆར་བསྲེ་བཞིན་ཏུདུ། ཕཊ་དང་བཅས་པར་མཆོངས་རྒྱུག་དང་དྲག་སྔགས་ཤེས་ཚད་འདོན། དེ་ནས་ཡང་སྔར་གྱི་ཤུལ་དུ་འདུག་སྟེ། སྟོང་པ་ཉིད་ཁོ་ན་ལ་མཉམ་པར་བཞག །སེམས་ཀྱི་མཐོ་དམན་དང་འཆར་སྒོ་རྣམ་རྟོག་ཅི་བྱུང་ཡང་། ཕཊ་ཅེས་དབྱིངས་རིག་བསྲེ་བ་ཁོ་ན་བྱ། འཚུབས་དང་ཆོ་འཕྲུལ་ལྷོངས། ཕྱི་མཐོང་སྣང་། ནང་ན་ཚ་གསང་བ་ཉོན་མོངས་ལོག་ལྟ་སོགས་ཅི་སྐྱེས་ཀྱང་། འཁྲུལ་པར་ཤེས་པས་དབྱིངས་རིག་བསྲེ་བ་ཁོ་ན་ལས། གཞན་གང་ཡང་མེ་ཕྱེད་ཅིང་ཡུམ་དོན་ཁོ་ན་

༡༩༦

ལ་མཉམ་པར་བཞག །ངག་གི་སྨྲ་བརྗོད་དང་ལུས་ཀྱི་འགུལ་སྤྱོད་སོགས་གཏན་ནས་མི་བྱེད་པའི་དམ་བཅའ་དང་། ཞེ་མནའ་ལག་ཏུ་ལོངས་པར་བྱ། རྣམ་པ་ཐམས་ཅད་དུ་ལུས་སེམས་ལ་གཅེས་འཛིན་རྡུལ་ཙམ་ཡང་མེད་པར་བྱ། ལྷ་འདྲེ་དྲག་པོས་དངོས་སུ་སྡོད་ས་སྤོས་བྱུང་ན། སྔར་གྱི་ཤུལ་དེར་བསྡད་པར་བསམ། དངོས་སུ་གང་དུ་བཞག་བྱུང་ས་དེར་སྡོད། དངོས་གཞི་རང་གི་སྐབས་འདིར་གཞན་ལ་སྐྱབས་ཞུ་བར་མ་སོང་བ། སྲུང་འཁོར་དུ་མ་སོང་བ། འདྲི་འདུལ་དུ་མ་སོང་བ་རེ་དོགས་སུ་མ་སོང་བ་གལ་ཆེ། ཅི་བྱུང་རུང་ཁྱད་མེད་པའི་བློས་བཏང་དང་། དབྱིངས་རིག་བསྲེ་བའི་མི་རྟོག་པ་དང་མ་བྲལ་བ་གལ་ཆེ། གོང་དུ་བཤད་པ་ལྟར་གྱི་ཚར་ལྷོངས་འགྲིགས་ན་དམར་འགྱེད་ཀྱི་དམིགས་པ་འགའ་རེ་བྱ་ཞིང་། རྗེས་ཀྱི་བྱ་བ་ཞི་གཅོད་དང་འདྲ་བ་ལ། ཆབ་གཏོར་ཀླུ་གཏོར་སོགས་གཏོར་མ་ཅི་མང་གཏོང་བ་དང་། སྨོན་ལམ་མང་དུ་འདེབས། ཆོས་བཤད་མདོ་འདོན་པ་ལ་སོགས་ལ་བརྩོན་པ་གལ་ཆེ། དེ་ལྟར་བྱས་པས་ཁོའ་གནས་ལུས་ལོངས་སྤྱོད་ཉམས་པ་གསོས། སྔར་ལས་ཀྱང་ལྷག་པར་སྦྱོང་། བསམ་པ་ཡང་ཆོས་དང་ལྡན་པར་སོང་བར་ཡང་ཡང་བསམ། རྗེས་ཀྱི་བྱ་བ་སྔར་དང་འདྲ། གསུམ་པ་ནི། སྔོན་འགྲོ་སྔ་མ་དང་འདྲ་བ་ལས། དཀར་འགྱེད་དམར་འགྱེད་གཉིས་ཀ་བསྒོམ། གཉན་ཁྲོད་དུ་སླེབས་མ་ཐག་ཏུ་ཞི་གཅོད་ལྟར་གཏོར་མ་རྒྱ་ཆེར་བཏང་། སྔོན་འགྲོ་ཆོས་བཞི་སྔ་ཐུན་གཉིས་ལ་ཞི་གཅོད་ལྟ་བུ་དང་། ཕྱི་ཐུན་གཉིས་ལ་དྲག་གཅོད་ལྟ་བུར་བསྒོམ། དངོས་གཞི་ཉམས་ལེན་ཡང་ཞི་གཅོད་ཀྱི་དམིགས་པ་ལན་མང་དུ་སྔོན་དུ་འགྲོ་བས། མཐར་དྲག་གཅོད་ལྟར་སྟོང་ཉིད་ཁོ་ན་སྒོམ་པའང་ཐུན་རེ་བཞིན་བྱ། ཡུན་རིང་པོར་ལྷོངས་མ་བྱུང་ན། དྲག་གཅོད་ཀྱི་སྐབས་ལྟར་ལྷོངས་སློང་བའི་སྤྲོས་བཅས་ཀྱི་སྤྱོད་ཚུལ་དེ་ལེན་རེ་བྱས་པས། ངེས་པར་ལྷོངས་ཡོང་བར་གདོན་མི་ཟ། རེ་ཞིག་དེ་མ་ཞི་བར་ལ། དྲག་

༡༩༧

གཅོད་བཞིན་དུ་སྟོང་ཉིད་ཁོ་ན་བསྒོམ། ལྷ་འདྲེ་དངོས་སུ་རྒོལ་དུ་བྱུང་ན། སྙིང་དམར་ཅུར་གྱིས་བཏོན་ནས་སྟེར་བའམ། མགོ་དང་རྐང་ལག་རྦད་ཀྱིས་བཅད་ནས་སྟེར་པབ་སོགས་ལུས་སེམས་མ་བྲལ་བཞིན་དུ་ལུས་ལ་གཅེས་འཛིན་རྡུལ་ཙམ་མེད་པ་ཕུང་པོ་ཟན་དུ་བསྐྱུར་བ་འདི་གལ་ཆེ། ཚར་ལྷོངས་འགྲིགས་པ་ན། རྗེས་ཀྱི་བྱ་བ་གོང་དང་འདྲའོ། །འདི་དག་ལ་ཉེ་བར་མཁོ་བའི་སྐབས་དོན་ཅུང་ཟད་ཅིག་བརྗོད་ན། ཐོག་མར་གཉན་ཁྲོད་བཀྲ་ཤིས་པའི་དགེ་མཚན་ཅན། །གཞི་བདག་འཇམ་ཞིང་ཆོས་ལ་དཀར་བ་ཞིག་ཏུ་ཞི་གཅོད་ཉམས་སུ་ལེན་དུ་འགྲོ། ཐོག་མ་ནས་དྲག་གཅོད་བྱེད་པ་དང་གནས་རྩུབ་པ་དང་། ནག་ཕྱོགས་ཀྱི་འདྲེ་གདོན་གནས་པའི་སར་འགྲོ་བ་ལམ་དུ་ལོངས་དཀའ་ཞིང་། དེ་ཉིད་རང་ལམ་དུ་སོང་ཡང་། ཆོས་བརྒྱུད་མཆེད་གྲོགས་སོགས་གང་ཅིར་རྟེན་འབྲེལ་མི་ལེགས་པ་ཡིན། དེས་ན་ཐོག་མར་ཞི་གཅོད་ལ་བརྟེན་ནས་གཉན་ཁྲོད་བཀྲ་ཤིས་པ་ལན་གཉིས་གསུམ་འགྲིམ་པའི་རྗེས་སུ་གཉན་ཁྲོད་འབྲིང་པོ་འགའ་རེར་ཞི་གཅོད་བསྒོམ། དེ་ནས་གཉེན་ཁྲོད་རྩུབ་པོ་འགའ་རེར་ཞི་གཅོད་བསྒོམ། དེ་ལྟར་གཉན་ཁྲོད་མང་དུ་བསྒོམ་ཞིང་འབྱོངས་པ་ན། གཉན་ཁྲོད་རྩུབ་པ་འགའ་རེར་ཞི་དྲག་ཕྱེད་མ་ཅི་རིགས་པ་བྱ། འདྲེ་གདོན་གདུག་པ་ཅན་གནས་པར་དྲག་གཅོད་འབའ་ཞིག་ཀྱང་སྐབས་རེ་རེར་བྱེད་པ་ཡིན། སྤྱིར་རྒྱུན་གྱི་ཉམས་ལེན་ཞི་དྲག་ཕྱེེད་མ་ཡིན། ལྷ་འདྲེ་འཇམ་ཞིང་ཆོས་ལ་དཀར་བའི་སར། གཙོ་བོར་ཞི་གཅོད་རང་བྱ་ཞིང་། ཞི་དྲག་ཕྱེད་མའང་སྐབས་དང་བསྟུན་ནས་བྱར་རུང་། དྲག་གཅོད་འབའ་ཞིག་བྱ་མི་ཉན། ཞི་དྲག་ཕྱེད་མའི་སྐབས་འདིར་གོང་དུ་བསྟན་པ་རེ་ལ་སྒྲོས་བཅས་ཟེར་ཞིང་། དེའི་མཇུག་ཏུ་ཞི་གཅོད་བྱམས་སྙིང་རྗེ་དང་དབྱིངས་རིག་བསྲེ་བ་སྤེལ་མ་བསྒོམས་པ་ལ་སྤྲོས་མེད་ཟེར། དེའི་རྗེས་སུ་ཡུམ་དོན་ཁོ་ན་ལ་མཉམ་པར་འཇོག་པ་ལ་ཤིན་ཏུ་སྤྲོས་མེད་ཀྱི་

༡༩༨

གཅོད་ཟེར་བ་ཡིན་པས། དེ་དག་ཀྱང་འབྲེལ་ཆགས་སུ་བསྒོམ་པར་བྱའོ། །གཅོད་ལ་འགྲོ་ཁར། ཉོན་མོངས་ཆགས་སྡང་གི་སེམས་དྲག་པོ་སྐྱེས་པ་དང་། བླ་མའི་མོས་གུས་ལ་ལྟེམ་རྐྱང་ཤོར་བ་དང་། མཆེད་གྲོགས་ལ་རྩོད་པ་སོགས་དམ་སེལ་ཞུགས་པ་དང་། ཐིག་ལེ་ཉམས་པ་སོགས་བྱུང་ན་རྟེན་འབྲེལ་འཆུགས་ནས་གཉན་ཁྲོད་འགྲིམ་པ་དེ་ཡི་གནད་དུ་མི་འགྲོ། དེས་ན་གསོལ་འདེབས། སྙིང་རྗེ། བཤགས་པ། སྨོན་ལམ། ཚོགས་མཆོད། གཏོར་མ། རྩ་རླུང་བསྒོམ་པ་སོགས་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་ནས་འགྲོ་བ་གལ་ཆེ། ལྷོངས་གསུམ་ལས། ཕྱིའི་ལྷོངས་ནི། ས་གཡོ་བ་དང་། རི་འགུལ་བ་དང་། འཇིགས་པའི་མཐོང་སྣང་དང་། །ཐོས་སྣང་འདི་མི་འབྱུང་བྱ་བ་མེད་དོ། །ནང་གི་ལྷོངས། སྙིང་རླུང་། གླད་གཟེར། རྒྱུ་གཟེར་སོགས་ན་ཚ་དྲག་པོ་གློ་བུར་དུ་བྱུང་། གསང་ལྷོངས་སེམས་ལ་འབྱུང་། དགའ་སྣང་དང་སྡུག་སྣང་མི་ཚུགས་པ་ལྟ་བུ་དང་། འཇིགས་སྐྲག་དང་། སྐྱོ་བ་དང་། འདོད་ཡོན་གྱི་རྣམ་རྟོག་དང་། ཆོས་བརྒྱད་ཀྱི་འཆར་སྒོ་སྣ་ཚོགས་པ་དང་། དུག་གསུམ་གྱི་རྣམ་རྟོག་ཆེར་འཕེལ་བ་སོགས་འབྱུང་ཞིང་ཆོས་དང་བླ་མ་ལ་ལོག་ལྟ་ལྡང་། དེ་འདྲའི་རིགས་ཐམས་ཅད་ལྷོངས་སུ་ཤེས་པར་བྱ། ལུས་མི་བསྐྱོད། ཁ་ཏོནབཏོན་གྱི་རིམ་པ་དང་། ཕཊ་སྔགས་བརྗོད་པ་མ་གཏོགས་ཐ་མལ་གྱི་ངག་མི་སྨྲ་བ་ལ་ཟུངས་ཐུབ་པ་དང་། སེམས་ལ་འཆར་སྒོ་ཅི་བྱུང་བ་ཐམས་ཅད་དེའི་དབང་དུ་མི་བཏང་བ་དབྱིངས་རིག་བསྲེ་བ་གལ་ཆེ། ཡང་སྐྱེ་བོ་པང་པོ་འདུས་སར་སྡོད་དགོས་དང་འགྲོ་དགོས་བྱུང་བའི་ཚེ་མི་སྔོན་དུ་དགེ་སྦྱོར་བྱེད་བྱེད་པ་ལྟར་དེ་སྤྱིར་ཡང་དགག་བྱ་ཆེ་ཞིང་། ཁྱད་པར་ཕཊ་སྔགས་དྲག་པོ་བརྗོད་པ་སོགས་མི་མཛེས་པས། ཕཊ་ཅེས་ཤུབ་ཤུབ་པོར་བརྗོད་ཅིང་ཉམས་ལེན་གྱི་སྟངས་གཏན་ནས་མ་ཤོར་བ་གནད་དུ་ཆེ། ཡང་ས་ཆ་ཡུལ་མི་འདྲེ་གདོན་སོགས་མཐོང་བའི་ཡུལ་

༡༩༩

དང་སེམས་སྣང་དུ་ལམ་གྱིས་འཆར་བར་བྱས། མི་དང་མི་མ་ཡིན་པ་རྣམས་ལ་སྙིང་རྗེ་དུང་པ་གཅིག་བསྒོམས་ལ་འདི་རྣམས་ཐམས་ཅད་དབང་དུ་བསྡུ་སྙམ་པའི་འདུན་པ་གཅིག་བཏང་། དེ་ནས་ཕཊ་ཅེས་བརྗོད་ལ་ཐམས་ཅད་དབྱིངས་སུ་བསྐྱལ། འདི་ལྟ་བུའི་དམིགས་པ་ཐོ་རངསརེངས་ལ་སོགས་པར་ལན་ཅི་མང་མང་བཏུད་ནས་བསྒོམ། དེའི་མཐར་སྨོན་ལམ་རྒྱ་ཆེན་པོ་བཏབ། གང་ལའང་མ་ཞེན་པར་སྒྱུ་མ་ལྟ་བུར་བསྒོམ་ན། ས་ཕྱོགས་དེ་དག་གི་མི་དང་མི་མ་ཡིན་ཐམས་ཅད་དབང་དུ་འདུ་བར་ངེས་སོ། །དེས་མཚོན་ཏེ་ཕྲིན་ལས་རྣམ་པ་བཞི་གང་བསྒྲུབ་ཀྱང་དམིགས་པའི་གནད་འདིས་རིགས་བསྒྲེ་བར་བྱའོ། །གཞན་ཡང་མོས་གུས་གསོལ་འདེབས་དབྱིངས་སུ་བསྐྱལ་བས། བླ་མས་ཐུགས་རྗེས་འཛིན་ཅིང་བྱིན་རླབས་འཇུག །སྙིང་རྗེ་དབྱིངས་སུ་བསྐྱལ་བས་འགྲོ་དོན་འབྱུང་ཞིང་སེམས་ཅན་དབང་དུ་འདུས། སྐྱོ་ཤེས་ངེས་འབྱུང་དབྱིངས་སུ་བསྐྱལ་བས་རང་རེའི་དགེ་སྦྱོར་གནད་དུ་འགྲོ་ཞིང་གཞན་རྒྱུད་ཆོས་ལ་འཁུལ་ཆེ། བསྐྱེད་རིམ་དབྱིངས་སུ་བསྐྱལ་བས་ནུས་པ་ཆེ་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དབང་དུ་འདུ། རྩ་རླུང་ཐིག་ལེའི་རྣལ་འབྱོར་དབྱིངས་སུ་བསྐྱལ་བས། རྟོགས་པ་གོང་ནས་གོང་དུ་འཕེལ་ཞིང་ཕྱི་ནང་གི་མཁའ་འགྲོའི་འདུ་བ་རྒྱུན་མི་འཆད། གཉན་ཁྲོད་འགྲིམ་ཅིང་གནད་དུ་སོང་ན་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་བྲན་དུ་ཁོལ་ཐུབ། གཞན་ཡང་འདོད་ཆགས་དབྱིངས་སུ་བསྐྱལ་ན། འདོད་ཆགས་ཅན་གྱི་འགྲོ་བ་འདུལ་ནུས། འཁོར་འདུ། འོན་ཀྱང་དེ་ཉིད་སྙིང་རྗེས་མ་ཟིན་ན། རང་དང་ཉེ་འཁོར་སོགས་ལ་དེ་ལ་བརྟེན་པའི་བར་ཆད་འབྱུང་བས་འདོད་ཆགས་དབྱིངས་སུ་བསྐྱལ་བའི་སྟོང་ཉིད་སྙིང་རྗེར་བསྐྱལ་བ་གལ་ཆེ། དེས་མཚོན་ཏེ་ཉོན་མོངས་ཀྱི་རྣམ་རྟོག་གཞན་རྣམས་ལ་ཡང་རིགས་འགྲེ། དེ་ཐམས་ཅད་ཀྱང་རྩ་བ་རེ་དོགས་མེད་པ་གལ་ཆེ་བས་སྦྱིར་གཅོད་ཀྱིས་བར་ཆད་ཐམས་ཅད་སེལ་ཞིང་དངོས་

༢༠༠

གྲུབ་ཐོབ་པ་ཡིན་ནའང་དངོས་གྲུབ་ཐོབ་ལ་རེ་དང་ཕན་ཡོན་བྱུང་ལ་རེ་ཞེ་འདོད་ལ་གཏན་ནས་མེད་པ་གཅིག་དགོས། བར་ཆད་དང་ཉེས་དམིགས་འབྱུང་གི་དོགས་དང་སིལ་དུ་རེ་བ་གཏན་ནས་མེད་པ་ཞིག་དགོས། བློའི་གདིང་སྐྱོན་མ་ཐོན་ན་དགེ་སྦྱོར་གནད་དུ་མི་འགྲོ། བླ་མ་ལ་ལོག་ལྟ་ཅན་དང་ཆོས་ལ་ཚོད་ཡོང་པོ་དང་། རང་བཟང་འདོད་ངན་མི་འདོད་པ་དང་། ནོར་རྫས་ལོངས་སྤྱོད་ལ་ཤི་སྤར་འཐམས་པ་དང་། རེ་དོགས་ཀྱིས་ཁྱེར་ནས་བློ་ཐག་གཅོད་མི་ནུས་པ་རྣམས་ལ། གཉན་ཁྲོད་ལམ་དུ་ལོངས་པའི་སྒོམ་སྐྱེ་བ་ག་ལ་སྲིད། ལྷ་འདྲེ་གདུག་པ་ཅན་གྱི་ལྷོངས་ཞི་བ་སྐད། ལོངས་སྤྱོད་སྙན་གྲགས་ཐན་ཐུན་འགྲུབ་པ་སྐད། མགོ་སྐོར་གཏོང་བ་མང་བས་གཉན་ཁྲོད་རེ་ལ་དགེ་སྦྱོར་གྱི་བློ་བསྐྱེད་ཆེན་པོ་རེ་མ་བྱུང་བར་ལ། ཚར་ཚད་བརྫུས་མ་སངས་སུད་རེ་ལ་ཡིད་བརྟན་མ་བྱེད་ཅིག །དགེ་སྦྱོར་གྱི་བོགས་བྱུང་ན་གཞན་དེ་ཚོ་བྱུང་མ་བྱུང་འདྲ། འདུན་མ་ལེགས་པའི་ཡང་རྩེ་ཡིན་ནོ། །གཅོད་ཡུལ་ཀུན་གྱི་སྙིང་པོའ་དོན། །དགོངས་ཏེ་དྲིལ་བ་འདི་ཡིན་པས། །ཉམས་ལེན་གྱིས་ཤིག་སྐལ་ལྡན་བུ། །ཙབ་ཙུབ་བློ་སྣ་མ་མང་ཞིག །གཅོད་ཡུལ་ཟབ་མོའ་ཁྲིད་ཡིག་གནད་དོན་ཟབ་མོ་ཞེས་བྱ་བ་འདི་ནི་བྱ་བྲལ་རིན་ཆེན་བཀྲ་ཤིས་ཞེས་བྱ་བས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པ་སྟེ་སྟག་ལུང་ཐང་གི་ཆོས་གྲྭར་སྦྱར་བའོ། །བཀྲ་ཤིས། །

༄༅། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྙེན་སྒྲུབ་བདུད་རྩིའི་ཆུ་རྒྱུན་བཞུགས་སོ། །

XXX འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྙེན་བསྒྲུབ་བདུད་རྩིའི་ཆུ་རྒྱུན་བཞུགས་སོ། །
XXX ན་མོ་ལོ་ཀེ་ཤྭ་ར་ཡ། འཇིག་རྟེན་གསུམ་གྱི་འདྲེན་པ་མཆོག་གི་གཙོ། །སྤྱན་རས་གཟིགས་དབང་དེ་ལ་འཚལ་ཏེ། །དེ་ཉིད་བསྙེན་ཅིང་སྒྲུབ་པའི་རིམ་པ་དང༌། །དུས་བཟང་ཚོགས་ཀྱི་འཁོར་ལོ་བྲི་བར་བྱ། དེ་ལ་སྔོན་འགྲོ་དངོས་གཞི། རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་བདུན་ཏེ། དུས་དང༌། གནས་དང༌། དགོད་པ་བཤམས་པ། སྔོན་འགྲོ་གཏོར་མ། མཆོད་པ་བྱིན་རླབས། སྐྱབས་འགྲོ་སེམས་བསྐྱེད། ཚོགས་ཞིང་ངོ༌། །དང་པོ་དུས་ནི། བསྙེན་སྒྲུབ་ཀྱི་དུས་སམ། དབང་བསྐུར་རབ་གནས་ཀྱི་དུས་སམ། ལས་ཚོགས་ཕྲིན་ལས་ཀྱི་དུས་སམ། ཉ་སྟོང་བརྒྱད་གསུམ་དུས་བཟང་དུའོ། །གཉིས་པ་གནས་ནི་ཁྲིད་གཞུང་དུ་གསལ་ལོ། །གསུམ་པ་ནི། ཚོགས་ཀྱི་མཎྜལ་དབང་བསྐུར་ལྟར་བཤམ། མ་འཛོམས་ན་ཕྱིང་པ་དྲི་མ་མེད་པའི་སྟེང་དུ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད། བླ་མ་དང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་རྟེན་བཀྲམ། མཆོད་པ་དང་གཏོར་མ་རྣམས་ལྷ་གྲངས་དང་མཉམ་པའམ། ལྔའམ། གསུམ་ལས་མི་ཉུང་བར་བཤམ། ཚོགས་ཀྱི་ཡོ་བྱད་
XXX བཟང་ཤིང་རྒྱ་ཆེ་བ་རྣམས་དང༌། ཀ་པཱ་ལ་བདུད་རྩིས་བཀང་བ་མདུན་ཏུ་བཞག །རྡོ་རྗེ་དྲིལ་བུ་ཅང་ཏེའུ་ལ་སོགས་ཉེར་མཁོའི་ཡོ་བྱད་ཀུན་ཚང་བར་བྱས་ལ་གདན་བདེ་བར་འཁོད་དོ། །བཞི་པ་ནི། རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་ཧེ་རུ་ཀ་སྐུ་མཆོག་དམར་པོ་ཞལ་གཅིག །ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་སྨ་ར་མེ་ལྟར་འབར་བ། དབུ་གཙུག་རྟ་མགོ་ལྗང་ཁུར་རྟ་སྐད་འཚེར་བ། གཡས་དབྱུག་ཏོ་ནམ་མཁར་འཕྱར་བ། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཞབས་བརྐྱང་བསྐུམ་སྒྲུབ་དང་རིན་པོ་ཆེས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཡེ་ཤེས་པ་དང་དབྱེར་མེད་དུ་བཞུགས་པ། ཐུགས་ཀར་ཧྲཱིཿཡིག་ལ་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧྱ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བརྗོད་ལ་གཏོར་མ་རྟ་མགྲིན་ལས་སྔགས་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་
XXX ཤུདྡྷཿསརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང༌། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ཞུ་བ་ལས་བྱུང་པའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱ་ཧཱུྃ་ཞུ་བ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་བར་བསམ་ལ། ཧཱུྃ་མཛད་ཀྱི་ཕྱག་རྒྱས། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བདེན་པའི་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས། གང་དག་བགེགས་དང་འབྱུང་པོའི་ཚོགས་ཐམས་ཅད་དང་གནས་འདིར་གནས་པ་ཐམས་ཅད་གཏོར་མ་འབུལ་བའི་སླད་དུ་འདིར་མཆིས་པར་གྱུར་ཅིག །ཊཱཀྐི་རཱ་ཙ་ཧཱུྃ་ཛཿ ཞེས་བཀུག་ལ་རྡོ་རྗེ་བསྡམ་པ་གྱེན་དུ་ཕྱེས་ལ། ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བོ་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁ་ཨུཏྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་གྷྲྀཧྞི་དཾ་བ་ལིངྟ་ཡེ་སྭཱ་ཧཱ། ལན་གསུམ་གྱིས་འབུལ། གང་དག་དཀྱིལ་འཁོར་སྒྲུབ་པའི་ལས་ལ་དགྱེས་པའི་འབྱུང་པོ་རྣམས། གཏོར་མ་འདི་མཉེས་ཤིང་ཚིམས་ནས་ཆོས་དང་མཐུན་པའི་ཕྲིན་ལས་སྒྲུབས་ཤིག །ཆོ་ག་ཉན་ཅིང་བལྟ་བར་མི་རུང་བའི་བགེགས་ཀྱི་རིགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་རང་རང་སོ་སོའི་གནས་སུ་དེངས་ཤིག །ཅེས་གཏོར་མ་ཕྱིར་བསྐྱལ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་སུམྦྷཱ་ནི་སོགས་ཀྱིས་བགེགས་བསྐྲད། གུ་གུལ་གྱིས་བདུག །རོལ་མོ་དྲག་ཏུ་བྱའོ། རྡོ་རྗེ་གསོར་རོ། །སྲུང་འཁོར་བསྒོམ་མོ། །ཧཱུྃ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན། །མཁའ་འགྲོའི་ར་བ་རྡོ་རྗེའི་གུར། །བསྐལ་པའི་མེ་དཔུང་འཚུབས་ཤིང་འཁྱིལ། །རྣམ་རྟོག་ལས་གྱུར་བགེགས་རྣམས་ཀུན། །མཚམས་བཅད་ནང་འདི་ཚུན་ཆད་དུ། །ནམ་ཡང་འདའ་བར་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ལྔ་པ་མཆོད་པ་བྱིན་བརླབས་ནི། ཨོཾ་ཧྲཱིཿཔདྨཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྔགས་ཀྱིས་བསང༌། ཨོཾ་སྭབྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅་ཧཾ། གིས་སྦྱང༌། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་
XXX ཨ་ལས་ཐོད་པའི་སྣོད་ཡང་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །གདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོའི་ཚོགས་དང་བཅས་པ། ཐོགས་པ་མེད་པ་དངོས་བཤམས་ཡིད་ཀྱིས་སྤྲུལ་ཞིང་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ཞེས་པ་ནས། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཨོཾ་བཛྲ་ཤཔྡ་ཨཱཿཧཱུྃ། ཞེས་རོལ་མོ་དང་བཅས་པས་བྱིན་དབབ་བོ། །དྲུག་པ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི། བདག་དང་མ་རྒན་སེམས་ཅན་ཐམས་ཅད་བླ་མ་དང་རྗེ་བཙུན་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་སོགས་བྱ། སེམས་བསྐྱེད་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ། །སྐབས་འདིར་རྡོར་སེམས་བསྒོམ་ལུགས་ཀྱང་ཡོད། བདུན་པ་ཚོགས་ཞིང་ནི། རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་སུ་གྱུར་པའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་བླ་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་བདུན་གྱི་ནམ་མཁར་སྤྱན་དྲངས། རྡོ་རྗེ་བསྡུ་བའི་ཕྱག་རྒྱས། ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པཱ་རི་ཝཱ་ར་བཛྲ་ས་མ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ་སྭཱ་ཧཱ། མདུན་གྱི་ནམ་མཁར་བཞུགས་པ་ལ་ཡན་ལག་བདུན་པས་ཚོགས་བསགས་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཆོད་པའི་ཚོགས་ཀྱིས་མཆོད་པར་བགྱི། །
XXX སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ལས་བྱང་ཆུབ་མྱུར་ཐོབ་ཤོག །སྡོམ་པ་བཟུང་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱི་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་མ་ལུས་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་བགོད། །ཅེས་པའི་བར་གྱིས་རིགས་ལྔའི་སྡོམ་པ་བཟུང༌། བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་མི་ཏྲ་ཛོ་ཀི་ལ་གསོལ་བ་འདེབས། །པཎ་ཆེན་ཤྲཱི་པུ་ཏྲ་ལ་གསོལ་བ་འདེབས། །རྟོགས་ལྡན་གིརྟི་རཏྣ་ལ་གསོལ་བ་འདེབས། །རྗེ་བཙུན་བུདྡྷ་ཤྲཱི་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་འདེབས། །དབང་བཞི་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །བླ་མ་ཡི་དམ་དཀྱིལ་འཁོར་གྱི་སྣ་ཚོགས་རྣམས་རང་ལ་ཐིམ་པ་གྱུར། །ཨོཾ་ཨཱཿཧཱུྃ་གིས་བསྡུའོ། །གཉིས་པ་དངོས་གཞི་བདག་བསྐྱེད་དང་བདུན་བསྐྱེད་སྒྲུབ་ཅིང༌། དེ་ཉིད་མཆོད་ཅིང་བསྟོད་པ་དང་གསུམ་ལས། དང་པོ་མངོན་བྱང་ལྔའི་སྒོ་ནས་བསྐྱེད་རིམ་སྒོམ་པའི་ཐོགས་པ་ཚད་མེད་བཞི་སྒོམ་པ་ན། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་
XXX སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཆགས་སྡང་ཉེ་རིང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ལན་གསུམ་བསྒོམ་མོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷོཿསརྦ་དྷཱརྨཱཿསྭབྷཱ་ཝ་ཤུདྡྷོ་྅་ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་བདག་མེད་པར་གྱུར། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ལྔའི་སྟེང་དུ་རི་བོ་མཆོག་རབ། དེའི་སྟེང་དུ་སྣ་ཚོགས་པདྨ་འབུམ་ལྡན་གྱི་ལྟེ་བར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། སྲུང་པའི་འཁོར་ལོ་ཡངས་པར་གྱུར་པའི་དབུས་སུ། བྷྲཱུྃ་ཁ་དོག་ལྔ་ལྡན་འོད་དུ་ཞུ་བ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཀྱི་ཁང་པར་གྲུ་བཞི་སྒོ་བཞི་རྩིག་པ་རིམ་པ་ལྔ་པ། རྟ་བབས་བཞི་ཏོག་དང་བཅས་པ། ཕྱི་རྡོ་ར་མེ་རིས་བསྐོར་བ། གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་ཧྲཱིཿདཀར་པོ་ཚེགས་དྲག་དང་བཅས་པ་དང༌། བཾ་ཡིག་དམར་པོ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས། གཞལ་དུ་མེད་པའི་སེམས་ཅན་གྱི་དོན་བྱས། ཐམས་ཅད་ཇོ་བོ་སྤྱན་རས་གཟིགས་ཀྱི་སར་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་པདྨའི་སྡོང་པོ་ལྟེ་བར་ཧྲཱིཿདང་བཾ་གྱིས་མཚན་པ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྱན་དྲངས། པདྨ་ཧྲཱིཿདང་བཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་བཞི་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷའི་དར་སྣ་ཚོགས་ཀྱིས་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། ནོར་བུས་སྐ་རགས་ཐབས་སུ་འཆིང་བ། ཕྱག་དང་པོ་
XXX གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་ན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་འཛིན་པ། གཡས་ཀྱི་གཉིས་པས་ནོར་བུ་རིན་པོ་ཆེ་དཀར་པོའི་ཕྲེང་བ་བརྒྱ་རྩ་འཛིན་པ། གཡོན་གྱི་གཉིས་པས་པདྨ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་ཅིང༌། རབ་རྒྱས་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞལ་འཛུམ་བག་དང་ལྡན་པ། སྤྱན་དཀྱུས་དང་སྨིན་དཀྱུས་རིང་ཞིང་མཛོད་སྤུ་དཀར་པོ་བརྒྱན་པ། དབུ་སྐྲ་རལ་པའི་ཅོད་པན་ནག་པོ་གྱེན་ལ་བཅིངས་ཤིང༌། རལ་པའི་ཟར་བུ་རྐེད་པར་སླེབ་པ། མེ་ཏོག་གི་ཕྲེང་བས་སྐྲ་ཆིངས་ཅན་ཨུཏྤལ་སྔོན་པོ་གཉིས་ཀྱིས་སྙན་གོང་བརྒྱན་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ་རིན་པོ་ཆེ་སྣ་ལྔས་རྩེ་ཕྲན་ལྔ་དང༌། སྙན་ཆ་དང་མགུལ་རྒྱན་དང༌། དོ་ཤལ་དང༌། ཕྱག་གདུབ་དང༌། ཞབས་གདུབ་དང༌། དཔུང་རྒྱན་དང༌། འོག་པག་དང༌། མུ་ཏིག་སྣ་ལྔའི་ཆུན་པོ་དང༌། དར་གྱི་ཅོད་པན་གྱིས་བརྒྱན་པ། འོད་ཟེར་སྣ་ལྔ་འཁྲིགས་པའི་དབུས་ན་བཞུགས་པའོ། །དེའི་པང་ན་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ཡབ་ཀྱི་རྐེད་པ་ལ་འཁྲིལ་པ། ཕྱག་གཡས་པས་གསེར་གྱི་ཌཱ་མ་རུ་ནམ་མཁར་འཁྲོལ་བ། གཡོན་པས་ཐོད་པ་བདུད་རྩི་དམར་པོའི་རྒྱུན་གྱིས་བཀང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། ཞལ་ཁྲོ་འཛུམ་ཅུང་ཟད་བཞད་པ། སྤྱན་གསུམ་དང་ལྡན་པ། དབུ་སྐྲ་རལ་པའི་ཐོར་ཅོག་དང་ཟར་བུས་རྐེད་པར་གཡོགས་པ། ཐོད་སྐམ་རིན་པོ་ཆེས་རྩེ་བྲན་གྱིས་མཚན་པ་ལྔས་དབུར་བརྒྱན་ཅིང་དཀར་འཛིན་དང་ཆུ་འཛིན་རྒྱས་པ། ཞི་བ་འཛུམ་པ། གཞོན་ཅིང་སྒེག་པ། བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང༌། འོད་ཟེར་སྣ་ལྔ་འཕྲོ་བའོ། །ཡབ་ཀྱི་གནས་ལྔར་པད་ཟླའི་གདན་རེ་རེར་གྱུར་པའི་སྤྱི་བོར་ཨོཾ་ལས་རྣམ་སྣང་སྤྱན་རས་གཟིགས་ཡབ་ཡུམ་དཀར་པོ། །མགྲིན་པར་ཧྲཱིཿལས་
XXX འོད་དཔག་མེད་སྤྱན་རས་གཟིགས་ཡབ་ཡུམ་དམར་པོ། སྙིང་གར་ཧཱུྃ་ལས་མི་བསྐྱོད་པ་སྤྱན་རས་གཟིགས་ཡབ་ཡུམ་སྔོན་པོ། ལྟེ་བར་ཏྲཾཱ་ལས་རིན་འབྱུང་སྤྱན་རས་གཟིགས་ཡབ་ཡུམ་སེར་པོ། །གསང་གནས་སུ་ཨཱཿལས་དོན་གྲུབ་སྤྱན་རས་གཟིགས་ཡབ་ཡུམ་ལྗང་གུ། དེ་ཐམས་ཅད་ཀྱང་གཙོ་བོ་ཡབ་ཡུམ་གྱི་ཆ་ལུགས་སུ་བཞུགས་པའོ། །དེ་རྣམས་ཀྱི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ། །ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ། །ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ། །བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་ལྗང་གུ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་ཅུང་ཟད་གཙིགས་ཤིང་གཡས་གྲི་གུག་གཡོན་ཐོད་ཁྲག །གྲུ་མོ་ན་ཁ་ཏྭཾཱ་ག་འཛིན་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང༌། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གི་གར་གྱིས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེ་ལྟར་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་པས་རང་བཞིན་ཆོས་ཀྱི་དབྱིངས་ནས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་བཅས་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔ་ཡབ་ཡུམ་རྣམས་ཀྱིས་བུམ་པའི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་ལུས་ཀྱི་ནང་གང༌། ཆུའི་ལྷག་མ་ཡར་འཁྱིལ་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་བཟླས་པ་བྱ་བ་ནི། རང་གི་སྙིང་གར་པད་ཟླའི་སྟེང་དུ་རང་འདྲ་བའི་ཡེ་ཤེས་
XXX སེམས་དཔའ་ཚོན་གང་བའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿགནས་པའི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་ལུས་ཀྱི་ནང་ཐམས་ཅད་སྤྱན་རས་གཟིགས་རིགས་ལྔ་ཞིང་རྡུལ་གྱི་གྲངས་དང་མཉམ་པས་གང༌། འོད་ཟེར་འཕྲོས། སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ལ་ཕོག་པས་ཐམས་ཅད་སྤྱན་རས་གཟིགས་ཡབ་ཡུམ་གྱི་སྐུར་གྱུར་པའི་ཞལ་ནས་སྔགས་ཀྱི་སྒྲ་སྒྲོགས་པར་གྱུར། པར་བསམ་ལ་སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ། ཞེས་མ་ཡེངས་པའི་སེམས་ཀྱིས་བསྙེན་པ་ཅི་འགྲུབ་འདྲེན་ནོ། །འཕྲོ་འཇོག་པ་ནི། ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་གི་བདེན་པས་བདག་དང་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་ལ་མཆོད་བསྟོད་བསྡུས་པ་ཞིག་བྱ། འོག་གི་ལག་མཆོད་འདིར་བྱེད་ན་ལེགས། འདིའི་བསྙེན་པའི་ཚད་ནི། དུས་ཟླ་བ་གསུམ། གྲངས་བསྙེན་བྱེ་བ་གསུམ། མཚན་མའི་རྟགས་རབ་མངོན་སུམ་དུ་ཡབ་ཡུམ་གྱི་ཞལ་མཐོང་བ་དང་ལུང་སྟོན་པ་རྣམས་འབྱུང༌། འབྲིང་ཉམས་སྣང༌། ཐ་མ་རྨི་ལམ་དུ་མི་དཀར་པོ་དང་བུད་མེད་དམར་མོས་དངོས་གྲུབ་སྟེར་བ་དང་ཁྲོམ་འདུ་བ་ལ་སོགས་པའི་རྟགས་འབྱུང་ངོ༌། །གཉིས་པ་མདུན་བསྐྱེད་ནི། མདུན་གྱི་དཀྱིལ་འཁོར་ལས་སྔགས་ཀྱིས་བསང༌། ཨོཾ་སྭབྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ་྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་པའི་སྟེང་དུ། ཞེས་པ་ནས། དཔག་ཏུ་མེད་པའི་འོས་ཟེར་འཕྲོས། ཞེས་པའི་བར་གོང་ལྟར་རོ། །འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞེས་པ་ནས། སྙིང་གར་ཧཱུྃ་སྔོན་པོ། ཞེས་པའི་བར་གོང་བཞིན་ནོ། །མདུན་བསྐྱེད་ཀྱི་དུས་སུ་གོང་གི་མགྲིན་པ་སྙིང་གར་ལྟེ་བ་གསང་གནས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ་རྣམས་མདུན་ནས་བརྩམས་ཏེ། གཡས་སྐོར་དུ་གདན་ལ་འཁོད་པའི་ལུགས་ཀྱང་ཡོད་དོ། །མཁའ་འགྲོ་བཞི་
XXX མཚམས་བཞིར་བཀོད་པའོ། །བདག་མདུན་གཉིས་ཀའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རང་བཞིན་ཆོས་ཀྱི་དབྱིངས་ནས་བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ཞེས་སྤོས་དང་རོལ་མོ་འཛིན་པས། ཧྲཱིཿ སྐུ་གསུམ་དབྱེར་མེད་གཞལ་ཡས་ནས། །དུས་གསུམ་སངས་རྒྱས་ངོ་བོ་ཉིད། །སེམས་ཅན་སྨིན་མཛད་ཐུགས་རྗེ་ཅན། །བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ། །རང་བཞིན་གནས་མཆོག་གཞལ་ཡས་ནས། །སྐུ་གསུམ་ལྷ་ཚོགས་འཁོར་གྱིས་བསྐོར། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྙན་བརྒྱུད་ལྷ་ཚོགས་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཀུན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །མཁའ་སྤྱོད་ཨུ་རྒྱན་གཞལ་ཡས་ནས། །བྱིན་རླབས་དངོས་གྲུབ་སྟེར་མཛད་པའི། །ལས་དང་ཡེ་ཤེས་ལས་ལ་སོགས། །དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ། །རང་བཞིན་དུར་ཁྲོད་གཞལ་ཡས་ནས། །སངས་རྒྱས་བསྟན་པ་རྒྱས་མཛད་ཅིང༌། །ཕྱི་ནང་བར་ཆད་སེལ་མཛད་པའི། །ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ། །བཞུགས་སུ་གསོལ་བ་ནི། ཧྲཱིཿ རིན་ཆེན་སྣ་ཚོགས་ཕོ་བྲང་འདིར། །སྣ་ཚོགས་པད་ཟླའི་གདན་སྟེང་དུ། །ཡིད་འོང་མཛེས་པའི་ཞལ་ཡས་སུ། །སྙན་བརྒྱུད་ལྷ་ཚོགས་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། །ཅེས་པས་ནས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། །ཅེས་པའི་བར་གོང་ལྟར་རོ། །སྐབས་འདིར་བཟླས་པ་བྱེད་པར་སྤྲོ་ནའང་གོང་ལྟར་བྱའོ། །དེ་ནས་ཕྱག་འཚལ་བ་ནི། ཧཱུྃ། ཆོས་དབྱིངས་མཉམ་ཉིད་ངང་ལས་མ་གཡོས་ཀྱང༌། །ལོངས་སྤྱོད་རྫོགས་སྐུ་འཛའ་ཚོན་ལྟ་བུར་སྤྲུལ། །ཐུགས་རྗེས་འགྲོ་བ་མ་ལུས་
XXX འདྲེན་མཛད་པ། །སྤྱན་རས་གཟིགས་དབང་ལྷ་ཚོགས་ཕྱག་འཚལ་ལོ། །དེ་ནས་ཕྱི་མཆོད་འབུལ་བ་ནི། ཧྲཱིཿ ཡོན་ཏན་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་ཆབ་ཞལ་ཟས་དང༌། །རོལ་མོ་སིལ་སྙན་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །ནང་གི་མཆོད་པ་འབུལ་བ་ནི། མཛེས་པའི་གཟུགས་དང་སྙན་པའི་སྒྲ། །ཞིམ་པའི་དྲི་དང་མངར་བའི་རོ། །རེག་བྱ་འདོད་ཡོན་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །ནང་མཆོད་བདུད་རྩིས་ཀྱང་མཆོད་དོ། །གསང་མཆོད་འབུལ་བ་ནི། ཤ་ལྔ་དང་ནི་བདུད་རྩི་ལྔ། །ཕུང་པོ་ཁམས་དང་སྐྱེད་མཆེད་ལྔ། དབང་པོ་ཡུལ་ལྔ་འབྱུང་བ་ལྔ། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །དགའ་བ་བཞི་དང་བདེ་བ་བརྒྱད། །སྐད་ཅིག་བཞི་དང་ཡེ་ཤེས་ལྔ། །ཟུང་འཇུག་དགའ་བདེའི་མཆོད་པ་འདི། །དཀྱིལ་འཁོར་ལྷ་ཡི་བཞེས་སུ་གསོལ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། མཆོད་མཁན་མཆོད་པ་མཆོད་པའི་ཡུལ། །སྒྱུ་མ་རྨི་ལམ་ལྟར་ཤེས་པ། །སྤྲོས་བྲལ་དོན་དམ་མཆོད་པ་འདི། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །དེ་ནས་བསྟོད་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་ཚིག་བཞི་དང༌། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཅེས་ཚིག་བཞི་དང༌། ཧྲཱིཿ རྣམ་པར་སྣང་མཛད་གཏི་མུག་རྣམ་དག་པས། །གཟུགས་ཕུང་གནས་གྱུར་ཆོས་དབྱིངས་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །རྣམ་སྣང་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་དཔའ་ཞེ་སྡང་རྣམ་དག་པས། །རྣམ་ཤེས་གནས་གྱུར་མེ་ལོང་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །མི་བསྐྱོད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རིན་ཆེན་འབྱུང་ལྡན་ང་རྒྱལ་རྣམ་དག་པས། །ཚོར་ཕུང་གནས་གྱུར་མཉམ་ཉིད་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །རིན་འབྱུང་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །སྣང་བ་མཐའ་
XXX ཡས་འདོད་ཆགས་རྣམ་དག་པས། །འདུ་ཤེས་གནས་གྱུར་སོར་རྟོགས་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །སྣང་མཐའ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །དོན་ཡོད་གྲུབ་པ་ཕྲག་དོག་རྣམ་དག་པས། །འདུ་བྱེད་གནས་གྱུར་བྱ་གྲུབ་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་དག་ཉིད་ཅན། །དོན་གྲུབ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །བདེ་སྟོང་གཉིས་སུ་མེད་པ་ཡི། །གསང་བ་ཡེ་ཤེས་ཕྱག་འཚལ་བསྟོད། །ནམ་མཁའ་རྣམ་པར་དག་པ་ཡི། །ཆོས་དབྱིངས་ལྷ་རྣམས་འབྱུང་བའི་གཞི། །དབྱིངས་ཕྱུག་མ་ལ་ཕྱག་འཚལ་བསྟོད། །ཆུ་ཁམས་རྣམ་པར་དག་པ་ཡི། །རྡོ་རྗེའི་ལྷ་རྣམས་འབྱུང་བའི་གཞི། །མ་མཱ་ཀི་ལ་ཕྱག་འཚལ་བསྟོད། །ས་ཁམས་རྣམ་པར་དག་པ་ཡི། །རིན་ཆེན་ལྷ་རྣམས་འབྱུང་བའི་གཞི། །སངས་རྒྱས་སྤྱན་མར་ཕྱག་འཚལ་བསྟོད། །མེ་ཁམས་རྣམ་པར་དག་པ་ཡི། །པདྨའི་ལྷ་རྣམས་འབྱུང་བའི་གཞི། །གོས་དཀར་མོ་ལ་ཕྱག་འཚལ་བསྟོད། །རླུང་ཁམས་རྣམ་པར་དག་པ་ཡི། །ལས་ཀྱི་ལྷ་རྣམས་འབྱུང་བའི་གཞི། །དམ་ཚིག་སྒྲོལ་མར་ཕྱག་འཚལ་བསྟོད། །ཞི་བའི་ཕྲིན་ལས་སྒྲུབ་མཛད་པའི༌། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྒྱས་པའི་ཕྲིན་ལས་སྒྲུབ་མཛད་པའི། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །དབང་གི་ཕྲིན་ལས་སྒྲུབ་མཛད་པའི། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །མངོན་སྤྱོད་ཕྲིན་ལས་སྒྲུབ་མཛད་པའི། །ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད། །ཁྱེད་ལ་ཕྱག་འཚལ་བསྟོད་པ་ཡིས། །མཆོག་དང་མཐུན་མོང་དངོས་གྲུབ་སྩོལ། །དོན་གཉིས་འགྲུབ་པར་མཛད་དུ་གསོལ། །ཞེས་བསྟོད་ཅིང་གསོལ་བ་བཏབ་བོ། །ལག་མཆོད་བདུད་རྩི་བྱིན་གྱིས་བརླབ་ནི། །ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་
XXX ལས་མེ། ཀཾ་གསུམ་ལས་ཐོད་པའི་སྒྱེད་པོ་གསུམ་གྱི་སྟེང་དུ་ཨ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཟླ་བའི་གདན་གྱི་སྟེང་དུ། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་དེ་ཉིད་ཀྱིས་མཚན་པ། དེའི་སྟེང་དུ་བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་ལ་དེ་ཉིད་ཀྱིས་མཚན་པ། དེའི་སྟེང་དུ་ཧཱུྃ་བྷྲཱུྃ་ཨཾ་ཛྲིཾ་ཁཾ་ལས་ཡེ་ཤེས་ལྔ། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རླུང་གཡོས་མེ་སྦར། ཐོད་པ་དྲོས་རྫས་རྣམས་ཁོལ། རླངས་པ་ཨོཾ་ཨཱཿཧཱུྃ་ལ་ཕོག །དེ་ལས་བདུད་རྩིའི་རྒྱུན་བབས། ཨོཾ་ཨཱཿཧཱུྃ་དང་བཅས་པ་ཐོད་པར་ལྷུང་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཅེས་ལན་གསུམ་གྱིས་བྱིན་གྱིས་བརླབས། གཡོན་པའི་སྲིན་ལག་གིས་རིམ་པ་བཞིན་དུ་བདུད་རྩི་གཏོར་ཞིང༌། ངག་ཏུ། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། མགོན་པོ་འོད་དཔག་མེད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་མི་ཏྲ་ཛོ་ཀིའི་ཞལ་དུ་ཨོཾ་ཨཱཿཧཱུྃ། པཎ་ཆེན་ཤྲཱི་པུ་ཏྲའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྟོགས་ལྡན་གིརྟི་རཏྣའི་ཞལ་དུ་ཨོཾ་ཨཱཿཧཱུྃ། མཚུངས་མེད་འོད་དཔག་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་དབང་རྒྱུད་མན་ངག་སྟོན་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། མཁའ་འགྲོ་སྡེ་ལྔ་ལ་སོགས་གནས་གསུམ་གྱི་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། །བྲག་མགོན་ལ་སོགས་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཚངས་པ་ཕྱོགས་སྐྱོང་བཅུ་པོ་སོགས་འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་སོགས་གཞི་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ།
XXX སྐྱེ་བ་གནས་བཞིར་བསྡུས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་བདུད་རྩིས་ཚིམས་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །གསུམ་པ་རྗེས་ལ་གཉིས། ཚོགས་མཆོད་དང་གཏོང་རག་གི་མཆོད་པའོ། །དང་པོ་ནི། ཚོགས་ཀྱི་བྱིན་རླབས་ནང་མཆོད་ལྟར་བྱས་ལ། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ་ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི་མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་དག །བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཞེས་པ་ནི་བསྡུས་པའོ། །རྒྱས་པར་བྱེད་ན། ཧྲཱིཿ བླ་མ་བརྒྱུད་པར་བཅས་པ་དང༌། །ཡི་དམ་ལྷ་ཚོགས་མ་ལུས་དང༌། །མཁའ་འགྲོ་ཆོས་སྐྱོང་འཁོར་བཅས་རྣམས། །ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཅེས་སྤྱན་དྲངས་ལ། ཚོགས་བསྟབ་པ་ནི། སྤྱི་གཙུག་པད་ཟླའི་གདན་སྟེང་དུ། །ཆོས་ལོངས་སྤྲུལ་སྐུའི་ལྷ་ཚོགས་དང༌། །བཀའ་རྒྱུད་བླ་མ་འཁོར་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །སྤྱི་བོ་བདེ་ཆེན་འཁོར་ལོ་ནི། །རྣམ་པར་སྣང་མཛད་ཡབ་ཡུམ་དང༌། །སངས་རྒྱས་རིགས་ཀྱི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །ཚེ་དཔག་མེད་པ་ཡབ་ཡུམ་དང༌། །པདྨ་རིགས་ཀྱི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། །
XXX མི་བསྐྱོད་རྡོ་རྗེ་ཡབ་ཡུམ་དང༌། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང༌། །ཡོན་ཏན་རིགས་ཀྱི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །གསང་གནས་བདེ་སྐྱོང་འཁོར་ལོ་ན། །དོན་ཡོད་གྲུབ་པ་ཡབ་ཡུམ་དང༌། །ལས་ཀྱི་རིགས་ཀྱི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །མིག་སོགས་སྐྱེ་མཆེད་དག་པ་ཡི། །བྱང་ཆུབ་སེམས་དཔའ་སེམས་མ་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །མགོ་སོགས་ལྷུ་ཚིགས་དག་པ་ཡི། །ཁྲོ་བོ་ཁྲོ་མོ་བཅུ་པོ་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །རྩ་ཁམས་རྣམ་པར་དག་པ་ཡི། །དཔའ་བོའི་ལྷ་ཚོགས་མ་ལུས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །རླུང་ཁམས་རྣམ་པར་དག་པ་ཡི། །ཡེ་ཤེས་མཁའ་འགྲོ་མ་ལུས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །ཐིག་ལེ་རྣམ་པར་དག་པ་ཡི། །གསང་སྔགས་ལྷ་ཚོགས་ཐམས་ཅད་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །ལུས་ཀྱི་ཞིང་རྡུལ་རྣམ་དག་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་
XXX ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །རང་ལུས་རྣམ་པར་དག་པ་ཡི། །སྐུ་ཡི་རྡོ་རྗེའི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །རང་ངག་རྣམ་པར་དག་པ་ཡི། །གསུང་གི་རྡོ་རྗེའི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །རང་སེམས་རྣམ་པར་དག་པ་ཡི། །ཐུགས་ཀྱི་རྡོ་རྗེའི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨ་ལ་ལ་སྟེ་དགྱེས་པར་རོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕྲིན་ལས་རྣམ་བཞི་སྒྲུབ་ཏུ་གསོལ། །དམ་ཚིག་ཆེན་པོའི་གནས་བརྒྱད་ནས། །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕོ་ཉ་ལས་མཁན་མཛད་དུ་གསོལ། །པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། །ག་ཎ་ཙཀྲ་ལ་ཁཱ་ཧི། ཚོགས་ཆང་ལག་མཆོད་ལྟར་འབུལ་ཞིང་ནམ་མཁའ་གཏོར། ཚོགས་ཕུད་བཅད་ལ་དཀྱིལ་འཁོར་དང་གཏོར་མ་འབུལ་ལོ། །གཏོར་མ་ནི། གོང་གི་ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། གོང་གི་ལག་མཆོད་ལྟར་བྱིན་གྱིས་བརླབ། གཏོར་མགྲོན་སྤྱན་དྲངས་ཤིང་འབུལ་བ་ནི། བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདུན་གྱི་ནམ་མཁར་བཛྲ་ས་མ་ཡ་ཛ་ཛཿ ཕེཾ་ལེཾ། ལྗགས་རྡོ་རྗེའི་སྦུ་གུ་གཏོར་མ་ལ་ཟུག་ཏེ་གསོལ་བར་གྱུར། ན་མོ་གུ་རུ་རཏྣ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་བླ་མ་དང༌། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ། ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་འབུལ། གཞན་ཡང་ཡི་དམ་གང་བྱེད་འདིའི་གཤམ་དུ་
XXX བཟུད་དོ། །ཨརྒྷཾ་སོགས་ཀྱིས་མཆོད། བླ་མ་དང་འཇིག་རྟེན་དབང་ཕྱུག་ལ་སོགས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་མཉེས་ནས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པར་སྩལ་དུ་གསོལ། ཅེས་གསོལ་བ་གདབ་བོ། །ཆོས་སྐྱོང་བའི་གཏོར་མ་ནི། །བསང་སྦྱང་གོང་ལྟར་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བྱིན་གྱིས་བརླབས་ལ། བསྐྱེད་ཆོག་བསྡུས་པ་ནི། །ཨོཾ་སྭ་བྷཱ་ཝ་ཞེས་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་མདུང་དང་རལ་གྲི་གཤིབས་པའི་གུར་ཁང༌། མ་མོ་དང་རླུང་ནག་འཚུབ་པའི་དབུས། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར། དགྲ་བགེགས་ཕོ་མོ་བསྣོལ་བའི་སྟེང༌། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་དབུས་སུ། པད་ཉིའི་གདན་ལ་ཧཱུྃ་དང་གྲི་གུག་ལས་སྐྱེས་པའི་དཔལ་ཡེ་ཤེས་ཀྱི་བྲག་མགོན་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ། འཇིགས་པའི་ཞལ་གདངས་ཤིང་མཆེ་བ་བཞི་གཙིགས་པ། ལྗགས་གློག་ལྟར་དུ་འཁྱུག་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། གཡས་ཀྱི་ཕྱག་ན་བེང་དབྱུག་ཟུར་བཞི་རྩེ་མོར་ནོར་བུས་མཚན་པ་མེ་སྟག་འཕྲོ་བ་འཛིན་པ། གཡོན་པས་པར་བུའི་ནང་དུ་དགྲ་སྙིང་དང་བཅས་པ་འཛིན་པ། ཐོད་སྐམ་ལྔའི་དབུ་རྒྱན། ཐོད་རློན་ལྔ་བཅུས་དོ་ཤལ། སྦྲུལ་ནག་གདུག་པ་ཅན་གྱི་སེ་ར་ཁ་དང་ཡན་ལག་ཐམས་ཅད་བརྒྱན་པ། སྐུ་སྨད་ལ་སྟག་ལྤགས་རློན་པའི་ཤམ་ཐབས་གསོལ་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ། དར་ནག་པོའི་འཇོག་བེར་གསོལ་བ། སྐུ་ལ་མེའི་ཚ་ཚ་འཕྲོ་བ། གདུག་པ་ཅན་ཐམས་ཅད་བསྲེག་པའོ། །དེའི་མདུན་དུ་ལས་མཁན་མོན་པ་ནག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཕྱག་གཡས་ཀྱིས་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་པ་དགྲ་སྙིང་གིས་
XXX བཀང་བ་གཙོ་བོའི་ཞལ་དུ་སྟོབས་པ། གཞན་ཡང་ཡེ་ཤེས་ཀྱི་མགོན་པོ་སྤྲིན་ལྟར་དུ་གཏིབས་པ། ལས་ཀྱི་མགོན་པོ་དང༌། འཇིག་རྟེན་གྱི་མགོན་པོ་རླུང་ལྟར་འཚུབས་པ། གཞན་ཡང་མ་མོ་དང་གཤིན་རྗེའི་ཚོགས་དཔག་ཏུ་མེད་པས་བསྐོར་བར་གྱུར། མགོན་པོའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་བསིལ་བའི་ཚལ་ནས་ཡེ་ཤེས་པ་སྤྱན་དྲངས། རྒྱས་པར་སྤྲོ་ན། ཧཱུྃ་དད་པ་དང་ནི་དམ་ཚིག་གིས། །ཞེས་སོགས་སྤྱན་འདྲེན་ནོ། །ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པའི་ལྗགས་རྡོ་རྗེའི་སྦུ་གུ་གཏོར་མ་ལ་ཟུག་པར་གྱུར། ཨོཾ་མ་ཧཱ་ཀཱ་ལ་དྷུ་རུ་སྭ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་དང༌། ཤཱ་ས་ནའི་སྔགས་ཀྱིས་མགོན་པོ་སྤྱི་ལ་འབུལ། དཔལ་ལྡན་ལྷ་མོ་གང་བྱེད་བསྐྱེད་ལ། རང་སྔགས་སམ། ཡང་ན། ཏྲག་རག་མོ་བ་ལི་ཏི་ཁཱ་ཧི། ཏྲག་རཀྵ་མ་ཧཱ་རཀྵི་ཎ་ནག་མོ་དུན་ཏིང་བྷྱོ། ཨི་དཾ་བ་ལིཾ་ཏ་ཁཱ་ཧི། དཔལ་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་དང་སངས་རྒྱས་ཀྱི་བསྟན་པ་སྲུངས། མཐུན་རྐྱེན་སྒྲུབས། འགལ་རྐྱེན་ཟློག །དགྲ་བགེགས་ཚར་བཅད་དུ་གསོལ། མཁའ་འགྲོ་སྤྱི་གཏོར་ནི། སྤྱན་དྲངས་ལ་རང་སྔགས་ཀྱིས་འབུལ་བའམ། ཡང་ན། མཁའ་འགྲོ་ལྔའི་འཁོར་ན་གནས་པ། ཡུལ་སུམ་ཅུ་སོ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་སྤྲུལ་པའི་སྐུ་འགྲོ་བ་སེམས་ཅན་གྱི་དོན་ལ་བཞུགས་པ་རྣམས་ཀྱི་ཞལ་དུ་ཁཱ་ཧི། སྐུ་གསུང་ཐུགས་མཉེས་ནས་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག །གཞི་བདག་གཏོར་མ་ནི། དཀར་གཏོར་དུ་བྱིན་གྱིས་བརླབས་ལ། གཞན་ཡང་བོད་ཁམས་
XXX སྐྱོང་བར་བྱེད་པའི་བརྟན་མ་བཅུ་གཉིས་ཡུལ་སོ་སོའི་གཞི་བདག །གནས་རི་ཁྲོད་ཀྱི་སྲུང་མ་དམ་ཚིག་ཅན་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །མཉེས་ཤིང་ཚིམས་ནས་ཆོས་དང་མཐུན་པའི་སྡོང་གྲོགས་མཛོད་ཅིག །གཞན་ཡང་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་བ་གནས་བཞིར་བསྡུས་པའི་སེམས་ཅན་རྣམས་གཏོར་མ་འདིས་ཚིམས་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཨརྒྷཾ་ལ་སོགས་ཀྱིས་མཆོད། ནང་མཆོད་ཀྱིས་ཀྱང་མཆོད་ལ། བསྟོད་པ་ནི། གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང༌། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ཧྲཱིཿ རྣམ་པར་སྣང་མཛད་གཏི་མུག་རྣམ་དག་པས། །ཅེས་པ་ནས། དོན་གཉིས་འགྲུབ་པར་མཛད་དུ་གསོལ། །ཅེས་པའི་བར་གྱིས་བསྟོད། ཧཱུྃ་ལས་བྱུང་བའི་ནག་པོ་མཐུ་བོ་ཆེ། །སྤྱན་རས་གཟིགས་མགོན་བཀའ་སྲུང་དམ་ཚིག་ཅན། །བྲག་ལྷ་མགོན་པོ་མགོན་པོ་འབུམ་གྱི་རྗེ། །སངས་རྒྱས་བསྟན་སྲུང་ནག་པོ་ཁྱོད་ལ་བསྟོད། །བྷྱོ། གང་གི་སྐུ་གསུང་ཐུགས་ཀྱིས་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་སྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་འདུད། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་པར་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་
XXX སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་གྲུབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུང༌། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཤིང་ཆོས་འཕེལ་དང༌། །བདེ་ལེགས་ཕུན་སུམ་ཚོགས་པ་དང༌། །ཡིད་ལ་འདོད་པ་ཀུན་གྲུབ་ཤོག །དེ་ནས་ཚོགས་ལ་རོལ་བ་ནི། །ལས་ཀྱི་སློབ་དཔོན་གྱིས་ཐབས་ཤེས་ཀྱི་རྫས་སྟེང་འོག་ཏུ་བཟུང་ལ་བསྣོལ་ནས། ཀྱཻ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་སློབ་དཔོན་ལ་དྲང་ངོ༌། །སློབ་དཔོན་གྱིས་པད་ཀོར་དང་ལྡན་པས། ཧཱུྃ། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་དང་འཛིན་པ་དང་བྲལ་བའི། །དེ་ཁོ་ན་ཉིད་ལ་གུས་ཕྱག་འཚལ། །ཨ་ལ་ལ་ཧོ། ཚུལ་དེས་མཆེད་ལྕམ་རྣམས་ལ་ཡང་དྲང་ངོ༌། །ཐམས་ཅད་ཀྱི་ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་ཀྱི་ངང་ནས་ཚོགས་ལ་རོལ་ལོ། །དེ་ནས་ལྷག་མ་རྣམས་སྣོད་གཅིག་ཏུ་བསྡུས་ལ། རྡོ་རྗེ་སློབ་དཔོན་གྱིས་འབར་བའི་ཕྱག་རྒྱས་ཁ་ཆུས་བྲན་ལ། ཨོཾ་བཛྲ་ཨཱ་ར་ལི་ཧོ་ཕེཾ་ཕེཾ། ཞེས་འབར་བའི་ཕྱག་རྒྱས་གཡོན་ནས་གཡས་སུ་སྨིན་མཚམས་སུ་སྐོར། ཡཾ་རཾ་ཁཾ། ཨོཾ་ཨཱཿཧཱུྃ། ཕུད་དང་ལྷག་མའི་གཏོར་མ་བཟང་ཞིང་ཆུ་ཆེ་བ། ཟད་མི་ཤེས་པ་འདོད་པའི་ཡོན་ཏན་
XXX ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་བྷཀྵ་ཡི་སྭཱ་ཧཱ། ལྷག་མ་དབང་བའི་འབྱུང་པོ་ཐམས་ཅད་ཚིམས་པར་གྱུར་ཅིག ལྷག་མ་བསྐྱང་བ་ནི། ཧཱུྃ་གཞན་ཡང་ལས་ཀྱི་མཁའ་འགྲོ་མ། །མྱུར་མགྱོགས་རྩལ་ལྡན་ཐམས་ཅད་དང༌། །འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །ཁྲོ་གཏུམ་འཇིགས་པར་སྟོན་རྣམས་དང༌། །ཤ་ཟ་མཁའ་འགྲོ་རྫུ་འཕྲུལ་ཅན། །སྟོང་གསུམ་དབང་དུ་སྡུད་རྣམས་དང༌། །ལས་ལ་མྱུར་བའི་ཕོ་ཉ་རྣམས། །དམ་ཚིག་དབང་གིས་འདིར་གཤེགས་ལ། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ལོག་པར་ལྟ་བའི་དགྲ་བགེགས་ཐུལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་ནམ་མཁའ་མཐོང་སར་གཏོར་ལ། བཤལ་ཆུ་བསྐྱངས་ལ། ཕྱོགས་བཅུ་འཇིག་རྟེན་སྐྱོང་བ་ཡི། །བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །འདིར་གཤེགས་བཤལ་ཆུའི་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་ནམ་མཁའ་གཏོར་རོ། །དེ་ནས་གཏོར་སྣོད་ཁ་སྦུབ་ལ་གཏོར་བྲོ་ནི། ཧཱུྃ། ཆོས་དབྱིངས་རབ་འབྱམས་དཀྱིལ་འཁོར་དུ། །སྣང་སྲིད་དབང་དུ་སྡུད་པའི་ལྷ། །མཁའ་འགྲོ་ཀུན་ལ་དབང་སྒྱུར་མ། །འཇིག་པའི་གད་མོ་ཧཱུྃ་སྒྲ་ཅན། །ཌཱ་ཀི་རྒྱ་མཚོ་སྤུངས་སེ་སྤུང༌། །མཛེས་པའི་གར་ཐབས་ཤ་ར་ར། །འདིར་གཤེགས་བསྟན་ལ་སྡང་བ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཕཊ་སྭཱ་ཧཱ། གནོད་བྱེད་ཐམས་ཅད་སྟ་བྷ་ཡ་ནན་ནན། ཞེས་དགྲ་བགེགས་ཐམས་ཅད་རི་རབ་ཀྱི་་འོག་ཏུ་མནན་པར་བསམ། གཉིས་པ་རྗེས་ཆོག་ནི། རྒྱས་པར་སྤྲོ་ན་མཆོད་པ་བྱིན་རླབས་དང༌། གཙང་སྦྱར་མ་སོགས་མཆོད་པ་རྒྱས་པར་བྱ། བསྡུ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་གོང་བཞིན་མཆོད། ནང་མཆོད་བདུད་རྩིས་ཀྱང་མཆོད་ལ་བསྟོད་པ་ནི།
XXX སངས་རྒྱས་མང་པོས་རབ་ཏུ་བསྔགས། །ཡོན་ཏན་མཆོག་གི་གཏེར་གྱུར་པ། །སྤྱན་རས་གཟིགས་དབང་འཁོར་དང་བཅས། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །དེ་ནས་བཟོད་པར་གསོལ་བ་ནི། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ཅིང༌། བདག་ནི་མ་རིག་དབང་གྱུར་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང༌། །ཆོ་ག་ལྷག་ཆད་ཅི་མཆིས་པ། །དཀྱིལ་འཁོར་ལྷ་ཡི་བཟོད་པར་མཛོད། །དེ་ནས་བསྔོ་བ་ནི། ཕྱོགས་བཅུར་བཞུགས་པའི་བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དགེ་བ་འདི་ཡི་མྱུར་དུ་བདག །བླ་མ་ཡི་དམ་གྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བརྗོད། བཀྲ་ཤིས་ནི། སངས་རྒྱས་ཀུན་དངོས་བླ་མ་རིན་པོ་ཆེ། །ཡོན་ཏན་ཕུན་ཚོགས་ཆོས་ཀྱི་དབྱིངས་དང་མཉམ། །བདག་ཅག་སྐྱེ་གུའི་འགྲོ་བ་འདྲེན་མཛད་པ། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྤྱན་རས་གཟིགས་དབང་ལ་སོགས་པའི། །བདག་གིས་མེ་ཏོག་ཕོག་པའི་ལྷ། །ལས་དང་སྐལ་བ་ལྡན་པ་ཡི། །ཡི་དམ་རྣམས་ཀྱི་བཀྲ་ཤིས་ཤོག །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་པ། །འདོད་དགུར་སྒྱུར་པའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་ཀྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པར་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཧཱུྃ་ལས་བྱུང་བའི་ནག་པོ་མཐུ་པོ་ཆེ། །སྤྱན་རས་གཟིགས་ཀྱི་བཀའ་སྲུང་དམ་ཚིག་ཅན། །བྲག་ལྷ་མགོན་པོ་མགོན་པོ་འབུམ་གྱི་རྗེ། །སངས་རྒྱས་བསྟན་སྲུང་ཆེན་པོའི་བཀྲ་ཤིས་ཤོག། །ཅེས་བཀྲ་ཤིས་བརྗོད། བརྟན་བཞུགས་བྱ་བ་ནི། །མགོན་པོ་ཐུགས་རྗེ་ཆེན་པོ་དང་
XXX ལྡན་པ་རྣམས་ཀྱིས་རྟེན་འདི་ལ་འབྱུང་བ་ས་ཆུ་མེ་རླུང་གིས་མ་གནོད་ཀྱི་བར་དུ་བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་དམ་པ་མཛད་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། རྟེན་མི་བཞུགས་ན་གཤེགས་སུ་གསོལ་བ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཞེས་གཤེགས། དམ་ཚིག་པ་རྣམས་བདག་ཉིད་ལ་ཐིམ་པར་གྱུར། །ཨོཾ་ཨཱཿཧཱུྃ། གིས་བསྡུའོ། སརྦ་བྷཱུ་ཏ་གཙྪ། །ཞེས་སེ་གོལ་བརྡེབ་ཅིང༌། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་སུ་གསོལ། །དེ་ནས་སྣོད་བཅུད་རྟེན་གཞལ་ཡས་ཁང་ནས། །ས་བོན་ནཱ་དའི་བར་དང་དེ་ལས་འདས་ཏེ། །དོན་དམ་པ་སྟོང་པ་ཉིད་ཀྱི་རང་ལ་ཡུན་རིང་དུ་མཉམ་པར་གཞག །སླར་ཟུང་འཇུག་གི་སྐུར་ལྡངས་ཏེ་གོང་བཞིན་བསྐྱེད་རྫོགས་ཀྱི་གདམས་པ་རྣམས་ཚུལ་བཞིན་དུ་ཉམས་སུ་བླང་ངོ༌། །སྤྱོད་ལམ་རྣལ་འབྱོར་དང་རྫོགས་རིམ་ཞིབ་པར་སྒྲུབ་ཐབས་ཆེན་མོར་ལྟོས་ཤིག །སྤྱན་རས་གཟིགས་དབང་སྒྲུབ། མི་ཏྲའི་ལུགས། པའི་ཐབས། །བདེ་གསལ་དོན་ བློ་དམན་ཀྱི། དུ་འཐད་ལྡན་པའི། །ལུང་དང་བླ་མའི་མན་ངག་བཞིན། །གཞན་གྱིས་བྱ་བཏང་ཆོས་རྗེ་བསྐུལ་ཕྱིར་ཁོ་བོས་ འོད་དཔག་རྡོ་རྗེ། །བསྡེབས། ནོངས་པར་མཁའ་འགྲོས་བཟོད་པར་བཞེས། །དགེ་བ་སེམས་ཅན་དོན་ཕྱིར་བསྔོ། །འདིས་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་པར་གྱུར་ཅིག། །དགེ་ལེགས་འཕེལ།

སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ།

༨༩ ༈ །རྒྱ་གར་སྐད་དུ། ཀརྞ་ཏནྟྲ་བཛྲ་པ་དཱ་ཀི་ནཱ་མ། བོད་སྐད་དུ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། ༈ །གདམས་པ་ཟབ་མོའ་གླིང་གཞི། །ཨེ་མ་ཧོ། །སངས་རྒྱས་ཀུན་གྱི་ཡང་དག་གསང་བའི་མཆོག །ཡེ་ཤེས་རྒྱལ་པོ་ཐེག་པ་མཆོག་གི་ལམ། །ཚིག་ཏུ་བརྗོད་པ་ཀུན་དང་བྲལ་བའི་
༩༠དོན། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །རྡོ་རྗེ་འཆང་ངས་སྐལ་ལྡན་དོན་དུ་བཤད། །གུས་བཏུད་ནས་ནི་ཡེ་ཤེས་མཁའ་འགྲོ་ཉོན། ༈ །གདམས་པའི་སྔོན་འགྲོ། །ཐོག་མར་བརྒྱུད་པ་ཡིད་བཞིན་ནོར་བུ། །བསླབ་གསུམ་རྒྱན་ལྡན་ཉམས་མྱོང་བླ་མའི་མཆོག །དད་བརྩོན་ཤེས་རབ་སྙིང་རྗེ་སློབ་མའོ། །ཉེས་དམིགས་དྲན་པས་ཚེ་འདིའི་བྱ་བ་བཏང་། ༈ །དངོས་གཞི་སྨིན་བྱེད་དབང་། །གཉིས་པ་སྨིན་ལམ་ཡིད་བཞིན་ནོར་བུ། །ཐོག་མར་འཁོར་ལོ་སྡོམ་པ་ལ་བརྟེན་ནས། །དྲུག་ཅུ་རྩ་གཉིས་དཀྱིལ་འཁོར་དབང་བཞི་བསྐུར། །ལྷ་མོ་བཅོ་ལྔ་དབང་བཞི་བརྡ་ཡིས་མཚོན། །སྨིན་པར་བྱས་ནས་།།།་གསུམ་པ་གྲོལ་ལམ་ཡིད་བཞིན་ནོར་བུ། ཐབས་ཤེས་ཟུང་དུ་སྦྲེལ། ༈ །བུམ་དབང་ལམ་བསྐྱེད་རིམ། །རྒྱལ་པོ་བློན་སོགས་རྣལ་འབྱོར་བདུན་ལ་འབད། །ཅེས་པ་རྒྱལ་པོ་ཆོས་ཉིད་མི་འགྱུར་བའི་གདམས་ངག་ཡབ་ཡུམ་གྱི་བསྐྱེད་རིམ་རྒྱས་འབྲིང་བསྡུས་པ། །བློན་པོ་རིགས་གསུམ་ལས་བྱེད་བླ་མའི་རྣལ་འབྱོར། དབང་བླང་བ། རྡོར་སེམས་བསྒོམ་བཟླས། དམ་པ་ཕྲིན་ལས་མཐུན་སྦྱོར། ཟས་།།།་གོས་།།།་གཉིད་།།།་བསྐོང་བ་།།།་སྨྲ་བརྗོད་།།།་ཁྲུས་།།།་གཏོར་མའོ། །བསྲེ་བ་རོ་སྙོམས་དམ་ཚིག་གསུམ་ལ་སྦྱར། །ཅེས་པ་བསྐྱེད་རིམ་སོགས་སྣང་བ་གདོད་ནས་སྐྱེ་མེད་སྟོང་པའི་རྩལ་དུ་ཤེས་པས་བསྲེ་བ། དེ་ལྟར་ཤེས་ནས་བསྒོམ་པ་རོ་སྙོམས། སྐུ་བུམ་དབང་། གསུང་གསང་དབང་། ཐུགས་ཤེར་དབང་། བཞི་པའི་དམ་ཚིག་གོ ༈ །གསང་དབང་ལམ་སྟེང་སྒོ་རྣམ་གྲོལ་ཆོས་དྲུག །གཏུམ་མོ་བདེ་དྲོད་རང་འབར་ལམ་གྱི་གཞུང་། །ལུས་གནད་བདུན་ལྡན་ལྷ་སྐུའི་སྟོང་ར་གནད། །དྷཱུ་ཏཱི་ལ་ལ་ར་ས་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྲོག་རྩོལ་ཐུར་སེལ་གཅུད། །རྡོ་རྗེ་བཟླས་པ་རྩ་བའི་རླུང་ལྔ་བསྒོམ། །ཟིན་དང་བརྟན་ནས་ཤེས་རབ་སྙོམས་པར་འཇུག །དགའ་བཞི་གོམས་པས་རྩ་རླུང་ཐིག་ལེ་འདྲེས། །དྷཱུ་ཏཱིར་རླུང་སེམས་ཚུད་པས་མི་རྟོག་པ། །ཉོན་མོངས་རང་ཞི་བདེ་གསལ་རྒྱུན་མི་འཆད། །ངོ་བོ་མཐོང་ནས་ཆོས་སྐུའི་ངང་དུ་གནས། ༈ །བོགས་འདོན་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་ལ། །འཁོར་འདས་ཐམས་ཅད་
༩༡སྒྱུ་མར་ཤེས་བྱས་ཏེ། །སྒྱུ་མའང་འཇའ་ཚོན་ཆུ་ཟླ་ལྟ་བུའོ། །ད་ལྟར་སྣང་བ་དངོས་པོའ་ཆོས་རྣམས་ནི། །བདེན་ཅིང་རྟག་ན་འགྱུར་བར་ག་ལ་རིགས། །འཁྲུལ་གཟུགས་ཡིན་ཕྱིར་དོན་ལ་གྲུབ་པ་མེད། །གཟུགས་རྣམས་སྣང་སྟོང་སྒྲ་རྣམས་བྲག་ཅར་ལྟོས། །གཉིས་འཛིན་ཞིག་པས་ཆགས་སྡང་ཀུན་དང་བྲལ། །དེ་ལྟར་ཤེས་པས་སྣ་ཚོགས་ཞེན་མེད་སྤྱོད། །འཇའ་ལུས་ཆོས་སྐུ་ཐོབ་པར་འགྱུར་རོ་ཀྱེ། ༈ །མཚན་དུས་རྨི་ལམ་འཁྲུལ་བ་རང་སངས་ལ། །སྒོ་གསུམ་འབད་པ་དྲན་པའི་ལྕགས་ཀྱུས་གཟུང་། །འཛིན་སྦྱང་སྤེལ་བསྒྱུར་སྤྲུལ་ཅིང་གེགས་རྣམས་སེལ། །ཉི་ཟླ་ཞོན་དང་ཞིང་ཁམས་མཐའ་དག་བགྲོད། །བཟང་ངན་སྒྱུ་མ་ཅིར་སྣང་རང་གྲོལ་ལྟོས། །མཐར་ཕྱིན་ས་བཅུ་ནོན་ནས་དོན་ཆེན་ཐོབ། ༈ །ཁྱད་པར་འོད་གསལ་མ་རིག་མུན་བྲལ་ལ། །ལུས་གནད་ཐབས་ལྡན་ཏིང་འཛིན་བཞི་ལ་སྦྱོར། །ཅེས་པ། སྙིང་གར་ཉི་ཟླའི་སྟེང་བླ་མ་ཡི་དམ་རང་སེམས་དབྱེར་མེད་དབུས་སུ་ཐིག་ལེ་སྔོ། ཕྱོགས་བཞིར་ཕྱོགས་མདོག་སྟེ་ཐིག་ལེ་ལྔ། དེ་གནས་བསྒྱུར་ཏེ་རིམ་པར་ས་བོན་ཧཱུྃ་དང་ཨ་ནུ་ཏ་ར། ཕྱག་མཚན། རིགས་ལྔའི་སྐུ་རྣམས་ལ་རིམ་བཞིན་སེམས་གཟུང་བའོ། །ཐིག་ལེ་གུས་ལྡན་དུག་གསུམ་འཛིན་མེད་ལྟོས། །གཉིད་དང་རྨི་ལམ་རྣམ་རྟོག་བར་ནས་བཟུང་། །རིམ་པ་བཞི་དང་ཉིན་མཚན་བསྲེ་ཞིང་གོམས། །གསལ་སྟོང་འཛིན་བྲལ་ལྷན་།།།་རིམ་པ་བཞིན་སེམས་ལ་སྦྱར་ན། སེམས་གསལ་སྟོང་དུ་གནས་པ་ལས་རྩལ་ཤར་བ་སྣང་བ། དེ་ལ་རྟོག་དཔྱོད་ཞུགས་པ་མཆེད་པ། དགག་སྒྲུབ་ཏུ་ཤོར་བ་ཐོབ་པ། ཆགས་སྡང་རྨོངས་པའི་རྟོག་པ་རགས་པ་ཉེར་ཐོབ། དེ་རྣམས་ལུགས་འབྱུང་དུ་ཤེས། ལུགས་ལྡོག་ཏུ་ཐིམ་པས་འོད་གསལ་མངོན་དུ་འགྱུར་བའོ། །སྐྱེས་ཡེ་ཤེས་དེ། བརྗོད་དུ་མེད་པ་འོད་གསལ་རྒྱུན་མི་འཆད། །མི་རྟོགས་སྦྱང་ཞིང་ཕྱག་རྒྱ་ཆེན་པོར་བལྟ། ༈ །འཕོ་བ་གསེར་འགྱུར་མ་བསྒོམ་སངས་རྒྱས་ནི། །འཆི་ལྟས་ཤར་ཚེ་དགའ་ཞིང་ཞེན་པ་བཏང་། །སྒོ་དགུ་བགག་ལ་རྫས་དང་སྨོན་ལམ་རྒྱན། །ཧཱུྃ་དང་རླུང་སེམས་དབྱེར་མེད་དྷཱུ་ཏཱིར་
༩༢དྲངས། །ཀྵ་ཡིག་བསལ་ལ་ཚངས་པའི་ལམ་ནས་འཕང་། །ཆོས་སྐུ་བླ་མ་རྒྱལ་བའི་ཞིང་དུ་འཕོ། ༈ །ལྷག་པར་གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་ནི། །རླུང་སེམས་དབང་ཐོབ་བསྐྱེད་རྫོགས་བརྟན་པ་ཡིས། །སྐྱོན་མེད་རོ་ལ་རྣམ་ཤེས་ཡིག་འབྲུ་འཕང་། །དགོས་པ་ཁྱད་པར་ཅན་གྱི་དུས་སྐྱོན་མེད་པའི་ཕུང་པོ་ཡུལ་ཕུང་པོ་གསར་རྙིང་གཉིས་ཀའི་ཚངས་བུག་བྱེ་བ་རྫས་དང་གྲོགས་ཉམས་ཅན་སོགས་གནད་ཤེས་མངོན་དུ་གྱུར། ཐེ་ཚོམ་བྲལ་བའི་སྐྱེས་བུ་གཞན་དོན་སྤྱོད། ༈ །ཤེར་དབང་ལམ་འོག་སྒོ་བདེ་བ་ཆེན་པོ། །མཁའ་འགྲོའི་གསང་ལམ་བདེ་བ་ཆེན་པོ་ནི། །བཅུ་དྲུག་ཉེར་ལྔའི་བར་གྱི་རིག་མ་ནི། །པདྨ་རི་དྭགས་དུང་ཅན་ལ་སོགས་པ། །ཕྱག་རྒྱ་མཚན་ལྡན་རྡོ་རྗེ་རྣལ་འབྱོར་མ། །སྐལ་ལྡན་སྐྱེས་བུ་ཧེ་རུ་ཀ་ལྟ་བུ། །གཉིས་མེད་འཁྲིལ་སྦྱོར་ཟག་བཅས་ཟག་མེད་རོལ། །ཐིག་ལེ་དབབ་བཟུང་བཟློག་དགྲམ་གནས་སུ་སྤེལ། །བྱ་རྒོད་བཅུད་ལ་སེང་གེ་གླང་ཆེན་དང་། །རྨ་བྱ་སྟག་མོ་རུས་སྦལ་ལ་སོགས་བྱ། །དགའ་བ་བཞི་གསུམ་བཅུ་གཉིས་དོན་ལ་བལྟ། །ལྷན་སྐྱེས་ཡེ་ཤེས་རང་བཞིན་དབྱེར་མེད་སྟོན། །སྣང་སྲིད་ཐམས་ཅད་ཟག་མེད་བདེ་བར་འཆར། །གསང་དབང་ཕྱག་རྒྱ་བདུད་རྩི་རིལ་བུའི་ཕྱིར། །ཐིག་ལེ་བཅུ་དྲུག་ཕྱེད་ཕྱེད་བཞི་ཆ་སྦྱིན། །བཞི་གསུམ་འཁོར་ལོ་དག་ལ་དགྲམ་པར་བྱ། །བག་མེད་འདོད་སྲེད་གཞན་དབང་ཆང་གིས་མྱོས། །དོན་ལ་ཉམས་ཤིང་སླར་ཡང་ངན་སོང་ལྟུང་། །དེས་ན་རྡོ་རྗེའི་ལུས་ལ་གནད་དུ་བསྣུན། །ཚེ་འདིར་སངས་རྒྱས་སྟེར་བར་ཐེ་ཚོམ་མེད། ༈ །དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ནི། །སྒོ་གསུམ་གཡོ་མེད་སྒོ་ལྔ་ཧར་དངས་གཞག །བལྟས་པས་མཐོང་མེད་སེམས་ཀྱི་མཚན་ཉིད་ལྟོས། །དམིགས་སུ་མེད་པས་མ་བཅོས་རང་སོར་གཞག །གཞན་དུ་མ་ཚོལ་ངོ་བོ་རྟོགས་པར་གྱིས། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །འཕོ་འགྱུར་མེད་པ་ནམ་མཁའི་ཀློངས་ཡངས་སུ། །
༩༣སྐྱེ་ཤི་མེད་པ་ཆོས་སྐུའི་ལུས་མཐོང་འགྱུར། །ཕྱི་རོལ་ཡུལ་སེམས་ཆོས་རྣམས་ཇི་སྙེད་པ། །རང་སེམས་ཡིན་ཕྱིར་གཞན་ན་གྲུབ་པ་མེད། །འཁྲུལ་རྟོག་གཉིས་འཛིན་སྣ་ཚོགས་གང་ཤར་རྣམས། །ཅིར་སྣང་གཞི་མེད་རང་བྱུང་རང་བརླག་ལྟོས། །སེམས་ཉིད་སྐྱེ་མེད་སྟོང་པ་ཆོས་ཀྱི་སྐུ། །འགག་མེད་གསལ་དངས་གང་ཤར་སྤྲུལ་པའི་སྐུ། །གནས་མེད་བདེ་ཆེན་ཟུང་འཇུག་ལོངས་སྤྱོད་རྫོགས། །ཕྱག་ནི་གཉིས་མེད་ཡེ་ཤེས་ངོ་ཡིས་ཟིན། །རྒྱ་ནི་འཁོར་བའི་མདུད་པ་བྲལ་བས་བདེ། །ཆེན་པོ་ཟུང་འཇུག་སྒྲོན་མེ་བལྟམས་པ་ལས། །གཞན་གྱིས་མ་ཡིན་རང་གྲོལ་ཆོས་སྐུའོ། །སྒྲིབ་གཉིས་རང་དག་གཟུང་འཛིན་མཐའ་དང་བྲལ། །འདུ་ཤེས་བློ་དང་འཁོར་འདས་ཆོས་རྣམས་ཟད། །མཁྱེན་ཚད་ཡོན་ཏན་ཇི་སྙེད་རང་ལ་རྫོགས། །བསམ་བརྗོད་བློ་འདས་སངས་རྒྱས་རང་འཁྲུངས་ཡིན། ༈ །ལམ་བློ་ནས་གཅོད་པར་བར་དོ་ངོ་སྤྲོད་ཀྱི་གདམས་ངག །བར་དོ་ངོ་སྤྲོད་ཡང་དག་ཟབ་དོན་བསྟན། །སྐྱེ་ཤི་རྨི་ལམ་སྲེད་པའི་བར་དོ་གཅོད། །བལྟར་མེད་བལྟས་པས་མཐོང་མེད་མཐོང་བའི་མཆོག །རང་རིག་གསལ་སྟོང་མི་རྟོག་སྒྲིབ་གཡོགས་བྲལ། །བདེ་ཆེན་ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རང་བཞིན་དབྱེར་མེད་སྐུ་གསུམ་རང་ཤར་ལྟོས། །མ་རྟོགས་ལུས་ལྡན་བར་དོ་རྣམ་གསུམ་ལ། །བསྐྱེད་རིམ་སྒྱུ་ལུས་འོད་གསལ་ཆོས་སྐུར་འདྲེ། །ས་ཆུ་མེ་རླུང་འབྱུང་བ་རིམ་གྱིས་ཐིམ། །བརྒྱད་ཅུ་འགགས་ནས་སྣང་བ་གསུམ་འདས་ཏེ། །དཀར་དམར་སེམས་གསུམ་ཆུ་སྐྱེས་ནང་དུ་འཇོམས། །འོད་གསལ་ངོས་འཛིན་མ་བུ་དབྱེར་མེད་འདྲེ། །ཆོས་སྐུར་སངས་རྒྱས་དབང་པོ་ཡང་རབ་བོ། །དེ་མ་ཟིན་ན་རླུང་གསུམ་རྐྱེན་གྱིས་འཆིང་། །འབྲིང་བ་ཆུ་ལ་ཉ་ལྟར་ལོངས་སྐུར་འགྱུར། །རྩ་བའི་རླུང་ལྔ་འོད་ཟེར་ལྔ་དུག་གསུམ་ལས་ཀྱི་དབང་། །ཆགས་སྡང་གཉིས་ཀྱིས་མངལ་དུ་འཇུག་འགྱུར་བས། །བསྲེ་བ་ལྔ་ལྡན་ལམ་ཁྱེར་ཕྱག་རྒྱ་བཞི། །ཞེས་པས་འདོད་ཆགས་གཏུམ་མོ། །
༩༤ཞེ་སྡང་སྒྱུ་ལུས། གཏི་མུག་འོད་གསལ། ང་རྒྱལ་བསྐྱེད་རིམ། ཕྲག་དོག་དག་སྣང་དང་བསྲེ་བ་ལྔ། དམ་རྒྱ་ཐུན་མོང་ཡིད་བཞིན་ནོར་བུ། ཆོས་རྒྱ་སྟེང་སྒོ། ལས་རྒྱ་འོག་སྒོ། ཕྱག་ཆེན་ཡེ་ཤེས་གསལ་བྱེད་དེ་དབང་བཞིའི་ལམ་མོ། །སྔར་སྦྱངས་ལྡན་པས་བར་དོ་རང་གྲོལ་འགྱུར། །ཐ་མ་ཆགས་སྡང་གྲོལ་ནས་སྤྲུལ་སྐུ་ཐོབ། ༈ །གདམས་པ་སྤྱིའི་གེགས་སེལ་བོགས་འདོན། །གདམས་པ་སྤྱི་ལ་གེགས་བསལ་།།།་བར་ཆད་ཀྱི་།།།་ངོས་ཉིད་བཟུང་། ཞིང་སེལ་བ། རྩ་བ་དྲུག་ལ་ཡན་ལག་སོ་དགུ་ཡི། ཞེས་པའི་རྩ་བ་དྲུག་ནི། སིང་གེ་བསྒྱིངས། གླང་ཆེན་འགྱིངས། རྨ་བྱ་འཕུར། སྟག་མོ་སྒྱུགས། རུ་སྦལ་བསྐུམ། བྱ་རོག་འཕུར་བའི་འཁྲུལ་འཁོར་རོ། །ཡན་ལག་སོ་དགུ་ནི། རྒྱལ་མཚན་འཁྲུད་ཅེས་ཡན་ལག་བཞི་འཁྲུད་པ་ལྟར་བྱས་ཏེ་ལུས་ལ་བྱུགས་པ་སོགས་སོ། །རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་གནད་དུ་བསྣུན། །བྱ་སྤྱོད་ཐམས་ཅད་ཚོགས་སུ་བསྒྱུར་བར་བྱ། ༈ །འབྲས་བུ་ཇི་ལྟར་ཐོབ་ཚུལ། །གོ་རིམ་མ་ནོར་ཉམས་སུ་བླངས་གྱུར་ན། །སྐད་ཅིག་བཞི་ལ་དགའ་བ་གསུམ་སྟོན་ཏེ། །དྭངས་མ་ཡས་བྱོན་འགྱུ་བ་མས་བརྟན་པ། །རྩ་མདུད་རིམ་པས་གྲོལ་ནས་དྷཱུ་ཏཱིར་འགྱུར། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྩ་བ་ལྔ། །རླུང་དང་ཉོན་མོངས་འགགས་ནས་ཡེ་ཤེས་འགྱུར། །གནས་དང་ཉི་གནས་ཉི་ཤུ་བཞི་ལ་སོགས། ། མ་རུ་ཡན་ཆད་གང་བར་འགྱུར། །སྤྲུལ་སྐུ་ལོངས་སྤྱོད་རྫོགས་པའི་ཞལ་སྟོན་ཅིང་། །མངོན་ཤེས་ཡོན་ཏན་བརྒྱད་དང་ཐེར་འབུམ་ཐོབ། །དུས་འདིར་ས་ལམ་རིམ་པར་བགྲོད་བྱེད་དེ། །རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་འགྱུར། ༈ །གདམས་པ་བཀའ་རྒྱས་གདབ་པ། །བཅུ་གསུམ་བར་དུ་ཆིག་བརྒྱུད་རྒྱ་ཡིས་གདབ། །མདོ་རྒྱུད་ཀུན་གྱི་སྙིང་པོ་འདི་ཡིན་པས། །སྐལ་ལྡན་གྲོལ་ཕྱིར་གསང་བའི་ངེས་དོན་མཛོད། །ཅེས་ཡེ་ཤེས་མཁའ་འགྲོ་མ་ལ་གདམས་པ། །སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་རྫོགས་སོ། །མཁས་པ་ནཱ་རོ་པཎ་ཆེན་གྱི་ཞལ་སྔ་དང་། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤེ་ཧ་རིའི་གནས་ཆེན་ཏུ་བསྒྱུར་ཅིང་གཏན་ལ་ཕབ་པའོ། །
༩༥འདི་ནི་རྗེ་བཙུན་མི་ལའི་ཐུགས་བཅུད་བདེ་མཆོག་སྙན་བརྒྱུད་དུ་གྲགས་པས་རྒྱས་འབྲིང་བསྡུས་གསུམ་ལས། །རྒྱས་པ་རས་ཆུང་སྙན་བརྒྱུད་དུ་གྲགས་པའི་གདམས་ངག་གི་རྩ་བ་ཡིན་ཅིང་། སྙན་བརྒྱུད་འཛིན་པའི་དམ་པ་སྔ་ཕྱིར་བྱོན་པ་རྣམས་ཀྱིས་སྤྱི་དོན། ས་བཅད། འགྲེལ་པ། ཁྲིད་ཡིག་སོགས་རྒྱ་ཆེར་མཛད་སྣང་ངོ་།

།བྱང་ཆུབ་སེམས་དཔའི་ཀུན་ཏུ་བཟང་པོའི་བློ་སྦྱོང་།

༈ །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའ་བློ་སྦྱོང་།

༡༠༤༈ །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའ་བློ་སྦྱོང་། གུ་རུ་མཻ་ཏྲི་ན་མོ། །བླ་མའི་ཞལ་ནས་ཆོས་ཐམས་ཅད་རང་གི་སེམས་སྟེང་དུ་ཧྲིལ་གྱིས་དྲིལ་ནས་ཉམས་སུ་ལེན་དགོས། དེ་ཡང་བཀའ་བརྒྱུད་འདི་བླ་མའི་ལམ་ཡིན་པས་དུས་གསུམ།
༡༠༥གྱི་མཆོད་ཡུལ་ཐམས་ཅད་ཀྱི་ངོ་བོ་བླ་མ་དེའི་རྣམ་འཕྲུལ་དུ་ཤེས་པར་བྱས་ནས་བློ་སྦྱོང་བས་བླ་མ་ལ་ཕྱག་དང་ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ་གསོལ་བ་བཏབ། བླ་མ་དེ་ལ་སྣ་ཐག་གཏད་ནས་མི་རྟག་པ་ནས་གནས་ལུགས་ཀྱི་བར་ཉམས་སུ་ལེན་དགོས། དེ་ཡང་ལྟ་བ་རྣམ་པར་དག་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་འགག་མེད་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་གཏན་ལ་ཕབ། འགག་མེད་ཀྱི་རྩལ་སྦྱོང་སེམས་ཅན་ལ་དམིགས་པ་ཆོས་ཙམ་ལ་དམིགས་པ་དམིགས་པ་མེད་པ་གསུམ་བསྒོམ། མཉམ་པ་ཉིད་གསུམ་བསྒོམ། དེས་ཉེ་རིང་མེད་པ་གུས་པ་བཟང་ངན་མེད་པ་ཡོན་ཏན་གསུམ་བསྐྱེད། གཞན་ཡང་རླབས་པོ་ཆེའི་སེམས་དང་མི་བསྒུལ་བའི་སེམས་དང་། རྡོ་རྗེ་ལྟ་བུའི་སེམས་དང་གསུམ་ལ་བསླབ། དེ་ལ་དང་པོ་ནི། ཐེག་པ་ཆེན་པོའ་སེམས་འབའ་ཞིག་སྟེ། གཅུང་མོས་པས་གཅེན་པོ་ཐམས་ཅད་ཀྱི་མཛད་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཕྲིན་ལས་ལ་སོགས་པ་རྣམས་གཅེན་པོ་ཐམས་ཅད་དང་མཉམ་པར་གྱུར་ཅིག །ཅེས་ཐུགས་བསྐྱེད་པས་ཐམས་ཅད་དང་མཉམ་པ་དང་། ཐུབ་པས་ཀྱང་སེམས་ཅན་ཐམས་ཅད་བྱ་བྱེད་ངན་པ་རང་བཞིན་ངན་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གདུལ་བྱར་མ་གྱུར་པ་རྣམས་ངས་འདུལ་བར་གྱུར་ཅིག །ཅེས་ཐུགས་རླབས་པོ་ཆེ་བསྐྱེད། དཀའ་བ་དཔག་ཏུ་མེད་པ་སྤྱད། རིགས་གསུམ་མགོན་པོ་ཐུགས་རྗེ་ཆེན་པོས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རང་བཞིན་དུ་ཤར་ནས་སྟོང་གསུམ་ཁོང་གི་རྣམ་འཕྲུལ་ཇི་ལྟར་ཡིན་པའམ། འཁོར་བའི་གནས་སུ་ཐུགས་རྗེའི་རླབས་དཔག་ཏུ་མེད་པ་ལ་སོགས་པ་གསུངས། ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཤུགས་འཆང་དུ་སྐྱེ་བ་བཞེས་པའི་དུས་སུའང་སངས་རྒྱས་པ་ཐེག་པ་ཆེན་པོའ་ལམ་
༡༠༦མ་ཡིན། བྱང་ཆུབ་སེམས་དཔའ་རྟག་ཏུ་འཁོར་བར་བསྡད་ནས་སེམས་ཅན་གྱི་སྡུག་བསྔལ་བའི་གྲོགས་བྱེད། དཀའ་བ་དཔག་ཏུ་མེད་པ་སྤྱད། སངས་རྒྱས་མཆོད་པས་མཉེས་པར་བྱེད། སངས་རྒྱས་ཀྱི་ཆོས་རྣམས་རྫོགས་པར་བྱེད་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་འཛིན་བདུད་འདུལ་བར་ཆད་བསྲུང་བ་ལ་སོགས་པ་རླབས་པོ་ཆེའི་སྤྱོད་པ་མཛད། འཕགས་པ་འཇམ་དཔལ་གྱིས་དང་པོ་ཐུགས་བསྐྱེད་པའི་དུས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་བཞིན་དུ་སེམས་ཅན་སངས་རྒྱས་ཀྱི་ས་ལ་འགོད་པར་དམ་བཅས། སེམས་ཅན་བྱང་ཆུབ་ལ་བཀོད་ནས་ཕྱོགས་བཅུའི་སོ་སོར་སངས་རྒྱས་མ་ཐོབ་བར་དེ་སྲིད་དུ་སངས་མི་རྒྱ་བར་དམ་བཅས། སེམས་ཅན་རེ་རེའི་རྒྱས་ཀྱང་ཕྱི་མའི་མུ་མཐར་གནས་པར་བྱ། སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་ལ་སོགས་ཀྱི་སྡུག་བསྔལ་གྱིས་མི་སྐྱོ་བྱང་ཆུབ་སེམས་དཔའི་རྟེན་ལ་སངས་རྒྱས་ཀྱི་མཛད་པ་མཛད་པར་དམ་བཅས། །དམ་བཅའ་དེ་མ་རྫོགས་པར་སངས་རྒྱས་ན་དེའི་མཚམས་མེད་པ་ལྔ་བྱེད་ཅིང་དེ་བཞིན་གཤེགས་པ་རྣམས་བསླུས་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ། དེ་ཐམས་ཅད་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རླབས་ཆེ་སྟེ། དང་པོ་ཐུགས་བསྐྱེད་པའི་དུས་སུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་ཇི་ལྟར་བསྐྱེད་པར་མ་ནུས་པའི་ཐུགས་རྗེས་སུ་བསྐྱེད་དེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་དུས་སུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་ཅི་སྤྱོད་པ་མ་ལུས་པར་སྤྱོད་ཅིང་ནམ་མཁའི་མཐས་གཏུག་པའི་སེམས་ཅན་མ་ལུས་པ་སངས་རྒྱས་ལ་འགོད་པར་འདོད་པ་དང་། བྱང་ཆུབ་སེམས་དཔའི་རྟེན་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་ཕྲིན་ལས་རྫོགས་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་རེ་རེར་ཡང་དེའི་མཛད་པ་བསམ་གྱིས་མི་ཁྱབ་པ་མཛད་པའི་དུས་སུ་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་བ་
༡༠༧དཔག་ཏུ་མེད་པར་མནར་མེད་ལ་སོགས་པའི་སྡུག་བསྔལ་མྱོང་ཞིང་དུས་གསུམ་སངས་རྒྱས་ཀྱི་མཛད་པ་ཞལ་གྱིས་བཞེས། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་སེམས་མ་བསྐྱེད་པ་རྣམས་བདག་གིས་བསྐྱེད། སྤྱོད་པར་མི་ནུས་པའི་དཀའ་བ་བདག་གིས་སྤྱད། ཐུགས་རྗེ་ཆེན་པོ་ཐབས་ལ་མཁས་པ་རྣམས་ཀྱིས་སྤངས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཐུགས་བསྐྱེད་སངས་རྒྱས་རེ་རེའི་མདུན་དུ་ལུས་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་དང་མཉམ་པར་སྤྲུལ་ནས་ཕྱི་ནང་གསང་བའི་མཆོད་པ་དབུལ། ལུས་རེ་རེ་ཡང་ཞིང་ཁམས་དཔག་མེད་གཅིག་སྦྱང་། དེ་བཞིན་དུ་སེམས་ཅན་སྨིན་དཀའ་བ་སྤྱོད་པ་གདུལ་དཀའ་བ་རྣམས་འདུལ་བའི་སྨོན་ལམ་འདེབས། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་པར་ཞལ་གྱིས་བཞེས། ཁ་ཅིག་རེ་རེ་ལ་དུས་གསུམ་སངས་རྒྱས་ཀྱི་མཛད་པ་རྫོགས་པར་མཛད། བསམ་པ་དེ་ཡོངས་སུ་མ་རྫོགས་པར་སངས་རྒྱས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསླུས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཏེ། དེའི་ཐུགས་བསྐྱེད་ནི་ནམ་མཁའ་ལྟ་བུ་སྟེ་བརྗོད་ཀྱིས་མི་ལང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་པས་ཀྱང་རྒྱ་ཆེ་བར་རང་ཅག་གིས་སེམས་བསྐྱེད། བྱང་ཆུབ་ཀྱི་སེམས་དེ་དང་པོ་ལ་བརྟེན་ནས་སྐྱེ། བར་དུ་གནས། ཐ་མར་སངས་རྒྱས་སྐྱོ་བར་མི་བྱ། འདི་སྡུག་གི་མགོ་མཐུད། སྐྱིད་ཀྱི་ཁ་བསྣོན། འཇིགས་པའི་སྐྱེལ་མ་ནད་དང་གདོན་གྱི་གཉེན་པོ་ཉོན་མོངས་འབུར་འཇོམས་ཡིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་རྗེས་སུ་བསླབ་པའི་ཕྱིར་རང་ཐ་མལ་བའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཾ་དཀར་པོ་གཅིག་བསམ། དེ་ལས་འོད་ཟེར་ཟིང་ཟིང་འཕྲོས་ཏེ་སོང་བས་ནམ་མཁའི་མཐའ་ཁྱབ་པའི་སེམས་ཅན་ཐམས་
༡༠༨ཅད་ལ་ཕོག་པས་སེམས་ཅན་གྱི་ལས་དང་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་སེར་སྣ་ལ་སོགས་པ་དྲུག་རྩ་བའི་ཉོན་མོངས་པ། ཉི་ཤུ་ཉེ་བའི་ཉོན་མོངས་པ་དེ་རྣམས་ཀྱིས་ཀུན་ནས་སློང་བའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་མཚམས་མེད་ལྔ་དེ་དང་ཉེ་བ་ལྔ། རྩ་བའི་ལྟུང་བ་དཀོན་མཆོག་ལ་མ་གུས་པ། དམ་པའི་ཆོས་སྤོང་བ། །འཕགས་པ་ལ་སྐུར་བ་བཏབ་པ་ལ་སོགས་པས་རྒྱུ་དེ་ལས་མཐོ་རིས་ཐར་པའི་གེགས་བྱེད་པ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཉམས་སུ་བླང་དགོས་པ་ཐམས་ཅད་རང་གི་ལུས་ལ་སིབ་སིབ་བྱུང་ནས་སེམས་ཅན་གྱི་རྒྱུད་ལ་སྒྲིབ་པ་མེད་པར་གཙང་སིང་གིས་སོང་ནས། ད་སྡིག་པ་དེ་དག་བཤགས་པར་བྱའོ་སྙམ་དུ་བསམས་ནས། ཡང་འོད་ཟེར་བསྐྱར་མ་གཅིག་འཕྲོས་ཏེ་སོང་བས་སེམས་ཅན་ཐམས་ཅད་ལ་ཕོག་པས་འབྲས་བུ་འཁོར་བའི་སྡུག་བསྔལ། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུགས་ལ་སོགས་པ། ལྷ་མ་ཡིན་ལ་འཐབ་རྩོད། ལྷ་ལ་འཆི་འཕོ་བ་དང་ལྟུང་བ། མི་ལ་སྡུག་བསྔལ་བརྒྱད་དམ་བཅུ་གཅིག་ལ་སོགས་པ་ལུས་ངག་ཡིད་གསུམ་ལ་གནོད་པའི་མི་དགེ་བ་ཐམས་ཅད་ལ་འོད་ཟེར་གྱིས་སེམས་ཅན་རྣམས་ཀྱི་ལུས་སེམས་བདེ་སངས་སོང་བར་བསམ། འོད་ཟེར་རང་གི་ལུས་ལ་ཐིམ་པས་སྡུག་བསྔལ་དེ་དག་རང་གི་ལུས་ལ་སིབ་ཀྱིས་བྱུང་ནས་བ་སྤུའི་བུ་ག་རེ་རེ་ཡང་མནར་མེད་པ་ལ་སོགས་པའི་རིགས་དྲུག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་གནས་པར་བསམ། སེམས་ཅན་སྡུག་བསྔལ་དང་བྲལ་ན་བདག་གིས་འཁུར་དུ་ཡོད་པ་དོན་ཆེ་སྙམ་དུ་བསམ། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་གཉའ་བོའམ་གཏའ་མར་ཡིད་ཆེས་བཞིན་པས་བདག་གཏེས་པར་བཅུག་
༡༠༩ལ་སེམས་ཅན་བསླུ། བདག་གིས་སྡུག་བསྔལ་ཐམས་ཅད་ཉམས་སུ་བླངས་ལ་སེམས་ཅན་ཐམས་ཅད་བདེ་བ་ལ་དགོད་དོ་སྙམ་དུ་བསམ། ཡང་འོད་ཟེར་བསྐྱར་མ་གཅིག་འཕྲོས་ནས་སོང་བས་རང་གི་བླ་མ་བརྒྱུད་པ་དང་བཅས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཡི་དམ་གྱི་ལྷ་དང་ཉན་རང་རྣམས་ཀྱི་རྒྱུད་ལ་ཕོག་པས་དེ་དག་གི་ཐུགས་དམ་གྱི་བར་ཆད་དང་། སྐུ་ཆགས་དང་ཐུགས་དགོངས་མ་རྫོགས་པ་དང་རྣམ་པར་ཐར་བ་མཐར་མ་ཕྱིན་པ་ལ་སོགས་པ་ཐམས་ཅད་འོད་ཟེར་གྱི་སྣ་ལ་སིབ་སིབ་འདུས་ནས་རང་གི་ལུས་ལ་སིབ་སིབ་བྱུང་བར་བསམ། དེ་བདག་གིས་ཁུར་དུ་ཡོད་པ་བསོད་ནམས་ཆེ་སྙམ་དུ་བསམ། དུས་རྟག་ཏུ་ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་པར་བྱ། རྟག་ཏུ་བླ་མ་ཡིད་ལ་བྱེད་པ་དང་མ་བྲལ་བར་བྱ། དེ་དག་ལ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་མཆོད་པར་འབུལ། སེམས་ཅན་ཐམས་ཅད་ཀྱི་ལན་ཆགས་དང་ཤ་མཁོན་ཡོད་པའི་བགེགས་རྣམས་ལ་དེ་དག་གི་གླུད་དུ་གྲངས་མང་པོར་རོ་ཞིམ་པ་གཟུགས་བཟང་བར་སྤྲུལ་ཏེ་དེ་བཞིན་དུ་ཁྲག་རུས་པ་དོན་སྙིང་ཡན་ལག་དང་ཉིང་ལག་དཔག་ཏུ་མེད་པར་སྤྲུལ་ལ་གང་འདོད་ལ་བློས་བྱིན། རིངས་ན་རྗེན་པར། མི་རིངས་ན་ཚོས་ལ་ཟོ་བྱ། ཟོས་པ་ཐམས་ཅད་ཉོན་མོངས་པའི་སྲེད་པ་ཞི་ནས་བདེ་བ་རྒྱས་ཏེ་བདག་གི་གདུལ་བྱར་གྱུར་པར་སྨོན་ལམ་བཏབ། ལ་ལ་ད་རེས་བཏང་བའི་དུས་མིན་ཟེར་ཏེ། མི་གཙང་བའི་ལུས་བསྲུང་བ་འདི་གཅེར་བུ་ཚེར་མ་ཁུར་བ་དང་འདྲ་སྟེ་ཀློད་ན་བདེ་གསུངས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དཔག་ཏུ་མེད་པ་བསགས་པས་བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་བླ་མའི་བྱིན་རླབས་ཀྱིས་ཚོགས་གཉིས་དཔག་ཏུ་མེད་པ་འཕེལ་ནས་འཕགས་པ་ཐམས་ཅད་ཀྱི་ཐུགས་དགོངས་རྫོགས་པར་གྱུར་ཅིག །
༡༡༠སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་ནས་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་ཅེས་བརྗོད། སྙིང་པོ་དང་དྲག་ལས་བྱེད་པའི་དུས་སུ་ཡང་རང་ཡི་དམ་ལྷར་བསྐྱེད་ལ་སྡིག་པའི་རྫུ་འཕྲུལ་སྣ་ཚོགས་ཀྱིས་ལུས་ཐམས་ཅད་ཐལ་བ་རྡུལ་དུ་བརླག་ནས་སེམས་ཅན་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པར་བསམ། ཡང་རང་ལ་གནད་གཅོད་དང་ཆོ་འཕྲུལ་བྱུང་བའི་དུས་སུ་ཉམ་ང་ཐམས་ཅད་དང་བྲལ་བ་སྐྱེ་བ་མེད་པར་ཐག་བཅད་ནས་སྣང་བ་ཐམས་ཅད་གཟུགས་བརྙན་དུ་ཤེས་པར་བྱས་ནས་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གསུངས། རང་གི་རྒྱུད་ལ་ཉོན་མོངས་པ་སྐྱེས་ན་དེའི་རང་བཞིན་སྐྱེ་མེད་དུ་ཤེས་པར་བྱས་ལ་ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར། རྐྱེན་ངན་དང་མི་མཐུན་པའི་ཕྱོགས་ཅི་བྱུང་ཡང་ཚོགས་གཉིས་རྫོགས་པའི་ཐབས་སུ་བློ་སྦྱོང་། དེ་ནས་ཟས་གོས་གནས་ཁང་ཐམས་ཅད་ལ་བྱང་ཆུབ་སེམས་ཀྱི་གྲོགས་སུ་ལོངས་སྤྱོད། སེམས་ཅན་གང་གིས་བདག་མཐོང་བ་དང་ཐོས་པ་དྲན་པ་གཏམ་དུ་བརྗོད་པ་ཐམས་ཅད་ཀྱི་སྒྲིབ་པ་གསུམ་ཟད་ནས་སྐུ་གསུམ་ཐོབ་པའི་རྒྱུ་ལ་འབད་པར་བྱའོ། །འགལ་རྐྱེན་ཐམས་ཅད་ཡང་དག་པའི་ལམ་དུ་བླངས་ནས་ཀུན་ཏུ་བཟང་པོའ་སྤྱོད་པ་སྤྱད། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགོངས་པ་དང་ཕྲིན་ལས་དང་སྨོན་ལམ་དང་རླབས་པོ་ཆེའི་སྤྱོད་པ་བདག་གིས་རྫོགས་པར་བྱ་སྙམ་དུ་བསམ་མོ། །མི་སྒུལ་བའི་སེམས་ནི་ཉ་པབ་ཞིང་པ་ཚོང་ས་སོགས་ཀྱིས་ཚ་གྲང་གནོད་པ་བཟོད་ན་བདག་ལྟ་འགྲོ་བ་བདེ་ཕྱིར་ཅིས་མི་བཟོད་སྐད་པས་སེམས་ཅན་གྱི་དོན་བྱེད་པ་ལ་སྡིག་པ་ཉོན་མོངས་པ་ཚེ་འདིའི་རྟོག་པ་ཐེག་པ་དམན་པ་དངོས་པོར་འཛིན་པ་ཐམས་ཅད་ཀྱིས་མི་བསྒུལ་མི་བསྐྱོད་པར་ཐམས་ཅད་མཁྱེན་པ་སྒྲུབ་པ་གཅིག་དགོས། རྡོ་རྗེ་ལྟ་བུའི་སེམས་ནི་ད་ནས་སངས་རྒྱས་མ་ཐོབ་
༡༡༡བར་དུ་རྣམ་པར་རྟོག་པ་གང་གིས་ཀྱང་བར་དུ་མ་ཆོད་པར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན། དེ་ཡང་ཐབས་ཤེས་རབ་དབྱེར་མེད་ཡིན་ཏེ་གཅིག་བསྒོམ་ཙ་ན་གཉིས་རང་ཆས་སུ་འོང་བས་ཟུང་འཇུག་ཏུ་བསྒོམ། །སངས་རྒྱས་ཙ་ན་ཡོན་ཏན་ཞིང་ཁམས་རྒྱ་ཆེ་ཆུང་འོངས་པ་ལྟ་བུའི་མཐུ་སྟོབས་དང་། སྨོན་ལམ་གྱི་ཁྱད་པར་ལས་བྱུང་བས་ད་ལྟ་བྱམས་པས་ཁྱབ་ཚད་མ་འོངས་པ་ན་གདུལ་བྱར་འགྱུར་བས་དེ་ཡང་སྒྱུ་མའི་སྐྱེས་བུའི་སེམས་བསྐྱེད་དཀའ་བ་སྤྱོད་ལམ་ལ་བསླབས་པས་ནམ་མཁའི་དང་དུ་སངས་རྒྱས་ནས་སྤྲུལ་པས་སེམས་ཅན་འཁོར་བ་ལས་གྲོལ་བར་བྱས་པ་ཙམ་དུ་བསླབ། དེ་ཡང་ནམ་མཁས་ནམ་མཁའ་ཡུལ་དུ་བྱས་པ་ཙམ་མོ། །དེ་ལྟར་ནམ་མཁའ་ལྟ་བུའི་ངང་དུ་ཐག་བཅད་ནས་སྒྱུ་མའི་རྣམ་པར་འཕྲུལ་བར་ཤེས་ནས་འགག་མེད་ཀྱི་རྩལ་བྱང་ཆུབ་ཀྱི་སེམས་རླབས་པོ་ཆེ་སྦྱང་། ཚོགས་གཉིས་སྒྱུ་མ་ལྟ་བུར་གསོག་པ་དེ་ཟུང་འཇུག་གོ །དོན་ནང་དུ་ཤར་བས་འཁོར་བར་མི་སྐྱོ། མྱ་ངན་ལས་འདས་པ་ལ་མི་རིང་བ་གཅིག་ཡོང་བ་ཡིན་གསུངས། དེ་ཙ་ན་རེ་དོགས་དང་བྲལ་ཆོས་སྐུར་རྟོགས་པས་མནར་མེད་དུ་ཕྱིན་ཀྱང་བདེ་བ་ཅན་དུ་འཆར། འཁོར་འདས་གཉིས་མེད་དུ་རྟོགས་པས་བླང་དོར་གྱི་བློ་དང་བྲལ། སངས་རྒྱས་དང་སེམས་ཅན་དབྱེར་མེད་དུ་རྟོགས་པས་བཟང་ངན་གྱི་འཛིན་པ་ཞིག །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ཐེག་པ་མཐོ་དམན་དུ་འཛིན་པའི་ཕྱོགས་ཆ་དང་བྲལ་མ་ཕྱིན་པར་ཀླུ་སྒྲུབ་ཀྱི་དགོངས་པའི་སྟེང་དུ་སླེབས། དེ་ལྟ་བུའི་ཆོས་ལ་སླེབསླེབས་པར་འདོད་པས་སྦྱོར་བ་ཚོགས་བསགས། བསམ་པས་བློ་སྦྱང་། མོས་པས་ཡུལ་དུ་བྱ། ཞེན་པས་འཇུག་འབྲེལ་པས་མི་བསླུ། ཁད་ནས་རྟོགས་པར་འགྱུར་རོ། །དེ་ནས་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཕྱིར་ནག་པོའ་ཆོས་བཞི་སྤང་ཞིང་དཀར་པོའ་
༡༡༢ཆོས་བཞི་བསྒྲུབ་པ་ལ་བསླབ། རྟག་ཏུ་སེམས་ཅན་མི་སྤང་བའི་ཕྱིར་བློ་སྦྱོང་སྤོང་བའི་རྒྱུ་བཞི་སྤོང་པ་ལ་བསླབ། རྒྱུ་བཞི་ནི་སེམས་ཅན་མང་པོ་འདི་ཙམ་གྱི་དོན་བྱེད་མི་ནུས་སྙམ་ན་ཇི་ལྟར་མང་བ་ལྟར་བྱང་ཆུབ་ཀྱི་སེམས་རྒྱ་ཆེར་སྤེལ་ལོ། །བྱེད་ངན་པ་སྤང་བ་ནི། ལུས་ཀྱི་གྲོགས་སུམ་བཏུབ་ཀྱང་དུས་གཏན་དུ་བྱས་ལ་བློ་བསྡུ། འཁོར་བའི་ཡུལ་མཐོང་བས་སྤང་བ་ནི། སྡུག་བསྔལ་མང་ཞིང་མང་བ་ལྟར་དེ་རྣམས་བསྒྲལ་ཞིང་འདོན་པར་བྱེད་དགོས་སོ། །སྟོང་པ་ཉིད་མཐོང་བས་སྤང་བ་ནི། ཇི་ལྟར་སྟོང་པ་ཡིན་པ་དེ་བཞིན་མ་རྟོགས་པར་དངོས་པོར་འཛིན་ནས་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་སྙིང་རྗེ་སྙམ་ནས་སྤོང་བའི་རྒྱུ་བཞི་སྤང་སྟེ་སེམས་ཅན་ལ་སྙིང་རྗེ་ཇེ་ཆེ་ཇེ་ཆེ་ལ་བཏང་། དེ་ལྟར་ཐམས་ཅད་ལ་སྙོམས་པའི་བྱང་ཆུབ་ཀྱི་སེམས་སྒོམ་ཙ་ན། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །བྱང་ཆུབ་སེམས་དེ་འདོད་པ་ཆུང་ཞིང་ཆོག་ཤེས་པར་བྱ་བ་ལ་བསླབ། དྲན་པ་དང་ཤེས་བཞིན་དུ་བསྲུང་བ་འཕགས་པ་ཀ་ཏྱཱ་ཡ་ན་བཞིན་དུ་བསླབ། དེ་ལྟར་སྒྱུ་མ་ལྟ་བུར་སྤྱོད་པའི་གང་ཟག་དེས་རློམས་པ་མེད་པས་གཟུགས་བརྙན་གྱི་སྐྱེ་བོ་ལྟ་བུ། ལན་ལ་མི་རེ་བ་རང་གི་ལག་པས་ཁ་ལ་ཟན་བྱིན་པ་ལྟ་བུ། རྣམ་སྨིན་ལ་མི་རེ་བ་སྒྱུ་མའི་སྐྱེས་བུ་ལྟ་བུ། ལུས་ལོངས་སྤྱོད་དགེ་བའི་རྩ་བས་བསྡུས་པ་ལྟོས་པ་མེད་པར་བཏང་བས་སངས་རྒྱས་ལྟ་བུ་དགོས་སྐད། དེ་ཡང་བསམ་པ་དག་པས་ཐོང་ངེས་སུ་བྱ། དངོས་སུ་བཏང་བའི་དུས་མིན་མ་འོངས་པ་ན་རྩོལ་བ་མེད་པར་ལྷུན་གྲུབ་ཏུ་བྱང་ཆུབ་སེམས་དཔའི་རྟེན་ལ་སངས་རྒྱས་ཀྱི་མཛད་པ་གཅིག་འོངས། སངས་རྒྱས་ནས་རང་དོན་ཆོས་སྐུ་བརྙེས་ནས་གཞན་དོན་དུ་
༡༡༣གཟུགས་སྐུ་གཉིས་ཀྱིས་ཞིང་ཁམས་དག་མ་དག་འདྲེས་མ་གསུམ་གྱི་དོན་འཁོར་བ་མ་སྟོང་བར་དུ་འབྱུང་གསུངས། ། གསང་སྦས་སོ། །ཇོ་བོ། །དཔལ་ལྡན་དགོན་པ་བ། རིན་ཆེན་སྣེ་ཟུར་པ། གྱེར་སྒོམ་སངས་རྒྱས་དབོན། ཟང་དགོན་པ། མཁན་པོ་ཆོས་ལྡན། སློབ་དཔོན་ཤཱཀྱ་བཀྲ་ཤིས། རྒྱ་མ་བཀྲ་ཤིས་རྒྱལ་མཚན། བུདྡྷ་རཏྣ་ལ། ཤཱི་ལ་ལ། ཛ་ཡ་བྷ་དྲ་ལ། པུཎྱེ་རཏྣ་ལ། མི་ཕམ་ཆོས་ཀྱི་རྗེ་ལ་གནང་ངོ་།

༄༅། །འབྲུག་པ་རིན་པོ་ཆེའི་ཁྲིད་ཆུང་བརྒྱད་ཀྱི་གདམས་པ་ཀུན་ལ་མེད་པའི་ཁྱད་ཆོས་བཞུགས་སོ༎ ༎

༡༨༩ འབྲུག་པ་རིན་པོ་ཆེའི་ཁྲིད་ཆུང་བརྒྱད་ཀྱི་གདམས་པ་ཀུན་ལ་མེད་པའི་ཁྱད་ཆོས་བཞུགས་སོ།། །།
༡༩༠ ན་མོ་མ་ཧཱ་མུ་དྲཱ་ཡ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གདུལ་བྱ་རང་གི་བསམ་པ་དང་མཐུན་པར་གང་ལ་གང་འདུལ་བའི་ཆོས་ཀྱི་སྒོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་དོན་དང་བཅས་པ་ཁོ་ན་སྟེ། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། ཞེས་པ་དང་། བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་གསུངས་པ་བཞིན་དུ། ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པ་དང་། གསང་སྔགས་ཀྱི་རྣལ་འབྱོར་སྤྱོད་པ་རྣམས་ལ། གང་དང་གང་གི་སྐབས་སུ་གསུངས་པའི་རྟགས་དང་། ཆ་ལུགས་དང་། སྤྱོད་ལམ་ཐམས་ཅད་རང་རང་གི་ལམ་གྱི་དངོས་གཞི་མཚོན་པའི་རྗེས་དྲན་དུ་གྱུར་པ་ཡིན། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་ནི། བརྡ་དང་ཐབས་ཁྱད་པར་ཅན་གྱི་སྒོ་ནས། བྱ་བ་མཐའ་དག་སངས་རྒྱས་ཀྱི་ལམ་དུ་དངོས་སུ་རྫོགས་པར་བྱེད་པའི་ལམ་ཡིན་ཞིང་། ཇི་ལྟར་སྣང་བའི་སྤྱོད་ཡུལ་དུ་གྱུར་བ་ཐམས་ཅད་ལ་འདི་དག་ནི་ཐ་མལ་གྱི་དངོས་པོར་རང་གའམ་སྙམ་དུ་བསམ་པར་མི་བྱེད་ཅིང་། མོས་པ་ལམ་བྱེད་དང་། ཡེ་ཤེས་
༡༩༡ ཀྱི་རྣམ་པར་རོལ་པ་སྣ་ཚོགས་པ་ཉིད་དུ་རྗེས་སུ་དྲན་པར་བྱེད་པས་ན་རྣམ་པ་ལམ་བྱེད་དང་། དེ་ཐམས་ཅད་རང་གི་ངོ་བོ་ཉིད་བཅོས་མ་མ་ཡིན་པའི་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ལས་གཞན་དུ་མི་འདའ་བས་མངོན་སུམ་ལམ་བྱེད་དེ། དེ་ལྟ་བུའི་སྒོ་ནས་ཡིད་ཆེས་པའི་གནས་སུ་བལྟ་བར་བྱའོ། །དེ་ལ་ཉམས་ལེན་དུ་བྱ་རྒྱུའི་ཆོས་ནི་བཞི་སྟེ། མིག་རའི་ཆོས་དང་། གཉེན་པོ་དུང་ཆོས་དང་། སྒོམ་ཐག་རབ་གནས་དང་། ཕྲེང་བ་བྱིན་རླབས་དང་རྣམ་པ་བཞིའོ། །དེ་ལ་དང་པོ་མིག་ར་འདི། །འགྲོ་བའི་མགོན་པོ་ཆོས་རྗེ་ཉིད། ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོའི་གནས་རྣམས་སུ་གཤེགས་པའི་ཚེ། གངས་རི་ཆེན་པོ་རྣམས་ཉི་མའི་འོད་ཟེར་གྱིས་འཚེར་བར་བྱས་ནས། མིག་གི་དབང་པོ་རྣམ་པར་ཉམས་པར་གྱུར་པའི་གནོད་པ་དང་། སྡུག་བསྔལ་ཟློག་ཅིང་། ཕན་པ་དང་བདེ་བ་བླ་ན་མེད་པའི་སྒོར་གཟིགས་ནས། སིན་དྷུ་རའི་མཚོ་ནས། ཆུ་བུར་གྱི་ཚུལ་དུ་བརྡོལ་བའི་ཡེ་ཤེས་ཀྱི་ཌཱ་ཀི་མས་འོངས་ཏེ། རྣལ་འབྱོར་པ་ཁྱོད་གནས་འདི་རྣམས་སུ་འགྲོ་བའི་ཚེ། རྟགས་འདི་རྣམས་འཆར་བའི་སྒོ་ནས་ཡང་དག་པའི་དྲན་པ་མ་ཉམས་པར་གྱིས་ཤིག །ཅེས་རྗེས་
༡༩༢ སུ་གནང་བ་བཞིན། ད་ལྟའི་བར་ཟམ་མཆད་པར་བརྒྱུད་པའི་ཕྱག་ལེན་ལ་མཐོང་བ་ཡིན་ནོ། །ཡིག་ཆུང་མང་པོར་མིག་ར་ཀླད་རྒྱའི་ཁྲིད་ཅེས་འབྱུང་བ་ལ། ཀླད་ནི་མིག་འམ་ཐོག་མའི་དོན་ཡིན་ཞིང་རྒྱ་ནི་མི་འདའ་བའི་དོན་ཏེ། མགོ་བོ་དང་མི་འབྲལ་བར་འཆིང་བའམ། ཇི་ལྟར་བཅས་པའི་ར་བ་ལས་མི་འགོང་བ་ལ་བཅས་ཚོམས་ལས་མི་འདའ་བའི་ཐ་སྙད་ཡོད་པ་བཞིན་ཏེ་འདི་ལྟར་ན་མིག་ར་ཞེས་པའི་ར་བ་དང་འདིས་ཕྱེད་ཚོམ་ཐུབ་པར་འདོད་པ་དང་ཤིན་ཏུ་འབྲེལ་ལོ། །མིག་རའི་གཞི་མ་ཁ་དོག་ནག་པོར་ཡོད་པས་ནི། ཆོས་ཉིད་འགྱུར་བ་མེད་པ་མཚོན་ལ། དེ་ལ་མིག་མངས་རིས་སུ་བྲིས་པས་ནི། ལོངས་སྐུའི་ཞིང་ཁམས་གྲངས་མེད་པ་མཚོན་ནོ། །དེས་གནས་སྐབས་སུ་དགོས་པ་འགྲུབ་པ་ནི་གང་ལ་གང་འདུལ་དུ་འགྲོ་བའི་དོན་བྱེད་པས་སྤྲུལ་པའི་སྐུ་མཚོན་ནོ། །ཡང་མིག་གིས་ནི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་མཚོན་ལ། མདུན་གྱི་སྤྱན་གསུམ་གྱིས་དེ་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་དུ་འདུས་པ་མཚོན་ཞིང་། གཞིལ་ནག་པོར་ཡོད་པས་ནི་དེ་ཐམས་ཅད་ཆོས་ཉིད་གཅིག་པུ་ལས་མི་འདའ་བ་མཚོན་པའོ། །ཡང་མིག་རའི་ངོ་བོས་ཆོས་ཉིད་སྐྱེ་བ་མེད་པ་མཚོན་ཞིང་། རྣམ་པས་ནི་ཆོས་ཅན་འགག་པ་མེད་པ་མཚོན་ལ། བྱེད་ལས་ཀྱིས་ནི་འགྲོ་བའི་དོན་བྱེད་པ་མཚོན་པ་ཡིན་ནོ། །ཡང་ཁ་དོག་ནག་པོ་དབྱིངས་དང་། སྣ་ཚོགས་སུ་འཆར་བ་ལ་ནི་རིག་པ་དང་། མཐའ་གཉིས་མངོན་པར་སྦྲེལ་བས་ནི་ཟུང་དུ་འཇུག་པ་མཚོན་པའོ། །ཡང་གཞི་ནག་པོ་དེ་ཉིད་ཀྱི་མཐའ་ཁ་དོག་དམར་པོས་དྲིལ་བ་ནི་སྟོང་པ་ལ་བདེ་བས་རྒྱས་བཏབ་པ་མཚོན་ལ། སླར་ཡང་དེའི་མཐའ་གཉིས་སྔོན་པོས་དྲིལ་བས་ནི། བདེ་བ་ལ་སྟོང་པས་རྒྱས་བཏབ་པ་མཚོན་ཞིང་། སྔོ་དམར་གྱི་ཁ་དོག་ནི་ཧེ་རུ་ཀ་ཡབ་ཡུམ་མཚོན་པའོ། །གཡོན་དུ་མིག་ཆེ་བ་བརྒྱད་བརྩེགས་པ་ནི་རྣམ་པར་ཤེས་པ་ཚོགས་
༡༩༣ བརྒྱད་གནས་སུ་དག་པ་དུར་ཁྲོད་ཆེན་པོ་བརྒྱད་མཚོན་ཞིང་། གཡས་སུ་མིག་བཅུ་གཉིས་སམ། ཉི་ཤུ་རྩ་བཞི་གང་ཡང་རུང་བས་ནི། གནས་བཅུ་གཉིས་སམ་ཡུལ་ཉི་ཤུ་རྩ་བཞི་རྣམ་པར་དག་པ་མཚོན་པ་ཡིན་ནོ། །ཡང་མཐའ་གཉིས་རྒྱུད་གཅིག་སྦྲེལ་བས་ནི། སྲིད་པ་དང་ཞི་བ་གཉིས་ཤེས་རྒྱུད་གཅིག་ཏུ་སྦྱོར་བ་མཚོན་པ་ཡིན་གསུང་ངོ་།། །།གཉིས་པ་གཉེན་པོ་དུང་ཚེས་ནི། རྣལ་འབྱོར་པའི་སྲིན་ལག་གི་རྩ་བ་ལ་དུང་མོག་པ་དང་ནག་པོའི་ར་རི་མེད་པ་ཞིག་སྐུད་པ་དམར་པོས་བཏགས་ལ། དེས་ཁམས་དཀར་དམར་མི་ཉམས་པ་མཚོན་ཞིང་། དེ་ཡང་དུང་ཁ་དོག་དཀར་པོ་ནི། བྱང་ཆུབ་སེམས་མཚོན་ལ། དུང་ཁ་དོག་དཀར་བ་བཞིན་དུ་ལྷག་བསམ་རྣམ་པར་དཀར་བའི་བྱང་ཆུབ་ཀྱི་སེམས་དང་། ནང་དུ་རྟེན་ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བ་མཚོན་ནོ། །དུང་གི་རྡོག་པོ་སྙིམས་པར་འཆང་བ་ལ་མི་འབྲལ་བ་བཞིན་དུ་ཁམས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལུས་ལ་བརྟེན་ཞིང་འཆང་བ་ལས་ནམ་དུ་ཡང་མི་འདའ་བར་འཆང་ངོ་སྙམ་དུ་ཡིད་ལ་བྱ་ཞིང་། དེ་ལྟ་བུའི་དྲན་པ་མི་ཉམས་པའི་རྟེན་ཡིན་ནོ། །ངེ་པའི་དོན་དུ་ནི་རང་རིག་པའི་ཡེ་ཤེས་བདེ་བ་ཆེན་པོ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་བྱེད་པ་སྟེ། རྣལ་འབྱོར་པ་མཆོག་དང་འབྲིང་དང་ཐ་མའི་དབྱེབས་ཇི་ལྟར་རིགས་པར་ཉམས་སུ་བླང་བར་བྱ་བ་ཡིན་ལ། དུང་དྲི་མས་མ་གོས་པ་བཞིན་དུ། སྒོ་གསུམ་ལ་མི་མཐུན་ཕྱོགས་ཀྱི་དྲི་མས་ནམ་དུ་ཡང་མ་གོས་པར་བྱའོ། །དེ་ཡང་སྦྱིན་པ་ལས་སེར་སྣའི་དྲི་མས་མ་གོས་པར་བྱའོ། །ཚུལ་ཁྲིམས་ལ་འཆལ་བའི་དྲི་མས་མ་གོས་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་དཀར་པོའི་ཕྱོགས་མཐའ་དག་ལ་སྦྱར་ནས་ཤེས་དགོས་ཏེ། འདིར་ཡི་གེ་མངས་པའི་འཇིགས་པས་མ་བྲིས་སོ། །མདོར་བསྡུ་ན་སོ་ཐར་གྱི་སྐབས་སུ་སྒོ་
༡༩༤ གསུམ་ལ་བཅས་པ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པས་མ་གོས་པར་བྱའོ་སྙམ་པ་དང་། བྱང་སེམས་འགྲོ་བ་གཞན་གྱི་དོན་བྱེད་པ་ལ་རང་འདོད་ཀྱི་འཁྲིས་མ་ཞུགས་པ་བྱའོ་སྙམ་པ་དང་། གསང་སྔགས་ལ་སྒོ་གསུམ་ཐ་མལ་གྱིས་མ་གོས་ཤིང་ཧེ་རུ་ཀའི་བརྟུལ་ཞུགས་ལས་ནམ་དུའང་མི་འདའ་བར་བྱ་བའི་དམ་ཚིག་གི་རྗེས་སུ་དྲན་པར་བྱ་བ་ཡིན་ནོ་གསུང་།། །།གསུམ་པ་སྒོམ་ཐག་རབ་གནས་ནི། རང་བདེ་མཆོག་དང་སྒོམ་ཐག་ཕག་མོའི་ངོ་བོར་བསྐྱེད་ནས་རྩ་སྔགས་བཟླས་ཤིང་། ལུས་ལ་འཆིང་བའི་དུས་སུ་ཡབ་ཡུམ་འཁྲིལ་སྦྱོར་དུ་བྱང་ཆུབ་པར་བསམས་ལ། རྐང་པ་རེ་ལུ་མིག་ལྟར་བསྣོལ་བ་ལ་སོགས་པའི་ལུས་ཀྱི་གནད་དེ་ཉིད་སྒོམ་ཐག་རིང་ཐུང་གི་ཚད་ན་ཉིས་བལྟ་བ་མགོ་ཁུག་ཏུ་ཡོད་པས་རྐེད་པ་ནས་ལྷམ་སྒྲོག་འཆིང་བའི་བར་བསྡམས་ལ་ལུས་ཀྱི་གནད་མ་འཆུགས་པར་བྱའོ་གསུང་།། །།བཞི་པ་ཕྲེང་བ་བྱིན་རླབས་ནི། ༀ་རུ་ཙི་ར་མ་ཎི་པྲ་བར་ཏ་ཡེ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབ་བོ། །ཕྲེང་བའི་རྡོག་པོ་རྣམས་རིགས་བརྒྱའི་ངོ་བོ་དང་། མདོ་འཛིན་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་ཤེས་པར་བྱས་ཏེ། ཨཱ་ལི་ཀཱ་ལི་ཁ་ཡར་རེ་བཟླས་ལ། དེ་ནས་ཡི་དམ་ལྷའི་སྙིང་པོ་ལ་སོགས་པ་བཟླ་བར་བྱའོ། །ཧེ་བཛྲ་ལས། ཨཱ་ལི་ཀཱ་ལི་རབ་བརྟགས་པས། བརྗོད་བཟླས་པར་ཡང་དག་བཤད། ཅེས་པ་ལྟར་ངག་གི་བཟླས་བརྗོད་ཐམས་ཅད་སྔགས་སུ་འགྱུར་བའི་དགོས་པ་ཡོད་དོ། །མདོར་ན་ཆོས་བཞི་པོ་འདི་དག་གི་དགོས་པ་ཡང་། སྒོམ་ཐག་གིས་ནི་ལུས་ཀྱི་དྲན་པ་མི་ཉམས་པར་བྱ་བ་ཡིན་ཞིང་། ཕྲེང་བས་ནི་ངག་གི་དྲན་པ་མི་ཉམས་པར་བྱ་བ་ཡིན་ལ། །དུང་ཆོས་ཀྱིས་ནི་ཡིད་ཀྱི་དྲན་པ་མི་ཉམས་པར་བྱ་བ་ཡིན། མིག་ར་འདི་རེ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དང་བྲལ་བ། སྣང་སྲིད་སྐུ་གསུམ་དུ་ཁྱེར་བའི་དོན་རྗེས་སུ་དྲན་པར་བྱ་བ་ཡིན་ནོ། །ལམ་དུས་ཀྱི་དབང་བཞི་རྫོགས་རིམ་དང་མཉམ་
༡༩༥ པ་ཡིན་ཞེས་བདག་གི་བླ་མ་འབྲུག་པ་ཡབ་སྲས་གསུང་ཞིང་། ལྷ་ཁབ་འཇིག་རྟེན་བློས་བཏང་གི་གསུང་གིས། ང་ཡི་སྒོ་གསུམ་ཐ་མལ་དུ་མ་ལུས་པ་ཙམ་གྱི་དྲན་འཛིན་གྱི་རྟེན་འདིས་བྱས་པ་ལ་འབྲུག་པའི་ཆོས་ཆུང་བཞི་པ་འདིའི་དྲིན་ཅིག་རང་ཡོད་གསུང་སྐད། ཆོས་ཆུང་བཞིའི་གོ་དོན་མདོ་ཙམ་ཞིག་ཟིན་བྲིས་བགྱིས་པ་འདི་ནི། དཔལ་ལྡན་འབྲུག་པ་ཡབ་སྲས་ཀྱི་གསུང་གི་སྙིང་པོ་གཅེས་སྤྲས་སུ་བྱས་ཤིང་། རང་གི་མྱོང་བ་དང་སྦྱར་ནས་ཅུང་ཟད་བཀོད་པ་སྟེ། ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པར་གྲགས་པ་སྨད་འབྲུག་གི་བསྟན་པ་རིན་པོ་ཆེའི་མངའ་བདག །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་དང་ལྡན་ཞིང་དབང་འབྱོར་པ་མཁོ་མཐིང་གཟིམས་ཁང་དཀར་པོ་ནས། མཁར་ཆུ་དུང་གི་གཞལ་ཡས་སུ། ཚེ་བློས་བཏང་གི་སྒྲུབ་པ་པོའི་སྡེ་བཙུགས་ཤིང་མཐུན་རྐྱེན་སྦྱོར་བར་བསྐུལ་བ་ན་ཇི་སྐད་བཤད་པ་ཇི་བཞིན་རྗེས་སུ་བསྒྲུབ་པར་བྱའོ་ཞེས་གསུངས་པ་ཐོས་པས་ཡིད་ལྷག་པར་རབ་ཏུ་དགའ་ནས། དཔལ་ངག་གི་དབང་པོའི་སྡེ་ཞེས་བྱ་བས། ལྷོ་བྲག་མཁར་ཆུ་དེ་ཝཱི་ཀོ་ཊི་ཞེས་བྱ་བའི་གཞལ་མེད་ཁང་ཆེན་པོའི་རྩེ་མོ་དཔལ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ་སྨྲས་པའོ།། །།ཅོག་ཆོས་རིན་ཆེན་ཤེལ་གྱི་སྒྲོམ་བུ་ཞེས་བྱ་བ། ༈ །ན་མོ་མ་ཧཱ་མུ་དྲཱ་ཡ། དེ་ཡང་རྗེ་འགྲོ་བའི་མགོན་པོ་ཉིད་ཀྱིས་ལུས་ཀྱི་དྲན་པ་མི་ཉམས་པའི་ཕྱིར་དུ་སྒོམ་ཐག་གི་ཆོས། ངག་གི་དྲན་པ་མི་ཉམས་པའི་ཕྱིར་དུ་ཕྲེང་བའི་བྱིན་རླབས། ཡིད་ཀྱི་དྲན་པ་མི་ཉམས་པའི་ཕྱིར་དུ་གཉེན་པོ་དུང་ཆོས། སྒོ་གསུམ་དྲན་འཛིན་དང་མི་འབྲལ་བའི་ཕྱིར་དུ་མིག་རའི་ཆོས་སྐོར་དང་བཞི་གསུངས་པར་གདའ་ཞིང་། དེའི་རྗེས་སུ་མཐུན་པར། ཕྱི་གནས་ཁང་ལ་ཞེན་པ་ཟློག་པར་བྱ་བའི་ཕྱིར་དུ་ཅོག་པུའི་ཆོས། ནང་འདོད་ཡོན་ལ་ཞེན་པ་བཟློག་པའི་ཕྱིར་དུ་དྲ་ཆུང་གི་ཆོས། གསང་བ་ལུས་ངག་གི་ཞེན་པ་བཟློག་པའི་ཕྱིར་དུ་སྒོམ་ཞྭའི་ཆོས། དེ་ཁོ་ན་ཉིད་གཟུང་འཛིན་གྱི་ཞེན་པ་ཟློག་བའི་ཕྱིར་དུ་རྣམ་རྟོག་གི་ཇ་
༡༩༦ ཆོས་དང་བཞིར་གསུངས་ཡོད་པ་ལས། དང་པོར་ཅོག་པུའི་ཆོས་ནི། རྗེ་ཉིད་ཁ་ཆེན་ལ་ཐེག་དུས་བླ་མ་བདེ་སྟོང་པ་ན་རེ། རྗེ་ཉིད་སྐུ་ན་གཞོན་ནུའི་དུས་ནས་ཅོག་པུ་ཁོ་ན་ལ་མཉེས་པ་ཅིག་འདུག་པས། ངེད་ཀྱང་ཅོག་པུ་ཞིག་ཁྱེར་ནས་ཕྱོགས་ཕྱི་ལ་ཅོག་པུ་བ་བྱས་ནས་ཙཱ་རི་ལ་འགྲོ་བས། ཅོག་པུ་ལ་དགོས་པ་ཅི་ཡོད་རྣམས་གསུང་སྒྲོས་ལ་བཞེངས་པར་ཞུ་ཞུས་པའི་དུས་སུ་གསུངས་སོ།། ༈ །ན་མོ་མ་ཧཱ་མུ་དྲཱ་ཡ། འོ་སྐོལ་དཔོན་སློབ་ཆོས་བཞིན་བྱེད་པ་ལ། །ཉེ་བར་མཁོ་བ་ཅོག་པུ་རང་ཤོང་ཡིན། ཕྱི་ནས་བལྟས་ན་དང་བ་འདྲེན་པའི་གནས། །ནང་ནས་བལྟས་ན་ངེས་ཤེས་སྐྱེ་བའི་གནས། །འདི་དགའ་དགའ་འདྲ་ནས་རྣལ་འབྱོར་ངས་ཀྱང་བྱས་པ་ལགས། །སྐྱིད་སྐྱིད་འདྲ་ན་ཁྱེད་རང་རྣམས་ཀྱང་མཛོད། །རྡོ་རྗེ་སྤུན་ཚོ་བཀའ་བརྒྱུད་རྣམ་ཐར་སྐྱོང་དུ་འགྲོ། །འོ་སྐོལ་དཔོན་སློབ་སྒྲུབ་བརྒྱུད་བསྟན་པ་འཛིན་དུ་འགྲོ། །བསྡད་པ་ཙམ་གྱིས་རིག་པ་དྭངས་པའི་གནས། །ཚེ་འདིའི་འཁྲི་བ་བཙན་ཐབས་ཆོད་པའི་གནས། །ཉམས་དང་རྟོགས་པ་གོང་དུ་འཕེལ་བའི་གནས། །སྤྱོད་ལམ་ཐམས་ཅད་དྲང་པོར་བསྲང་བའི་གནས། །འདི་དགའ་དགའ་འདྲ་ནས་རྣལ་འབྱོར་ངས་ཀྱང་བྱས་པ་ལགས། །སྐྱིད་སྐྱིད་འདྲ་ན་ཁྱེད་རང་རྣམས་ཀྱང་མཛོད། །རྡོ་རྗེ་སྤུན་ཚོ་བཀའ་བརྒྱུད་རྣམ་ཐར་སྐྱོང་དུ་འགྲོ། །འོ་སྐོར་དཔོན་སློབ་སྒྲུབ་བརྒྱུད་བསྟན་པ་འཛིན་དུ་འགྲོ། །གནམ་གཡེང་འདུ་འཛི་ངང་གིས་ཉུང་བའི་གནས། །ཆགས་སྡང་ཡུལ་དང་ཐབས་ཀྱིས་བྲལ་བའི་གནས། །ཆོས་ལྡན་གྲོགས་དང་འགྲོགས་པ་བདེ་བའི་གནས། །འཕྲལ་དང་འཕྲལ་དུ་དགེ་ལ་སྤྱོད་པའི་གནས། །འདི་དགའ་དགའ་འདྲ་ནས༴ །སྐྱིད་སྐྱིད་འདྲ་ན༴ །རྡོ་རྗེ་སྤུན་ཚོ༴ །འོ་སྐོལ་དཔོན་སློབ༴ །རང་གི་སྤྱོད་ལམ་རང་ཚོད་ཟིན་པའི་གནས། །གཞན་གྱི་བྱ་སྤྱོད་ཚོགས་སུ་བསྒྱུར་བའི་གནས། །བྱ་བཏང་ཐམས་ཅད་སྤྲོ་བ་སྐྱེ་བའི་གནས། །མཐུན་པའི་རྐྱེན་རྣམས་འབད་མེད་འབྱུང་བའི་གནས། །དགའ་
༡༩༧ དགའ་འདྲ༴ །སྐྱིད་སྐྱིད་འདྲ༴ །རྡོ་རྗེ་སྤུན༴ །འོ་སྐོལ༴ །འགལ་རྐྱེན་ཐམས་ཅད་གྲོགས་སུ་འཆར་བའི་གནས། །སྡོད་པའི་ཚེ་ན་ལྟོས་པ་མེད་པའི་གནས། །འགྲོ་བའི་ཚེ་ན་འཕྲེང་དོགས་མེད་པའི་གནས། །སུ་དང་འགྲོགས་ཀྱང་སྒོམ་འཛའ་མེད་པའི་གནས། །དགའ་དགའ༴ །སྐྱིད་སྐྱིད༴ །རྡོ་རྗེ༴ །འོ་སྐོལ༴ །ཇི་ཙམ་འགྲོགས་ཀྱང་འཐབ་དགོས་མེད་པའི་གནས། །ཆོས་ལ་ངེས་ཤེས་འཕྲལ་ལ་སྐྱེ་བའི་གནས། །འདོད་པ་ཆུང་ཞིང་ཆོག་ཤེས་སྐྱེ་བའི་གནས། །ཕྱི་བལྟས་བློ་སྣ་ནང་དུ་འགུགས་པའི་གནས། །སྐྱིལ་ཀྲུང་ལུས་གནད་ཤུགས་ལ་འབྱུང་བའི་གནས། །འབད་མེད་སྨྲ་བཅད་ཞར་ལ་འགྲུབ་བའི་གནས། །གཟུང་འཛིན་རྣམ་རྟོག་ངང་གིས་འགག་པའི་གནས། །དམ་སལ་ཉམས་གྲིབ་འཕྲལ་དུ་གཅོད་པའི་གནས། །དགའ་དགའ་འདྲ༴ །སྐྱིད་སྐྱིད༴ །རྡོ་རྗེ་སྤུན༴ །འོ་སྐོལ༴ །སྒོ་གསུམ་དབེན་གསུམ་མལ་དུ་ཆུད་པའི་གནས། །དམན་ས་ཟིན་ཞིང་དག་སྣང་སྐྱེ་བའི་གནས། །རང་ཚུགས་ཟིན་ཅིང་འགྲོ་ལ་ཕན་པའི་གནས། །ཆོས་བཞིན་བྱེད་པ་ཞོར་ལ་འདུ་བའི་གནས། །དགའ་དགའ་འདྲ་ནས༴ །སྐྱིད་སྐྱིད༴ །རྡོ་རྗེ་སྤུན༴ །འོ་སྐོལ༴ །ངོ་སྲུང་ཐག་པ་ནང་ནས་གཅོད་བའི་གནས། །ཕྱི་ཚིས་གསོག་འཇོག་ངང་གིས་འགག་པའི་གནས། །བག་མེད་སྤྱོད་པ་རྒྱད་དུ་བསྲིང་བའི་གནས། །དྲན་དང་ཤེས་བཞིན་བག་ཡོད་འབྱུང་བའི་གནས། །གོང་མའི་རྣམ་ཐར་རྗེས་སུ་དྲན་པའི་གནས། །སྐྱིད་ན་ཐེག་ཅིང་སྡུག་ན་ཐུབ་བའི་གནས། །སྐྱིད་ན་དཀོན་མཆོག་བཀའ་དྲིན་དྲན་པའི་གནས། །སྡུག་ན་གང་བྱུང་ལམ་དུ་ཁྱེར་བའི་གནས། །དགའ་དགའ༴ །སྐྱིད་སྐྱིད༴ །རྡོ་རྗེ་སྤུན༴ །འོ་སྐོལ༴ །མ་རྟོགས་འགྲོ་ལ་སྙིང་རྗེ་སྐྱེ་བའི་གནས། །བསྡད་ཀྱང་སླ་ལ་ཕྱིན་ཀྱང་སླ་བའི་གནས། །གང་ལྟར་བྱས་ཀྱང་ཆོས་སུ་འགྲོ་བའི་གནས། །འཇིག་རྟེན་བློས་བཏང་རྣམ་ཐར་སྐྱོང་བའི་གནས། །གཉན་ས་རི་ཁྲོད་ཤུགས་
༡༩༨ ལ་འགྲིམ་པའི་གནས། །ཆོས་བརྒྱད་མགོ་བོ་ངང་གིས་སྙོམས་པའི་གནས། །ཚོང་འདུས་བསྡད་ཀྱང་སྒྲུབ་གོ་ཆོད་པའི་གནས། །སྣང་སྲིད་ལྷ་འདྲེ་དབང་དུ་འདུ་བའི་གནས། །དགའ་དགའ་འདྲ༴ །སྐྱིད་སྐྱིད༴ །རྡོ་རྗེ་སྤུན༴ འོ་སྐོལ༴ །གཞན་སྣང་མཐའ་དག་ཟིལ་གྱིས་གནོན་པའི་གནས། །རིག་པའི་རྩལ་ཁ་ཕྱོགས་མེད་སྦྱོང་བའི་གནས། །སྒྲུབ་བརྒྱུད་བསྟན་པའི་མིག་འགྲན་བཟང་བའི་གནས། །བཀའ་བརྒྱུད་བསྟན་པ་ཕྱོགས་བཅུར་རྒྱས་པའི་གནས། །འདི་དགའ་དགའ་འདྲ་ནས་རྣལ་འབྱོར་ངས་ཀྱང་བྱས་པ་ཡིན། །སྐྱིད་སྐྱིད་འདྲ་ན་ཁྱེད་རང་རྣམས་ཀྱང་མཛོད། །རྡོ་རྗེ་སྤུན་ཚོ་བཀའ་བརྒྱུད་རྣམ་ཐར་སྐྱོང་དུ་འགྲོ། །འོ་སྐོལ་དཔོན་སློབ་སྒྲུབ་བརྒྱུད་བསྟན་པ་འཛིན་དུ་འགྲོ། །དྲྭ་ཆོས་རིན་ཆེན་པདྨ་རྭ་གའི་བང་མཛོད་བཞུགས་སོ། །དྲྭ་ཆོས་འདི་ཉིད་གནས་དང་ས་ཆ་གང་དུ་གསུངས། དགོས་ཆེད་རིང་ཐུང་ཅིའི་ཕྱིར་དུ་གསུངས་ན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། སྤྱན་སྔ་རིན་པོ་ཆེ་རྒྱལ་དབང་ཆོས་ཀྱི་རྗེ། མཉམ་མེད་དཔལ་ལྡན་འབྲུག་པ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད། །ཤར་དྭགས་ལྷ་སྒམ་པོ་དཔལ་གྱི་རི་བོ་ཆེ་ན་བཞུགས་པའི་ཚེ། །ཚོགས་པ་རྒྱ་མཚོ་ལྟ་བུ་ལ་མདོ་སྡེ་རིན་པོ་ཆེ་ལ་སོགས་པ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་དུས་སུ། རྗེའི་ཞལ་ནས། ན་ནིང་གནས་ཆེན་དང་རི་ཕྲན་རྣམས་ལ་རི་པ་མང་པོ་བརྫངས། ད་ལོ་བཀའ་བརྒྱུད་ཀྱི་གདན་ས་རྣམས་སུ་སྒོམ་ཆེན་པ་མང་པོ་བརྫངས་དགོས་པར་འདུག་གསུངས་ནས། ཐུགས་སྲས་སླེའུ་ཆུང་པ་ལ་སོགས་པ་གདན་ས་ཐེལ་དང་། སྟག་ལུང་བྲེལ་ལ་བརྫངས། ཆུང་པོ་རྣལ་འབྱོར་པ་ལ་སོགས་པ་འབྲི་ཁུང་ཐེལ་ལ་བརྫངས། སློབ་དཔོན་རིན་ཆེན་སེང་གེ་ལ་སོགས་པ་དཔལ་འབྲུག་གི་དགོན་པ་ལ་བརྫངས། སྒྲུབ་ཆེན་རིང་མོ་བ་ལ་སོགས་གདན་ས་ར་ལུང་ཐིལ་ལ་བརྫངས་པའི་དུས་སུ་སྒོམ་ཆེན་པ་དྲྭ་བ་རྒྱབ་ལ་
༡༩༩ ཁྱེར་བ་མང་ཡང་། ཆོས་སུ་ཁྱེར་ཤེས་པ་ཉུང་བར་འདུག །འོ་སྐོལ་གྱི་རྗེས་སུ་འཇུག་པའི་སྒྲུབ་པ་པོ་རྣམས་ཀྱིས། འདོད་ཡོན་ལ་ཞེན་པ་ཟློག་ཅིང་མཁོ་བའི་ཡོ་བྱད་ཅུང་ཟད་ཙམ་གྱིས་ཆོག་ཤེས་པའི་དོན་དུ། དྲྭ་ཆུང་རེ་ཅི་ནས་ཀྱང་བརྟེན། ཕྱི་ནང་གི་རྟེན་འབྲེལ་གྱིས་ཁ་དོག་ཀྱང་དམར་པོར་བྱེད་པ་དང་། ཆེ་ཆུང་གི་ཚད་ཀྱང་ཁྲུ་གང་ལས་མི་ཆེ་མི་ཆུང་བར་གྱིས་གསུང་བའི་བཀའ་རྒྱས་བཏབ་ནས་གནང་བའོ།། །།ན་མོ་མ་ཧཱ་མུ་དྲཱ་ཡ། སྣོད་དྲྭ་ཆུང་ཟུར་གསུམ་འཆང་བ་འདི། །སེམས་སྐུ་གསུམ་མ་བུ་འཕྲོད་པའི་བརྡ། །གཞི་རྣལ་མ་འཇམ་ལས་གྲུབ་པ་འདི། །སེམས་རྣལ་མའི་དོན་ལ་སྤྱོད་པའི་བརྡ། །བལ་གྲིམས་ལྷོད་སྙོམས་པར་བཀལ་བ་འདི། །སྒྲུབ་པ་ཐང་ལྷོད་མེད་པའི་བརྡ། །ཁྲུ་གང་ཚད་ལ་བོར་བས་ནི། །ཆོས་པའི་ཚད་རྡོ་བཟུང་བའི་བརྡ། །ནང་སྤྱད་ཕྱི་ནས་གསལ་བ་འདི། །དམ་ཚིག་ངོ་ལྐོག་མེད་པའི་བརྡ། །ཚུལ་བཞིན་བསྒྲུབས་པས་གྲུབ་པ་འདི། །ལམ་གྱི་གནད་ལ་གོམས་པའི་བརྡ། །ལིང་ཚེ་བཞི་རུ་བགོས་པ་འདི། །ཉམས་ཚད་མེད་བཞི་དང་ལྡན་པའི་བརྡ། །མིག་མང་རིས་སུ་བྲིས་པ་འདི། །ཞིང་ཁམས་གྲངས་མེད་མཚོན་པའི་བརྡ། །རྩ་བ་གཅིག་ཏུ་དྲིལ་བ་འདི། །དུ་མ་རོ་གཅིག་རྟོགས་པའི་བརྡ། ཁ་ཚར་སིལ་བུར་འདུག་པ་འདི། །ཆོས་མ་འདྲེས་གསལ་བར་རྫོགས་པའི་བརྡ། །གཞི་བར་སྣང་དྭངས་ལ་འཆར་བ་འདི། །ཆོས་སྣང་སྟོང་ཟུང་དུ་ཆུད་པའི་བརྡ། །ཁ་དོག་དམར་པོར་འདུག་པ་འདི། ཆོས་བདེ་སྟོང་ཟུང་དུ་ཆུད་པའི་བརྡ། །ཕྱི་ནང་མེད་པར་གསལ་བ་འདི། །གསལ་སྟོང་གུང་དུ་ཆུད་པའི་བརྡ། །སྣོད་ཧ་ཅང་ཆེ་བ་མ་ཡིན་པ། །འདོད་ཆུང་ཆོག་ཤེས་བརྟེན་པའི་བརྡ། །ཧ་ཅང་ཆུང་བ་མ་ཡིན་པ། །མཁོ་བའི་ཡོ་བྱད་ཚང་བའི་བརྡ། །མཐའ་མུ་ཁྱུད་འཁོར་ཡུག་སྐོར་བ་འདི། །སྒོམ་ཉིན་མཚན་ཁོར་ཡུག་སྐྱོང་བའི་བརྡ། །དྲྭ་ཆིངས་ཤེས་པར་དཀའ་བ་འདི། །ཀུན་གྱིས་སྤྱོད་ཡུལ་མིན་པའི་བརྡ། །
༢༠༠ ཉིས་བལྟབ་ཁུགས་སུ་བྱས་པ་འདི། །ཟུང་འཇུག་ལམ་དུ་ཁྱེར་བའི་བརྡ། །ཅུང་ཟད་འཁྱོག་པོར་དྲིལ་བ་འདི། །ཆོས་ལྡེམ་དགོངས་གཉིས་ལ་མཁས་པའི་བརྡ། །སྲད་བུའི་རྒྱུན་དང་འགྲོགས་བ་འདི། །དྲན་པ་རྒྱུན་ཆགས་བརྟེན་པའི་བརྡ། །ཟངས་ཀྱི་ཨ་ལོང་བཏགས་པ་འདི། །མཁའ་འགྲོ་དབང་དུ་སྡུད་པའི་བརྡ། །ལྕགས་ཀྱི་ཨ་ལོང་བཏགས་པ་འདི། །ཆོས་སྐྱོང་དབང་དུ་སྡུད་པའི་བརྡ། །རུས་པའི་ཆ་རུ་བཏགས་པ་འདི། །རྣལ་འབྱོར་སྙིང་རུས་ཆེ་བའི་བརྡ། །དེ་ལ་ཤ་འབྲེང་བཏགས་པ་འདི། །རྣལ་འབྱོར་ཤེས་རྒྱུད་མཉན་པའི་བརྡ། །དྲྭ་མིག་དུ་མར་ཡོད་པ་འདི། །ཐེག་པའི་འཇུག་སྒོ་མང་བའི་བརྡ། །ཐམས་ཅད་གཅིག་ཏུ་རྫོགས་པ་འདི། །མཐར་ཐུག་གཅིག་ཏུ་རྫོགས་པའི་བརྡ། །ལྟོ་རྒྱབ་ཁྱད་པར་མེད་པ་འདི། །འཁོར་འདས་དབྱེར་མེད་རྟོགས་པའི་བརྡ། །དེང་ཡང་གདམས་པ་སྐོར་ཅིག་བྲལ། །དྲྭ་ཆུང་བྲུར་གསུམ་མིག་མང་རིས། །ཟུར་གཅིག་ཉན་ཐོས་ཞི་བའི་ལམ། །གཟུང་འཛིན་ངང་གིས་ཞི་བའི་བརྡ། །ཟུར་གཅིག་རང་རྒྱལ་རྟེན་འབྲེལ་ལམ། །སྣང་བ་རྟེན་འབྲེལ་འཆར་བའི་བརྡ། ཁུང་གཅིག་ཐེག་ཆེན་ཡོངས་རྫོགས་ལམ། །ཐེག་གསུམ་གཅིག་ཏུ་རྫོགས་པའི་བརྡ། །དེར་ཡང་གདམས་པ་སྐོར་ཅིག་ཐལ། །དྲྭ་ཆུང་ཟུར་གསུམ་མིག་མངས་རིས། །ཟུར་གཅིག་སོ་ཐར་སྤོང་བའི་ལམ། །བྱང་བ་ངང་གིས་གཏོང་བའི་བརྡ། །ཟུར་གཅིག་བྱང་སེམས་སྒྱུར་བའི་ལམ། །འགྲོ་ལ་ཅི་ཕན་བྱེད་པའི་བརྡ། །ཟུར་གཅིག་རང་བཞིན་ཤེས་པའི་ལམ། །དོན་གཉིས་ལྷུན་གྱིས་གྲུབ་པའི་བརྡ། །དེར་ཡང་གདམས་པ་སྐོར་ཅིག་ཐལ། །དྲྭ་ཆུང་ཟུར་གསུམ་མིག་མངས་རིས། །ཟུར་གཅིག་འདུལ་བའི་སྡེ་སྣོད་མཚོན། །སྡིག་སྤོང་དགེ་བ་སྒྲུབ་པའི་བརྡ། །ཟུར་གཅིག་མདོ་སྡེའི་སྡེ་སྣོད་མཚོན། །ཏིང་འཛིན་སེམས་ལ་འཆར་བའི་བརྡ། །ཟུར་གཅིག་མངོན་པའི་སྡེ་སྣོད་མཚོན། །ཕྱི་ནང་མངོན་དུ་གྱུར་པའི་བརྡ། །དེ་ཡང་གདམས་པ །དྲྭ་ཆུང་ཟུར་གསུམ །རང་
༢༠༡ བཞིན་དག་པས་ཆོས་སྐུ་མཚོན། །ཇི་ལྟའི་དབྱིངས་ལ་ཇི་སྙེད་གསལ། །རྣམ་པ་དག་པ་ལོངས་སྐུ་མཚོན། །ཞིང་ཁམས་མ་འདྲེས་སོ་སོར་གསལ། །བྱེད་ལས་དག་པ་སྤྲུལ་སྐུ་མཚོན། །རྩོལ་མེད་གཞན་དོན་ཤུགས་ལ་འགྲུབ། །དེར་ཡང༴ །དྲྭ་ཆུང༴ །རྒྱབ་དུ་ཁུར་བའི་དུས་ཙམ་ན། །རྒྱབ་བརྟེན་དཀོན་མཆོག་གསུམ་ལ་འཆའ། །སྲུང་སྐྱོབ་ཤུགས་ལས་འབྱུང་བའི་སྣོད། །འགྲོ་བ་གཞན་དོན་བྱེད་ཙམ་ན། །བདག་གཞན་བསོད་ནམས་མཉམ་པོར་སྤེལ། །ཚོགས་གཉིས་ངང་གིས་གསོག་པའི་སྣོད། །རོ་སྙོམས་ལྡོམ་བུ་བྱེད་ཙམ་ན། །བཟང་ངན་མེད་པར་ལམ་དུ་ཁྱེར། །སྤྱིར་སྣང་བ་རྒྱན་དུ་འཆར་བའི་སྣོད། །དེར་ཡང༴ །དྲྭ་ཆུང༴ །འགྲོ་བ་ཕལ་ལ་མི་མཁོ་ཞིང་། །བྱ་བཏང་རྣམས་ལ་ཉེར་མཁོ་བས། །རྣལ་འབྱོར་པ་ཡི་བང་མཛོད་ཡིན། །ཕྱི་ཆོས་གསོག་འཇོག་མི་འབྱུང་ཞིང་། །འདོད་དགུ་ངང་གིས་འབྱུང་བས་ན། །རྣལ་འབྱོར་པ་ཡི་བང་མཛོད་ཡིན། །སྒྲུབ་ན་དཀའ་བ་མ་མཆིས་ཤིང་། །འཕྲོག་ཀྱང་ཕངས་པ་མ་མཆིས་པས། །རྣལ་འབྱོར་པ་ཡིས་འཆང་བར་འོས། །ཅེས་པ་འདི་ཉིད་ཤར་དྭགས་ལྷ་སྒམ་པོའི་ཡང་དགོན་སེ་བའི་ནགས་ཀྱི་འདབ་མའི་ཚལ་དུ་བཀོད་པའོ། །དྲྭ་ཆོས་དང་ཅོག་ཆོས་ལ་སོགས་པ་འདི་རྣམས་ལ་རང་བཟོའི་ཉེས་པ་མི་འབྱུང་བའི་ཁུངས་ཇི་ལྟ་བུ་ཡོད་ཞུས་པས། སྤྱིར་ཐེག་པ་ཆེན་པོའ་ལུགས་ཀྱིས། རང་འདོད་ཀྱི་འཁྲིས་མ་ཞུགས་པར་ཅི་བྱེད་སེམས་ཅན་གྱི་དོན་དུ་སྤྱད་ན་གང་ཡང་ལམ་དུ་འགྱུར། །ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱིས་སྣང་བ་ཐམས་ཅད་བརྡ་དང་ཐབས་སུ་འཆང་། ཡང་སྒོས་བཀའ་བརྒྱུད་རིན་པོ་ཆེའི་ལུགས་ཀྱིས་སྣང་བ་རྟེན་འབྲེལ་དང་སྣང་བ་དཔེ་ཆར་འཆར་བ་ནི་ཁུངས་ཡིན་མོད། འདི་རྣམས་ལ་ཁུང་དང་བྱིན་རླབས་མེད་སྙམ་ན་འདི་རྣམས་ཚུལ་བཞིན་དུ་འཆང་བའི་སྒྲུབ་བརྒྱུད་འདི་རྣམས་ལ་བཀའ་སྲོལ་རྣམ་པར་དག་པ་དང་།
༢༠༢ ཕྲིན་ལས་ཀྱི་བབས་ཇི་ལྟ་བུར་འདུག་པ་ལྟས་པས་གསལ་ལོ་གསུང་ངོ་། །བསམས་ན་ཤིན་ཏུ་ཡིད་ཆེས་ཤིང་དེས་ཤེས་སྐྱེ་རིགས་པ་གདའ། ཤུབྷཾ༎ །ཞྭ་ཆོས་རིན་ཆེན་དབང་གི་རྒྱལ་པོ། །ན་མོ་མ་ཧཱ་མུ་དྲཱ་ཡ། དཔལ་མཁས་དང་གྲུབ་བའི་གཙུག་རྒྱན། །རྗེ་ནཱ་རོ་པཎ་ཆེན་གྱི་བུ་བརྒྱུད་ལ། །བོད་གངས་ཅན་དུ་སྒྲུབ་བརྒྱུད་ཀྱི་བསྟན་འཛིན་པ། །རྗེ་ཟླ་འོད་གཞོན་ནུའི་བཀའ་སྲོལ་ལས། །བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པས། །འཁོར་འདས་ཀྱི་ཆོས་ལ་དབང་སྒྱུར་བའི། །སྐུ་གསུམ་གྱི་རྒྱལ་སྲིད་སྐྱོང་བ་ལ། །རྒྱལ་རྟགས་ཀྱི་སྒོམ་ཞྭ་རིན་པོ་ཆེ། །བཀའ་བརྒྱུད་ཀྱི་ཅོད་པན་དབང་གི་རྒྱལ། །རང་རིགས་འགྱུར་བ་མེད་པའི་ཞྭ། །རྩོལ་མེད་དགོས་འདོད་འགྲུབ་པའི་ཞྭ། །རང་སྣང་བདེ་བར་འཆར་བའི་ཞྭ། །གཞན་སྣང་དང་བ་འདྲེན་པའི་ཞྭ། །བཀའ་བརྒྱུད་བླ་མས་བྱིན་བརླབས་པས། གང་ཤར་ཆོས་སྐུར་རྟོགས་པའི་ཞྭ། །ཡི་དམ་ལྷ་ཡིས་བྱིན་བརླབས་པས། །ཅིར་སྣང་རྒྱན་དུ་འཁྱེར་བའི་ཞྭ། །མ་དང་མཁའ་འགྲོས་བྱིན་བརླབས་པས། །འདོད་ཡོན་ཚོགས་སུ་རོལ་བའི་ཞྭ། །ཆོས་སྐྱོང་རྣམས་ཀྱིས་བྱིན་བརླབས་པས། །འགལ་རྐྱེན་བར་ཆད་སེལ་བའི་ཞྭ། །ཞྭ་ཐོད་ལ་དྲང་པོར་གྱོན་པ་འདི། །སྒོ་གསུམ་དྲང་བར་སྲོང་བའི་བརྡ། །ཞྭ་རྩེ་མོ་གཅིག་ཏུ་རྣོ་བ་འདི། །བློ་རྩེ་གཅིག་ཏུ་འདྲིལ་བའི་བརྡ། །ཞྭ་ཐོད་དུ་འབྲལ་མེད་འཆང་བ་འདི། །དྲན་པ་ཡེངས་མེད་སྐྱོང་བའི་བརྡ། །ཞྭ་རྩེ་མོ་སྦུབས་སུ་འཁྱིལ་བ་འདི། །ཆོས་ཟབ་གསལ་གཉིས་སུ་མེད་བའི་བརྡ། །ཞྭ་རྩ་བ་བརྟན་པར་གནས་པ་འདི། །གནས་བྱང་སེམས་འགྱུར་བ་མེད་པའི་བརྡ། །ཞྭ་ཐོད་པའི་གདེངས་ཀ་མཐོ་བ་འདི། །ཆོས་ལྟ་བའི་ནམ་འཕང་གཅོད་པའི་བརྡ། །ཞྭ་མི་གཡོ་བརྟན་པར་གནས་པ་འདི། །ཆོས་སྒོམ་པའི་རི་རྒྱལ་བརྟན་པའི་བརྡ། །ཞྭ་ཁོག་ཡངས་རླབས་དང་ལྡན་པ་འདི། །ཆོས་སྤྱོད་པ་རླབས་ཆེན་སྐྱོང་པའི་བརྡ། །ཞྭ་རྩེ་མོ་རྣོ་ཞིང་བྱིན་ཆགས་པས། །ཆོས་འབྲས་བུའི་
༢༠༣ རྒྱལ་ས་ཟིན་པའི་བརྡ། །ཞྭ་ཁ་དོག་དམར་པོར་འདུག་པ་འདི། །ཁམས་གསུམ་དབང་དུ་འདུས་པའི་བརྡ། །ཞྭ་འཁོར་བུག་གཅིག་ཏུ་བསྐོར་བ་འདི། །དུ་མ་རོ་གཅིག་མཚོན་བའི་བརྡ། །གཡས་གཡོན་ཀ་བ་བརྟན་པོ་གཉིས། །བདེན་གཉིས་རང་སར་གསལ་བའི་བརྡ། །ཀ་བའི་ཁ་དོག་དཀར་པོ་འདི། །དཀར་པོའི་ཆོས་རྣམས་རྫོགས་པའི་བརྡ། །དར་སྣ་རྣམ་ལྔའི་རྒྱན་འཆང་བ། །ཡེ་ཤེས་རྣམ་ལྔ་རྫོགས་པའི་བརྡ། །སུལ་རིས་མ་འདྲེས་རྫོགས་པ་འདི། །ཆོས་ཀུན་མ་འདྲེས་རྫོགས་པའི་བརྡ། །ཕྱི་ན་སྣལ་མ་འཇམ་ཞིང་མཉེན། །སྤྱོད་ལམ་འཇམ་ཞིང་མཉེན་བའི་བརྡ། །ནང་སྲོག་འཁྲང་ཞིང་ཚུགས་པ་འདི། །སྒྲུབ་བརྒྱུད་ཚུགས་ཁ་ཟིན་པའི་བརྡ། །ཕྱི་ནང་ཁ་དོག་དཀར་དམར་གཉིས། །བདེ་སྟོང་ཟུང་དུ་འཇུག་པའི་བརྡ། །ཕྱི་ནང་གཅིག་ཏུ་སྦྱར་བ་འདི། །སྣང་སེམས་གཅིག་ཏུ་འདྲེས་པའི་བརྡ། །གྱོན་བཙམ་གྱིས་བློ་དཔང་མཐོ། །འགྲན་ཟླ་ཀུན་དང་བྲལ་བའི་བརྡ། ཞྭ་ངོས་གསུམ་ཐད་ཀར་གསལ་བ་འདི། །སྐྱབས་གསུམ་ཐོད་དུ་འཆང་བའི་བརྡ། །ཞྭ་ངོས་གསུམ་གཅིག་ཏུ་རྫོགས་པ་འདི། །དུས་གསུམ་མཉམ་ཉིད་རྟོགས་པའི་བརྡ། །ཐེག་གསུམ་གཅིག་ཆར་རྫོགས་པ་དང་། །རྩ་གསུམ་གཅིག་ཏུ་དྲིལ་བའི་ཞྭ། །སྔོན་གསུམ་ལང་ལྡན་ཐོབ་པ་དང་། །སྒོ་གསུམ་ཆོས་དང་མཐུན་པའི་ཞྭ། །དུག་གསུམ་ལམ་དུ་སློངས་པ་དང་། །སྣང་གསུམ་བདེ་བར་འཆར་བའི་ཞྭ། །ཁམས་གསུམ་དབང་དུ་འདུ་བ་དང་། །སྒོ་གསུམ་འབྲས་བུ་སྨིན་པའི་ཞྭ། །ཞྭ་འདི་ལྟར་གྱོན་པའི་གང་ཟག་ལ། །རང་ལ་གཟའ་གཏད་མི་བདོག་ཀྱང་། འདུན་མ་བླ་མ་མཁའ་འགྲོས་བྱེད། །ཅི་བསམ་འགྲུབ་པའི་མི་རེ་སྐྱིད། །ཅེས་བཀའ་བརྒྱུད་རིན་པོ་ཆེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཅོད་པན་སྒོམ་ཞུལ་ཅུང་ཟད་ཙམ་བསྟོད་པའི་ཡི་གེ་འདི་ནི་གངས་རིའི་ཁྲོད་ཀྱི་སྒྲུབ་གནས་དུ་མ་ལས་ཀྱང་དུ་མའི་གཙོ་བོར་གྱུར་པ།
༢༠༤ ཤར་དྭགས་ལྷ་སྒམ་པོ་དང་ལ་གྱི་རི་བོ་ཆེ་་རྒྱལ་བའི་ཕོ་བྲང་ཆེན་པོར་དཔལ་མི་ཕམ་རྒྱལ་བའི་དབང་པོས་མགོན་པོ་ཟླ་འོད་གཞོན་ནུར་གྱུར་པའི་སེང་གེའི་ཁྲི་ལ་མངོན་པར་འདུག་སྟེ་ཚིག་གི་སྦྱོར་བ་སྤངས་པའི་ངག་གིས་ཆེད་དུ་བརྗོད་བའོ། །ཚུལ་འདི་ལྟ་བུའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དང་བར་མཚམས་མེད་པར་དར་ཞིང་རྒྱས་པར་གྱུར་ཅིག། ༈ །འབྲུག་པའི་ཇ་ཆོས་བཞུགས། ན་མོ་མ་ཧཱ་མུ་དྲཱ་ཡ། །ཐོག་མར་བརྒྱུད་པའི་གསོལ་འདེབས་བྱས་པའི་མཐར། །འདི་སྐད་དུ། །ཇ་བྱུང་དང་པོ་གང་ནས་བྱུང་། །ཇ་བྱུང་དང་པོ་ཆོས་ཀྱི་དབྱིངས་ནས་བྱུང་། །སྣང་བ་བློ་དང་རིག་པར་སྣང་། །འཁྲུལ་པ་གཟུང་འཛིན་གཉིས་སུ་འཁྲུལ། །ཤར་བ་ཉམས་དང་རྟོགས་པ་ཤར། །རྡུང་བ་མཉམ་ཉིད་ངང་དུ་བརྡུང་། །གྲོལ་བ་ཆོས་ཉིད་ཀློང་དུ་གྲོལ། །དུག་ལྔའི་མགོ་ལ་ཆེམས་སེ་ཆེམ། །རྣམ་རྟོག་མགོ་ལ་ཤིགས་སེ་ཤིག །བྱིན་རླབས་ཅན་གྱི་ཇ་རྡུང་འདི། །བཀའ་བརྒྱུད་བླ་མ་རྣམས་ཀྱང་མཛད། །བྱིན་རླབས་བརྒྱུད་པ་མ་ཆད་པ། །མུ་ཏིག་སྟར་ལ་བརྒྱུས་པ་འདྲ། །གནས་མཆོག་འདི་རུ་བྱིན་ཅིག་ཕོབ། །སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི། །ལྷ་ཚོགས་མ་ལུས་ཐམས་ཅད་ཀྱང་། །མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན། །གནས་མཆོག་འདི་རུ༴ །སྒྲུབ་མཆོག་བདག་ལ༴ །གནས་གསུམ་དཔའ་བོ་མཁའ་འགྲོ་ཡི། །ལྷ་ཚོགས་མ་ལུས༴ །མཁའ་ལ༴ །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་བྱིན་གྱིས་རློབས། །འདུག་ས་འདི་རུ༴ །སྟན་ཐོག་འདི་རུ༴ །ཇ་རྡུང་ཆེན་པོ་ཇི་ལྟར་རྡུང་། །མེ་ལོང་ཡེ་ཤེས་གཏུན་ཁུང་དུ། །གཟུགས་ཀྱི་ཕུང་པོ་ཇ་རུ་བརྡུང་། །ཞེ་སྡང་མ་སྤངས་གནས་སུ་དག །རྩོལ་མེད་ངང་དུ་ཆེམས་སེ་ཆེམ། །གཉིས་མེད་ངང་དུ་ཤིགས་སེ་ཤིག །སོར་རྟོག་ཡེ་ཤེས་གཏུན་ཁུང་དུ། །འདུ་ཤེས་ཕུང་པོ་
༢༠༥ ཇ་དུ་བརྡུང་། །འདོད་ཆགས་མ་སྤངས་གནས་སུ་དག །རྩོལ་མེད་ངང་དུ༴ །གཉིས་མེད་ངང་དུ༴ །བྱ་གྲུབ་ཡེ་ཤེས་གཏུན་ཁུང་དུ། །འདུ་བྱེད་ཕུང་པོ་ཇ་རུ་བརྡུང་། །ཕྲག་དོག་མ་སྤངས་གནས་སུ་དག །རྩོལ་མེད་ངང་དུ༴ །གཉིས་མེད་ངང་དུ༴ །ཆོས་དབྱིངས་ཡེ་ཤེས་གཏུན་ཁུང་དུ། །རྣམ་ཤེས་ཕུང་པོ་ཇ་རུ་བརྡུང་། །གཏི་མུག་མ་སྤངས་གནས་སུ་དག །རྩོལ་མེད༴ །གཉིས་མེད་ངང་དུ༴ །ཞེན་ལོག་ཆེན་པོའི་གཏུན་ཁུང་དུ། །འཁོར་བའི་སྣང་ཚུལ་ཇ་རུ་བརྡུང་། །ཞེན་ཆགས་མ་སྤངས་གནས་སུ་དག །རྩོལ་མེད༴ །གཉིས་མེད༴ །མོས་གུས་ཆེན་པོའི་གཏུན་ཁུང་དུ། །ལོག་པར་ལྟ་བ་ཇ་རུ་བརྡུང་། །བྱིན་རླབས་ངང་དུ་རང་སར་གྲོལ། །རྩོལ་མེད་ངང་དུ༴ །གཉིས་མེད༴ །སྙིང་རྗེ་ཆེན་པོའི་གཏུན་ཁུང་དུ། །གཞན་གནོད་གཞིར་བཅས་ཇ་རུ་བརྡུང་། །ཕན་སེམས་ངང་དུ་རང་སར་གྲོལ། །རྩོལ་མེད །གཉིས་མེད །ཟག་མེད་བདེ་ཆེན་གཏུན་ཁུང་དུ། །ཟག་བཅས་སྡུག་བསྔལ་ཇ་རུ་བརྡུང་། །བདེ་སྟོང་ངང་དུ་རང་སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །མཐའ་བྲལ་ཆེན་པོའི་གཏུན་ཁུང་དུ། །སྤྲོས་པ་སྣ་ཚོགས་ཇ་རུ་བརྡུང་། །འཛིན་མེད་དང་དུ་རང་སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །དུ་མ་རོ་གཅིག་གཏུན་ཁུང་དུ། །སྣང་བ་སྣ་ཚོགས་ཇ་རུ་བརྡུང་། །རོ་སྙོམས་ངང་དུ་རང་སར་གྲོལ། །རྩོལ་མེད་ངང་༴ །གཉིས་མེད༴ །གཉིས་མེད་ཡེ་ཤེས་གཏུན་ཁུང་དུ། །གཟུང་འཛིན་གཉིས་སྣང་ཇ་རུ་བརྡུང་། །འཁྲུལ་སྣང་མ་སྤངས་རང་སར་དག །རྩོལ་མེད༴ །གཉིས་མེད༴ །མཁྱེན་པ་གཉིས་ཀྱི་གཏུན་ཁུང་དུ། །སྒྲིབ་པ་གཉིས་པོ་ཇ་རུ་བརྡུང་། །སྤང་རྟོགས་དབྱེར་མེད་ངང་དུ་གྲོལ། །རྩོལ་མེད་ངང༴ །གཉིས་མེད༴ །ཐབས་ཤེས་གཉིས་ཀྱི་གཏུན་ཁུང་དུ། །བདག་གཞན་གཉིས་པོ་ཇ་རུ་བརྡུང་། །གཉིས་མེད་ངང་དུ་རང་
༢༠༦ སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །རྣམ་ཐར་སྒོ་གསུམ་གཏུན་ཁུང་དུ། སྐྱེ་འགག་གནས་གསུམ་ཇ་རུ་བརྡུང་། །དུས་གསུམ་དུས་མེད་ངང་དུ་གྲོལ། །རྩོལ་མེད༴ །གཉིས་མེད༴ །དུས་གསུམ་སངས་རྒྱས་གཏུན་ཁུང་དུ། །ཁམས་གསུམ་འཁོར་བ་ཇ་རུ་བརྡུང་། །སྐུ་གསུམ་ངང་དུ་རང་སར་གྲོལ། །རྩོལ་མེད༴ །འཛིན་མེད༴ །དུས་གསུམ་ཕྱོགས་བྲལ་གཏུན་ཁུང་དུ། །དུག་གསུམ་འཆིང་བ་ཇ་རུ་བརྡུང་། །སྐྱེ་འགག་གནས་གསུམ་རང་སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །སྐུ་གསུང་ཐུགས་གསུམ་གཏུན་ཁུང་དུ། །ལུས་ངག་ཡིད་གསུམ་ཇ་རུ་བརྡུང་། །ཐ་དད་འཛིན་པ་རང་སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །རིགས་ཀྱི་ཡུམ་བཞིའི་གཏུན་ཁུང་དུ། །འབྱུང་བ་བཞི་པོ་ཇ་རུ་བརྡུང་། །ཚད་མེད་བཞི་ཡི་ངང་དུ་གྲོལ། །རྩོལ་མེད༴ །གཉིས་མེད༴ །རྩ་འཁོར་ལོ་བཞི་ཡི་གཏུན་ཁུང་དུ། །གནས་སྐབས་བཞི་པོ་ཇ་རུ་བརྡུང་། །སྐུ་བཞིའི་ངང་དུ་རང་སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །ཚོགས་དྲུག་སྟུག་པོའི་གཏུན་ཁུང་དུ། །སྐྱེ་མཆེད་དྲུག་པོ་ཇ་རུ་བརྡུང་། །ཕར་ཕྱིན་དྲུག་པོའི་ངང་དུ་གྲོལ། །རྩོལ་མེད༴ །གཉིས་མེད༴ །བདེན་དོན་བཅུ་གཉིས་གཏུན་ཁུང་དུ། །འཕོ་ཆེན་བཅུ་གཉིས་ཇ་རུ་བརྡུང་། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །རྩོལ་མེད༴ །གཉིས་མེད༴ །རང་བཞིན་རྣམ་དག་གཏུན་ཁུང་དུ། །གློ་བུར་དྲི་མ་ཇ་རུ་བརྡུང་། །དག་པ་གཉིས་ལྡན་ངང་དུ་གྲོལ། །རྩོལ་མེད༴ །གཉིས་མེད༴ །ང་མེད་བདག་མེད་གཏུན་ཁུང་དུ། །ངར་འཛིན་འགོང་པོ་ཇ་རུ་བརྡུང་། །ཆོས་དང་གང་ཟག་འཛིན་པ་གྲོལ། །རྩོལ་མེད༴ །གཉིས་མེད༴ །རྨི་ལམ་སྒྱུ་མའི་གཏུན་ཁུང་དུ། །དངོས་པོ་འཛིན་པ་ཇ་རུ་བརྡུང་། །ངོས་བཟུང་མེད་པའི་ངང་དུ་གྲོལ། །རྩོལ་མེད༴ །གཉིས་མེད༴ །མ་བཅོས་ལྷུན་གྲུབ་གཏུན་ཁུང་དུ། །བཅོས་མའི་སྒྱུ་ཐབས་ཇ་རུ་བརྡུང་།
༢༠༧ རྩོལ་མེད་ཆེན་པོའི་དབྱིངས་སུ་གྲོལ། །རྩོལ་མེད༴ །གཉིས་མེད༴ །ཐེག་པ་སྣ་ཚོགས་གཏུན་ཁུང་དུ། །བསམ་པ་སྣ་ཚོགས་ཇ་རུ་བརྡུང་། །ཐེག་ཆེན་ཀློང་དུ་རང་སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །གྲུབ་པ་མཐར་ཕྱིན་གཏུན་ཁུང་དུ། །གྲུབ་མཐའ་སྣ་ཚོགས་ཇ་རུ་བརྡུང་། །བདག་གཞན་འཛིན་པ་རང་སར་གྲོལ། །རང་སྣང་དག་པའི་གཏུན་ཁུང་དུ། །མ་དག་འཁྲུལ་པ་ཇ་རུ་བརྡུང་། །གཉིས་སུ་འཛིན་པ་རང་སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །བློ་ལས་འདས་པའི་གཏུན་ཁུང་དུ། །བློ་བྱས་མཚན་མ་ཇ་རུ་བརྡུང་། །བློ་བྲལ་ངང་དུ་རང་སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །དག་པ་ལོངས་སྐུའི་གཏུན་ཁུང་དུ། །འཁོར་བའི་རྒྱུན་ལམ་ཇ་རུ་བརྡུང་། །འཁོར་འདས་གཉིས་མེད་ངང་དུ་གྲོལ། །རྩོལ་མེད༴ །གཉིས་མེད༴ །སྤང་གཉེན་དབྱེར་མེད་གཏུན་ཁུང་དུ། །ཐབས་ལ་མཁས་པའི་ཇ་ཞིག་བརྡུང་། །སྤང་བྱ་སྣ་ཚོགས་རང་སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །ཨ་བྡྷཱུ་ཏིའི་གཏུན་ཁུང་དུ། །གཟུང་འཛིན་གཉིས་པོ་ཇ་རུ་བརྡུང་། །རོ་རྐྱང་འཇུག་པ་དབྱིངས་སུ་གྲོལ། །རྩོལ་མེད༴ །གཉིས་མེད༴ །རང་རིག་འོད་གསལ་གཏུན་ཁུང་དུ། །མ་རིག་མུན་པ་ཇ་རུ་བརྡུང་། །རིག་བྱ་རིག་བྱེད་ངང་གིས་གྲོལ། །རྩོལ་མེད༴ །གཉིས་མེད༴ །རང་བྱུང་ལྷ་སྐུའི་གཏུན་ཁུང་དུ། །ཐ་མལ་ཞེན་པ་ཇ་རུ་བརྡུང་། །སྣོད་བཅུད་འཛིན་པ་རང་སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །མཚན་ལྡན་བླ་མའི་གཏུན་ཁུང་དུ། །སྣོད་ལྡན་སེམས་བྱུང་ཇ་རུ་བརྡུང་། །སྨིན་གྲོལ་ངང་དུ་རང་སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །རྣམ་ཀུན་མཆོག་ལྡན་གཏུན་ཁུང་དུ། །འཆིང་བ་ཀུན་ལྡན་ཇ་རུ་བརྡུང་། །སྣང་བ་ཆོས་སྐུའི་ངང་དུ་གྲོལ། །རྩོལ་མེད༴ །གཉིས་མེད༴ །ཙཱ་རི་སྤྲུལ་པའི་གཏུན་ཁུང་དུ། །ཆགས་སྡང་སྣ་ཚོགས་ཇ་རུ་བརྡུང་། །དག་
༢༠༨ པ་རབ་འབྱམས་ངང་དུ་གྲོལ། །རྩོལ་མེད༴ །གཉིས་མེད༴ །མཆོག་དང་ཐུན་མོང་གཏུན་ཁུང་དུ། །འགལ་རྐྱེན་སྣ་ཚོགས་ཇ་རུ་བརྡུང་། །བྱིན་རླབས་ངང་དུ་རང་སར་གྲོལ། །རྩོལ་མེད༴ །གཉིས་མེད༴ །སྐལ་ལྡན་སྣ་ཚོགས་གཏུན་ཁུང་དུ། །སྐལ་མེད་སྣ་ཚོགས་ཇ་རུ་བརྡུང་། །རང་བཞིན་གཅིག་གི་ངང་དུ་གྲོལ། །རྩོལ་མེད༴ །གཉིས་མེད༴ །ཇ་མཆོད་པ་བཀའ་བརྒྱུད་བླ་མ་མཆོད། །བཀའ་བརྒྱུད་རྣམ་ཐར་འབྱོངས་པར་བྱིན་གྱིས་རློབས། །ཇ་མཆོད་པ་དོན་བརྒྱུད་བླ་མ་མཆོད། །དོན་བརྒྱུད་སེམས་ལ་འཆར་བར་བྱིན་གྱིས་རློབས། །ཇ་མཆོད་པ་སྒྲུབ་བརྒྱུད་བླ་མ་མཆོད། །སྒྲུབ་བརྒྱུད་བསྟན་པ་ཟིན་པར་བྱིན་གྱིས་རློབས། །ཇ་མཆོད་པ་དྲིན་ཅན་བླ་མ་མཆོད། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཇ་མཆོད་པ་ཡི་དམ་ལྷ་ཚོགས་མཆོད། །ཅི་བསམས་ཡིད་ལ་འགྲུབ་པར་བྱིན་གྱིས་རློབས། །ཇ་མཆོད་པ་དཔའ་བོ་མཁའ་འགྲོ་མཆོད། །ཅི་འདོད་དངོས་གྲུབ་སྩོལ་བར༴ །ཇ་མཆོད་པ་དམ་ཅན་རྒྱ་མཚོ་མཆོད། །འགལ་རྐྱེན་བར་ཆད་ཞི་བར༴ །ཇ་མཆོད་པ་ཕྱག་རྒྱ་ཆེན་པོ་མཆོད། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །ཇ་མཆོད་པ་རྡོ་རྗེ་སྤུན་ཚོ་མཆོད། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །ཇ་མཆོད་པ་འདོད་དགུའི་འབྱུང་གནས་འདི། །ཙཱ་རི་ཏྲཱ་ཡི་ནགས་འདོད་ཏུ། །ཛ་ཡེནྡྲ་ཞེས་བྱ་བ་ཡིས། །ཛ་ཡེནྡྲ་སོགས་དོན་དུ་སྦྱར། །བྷཱུ་ཏེནྟྲ་སོགས་ཞི་གྱུར་ཅིག །ཨེ་ཝཾ། དགེའོ།།

༄༅། །རྗེ་བཙུན་ལྷོ་བྲག་པའི་ཁྱད་པར་གྱི་གདམས་པ་སྙན་གྱི་ཤོག་དྲིལ་བཞིའི་ལོ་རྒྱུས་གཞུང་ལྷན་ཐབས་དང་བཅས་པ་བཞུགས་སོ༎ ༎

༢༠༣རྗེ་བཙུན་ལྷོ་བྲག་པའི་ཁྱད་པར་གྱི་གདམས་པ་སྙན་གྱི་ཤོག་དྲིལ་བཞིའི་ལོ་རྒྱུས་གཞུང་ལྷན་ཐབས་དང་བཅས་པ་བཞུགས་སོ།། །།
༢༠༤ན་མོ་གུ་རུ། རྗེ་བཙུན་མར་པ་ལྷོ་བྲག་པའི་ཁྱད་པར་གྱི་གདམས་པ་སྙན་གྱི་ཤོག་དྲིལ་བཞིའི་ལོ་རྒྱུས་མི་བླ་མ་འདི་ལ་སྤྱིར་རྒྱ་གར་ན་བླ་མ་མང་དུ་བཞུགས་ཀྱང་། ཁྱད་པར་དུ་དྲིན་ཆེ་བ་ནཱ་རོ་མཻ་ཏྲི་གཉིས་ཡིན་སྐད། དེ་ལ་དང་པོ་རྒྱུད་གདམས་པ་མང་དུ་གསན་ཞིང་། དབང་རྫོགས་པར་ཞུས་ནས་བོད་དུ་བྱོན་པའི་ཚེ། གུང་ཐང་གི་མི་ལ་ཐོས་པ་དགའ་ཞེས་བྱ་བ་སྒྲུབ་སེམས་དང་སྙིང་རུས་སུ་འཛོམས་པ་གཅིག་གིས་གདམས་ངག་ཞུར་འོང་སྟེ། ལུས་ངག་གི་ཞབས་ཏོག་གིས་མཉེས་པར་བྱས་པ་ལ། བླ་མས་ཀྱང་གསང་སྔགས་བླ་ན་མེད་པའི་རྫོགས་རིམ་གྱི་སྙིང་པོ་གཏུམ་མོ་ཨ་ཐུང་གི་གདམས་པ་གནང་ནས། འབད་རྩོལ་དྲག་པོས་བསྒོམས་ཀྱང་དྲོད་རྟགས་ཡོན་ཏན་འཆར་དུ་མ་བཏུབ་ནས། སླར་ཡང་བླ་མ་ལ་སྤྱི་བོ་རྟོལ་བསྐྱེད་ནས་ཞུས་ཏེ། ཁྱེད་ཀྱིས་རྒྱ་གར་ལྟ་བུར་བྱོན་ཞིང་། ནཱ་རོ་མཻ་ཏྲི་ལ་སོགས་པའི་བླ་མ་བཟང་པོ་མང་དུ་བསྟེན་པ་ལ། ཡུན་རིང་པོར་བསྒོམ་བསྒྲུབ་བྱ་མི་དགོས་པའམ། དེ་བས་ཀྱང་མ་བསྒོམས་པར་སངས་རྒྱས་པའི་གདམས་ངག་ཟབ་མོ་ཞིག་ཡོད་པར་ངེས་པས་ཐུགས་ལ་འདོགས་པར་ཞུ། སྒོམ་ཡུན་རིང་དུ་བྱས་པའམ། ཡུན་རིང་དུ་འབད་རྩོལ་དྲག་པོས་ཉམས་ལེན་བྱས་
༢༠༥པས་སངས་རྒྱས་པའི་གདམས་པ་ཏེ་སྔ་གོང་ནས་འགྱུར་ཡོད་བྱས་པས། བླ་མའི་ཐུགས་ཀྱིས་དགོངས་ནས་ཀྱང་ཁོ་བདེན་པར་འདུག་སྙམས་ནས། སླར་ཡང་རྒྱ་གར་དུ་བླ་མ་རྣམས་ལ་བཀའ་དྲིན་དང་རྗེས་སུ་མཐུན་པའི་བསྙེན་བཀུར་དུ་བྱོན་ནས། སྔ་མ་ལྟར་ཞུ་བ་མཛད་དེ། བོད་དུ་འོང་བའི་དུས་སུ། རྗེ་ནཱ་རོ་པས་རྩ་རླུང་དྲྭ་མིག་འཁོར་ལོ་དང་འཕོ་བ་སྤྱི་བརྡོལ་གཉིས་གནང་སྟེ། སྔགས་ཐབས་ལམ་གྱི་མཐར་ཐུག་འདི་གཉིས་ཡིན་པས། འདི་ལྟ་བུའི་གདམས་པ་རྒྱ་གར་ན་ཡང་དཀོན་པར་ཡོད་པས་ཁྱོད་རང་ལ་ཡང་རྒྱུས་ཡོད་མོད། ཁྱེད་ཀྱིས་བོད་བློ་ཆུང་ལ་ཐེ་ཚོམ་ཆེ་བས། ཀུན་ལ་བསྟན་དུ་མི་རུང་། གང་ཟག་གི་སྣོད་ལེགས་པར་བརྟགས་ནས་སྦྱིན་དགོས་པ་ཡིན་གསུང་། མངའ་བདག་མཻ་ཏྲི་པས་བར་དོ་བློ་ཆོད་དང་། ཕྱག་རྒྱ་ཆེན་པོ་ཚིག་བསྡུས་ཀྱི་གདམས་པ་གཉིས་གནང་ནས། འདི་གཉིས་ཀུན་ལ་བསྟན་པ་བྱ་བའི་ཆོས་མིན་པས། གང་ཟག་སྐལ་ལྡན་གཅིག་ལ་བཀའ་རྒྱ་དང་བཅས་ཏེ་ཆོས་གཏོད་ཅིག་གསུང་། བླ་མ་མར་པས་ཀྱང་སྔར་གྱི་གདམས་པ་རྣམས་ལས་ཁྱད་པར་འཕགས་ཤིང་བླ་མས་ཀྱང་ཐུགས་ལ་མཆོག་ཏུ་བཏགས་པར་གཞིག །གདམས་པའི་ཡི་གེ་རྣམས་ཤོག་དྲིལ་དུ་བྱས་ནས་མགུལ་དུ་བཏགས་ཏེ། ཀུན་ལ་
༢༠༦མ་བསྟན་ཏོ། །དུས་ཕྱིས་དོལ་གྱི་མཚུར་སྟོན་དབང་ངེ་ཞེས་པས་ཞབས་ཏོག་ཆེར་བྱས་ནས་ཞུ་བ་དྲག་ཏུ་ཕུལ་ཏེ། བདག་ངེས་པར་འཁོར་བ་ལ་སྐྱོ་བ་སྐྱེས་པ་ཞིག་ཡིན་པས་གདམས་པ་ཚེགས་ཆུང་ལ་དོན་ཆེ་བ་ཞིག་ཐུགས་ལ་འདོགས་པར་ཞུ་ཟེར་བས། མར་པའི་ཐུགས་དགོངས་ལ། ག་རེ་འདི་ལྟ་བུའི་གདམས་པ་ཟབ་མོ་ཀུན་ལ་སྦྱིན་ན་བླ་མའི་བཀའ་རྒྱ་ཡོད། བུ་དར་མ་མདོ་སྡེ་ལ་གཅིག་བརྒྱུད་དུ་གཏད་རྒྱུ་ཡིན་ཏེ་ཁོང་ནི་གྲོངས་ནས་མི་བཞུགས། མི་ལ་རས་པ་ཡང་ཞུར་མ་བྱུང་། ད་ཡང་གདམས་པ་ཟབ་མོ་དུར་དུ་ཁྱེར་བ་ལ་དགོས་པ་ཅི་ཡང་མེད། ཇོ་བོ་མཚུར་སྟོན་འདི་དད་གུས་ཀྱང་ཆེ། སྔགས་ཀྱི་ཆོས་ལ་བློ་ཡང་ཁེལ། ཉམས་སུ་ལེན་ངེས་ཤིག་འདུག །འདི་ལྟ་བུ་ལ་གདམས་པ་མ་བྱིན་ན་ཆོས་ལ་སེར་སྣ་བྱས་པ་དང་། དད་པ་ཅན་སུན་ཕྱུང་བའི་ཉེས་པ་འོང་སྙམས་ནས་ཤོག་དྲིལ་བཞི་པོ་འདི་གཏད་དེ། ཁྱེད་ཀྱང་གང་ཟག་སྐལ་ལྡན་ཏུ་འདུག་པས། ངས་གདམས་པ་འདི་སྙིང་ཕྱུང་ནས་བྱིན་པ་ཡིན་གྱིས། གཅེས་པར་ཟུང་ལ་སུ་དགའ་དགའ་ལ་མ་སྟེར། གང་ཟག་སྣོད་ལྡན་བྱུང་ན་བཀའ་རྒྱས་ཐོབ་ལ་བྱིན་གསུང་ངོ་། །མཚུར་དབང་ངེས་འཕོ་བ་སྤྱི་བརྟོལ་ཅེས་པ་སྐུ་མཆེད་ལ་གནང་། དེ་འཛའ་ཕུ་རྒྱ་གར་ལ། དེས་སྟོད་ལུང་འགའ་རས། དེས་སློབ་དཔོན་ཉི་མ་ལུང་བ། དེས་བདེ་གཤེགས་རིན་པོ་ཆེ་སྟེ། སྟེང་སྒོ་ལ་རྟགས་ཐོན་པ་ཤ་སྟག་བྱོན། བརྒྱུད་པ་མི་གསང་བར་གདའོ། །གཞན་ཤོག་དྲིལ་གསུམ་པོ་མ་གནང་བར་ཡོད་པ་ལ། བླ་མ་ལ་རས་ཆུང་པའི་སློབ་མ་གཅིག་གིས་མཚུར་སྟོན་དབང་ངེལ་ཤོག་དྲིལ་བཞིའི་གདམས་པ་ངོ་མཚར་ཅན་ཡོད་བྱ་བ་ཐོས་ནས། སེང་གེ་སྣ་བྱ་བའི་གཡུ་རྡོག་རྟ་སུམ་བརྒྱ་རི་བ་གཅིག་ཕུལ་ཏེ་ཞུ་བ་དྲག་ཏུ་ཕུལ་བས་ཐུགས་ལ་བཏགས་ཏེ། ཤོག་དྲིལ་བཞི་པོ་ལེགས་པར་གནང་ནས་ངས་ཤི་བར་དུ་གཞན་ལ་གསང་ཞིག་བྱ་བའི་བཀའ་རྒྱ་བཏད་དོ། །ཞུ་བ་པོ་དེ་སྙག་སྒོམ་དགོས་ཆུང་བ་ཡིན་པར་གདའ། ཁོང་དང་དྭགས་པོ་མདོ་རྩེ་གསུང་གླེང་བྱུང་བ་ན། མཚུར་དབང་
༢༠༧དེའི་ཤོག་དྲིལ་བཞི་བྱ་བ་དེ་ང་ལ་ཡོད་ཟེར། འོ་ན་ང་དང་ཁྱེད་སྔོན་ཆད་མཆེད་གྲོགས་ཡིན་ཏེ་ཕྱིན་ཆད་རྩ་བའི་བླ་མར་འཛིན་པས་ཅིས་ཀྱང་ཞུ་བྱས་ནས་ཞུས་ཏེ་ནན་ཏན་བྱས་པས། སྙག་སྒོམ་གྱི་ཞལ་ནས། ང་དང་ཁྱེད་མཆེད་གྲོགས་སྙིང་དང་འདྲ་བ་ཡིན་པས་སྦྱིན་གྱིས། འདི་ལ་ཞུས་བྱ་བ་མ་ཟེར། གར་དགར་ཡང་མ་སྦྱིན་བརྒྱུད་པ་ཡང་མ་བཅད་གསུང་ངོ་། །དྭགས་པོ་མདོ་རྩེའི་སྤྱན་སྔར་སློབ་དཔོན་ཉི་མ་ལུང་པས་བཀའ་བཞིའི་གདམས་པ་ཞུར་ཕྱིན་པའི་ཚེ། ཁོང་གི་ཞལ་ནས། བླ་མ་མར་པ་དེ་ལ་གདམས་པ་ཁྱད་པར་ཅན་མང་པོ་ཡོད་པར་གདའ་སྟེ། ཇོ་སྲས་མདོ་སྡེ་ལ་སྦྱིན་པར་དགོངས་ནས་ཀུན་ལ་མ་གནང་བ་འདྲ། སྲས་གྲོངས་མ་ཐག་ཏུ་ཁོང་རང་ཡང་སྐུ་གཤེགས་ནས་གདམས་པ་རིམ་གཅིག་བཀའ་ཆད་པའི་རིགས་སུ་འདུག །དོལ་གྱི་མཚུར་སྟོན་དབང་ངེ་ལ་ཤོག་དྲིལ་བཞི་བྱ་བ་གཞན་ལ་མ་གནང་བ་ཞིག་གནང་ཡོད་པར་གདའ། གཞུང་གི་མེས་སྟོན་ཚོན་ཆུང་བ་ལ་བསྲེ་བ་གསུམ་གྱི་གདམས་ངག་བྱ་བ་གནང་ཡོད་པར་གདའ་གསུང་། དེ་ཀུན་ལ་ཆོས་ཅི་འདྲ་ཡོད་དམ་ཞུས་པས། ཤོག་དྲིལ་བཞི་པོ་དེ་ལ་འཕོ་བ་སྤྱི་བརྟོལ། རྩ་རླུང་དྲྭ་མིག་འཁོར་ལོ། །བར་དོ་བློས་ཆོད། ཕྱག་རྒྱ་ཆེན་པོ་ཚིག་བསྡུས་བྱ་བ་ཡོད་པར་གདའ་གསུང་། བསྲེ་བ་སྐོར་གསུམ་བྱ་བ་དེ། ཆང་དང་བསམ་གཏན་བསྲེ་བ། གཉིད་དང་བསམ་གཏན་བསྲེ་བ། ཐིག་ལེ་དང་བསམ་གཏན་བསྲེ་བ་བྱ་བ་ཡོད་པར་གདའ་གསུང་། རྗེ་བཙུན་གྱིས་མཁྱེན་ཏེ་འོངས་པས་ཞུ་དགོས་བྱས་པས། ངས་མི་ཤེས་གསུངས་ནས་ཞལ་འཛུམ་འཛུམ་མཛད་ཅིང་འདུག་གསུང་སྐད། དེར་མཁྱེན་པར་ཤེས་ནས་ཞུ་བ་དྲག་ཏུ་ཕུལ་བས། ཤོག་དྲིལ་བཞི་པོ་ལེགས་པར་གནང་སྟེ་སུ་ལ་ཞུས་དྲིས་པས་བརྒྱུད་པ་གསང་བར་གདའ་གསུངས་ནས་ཟློ་རུ་མ་བཏུབ། །ཕྱིས་རྩད་བཅད་པས་སྙག་སྒོམ་ལ་ཞུས་པར་གདའ་གསུང་། སློབ་དཔོན་དྭགས་པོའ་ཞལ་ནས་ངའི་གདམས་པ་ཉི་འོག་གི་རྒྱལ་ཁམས་ན་ཟབ་པ་འདི་ལྟ་བུ་ཞུ་བ་ལ། ཡོན་ཏུ་བརྒྱ་འབུལ་ཡན་ཆད་རེ་མེད་པས་མི་འཐོབ་གསུང་
༢༠༨པ་ལ། དེ་དུས་ཟང་ཟིང་གི་དངོས་པོ་འབུལ་རྒྱུ་མེད་པས་གདུང་ཁང་མཐོ་བཅུ་མ་གཅིག་ཕུལ་ནས་ཞུས་གསུངས་སོ། །སློབ་དཔོན་ཉི་མ་ལུང་པས། སྟོད་ལུང་འགའ་རས་ལ་འཕོ་བ་སྤྱི་བརྟོལ་གྱི་གདམས་པ་ཞུར་བྱོན་པ་ལ། ཡོན་ཏུ་གསེར་སྲང་རེ། ཚོགས་ཀྱི་ཡོ་བྱད་ལ་ཤ་ཁོག་རེ་རེ། ཤེས་རབ་ཀྱི་རྫས་དང་བཅས་པ་དགོས་ཤིང་གདའ་བ་ལ། ཆ་རྐྱེན་ནི་མེད། ཆོས་ལ་གདུང་བ་དྲག་པོ་ནི་ཡོད་པས། ཕྲུག་ཕྱམ་བཟང་པོ་གཅིག་གིས་སྣ་དྲངས་པའི་ཁོང་རང་གི་ན་བཟའ་ལུས་གང་ཅི་ཡོད་ཕུལ་ནས་ཞུས་པས་གནང་སྟེ། རྗེས་ལ་ཁྱེད་དགེ་སློང་ཆོས་གོས་དང་བྲལ་བ་དེ་མི་རུང་གསུངས་ནས་ཤམ་ཐབས་སྐུ་རགས་རྣམས་གཏད་དོ། །དེ་ལ་བདེ་གཤེགས་རིན་ཆེན་གྱིས་ཞུས་ཏེ་ཁོང་སྒ་འདྲའི་ཆབ་ཚན་ཁར་བཞུད་པའི་ལམ་དུ་བསྙེན་བཀུར་མཛད་པའི་ཚེ་ཤོག་དྲིལ་བཞིའི་གསུང་གླེང་བྱུང་ནས་མོས་པ་དྲག་པོ་སྐྱེས་ཏེ། དེ་མ་ཐག་ཏུ་ཚོགས་འཁོར་བཤམས། ན་བཟའ་ཕྲུག་ཕྱམ་བཟང་པོ་གསེར་སྲང་གང་རི་བ་ཞིག་ཡོད་པ་སྐུ་ནས་ཕུད་དེ་ཕུལ་བས་དགྱེས་བཞིན་དུ་གནང་སྟེ། འཕོ་བ་སྤྱི་བརྟོལ་མ་བཀའ་རྒྱས་མ་བཏབ། གཞན་གསུམ་པོ་ང་མ་ཤིའི་བར་དུ་ཡོད་སྐད་ཀྱང་མ་ཟེར། དེ་ནས་ཁྱེད་རང་གི་ཐུགས་དགོངས་དང་སྦྱོར་མཛོད་གསུངས་སོ། །དེ་ལ་བདག་གིས་ཞུས་ཏེ། ཞུ་བའི་མཆེད་གྲོགས་དགེ་སློང་སྒྲུབ་པ་པོ་བྱ་བ་འདི་དག་གིས་ཆོས་འདིའི་སྙན་པ་ཐོས་ནས་ཁོང་རང་གི་གོས་ཕྱ་རུ་བཟང་པོ་གཅིག་གིས་སྣ་དྲངས་པའི་ཞུ་རྟེན་ལན་གསུམ་དུ་ཕུལ་ནས། ལན་གསུམ་དུ་ཞུ་བ་དྲག་པོ་བྱས་པས་ཕྱི་མ་ལ་གནང་། བདག་ཀྱང་དེ་དང་དུས་འཛོམ་སྟེ། ཞལ་གདམས་དང་བཅས་པ་བདག་གཅིག་པུ་ལ་གནང་སྟེ་གཞུང་ཆུང་གཉིས་གདམས་ངག་དང་བཅས་པའི་ལོ་རྒྱུས་སོ། །ད་ནས་རུས་ཕྱིས་འདི་སྙམ་དུ་འཕོ་བ་སྤྱི་བརྟོལ་དང་། ཕྱག་རྒྱ་ཆེན་པོ་ཚིག་བསྡུས་གཉིས་ལ། ནཱ་རོ་མཻ་ཏྲི་ཉིད་ཀྱིས་མཛད་པའི་རྩ་བ་རྒྱ་གར་མ་རེ་རེ་འདུག་པས། གཞན་གཉིས་ལ་མི་འོང་བ་ཇི་ལྟར་ཡིན་སྙམ་ནས་ཡོད་ཙམ་ནས། རྩ་རླུང་དྲྭ་
༢༠༩མིག་གི་འཁོར་ལོ་དང་། བར་དོ་བློས་ཆོད་གཉིས་ཀྱི་རྩ་བ་རྒྱ་གར་མ་གཉིས་པོ་བླ་མ་སུམ་པ་རས་པའི་ཕྱག་ནས་བྱོན་ཏེ་ཤོག་དྲིལ་མ་བུ་ལེགས་པར་འགྲིགས་པར་གྱུར་ཏོ། །ཁོང་ལ་ཡང་སྔར་ཞལ་གདམས་མི་བཞུགས་པར་འདུག །རྩ་བའི་ཤོག་དྲིལ་ཕྱི་མོ་རྗེ་བཙུན་མར་པའི་སྐུ་དྲེག་ཅན་མཚུར་གྱིས་སྙག་སྒོམ་ལ་གནང་མ་ཐག་ཞལ་གདམས་རྣམས་ཐུགས་ལ་ལེགས་པར་ལོན་ཏེ། རྩ་བ་ཅུང་ཟད་མ་ལོན་པ་ལ། གྲུབ་ཐོབ་དབུས་རས་བྱ་བ་ལྡོམ་བུ་ལ་བྱུང་ནས་མགུར་ལེན་ཅིང་འདུག་པས་གསན་ནས་སྣང་བ་འགྱུར་ཏེ། དེ་མ་ཐག་ཏུ་ཤོག་དྲིལ་མགུལ་ནས་བཅད་ནས་ཕུལ། ཕྱིས་དྭགས་པོ་མདོ་རྩེ་ལ་ཐུགས་ནས་གནང་བ་ཡིན་པར་གདའ། དབུས་རས་ཀྱི་ཤོག་དྲིལ་ཕྱི་མོ་གཞན་སུ་ལ་མ་བསྟན་པར་སྲས་ལ་གཅིག་བརྒྱུད་དུ་གནང་། དེ་ལ་བླ་མ་སུམ་རས་ཀྱིས་ཟླ་བ་དྲུག་གི་བར་དུ་བསྙུན་གཡོག་དང་སྨན་བཅོས་བྱས་ཏེ། སྐུ་སྲོག་བཏོན་པས་དྲིན་ལན་ཏུ་ཤོག་དྲིལ་གྱི་གདམས་པ་གནང་སྟེ། ཁྱེད་ཀྱིས་ཕྱག་དཔེ་སྙིང་པའི་སྟེང་ནས་གཅིག་བཤུས་ལ་ང་ལ་ཞོག་ལ་ཁྱེད་རང་གདན་དྲངས་གསུངས་ནས་དེ་ལྟར་མཛད་དེ། ཕྱི་མོ་ཁོ་རང་ལ་ཕུལ་ལོ། །རྗེ་བཙུན་མར་པའི་སྐུ་དྲེག་ཡོད་པའི་ཕྱག་དཔེ་ང་རང་ལ་གནང་བ་དེ་འབུམ་གཅིག་ཕུལ་བ་ལས་དགའ་གསུངས་ནས་བཞད་སྐད་དོ།

༄༅། །ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་གྲུབ་པའི་ཞལ་ལུང་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ༎ ༎

༧༣ ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའ་ཁྲིད་ཡིག་གྲུབ་པའི་ཞལ་ལུང་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།
༧༤ ༀ་སྭ་སྟི་སིདྷཾ། །འཇམ་པའི་རྡོ་རྗེ་དཔལ་ལྡན་བླ་མ་དང་། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་གུས་བཏུད་ནས། །ཟབ་གསལ་དབྱེར་མེད་ལྷན་ཅིག་སྐྱེས་སྦྱོར་གྱི། །གདམས་ངག་གྲུབ་པའི་ཞལ་ལུང་སྙིང་པོ་སྤེལ། །འདི་ལ་གཉིས། དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་རྫོགས་རིམ་ཕྱག་རྒྱ་ཆེན་པོ་ཟབ་གསལ་དང་། མདོ་སྔགས་ཟུང་དུ་འཇུག་པའི་ལམ་གྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་རོ། །དང་པོ་ལ་གཉིས། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས་དང་། ལོ་རྒྱུས་དེ་ལས་བྱུང་བའི་གདམས་པ་ཟབ་མོ་དངོས་སོ། །དང་པོ་ནི། །རིང་བརྒྱུད་ཀྱི་དབང་དུ་བྱས་ན། རྒྱལ་བ་ཁྱབ་བདག་འཇམ་པའི་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཞི་བའི་ཞབས་ནས་བཟུང་། །སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཇིགས་བྲལ་གྱི་སློབ་དཔོན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བར་དུ་བྱོན་པ་དང་། ཉེ་བརྒྱུད་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་། གྲུབ་ཆེན་བི་རཱུ་པ། དེས་
༧༥ འཇིགས་བྲལ་དུས་གསུམ་རྣམ་མཁྱེན་ལ་དངོས་སུ་གནང་ཞིང་། དེ་ནས་བཟུང་སྟེ་བདག་ཅག་གི་བླ་མ་དམ་པའི་བར་དུ་བྱིན་རླབས་དོན་གྱི་བརྒྱུད་པ་བར་མ་ཆད་པ་ལས་བྱུང་བ་ཡིན་ནོ། །གཉིས་པ་གདམས་པ་ཟབ་མོ་དངོས་ལ། །བཤད་པས་གཏན་ལ་འབེབས་པ་དང་། བསྒོམ་པས་ཉམས་སུ་བླང་བ་གཉིས་ལས། འདིར་ཕྱི་མའི་ཁོངས་སུ་སྔ་མའང་ཞར་གྱིས་ཆོད་པས། དེ་ཉིད་ཅུང་ཟད་འཆད་པ་ལ་གསུམ། གང་དུ་ཉམས་སུ་བླང་བའི་གནས། གང་གིས་ཉམས་སུ་ལེན་པའི་གང་ཟག །དེས་ཉམས་སུ་ལེན་པའི་གདམས་པའོ། །དང་པོ་ནི། །མཐུན་རྐྱེན་རྙེད་སླ་ཞིང་། འགལ་རྐྱེན་འཚེ་བ་མེད་པ། ཉིན་མོ་སྐྱེ་བོའ་སྒྱུ་འགྲུལ་དང་། །མཚན་མོ་སྒྲ་ཡི་བླག་ཅོར་སོགས་བསམ་གཏན་གྱི་ཚེར་མ་མི་འབྱུང་། དབེན་ཞིང་ཡིད་དང་མཐུན་པར་ཆོས་དང་མཐུན་པའི་གྲོགས་སམ་རང་ཉིད་གཅིག་པུར་གནས་པས་ཉམས་སུ་བླང་ངོ་། །གཉིས་པ་ནི། །ཐེག་པ་མཆོག་གི་སྐལ་བ་དང་ལྡན་པའི་གང་ཟག །གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་།
༧༦ དམ་ཚིག་དང་སྡོམ་པ་རྣམ་པར་དག་པ། ཟབ་གསལ་གཉིས་ཀྱི་དོན་ལ་ཐོས་བསམ་གྱི་ཤེས་རབ་ཀྱིས་རྒྱུད་ལེགས་པར་སྦྱངས་པའོ། །གསུམ་པ་གདམས་པ་དངོས་ལ་བདུན། ཟབ་གསལ་གྱི་ལྟ་བ་ཉམས་སུ་བླངས་པའི་ཕན་ཡོན། མ་བླངས་པའི་ཉེས་དམིགས། ཉམས་སུ་ལེན་ཚུལ་གྱི་རང་བཞིན། མ་སྐྱེས་པའི་གེགས་སེལ། སྐྱེས་པའི་བོགས་འདོན། བརྟན་པའི་ཚད། ཞར་ལ་ཉེ་བར་མཁོ་བ་ཐུན་མཚམས་ཀྱི་རྣལ་འབྱོར་རོ། །དང་པོ་ལ། །གསལ་བའི་ལྟ་བ་ཉམས་སུ་བླངས་པའི་ཕན་ཡོན་དང་། ཟབ་པའི་ལྟ་བ་ཉམས་སུ་བླངས་པའི་ཕན་ཡོན་གཉིས། དང་པོ་ནི། གསལ་བའི་ལྟ་བ་ཉམས་སུ་བླངས་པ་ལ་ཕན་ཡོན་ཡོད་དེ། སྤང་བྱ་ཆོས་ཐམས་ཅད་མེད་པར་འཛིན་པའི་ཆད་ལྟ་སྤངས་ཤིང་། གཉེན་པོ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད། སྙིགས་མ་རྣམས་སྦྱངས་ཤིང་དྭངས་མ་རྣམས་སྟོབས་རྒྱས་པར་བྱས་ནས་གནས་སྐབས་ཀྱི་འབྲས་བུ་མངོན་མཐོའ་ལྷ་མིའི་ལུས་ཐོབ་པར་བྱེད་ཅིང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུ་གཉིས་འགྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། ཟབ་པའི་ལྟ་བ་ཉམས་སུ་བླངས་པ་ལ་ཕན་ཡོན་ཡོད་དེ། སྤང་བྱ་ཆོས་ཐམས་ཅད་བདེན་གྲུབ་ཏུ་འཛིན་པའི་རྟག་ལྟ་སྤོང་ཞིང་། གཉེན་པོ་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད། བདེན་འཛིན་སྦྱངས་མས་ཟབ་པའི་ལྟ་བ་སྟོབས་རྒྱས་པར་བྱས་ཏེ། གནས་སྐབས་སུ་འཁོར་བ་ལུས་གྲོལ་ཞིང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་གཉིས་འགྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ཉམས་སུ་མ་བླངས་པའི་ཉེས་དམིགས་ནི། །ཟབ་གསལ་གྱི་ལྟ་བ་ཉམས་སུ་བླངས་པ་ལ་ཉེས་དམིགས་ཡོད་དེ། སྔར་གྱི་དེ་ལས་བཟློག་པ་དང་། གཞན་ཡང་སྙིགས་མ་འཁོར་བའི་ཆོས་རྣམས་དོན་ལ་མེད་པ་ལ་ཡོད་པར་འཛིན་པའི་སྒྲོ་འདོགས་ཀྱི་ཉེས་པ་དང་། དྭངས་མ་མྱང་འདས་ཀྱི་ཆོས་རྣམས་དོན་ལ་ཡོད་པ་ལ་མེད་པར་འཛིན་པའི་
༧༧ སྐུར་འདེབས་ཀྱི་ཉེས་པ་དང་། དྭངས་སྙིགས་གཉིས་ཀྱི་ཆོས་ཐམས་ཅད་བདེན་པར་མེད་པ་ལ་བདེན་གྲུབ་ཏུ་འཛིན་པའི་སྒྲོ་འདོགས་ཀྱི་ཉེས་པ་དུས་རྒྱུན་དུ་འབྱུང་བའི་ཕྱིར་རོ། །གསུམ་པ་ཉམས་སུ་ལེན་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ལ་བཞི། བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་ག་འཁྲུལ་བ་བྱང་སེམས་སུ་འཆར་བའི་ཁྲིད་དོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་བ་དང་འཆི་བ་མི་རྟག་པའི་ཁྲིད་བློ་དང་འདྲེས་ངེས་པར་ཉམས་སུ་བླང་བའི་སྒོ་ནས། ཚེ་འདིར་སྐྱིད་ཀྱང་རུང་། སྡུག་ཀྱང་རུང་བ་ཙམ་དུ་ཤེས་ཤིང་། ཚེ་ཕྱི་མ་ཡུན་ཤིན་ཏུ་རིང་བར་ཤེས་པའི་སྒོ་ནས་ཚེ་ཕྱི་མ་ལ་གང་གནོད་སྤོང་ཞིང་། གང་ཕན་བསྒྲུབ་པའི་བསམ་པ་ལྷད་མེད་གཅིག་སྐྱེད་དགོས་ཏེ། དེ་མ་སྐྱེས་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཚེ་འདི་པར་འགྲོ་བའི་ཕྱིར་རོ། །གཉིས་པ་ནི། །ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་བློ་དང་འདྲེས་ངེས་བསྒོམས་ནས། སྲིད་རྩེའི་བར་གྱི་འཁོར་བ་ཐམས་ཅད་མེའི་དོང་ལྟ་བུར་མཐོང་ནས། ཐར་པ་དོན་གཉེར་གྱི་བློ་ལྷད་མེད་ཅིག་སྐྱེ་དགོས་ཏེ། དེ་མ་སྐྱེས་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཐར་ལམ་དུ་མི་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། བྱམས་སྙིང་རྗེའི་ཁྲིད་བློ་དང་འདྲེས་ངེས་པའི་སྒོ་ནས། རང་གཅིག་པོ་ཞི་བདོ་དོན་གཉེར་གྱི་བློ་སྤང་དགོས་ཏེ། དེ་མ་སྤང་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཐེག་དམན་གྱི་ལམ་དུ་འགྱུར་བའི་ཕྱིར་རོ། །བཞི་པ་ནི། །སེམས་ཅན་ཐམས་ཅད་ཀྱི་དྲིན་དྲན་ཞིང་སྡུག་བསྔལ་མ་བཟོད་པའི་ཤུགས་ཀྱིས་སེམས་ཅན་གྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་བློ་ལྷད་མེད་ཅིག་སྐྱེ་དགོས་ཏེ། དེ་མ་སྐྱེས་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཐེག་ཆེན་གྱི་ལམ་དུ་མི་འགྲོ་བའི་ཕྱིར་རོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་
༧༨ གསུམ། འགལ་རྐྱེན་སྡིག་པ་སྦྱང་བའི་ཡན་ལག་ཏུ་རྡོ་རྗེ་སེམས་དཔའི་ཁྲིད། མཐུན་རྐྱེན་ཚོགས་བསགས་པའི་ཕྱིར་དུ་མཎྜལ་གྱི་ཁྲིད། བསགས་སྦྱོང་དབྱེར་མེད་ཀྱི་ཕྱིར་དུ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་ནི། ཡིག་བརྒྱའི་སྒོམ་བཟླས་ཚུལ་བཞིན་དུ་ཉམས་སུ་བླངས་པའི་སྒོ་ནས། འགལ་རྐྱེན་སྡིག་སྒྲིབ་མངོན་གྱུར་བ་རགས་པ་དག་པ་ཞིག་དགོས་ཏེ། སྡིག་པ་སྟོབས་ཆེན་གྱིས་བསྒྲིབས་པའི་རྒྱུད་ལ་དངོས་གཞིའི་ཁྲིད་མི་སྐྱེ་བའི་ཕྱིར། གཉིས་པ་ནི། མཎྜལ་སོགས་ཀྱི་རྣལ་འབྱོར་ཉམས་སུ་བླངས་པའི་སྒོ་ནས། བསོད་རྣམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་དགོས་ཏེ། དེ་མ་བསགས་པའི་རྒྱུད་ལ་དངོས་གཞིའི་ཁྲིད་མི་སྐྱེ་བའི་ཕྱིར། །གསུམ་པ་ནི། བླ་མའི་རྣལ་འབྱོར་ཚུལ་བཞིན་ཉམས་སུ་བླངས་པའི་སྒོ་ནས། ཐུན་མོང་མ་ཡིན་པའི་མོས་གུས་སྐྱེ་དགོས་ཏེ། མོས་གུས་ཀྱིས་རྒྱུད་བརླན་པར་མ་བྱས་ན་རྒྱུད་ལ་དངོས་གཞིའི་ཁྲིད་མི་སྐྱེ་བའི་ཕྱིར་རོ། །དེས་ན་དེ་རྣམས་ཉམས་སུ་སླང་བ་ལ། དང་པོ་ནི། སྟན་བདེ་བ་ལ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལུས་ཆ་ཆ་ནས་བསྒྲིམ། རླུང་རོ་དགུ་ཕྲུགས་སུ་འབུད། ཤེས་པ་རྣལ་དུ་དབབ། དེ་ནས་སྐྱབས་ཡུལ་གསལ་བཏབ་ལ་སྐྱབས་འགྲོ། སེམས་བསྐྱེད། ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཆོག་གསུམ་གྱིས་བསྐྱེད། གཉིས་ཀའི་ཐུགས་ཀར་སྔགས་ཕྲེང་གསལ་བཏབ། སྟོབས་བཞིའི་གནད་དང་ལྡན་པའི་སྒོ་ནས་ཡི་གེ་བརྒྱ་པ་བཟླ། མཇུག་བཤགས་བསྡམ་གྱི་རྗེས་རྡོར་སེམས་རང་ལ་བསྟིམ། གཉིས་པ་ནི། མདུན་གྱི་ནམ་མཁར་དཔག་བསམ་གྱི་སྡོང་པོའ་ལྟེ་བར་སེང་ཁྲི་པདྨ་ཉི་ཟླ་རྡོ་རྗེའི་གདན་ལ། བླ་མ་འཇམ་པའི་རྡོ་རྗེ་སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རལ་གྲི་དང་། མདའ། །གཡོན་གཉིས་ཨུཏྤལ་སྔོན་པོ་དང་། གཞུ་བསྣམས་པ། རྡོ་རྗེ་དང་
༧༩ པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་བཞིར་ༀ་དཀར། ཨཱཿདམར། ཧཱུྃ་མཐིང་། ཧོ༔ལྗང་གུ་རྣམས་ཀྱིས་མཚན་པ་སྐྱབས་གནས་ཀུན་འདུས་སུ་དམིགས་ལ། འདོད་ཡོན་ལྔའི་མཆོད་པ་སྔོན་དུ་འགྲོ་བས། མཎྜལ་ཚོམ་བུ་བདུན་མ་སྤྱི་ལྷར་འབུལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཐུན་མོང་གི་སྡོམ་པ་བཟུང་བའི་མཐར་རང་ལ་བསྟིམ། གསུམ་པ་ནི། བླ་མ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་སྔར་བཞིན་གསལ་བཏབ་པའི་སྤྱན་སྔར་མཆོད་པ་དང་མཎྜལ་འབུལ། ཐུན་མོང་གི་སྡོམ་པ་དང་། སྲས་བཅས་སངས་རྒྱས་ཐམས་ཅད་དང་སོགས་ཁྱད་པར་གྱི་སྡོམ་བཟུང་བྱ། རྩ་བརྒྱུད་ཀྱི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ། དབང་བཞི་བླངས་པའི་མཐར། བླ་མ་ཡབ་ཡུམ་རང་ལ་བསྟིམ། རང་གི་སེམས་དང་བླ་མའི་ཐུགས་རོ་གཅིག་ཏུ་བསྲེས་ཏེ་ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའ་ངང་ལ་མཉམ་པར་བཞག་གོ །གཉིས་པ་དངོས་གཞིའི་རྣལ་འབྱོར་ལ་གསུམ། འཁྲུལ་པའི་མཚད་བཙལ་ཏེ་འཁོར་བ་མེད་སྣང་དུ་སྒོམ་པ་དང་། གསལ་བའི་ལྟ་བ་ཉམས་སུ་ལེན་ཚུལ་དང་། ཟབ་པའི་ལྟ་བ་ཉམས་སུ་ལེན་ཚུལ་ལོ། །དང་པོ་ནི། སྔོན་འགྲོ་དང་། དངོས་གཞི་གཉིས། དང་པོ་ནི། ལས་དང་པོ་ལ་ལུས་གནད་བཅའ་བ་ཤིན་ཏུ་གནད་ཆེ་སྟེ། འདི་ལྟར་ཏིང་འཛིན་སེམས་ཀྱིས་བསྒོམ་ཞིང་། སེམས་རླུང་ལ་བརྟེན་ལ། རླུང་ལུས་ལ་བརྟེན་པས། ལུས་མི་གནས་ན་སེམས་མི་གནས་པར་འགྱུར་པའི་ཕྱིར་རོ། །དེས་ན་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱ། རྒལ་ཚིགས་དྲང་པོར་བསྲང་། མགྲིན་པ་ཅུང་ཟད་དགུག །ལྕེ་མཆུ་ཐ་མལ་པར་བཞག །མིག་སྣ་རྩེ་ལ་གཏད་པར་བྱ་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཞུགས་སྟངས་ཡིན་པས་བྱིན་རླབས་འཇུག་པ་དང་།
༨༠ གཞན་དང་བ་འདྲེན་པ་དང་། རླུང་སེམས་ལས་སུ་རུང་བས་ཏིང་ངེ་འཛིན་རང་གིས་སྐྱེ་ཞིང་གེགས་ཆུང་བའི་ཕྱིར་རོ། །དེ་ནས་ངག་གནད་བཅའ་སྟེ། རླུང་མི་བདེ་བ་དང་། རྒོད་བག་ཅན་ཐམས་ཅད་སྤངས་ནས། དང་པོར་ལྷུན་གྲུབ་ཏུ་འཇུག་པ་ལ་རེ་ཞིག་གཡོ་བ་མེད་པར་བཞག་པར་བྱས་ཏེ། རླུང་སེམས་གནས་པ་ནི་ལུས་སེམས་ལས་སུ་རུང་བའི་རྩ་བ་ཡིན་པའི་ཕྱིར་རོ། །གཉིས་པ་དངོས་གཞི་ལ་གཉིས། འཁོར་བ་སྤྱི་ལ་དམིགས་ནས་བསྒོམ་པ་དང་། འཁོར་བ་སོ་སོ་ལ་བཀར་ཏེ་བསྒོམ་པའོ། །དང་པོ་ནི། འཁོར་བ་སྤྱི་ལ་དམིགས་ནས་བསྒོམ་དགོས་ཏེ། དེ་ལྟར་མ་བྱས་ན་བློ་ལ་ཤོགས་ཆེན་པོ་མི་འབྱུང་བས་སོ། །དེ་བསྒོམ་པ་ནི་འཁོར་བའི་སྣོད་དང་། འཁོར་བའི་བཅུད་ཐམས་ཅད་ལམ་གྱིས་གསལ་བཏབ་ནས། འདི་ཐམས་ཅད་འཁྲུལ་པའི་དབང་གིས་མེད་བཞིན་དུ་སྣང་བ་ཡིན་གྱི། དོན་ལ་ཅུང་ཟད་ཀྱང་གྲུབ་རྒྱུ་མེད་དེ། མིག་སེར་ཅན་ལ་དུང་སེར་པོ་སྣང་བ་ལྟར་ཡིན་པས་ཅུང་ཟད་ཀྱང་གྲུབ་རྒྱུ་མེད་སྙོམ་རྩེ་གཅིག་ཏུ་བཞག་ནས། ཡིད་ཀྱི་ངར་མི་འཆོར་པར་བྱ་བའི་ཕྱིར་སྣང་མེད་སྣང་མེད་ཅེས་བརྗོད་དོ། །གཉིས་པ་ནི། སོ་སོ་ལ་བཀར་ནས་བསྒོམ་དགོས་ཏེ། དེ་ལྟར་མ་བྱས་ན་འོལ་སྤྱི་ཙམ་དུ་སོང་ནས་རྡོ་རུས་ཐུག་པ་མི་འབྱུང་བ་ཡིན་ནོ། །དེ་བསྒོམ་པ་ནི། དགའ་བའི་སྣང་བ་གཅིག་སྐྱེས་བྱུང་ནའང་། དེ་ལ་དགའ་རྒྱུ་ཅི་ཡོད། འཁྲུལ་པའི་དབང་གིས་དེ་ལྟར་སྣང་བ་ཡིན་གྱིས། དོན་ལ་དེ་དང་རི་བོང་ར་གཉིས་མེད་མཚུངས་ཡིན་པས་རི་བོང་རྭ་ལ་དགའ་བ་ལ་དགོས་པ་ཅི་ཡོད་སྙམ་དུ་རྩེ་གཅིག་ཏུ་བཞག་གོ །དེ་བཞིན་དུ་མི་དགའ་བ་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་ཀྱི་སྣང་བ་སྐྱེས་མ་ཐག་ཏུ་སྔར་གྱི་དེ་རྣམས་སྦྱར་ནས་བསྒོམ་པར་བྱའོ། །གཞན་ཡང་འཆི་བའི་སྣང་བ་འཆར་བའི་
༨༡ དུས་སུ། འདི་རྣམས་རི་བོང་གི་རྭ་དང་འདྲ་བས་འཆི་རྒྱུ་ཅུང་ཟད་ཀྱང་མེད་དེ། སྙིགས་མ་གློ་བུར་བའི་གང་ཟག་རྣམས་ནི་རང་བཞིན་མེད་པས་འཆི་རྒྱུ་མེད། ང་རང་ནི་དྭངས་གསལ་རྙོགས་མེད་ཀྱི་ལྷ་སྐད་ཅིག་ཡིན་པས་འཆི་རྒྱུ་མེད་ན། འཆི་བ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་པས་འཆི་མེད་ཡིན་འཆི་མེད་ཡིན་སྙམ་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ནས་ཉིན་མཚན་འཁོར་ཡུག་ཏུ་སྣང་བ་ཅི་ཤར་ཡང་འཁྲུལ་སྣང་དུ་བལྟས་ནས། མེད་སྣང་མེད་སྣང་ཞེས་སྐད་ཅིག་ཀྱང་མ་ཡེངས་པར་བྱས་ནས་བསྒོམ་པར་བྱའོ། །དེ་བཞིན་དུ་སྐྱེ་རྒ་སོགས་གཞན་རྣམས་ལའང་སྦྱར་ནས་བསྒོམ་མོ། །གཉིས་པ་གསལ་བའི་ལྟ་བ་ཉམས་སུ་བླང་བ་ལ་གཉིས། མཉམ་བཞག་དང་། རྗེས་ཐོབ་པོ། དང་པོ་ནི། །སྔོན་འགྲོ་ཅི་རིགས་པ་སྔོན་དུ་བཏང་ནས། དག་པའི་སྣོད་བཅུད་ཐམས་ཅད་ཡིད་ཡུལ་དུ་གསལ་བར་བྱས་ནས་རྩེ་གཅིག་ཏུ་བསྒོམས་ཏེ། གསལ་བ་གསལ་བ་ཞེས་ཡིད་ཀྱི་བཟླས་པ་རྒྱུན་ཆགས་སུ་བྱ། གསལ་བ་ཡིད་ངོར་གསལ་པོ་འོང་ན་ཡིད་བཟླས་མ་བྱས་ཀྱང་ཆོག །དེའི་སྐབས་སུ་ཐ་མལ་གྱི་སྣང་ཆ་ཅུང་ཟད་བྱུང་ན་མེད་བཞིན་དུ་སྣང་བར་བལྟས་ནས་མེད་སྣང་མེད་སྣང་ཞེས་ཡིད་བཟླས་ཡང་ཡང་དུ་བྱ། དེ་ལྟར་བསྒོམ་པའི་སྐབས་སུ་ལུས་ངག་ཡིད་གསུམ་གྱི་ཟུག་རྔུ་དང་གཡེང་བ་ཅི་བྱུང་ཡང་། མ་དག་པའི་ཆ་རྣམས་ནི་མེད་སྣང་དང་། དག་པའི་ཆ་རྣམས་གསལ་བའི་སངས་རྒྱས་སུ་བལྟས་པའི་སྒོ་ནས་དགེ་སྦྱོར་གྱི་གཡངས་རྐྱེན་དུ་མི་འགྲོ་བར་གཡེང་བ་ཇི་ཙམ་དུ་མང་བ་དགེ་སྦྱོར་གྱི་གྲོགས་སུ་འཆར་བར་བྱ་སྟེ། །དཔེར་ན་མེ་འབར་བ་ལ་ཤིང་བསྣན་པ་བཞིན་ནོ། །དེའི་ཐུན་མཇུག་ཏུ་ཡིད་ལ་ལས་གང་ཡང་མི་འཆོལ་བར་སེམས་ཁོ་ན་རང་གློད་ལ་མ་ཡེངས་ཙམ་དུ་དར་ཅིག་བཞག་སྟེ། དེ་ནི་ཞི་གནས་ངང་གིས་སྐྱེ་བ་དང་། དམིགས་པ་ལ་ངེས་ཤེས་སྐྱེ་བ་དང་། སྙོམ་ལས་སུ་མི་འཆོར་བ་དང་། ལུས་སེམས་ཅུང་ཟད་ངལ་གསོ་བའི་དགོས་པ་ཡོད་དོ། །འདིའི་
༨༢ སྐབས་སུ་རེས་འགའ་སེམས་ཅན་ཐམས་ཅད་ལ་དམིགས་ནས་བསྒོམ་པ་དང་། རེས་འགའ་སེམས་ཅན་རེ་ལ་བཀར་ཏེ་བསྒོམ་དགོས་སོ། །གཉིས་པ་རྗེས་ཐོབ་ལ་གཉིས། ལྟ་བ་གསལ་འདེབས་པ་དང་། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུ་ཡང་སེམས་ཅན་མཛེས་མི་མཛེས་གང་མཐོང་ཡང་། གསལ་བ་གསལ་བ་ཞེས་ཡིད་བཟླས་བྱས་པའི་སྒོ་ནས་སྔར་གྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་སྤྱོད་པ་རྒྱ་ཆེན་ནི། སེམས་ཅན་གང་མཐོང་བ་ཐམས་ཅད་སྐུ་གསུམ་གྱི་བདག་ཉིད་དང་། གདན་གསུམ་ཚང་པའི་དཀྱིལ་འཁོར་དུ་བལྟས་ནས། ལུགས་མ་དང་རས་བྲིས་ལ་སོགས་པ་དང་། སེམས་ཅན་རྣམས་ལྷག་གིས་མཐོང་བ་ན་ཡང་། ལུགས་སྐུ་ལ་སོགས་པ་འདི་དག་ནི་ཀུན་བཟང་བརྡའ་ཡི་སྐུ་ཙམ་སྟེ། ནམ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་བྱ་བ་མཛད་པར་མི་ནུས་ཏེ། རྫོགས་པའི་སངས་རྒྱས་སུ་གྱུར་པའམ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །ལྷ་མི་དང་དུད་འགྲོའི་གཟུགས་ཅན་ལ་སོགས་པའི་སྲོག་ཆགས་འདི་རྣམས་ནི་སྙིང་པོ་དོན་གྱི་སྐུ་སྟེ་སངས་རྒྱས་ཡིན་པ་དང་། རྫོགས་པའི་སངས་རྒྱས་སུ་འགྱུར་བའོ། །ཞེས་ཤེས་པར་བྱས་ནས་སྲོག་ཆགས་མཐོང་བ་ཐམས་ཅད་ལ་མོས་པ་དང་། གུས་པ་བཅོས་མ་མ་ཡིན་པའི་སྒོ་ནས་ཕྱག་དང་། མཆོད་པ་དང་། དེ་དག་ལ་དབང་ལེན་པ་ལ་སོགས་པའི་སྤྱོད་པ་རླབས་པོ་ཆེ་རྒྱ་མཚོ་ལྟ་བུ་ལ་བསླབ་པར་བྱའོ། །གསུམ་པ་ཟབ་པའི་ལྟ་བ་ལ་བཞི། སྟོང་ཉིད་ཀྱི་རྣལ་འབྱོར། མཉམ་ཉིད་ཀྱི་རྣལ་འབྱོར། བརྗོད་མེད་ཀྱི་རྣལ་འབྱོར། མི་རྟོག་པའི་རྣལ་འབྱོར་རོ། །དང་པོ་ལ། མཉམ་བཞག་དང་། རྗེས་ཐོབ་གཉིས། དང་པོ་ལ། ཞི་གནས་བསྒོམ་པ་དང་། ལྷག་མཐོང་བཙལ་བ་གཉིས། དང་པོ་ལ། སེམས་མཉམ་པ་ཉིད་དང་། སེམས་
༨༣ རྣལ་དུ་འདུག་པ་ཉིད་དང་། སེམས་ལྷུན་གྱིས་གྲུབ་པར་འཇུག་པ་དང་གསུམ་མོ། །དང་པོ་ནི། ཐོག་མར་ཉིན་པར་ད་ལྟར་གྱི་སྣང་བ་འདི་ཉིད་ཀྱི་སྟེང་དུ་སེམས་མཉམ་པར་བཞག་སྟེ། གཞན་དུ་མི་གཡེང་བར་བྱ། དེ་ནི་དང་པོའ་སེམས་མཉམ་པར་བཞག་པ་ཙམ་གྱི་དུས་ཡིན་ནོ། །མཚན་མོ་རང་གི་སེམས་ཀྱི་སྟེང་དུ་སེམས་པར་བྱ་ཞིང་། ཅུང་ཟད་གོམས་ནས་གཙོ་བོར་སེམས་ཀྱི་སྟེང་དུ་མཉམ་པར་བཞག་པར་བྱ་སྟེ། མདོ་སྡེ་རྒྱན་ལས། སེམས་ལ་སེམས་ནི་འཇོག་ཕྱིར་དང་ཞེས་དང་། དེ་ཉིད་ལས། བདག་ལ་མཉམ་པར་བཞག་ཕྱིར་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་སེམས་རྣལ་དུ་འདུག་པ་ཉིད་ནི། དེ་ནས་བྱིང་རྒོད་མི་བྱུང་བར་བྱ་བའི་ཕྱིར་དྲན་པ་དང་། ཤེས་བཞིན་གྱི་བྱ་ར་ལྟ་བུར་བཞག་པར་བྱ་སྟེ་དེའི་ཚེ་བྱིང་རྒོད་བྱུང་བར་དོགས་པའི་ཕྱིར་རོ། །གསུམ་པ་ལྷུན་གྱིས་གྲུབ་པར་འཇུག་པ་ནི། དེ་ལྟར་གུས་པ་དང་། རྒྱུན་གྱི་རྣལ་འབྱོར་གྱིས་བསྐྱངས་པས། ཇི་ཞིག་ལྟར་ལ་དྲན་པ་དད་ཤེས་བཞིན་ལ་ལྟོས་པ་མེད་པར་སེམས་ཀྱི་རྒྱུན་གཡེང་བ་མེད་པར་གནས་པ་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །དེ་ལྟར་ན་ཞི་གནས་ཡོངས་སུ་རྫོགས་པ་ཡིན་པས། ཇི་སྲིད་ཞི་གནས་ཀྱི་ཚད་དང་རྟགས་མ་བྱུང་བར་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ལ་ཚད་ནི། གང་ལ་གཏད་པའི་དམིགས་པ་དེ་ཡིད་ཡུལ་དུ་འབྱུང་ཞིང་། གཞན་མི་འབྱུང་བ་དང་། སྐབས་ནམ་འདོད་པའི་ཚེ་འབྱུང་བ་དང་དུས་ཇི་སྲིད་འདོད་པའི་བར་དུ་འབྱུང་བ་སྟེ་ཚེའི་འདུ་བྱེད་མ་ཞིག་གི་བར་དུ་གཞིར་བྱས་པའོ། །རྟགས་གཉིས་ལས། ནང་རྟགས་ངེས་པ་ནི། སེམས་ལྷུན་གྲུབ་ཏུ་འབྱུང་བ་འདི་ཉིད་ཡིན་ལ་ཕྱི་རྟགས་ནི། ལུས་གཡོ་འགུལ་མེད་པ་འདི་ཉིད་དང་། ཤིན་ཏུ་ཡང་བ་དང་། བདེ་བ་ལ་སོགས་པ་ལྷུན་གྲུབ་ཏུ་འབྱུང་ངོ་། །གཉིས་པ་ལྷག་མཐོང་ནི། གསལ་བ་འདི་ཡང་མ་བརྟགས་ན་ཉམས་དགའ་བ་ཙམ་གྱིས་བརྟགས་ཤིང་དཔྱད་ན་ཅུང་
༨༤ ཟད་ཀྱང་གྲུབ་པའི་སྐྱེ་བ་མེད་པར་ཐག་བཅད་ནས་ཡིད་ཀྱིས་རྩེ་གཅིག་ཏུ་བསྒོམ་མོ། །སྐྱེ་མེད་ཀྱི་དམིགས་པ་གསལ་པོ་མི་ཡོང་ན་སྐྱེ་མེད་བདེན་མེད་ཅེས་ཡིད་བཟླས་ཡང་ཡང་དུ་བྱས་པའི་སྒོ་ནས་གསལ་བཏབ་ཅིང་བསྒོམ་སྟེ། རྗེ་བཙུན་བྱམས་པས། བྱང་ཆུབ་སེམས་དཔའ་མཉམ་བཞག་ལ། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མ་མཐོང་ངོ་། །ཞེས་གསུངས་པ་ལྟར་རོ། །འདིའི་སྐབས་སུ་གཡེང་བ་ཇི་ལྟར་མང་ཡང་དགེ་སྦྱོར་གྱི་གཡེང་རྐྱེན་དུ་མི་འགྲོ་བར། སྐྱེ་མེད་བདེན་མེད་ཀྱི་གསལ་འདེབས་སུ་ཤེས་པའི་སྒོ་ནས་སྟོང་ཉིད་དགེ་སྦྱོར་འཕེལ་བའི་གྲོགས་སུ་བཏང་སྟེ། མེ་འབར་བ་ལ་སླར་ཤིང་བསྣན་པ་བཞིན་ནོ། །ཐུན་མཇུག་ཏུ་ཀློད་ནས་འཇོག་པ་སྔར་བཞིན་ནོ། །གཉིས་པ་རྗེས་ཐོབ་ལ་གཉིས་ཏེ། ལྟ་བ་གསལ་འདེབས་པ་དང་། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུའང་སྒོ་གསུམ་གྱི་བྱ་བ་ཅི་བྱེད་ཀྱང་། སྐྱེ་མེད་སྟོང་ཉིད་ཅེས་པའི་ཡིད་བཟླས་བྱས་པའི་སྒོ་ནས་སྔར་གྱི་སྟོང་ཉིད་ཀྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པར་བདེན་པ་མེད་པ་ལ་བདེན་པར་བཟུང་བའི་འགྲོ་བ་རྣམས་ལ་བཅོས་མིན་གྱི་སྙིང་རྗེ་བསྐྱེད་ནས་དེ་དག་གི་དོན་དམ་པར་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་སྟོང་ཉིད་ཀྱི་ཆོས་སྟོན་པ་དང་། ཕྱག་དང་བསྐོར་བ་དང་། གདབ་པ་དང་། གཟུངས་སྔགས་བཟླ་བ་དང་། སྦྱིན་པ་དང་། བཟོད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སློབ་བོ། །གཉིས་པ་མཉམ་ཉིད་ཀྱི་རྣལ་འབྱོར་ལ་གཉིས། མཉམ་བཞག་དང་། རྗེས་ཐོབ་བོ། །དང་པོ་ནི། །སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། སྣང་བ་རྫུན་པ་དང་། སྟོང་པ་བདེན་པའི་ཁྱད་པར་མེད་པས། སྣང་སྟོང་བདེན་རྫུན་ལ་སོགས་པའི་མཐའ་ཐམས་ཅད་བྲལ་བའི་མཉམ་པ་ཉིད་གསལ་བཏབ་ནས་ཡིད་ཀྱིས་རྩེ་གཅིག་
༨༥ ཏུ་བསྒོམ་མོ། །དམིགས་པ་མི་གནས་ན་མཉམ་ཉིད་མཉམ་ཉིད་ཅེས་ཡིད་བཟླས་ཀྱིས་གསལ་བཏབ་བོ། །འདིའི་སྐབས་སུ་གཡེངས་བ་ཐམས་ཅད་དགེ་སྦྱོར་གྱི་གྲོགས་སུ་གཏང་བ་དང་། ཐུན་མཇུག་ཏུ་ཀློང་ནས་འཇོག་པ་སྔར་བཞིན་བྱའོ། །རྗེས་ཐོབ་ལ་གཉིས། ལྟ་བ་གསལ་འདེབས་པ་དང་། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཐམས་ཅད་མཉམ་ཉིད་མཉམ་ཉིད་ཅེས་ཡིད་བཟླས་བྱས་པའི་སྒོ་ནས་སྔར་གྱི་མཉམ་ཉིད་ཀྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་མཉམ་ཉིད་ཀྱིས་ཆོས་སྟོན་པ་སོགས་སྔར་བཞིན་ནོ། །གསུམ་པ་བརྗོད་མེད་ཀྱི་རྣལ་འབྱོར་ལ་གཉིས། མཉམ་བཞག་དང་། རྗེས་ཐོབ་བོ། །དང་པོ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། ཆོས་ཐམས་ཅད་མཉམ་མི་མཉམ་མཐའ་དང་བྲལ་མ་བྲལ་ལ་སོགས་པ་གང་དུ་ཡང་བརྗོད་དུ་མེད་པར་གསལ་བཏབ་ནས་ཡིད་ཀྱིས་རྩེ་གཅིག་ཏུ་བསྒོམ་མོ། །མི་གསལ་ན་བརྗོད་མེད་ཅེས་ཡིད་བཟླས་ཀྱིས་གསལ་བཏབ་ནས། གཡེངས་བ་ཐམས་ཅད་དགེ་སྦྱོར་གྱི་གྲོགས་སུ་བཏང་སྟེ། ཐུན་མཇུག་ཏུ་ཡིད་ལ་ལས་གང་ཡང་མི་འཆོལ་བར། བྱིངས་རྨུག་དང་། འཕྲོ་རྒོད་ཀྱི་དབང་དུ་སོང་གིས་དོགས་ནས་ཤེས་བཞིན་དང་མ་བྲལ་བར་མ་ཡེངས་ཙམ་དུ་འཇོག་པ་སྔར་བཞིན་ནོ། །རྗེས་ཐོབ་ལ་གཉིས། ལྟ་བ་གསལ་འདེབས་པ་དང་སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། །མཉམ་བཞག་དེ་ལས་ལངས་པའི་རྗེས་སུ་བྱ་བ་ཅི་བྱེད་ཀྱང་། བརྗོད་མེད་བརྗོད་མེད་ཅེས་ཡིད་བཟླས་ཀྱི་སྒོ་ནས་སྔར་གྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། །དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་བརྗོད་མེད་ཀྱི་ཆོས་སྟོན་པ་སོགས་སྔར་བཞིན་ནོ། །བཞི་པ་མི་རྟོག་པའི་རྣལ་འབྱོར་ལ་གཉིས། མཉམ་
༨༦ བཞག་དང་། རྗེས་ཐོབ་བོ། །དང་པོ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། དེ་ནས་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཞིབ་མོས་དཔྱད་པས། ཡོད་པ། མེད་པ། གཉིས་ཀ་།གཉིས་ཀ་མ་ཡིན་པ། བདེན་པ། རྫུན་པ། གཉིས་ཀ་།གཉིས་ཀ་མ་ཡིན་པ། །སྣང་བ། སྟོང་པ། གཉིས་ཀ་།གཉིས་ཀ་མ་ཡིན་པ། སྐྱེ་བ། སྐྱེ་མེད། གཉིས་ཀ་།གཉིས་ཀ་མ་ཡིན་པ་ལ་སོགས་པའི་མཐའ་གང་དུ་ཡང་འཛིན་མ་ཤེས་པས། གང་དུ་ཡང་མི་བལྟ། མི་མནོ། མི་བསམ། མི་དཔྱད། མི་རྟོག་པར་སྩོལ་བྲལ་ལྷུག་པ་ཉིད་དུ་མ་ཡེངས་ཙམ་དུ་བཞག་གོ །དེ་ལྟར་བཞག་པའི་དུས་སུ་མཐའ་བཞི་ལ་སོགས་པའི་འཛིན་པ་གང་བྱུང་ཡང་། ཤེས་རབ་ཟབ་མོས་སྒྲོ་འདོགས་དང་སྐུར་འདེབས་ཀྱི་འཛིན་པ་བཅད་ཅིང་རྗེས་སུ་དཔྱོད་བྱེད་རང་གི་འཛིན་པ་ཡང་བཏང་ནས་མ་ཡེངས་ཙམ་དུ་བཞག་གོ །གཉིས་པ་རྗེས་ཐོབ་ལ་གཉིས་ཏེ། ལྟ་བ་གསལ་འདེབས་པ་དང་། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། །དེ་ལྟར་དཔྱད་ན་མཐའ་གང་དུ་ཡང་འཛིན་མི་ནུས་པས། རྣམ་པར་མི་རྟོག་པ་ལ་བཞག་པ་ཡིན་ཡང་། དེ་ལྟར་འཇོག་མ་ནུས་པ་རྣམས་ཀྱི་དོན་བྱའོ། །ཞེས་པས་མཉམ་བཞག་དེ་ལས་ལངས་ནས་རང་གཞན་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་མི་རྟོག་པའི་ལྟ་བ་རྩིས་མ་ཤོར་བའི་ངང་ནས་རྒྱུ་བར་བྱ་སྟེ། མདོ་སྡུད་པ་ལས། འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་དེ། སྒྲོ་སྐུར་འཛིན་པ་མཐའ་དག་གཅོད་པའི་ཆོས་སྟོན་པ་དང་། ཕྱག་དང་བསྐོར་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་པ་སྔར་བཞིན་ནོ། །དེ་ཐམས་ཅད་ཀྱི་སྙིང་པོ་བསྡུས་ནས་རྒྱུན་ཆགས་སུ་ཉམས་སུ་ལེན་ཚུལ་ནི། །སྙིགས་
༨༧ མའི་སྣོད་བཅུད་ཀྱི་སྣང་བ་གང་ཤར་ཡང་། འདི་ཐམས་ཅད་འཁྲུལ་པའི་དབང་གིས་སྣང་བའི་མེད་སྣང་ཙམ་ཡིན་གྱིས། དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པས་མེད་སྣང་ཞེས་སྐད་ཅིག་མ་དང་པོ་ལ་དེ་ལྟར་ངེས་ཤེས་བསྐྱེད་ནས་སྐད་ཅིག་མ་གཉིས་པ་ལ་སྣོད་ཐམས་ཅད་དྭངས་མའི་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་འོད་གསལ་བྱང་ཆུབ་ཀྱི་སེམས་མི་ཤིགས་པ་ཁྱད་པར་སུམ་ལྡན་གདན་གསུམ་ཚང་པའི་ལྷར་ལམ་གྱིས་གསལ་བཏབ་ནས། སྐད་ཅིག་མ་གསུམ་པ་ལ་ཡོད་འཛིན་འགོག་པའི་ཕྱིར་ཡོད་པ་མིན་ཞེས་དང་། མེད་འཛིན་འགོག་པའི་ཕྱིར་མེད་པ་མིན་ཞེས་དང་། གཉིས་འཛིན་འགོག་པའི་ཕྱིར་གཉིས་ཀ་མིན་ཞེས་དང་། གཉིས་ཀ་མ་ཡིན་པའི་འཛིན་པ་འགོག་པའི་ཕྱིར། གཉིས་ཀ་མ་ཡིན་པ་མིན་ཞེས་གང་དུ་ཡང་། མི་བལྟ། མི་མནོ། མི་བསམ། མི་དཔྱད་པའི་ངང་ལ་ལྟ་སྟངས་དང་བཅས་ཏེ་ཉམས་སུ་བླང་བ་དང་། ཡང་སྣང་བ་གང་སྐྱེས་བྱུང་ཡང་དེ་ཐོག་ཏུ་སྔར་བཞིན་སེམས་ཀྱི་རྩི་མ་ཤོར་བ་བྱའོ། །གསུམ་པ་རྗེས་ཀྱི་རྣལ་འབྱོར་ནི། །དེ་ལྟར་བསྒོམས་པའི་དགེ་བའི་རྩ་བ་ལ་སོགས་པའི་དགེ་བ་རྣམས་ཆུད་མི་ཟ་བར་བྱ་བའི་ཕྱིར་བླ་མེད་བྱང་ཆུབ་ཏུ་བསྔོ་བ་དང་། སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །བཞི་པ་མ་སྐྱེས་པའི་གེགས་སེལ་བ་ནི། །དེ་ལྟར་བསྒོམས་ཀྱང་གསལ་བ་དང་ཟབ་བའི་ལྟ་བ་ཚུལ་བཞིན་དུ་མ་སྐྱེས་ན། སྙོམས་ལས་ལ་སོགས་པའི་ལེ་ལོའ་དབང་དུ་སོང་ནས། བརྩོན་འགྲུས་ཆུང་བ་དང་། འདུ་འཛི་དང་རྣམ་གཡེང་གི་དབང་དུ་སོང་ནས་རྩེ་གཅིག་ཏུ་སྒོམ་པ་མ་བྱུང་བས་ལན་པ་ཡིན་པས། ལེ་ལོ་དང་སྙོམ་ལས་སླངས་ནས་བརྩོན་འགྲུས་ཆེན་པོས་རྩེ་གཅིག་ཏུ་བསྒོམ་པས་སྐྱེ་བར་འགྱུར་ལ། དེ་ལྟར་བྱས་ཀྱང་མ་སྐྱེས་ན་གསལ་བ་དང་ཟབ་པའི་ལྟ་བ་ལ་ངེས་ཤེས་མ་སྐྱེས་པས་ལེན་པ་ཡིན་པས། ཟབ་གསལ་གྱི་ལྟ་བ་ལ་མཁས་པའི་དགེ་བའི་གཤེས་གཉེན་ལུས་དང་གྲིབ་མ་བཞིན་
༨༨ དུ་མི་འབྲལ་བར་བསྟེན་པ་དང་། ཟབ་གསལ་སྟོན་པའི་གསུང་རབ་ཟབ་མོ་ཀློག་པའི་སྒོ་ནས་ཐག་ཆོད་ཀྱི་ངེས་ཤེས་བསྐྱེད་ནས་སླར་བསྒོམ་པས་ཚུལ་བཞིན་སྐྱེ་བར་འགྱུར་རོ། །དེ་ལྟར་བྱས་ཀྱང་མ་སྐྱེས་ན་འགལ་རྐྱེན་སྡིག་སྒྲིབ་སྟོབས་ཆེན་མ་དག་པ་དང་། མཐུན་རྐྱེན་ཚོགས་མ་རྫོགས་པས་ལེན་པ་ཡིན་པས། ཡི་གེ་བརྒྱ་པའི་སྡིག་སྦྱོང་དང་། བླ་མའི་རྣལ་འབྱོར་ཟབ་མོ་བསྒོམ་པ་དང་། ཀུ་སཱ་ལིའི་ཚོགས་གསོག་ཟབ་མོ་གསུམ་ཚུལ་བཞིན་ཉམས་སུ་བླངས་ནས་སླར་བསྒོམ་པས་སྐྱེ་བར་འགྱུར་ཏེ། འདི་གསུམ་ནི་གེགས་སེལ་གྱི་མ་མོ་ལྟ་བུ་ཡིན་ནོ། །ལྔ་པ་སྐྱེས་པའི་བོགས་འདོན་ནི། །ཧ་ཅང་སྟེང་འགྲུས་མེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས་སྐྱོང་བ་དང་རོ་སྙོམས་རྩལ་སྦྱངས་ཀྱི་ཉམས་ལེན་འདི་ལྟར་བྱ་སྟེ། དེ་ཡང་འཁོར་བའི་སྣང་བ་ཕལ་ཆེར་གཟུགས་སྒྲ་དྲི་རོ་རེག་བྱ་ཚོར་བ་བདེ་སྡུག་ཏུ་འདུས་པས། དང་པོར་གཟུགས་ལ་གནད་དྲུག་བསྣུན་པ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། དངོས་གཞིའི་ཚེ་ཆགས་སྡང་གི་ཞིང་ཡུལ་ཡིད་དུ་འོང་བ་དང་། མི་འོང་བའི་ཤ་ཟ་ལྟ་བུ་འཇིགས་ཤིང་ཡང་བ་གཅིག་བསྒོམ། དེའི་ཡུལ་ཤར་ནས་གསལ་ཐེབ་པའི་ཚེ། དེ་ཐམས་ཅད་མེད་བཞིན་དུ་སྣང་བ་ཉིད་ཡིན་པར་ཐག་བཅད་ནས། དེ་ཐོག་ཏུ་ཉམས་ལེན་བསྐྱང་ཚུལ་སྔར་དང་འདྲ། དེ་ལྟར་བསྒོམ་པ་ལ་རང་བྱན་དགའ་རབ་ཚུད་ན། ཤིན་ཏུ་འཇིགས་ཤིང་ཡང་བའི་གཉེན་སར་ཕྱིན་ལ་ལྟ་བའི་རྩལ་སྦྱང་། དེ་བཞིན་དུ་ཆགས་སྡང་སྐྱེ་བའི་ཡུལ་སྒྲ་ཤིན་ཏུ་སྙན་པ་དང་། སྒྲ་ཤིན་ཏུ་མི་སྙན་པ་གང་རུང་ཡིད་ཀྱིས་བསྒོམ། དེ་ཡིད་ཡུལ་དུ་ཤར་ནས་གསལ་ཐེབས་པའི་ཚེ། དེ་ཐམས་ཅད་མེད་བཞིན་དུ་སྣང་བ་ཉིད་ཡིན་པར་ལྟ་བས་ཐག་བཅད་ནས་དེ་ཐོག་ཏུ་ཉམས་ལེན་སྔར་ལྟར་བསྐྱང་། དེ་ནས་དུ་ཆོམ་སོགས་སྒྲ་ངན་ཡོད་པའི་སར་ཕྱིན་ལ་སྦྱང་ངོ་། །དེ་བཞིན་དུ་དྲི་ལ་ཡང་དང་པོར་དྲི་ཞིམ་མི་ཞིམ་གང་ཡང་རུང་བ་ཡིད་ཀྱིས་བསམས་ནས། མེད་
༨༩ སྣང་དུ་ཤས་ནས་གནད་དུ་བསྣུན། དེ་ནས་དྲི་ཤིན་ཏུ་མི་ཞིམ་པ་ལྟ་བུ་དངོས་སུ་བསྟན་ཅིང་ལག་ལེན་དུ་སྦྱང་། རོལ་ཡང་དང་པོར་རོ་ཞིམ་མི་ཞིམ་ཡིད་ཀྱིས་སྤྲུལ་པ་དང་། དེ་ནས་རོ་ཤིན་ཏུ་མི་ཞིམ་པ་ལྟ་བུ་ཕྱེད་ཟ་ཞིང་རྩལ་སྦྱང་། དེ་བཞིན་དུ་རེག་བྱ་ལ་ཡང་དང་པོར་ཆགས་སྡང་གི་རྒྱུ་རེག་བྱ་ཤིན་ཏུ་འཇམ་པའམ་རྩུབ་པ་ཞིག་བསྒོམས་ནས་གནད་དུ་བསྣུན། དེ་ནས་ཚེར་ཁྲོད་ལྟ་བུ་ཞིག་ཏུ་དངོས་སུ་བསྡད་ནས་འཇམ་རྩུབ་ཀྱི་རེག་བྱ་དེ་དག་རི་བོང་གི་རྭ་དང་འདྲ་བར་མ་གྲུབ་པས། ཕན་གནོད་གང་ཡང་མི་ནུས་པར་ལྟ་བ་ཟབ་མོས་ཐག་བཅད་ནས་ཉམས་ལེན་སྦྱང་བར་བྱའོ། །དེ་བཞིན་དུ་ཚོར་བ་བདེ་སྡུག་གང་ལའང་སྔར་བཞིན་དུ་ཤེས་པར་བྱའོ། །དྲུག་པ་བརྟན་པའི་ཚད་ལ་གཉིས་ཀྱི། དང་པོ་གསལ་བའི་ལྟ་བ་བརྟན་པའི་ཚད་ནི། སྣོད་བཅུད་ལ་ཐ་མལ་གྱི་འཛིན་པ་མངོན་གྱུར་བ་རགས་པ་ཞི་ནས། གསལ་བའི་འཛིན་པ་ཅུང་ཟད་བརྟན་པ་ཡིན་ནོ། །སྟོང་ཉིད་ཀྱི་ལྟ་བ་ཅུང་ཟད་བརྟན་པའི་ཚད་ནི། །དངོས་འཛིན་རགས་པ་ཞི་པའོ། མཉམ་ཉིད་ཀྱི་ནི་སྟོང་འཛིན་ཞི་པའོ། །བརྗོད་མེད་ཀྱི་ནི་མཉམ་འཛིན་ཞི་བའོ། །མི་རྟོག་པས་ནི་སྒྲོ་འདོགས་དང་། སྐུར་འདེབས་ཀྱི་འཛིན་པ་མངོན་གྱུར་བ་རགས་པ་ཞི་ནས། མི་རྟོག་པ་ལ་སྩོལ་མེད་དུ་འགྲོ་བའོ། །བདུན་པ་ཞར་ལ་ཉེ་བར་མཁོ་བ་ཐུན་མཚམས་ཀྱི་རྣལ་འབྱོར་ལ་གཉིས། ཟས་ཀྱི་རྣལ་འབྱོར་དང་། ཉལ་བའི་རྣལ་འབྱོར་རོ། །དང་པོ་ནི། རང་ལུས་བསྐྱེད་རྫོགས་ཅི་རིགས་པ་གསལ་བཏབ་སྟེ། རང་ལུས་ལ་གདན་གསུམ་ཚང་པའི་ལྷའི་དཀྱིལ་འཁོར་གྱི་འདུ་ཤེས། ཟས་ལ་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་འདུ་ཤེས་ཟས་ལོངས་སྤྱོད་པ་ལ་ལྷ་མཆོད་པའི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱིས་ཇི་ལྟར་རན་བར་མ་ཡེངས་པར་ལོངས་སྤྱད་ལ། དབང་པོ་རྣོན་དེ་ཐམས་ཅད་འཁོར་གསུམ་རྣམ་པར་མི་རྟོག་པ་དང་མ་བྲལ་བའི་ངང་ལ་ལོངས་སྤྱོད་དོ། །གཉིས་པ་ཉལ་བའི་རྣལ་འབྱོར་ནི།
༩༠ ཉིན་པར་གྱི་རྣལ་འབྱོར་ཚར་ནས་ཉལ་བའི་དུས་སུ། ཐུན་མོང་གི་རྣལ་འབྱོར་ཉིན་པར་རང་གི་སྒོ་གསུམ་གྱི་སྤྱོད་པ་རྣམས། དགེ་བ་དང་སྡིག་པ་ཅི་བྱུང་བརྟགས་ན། དགེ་བ་བྱུང་བ་རྣམས་ལ་ཡི་རང་གི་དགའ་སྤྲོ་ན་བསྒོམས་པས་མང་དུ་སྤེལ་ཞིང་། སྡིག་པ་བྱུང་བ་རྣམས་བཙན་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་པས། སྟོབས་བཞི་ཚང་བའི་རྒྱུན་བཤགས་ཡང་ཡང་བྱ་སྟེ། ནངས་བར་སྔ་བར་ལངས་ནས་རྣལ་འབྱོར་གྱི་རིམ་པ་ལ་འཇུག་སྙོམ་པའི་བསམ་པས་གཞོག་གཡས་པ་འོག་ཏུ་གཞུག་ཅིང་ལུས་བདེ་བར་ཉལ་ལ་དྲན་པ་མངོན་དུ་བཏང་ནས་ཐུན་མོང་མ་ཡིན་པའི་རྣལ་འབྱོར། དོན་ལ་འཆི་བ་མེད་ཀྱང་འཁྲུལ་སྣང་དུ་ཡོད་པས། ངལ་ཡང་འཆི་བའི་སྣང་བ་འཆར་བར་འདུག་སྙམ་དུ་བསམས་ནས། དེའི་རྟགས་དང་པོ་སྨིག་རྒྱུ། དེ་ནས་དུ་བ། དེ་ནས་མེ་ཁྱེར། དེ་ནས་མར་མེ། དེ་ནས་མཁའ་སྣང་རྣམས་ཁྲ་བུན་གྱིས་རིམ་ཅན་དུ་ཤར་བར་བསམ། དེ་རྗེས་དཀར་ལམ་ཟླ་བ་ཤར་བ་ལྟ་བུ་བྱུང་། སྐུ་རྡོ་རྗེ་ངོ་ཤེས་པར་བྱ། དེ་ནས་དམར་ལམ་ཉི་མ་ཤར་བ་ལྟ་བུ་བྱུང་། གསུང་རྡོ་རྗེ་ངོ་ཤེས་པར་བྱ། དེ་ནས་ནག་ལམ་མཚམས་ཀྱི་མུན་པ་ལྟ་བུ་བྱུང་། ཐུགས་རྡོ་རྗེ་ངོ་ཤེས་པར་བྱ། དེ་ནས་ཐམས་ཅད་སྟོང་པ་འོད་གསལ་སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་ཤར་བར་བསྒོམ་ནས། སོ་སོར་རྟོག་པའི་ཤེས་རབ་ཞིབ་མོས་མུ་བཞིའི་འཛིན་པ་ཐམས་ཅད་བཅད་ལ། ནངས་བར་གཞན་དོན་དུ་གཟུགས་ཀྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དང་བཅས་པས་ལྡང་བའི་སེམས་དང་མ་བྲལ་བཞིན་དུ་གཉིད་ལོག་པར་བྱའོ། །བར་སྐབས་སུ་སད་པའི་དུས་སུ་ཡང་རྣལ་འབྱོར་དེ་རྣམས་བསྐྱར་ཞིང་གསལ་བཏབ་ནས་ཉལ་ཏེ། ཐོ་རེངས་ལྡང་བའི་རྣལ་འབྱོར་གྱིས་ཚུལ་བཞིན་དུ་ལྷའི་སྐུར་ལྡང་ངོ་། །དེ་ལྟ་བུའི་ཚུལ་གྱིས་ཐུན་དང་ཐུན་མཚམས་ཐམས་ཅད་དུ་ཟབ་གསལ་ཕྱག་རྒྱ་ཆེན་པོའ་རྣལ་འབྱོར་དང་མ་བྲལ་བར་ཉམས་སུ་བླངས་པས་རླུང་སེམས་དབུ་མར་ཐིམ། གཟུང་འཛིན་གྱི་མདུད་པ་ཞིག །ཉམས་
༩༡ རྟོགས་ཀྱི་ཀློང་རྡོལ། སྙིགས་མ་འཁོར་བའི་འཁྲུལ་སྣང་ཐམས་ཅད་དྭངས་མ་མྱ་ངན་ལས་འདས་པའི་ངོ་བོར་རོ་གཅིག་ཏུ་དག་པས་འཁོར་འདས་དབྱེར་མེད་དམ། ཟབ་གསལ་ཟུང་འཇུག་ཕྱག་རྒྱ་ཆེན་པོའ་ཡེ་ཤེས་ལ་དབང་འབྱོར། ས་ལམ་ཐམས་ཅད་མིག་འཕྲུལ་ལྟར་སྐད་ཅིག་གིས་བགྲོད་ནས། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་འགྱུར་བ་ཡིན་ནོ། །གཉིས་པ་མདོ་སྔགས་ཟུང་དུ་འཇུག་པའི་ལམ་གྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་འཁྲིད་ལ་གཉིས། ལོ་རྒྱུས་དང་གདམས་པ་དངོས་པོ། །དང་པོ་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་། གྲུབ་ཆེན་ཏེ་ལོ་པ། པཎ་ཆེན་ནཱ་རོ་ཏཱ་པ། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། ཕག་གྲུ་རྡོ་རྗེ་རྒྱལ་པོ། གླིང་རས་པདྨ་རྡོ་རྗེ། རྒྱ་རས་ཡེ་ཤེས་རྡོ་རྗེ། དེས་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལ་གདམས། དེ་ནས་སྟོད་འབྲུག་བཀའ་བརྒྱུད་ཀྱི་ཕྱོགས་ལས་རིམ་པར་བརྒྱུད་དེ། འཕགས་མཆོག་སྤྱན་རས་གཟིགས་དངོས་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་ལ་བཀའ་བབས་ཤིང་ཐུགས་ཉམས་སུ་བཞེས། རྒྱལ་སྲས་ཁྲིད་དྲུག་ཏུ་གྲགས་པའི་ཡ་གྱལ་དུ་མཛད་ནས་སློབ་མ་མཆོག་རྣམས་ལ་གདམས་པས། འདིར་མཁས་གྲུབ་ཆེན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ། དེ་དཔོན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། དེ་ལས་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱིས་གསན་པ་ནས་བཟུང་བདག་ཅག་གི་བླ་མ་དམ་པའི་བར་དུ་ཚིག་དང་དོན་གྱི་བརྒྱུད་པ་བར་མ་ཆད་ཅིང་། ཉམས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་མཁས་གྲུབ་ཆེན་པོ་ཤ་སྟག་ཏུ་བྱོན་པ་ཡིན་ནོ། །གཉིས་པ་གདམས་པ་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། ཐུན་མོང་གི་སྔོན་འགྲོ། ཐུན་མོང་མ་ཡིན་པའི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ལ་བཞི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས།
༩༢ འཁོར་བའི་ཉེས་དམིགས་ཏེ་བློ་ལྡོག་རྣམ་པ་བཞི་ལ་རྒྱུད་སྦྱོང་བའི་ཚུལ་གཞན་དང་མཐུན། གཉིས་པ་ལ་གསུམ། རྡོ་རྗེ་སེམས་དཔའི་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར་ཏེ་སྔོན་འགྲོ་སུམ་སྦྱོར་དུ་གྲགས་པའི། དང་པོ་ལ་གསུམ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་དངོས་སོ། །དང་པོ་ནི། །ས་ཕྱོགས་ཐམས་ཅད་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ཆེན་པོར་གྱུར་པའི་རང་གི་མདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ནོར་བུ་རིན་པོ་ཆེ་སྣ་ཚོགས་པས་གཏམས་པའི་དབུས་སུ། དཔག་བསམ་གྱི་ལྗོན་ཤིང་རྩ་བ་བརྟན་པ། སྡོང་པོ་མཁྲིག་པ། ཡལ་ག་ལྔ་པ། ལོ་འདབ་དང་། མེ་ཏོག་དང་། འབྲས་བུ་རྣམ་པར་རྒྱས་ཤིང་ཡིད་དུ་འོང་བའི་དབུས་སུ་རིན་པོ་ཆེའི་ཁྲི་དང་སྣ་ཚོགས་པད་ཟླའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་གྱི་ཡལ་གར་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་ཆོས། གཡོན་དུ་དགེ་འདུན། བར་མཚམས་ཐམས་ཅད་དུ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་གཏེབས་པ་ལྟར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས་བློ་ལྟོས་ལིང་འགེལ་གྱིས་སྐྱབས་སུ་འགྲོ་བའི་ཚིག་ཇི་ལྟར་རིགས་པ་བརྗོད། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་ལམ་ལ་བསླབ་པར་བགྱིའོ་སྙམ་པ་འཇུག་པའི་སེམས་བསྐྱེད་པ་གསལ་བཏབ་ནས་ངག་ཏུ་བརྗོད། མཐར་སྐྱབས་ཡུལ་རྣམས་གཡས་བསྐོར་གྱི་དབུས་ཀྱི་བླ་མ་ལ་ཐིམ། དེ་ཉིད་རང་ལ་ཐིམ་པས་རྒྱུད་བྱིན་གྱི་བརླབས་པར་བསམ། གསུམ་པ་ནི། ངག་འདོན་གྱི་དཀྱུས་ནས་འབྱུང་བ་ལྟར་ཆོ་ག་གསུམ་བསྐྱེད་ཀྱིས་རྡོ་རྗེ་སེམས་དཔའི་དམ་ཚིག་པ་གསལ་བཏབ། ཡེ་ཤེས་པ་བསྟིམ། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས།
༩༣ ཕྱིན་ཆད་སྡོམ་སེམས། དེ་ལྟའི་གཉེན་པོར་བདུད་རྩི་འབེབས་སྦྱོང་གི་དམིགས་པ་དང་བཅས་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ། མཇུག་ཏུ་སླར་ཡང་བཤགས་སྡོམ་དྲག་ཏུ་བྱ་ཞིང་རང་ལ་བསྟིམ་མོ། །གཉིས་པ་མཎྜལ་ནི་ཕྱག་ལེན་ལ་འོག་ཏུ་བླ་མའི་རྣལ་འབྱོར་སྐབས་སུ་མཛད། གསུམ་པ་ལ་ལྔ། བླ་མའི་རྣལ་འབྱོར་གསལ་གདབ་པ། ཡན་ལག་བདུན་པ་བྱ་བ། མཆོད་པའི་མཎྜལ་འབུལ་བ། གསོལ་བ་གདབ་པ། དབང་བླང་བ་རྣམས་ཏེ། དག་འདོན་གྱི་དཀྱུས་ནས་འབྱུང་བ་བཞིན་སོ་སོའ་རྟོགས་པ་མ་སྐྱེས་པའི་བར་དུ་ཉམས་སུ་བླང་། དེ་ཡང་སྐྱབས་འགྲོ་འབུམ་ཐེར་དད་སྦྲགས་ནས་ཕྱག་དེ་མཚུངས་དང་། རྡོར་སེམས་སྒོམ་བཟླས་སྐབས་ཡིག་རྒྱ་འབུམ་ཐེར། བླ་མའི་རྣལ་འབྱོར་གྱི་སྐབས་མཎྜལ་འབུམ་ཐེར་རྣམས་བསགས་པ་ཕྱག་ལེན་དུ་མཛད་དོ། གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ནི། བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་རོ་བསལ་ལ་སྨྲ་བ་བཅད་དེ་རླུང་རང་བསས་སུ་བཞག །ཡིད་ཀྱི་གནད་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད། སྒོ་ལྔའི་ཡུལ་ལ་རྟོག་དཔྱོད་སྤང་། ཤེས་པ་ཁ་ནང་དུ་ལོག་ནས་བུ་ཆུང་ལྷུག་པར་གནས་པ་བཞིན་དུ་སེམས་རང་བབས་སུ་འཇོག་པ་སྟེ། འདི་ལ་དབེན་པ་གསུམ་མམ། མི་གཡོ་བ་གསུམ་མམ། སྒོ་གསུམ་རང་བབས་སུ་བཞག་པ་ཞེས་ཀྱང་གསུངས་སོ། །གཉིས་པ་དངོས་གཞི་ལ་གསུམ། རྟེན་ཞི་གནས་བསྒོམ། བརྟེན་པ་ལྷག་མཐོང་བཙལ། དེ་གཉིས་ཟུང་འབྲེལ་དུ་ངོ་སྤྲད་པའོ། །དང་པོ་ནི། རང་གི་མདུན་དུ་ཤིང་བུ་ཕྲ་མོ་བཙུགས་པ་ལྟ་བུས་མཚན་དམིགས་རྟེན་གང་རུང་འདུ་བྱ། དེ་ལ་མིག་མི་འཛུམ་པར་ཅེ་རེ་བལྟ། ཤེས་པའང་དེ་ལ་བརླན། མ་ཡེངས་ཙམ་དུ་ལྷོད་ཀློད་ལ་འཇོག །ཆམ་གྱིས་གནས་པ་ན་ཉམས་དེ་ལ་ཧ་ཅང་མ་ཆགས་པར་ཤིག་གིས་བཤིག་ལ་ཅུང་ཟད་ངལ་གསོ། ཡང་སྔར་བཞིན་བསྒོམ། དེ་ལྟ་བུ་ཡུན་ཐུང་ལ་གྲངས་མང་བའི་ཚུལ་དུ་ཐུན་
༩༤ བཞིར་བསླབ། ཐུན་བར་ཐམས་ཅད་ལའང་དེའི་ངང་མ་ཤོར་བར་དྲན་པ་རྒྱུན་ཆགས་སུ་བྱ། མིག་སྣ་རྩེ་ལས་མི་རིང་བར་བལྟ། འགྲོ་འདུག་ཐམས་ཅད་ནད་པའི་སྤྱོད་ལམ་བཞིན་ངལ་བར་བྱ། དེས་མཚོན་ཏེ་སྨིན་མཚམས་སུ་ཐིག་ལེ་དཀར་པོ་དང་། སྟན་གྱི་ཐོག་ཏུ་ཐིག་ལེ་ནག་པོ་རིལ་མ་ཙམ་ལ་སེམས་བཟུང་། གཞན་ཡང་དག་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་སོགས་ལ་དམིགས་རྟེན་བྱས་ཏེ་སྔར་བཞིན་བསྒོམ། ཤེས་ཤིང་ནུས་ན་རླུང་བུམ་པ་ཅན་ནམ་རྡོ་རྗེའི་བཟླས་པ་ལ་སེམས་བཟུང་། དེ་ལྟར་བྱས་ཀྱང་གནས་པའི་སྣ་མ་ཟིན་ན། རྟོག་པ་ནམ་སྐྱེས་ཙ་ན་ངོས་ཟིན་པར་བྱ། སྒོམ་པའི་སྣ་མ་སུན་པར་བྱས་ཏེ་གནད་ནས་བཟུང་སྟེ་བསྒོམས་པས་རྟོག་པ་ཇེ་ཕྲ་ལ་སོང་ནས་གནས་པ་སྐྱེ། ཅིས་ཀྱང་རྟོག་པ་མང་པོ་ལང་ཤོར་དུ་སོང་ན། རྟོག་པ་རང་གི་ཐོག་ཏུ་ལྷོད་ཀྱིས་གློད་ནས་དྲན་པས་བཟུང་། དེས་རྟོག་པ་ཇི་ལྟར་འཕྲོ་ཡང་སེམས་འཛིན་གྱི་རྟེན་དུ་སོང་ནས་ཞི་གནས་ཀྱི་ཉམས་སྩོལ་མེད་སྐྱེ་བར་འགྱུར་བས། སྒྲིམ་ཀློད་རེས་འཇོག་ཏུ་བཞག །དྲན་ཤེས་རང་བབས་སུ་བཞག །སྣང་ཆ་མ་འགགས་ལ་ཡུལ་གྱི་འཛིན་རྟོག་དང་བྲལ་བར་བཞག །རྟོག་པ་ནམ་སྐྱེས་པ་དང་དྲན་པ་རྒྱུན་ཆགས་པས་རྟོག་པ་རང་གྲོལ་དུ་བཞག །དེ་ལྟར་ཉམས་སུ་བླངས་པས། སྒོམ་ཉམས་བཤིག་པའམ། མཉམ་བཞག་ལས་ལངས་པའི་གནས་སྐབས་སུའང་ཤེས་པ་དལ་ལ་ལྷོད་ཆགས་པ་ལྷོད་དེ། ཤིག་གེ་བ། སྣང་བ་ཟི་བུན་ནེ། ཡུལ་ལ་ཤེས་པ་ཆེད་དུ་མ་བཅུག་ན་སྤུ་རིས་མི་ཕྱེད་ཕར་ཧད་དེ་ཆད་དེ། གསལ་ལ་རྟོག་མེད་དུ་གནས་པ་ཞིག་བྱུང་ན་ཞི་གནས་སྐྱེས་པ་ཡིན། དེ་ཙམ་ནས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བའང་རིམ་གྱིས་སྐྱེ་བས། ཤིན་སྦྱངས་མི་གཡོ་བའི་ཞི་གནས་བརྟན་པར་གྱུར་བའི་བར་ཉམས་སུ་བླང་ངོ་། །གཉིས་པ་ལྷག་མཐོང་བཙལ་བ་ནི། དེ་ལྟ་
༩༥ བུའི་མཉམ་བཞག་གི་ངང་ནས། རྟོག་པ་འཕྲོ་བཅད། སེམས་ལྷན་ཅིག་གནས་པའི་དུས་སུ་གནས་བདེ་རང་གི་ངོ་བོ་ཇི་འདྲ་འདུག །ཡོད་པའམ། མེད་པའམ། དངོས་པོའམ། དངོས་མེད་དམ། དབྱིབས། ཁ་དོག །གཅིག་དུ་མ་སོགས་ལེགས་པར་བརྟགས་ཤིང་དཔྱད་པས། དཔེ་ལ་བལྟས་པའམ། གཞན་གྱི་ཟེར་སྒྲོས་ཙམ་མ་ཡིན་པར་འགྱུ་བའི་རྣམ་རྟོག་ནི་གནས་པ་ལ་ཐིམ། གནས་པ་རང་གི་ངོ་བོ་ནི་སྣང་ལ་རང་བཞིན་མེད་པ། གསལ་ལ་ངོས་བཟུང་མེད་པ། ཉམས་སུ་མྱོང་བཞིན་དུ་བརྗོད་མི་ནུས་པའི་ཤེས་པ་རྗེན་པ་ལྷག་གིས་མཐོང་བ་ན། ངོ་བོ་མཐོང་བ་ཡིན་པས་ངོ་སྤྲད་པར་བྱ་སྟེ། གསུམ་པ་ཟུང་འཇུག་ཏུ་ངོ་སྤྲོད་པ་ནི། །ཞི་གནས་དང་ལྷག་མཐོང་ཞེས་ཚིགས་ཐ་དད་ཀྱང་། དོན་དུ་ངོ་བོ་གཅིག་ལ་ལྡོག་པ་སོ་སོར་དབྱེ་བ་ཡིན་ཏེ། སེམས་རང་ལུགས་སུ་ལྟོད་ཀྱིས་བཞག་པའི་དུས་ན་རྣམ་པར་རྟོག་པ་རང་སར་ཞི་ནས་རྟོག་མེད་དུ་ལྷན་ནེར་གནས་པ་ཞི་གནས། དེའི་ངོ་བོ་ལ་བལྟས་པས་འདི་འདྲ་འདུག་བྱ་བ་དག་ཏུ་སྨྲ་རྒྱུའམ། ཡིད་ཀྱིས་བསམ་རྒྱུའམ། བློས་བརྟགས་རྒྱུའམ། ཚིག་གིས་བརྗོད་རྒྱུའི་ངོས་བཟུང་མེད་ལ། ངོས་བཟུང་མེད་བཞིན་ཏུ་གསལ་ལ་མ་འགགས་པའི་ཤེས་པ་སེང་ངེ་། ཡེར་རེ། རྗེན་ནེ་བ། མ་མཐོང་པའི་མཐོང་རྒྱུའམ། མ་མྱོང་བའི་མྱོང་རྒྱུ་གཅིག་རང་ལ་ཡོད་ཀྱང་འདི་ཞེས་བརྗོད་དུ་མི་བཏུབ་པ་ལྷག་མཐོང་། །དེ་གཉིས་ཀྱང་ངོ་བོ་དབྱེར་མེད་པས་ན། སེམས་ཀྱི་མཚན་ཉིད་སོ་སོ་རང་གིས་རིག་པའི་གཤིས་སུ་མ་བཅོས་པར་འཇོག་པ་ནི་ཞི་ལྷག་ཟུང་འཇུག་སྟེ། མདོར་ན་སེམས་ལ་ངོས་བཟུང་མེད་པ་སྟོང་པ་སེམས་ཀྱི་རང་བཞིན། མེད་བཞིན་དུ་ཅིར་ཡང་འཆར་བ་གསལ་བ་སེམས་ཀྱི་མཚན་ཉིད། སྟོང་གསལ་དབྱེར་མེད་པའི་ཤེས་པ་རྗེན་པ་ནི་མ་བཅོས་སེམས་ཀྱི་ངོ་བོ་སྟེ་སངས་རྒྱས་ཀྱི་ཐུགས། སེམས་ཅན་གྱི་སེམས། དངོས་དང་དངོས་མེད་ཀྱི་གནས་
༩༦ ལུགས་འདི་ཁོ་ན་ལས་མ་འདས་པས་ཕྱག་རྒྱ་ཆེན་པོ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ། དེ་ལྟ་བུའི་གནས་ལུགས་དེས་དོད་མ་ནས་རང་ལ་བབས་ཀྱིས་གནས་ཀྱང་རྣམ་པར་རྟོག་པས་བསྒྲིབས་ཏེ་ངོ་མ་ཤེས་པས་འཁོར་བར་འཁྱམས། ད་རེས་བླ་མའི་མན་ངག་གིས་རྣམ་རྟོག་མི་འགྱུ་པ་ཞི་གནས་ཀྱིས་ཟིལ་མནན། སེམས་ཀྱི་ངོ་བོ་ལྷག་མཐོང་གིས་མཚངས་བཙལ། ཞི་ལྷག་ཟུང་འཇུག་ཤེས་པ་སྐད་ཅིག་མའི་སྟེང་དུ་།།།་ངོ་སྤྲད་པས་རང་བབས་ཀྱི་གནས་ལུགས་དེ་ལ་གཉིས་སུ་མེད་པར་སྦྱོར་བར་བྱེད་པས་ན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ངག་ཅེས་མཚན་དུ་གསོལ་བ་ཡིན་ནོ། །གསུམ་པ་རྗེས་ནི། དེ་ལྟར་ངོ་འཕྲོད་ནས་མཉམ་རྗེས་ཐམས་ཅད་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པས་ཉམས་དང་རྟོགས་པ་དབྱར་གྱི་མྱུ་གུ་བཞིན་སྐྱེ། རྒྱུད་ལ་ཉམས་རྟོགས་ཇི་ཙམ་སྐྱེས་པ་དེ་ཙམ་གྱིས་ཉོན་མོངས་པ་ཤུག་ཆུང་། ངེས་འབྱུང་རྩོལ་མེད་དུ་ཤར། སྙིང་རྗེ་ཕྱོགས་མེད་དུ་འབྱོངས། མོས་གུས་བཟོད་མེད་དུ་འབར། སྟོང་ཉིད་རྒྱུ་འབྲས་དང་། རྒྱུ་འབྲས་རྟེན་འབྲེལ་དུ་ཤེས་པས་གེགས་དང་གོལ་ས་ཐམས་ཅད་རང་སར་གྲོལ། རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་བ་སྟེ། ཞིབ་པར་རང་གི་ཉམས་མྱོང་སྐྱེས་རིམ་དང་བསྟུན་ནས། བླ་མ་དམ་པ་ཉམས་དང་རྟོགས་པས་ཁྱད་པར་དུ་བྱས་པའི་སྤྱན་སྔར་ཞུ་ཞིང་། ངེས་ཀྱང་ངོ་སྤྲོད་དང་། གེགས་སེལ་དང་། བོགས་འདོན་གྱི་གདམས་པས་རྗེས་སུ་བཟུང་བ་ལྟར་རྩེ་གཅིག་ཏུ་བརྩོན་པར་བྱས་པ་ལ་བརྟེན་ནས། ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་བ་ཉིད་དོ། །མཁས་པ་ལས་འོང་གྲུབ་པའི་མྱང་པས་བརྒྱན། །ཉམས་ལེན་བྱིན་རླབས་བརྒྱུད་པ་དང་ལྡན་པའི། གདམས་པ་སྙིང་པོར་དྲིལ་བའི་ལེགས་བྱས་ཀྱིས། མཁའ་ཁྱབ་འགྲོ་ཀུན་ཡེ་ཤེས་མཆོག་བརྙེས་ཤོག །ཅེས་ཀུན་མཁྱེན་བོ་དོང་པ་ཆེན་པོའ་
༩༧ ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ཟབ་གསལ་དང་། ལྷན་ཅིག་སྐྱེས་སྦྱོར་གྱིས་ཁྲིད་རིམ་ཀུན་མཁྱེན་འཆི་མེད་དབང་པོའ་གསུང་རབ་དང་། བླ་མ་དམ་པའི་ཞལ་ལུང་ཇི་ལྟ་བར་མདོར་བསྡུས་སྙིང་པོར་དྲིལ་ཏེ་ཟིན་བྲིས་སུ་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །ཅེས་པའང་མཉྫུ་གྷོ་ཥས་སོ། །སརྦ་དཱ་ཀལྱཱ་ཎཾ་བྷ་བ་ཏུ།

༄༅། །དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག་བཞུགས་སོ༎

༢༥༥ དཔལ་ནཱ་རོ་པ་ཆེན་པོའ་གེགས་སེལ་གཟེར་ལྔའི་མན་ངག་བཞུགས་སོ། །
༢༥༦ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ལམ་གྱི་བར་ཆད་བསལ་བར་བྱ་བའི་མན་ངག་འདི་ལ་དོན་གཉིས་ཏེ། ཉམས་ཀྱི་མཚན་ཉིད་བསྟན་པ་དང་། སྐྱོན་བཅོས་པའི་ཐབས་སོ། །དེ་ཡང་དང་པོ་དཔེར་ན་ཞིང་པས་དཔྱིད་ཞིང་གི་སོ་ནམ་བྱས་པ་ལས། འབྲས་བུ་སྟོན་ཐོག་ཕུན་སུམ་ཚོགས་པ་ཞིག་འབྱུང་བ་ཡིན། གལ་ཏེ་འབྲས་བུ་སྟོན་ཐོག་མ་བྱུང་ན་སོ་ནམ་བྱས་པ་དེ་དོན་མེད་དུ་སོང་བ་བཞིན་དུ། རྣལ་འབྱོར་པས་འཇིག་རྟེན་གྱི་བྱ་བ་བཏང་ནས་ལམ་ཚུལ་བཞིན་དུ་བསྒོམས་པ་ལས་འབྲས་བུ་སྒོམ་ཉམས་ཤིག་མི་འབྱུང་མི་སྲིད་དོ། །གལ་ཏེ་ཉམས་མ་བྱུང་ན་སྒོམ་པ་དོན་མེད་དུ་སོང་བའོ། །དེའི་ཕྱིར་ཉམས་ཀྱི་རིམ་པ་སྐྱེ་བ་ནི། བསྒོམས་པའི་བརྩོན་འགྲུས་ཀྱི་འབྲས་བུ་ཡིན་ཏེ་བཙལ་བས་རྙེད། བྱས་པས་བྱུང་། བསྒྲུབས་པས་འགྲུབ་ཅེས་བྱའོ། །ཉམས་དེའི་སྐྱེ་ཚུལ་གཉིས་འཇམ་ཆོས་དང་། དྲག་ཏུ་
༢༥༧ སྐྱེ་བའོ། །ཡང་ན་གསུམ་སྟེ། ཡོན་ཏན་ཅན་གྱི་ཉམས་དང་། སྐྱོན་མེད་ཡོན་ཏན་མེད་པའི་ཉམས་དང་། སྐྱོན་ཅན་གྱི་ཉམས་སོ། །དང་པོ་ལ་གསུམ། ཐབས་ཀྱི་ཉམས་ནི་ལུས་ཡངས་ཤིང་བདེ་བ་སྙམ་བྱེད་པ་དང་། ལུས་ལ་དྲོད་སྐྱེས་དང་། ཕྱི་ནང་གི་དངོས་པོ་ཐམས་ཅད་བདེ་བར་འཆར་བའོ། །གཉིས་པ་ཤེས་རབ་ཀྱི་ཉམས་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་སོ་སོར་རྟོག་པའི་ཡེ་ཤེས་སྐྱེ་བ་དང་། ཏིང་ངེ་འཛིན་གྱི་དམིགས་པའི་མཚན་མ་ཞི་བ་དང་། རྟོགས་པ་མེད་པར་གསལ་ལ་མི་གཡོ་བར་གནས་པ་དང་། རླུང་རྒྱུ་བ་མི་ཚོར་བ་དང་། ལུས་ཡོད་དུ་མི་ཚོར་བའོ། །གསུམ་པ་ཐབས་ཤེས་རབ་གཉིས་སུ་མེད་པའི་ཉམས་ནི། ཉམས་དེ་དག་ཟུང་འབྲེལ་དུ་འཆར་ཏེ་བདེ་བ་སྐྱེས་པའི་དུས་རྟོག་མེད་ཀྱི་བདེ་སྟོང་དབྱེར་མེད་དུ་ཉམས་སུ་མྱོང་བ་དང་། བདེ་བ་སྣ་ཚོགས་སུ་འཆར་བ་སྟོང་པར་
༢༥༨ རོ་གཅིག་པས་སྣང་སྟོང་དབྱེར་མེད་པ་ཉམས་སུ་མྱོང་བ་དང་། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་འབད་སྩོལ་མེད་པའི་སྙིང་རྗེ་ཆེན་པོ་རང་ཤུགས་ཀྱིས་སྐྱེ་བ་དང་། སྟོང་པ་དང་སྙིང་རྗེ་དབྱེར་མེད་པར་ཉམས་སུ་མྱོང་བ་ལ་སོགས་པའོ། །ཉམས་གསུམ་པོ་དེ་དག་ནི་ཡོན་ཏན་ཅན་ཡིན་ཏེ། ལམ་སྒོམ་པའི་འབད་རྩོལ་གྱིས་གོང་ནས་གོང་དུ་བོགས་འདོན་པར་བྱའོ། །ཕན་གནོད་མེད་པའི་ཉམས་ནི། དཔེར་ན་དབྱར་གྱི་སྤང་ལ་ཅི་ཡང་སྐྱེ་བ་ལྟར། རྣལ་འབྱོར་པའི་ཉམས་ལ་ཅི་ཡང་འཆར་རོ། །མཉམ་རྗེས་གཉིས་ཀྱི་དུས་སུ་ཉམས་ལ་འདི་འབྱུང་མི་འབྱུང་བྱ་བ་མེད་དེ། ཕྱོགས་ཙམ་མཚོན་ན་སྣང་བ་འདི་མེར་འབར་བ་དང་། ཆུར་འབྲུབ་པ་དང་། སར་བྱིང་བའམ། རླུང་གིས་གཏོར་བའམ། ཉིན་པར་མུན་ནག་ཏུ་འགྱུར་བ་དང་། མཚན་མོ་ཤིན་ཏུ་གསལ་བ་དང་། འཇིག་རྟེན་གྱི་ཁམས་མང་པོ་མཐོང་བ་དང་། སྟག་མོ་སོ་བདར་བའམ། བདུད་ཀྱི་ཚོགས་ཀྱིས་བསྐོར་ནས་འཇིགས་པའི་སྒྲ་སྒྲོགས་པ་དང་། ལྷའི་ཚོགས་ཀྱིས་བསྐོར་ནས་ཆོས་བཤད་ཅིང་ལུང་སྟོན་པའམ། རང་གིས་ལུས་སྣ་ཚོགས་སུ་སྤྲུལ་པའམ། དབང་པོ་ཡན་ལག་མི་ཚང་བའམ། ནམ་མཁའི་དཀྱིལ་དུ་སྡོད་པ་ལ་སོགས་པ། ཐ་ན་མི་མགོ་སྐམ་པོའ་རྟ་སྐད་འཚེར་བ་མི་སྲིད་སྟེ། རྣལ་འབྱོར་པའི་ཉམས་ལ་དེ་ལྟ་བུ་ཡང་འབྱུང་སྲིད་དེ། ཉམས་དེ་དག་ནི་ཕན་གནོད་མེད་པས་སྐྱོན་ཡོན་གོང་དུ་ཡང་མི་བལྟ་བར་བཅོས་མི་དགོས་སོ། །སེམས་ནང་དུ་གནས་ཚད་པའི་རྟགས་ཙམ་ཡིན་ནོ། །ཉམས་རྩུབ་ཆོས་སུ་སྐྱེས་པ་ལ་ལྔ་སྟེ། འབྱུང་བ་ཆ་མ་སྙོམ་ན། ན་ཚའི་ཟུག་བསྐྱེད་པ་དང་། འཆི་འཕོའ་སྡུག་བསྔལ་དང་། ཉོན་མོངས་པ་དྲག་པོ་དང་། ཏིང་ངེ་འཛིན་གཡེང་བའི་རྟོགས་པ་སྣ་ཚོགས་དང་། ཕྱི་ནང་གི་བྱ་བ་སྣ་ཚོགས་སུ་སྐྱེ་བའོ། །སྐྱོན་དེ་དག་བཅོས་པའི་ཐབས་ལ། ལམ་གྱི་གེགས་བསལ་
༢༥༩ བར་བྱེད་པའི་གཟེར་ལྔ་ལས། དང་པོ་ན་ཚ་བོགས་སུ་འདོན་པའི་གཟེར་སྟོན་ཏེ། དེའི་དོན་ནི། ན་ཚའི་ཟུག་དེ་དག་མ་བསལ་ན་དེས་བསམ་གཏན་གྱི་གེགས་བྱེད་ཅིང་ཏིང་ངེ་འཛིན་གྱི་ལམ་འཇིགས་པ་ཡིན་པས། གོང་འོག་ནས་བསྟན་པའི་གདམས་ངག་གིས། ན་ཚའི་ཟུག་དེ་ཞི་བར་བྱས་ནས། ཉམས་དེ་ཏིང་ངེ་འཛིན་གོང་ནས་གོང་དུ་འཕེལ་བར་བྱེད། ལམ་གྱི་འཇིགས་པ་སེལ་བར་བྱེད་ཅིང་ན་ཚ་བོགས་སུ་འདོན་པར་བྱེད་པས་གཟེར་ལྔ་ཞེས་བྱའོ། །འདི་ལ་གསུམ་སྟེ། ཟུག་གི་རྒྱུ་དང་མཚན་ཉིད་དང་བཅོས་ཐབས་བསྟན་པའོ། །དེ་ལ་དང་པོ་ཟུག་འབྱུང་བའི་རྒྱུ་ནི། རྩ་དང་རླུང་དང་ཐིག་ལེ་ནི། དེ་རེ་རེ་ལའང་གསུམ་གསུམ་སྟེ། ཕོ་རྩ་ནི་གཞོན་པའོ། །མོ་རྩ་ནི་མི་གཞོན་པའོ། །མ་ནིང་གི་རྩ་ནི་སྙོམ་པའོ། །ཕོ་རླུང་དྲག་ཅིང་རྩུབ་ལ་དྲང་མི་བདེ་སྟེ། རླུང་ཟིན་པའི་དུས་སུ་ལུས་འཕར་ཞིང་སྤྲུགས་པའོ། །མོ་རླུང་དལ་ལ་འཇམ་ཞིང་དྲང་བདེ་བ་སྟེ། རླུང་ཟིན་པ་དང་ལུས་སྤྲིད་པ་དང་འདར་བའོ། །མ་ནིང་གི་རླུང་ནི་སྣོད་ཀྱིས་རྐྱེན་གྱིས་བསྒྱུར་བའོ། །ཕོའི་བདེ་བ་ནི་མི་རྟོགས་པ་ཤས་ཆུང་ལ་བདེ་བ་ཤས་ཆེ་བ་སྟེ། དེའང་ལུས་ལ་ཀོར་ལིང་དུ་སྐྱེ་ཞིང་ཟུག་ཅན་འོང་ལ་ཡུལ་ཡིད་ལ་བྱེད་པའོ། །མོའི་བདེ་བ་ནི་བདེ་བ་ཤས་ཆུང་ཞིང་མི་རྟོག་པ་ཤས་ཆེ་བ་སྟེ། །དེ་ཡང་བདེ་བ་ཟུག་མེད་ཡུལ་ཡིད་ལ་མི་བྱེད་པའི་བདེ་བ། སྔ་མ་བས་བག་ཙམ་ཕྲ་ཞིང་སྲབ་པ་ཞིག་ལུས་ཐམས་ཅད་ལ་ཁྱབ་པར་སྐྱེ་བའོ། །མ་ནིང་གི་བདེ་བ་དང་མི་རྟོག་པ་སྙོམས་པར་འབྱུང་ཞིང་ལུས་སེམས་གཉིས་ཀ་ལ་མཉམ་པར་སྐྱེ་བའོ། །དེ་ཡང་ཕོ་རྩ་དང་མོ་རླུང་གཉིས་འཚོགས་ན་ཟུག་མི་འབྱུང་མི་སྲིད་དོ། །དེ་ཡང་ལན་གྲངས་མང་དུ་མི་འབྱུང་སྟེ། །བྱུང་དུས་བཅོས་དཀའོ། །ཕོ་རྩ་མོ་རླུང་གཉིས་འཚོགས་ན། ན་ཚའི་ཟུག་ཡོད་པ་དང་། གྲངས་མང་དུ་འབྱུང་སྟེ་བཅོས་སླའོ། །ཕོ་རྩ་དང་མ་ནིང་རླུང་གཉིས་འཚོགས་ན། ཟུག་མང་ཉུང་ཡང་འབྲིང་ལ། བཅོས་
༢༦༠ དཀའ་སླ་ཡང་འབྲིང་ངོ་། །མོ་རྩ་ཕོ་རླུང་གཉིས་འཚོགས་ན་སྟོང་པ་ནང་འཕྲད་ནས། ཟུག་འབྱུང་མི་སྲིད་པས་ཉམས་སོང་པ་ཤས་ཆེའོ། །མོ་རྩ་མོ་རླུང་གཉིས་འཚོགས་ན། མཐུན་པའི་རྐྱེན་འཛོམ་པ་ཡིན་ཏེ། ཟུག་མི་འབྱུང་བར་འོད་གསལ་མི་རྟོགས་པའི་ཉམས་བཟང་པོ་སྐྱེའོ། །མོ་རྩ་དང་མ་ནིང་གི་རླུང་གཉིས་འཚོགས་ན་ཟུག་ཆུང་ལ་བཅོས་སླའོ། །མ་ནིང་གི་རྩ་དང་ད་ཉིད་ཀྱི་རླུང་འཚོགས་ན། ཟུག་མི་འབྱུང་ལ་ཉམས་ཤིན་ཏུ་བརྟན་པ་འབྱུང་ངོ་། །མ་ནིང་གི་རྩ་དང་མོ་རླུང་གཉིས་འཚོགས་ན་ན་ཚ་ཅུང་ཟད་ཅིག་འབྱུང་ཞིང་བཅོས་ཀྱང་སླའོ། །ཟུག་གི་མཚན་ཉིད་ལ་གསུམ་སྟེ། རྩ་ཟུག་ནི་ཀོར་ལིང་དུ་ན་ཞིང་ལྷག་པར་ཟུག་གཟེར་ཆེ་བའོ། །རླུང་ཟུག་ནི་ན་ཚའི་དམིགས་ངོས་བཟུང་མེད་པར་སྙོམས་པར་ན་ཞིང་ཤེས་པ་བྱིང་། ཟས་མི་ལེན། ཉམས་སྟོབས་ཆུང་བའོ། །ཐིག་ལེའི་ཟུག་ནི་ན་ཚའི་ཟུག་གཟེར་དང་བདེ་བ་འདྲེས་མ་འོང་སྟེ་དེ་ཉིད་རླུང་སེམས་འདུས་ནས་རྩོལ་བ་བྱས་ན་ཕན་པ་སྙམས་བྱེད་པ་དང་། ཟུག་གི་རྗེས་ལ་བདེ་བར་འགྲོ་བ་སྙམ་བྱེད་པའོ། །དེ་ཡང་དཔེར་ན་སྐྱེ་བོ་ཐ་མལ་པ་ཅིག་ལ་ན་ཚ་བྱུང་ན་སྨན་པ་དང་། མོ་མ་དང་། དཔྱད་མཁན་གསུམ་བོས་ནས། དེ་གསུམ་གྱིས་རིམ་པ་ལྟར་ནད་འདུ་བ་རྣམ་བཞི། འདྲེ་གདོན་དང་། ལོ་ཟླའི་ཀག་རྣམས་ལ་སོགས་པར་ངོས་བཟུང་ནས་འཆོས་པ་བཞིན་དུ་རྣལ་འབྱོར་པ་ལ་ཟུག་དག་བྱུང་བའི་དུས་སུ། འབྱུང་བ་ཆ་མ་སྙོམས་པའི་ནད་ཡིན་ནམ་སྙམ་པ་དང་། འདྲེ་གདོན་ཡིན་ནམ་སྙམ་པ་དང་། སྒོམ་པའི་སྐྱོན་ཡིན་ནམ་སྙམ་པའི་རྟོག་པ་གསུམ་འབྱུང་ངོ་། །དེ་དག་བཅོས་པའི་ཐབས་ལ་གསུམ་སྟེ། དང་པོ་ཕྱི་འབྱུང་བའི་རོ་སྙོམས། གཉིས་པ་ནང་སེམས་ཀྱི་རོ་སྙོམས་པ་དང་། གསུམ་པ་གསང་བ་ཉམས་ཀྱི་རོ་སྙོམས་པའོ། །དེ་ལ་དང་པོ་ནི། བདུད་རྩི་རྣམ་པ་ལྔ་བསྟན་པ་སྟེ། རང་གི་ལུས་ལས་བྱུང་བའི་བྱང་སེམས་དཀར་དམར་གཉིས། དྲི་ཆེན་དྲི་
༢༦༡ ཆུ་གཉིས་ཏེ་བཞི། བུ་ག་བདུན་ནས་འཛག་པའི་རྫས་གཅིག་ཏུ་བརྩིས་པས་ལྔའོ། །དེ་རྣམས་ལ་རྩིའི་ཕྱིར་བདུད་རྩི་ལྔ་ཞེས་བྱ་ཞེ་ན། རྣལ་འབྱོར་པའི་ནད་དང་འཆི་བ་ནི་བདུད་ཡིན་ལ། དེ་གཉིས་ལ་རྫས་ལྔ་པོ་དེས་གསོ་བར་བྱེད་པས་ན་རྩི་ཡིན་ནོ། །དེ་བསྟེན་པའི་ཚུལ་ལ་གཉིས་ལས། སྤྱིར་ནི་གསང་སྔགས་རྣལ་འབྱོར་བླ་ན་མེད་པའི་སྒོར་ཞུགས་པ་རྣམས་ཀྱིས། སྤྱད་པར་བྱ་བའི་དམ་ཚིག་ཡིན་ཏེ། དེ་ཡང་རབ་ཀྱིས་ཐུགས་ཕྲད་དུ། འབྲིང་གིས་སྨན་གྱིས་ཁ་དོག་དང་དྲི་བསྒྱུར་བའི་རིལ་བུ། ཐ་མ་ལ་ཡང་མོས་པས་བསྟེན་པར་བྱའོ། །དེ་ལ་ཁྱད་པར་དུ་འདིའི་སྐབས་སུ་བདུད་རྩི་དྲི་ཆུ་བསྟེན་པར་བྱ་སྟེ། ཞག་གཉིས་གསུམ་གྱི་སྔོན་རོལ་ནས། བདུད་རྩི་མི་འདྲེད་ཅིང་ནུས་པ་ཆེ་བར་བྱ་བའི་ཕྱིར། ཁ་ཟས་ཤ་ཆང་ལ་སོགས་བཅུད་སྣུམ་རྣམས་དང་། ལན་ཚྭ་དང་སྔོའི་བྱེ་བྲག་དང་། ཚ་སྒྱུར་དང་རུལ་སུམ་རྣམས་སྤང་ལ་ཕྱི་ཐུག་ཟུན་དྲོན་གཏང་། ལྟོ་བརྗེས་པའི་དྲི་ཆུ་བྱུང་ཚད་ན་སྤྲོད་དམ་ལྕགས་སྣོད་དུ་བཅུགས་ལ་མ་དྲང་བ་རླབས་ཆེན་ཡོལ་ཙམ་ན་བཏུང་། དེ་ལྟར་ཞག་གྲངས་ལ་སོགས་ཚོད་དང་སྦྱར་ཞིང་བདུད་རྩིས་བསྐོར་བས། ཚ་གྲངས་ལ་སོགས་པ་འདུ་བ་རྣམ་བཞི་སྟོད་ན་ཡོད་ན་ཡར་ལ་སྐྱུག་ལ་སྨད་ལ་ཡོད་ན་མར་ལ་བཤལ་ཅིང་། དེས་འབྱུང་བ་ཆ་སྙོམ་ན་ནད་ཟུག་ཐམས་ཅད་ཞི་བར་འགྱུར་རོ། །ལག་ལེན་བླ་མའི་ཞལ་ལས་ཤེས། །རྗེས་ཀྱང་དེ་ཉིད་ཀྱིས་ཚོད་འཛིན་པའོ། །གཉིས་པ་ནང་སེམས་ཀྱི་རོ་སྙོམ་ནི། རྣལ་འབྱོར་པ་ལ་ན་ཚའི་ཟུག་བྱུང་ཙམ་ན། འདྲེ་གདོན་ཡིན་སྙམ་པའི་རྟོག་པ་བྱུང་ན་འདྲེ་མེད་པར་ཐག་བཅད་དོ། །དོན་དམ་པར་འདྲེ་བས་རང་ཡང་མེད། དེས་ཀུན་རྫོབ་ཏུ་ན་ཚའི་སྐྱོན་མི་བྱེད། ཀུན་རྫོབ་ཏུ་ཡང་མེད་ན་འདྲ་སྟེ། འདྲེ་ནི་མཁའ་ལ་རྒྱུ་བའི་ཡི་དྭགས་ཡིན་པས། དེ་མེད་ན་འགྲོ་བ་རིགས་དྲུག་མི་ཚངས་ཏེ། བཀའ་མདོ་རྒྱུད་མཐའ་དག་ནས་
༢༦༢ རིགས་དྲུག་ཡོད་པར་གསུངས་པ་དང་འགལ་ལོ་སྙམ་ན། དེ་ལྟར་བདེན་མོད་ཀྱིས། དཔེར་ན་ཚ་རེག་གྲང་རེག་འགལ་བས་ཚ་རེག་ཡིན་ན་གྲང་རེག་མ་ཡིན་པ་བཞིན། འདྲི་ཡོད་ན་རྣལ་འབྱོར་མ་ཡིན་ལ། རྣལ་འབྱོར་ཡིན་ན་འདྲེ་མེད་པར་ཐག་ཆོད་པའོ། །དེ་ཡང་ཕྱི་ནང་གསང་བ་གསུམ་ལས། ཕྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ལུང་ཙམ་སྒོ་བསྟུན་ན་ལུང་ལས་ཀྱང་། སེམས་ཅན་ཐམས་ཅད་གང་གིས་ཀྱང་ཕ་དང་མ་མ་བྱས་པ་མེད་ཅིང་། སེམས་ཅན་གཅིག་གིས་མ་བྱས་པའི་གྲངས་ཀྱང་བརྗོད་ཀྱིས་མི་ལངས་པར་གསུངས་ལ། རིགས་པ་ལྟར་ན། རིག་དྲུག་གི་སེམས་ཅན་གྲངས་མཐའ་མེད་ཅིང་། འཁོར་བ་ལ་ཐོག་མ་མེད་པའི་ཕྱིར། སེམས་ཅན་གྱིས་མ་བྱས་པར་ཐག་ཆོད་པས་ན། སྨོན་འཇུག་བྱང་ཆུབ་ཀྱི་སེམས་སྦྱོང་བའི་རྣལ་འབྱོར་པ་ལ། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་མར་མ་གྱུར་པ་མེད་པས་དེ་ལས་གཞན་པའི་འདྲེ་མེད་དོ། །དེ་རྣམས་ལ་རང་གིས་ངེས་པར་མའི་བློ་ཞིག་བསྐྱེད་ནས་བལྟས་ན། གཞན་དེས་ཀྱང་བདག་ལ་བུའི་བློས་ཕན་འདོགས་པ་ལས་གནོད་པ་བྱེད་མི་སྲིད་དོ། །གལ་ཏེ་མར་མ་ཤེས་སམ། ཤེས་ཀྱང་བདག་ལ་གནོད་པ་བྱེད་དོགས་ནས་བཏག་བརྡུང་བྱེད་དོ་ཞེ་ན། དཔེར་ན་ཡུར་བ་འགགས་པས་ཆུ་ལམ་ཆད་པ་ལྟར། རྣལ་འབྱོར་དེ་ཕ་རོལ་ཏུ་ཕྱིན་པའི་ལམ་སྐལ་ཆད་པ་ཞེས་བྱའོ། །ནང་ལྟར་སྨིན་བྱེད་དབང་བཞི་ལས། བུམ་དབང་ཐོབ་ནས། གྲོལ་བྱེད་བསྐྱེད་རིམ་སྒོམ་པར་བྱེད་པའི་གང་ཟག་ལ་སྣང་སྲིད་འཁོར་འདས་ཐམས་ཅད་ལྷ་དང་ལྷ་མོའ་སྣང་བ་མ་གཏོགས་པར་གནོད་བྱེད་ཀྱི་སྣང་བ་མེད་དེ། ཡང་འཁོར་ལོ་སྡོམ་པའི་རྒྱུད་ལས་ཀྱང་། །གང་དུ་བསྡད་ཀྱང་གཞལ་ཡས་ཁང་། །སུ་དང་འགྲོགས་ཀྱང་ཡི་དམ་ལྷ། །ཅི་ལྟར་བྱས་ཀྱང་ཆོས་ཀྱི་སྐུ། །དོན་དུ་མི་འགྱུར་གང་ཡང་མེད། །ཅེས་གསུངས་པས་གནོད་བྱེད་ཀྱི་འདྲེ་མེད་དོ། །དེ་ཡང་ཅི་ལྟར་
༢༦༣ ཡིན་ཞེ་ན། ཉིན་བར་གྱི་དུས་ན་མུན་པ་མ་ཡིན་པ་བཞིན་དུ། ཐམས་ཅད་ལྷ་ཡིན་པས་འདྲེ་མ་ཡིན་ཏེ། ཐམས་ཅད་ཡི་དམ་གྱི་ལྷར་ཤེས་པར་བྱས་ན། ཡི་དམ་གྱི་ལྷས་གནོད་པ་བྱེད་མི་སྲིད་དོ། །གལ་ཏེ་དེ་ལྟར་མ་ཤེས་སམ་ཤེས་ཀྱང་གནོད་བྱེད་དུ་འཛིན་ན། དེ་གཉིས་འགལ་ནས་ནང་གསང་སྔགས་ཀྱི་རྣལ་འབྱོར་པ་གྲོལ་བྱེད་བསྐྱེད་རིམ་སྒོམ་པའི་ལམ་སྐལ་ཆད་པའོ། །གསང་བ་ལྟར་ན། སྨིན་བྱེད་དབང་བཞི་རྫོགས་ནས། གྲོལ་བྱེད་རྫོགས་རིམ་སྒོམ་པའི་དབང་དུ་བྱས་ན། སྣང་གྲགས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ལས་མ་འདས་ཏེ། དེ་སྐད་དུའང་། ཧེ་བཛྲ་ལས། །བསྟན་པ་ང་ཉིད་སྟོན་པ་ང་། །རང་གི་ཚོགས་ལྡན་འཛིན་པ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ང་། །འགྲོ་བ་ཐམས་ཅད་ང་ལས་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་པ་དང་། བདེ་བ་གནག་ཅིང་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་གུ་བདེ་བ་སྔོ། །བདེ་བ་རྒྱུ་དང་མི་རྒྱུ་ཀུན། །བདེ་བ་ཤེས་རབ་བདེ་བ་ཐབས། །དེ་བཞིན་ཀུན་ཏུ་རུ་སྐྱེས་བདེ། །བདེ་བའི་དངོས་པོ་དངོས་མེད་བདེ། །རྡོ་རྗེ་སེམས་དཔའ་བདེ་བ་བརྗོད། །ཅེས་གསུངས་པས། དེའི་ཕྱིར་ན་བདེན་རྫུན་གཉིས་གཅིག་ཏུ་འགལ་བས་བདེན་པར་གྲུབ་ན་བརྫུན་པ་མ་ཡིན་པ་བཞིན་དུ། ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས། གནོད་བྱེད་ཀྱི་འདྲེ་མེད་པར་ཐག་ཆོད་དོ། །གལ་ཏེ་དེ་ལྟར་མ་ཤེས་པར། འདྲེ་རྟོག་བྱུང་ན། དེ་གཉིས་འགལ་བའི་ཕྱིར། རྣལ་འབྱོར་པ་དེ་གསང་སྔགས་གྲོལ་བྱེད་རྫོགས་རིམ་སྒོམ་པའི་ལམ་སྐལ་ཆད་བའོ། །དེ་ལྟར་ན་སེམས་ཀྱི་རོ་སྙོམས་གསུམ་པོ་དེ་རང་གི་རྒྱུད་ལ་གང་འཐད་པ་གཅིག་གམ། ཡང་ན་གཉིས་ཀའི་སྒོ་ནས་རྣལ་འབྱོར་པ་ལན་ཚ་སྡུག་བསྔལ་ཅི་བྱུང་ཡང་འདྲེ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་དེ་ལྟར་ཕྱི་འབྱུང་བའི་རོ་སྙོམས་དང་། ནང་སེམས་ཀྱི་
༢༦༤ རོ་སྙོམས་དང་གཉིས་བྱས་ཀྱང་། ནད་ཀྱི་ཟུག་དེ་མ་སོས་ན་འབྱུང་བ་དེ་འདྲེ་མ་ཡིན་ཞིང་འབྱུང་བ་རོ་སྙོམས་པར་ཐག་ཆོད་ན། ཟུག་དེ་སྒོམ་ཉམས་རྩུབ་ཆོས་སུ་ན་ཚའི་ཟུག་ཆེན་སྐྱེ་བ་ཡིན་ནོ། །ད་དེ་གང་གིས་བཅོས་ན། གསུམ་པ་གསང་བ་རོ་སྙོམས་ཀྱིས་བཅཽས་སོ། །རྗེ་ནཱ་རོ་པའི་ཞལ་ནས། བཅོས་ཐབས་བསམ་གྱིས་མི་ཁྱབ་ཀྱང་། སྟོང་པའི་གོ་ཆ་རྩིས་སུ་ཆེ། །ཅེས་གསུངས་པས། དང་པོ་སྟོང་པའི་གོ་ཆ་སྒོམ་པར་བྱ་སྟེ། དེ་ཡང་གནད་བཞི་སྟེ། དུས་གནད་ནི་ན་ཚ་དྲག་པོ་བྱུང་བའི་དུས་སོ། །ལུས་གནད་གཏུམ་མོ་དང་མཐུན། ཡུལ་གནད་ན་ཚ་བྱུང་བ། ཤེས་པའི་གནད་སྤྱི་བོ་ནས་རྐང་མཐིལ་གྱི་བང་དུ་ན་ཚ་གང་བྱུང་བ་དེ་སྟོང་པར་བསྒོམས་པ་སྟེ། དེ་ཡང་སྐར་ཁུང་དང་ཟང་ཐལ་གྱི་ཚུལ་གྱིས་སོ། །གཉིས་པ་ནི། དེས་མ་སོལ་ན་བདེ་བའི་གོ་ཆ་བསྒོམ་པར་བྱ་སྟེ། གནད་བཞི་ལས། དུས་དང་། ཡུལ་དང་། ལུས་གསུམ་སྔ་མ་ལྟར་མཐུན། ཤེས་པའི་གནད་ནི། ན་ས་སྟོང་པར་བསྒོམ་པའི་ས་དེར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དངུལ་ཆུ་ལྟར་དཀར་དམར་གྱིས་གང་བས། ན་ཚ་དེ་ཉིད་བདེ་བར་གྱུར་ནས། བདེ་བ་ཕྲིལ་ཕྲིལ་བའམ། བདེ་སྟོང་དབྱེར་མེད་དུ་བསྒོམ། གསུམ་པ་ནི། དེས་ཀྱང་མ་སེལ་ན་གཏུམ་མོའ་གོ་ཆ་བསྒོམ་པར་བྱའོ། །གནད་བཞི་ལས་གསུམ་པོ་སྔ་མ་དང་མཐུན། ཤེས་པའི་གནད་ནི། ན་སར་སྟོང་པར་བསྒོམ་པའི་ནང་དེར་གཏུམ་མོའ་མེ་མཚན་ཉིད་བཞི་ལྡན་སྦོམ་ཕྲ་ཅི་རིགས་པ་ཞིག་བསྒོམ་མོ། །བཞི་པ་ནི། གལ་ཏེ་ཟུག་གཟེར་ཤིན་ཏུ་ཆེ་ནས་གོ་ཆ་གསུམ་པོ་གང་ལ་ཡང་ཤེས་པ་གཏད་མ་ཚུགས་ན་སེམས་ཀྱི་གོ་ཆ་བསྒོམ་པར་བྱ་སྟེ། ཡང་གནད་བཞི་ལས་གསུམ་པོ་སྔ་མ་དང་འདྲ། ཤེས་པའི་གནད་ནི། ཟུག་གཟེར་དེ་རང་ལ་ཤེས་པ་བསྡུ་ཞིང་རླུང་མནན་པས་རྩ་མིག་ཁེངས་ཙམ་ན་ལུས་ཕར་གཅུ་ཚུལ་བཅུ་བྱ་སྟེ། གར་ནས་དེ་ཉིད་དུ་རླུང་དང་ཤེས་པ་དྲིལ་ལ་བསྒོམ་མོ། །དེ་ནི་དམིགས་པའི་བློ་རྡོག་ཅེས་བྱ་སྟེ། གོ་ཆ་གོང་མ་གསུམ་གྱི་གྲོགས་སུ་ཡང་འགྲོའོ། །ལྔ་པ་ནི། ཐབས་དེ་དག་ནི་
༢༦༥ གིས་མ་སེལ་ན། བསོད་ནམས་བསགས་པ་དང་། དམ་ཚིག་ཉམས་པའི་སྐྱོན་ཡོད་པ་ཡིན་སྲིད་པས་ན། བླ་མའི་གོ་ཆ་བསྒོམ་པར་བྱ་སྟེ། རང་གི་བླ་མ་ལ་བརྟེན་ནས་བསོད་ནམས་བསགས་ཅིང་དམ་ཚིག་སྐོར་བའི་ཐབས་ལ། གནད་བཞི་ལ་གསུམ་སྔ་མ་དང་འདྲ། ཤེས་པའི་གནད་ནི། ན་ས་སྟོང་པར་བསྒོམ་པའི་ནང་དེར་ནད་བཞི་ཚ་གྲངས་གང་ཡིན་བརྟགས་ལ། ཚད་པ་ཤས་ཆེ་བ་ལ་བླ་མའི་གདན་ཟླ་བའི་གདན་ཅིག་ཅིག་བསམ། གྲང་བ་ཤེས་ཆེ་ན་ཉི་མའི་གདན་སྟེང་དུ་རྩ་བའི་བླ་མ་ཞལ་འཛུམ་བག་གི་མདངས་དང་ལྡན་པ་གསལ་བར་བསྒོམས་ལ། ཁ་ཙམ་ཚིག་ཙམ་མ་ཡིན་པར། ཞེ་ཁོང་རུས་པའི་གཏིང་ནས། མོས་གུས་སིང་སིང་ངེས་པར་བྱས་ན། བསོད་ནམས་འགྲིབ་པའམ། དམ་ཚིག་ཆགས་ཉམས་ཐམས་ཅད་སོར་ཆུད་ནས། སྡུག་བསྔལ་ལས་གྲོལ་ནས། བདེ་བ་ཉམས་སུ་འཆར་བར་འགྱུར་རོ། །དེ་རྣམས་ལ་རླུང་རྩོལ་སྔ་མ་བས་བོགས་ཆུང་བ་ཤིན་ཏུ་རགས་པར་བྱའོ། །དེ་ལྟར་རོ་སྙོམས་པ་གསུམ་པོ་དེ་ཡང་གདམས་ངག་བཤད་པའི་གོ་རིམ་ཕྱི་འབྱུང་བའི་རོ་སྙོམས་སྔོན་ལས་བྱས་གསུངས་ཀྱང་། གལ་ཏེ་ཐབས་དེ་གཅིག་པུས་ནད་མ་སོས་པར་ལུས་ཀྱི་ཉམས་དམའ་ནས་རྗེས་ལ་ནང་དང་གསུང་པའི་རོ་སྙོམས་མི་ནུས་པ་སྲིད་པས་ན། ལག་ལེན་གྱི་དུས་སུ་དང་པོ་ནང་དང་གསང་བའི་རོ་སྙོམས་ཀྱིས་བཅོས་ལ། དེ་གཉིས་ཀྱིས་མ་སོལ་ན། གཟོད་ཕྱིའི་རོ་སྙོམས་བྱ་སྟེ། དེ་གསུམ་བསྡེབས་ནས་བཅོས་པས། སྐྱོན་ཉམས་ནད་ཀྱི་ཟུག་རྔུ་ལས་གྲོལ་ནས། བདེ་ཉམས་ཡོན་ཏན་གྱི་བོགས་སུ་སྐྱེ་བ་ལ་ཐེ་ཚོམ་མེད་དོ། །ན་ཚ་ཕོགས་སུ་འདོན་པའི་གཟེར་རོ། །གལ་ཏེ་ཐབས་དེ་དག་གིས་ནད་ཀྱི་ཟུག་དེ་མ་སོལ་ན་ངེས་པར་ཁོ་ནར། རྣལ་འབྱོར་པ་དེ་ཚེ་ཟད་པའམ་དུས་ཐུག་པ་ཡིན་ཏེ། གཟེར་གཉིས་པ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ནི་སྐྱོན། ཉམས་ཀྱིས་བཅོས་པའི་ཐབས། འཆི་བ་གྲོགས་སུ་འཁྱེར་བའི་གཟེར་ཉམས་སུ་བླང་བར་བྱའོ། །དེ་ལ་ཆོས་ཉིད་དམ་རང་བཞིན་གྱིས་འཕོ་བ་ཞེས་བྱ་བ་འདི། སྐྱེ་བོ་ཐ་མལ་པ་ལ་འདི་འདྲ་བདུད་
༢༦༦ ཡིན་པ་ལ། རྣལ་འབྱོར་པ་བླ་མ་དམ་པའི་གདམས་ངག་དང་ལྡན་པ་ཅིག་ལ། དཔའ་བོ་མཁའ་འགྲོའི་སུན་མ་འབྱུང་སྟེ། དཔལ་འཁོར་ལོར་སྡོམ་པ་ལས། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་ཚོགས་དང་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའ་སྒྲ་ནི་སྣ་ཚོགས་དང་། །གླུ་དང་མཆོད་པ་སྣ་ཚོགས་ཀྱིས། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །འཆི་བ་ཞེས་བྱ་རྣམ་རྟོག་ཡིན། །ཞེས་གསུངས་པས། འཆི་བ་ལ་བརྟེན་ནས་བར་དོར་ཕྱག་རྒྱ་ཆེན་པོའ་དངོས་གྲུབ་ཐོབ་པར་བྱེད་ཅིང་། ལམ་གྱིས་གྲོགས་སུ་འགྲོ་བས་གཟེར་ཞེས་བྱའོ། །དེའི་ཐབས་ལ་གཉིས་ཏེ། རང་བཞིན་འབྱུང་ཚུལ་དང་། དེ་ལམ་དུ་སློང་བའི་ཚུལ་ལོ། །དང་པོ་ལ་ཡང་གསུམ་སྟེ། འཆི་བའི་སྦྱོར་བ་དང་། དངོས་གཞི། རྗེས་སོ། །དེ་ལ་དང་པོ་སྦྱོར་བ་ནི། མི་འཆི་ན་མི་འཆི་བ་འཐད། །འཆི་བ་ན་འཆི་བ་ཐམས་ཅད་སྤྱིར་འགྲོ་བ་རིགས་དྲུག་ཁྱད་པར་དུ་མིའི་འགྲོ་བ་རྣམས་ལ་རྒས་པ་དང་ན་བ་ཡུན་རིང་པོས་རིམ་གྱིས་འཆི་བའམ་ཡང་ན་གློ་བུར་མཚོན་ནམ་གཏིབས་གྲི་ལ་སོགས་པ་ལྟ་བུས་ཅིག་ཆར་དུ་འཆི་བས། འཆི་རྟགས་ཀྱི་སྒོ་ནས་དངོས་པོ་ཐམས་ཅད་མི་རྟག་པར་རྫུན་པ། སྒྱུ་མའི་མཚན་ཉིད་ཅིག་མངོན་སུམ་དུ་མི་སྐྱེ་མི་སྲིད་དོ། །དེ་ཡང་འདི་ལྟར་འཆི་ཀའི་དུས་སུ་ཕུང་པོ་ཁམས་དང་སྐྱེ་མཆེད་འབྱུང་བ་ཆེན་པོ་བཞི་ལ་ཐིམ་ནས་འགྲོའོ། །དེ་བཞིན་ཡང་། སའི་རླུང་ཆུའི་རླུང་ལ་ཐིམ་པའི་དུས་སུ་ཕྱི་རྟགས་སུ་ལུས་ཀྱི་སྟོབས་ཤོར་ཏེ། གོས་ཀྱང་མི་ཐིག་ཅིང་ཟུག་མི་ཐུབ། ནང་རྟགས་སུ་ཤེས་པའི་ཉམས་མྱོང་ལ། ད་ལྟའི་སྣང་བ་བརྟན་ཅིང་ཐེར་ཟུག་ཏུ་འཛིན་པ་འདི་ནུབ་ནས། སྐད་ཅིག་མི་སྡོད་པར་གཡོ་བ་སྨིག་རྒྱུ་ལྟ་བུའི་སྣང་བ་འབྱུང་ངོ་། །ཆུའི་རླུང་མེ་ལ་ཐིམ་པའི་རྟགས་སུ་ཕྱི་རྟགས་ལ་ཁ་སྣའི་ཆུ་རླུང་ཕྱིར་འབུད་ནས། དེའི་རྗེས་ལ་ཁ་སྣ་སྐམ་ནས་འོང་། ནང་རྟགས་སུ་འཁྲིག་ཆགས་ཀྱི་སྣང་བ་དེ་ནུབ་ནས་དུད་པ་ལྟ་བུ་བན་བུན་ལང་ལོང་གི་སྣང་བ་འབྱུང་ངོ་། །
༢༦༧ མེའི་རླུང་རླུང་ལ་ཐིམ་པའི་རྟགས་སུ་ཕྱི་རྟགས་སུ་ལུས་དྲོད་མཐའ་ནས་འཆོར། ནང་རྟགས་སུ་སྣང་བ་འདི་རྣམས་རེས་གསལ། རེས་མི་གསལ་དུ་འགྲོ་བའི་སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འབྱུང་ངོ་། །རླུང་གི་རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ། ཕྱི་རྟགས་སུ་དབུགས་ཤར་ཤར་ཕྱིར་རྒྱུ་བ་རིང་ཞིང་ནང་དུ་འཇུག་པ་དཀའ་ཞིང་ཐུང་། ནང་རྟགས་སུ་ཕྱི་རོལ་གྱི་སྣང་བ་ནུབ་ནས་རྣམ་པར་ཤེས་པ་བུམ་པ་ནང་གི་མར་མེ་ལྟར་རྟོག་པ་མེད་པ་རང་བཞིན་གྱིས་གསལ་བ་འགྱུར། གཉིས་པ་འཆི་བ་དངོས་ནི། དེ་ནས་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པའི་དུས་སུ་ཕྱི་རྟགས་སུ་དབུགས་ཐམས་ཅད་ཕྱིར་ཕྱུང་ནས་ནང་དུ་རྔུབས་པའི་འཕྲོ་ཆད་ནས་ནད་པ་ཤི་ནས་ཐལ་ཟེར་བ་འབྱུང་། ནང་རྟགས་སུ་འཆི་བ་དོན་དམ་པའི་བདེན་པ་འོད་གསལ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཆོས་ཉིད་སྐད་ཅིག་ཙམ་མངོན་དུ་བྱེད་པའོ། །དེ་སྐད་དུ་ཡང་། ཧེ་བཛྲ་ལས། དང་པོ་དུ་བ་ལྟ་བུ་སྟེ། སྨིག་རྒྱུ་ལྟ་བུ་གཉིས་པ་ཡིན། །གསུམ་པ་མཁའ་སྣང་ལྟ་བུ་སྟེ། །མར་མེ་ལྟར་འབར་བཞི་པ་ཡིན། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་གསུངས། གསུམ་པ་འཆི་བའི་རྗེས་ནི། དེ་ནས་འོད་གསལ་དེའི་ངང་ལས། སྲིད་པ་བར་དོའ་རྣམ་ཤེས་ཟུང་འཇུག་རྡོ་རྗེའི་སྐུར་ལྡང་བར་འགྱུར་རོ། །དེ་ཡང་མངོན་པར་མཛོད་ལས། །སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་བཤད་པ་ལྟར། ཚེ་སྔ་མའི་ལུས་ཀྱི་བག་ཆགས་ཀྱི་སྣང་བ་ལས། མེ་ལོང་ནང་གི་གཟུགས་བརྙན་ལྟར། སྣང་སྟོང་དབྱེར་མི་ཕྱེད་པའི་འོད་གསལ་གྱི་ལུས་ཅན། དབང་པོ་ཀུན་ཚང་བ། སྲ་བ་བྲག་དང་། སྙི་བ་ཆུ་ལ་སོགས་པ་ལ་ཐོགས་རྒྱུགས་མེད་ཅིང་། མེས་བསྲེག་ཏུ་མེད། མཚོན་གྱིས་བཅད་གཏུབ་ཏུ་མེད་པ། དེ་ཡང་སྔགས་སམ། རྫས་སམ་ཏིང་ངེ་འཛིན་ལ་སོགས་
༢༦༨ པའི་སྒོ་ནས་བསྒྲུབས་པའི་རྫུ་འཕྲུལ་མ་ཡིན་ཏེ། ལས་ཀྱི་མཐུ་ལས་གྲུབ་པའི་རྫུ་འཕྲུལ་དང་ལྡན་པ། བར་དོའ་སེམས་ཅན་ཕན་ཚུན་གཅིག་གིས་གཅིག་མཐོང་བས་ལྷའི་མིག་རྣམ་པར་དག་པས་མཐོང་ཞིང་། འགྲོ་བ་གཞན་གྱིས་མི་མཐོང་བའོ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་སྒྱུ་མའི་འོད་གསལ་ཟུང་འཇུག་དེ། འཆི་བའི་དུས་གསུམ་ལ་བརྟེན་ནས་རང་བཞིན་གྱིས་མངོན་སུམ་དུ་བྱས་ཀྱང་། གདམས་ངག་དང་མི་ལྡན་པ་རྣམས་ཀྱིས་དེ་དག་ངོས་མ་ཟིན་ཅིང་ངོ་མ་ཤེས་པས་སླར་ལ་ལོག་རྟོག་དང་བདག་འཛིན་འཕེལ་ནས། ཡང་སྐྱེ་བ་དང་། འཆི་བ་དང་། བར་དོའ་སྲིད་པ་གསུམ་དུ་འཁོར་ཞིང་། རྒྱུ་དྲུག་ཏུ་འཁྱམས་པའོ། །དེ་ནི་རང་བཞིན་འབྱུང་ཚུལ་ལོ། །དེ་ལྟ་བུ་དེ་ལམ་དུ་སློང་བའི་ཐབས་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་དང་གསུམ་མོ། །སྦྱོར་བ་ལ་ཡང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། འཆི་བའི་རང་བཞིན་འབྱུང་ཚུལ་ལ་སོགས་པའི་གདམས་ངག་ཁོང་དུ་ཆུད་པའི་རྣལ་འབྱོར་པས། སྨིག་རྒྱུ་ལྟ་བུ་ལ་སོགས་པའི་རྟགས་བྱུང་ནས་ད་འཆི་བ་ངེས་པས་ན། འདི་ལྟར་དུ་ཤེས་པར་བྱ་སྟེ། གལ་ཏེ་དངོས་པོ་འདི་རྣམས་ཡང་དག་པར་བདེན་པ་ན་འཆི་མི་སྲིད་ལ། འཆི་བ་བདེན་མི་སྲིད་པས། ད་ལྟར་དུ་འཆི་བར་སྣང་བའི་ཕྱིར། ཆོས་ཐམས་ཅད་རྫུན་པ་སྒྱུ་མ་ལྟ་བུར་མངོན་དུ་ཤེས་པའི་ཤེས་པ་བསྐྱེད་དེ། ཕྱི་ནང་གི་དངོས་པོ་ཐམས་ཅད་ཞེན་ཆགས་དང་བྲལ་བར་བྱས་ལ། རྫས་དང་ཡོ་བྱད་ཅི་ཡོད་པ་ཐམས་ཅད་ཚོགས་སུ་བཏང་། ཕྱི་ནང་གི་དུ་བ་དང་སྨྲེ་སྔགས་ལ་སོགས་པ་ཏིང་ངེ་འཛིན་གཡེང་བའི་རྒྱུ་རྣམས་སྤངས་ལ་བླ་མ་གྲོགས་པོ་དམ་ཚིག་དང་ལྡན་པས་གདམས་ངག་གསོ་ཞིང་། གསལ་འདེབས་ལ་མཁས་པ་རྩར་བརྟེན་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྦྱོར་བ་ནི། བླ་མ་ཡི་དམ་ཁྱད་པར་དུ་བྱས་པའི་དཀོན་མཆོག་གསུམ་ལ། སྙིང་ཐག་པ་རུས་པའི་གཏིང་ནས་མོས་གུས་བྱས་ལ།
༢༦༩ སྤྲོས་པ་ལ་དགའ་ནས་བདུན་རྣམ་དག་བྱ་བ་དང་། སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པའི་ཆོ་ག་རྒྱས་པར་བྱ། སྤྲོས་པ་ལ་མི་དགའ་ན་སྐྱབས་འགྲོ་ཁྱད་པར་ཅན་བྱས་ལ། བདག་གིས་འཆི་བའི་འོད་གསལ་དོན་དམ་པའི་བདེན་པ་རྟོགས་པ་པར་བྱས་ཏེ། བར་དོར་ཟུང་འཇུག་ཕྱག་རྒྱ་ཆེན་པོའ་གོ་འཕང་ཐོབ་ནས་འགྲོ་བ་སེམས་ཅན་མཐའ་དག་གི་དོན་རྗེས་སུ་སྤྱོད་པར་བྱའོ་སྙམ་པའི་སེམས་བསྐྱེད་ཡང་ཡང་དུ་བྱ་ཞིང་བར་དོ་ལ་བར་དོ་རང་ངོ་ཤེས་པར་བྱས་ལ་དེའི་ལུས་སྒྱུ་མ་ལྟ་བུ་དེ་ཟུང་འཇུག་རྡོ་རྗེའི་སྐུར་རྟོགས་པར་བྱའོ་སྙམ་དུ་ཡང་ཡང་སེམས་བསྐྱེད་ཀྱི་འཕེན་པ་དྲག་ཏུ་བྱའོ། །གཉིས་པ་དངོས་གཞི་ནི། ཆོས་ཐམས་ཅད་བརྫུན་པ་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར། བྱ་བ་གང་ཡང་མི་འགྲུབ་པ་མི་སྲིད་དོ། །དོན་ཇི་ལྟར་བསམ་པ་ལྟར་འགྲུབ་པ་ཡིན་གྱིས་སྙམ་དུ་འཆི་བས་མི་འཇིགས་པའི་གདིང་ཆེན་པོ་དང་ལྡན་པས་ནུས་པར་གྱུར་ན་ལུས་རྡོ་རྗེའི་སྐྱིལ་ཀྲུང་ལ་སོགས་པ་བྱ། དེ་ལྟར་མ་ནུས་ན། མགོ་བྱང་དུ་བསྟན་ལ་ཁ་ནུབ་ཏུ་ལྟ་ཡང་གསུངས། མགོ་ཤར་དུ་བསྟན་ནས་ཁ་བྱང་དུ་བལྟས་ལ་སེང་གེའི་ཉལ་ཐབས་བྱ། རང་ཡི་དམ་ལྷར་བསྒོམ་ནས། སྔར་གཏུམ་མོ་ལ་སོགས་ཐབས་ལམ་རྫོགས་རིམ་གྱི་ཉམས་མྱོང་གང་ལ་ངེས་ཤེས་སྐྱེས་ཤིང་གསལ་བ་ཞིག་ལ་བློ་བཞག་ལ། ཏིང་ངེ་འཛིན་མ་ཡེངས་པར་བྱའོ། །དེ་ལྟར་བསྒོམས་པས། ས་ཆུ་ལ་ཐིམ་པ་ལ་སོགས་པའི་ཕྱི་ནང་གི་རྟགས་རྣམས་རིམ་གྱིས་རྫོགས་ནས། མཐར་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པའི་དུས་སུ་ལམ་གྱིས་འོད་གསལ་དང་འཆི་ཀ་གཉིས་དབྱེར་མེད་པར་རང་བཞིན་གྱིས་འབྱུང་བ་དེ་གཉིས་དབྱེར་མེད་དུ་འདྲེས་ནས་དེའི་ངང་ལ་ལོའམ་ཟླ་བའི་བར་དུ་གནས་ཤིང་། བདག་འཛིན་ལོག་རྟོག་ཐམས་ཅད་སྤངས་ནས། དཔེར་ན་མཚོ་དྭངས་པ་ལས་ཉ་འཕར་བ་ལྟར། །འོད་གསལ་དེའི་ངང་ལས་བར་དོ་ཟུང་འཇུག་རྡོ་རྗེའི་སྐུ་མངོན་དུ་བྱེད་དེ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གསུམ་པ་རྗེས་
༢༧༠ ཀྱི་མན་ངག་ནི། གལ་ཏེ་འཆི་ཀར་ཤེས་པ་མི་གསལ་བའམ། གནད་གཅོད་དྲག་པོས་བསྒོམ་མ་ནུས་སམ། ལོང་མེད་དུ་གློ་བུར་དུ་འཆི་བའི་རྐྱེན་གྱིས་སྒོམ་པའི་སྐབས་མ་བྱུང་བའམ། སྔར་འོད་གསལ་ལ་གོམ་ཤས་ཆུང་བའི་སྟོབས་ཀྱིས་འཆི་ཀའི་འོད་གསལ་དེ་མ་ཟིན་པར་ཐ་མལ་པར་ཤི་ན་ཡང་། དཔེར་ན་ནུབ་མོ་ཉལ་ཁར་རང་གི་ཤེས་པ་ལ་སང་ནང་པར་ལས་ཀ་བྱ་བ་གལ་ཅན་འདི་ལྟ་བུ་ཞིག་བྱའོ་སྙམ་པའི་དྲན་འདུན་དྲག་པོ་ཞིག་ཡོད་ན་ནང་པར་གཉིད་སད་མ་ཐག་ཏུ་དེ་དྲན་པ་ལྟར། སྔར་འཆི་བའི་འཕེན་པ་དྲག་པོའ་སྟོབས་ཀྱིས། བར་དོར་བར་དོ་ཤེས་ཤིང་དེའི་མཚན་ཉིད་རྟོགས་པས་བར་དོའ་ལུས་སེམས་ལ་ཡང་བདག་ཏུ་འཛིན་པའི་མངོན་ཞེན་ལྡོག་སྟེ། བདག་འཛིན་ཕྱིན་ཅི་ལོག་གི་འཆི་བ་ལས་གྲོལ་ནས། དུས་དེ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ལ་ཐེ་ཚོམ་མེད་དོ། །དེའི་དུས་དེར་བར་དོ་མི་ཤེས་ཟེར་ན། བར་དོ་ཞག་བདུན་ནམ་རིང་ན་བདུན་ཕྲག་བདུན་གྱི་བར་དུ་གནས་ཤིང་། བདུན་ཕྲག་རེ་རེ་ལ་འཆི་བའི་སྣང་བ་རེ་རེ་འབྱུང་སྟེ། དེའི་དུས་སུ་ཡང་ཆོས་ཉིད་ཀྱི་འོད་གསལ་དང་བར་དོའ་ལུས་མངོན་དུ་བྱེད་པས། དུས་དེ་དག་ཏུ་སྔར་གྱི་འཕེན་པའི་སྟོབས་ཀྱིས་དྲན་ཅིང་འོད་གསལ་དང་བར་དོ་ངོ་ཤེས་པ་ཙམ་གྱིས་གྲོལ་ནས། ཟུང་འཇུག་གི་གོ་འཕང་མི་ཐོབ་མི་སྲིད་དོ། །དེ་ལྟ་བུའི་གདམས་ངག་དང་ལྡན་པའི་རྣལ་འབྱོར་པས། འཆི་བ་ཉིད་མཆོག་གི་དངོས་གྲུབ་ཐོབ་པའི་རྐྱེན་ནམ་ཡོན་ཏན་དུ་ཤེས་པར་བྱའོ། །འཆི་བ་གྲོགས་སུ་ཁྱེར་བའི་གཟེར་རོ། །གུ་རུ་ན་མོ།། །།གལ་ཏེ་ཐབས་ལམ་སྒོམ་པའི་རྣལ་འབྱོར་པས། རྩ་རླུང་གི་བྱེ་བྲག་གིས་ཉམས་མི་བདེ་བ་ལ་གཟེར་གསུམ་པ་བདེ་བ་ཟུག་ཅན་ཡུལ་ཡིད་ལ་བྱེད་པ་འཁྲིག་པ་ལས་བྱུང་བའི་འདོད་ཆགས་ཀྱིས་ཉོན་མོངས་པ་དྲག་པོ་སྐྱེས་ན། འདིར་ལམ་གསང་སྔགས་རྡོ་རྗེ་ཐེག་པ་ནི་གདུལ་བྱ་འདོད་ཆགས་ཅན་གྱི་ངོར་གསུངས་པས། ཉོན་མོངས་པ་དེ་ཉིད་བླ་མའི་གདམས་ངག་གིས་ཡོན་ཏན་གྱི་ལམ་དུ་སློང་བར་བྱའོ། །
༢༧༡ དེ་ཡང་དཔལ་གསང་བ་འདུས་པ་ལས། །སྐྱེ་བོ་འདོད་ཆགས་ཅན་དོན་དུ། །དེ་ཡི་བྱེད་པ་རྡོ་རྗེ་སེམས། །ཅེས་པ་དང་། དཔལ་འཁོར་ལོར་སྡོམ་པ་ལས་ཀྱང་། །བལྟ་དང་དགོད་དང་ལག་འཛིན་དང་། །འཁྱུད་དང་གཉིས་སྤྱོད་ལ་སོགས་པ། །རྒྱུད་སྡེ་རྣམ་པ་བཞི་རུ་བཤད། །ཞེས་ཆགས་ཚུལ་བཞི་ལ་དགོངས་ནས་ཀྱང་བཤད་པ་དང་། ཡང་དགྱེས་པ་རྡོ་རྗེ་ལས་ཀྱང་། །ཅི་ལྟར་མེ་ཡིས་ཚིག་པ་ལས། །སླར་ཡང་མེ་ལ་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་ལ། །འདོད་ཆགས་ཉིད་ཀྱིས་གདུང་བར་བྱ། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །བཟློག་པའི་བསྒོམ་པ་འདི་ཉིད་ཀྱི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ལམ་དུ་སློང་བ་ལ་གཉིས་ཏེ། བསྙེན་པ་དང་། སྒྲུབ་པའོ། །བསྙེན་པ་ལ་བཞི་སྟེ། ཐིག་ལེ་བཟུང་བ་དང་། གྱེན་དུ་བཟློག་པ་དང་། རྩ་མིག་གདབ་པ་དང་། རླུང་དང་བསྲེ་བའོ། །དང་པོ་ལ་གནད་བཞི་སྟེ། དུས་གནད་ནི། འཕོ་མེད་ཟུག་བཅས་ཉོན་མོངས་པ་རང་ག་མ་སྐྱེས་ཞིང་ཐིག་ལེ་གསང་གནས་སུ་བབས་པའི་དུས་སུ། ལུས་གནད་གཏུམ་མོ་དང་མཐུན། ཡུལ་གནད་སྤྱི་བོར་བདེ་བ་ཆེན་པོའམ། འོག་སྒོ་གསང་གནས་སུའོ། །ཤེས་པའི་གནད་རླུང་སྦྱོར་འགའ་ཙམ་བྱས་ནས་ངལ་གསོ་ལ། རྟོག་མེད་དུ་ལྷན་གྱིས་གློད་ན་ཟིན་པར་འགྱུར་རོ། །གཉིས་པ་ཐིག་ལེ་བཟློག་པ་ནི། འཁྲུལ་འཁོར་རྣམ་པ་གསུམ་ལ་བརྟེན་པ་སྟེ། ངག་གི་འཁྲུལ་འཁོར་རླུང་ནང་དུ་ཅུང་ཟད་རྔུབ་སྟེ། དབུགས་འཁོར་གཅིག་ལ་ཀ་ཧིག་ཀ་ཧིག་ཅེས་པ་ལན་གཅིག་བརྗོད་པས། ལུས་ཀྱི་འཁྲུལ་འཁོར་འོག་སྒོ་བསྡོམ་ཞིང་རྒྱུ་མ་སྒལ་བ་ལ་སྦྱར་ཞིང་བྱའོ། །ཡིད་ཀྱི་འཁྲུལ་འཁོར་གསང་གནས་ཀྱི་ཐིག་ལེ་སྐར་མདའ་འཕངས་པ་ལྟར། རྩ་དབུ་མའི་ནང་ནས་ཡར་སྤྱི་བོའ་ཧཾ་ལ་སྐྱ་སིབས་
༢༧༢ སིབ་ཐིམ་པར་བསམ་མོ། །དེ་ལྟར་ལན་གཅིག་གིས་མ་བཟློག་ན། ཧིག་ཀ་ཉི་ཤུ་རྩ་གཅིག་གམ་ལྔའི་བར་དུ་བརྗོད་པས་ཐིག་ལེ་བཟློག་པར་འགྱུར་རོ། །གསུམ་པ་ཐིག་ལེ་རྩ་མིག་ཏུ་གདབ་པ་ནི། ལག་པ་གཡོན་པའི་སྲིན་ལག་མདུན་དུས་ལ་བཙུགས་ལ། ལུས་ཀྱི་ལྗིང་བསྐྱུར་ནས་ཅུང་ཞིང་བསྡད་པས། རྩ་མིག་རྣམས་སུ་ཐིབ་པར་འགྱུར་རོ། །བཞི་པ་བསྲེ་བ་ནི། དེའི་རྗེས་ལ་སྟེང་རླུང་ནང་དུ་དྲང་། འོག་རླུང་གྱེན་དུ་དྲག་པོར་བསྡམས་སྟེ། རླུང་བུམ་པ་ཅན་རྩོལ་བ་དྲག་པོ་ཅིག་བྱས་ནས། དེ་ཀ་ལ་འཕྲོ་བཅད་དེ་རྟོག་མེད་དུ་ལྷན་གྱིས་བཞག་པས་ཟག་བཅས་འཕོ་བདེའི་སྐྱོན་ལས་གྲོལ་ནས་ཟག་མེད་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གལ་ཏེ་དེས་ཀྱང་མ་སེལ་ན། བདེ་བ་བོགས་དབྱུང་བའི་སྒོ་ནས་སྐྱོན་དེ་བསལ་བའི་ཕྱིར་སྒྲུབ་པ་ལ་གཉིས་གཉིས་ཏེ། ཆགས་ཅན་དང་ཆགས་བྲལ་གཉིས་ཀྱི་ལུགས་སོ། །དང་པོ་ནི་རྡོ་རྗེ་ནཱ་རོ་པའི་ཞལ་ནས། །རིག་མ་མཚན་ལྡན་ཡུལ་གྱི་གནད། །ཅེས་གསུངས་པས། གཞན་ལུས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ། གཞན་དུ་ཤེས་པར་བྱའོ། །གཉིས་པ་ཆགས་བྲལ་ལུགས་ལ་གནད་བཞི་ལས། དུས་ཀྱི་གནད་ནི། འཕོ་བདེ་ཟུག་ཅན་སྐྱེས་ནས་གཉེན་པོར་མ་སོལ་བར་དུའོ། །ལུས་གནད་ནི་སྔ་མ་དང་མཐུན། ཡུལ་གནད་ནི་ཐིག་ལེ་ལ་དབང་ཐོབ་མ་ཐོབ་ཀྱི་བྱེ་བྲག་གིས་ལྟེ་བ། སྙིང་ག་།མགྲིན་པ། སྤྱི་བོ་གར་རེག་པའི་ནང་དུ་དུའོ། །ཤེས་པའི་གནད་ནི། དེར་གང་ལ་ཆགས་པའི་ཡིད་ཀྱིས། རིག་མ་གཅེར་བུའི་རྣམ་པ་ཅན་ཅིག་གསལ་བར་བསམ་པའམ། ཡང་ན་དེ་དང་སྙོམ་པར་འཇུག་པར་བྱེད་པ་དམིགས་ལ། རྩོལ་བ་ནུས་ཚད་བྱའོ། །དེས་ནི་བདེ་བ་ལྷག་པར་སྐྱེ་བའི་སྟོབས་ཀྱིས་བདེ་བ་འཕེལ་ནས་དེའི་སྟོབས་ཀྱིས། ཉོན་མོངས་པའི་རྟོག་པ་དེ་ཉིད་ཟིལ་གྱིས་གནོན་ཏེ། ཟག་བཅས་འཕོ་བདེའི་ཟུག་རྔུ་དང་བྲལ་ནས། བདེ་གསལ་མི་རྟོགས་པའི་ཉམས་འཆར་རོ། །གཞན་ཡང་ཐིག་ལེ་བཟུང་བ་ལས་དངོས་གཞི་ནི་བསྙེན་
༢༧༣ པ་དང་འདྲའོ། །ཉོན་མོངས་པ་ལམ་དུ་སློང་བའི་གཟེར་རོ། །ན་མོ་གུ་རུ། ཡང་གལ་ཏེ་རྣལ་འབྱོར་པ་རྣམ་རྟོག་གི་ཏིང་ངེ་འཛིན་ལ་སེམས་གནས་སུ་མ་འདོད་པར་བསམ་གཏན་གྱི་གེགས་བྱེད་ན། བླ་མའི་གདམས་ངག་གིས་རྣམ་རྟོག་རང་སར་གྲོལ་བར་བྱའོ། །དེ་ལའང་གཉིས་ལས། དང་པོ་ཕྱི་རོལ་གྱི་སྣང་བ་དཀར་དམར་ལ་སོགས་པའི་རྐྱེན་གྱིས་སྐྱེ་བ་སྟེ། དེ་ལ་ཕྱི་གཟུང་བའི་ཡུལ་ལ་གཏོགས་པའི་རྣམ་རྟོག་རང་སར་གྲོལ་བ་ནི། གནད་བཞི་ལ་བརྟེན་པ་སྟེ། དུས་གནད་ནི། རྣམ་རྟོག་གིས་སེམས་མི་སྟེར་བའི་དུས་སུ། ལུས་གནད་གོང་དང་མཐུན། ཡུལ་གནད་ནི། རྗེ་ནཱ་རོ་པའི་ཞལ་ནས། ཕྱི་སྣང་བ་དཀར་དམར་ཡུལ་གྱིས་གནད། །ཅེས་གསུངས་པས། ཕྱི་རོལ་གྱི་ཡུལ་སྣང་བ་དཀར་དམར་ལ་སོགས་པའི་དངོས་པོ་གང་ཡང་རུང་བ་ཞིག་ལ་ཤེས་པའི་གནད་ཧུར་ཕྱུང་ལ། དངོས་པོ་གང་ཡིན་དེ་ལ་མིག་འབུར་ཚུགས་སུ་བལྟས་པས། དང་པོ་ཡུལ་གང་ཡིན་པ་དེ་ལ་དེར་འཛིན་རྟོག་བཅས་ཀྱི་ཤེས་པ་ཞིག་སྐྱེ་ལ། དེ་ནས་ཅུང་ཞིག་ནས་ཡུལ་དེ་ལ་དེར་འཛིན་རྟོགས་བཅས་ཀྱི་ཤེས་པ་རང་སར་གྲོལ་བ་ལས། སྣང་ལ་མི་རྟོག་པའི་ཉམས་སྐྱེའོ། །གཉིས་པ་ཕྱིའི་ཡུལ་རྐྱེན་མེད་པར་འཕྲོ་བ་ན། སེམས་ཀྱི་ཀུན་རྟོག་རང་སར་གྲོལ་བ་ནི། གནད་བཞི་ལུས་དུས་དང་ལུས་གནད་སྔ་མ་དང་མཐུན། ཡུལ་ཞེ་སྡང་ལ་སོགས་པ་རྣམ་རྟོག་གང་སྐྱེས་པ་དེ་ཉིད། ཤེས་པའི་གནད་ནི། མིག་གྱེན་ལ་ནང་བཟློག་ལ་རྣམ་རྟོག་དེ་ཉིད་ལ་གཅེར་གྱིས་བལྟས་པའི་ཚུལ་གྱིས་དཔྱད་པས། མ་རྙེད་པའི་དུས་སུ་བརྟག་དཔྱད་འཕྲོ་བཅད་ལ། ཀློད་ལ་བཞག་པས་དེ་ཉིད་གསལ་ལ་མི་རྟོག་པའི་ཉམས་མྱོང་འཆར་རོ། །དེ་ལྟར་ཡང་དང་ཡང་དུ་བསྒོམས་ན་ཕྱི་ནང་གི་རྣམ་རྟོག་གི་སྐྱོན་ལས་གྲོལ་ཏེ། བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ལ་ཐེ་ཚོམ་མེད་དོ། །རྣམ་རྟོག་རང་སར་གྲོལ་བའི་གཟེར་རོ། །ན་མོ་གུ་རུ། ཡང་གལ་ཏེ་རྣལ་འབྱོར་པ་ལ་ཕྱི་ནང་གི་བར་ཆད་བྱེད་པ་བྱུང་ན། དེ་ཉིད་བླ་མའི་
༢༧༤ གདམས་ངག་གིས་བར་ཆད་དངོས་གྲུབ་ཏུ་བླང་བའི་ཐབས་བསྟན་པར་བྱ་བ་ལ་གཉིས་ལས། རང་གི་རྒྱུད་ལས་བྱུང་བའི་ནང་གི་བར་ཆད་དང་། གཞན་རྒྱུད་ལས་བྱུང་བའི་ཕྱིའི་བར་ཆད་དོ། །དང་པོ་ལ་ཡང་གཉིས་ལས་འབྱུང་བ་ཕྱིའི་བར་ཆད་ནི། ལུས་ཀྱི་འབྱུང་བཞི་ཆ་མ་སྙོམས་པས་ནང་དུ་འགྱུར་བ་དེ་དངོས་གྲུབ་ཏུ་བླང་བའི་ཕྱིར། ཕྱི་ན་ཚ་བོགས་འདོན་འབྱུང་བ་རོ་སྙོམས་ཀྱི་སྐབས་སུ་བསྟན་ཏོ། །གཉིས་པ་སེམས་དང་སེམས་ལས་བྱུང་བའི་བར་ཆད་ལ་ཡང་གཉིས་ལས། དང་པོ་ནི། ནང་གི་བར་ཆད་འདོད་ཆགས་འཁྲིག་པ་ལས་བྱུང་བའི་ཉོན་མོངས་པའི་བར་ཆད་དངོས་གྲུབ་ཏུ་བླང་བ་ནི། ཉོན་མོངས་པ་ལམ་དུ་སློང་བའི་སྐབས་སུ་བསྟན་ཏོ། །གཉིས་པ་དེ་ལས་གཞན་པའི་ཉོན་མོངས་པ་ཞེ་སྡང་ལ་སོགས་པ་ནས་འཁོར་གསུམ་དུ་བརྟག་པའི་བར་སེམས་བྱུང་གི་བར་ཆད་དངོས་གྲུབ་ཏུ་བླང་བ་ནི་རྣམ་རྟོག་རང་སར་གྲོལ་བའི་སྐབས་སུ་བསྟན་ཏོ། །གཞན་རྒྱུད་ལས་བྱུང་བ་ཕྱིའི་བར་ཆད་ལ་ཡང་གཉིས་ཏེ། འདྲེ་དང་མིའི་བར་ཆད་དོ། །དང་པོ་ལ་འདྲེའི་བར་ཆད་ཀྱི་སྣང་བ་བྱུང་ན། །དེ་དངོས་གྲུབ་ཏུ་བླང་བའི་ཐབས་ནི་ནང་སེམས་ཀྱི་རོ་སྙོམས་ན་ཚ་བོགས་འདོན་གྱི་སྐབས་སུ་བསྟན་ཏོ། །འོ་ན་བར་ཆད་དངོས་གྲུབ་ཏུ་བླང་བའི་ཐབས་གོང་དུ་བསྟན་ཟིན་ན། གཟེར་རྣམ་པ་ལྔའི་གྲངས་སུ་ཅི་ལྟར་འགྲོ་ཞེ་ན། འདིར་ཁྱད་པར་དུ་ཕྱི་རོལ་མིའི་བར་ཆད་བྱེད་པ་བྱུང་ན་དེ་དངོས་གྲུབ་ཏུ་བླང་བའི་ཐབས་སྟོན་པར་བྱེད་པས་ན་གཟེར་ལྔའི་གྲངས་སུ་བཞག་པའོ། །མིའི་བར་ཆད་ལ་ཡང་སྡེ་ཚན་གཉིས་ལས། དང་པོ་རང་གི་ཕྱོགས་སུ་གཏོགས་པའི་ཚེ་འདིའི་ཕ་མ་ལ་སོགས་པའི་གཉེན་འདུན་ནམ། ཆོས་ཀྱི་བསྡུས་པའི་མཁན་སློབ་བམ། སློབ་མ་ལ་སོགས་ཀྱི་མཛའ་བོས་ཚེ་འདིའི་ཆེ་ཐབས་དང་ཆོས་བརྒྱད་ལ་སོགས་པའི་མི་དགེ་བ་ལ་སྦྱོར་ཞིང་། དམ་པའི་ཆོས་བྱེད་པའི་བར་ཆད་བྱེད་ན། དེ་དངོས་གྲུབ་ཏུ་བླང་བའི་ཐབས་ནི། ཕ་མ་ལ་སོགས་པ་དེ་དག་བདག་ཆོས་ལས་ཟློག་པ་
༢༧༥ བྱུང་ན། བདུད་ཡིན་པའམ། ཡང་ན་བདུད་ཀྱིས་བརླབས་པར་ཤེས་པས། དེ་དག་གིས་དབང་དུ་མ་ཤོར་བར་བྱས་ལ། མི་འགྱུར་བའི་དད་པ་བརྟན་པོས་སླར་ལེ་ལོ་སྤངས་ནས་བརྩོན་འགྲུས་བརྩམ་ཏེ་དགེ་བ་དེ་དག་མྱུར་དུ་ཅི་འགྲུབ་འགྲུབ་ཏུ་བྱའོ། །གཞན་གྱི་ཕྱོགས་ལའང་གཉིས་ལས། དང་པོ་ཐ་མལ་བཏང་སྙོམས་པས་བར་ཆད་མི་བྱེད་དོ། །གཉིས་པ་དགྲ་ཕྱོགས་ཀྱིས་བར་ཆད་བྱེད་ན་དེ་དངོས་གྲུབ་ཏུ་བླང་བའི་ཐབས་ནི། རང་ལས་དང་པོ་པ་ཡིན་ན་གནོད་བྱེད་དེ་ཉིད་བཟོད་པའི་བླ་མར་ཤེས་པར་བྱས་ལ། དེ་ལ་དགའ་བར་བལྟས་ལ་བཟོད་པ་བསྒོམ་ཞིང་དེའི་བསོད་ནམས་དངོས་གྲུབ་ཏུ་བླང་ངོ་། །རང་དྲོད་ཀྱི་ནུས་པ་ཐོན་པ་ཙམ་ཡིན་ན་གནོད་བྱེད་ཚར་བཅད་པ་དང་། རྗེས་སུ་བཟུང་བའི་ཕྲིན་ལས་ཀྱིས་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཀོད་དོ། །གལ་ཏེ་རང་ལ་ནུས་པ་ཡོད་བཞིན་དུ་གདོན་ལ་སོགས་པའི་གནོད་བྱེད་དེ་མ་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ཡལ་བར་དོར་བའི་ཉེས་པར་འགྱུར་ནས་རྩ་བའི་ལྟུང་བར་འགྱུར་རོ། །གཞན་ཡང་གལ་ཏེ་ཕྱི་ནང་གི་བར་ཆད་ཀྱི་རྐྱེན་ནམ་དུས་ལ་ཐུག་ནས་འཆི་བ་ལ་བབས་ན། དེ་ཡང་དངོས་གྲུབ་ཏུ་བླང་བའི་ཐབས་ནི། འཆི་བ་གྲོགས་སུ་འཁྱེར་བའི་སྐབས་སུ་བསྟན་ཟིན་ཏོ། །དེ་ལྟར་ན་ཚ་བོགས་སུ་འདོན་པ་ལ་སོགས་པའི་ཐབས་འདི་དག་ནི་སྐྱོན་ཐམས་ཅད་ཡོན་ཏན་དུ་སྒྱུར་བར་བྱེད་པའི་ལམ་གྱི་གཟེར་རྣམ་པ་ལྔ་ཞེས་བྱའོ། །མན་ངག་འདི་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་ཕ་རྒྱུད་མ་རྒྱུད་རྣམས་ཀྱི་དགོངས་པའི་གནད་རྣམས་དཔལ་ནཱ་རོ་པ་ཆེན་པོ་ཞེས་བྱ་བ་དུག་ལྔ་ཡེ་ཤེས་ལྔ་སྐད་ཅིག་རྫོགས་པའི་རྡོ་རྗེ་འཆང་ཆེན་པོ་དང་ཐམས་ཅད་པ་དེ་ཉིད་ཀྱིས་གཞི་ལམ་འབྲས་བུའི་ལམ་གྱི་སྐྱོན་སེལ་བ། ན་ཚ་བོགས་སུ་འདོན་པའི་གཟེར་དང་། འཆི་བ་གྲོགས་སུ་འཁྱེར་པའི་གཟེར་དང་། ཉོན་མོངས་པ་ལམ་དུ་སློང་བའི་གཟེར་དང་། རྣམ་རྟོག་རང་སར་གྲོལ་བའི་གཟེར་དང་། བར་ཆད་དངོས་གྲུབ་ཏུ་བླང་ཞིང་འབྲས་བུ་སྐུ་ལྔ་རང་བྱུང་ཡེ་ཤེས་སུ་རྫོགས་པའི་གཟེར་ལྔ་གནད་ཀྱི་འཁོར་

བདེ་མཆོག་ཐུན་མོང་བའི་དབང་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་བསྐུར་བ་

༡༧༤ །།ༀ་སྭ་སྟི། ན་མཿཤྲཱི་ཧེ་རུ་ཀཱ་ཡ། བདེ་མཆོག་ཐུན་མོང་བའི་དབང་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་བསྐུར་བའི་རིམ་པ་ནི། སྟ་གོན་དང་རྡུལ་ཚོན་གྱི་བྱ་བ་སོགས་སྤྲོ་ན་བདེ་གཤེགས་བཅུ་གཉིས་ལྟར་ལས་སྒོས་ཆོས་རྣམས་བསྒྱུར་ཏེ་བྱས་པས་ཆོག་མོད། འོན་ཀྱང་ཡིག་རྙིང་ལས་མ་བཤད་ཅིང་རས་བྲིས་ལ་བརྟེན་པའི་ཕྱོགས་ལ་མ་གྲུབ་ཀྱང་འགལ་བ་མེད། དེ་ལ་ཐོག་མར་བཤམས་བཀོད་ནི། སྟེགས་བུའི་སྟེང་དུ་དུར་ཁྲོད་མེའི་ཕྱི་རོལ་དུ་བྱས་པའི་དཀྱིལ་འཁོར་སྒོ་བཞི་རྟ་བབས་སྣམ་བཞི་མ་སྤྱི་ལྟར་ལས། རྩ་ཐིག་གི་ནང་དུ་ཟླུམ་པོར་བསྐོར་བའི་དབུས་སུ་འདབ་བརྒྱད་ལྟེ་བར་ཆོས་འབྱུང་སྔོ་དམར་བརྩེགས་མ། ལྷ་མཚན་ལྟེ་བར་རྡོ་རྗེ། འདབ་མའི་ཕྱོགས་བཞི་དང་གྲུ་བཞིར་སྒོ་བཞི་རྣམས་སུ་གྲི་ཐོད། འདབ་མའི་མཚམས་བཞིར་བུམ་པ་ཐོད་པས་ཁ་བརྒྱན་པ་རྣམས་རྡུལ་ཚོན་གྱིས་བྲིས་པའམ། ཡང་ན་རས་བྲིས་དཀྲམ། དེའི་དབུས་སུ་མཉྫིའི་སྟེང་དུ་རྣམ་རྒྱལ་བུམ་པ་བཅུད་ལྡན་ཆས་སུ་བཅུག་པ་བཀོད་པའི་ཁར་གསང་རྫས་ཀྱིས་གང་བའི་ཐོད་པ་དར་དམར་དང་མེ་ལོང་ལ་སིནྡྷ་རའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་མ་བཾ་ཡིག་དགའ་འཁྱིལ་དང་བཅས་བྲིས་པས་ཁ་བཅད། ལས་བུམ་བྱང་ཤར་རམ་སློབ་དཔོན་གྱི་མདུན་དུ་བཤམས། མཆོད་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཅི་འབྱོར་བས་བསྐོར། ཌཱ་དྲིལ་ལག་མཆོད་སོགས་ཡོ་བྱེད་ཐམས་ཅད་ཚང་བར་འདུ་བྱས་ནས། སྒྲུབ་
༡༧༥ མཆོད་ནི། སྔོན་གཏོར་སུམྦྷས་བསང་། སྭ་བྷཱ་ཝས་སྦྱངས། ༀ་ཨཱཿཧཱུྃ་ཧྲཱིཿས་བྱིན་གྱིས་བརླབས། འབར་བའི་རྒྱ་བཅས་ལ་ཕེཾ་བཛྲ་ཨཱ་ར་ལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿས་མགྲོན་བཀུག་ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ་ས། བྷུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨཱ་དཱ། ཨ་པ་སྨཱ་རཱ། ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ། གྲྀཧྞཱནྟུ། ས་མ་ཡ་རཀྵཱནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡེ་ཐེ་བཾ། ཡ་ཐཻཥྛཾ། བྷུཉྫ་ཐཱ། པི་ཝ་ཐཱ། ཛཱི་གྷྲ་ཐཱ། མ་ཏི་ཀྲ་མ་ཐཱ། མ་མ་སརྦ་ཀ་ཡ། སད་སུ་ཁཾ། བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་དང་། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའ་ཚོགས་རྣམས་མ་ལུས་དང་། །འབྱུང་པོའ་ཚོགས །ཡི་དྭངས་ཚོགས །ཤ་ཟའི་ཚོགས །སྨྱོ་བྱེད་ཚོགས །བརྗེད་བྱེད །མཁའ་འགྲོའི །མ་མོའ་ཚོགས །དེ་ལ་སོགས་ཏེ་འབྱུང་པོའ་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ། ནག་ཕྱོགས་པ་རྣམས་ལ། གསང་སྤྱོད་ལྟ་བར་མི་དབང་བའི། །འབྱུང་པོའ་ཚོགས་རྣམས་གང་ཡིན་པས། །གཏོར་མའི་ལྷག་མ་འདི་ལོངས་ལ། །ད་ལྟ་ཉིད་དུ་གཞན་དུ་དེངས། །ཅེས་དྲག་སྔགས་དང་བཅས་པས་བསྐྲད་ལ་གཏོར་མ་ཕྱིར་དོར་གཏོརརོ། །ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་མཚམས་བཅད། དེ་ནས་གནས་ཡོ་བྱིན་གྱིས་བརླབ་པ་ནི། བསང་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུཾ་ལས་གཞལ་མེད་ཁང་དུ་ཨཱཿལས་སྣོད་ཀ་པཱ་ལར་
༡༧༦ བཅུད་ཧཱུྃ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་པའི་ཡོ་བྱད་འདོད་ཡོན་གྱི་རྣམ་འཕྲུལ་དུ་མར་འཆར་བ། རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས་བྱེད་ལས་ཟག་མེད་ཀྱི་བདེ་བས་ཚིམ་པར་བྱེད་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ༀ་ཨརྒྷཾ་ཨཱཿཧཱུྃ་ནས་ཤབྡའི་བར་དང་། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབས། དེ་ནས་བདག་བསྐྱེད་ནི། སྙིང་གའི་ཧཱུྃ་ལས་འོད་ཀྱིས་སྐྱབས་ཡུལ་རྣམས་མདུན་གྱི་ནམ་མཁར་ས་དབང་བསམ་ལ། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཁྲོ་བོ་མཁའ་འགྲོར་བཅས་པ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ལན་གསུམ། ཀྱེ་མ་སེམས་ཅན་སྡུག་བསྔལ་ཞིང་། །ཀུན་རྟོག་ལ་ནི་མངོན་པར་ཞེན། །དེ་ཡི་རྟོག་པ་གཞོམ་ཕྱིར་བདག །ཧེ་རུ་ཀ་དཔལ་བསྒོམ་པར་བྱ། །ལན་གསུམ། སྐྱབས་ཡུལ་རྣམས་ངང་ལ་ཐིམ་པར་གྱུར། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་རྡོར་སེམས་ཧེ་རུ་ཀ་དཀར་པོ་རྡོར་དྲིལ་འཛིན་པས་སྙེམ་མ་གྲི་ཐོད་ཅན་ལ་འཁྲིལ་བ་རུས་པའི་རྒྱན་གྱིས་སྤྲས་པ། ཡབ་ཀྱི་ཐུགས་ཟླ་བ་ལ་གནས་པའི་ཧཱུྃ་གི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཧཱུྃ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་སྡིག་སྒྲིབ་ཐམས་ཅད་སྦྱང་བར་བསམ་ལ། ༀ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏེ་ནོ་པ། ཞེས་པ་ནས། བཛྲ་ཧེ་རུ་ཀ་མ་མེ་མུཉྩ་ཧེ་རུ་ཀོ྅་བྷ་བ། ཞེས་བསྒྱུར་བའི་ཡིག་བརྒྱ་བཟླས་མཐར། མགོན་པོ་བདག་ནི་ཞེས་སོགས། རྡོར་སེམས་འོད་དུ་ཞུ་ཞུགསནས་རང་ལ་ཐིམ་པར་བསམ། རང་ཉིད་སྐད་ཅིག་གིས་བདེ་མཆོག་ལྷན་སྐྱེས་ཀྱི་སྐུར་གསལ་བའི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། དཔལ་ཧེ་རུ་ཀ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་
༡༧༧ བཅས་པ་མདུན་གྱི་ནམ་མཁར་སད་པར་བསམ་ལ། འཁོར་བའི་འདམ་རྫབ་ནང་གནས་པ། །ཐུགས་རྗེའི་ཕྱག་གིས་དྲང་དྲངསནས་ནི། །ཡེ་ཤེས་བདུད་རྩིས་ཚིམས་མཛད་པ། །བླ་མའི་ཞབས་ཀྱི་པདྨོར་འདུད། །དཔལ་ལྡན་བདེ་མཆོག་འཁོར་ལོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་ནས། བདག་གིས་ཐོག་མ་མེད་པའི་དུས་མཐའ་ནས། །བྱས་དང་བྱེད་དུ་བཅུག་དང་ཡི་རང་བའི། །སྡིག་པ་མ་ལུས་སྐྱོན་ཀུན་འཇིག་མཛད་པའི། །སྤྱན་སྔར་སོ་སོར་བཤགས་ཤིང་སླད་མར་ཡང་། །མི་བགྱིད་སྡོམ་པ་བརྟན་པོར་བཟུང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང་། །རྒྱལ་བའི་སྲས་པོས་སྒྲུབ་པའི་དགེ་བ་སོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་ཏུ་ནི་བདག་གིས་དགེ་བ་བསྔོ། །རྒྱལ་བ་དཀོན་མཆོག་གསུམ་པོ་ལ་སོགས་ལ། །དངོས་སམ་ཡིད་ཀྱིས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བསྟེན་པར་བགྱི། །ཞེས་ལན་གསུམ་དང་། ཚད་མེད་བཞི་སྤྱི་ལྟར་ལན་གསུམ་བྱ་སྟེ་བསོད་ནམས་ཀྱི་ཚོགས་སོ། །དེ་ནས་ༀ་སྭ་བྷཱ་ཝ་སོགས་དང་། ༀ་ཤཱུ་ནྱ་ཏའི་སྔགས་ཀྱིས་གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། ཞེས་མཉམ་པར་འཇོག་སྟེ་ཡེ་ཤེས་ཀྱི་ཚོགས་སོ། །སྟོང་པའི་ངང་ལས་རང་གི་བར་དོའ་རྣམ་ཤེས་ཀྱི་ངོ་བོ་ནཱ་ད་དཀར་ལ་དམར་བའི་མདངས་ཅན་རྩ་སྔགས་ཀྱི་སྒྲ་སྒྲོགས་པ། དེའི་འོད་ཟེར་ལས་བྱུང་བའི་ཡི་གེ་རིམ་པར་འཆད་པ་ལས། ཡཾ་ལས་རླུང་དཀྱིལ་སྔོན་པོ་ཟླ་གམ། རཾ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ། བཾ་ལས་ཆུ་དཀྱིལ་དཀར་པོ་ཟླུམ་པོ། ལཾ་ལས་ས་དཀྱིལ་
༡༧༨ སེར་པོ་གྲུ་བཞི། སུཾ་ལས་རིན་ཆེན་སྣ་བཞི་ལས་གྲུབ་པའི་རི་རབ་རྣམས་བརྩེགས་མར་གནས་པའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྭ་ཕྱོགས་མདོག་ལྟེ་བ་སྔོན་པོ་ལ་ཧཱུྃ་གིས་མཚན་པ། ༀ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུྃ་ཧཱུྃ་ཕཊ། ༀ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བི་དྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ཅེས་ཕྱོགས་གཡོན་དང་མཚམས་གཡས་བསྐོར་ཏེ་ལན་གཉིས་བརྗོད་ཅིང་གཡོན་པའི་སྡིགས་མཛུབ་ཕྱོགས་བཅུར་བསྟན་ནས་སེ་གོལ་བརྡབས་པས། ཧཱུྃ་ལས་ཁྲོ་བོ་གནོད་མཛེས་འཕྲོས་པས་བགེགས་ཐམས་ཅད་བསྐྲད་ཅིང་བརླག་པར་བྱས། སླར་ཡང་ཧཱུྃ་ལས་འོག་ཏུ་སྣ་ཚོགས་རྡོ་རྗེ་དཔག་མེད་སྤྲོས་པ་ལས་རྡོ་རྗེའི་ས་གཞི། ༀ་མེ་དྷི་ནི་བཛྲཱི་བྷ་བ་བྷནྡྷ་ཧཱུྃ། ཕྱོགས་མཚམས་སུ་འཕྲོས་པས་ལོགས་ཐམས་ཅད་རྡོ་རྗེའི་ར་བ། ༀ་བཛྲ་པྲ་ཀ་ར་ཧཱུྃ་བཾ་ཧཱུྃ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར་དང་དྲྭ་བ། ༀ་བཛྲ་སཉྫ་ར་ཧཱུྃ་བཾ་ཧཱུྃ། དེའི་འོག་ཏུ་རྡོ་རྗེའི་བླ་རེ། ༀ་བཛྲ་བེ་ཏ་ན་ཧཱུྃ་ཁཾ་ཧཱུྃ། དེའི་ཕྱི་རོལ་ཏུ་མདེའུ་བསྣོལ་བ་ཕྱིར་བསྟན་གྱི་མདའི་དྲྭ་བ། ༀ་བཛྲ་ས་ར་ཛ་ལ་ཏྲཾ་སཾ་ཏྲཾ། དེ་ཐམས་ཅད་ཀྱི་ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་འབར་བས་བཅིངས་པར་གྱུར། ༀ་བཛྲ་ཛྭ་ལ་ཨ་ན་ལ་རྐ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་སྔགས་རྣམས་ལན་གསུམ་གསུམ་བརྗོད་དོ། །སྤྲོ་ན་གཞི་སྣ་ཚོགས་རྡོ་རྗེའི་ལྟེ་བ་གྲུ་བཞི་བའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་པ་ནང་ནས་ནག་ལྗང་དམར་སེར་དཀར་བའི་རྩིགས་པ་རིམ་པ་ལྔ་པ། སྒོ་བཞིར་རྟ་བབས་བཞིས་བརྒྱན་པ། འདོད་སྣམ་དང་། ཕ་གུ་དང་། དྲ་བ་དྲྭ་ཕྱེད། ཤར་བུ་དང་། མདའ་ཡབ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་རོལ་ཏུ་དངོས་གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། ནང་ཕྱོགས་ཀྱི་མདོག་ཅན་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། གེ་སར་གྱི་ཟེའུ་འབྲུའི་ལྟེ་བར་རཾ་ལས་ཉི་མའི་སྟེང་དུ་འཇིགས་བྱེད་དུས་མཚན་དང་བཅས་པ། པད་འདབ་ཀྱི་ཕྱོགས་ཀྱི་ཕྱོགས་བཞི་དང་།
༡༧༩ གྲྭ་བཞི་དང་སྒོར་བཞི་ཉི་མ་དང་རོ། པདྨའི་མཚམས་ཀྱི་འདབ་མ་བཞིར་ཟླ་བའི་གདན་རེ་རེ་གསལ་བར་གྱུར། དབུས་ཀྱི་གདན་སྟེང་མཚན་བཟང་གི་ངོ་བོ། ཨ་ཨ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ ཕྲག་གཉིས་གཡོན་བསྐོར་དུ་གནས་པ་ཞུ་བ་ལས་ཟླ་བའི་དལ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་གཡས་སྐོར་གྱིས་དཔེ་བྱད་ཀྱི་ངོ་བོ། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཌ་ཌྷ་ཎ། ཕྲག་གཉིས་ལས་ཉི་མའི་དཀྱིལ་འཁོར་མཉམ་ཉིད་ཡེ་ཤེས། ཉི་ཟླའི་བར་དུ་བར་དོའ་ནཱ་ད་ཞུགས་པ་ཧཱུྃ་དང་བཾ་ལས་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་བཾ་གྱིས་མཚན་པ་སོ་སོར་རྟོགས་པའི་ཡེ་ཤེས། དེ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས། །ཚུར་འདུས་ཐམས་ཅད་གཅིག་ཏུ་འདྲེས་པ་བྱ་གྲུབ་ཡེ་ཤེས། དེ་ལས་སྐུ་ཡོངས་སུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོར་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ནག་ཁྲོ་ཆགས་ཀྱི་ཉམས་ཅན། ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་ཞལ་སྔོ་ནག །གཡས་སེར། གཡོན་ལྗང་། རྒྱབ་ཞལ་སེར་པོ། ཞལ་ཐམས་ཅད་རྣམ་པར་འགྱུར་བའི་ཁྲོ་གཉེར་དང་སྤྱན་གསུམ་པ། མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་བརྒྱངས་ཏེ་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟྭ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཾ་ག་།བཞི་པ་ན་ཐོད་ཁྲག །ལྔ་པ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་བསྣམས་པ། ཞབས་གཡས་བརྐྱང་བས་དུས་མཚན་དམར་མོའ་ནུ་མ་དང་ལྟེ་བ་གཡོན་བསྐུམ་པས་འཇིག་བྱེད་ནག་པོ་ཁ་སྦུབ་ཀྱི་སོག་དབྲག་ཏུ་མགོ་བོ་བལྟབ་པའི་གདོང་མནན་པ། རལ་པའི་བའིཐོར་ཚུགས་ཀྱི་རྩེར་ཡིད་བཞིན་གྱི་ནོར་བུ་ངོས་
༡༨༠ ལ་སྣ་ཚོགས་རྡོ་རྗེ། གཡོན་ངོས་སུ་ཟླ་ཕྱེད། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། རུས་པའི་ཕྱག་རྒྱ་དྲུག །དཔའ་བོའ་དར་དཔྱངས། སྟག་ཤམ་གྲོལ་བ། གར་གྱི་ཉམས་དགུས་སྒེག་པ། དེའི་པང་ན་ཡུམ་ཕག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་ཅིང་སྟོབས་པ། དབུ་སྐྲ་གྲོལ་ཞིང་ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་བྱིན་པ་གཉིས་ཀྱིས་ཡབ་ལ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་སྔོན་མོ། །བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། །ལྷོར་གཟུགས་ཅན་མ་སེར་མོ། །མཚམས་ཀྱི་འདབ་མ་བཞིར་བདུད་རྩི་ལྔས་གང་བའི་བུམ་པའི་སྟེང་དུ་བྱང་སེམས་ཀྱིས་གང་བའི་ཐོད་པ་གནས་པ། ཤར་སྒོ་ཁྭ་གདོང་མ་སྔོ་སྐྱ། བྱང་སྒོར་འུག་གདོང་མ་ལྗང་སྐྱ། ནུབ་སྒོར་ཁྱི་གདོང་མ་དམར་སྐྱ། ལྷོ་སྒོར་ཕག་གདོང་མ་སེར་སྐྱ། གྲྭ་བཞིའི་ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་དཀར་གཡོན་སེར། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་དཀར་ཏེ་ཕྱེད་གཟུགས། བཅུ་གཉིས་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་མཆེ་བ་གཙིགས་པ། སྐྲ་གྲོལ་ཞིང་ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ། ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་དང་པོ་གཉིས་གྲི་གུག་དང་ཐོད་ཁྲག །འོག་མ་གཉིས་ཅང་ཏེའུ་དང་ཁ་ཾ་ག་འཛིན་པ། ཞབས་གཡས་བརྐྱང་བའི་གར་སྟབས་ཀྱིས་རོ་གདན་ལ་བཞུགས་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ༀ་དཀར་པོ་སྐུ་རྡོ་རྗེ། མགྲིན་པར་ཨཱཿདམར་པོ་གསུང་རྡོ་རྗེ། སྙིང་གར་ཧཱུྃ་སྔོན་པོ་ཐུགས་རྡོ་རྗེ། གཙོ་བོའ་སྙིང་གར་ༀ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། འཚོགས་མར་ན་མ་ཧི་རྣམ་སྣང་། སྤྱི་གཙུག་
༡༨༡ ཏུ་སྭཱ་ཧཱ་ཧཱུྃ་དམར་པོ་པདྨ་གར་དབང་། ཕྲག་པ་གཉིས་སུ་བོ་ཥཊ་ཧེ་ནག་པོ་ཧེ་རུ་ཀ་།མིག་གཉིས་སུ་ཧཱུྃ་ཧཱུྃ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཧ་ལྗང་གུ་རྟ་མཆོག་གི་ངོ་བོ། །ཕག་མོ་དང་ལྷ་མོ་གཉིས་ཀྱི་ལྟེ་བར་ༀ་བཾ་དམར་མོ་རྡོ་རྗེ། སྙིང་གར་ཧཾ་ཡཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲཱིཾ་མཾ་དཀར་མོ་རྨོངས་བྱེད་མ། མགོ་བོར་ཧྲཱིཾ་ཧྲཱིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོར་གྱུར། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་འཁོར་ལོ་བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་གྱི་རྣམ་པར་ཕེཾ་ཞེས་འབར་བའི་རྒྱས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། སླར་ཡང་སྙིང་གའི་ཧཱུྃ་ལས་འོད་འཕྲོས་དབང་གི་ལྷ་ཐམས་ཅད་ཕེཾ་ཞེས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་ལྷ་མོའ་ཚོགས་དང་བཅས་པ་རྣམས་ཀྱིས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ། གཙོ་མོ་ལ་རྣམ་སྣང་། རྣལ་འབྱོར་མ་བཞི་ལ་རིན་འབྱུང་། སྒོ་མ་བཞི་ལ་སྣང་མཐའ། མཚམས་མ་བཞི་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། དེ་ནས་སྙིང་གའི་ཧཱུྃ་ལས་འོད་འཕྲོས་གཟུགས་སོགས་འདོད་ཡོན་གྱི་སྣང་བ་ཐམས་ཅད་བསྡུས། ཡབ་ཀྱི་ཞལ་དུ་བཅུག །སྙིང་གར་ཞུ་ཞུགསབ། ཡུམ་གྱི་པདྨར་བབས། སྦྱོར་མཚམས་ནས་གཟུགས་རྡོ་རྗེ་མ་སོགས་མཆོད་པའི་ལྷ་མོའ་རྣམ་པར་སྤྲོས་པས་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་ནས་གཙོ་བོ་ཡབ་ཡུམ་ལ་ཐིམ་པས། ཡབ་ཡུམ་གཉིས་ཁ་སྦྱོར་ནང་གི་འདོད་ཡོན་གྱི་བདེ་བ་ཆེན་པོའ་དགྱེས་པས་འོད་དུ་ཞུ་ཞུགསནས། ཐིག་ལེའི་རང་བཞིན་འོད་ཀྱི་ཕུང་པོ་དཀར་ལ་དམར་བའི་མདངས་ཅན་དུ་གྱུར་པ་བལ། འཁོར་རྣམས་ཀྱིས། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་
༡༨༢ སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ནི་མཆོག་མཉེས་ཏེ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་བརྒྱན་མཛད་དེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲུལ་པས་བསདོན་ཀུན་སྒྲུབ་མཛད་པ། །མགོན་པོ་དཔལ་ལྡན་བདེ་མཆོག་དགྱེས་པར་བཞེངས། །ཞེས་བསྐུལ་བས། ཐིག་ལེ་དེ་ཉིད་ཧཱུྃ་དང་བཾ་ལས་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་བཾ་གྱིས་མཚན་པར་གྱུར། དེ་ཡོངས་སུ་གྱུར་པ་བལས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག །ཅེས་པ་ནས། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་གྱིས་རྒྱུ་རྡོ་རྗེ་འཛིན་པ་ཡུམ་བཅས་ཇི་ལྟ་བ་བཞིན་དུ་འབྲས་བུ་རྡོ་རྗེ་འཛིན་པའི་སྐུར་བཞེངས་པར་བསམ་མོ། །དེ་ནས་རྫོགས་རིམ་བསྒོམ་པ་ནི། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལས་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་པའི་དོན་རང་གི་སྙིང་གར་ཟླ་དཀྱིལ་སྲན་མ་ཙམ་གྱི་སྟེང་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་པ་ཁ་དོག་དཀར་པོ། ངོ་བོ་བདེ་སྟོང་། གསལ་ལ་དྭངས་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་བསྒོམས་ནས། དེ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་གོ དེས་སྐྱོན་བཟླས་པ་ལ་འཇུག་སྟེ། ཤུབ་བུ་དང་བརྗོད་པ་དང་འགོག་པ་དང་སྤྲོ་བསྡུ་དང་དོ་ལི་དང་ཁྲོ་བོའ་བཟླས་པ་རྣམས་གང་འགྲུབ་བྱ་ཞེས་འབྱུང་བས། འདིར་སྤྲོ་བསྡུའི་དབང་དུ་བྱས་ན་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་དམར་པོ་འཕྲོས། སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོ་སྦྱངས། སླར་འདུས་ནས་རང་ལ་ཐིམ་པར་མོས་ལ། དུང་ཆེན་གྱི་ཕྲེང་བ་གཡོན་པའི་མཐེབ་སྲིན་གྱིས་འདྲེན་ཞིང་། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་སམྦ་རཾ་སྭཱ་ཧཱ། ཡབ་ཀྱི་སྙིང་པོའོ། །ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཉེ་སྙིང་ངོ་། །ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཕཊ། ཡུམ་གྱི་སྙིང་པོའོ། །ༀ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་ཧཱུྃ་ཕཊ། ཉེ་སྙིང་ངོ་། །འཁོར་
༡༨༣ སྔགས་ནི། ༀ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ༀ་ལཱ་མེ་ཧཱུྃ་ཧཱུྃ་ཕཊ། ༀ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ༀ་རཱུ་པི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ༀ་ཀཱ་ཀཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ༀ་ཨུ་ལུ་ཀཱ་སྱཻ་ཧཱུྃ་ཧཱུྃ་ཕཊ། ༀ་ཤྭ་ན་སྱཻ་ཧཱུྃ་ཧཱུྃ་ཕཊ། ༀ་སཱུ་ཀཱ་ར་སྱཻ་ཧཱུྃ་ཧཱུྃ་ཕཊ། ༀ་ཡ་མ་དཱ་དྷི་ཡེ་ཧཱུྃ་ཧཱུྃ་ཕཊ། ༀ་ཡ་མ་དཱུ་ཏི་ཡེ་ཧཱུྃ་ཧཱུྃ་ཕཊ། ༀ་ཡ་མ་དཥྚི་ཎཱ་ཡེ་ཧཱུྃ་ཧཱུྃ་ཕཊ། ༀ་ཡ་མ་མ་ཐ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླས་སོ། །དེ་ནས་རང་གི་ཐུགས་ཀ་ནས་སྤྲུལ་པའི་བའིལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཧཱུྃ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའ་སྐུར་སྟན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པབ། །ཀུན་བཟང་ཧེ་རུ་ཀ་དཔལ་འཁོར་ལོར་བསྟོད། །ཅེས་བསྟོད་དོ། །དེ་ནས་བུམ་སྒྲུབ་ནི། སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཚང་བ་ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བའི་རྣམ་རྒྱལ་བུམ་པའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ཕྱིར་གྲུ་བཞི་པའི་གཞལ་ཡས་ཁང་གི་ལྟེ་བར་ཧཱུྃ་བཾ་ལས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པས་དུས་མཚན་དང་འཇིགས་བྱེད་མནན་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་དང་མཉམ་པར་སྦྱོར་བ། ཕྱོགས་ཀྱི་འདབ་མ་བཞི་ལ་སྙིང་པོའ་རྣལ་འབྱོར་མ་བཞི། མཚམས་ཀྱི་འདབ་མར་བུམ་ཐོད། སྒོ་དང་གྲུ་བཞི་ལ་སྒོ་མཚམས་མ་བརྒྱད་དེ། གཙོ་འཁོར་ཐམས་ཅད་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས་པ། ལས་བུམ་གྱི་ནང་དུ་ཁྲོ་བོ་བདུད་རྩི་འཁྱིལ་པ་རྣམས་སྐད་ཅིག་གིས་གསལ་བར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ
༡༨༤ སྙིང་གར་ཧཱུྃ། ཡབ་ཀྱི་སྙིང་གར་ཧཾ་ཡཾ། ཁར་ཧྲཱིཿམཾ། མགོ་བོར་ཧྲཱིཾཿཧྲཱིཾཿ སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ། ཚིགས་ཆེན་བརྒྱད་ལ་ཕཊ་ཕཊ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་ཀྱི་འཁོར་ལོ་ཕེཾ། ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གའི་ཧཱུྃ་འོད་ཀྱིས་དབང་ལྷ་ཐམས་ཅད་ཕེཾ། ༀ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་བས་སོ་སོའ་རིགས་བདག་གིས་དབུ་བརྒྱན། ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཧཱུྃ། དཔལ་ལྡན་བདེ་མཆོག་འཁོར་ལོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །རང་གི་སྙིང་ག་ནས་སྔགས་ཕྲེང་དམར་པོ་གཟུངས་ཐག་ལ་འབྲིལ་འབྲེལཏེ་སོང་བས་ལྷ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། གཟུངས་ཐག་ལ་འཇུས་ཏེ། །རྣམ་བུམ་ལྷ་གཙོ་བོ་ཡབ་ཡུམ་གྱི་སྔགས་བརྒྱ་རྩ་བརྒྱད་དང་འཁོར་གྱི་ལྷ་མོ་རྣམས་ཀྱི་སྔགས་བདུན་ལས་མི་ཉུང་བ་དང་། ཨ་བྷི་ཥེ་ཀ་ཉེར་གཅིག་ཙམ་རེ་བཟླས། ལས་བུམ་ལ་སུམྦྷ་མང་དུ་བཟླས་ལ། ༀ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་རྣམས་རྗེས་ཆགས་ཆེན་པོའ་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར། དེ་ནས་མདུན་བསྐྱེད་ནི། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་བསང་སྦྱངས། སྟོང་པའི་ངང་ལས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་།
༡༨༥ རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་རེ། མདའི་དྲྭ་བ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་པ་ནང་ནས་ནག་ལྗང་དམར་སེར་དཀར་བའི་རྩིག་པ་རིམ་པ་ལྔ་པ་ཞེས་པ་ནས་ཞབས་གཡས་བརྐྱང་བའི་གར་སྟབས་ཀྱིས་རོ་གདན་ལ་བཞུགས་པའོ། །ཞེས་པའི་བར་རྟེན་དང་བརྟེན་པ་ཐམས་ཅད་བདག་བསྐྱེད་ལྟར་སྐད་ཅིག་གིས་གསལ་བཏབ། དེ་ནས་བདག་མདུན་བསྲེ་བ་ནི། བདག་གིས་སྒོམ་པའི་འབྱུང་བཞི་རི་རབ་སྲུང་འཁོར་གཞལ་ཡས་ཁང་ལྷའི་གདན་ཕྱི་རོལ་དུར་ཁྲོད་དང་བཅས་པའི་རྟེན་དང་བརྟེན་པ་ལྷ་བཅུ་གསུམ་ཐོད་པ་བཞི་དང་བཅས་པ་ཐམས་ཅད་གཅིག་ཏུ་འདྲེས་ཏེ་གཉིས་སུ་མེད་པར་གྱུར། ༀ་ཨཱཿཧཱུྃ་དང་། སུམྦྷ་ལན་གསུམ་བཟླ། དེ་ཐམས་ཅད་ཀྱི་དཔྲལ་བར་ༀ་དཀར་པོ་སྐུ་རྡོ་རྗེ་ཞེས་པ་ནས། མཚམས་མ་བཞི་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ཞེས་པའི་བདག་བསྐྱེད་ལྟར་བྱའོ། །དེ་ནས་མཆོད་པ་ལ་སྤྱི་དང་ཁྱད་པར་བ་གཉིས་ཀྱི། དང་པོ་སྤྱི་ལ་ལྔ་ལས། ཕྱི་མཆོད་ནི། རང་གི་ཐུགས་ཀ་ནས་སྤྲུལ་པའི་བའིལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། །རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས། །མཆོད་རྫས་ཇི་སྙེད་ཡོད་པ་རྣམས། །བདག་གིས་གུས་པས་བཤམས་པ་འདི། །མཆོག་ཏུ་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། ༀ་ཤྲཱི་ཙཀྲ་སམྦྷ་ར་མཎྜལ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ །གནྡྷེ། ནེ་ཝི་དྱེ། ཤབྡ་ཞེས་བཅུག་པས་མཆོད། ནང་མཆོད་ནི། བསང་སྦྱངས། སྟོང་པའི་ངང་ལས་མེ་རླུང་གི་དབུས་སུ་ཀ་པཱ་ལ་
༡༨༦ ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བདུད་རྩི་ལྔ་བཀོད། ༀ་ཨཱཿཧཱུྃ། ཞེས་བཟླས་པས་ཞུ་ཞིང་འདྲེས། ༀ་ལས་འོད་འཕྲོས་པས་ཡེ་ཤེས་ཀྱི་བདུད་རྩི་ཐམས་ཅད་བཀུག་ནས་ཐིམ་པར་གྱུར་པ་བལས། གཡོན་པའི་མཐེབ་སྲིན་གྱིས་བླངས་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ཡབ་ཡུམ། བདེ་ཆེན་གྱི་ལྷ་མོ་བཞི། སྒོ་མཚམས་མ་བརྒྱད་སོགས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པའི་ཞལ མཁའ་འགྲོ་ཞིང་སྐྱོང་ཕྱོགས་སྐྱོང་གནས་ཡུལ་གྱི་བདག་པོ་སྲིད་གསུམ་འབྱུང་པོའ་ཚོགས་དང་། རིགས་དྲུག་གི་སེམས་ཅན་དཀྱིལ་འཁོར་འཁོར་ལོའ་ངོ་བོར་དག་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ངག་ཏུ་མྱོང་བས་ལུས་ཀྱི་ལྷ་ཐམས་ཅད་ཀྱང་དགྱེས་པར་གྱུར། གསང་མཆོད་ནི། འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་པའི་དོན་བསྒོམ། བསྟོད་པའི་མཆོད་པ་ནི། ༀ། བཅོམ་ལྡན་མགོན་པོ་དཔའ་བོ་ཆེན་པོ་ནི། །བསྐལ་པའི་བའིམེ་ཆེན་ལྟ་བུར་རབ་ཏུ་འབར། །རལ་པའི་བའིཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་ཤིན་ཏུ་འཇིགས་པའི་ཞལ། །སྐུ་ལ་སྤྱན་སྟོང་གཟི་བརྗིད་ལྡན་པ་པོ། །དགྲ་སྟྭ་ཞགས་པ་ཁ་ཾ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་གོས་སུ་གྱོན། །སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ནི། །འཇིག་རྟེན་གསུམ་གྱིས་རྒོལ་བས་མི་ཚུགས་ཤིང་། །འབྱུང་པོ་མ་ལུས་གྲི་གུག་ཆེན་པོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་དབང་ཐོད་པ་འཛིན། །ཁྲོ་མོའ་གཟུགས་ཅན་ཤིན་ཏུ་དྲག་སྙེམས་མ། །རྨུགས་བྱེད་རེངས་བྱེད་རྨོངས་པས་རབ་བརྒྱལ་ཞིང་། །བདུད་
༡༨༧ ཀྱི་འཇིགས་པ་སྙམས་ཞིང་ཞི་བར་མཛད། །རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད། །མཛེས་པའི་ཞལ་མདོག་རིགས་བཞིའི་ཁྲོ་མོར་སྤྲུལ། །མཚམས་ཀྱི་འདབ་བཞིར་དངོས་གྲུབ་བུམ་པས་མཚན། །མི་འགྱུར་བདེ་མཆོག་སྟེར་བར་མཛད་པ་ཡི། །ཡེ་ཤེས་མཁའ་འགྲོ་བཞི་ལ་ཕྱག་འཚལ་ལོ། །དེ་ཡི་ཕྱི་རོལ་ཕྱོགས་བཞི་མཚམས་བཞི་རུ། །ཁྭ་ཏ་འུག་པ་ཁྱི་དང་ཕག་པའི་གདོང་། །གཤིན་རྗེ་བརྟན་མ་ཕོ་ཉ་མཆེ་བ་མ། །འཇོམས་མ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །གཉིས་པ་ཁྱད་པར་གྱི་མཆོད་པ་ལ་བཞི་ལས། བཟླས་པའི་མཆོད་པ་ནི། རང་གཙོ་བོ་ལས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་རྣམ་པར་དབྱེ་བའི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ་བས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། དོན་གཉིས་བྱས། རྡོ་རྗེ་གསུམ་གྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ནས་རང་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཐིམ་པར་མོས་ལ་གཙོ་བོ་ཡབ་ཡུམ་གྱི་སྔགས་བརྒྱ་རྩ་བརྒྱད། འཁོར་ལྷ་མོ་བཅུ་གཉིས་པོ་ལ་བདུན་གྱིས་ཉུང་མཐའ་བྱས་པ་དང་། དབྱངས་གསལ་དང་ཧེ་རུ་ཀའི་ཡིག་བརྒྱའང་ཅུང་ཟད་བཟླས་མཐར། བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བདག་དང་སློབ་མར་བཅས་པ་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ལ་མེ་ཏོག་དོརགཏོར། བྱ་བའི་མཆོད་པ་ནི། སྤྲོ་ཞིང་ནུས་ན་རྗེས་ཆགས་དང་ཆོ་གའི་གར་དང་། རྡོ་རྗེའི་གླུ་དང་རོལ་མོ་སོགས་ཀྱིས་ཀྱང་མཆོད་པའོ། །ཚོགས་ཀྱི་འཁོར་ལོའ་མཆོད་པ་ནི། །ཚོགས་རྫས་རྣམས་བྱིན་རླབས་བདེ་གཤེགས་བཅུ་གཉིས་ལྟར་དང་། མགྲོན་དྲངས་མཆོད་རོལ་པ་བལྷག་གཏོར་རྣམས་ལམ་ལྔའི་དབང་ཆོག་ཏུ་བཤད་པ་བཞིན་ལས། རོལ་བ་མན་ཆད་དབང་གི་མཐར་མཛད་པ་ཕྱག་ལེན་ནོ། །གཏོར་མའི་མཆོད་པ་ནི། བསང་སྦྱངས།
༡༨༨ སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལའི་ནང་དུ་འབྲུ་གསུམ་ཞུ་ཞིབ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱི་བྱིན་གྱིས་བརླབས། འཁོར་ལོ་བདེ་མཆོག་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་སེམས་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་དང་། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་ཧེ་རུ་ཀའི་རྣམ་པར་སད་པ་ཕེཾ་ཞེས་སྤྱན་དྲངས། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་གྱུར། ༀ་བཛྲ་ཨ་རཱ་ལླི་ཧོཿ ཛཿཧཱུྃ་བཾ་ཧོཿ ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ༀ་ཨཱཿཧཱུྃ་ཞེས་ལན་གསུམ་གྱིས་ལྷ་ལ་འབུལ། དེ་ནས་གཏོར་ཆོག་ལྟར་མགོན་པོ་ལྕམ་དྲལ་སོགས་སྲུང་མ་རྣམས་ལ་ཕུལ། དེ་ནས་ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སོགས་སྔོན་གཏོར་ལན་གསུམ་གྱིས་དུར་ཁྲོད་ན་གནས་པ་དང་འབྱུང་པོའ་ཚོགས་ལ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། དཔལ་ལྡན་བདེ་མཆོག་འཁོར་ལོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། །བཅོམ་ལྡན་བདེ་མཆོག་འཁོར་དང་བཅས། །ཁྱེད་རྣམས་མཆོད་ཅིང་བསྟོད་པ་ཡིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིས་ཕྲིན་ལས་གཞོལ། དེ་ནས་དབང་བསྐུར་བ་ལ་གཉིས་ལས། །སློབ་དཔོན་བདག་འཇུག་ནི། རང་ཉིད་སློབ་མ་འཇུག་པ་ལྟར་དཀྱིལ་འཁོར་དུ་ཞུགས་ནས་བླ་མ་དང་ཐ་མི་དད་པའི་དཀྱིལ་འཁོར་གྱི་གཙོ་བོ་ལས་དབང་རྣམས་ཆོ་ག་རྒྱས་བསྡུས་ཅི་རིགས་པས་རྫོགས་པར་བླང་ངོ་། །དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བ་ནི། སློབ་བུ་རྣམས་ལས་བུམ་གྱིས་ཁྲུས་བྱས། ཕྱག་བྱས་ཏེ་གྲལ་དུ་འཁོད་པ་ལ། སེམས་བསྐྱེད་གསལ་འདེབས་དང་ཆོས་བཤད་ཇི་ལྟར་རིགས་རིགཔ་སྔོན་དུ་འགྲོ་བས། འདིར་བདེ་མཆོག་ཐུན་མོང་པ་མཻ་ཏྲི་པས་རྗེ་
༡༨༩ བཙུན་མི་ཕམ་མགོན་པོ་ལ་གནང་བ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་ལ་བསྙེན་སྒྲུབ་ལས་གསུམ་དུ་གསུངས་པ་ལས། དང་པོ་བསྙེན་པ་བཞིས་སྟ་གོན་བྱ་བ་སྟེ། དེ་ལ་བླ་མ་ཉེ་བར་བསྙེན་པའི་ཕྱིར། ཕྱག་དང་མཎྜལ་སྔོན་དུ་འགྲོ་བའི་སྒོ་ནས་གསོལ་བ་གདབ་དགོས་པ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་བདག་ཅག་བླ་མའི་ཞབས་སྤྱི་བོར་ལེན་ན་བདེ་ཆེན་ཐར་པའི་བའིགྲོང་དུ་གཞུག་ཏུ་གསོལ་སྙམ་པས་འདིའི། ཀྱཻ་ཧོ་བདག་ཅག་སྐལ་བར་ལྡན། །ཁྱོད་ཞབས་པདྨོ་སྤྱི་བོར་ལེན། །ཚེ་འདི་ཉིད་ལ་བདེ་བླག་ཏུ། །ཐར་པའི་བའིགྲོང་མཆོག་བསྟན་དུ་གསོལ། །ལན་གསུམ། སློབ་མ་ཉེ་བར་བསྙེན་པ་ནི། ཁོ་བོས་བར་ཆད་དྲི་བ་ཡིན་པས་ལན་དྲང་པོར་ཐོབ་ཅིག །བསོད་ནམས་ཀྱི་བར་ཆད་སྤོང་བ་ཡོ་བྱད་གཏོང་བའི་བློ་དང་ལྡན་ནམ། བུས་ལྡན་ལགས། རྟེན་གྱི་བར་ཆད་སྤོང་བ་དབང་པོ་ཡན་ལག་ཚང་ངམ། ཚང་ལགས། སྣོད་ཀྱི་བར་ཆད་སྤོང་བ་རྒྱུད་སྡོམ་པ་གསུམ་དང་ལྡན་པར་བྱེད་དམ། བྱེད་ལགས། ཞེས་ཁས་ལེན་དུ་གཞུག་གོ །དངོས་གྲུབ་བླང་བའི་རྫས་རིག་རིགསམ་ཉེ་བར་བསྟེན་པ་ནི། མཚན་ལྡན་གྱི་གཟུངས་མ་དེ་རབ་ཆོས་བཤད་ཅིང་དབང་བསྐུར། འབྲིང་ཐབས་མཁས། ཐ་མ་རིན་གྱིས་བསླུས་ལ་དབང་བྱ་བ་སྟེ། ད་ལྟའི་དུས་སུ་དངོས་རིག་རིགསལ་བརྟེན་ནས་དབང་བསྐུར་བ་ཕྱག་ལེན་ལ་མི་མཛད་པས་འདིར་བཏང་སྙོམས་སུ་བྱས། ཡི་དམ་གྱི་ལྷ་ཉེ་བར་བསྙེན་པ་ནི། དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཀྱི་མཆོད་པས་མཉེས་པར་བྱེད་པ་སྟེ། སྒྲུབ་མཆོད་དང་འབྲེལ་བར་སྔོན་དུ་གྲུབ། གཉིས་པ་ཆས་འཇུག་རྣམ་པ་བཞིའི་སྒོ་ནས་སྒྲུབ་པ་ཉམས་སུ་བླང་བར་བྱ་སྟེ། དེ་ལ་སློབ་མ་ཆས་སུ་གཞུག་པ་ནི། རྒྱུད་སྡོམ་པ་གསུམ་ལྡན་དུ་སྒྲུབ་པ་སྟེ། སྐྱབས་སུ་འགྲོ་བས་སོ་ཐར། ཀུན་རྫོབ་སྨོན་འཇུག་དང་དོན་དམ་བྱང་སེམས་བཟུང་བས་བྱང་སྡོམ། རིག་འཛིན་
༡༩༠ སྔགས་ཀྱི་སྡོམ་པ་ལ་སྤྱིར་རྩ་ལྟུང་བཅུ་བཞི། ཡན་ལག་གི་ལྟུང་བ་བརྒྱད། བྱེ་བྲག་བདེ་གཤེགས་རིགས་ལྔའི་དམ་ཚིག་དང་སྡོམ་པ་སྟེ། དེ་ཐམས་ཅད་ཚུལ་བཞིན་དུ་བཟུང་སྙམ་པས་འདིའི། སངས་རྒྱས་ཆོས་དང་དགེ་འདུན་ལ། །ཐར་བ་འདོད་ཕྱིར་སྐྱབས་སུ་མཆི། །ངན་འགྲོའི་སྲིད་པ་དགག་པའི་ཕྱིར། །བྱ་བ་དམན་པ་ཐམས་ཅད་སྤང་། །སེམས་ཅན་དོན་ཀུན་སྒྲུབ་པའི་ཕྱིར། །བྱང་ཆུབ་སེམས་གསུམ་བསྐྱེད་པར་བགྱི། །བཅུ་བཞིར་ཕྱེ་བའི་རྩ་བ་དང་། །སྡོམ་པ་ཐམས་ཅད་བདག་གིས་བཟུང་། །ཞེས་ལན་གསུམ། དེ་ནས་ཧཱུྃ་ཛཿཞེས་ལས་རྡོར་གྱིས་དཀྱིལ་འཁོར་གྱི་ནང་དུ་ཁྲིད་དེ་ཤར་ཕྱོགས་སུ་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པས་འཁོད་པར་གྱུར། དེ་ནས་དམ་ལ་བཞག་པ་ནི། ན་མོ་ཆོས་འདི་ཟབ་སྟེ་མཐོང་བར་དཀའ། །ཀུན་དང་ཐུན་མོང་མ་ཡིན་པས། །ཚུལ་བརྗོད་པས་ནི་ཉམས་པར་བྱེད། །ཉམས་ན་བདུད་ཀྱིས་བཟུང་བར་འགྱུར། །ཞེས་གདམས་ནས་བྲོ་བོར་བ་འདིའི། ས་མ་ཡ་ན་ར་ཀན། ཅེས་ལན་གསུམ། ཡི་དམ་གྱི་ལྷ་ཆས་སུ་གཞུག་པ་ནི། །དཀྱིལ་འཁོར་གྱི་ལྷ་རྣམས་སྒྲུབ་ཅིང་མཆོད་པ་སྟེ་ཁོ་བོས་སྔོན་དུ་ཆད་ལྷག་མེད་པར་གྲུབ་པ་ལགས། གསུམ་པ་ལས་ལ་སྦྱར་བ་ནི། དངོས་གཞི་དབང་བསྐུར་བའི་ཆོ་ག་སྟེ། དེ་ལ་དབང་རིམ་པ་བཞི་ལས། དང་པོ་བུམ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་འདིའི། ན་མོ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་སྦྱིན་ལྟར། །བདག་ཀྱང་སྐྱོབ་པའི་དོན་སླད་དུ། །ནམ་མཁའི་རྡོ་རྗེས་བདག་ལ་སྩོལ། །ལན་གསུམ། བུམ་དབང་གི་དམ་ཚིག་བཟུང་བ་ཡིན་པས་འདིའི་རྗེས་ཟློས་མཛོད། ན་མོ་བཅུ་བཞིར་ཕྱེ་བའི་དམ་ཚིག་དང་། །ཡན་ལག་ཉེས་པ་སྤང་བར་བགྱི། །སེམས་ཅན་འདུལ་དོན་མ་གཏོགས་པའི། །བྱ་བ་དམན་པ་ཐམས་ཅད་སྤོང་། །ཞེས་ལན་གསུམ། དེ་ལ་བུམ་པའི་དབང་བདུན་པོ་འདིར་བརྟན་བྱེད་བུམ་པ་དངོས་
༡༩༡ ཀྱི་དབང་དུ་བསྡུས་ནས་བསྐུར་བར་བྱ་བ་ཡིན་པས། དཀྱིལ་འཁོར་གྱི་གཙོ་བོའ་ཐུགས་ཀ་ནས་སྤྲུལ་པའི་བའིདབང་ལྷ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་ངོ་མཚར་བའི་དགེ་མཚན་དུ་མས་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ། བྱང་ཆུབ་སེམས་ཆུས་རབ་བཀང་བའི། །རྣམ་པར་དག་པའི་བུམ་པ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །སྐུ་ཡི་རྡོ་རྗེ་འགྲུབ་པར་ཤོག །ཨ་བྷི་ཥིཉྩ་ༀ། ཨ་བྷི་ཥིཉྩ་ཨཱཿ ཨ་བྷི་ཥིཉྩ་ཧཱུྃ། ཨ་བྷི་ཥིཉྩ་སྭཱ། ཨ་བྷི་ཥིཉྩ་ཧཱ། ན་མོ་གུ་རུ་ཧཱུྃ། ཞེས་བུམ་པ་མགོ་བོའ་གནས་ལྔ་དང་སྙིང་གར་གཏུག་ཅིང་། བུམ་ཆུ་བླུད། ཞེས་བུམ་པའི་ཆུས་དབང་བསྐུར། ལུས་ཐམས་ཅད་གང་ཉོན་མོངས་པའི་དྲི་མ་དག །བདེ་བ་ཆེན་པོ་མྱོང་། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལ་རྡོ་རྗེ་སེམས་དཔས་དབུར་བརྒྱན། ནམ་མཁའི་དབང་ལྷ་ཐམས་ཅད་ཀྱིས་བཀྲ་ཤིས་ཀྱི་མེ་ཏོག་འཐོར་བཞིན་དུ། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བརྗོད་པས་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བར་བྱའོ། །དེ་ལྟར་ན་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་ཞུགས། བུམ་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་། སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་མངོན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་གསོལ་བ་གདབ་པ་འདིའི། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །ཡོན་ཏན་རྒྱ་མཚོའ་བཀའ་དྲིན་གྱིས། །དོ་ནུབ་བླ་མེད་ཤེས་རབ་འཚལ། །དོ་ནུབ་བདག་ལ་བཀའ་དྲིན་མཛོད། །ལན་གསུམ། གསང་དབང་གི་དམ་ཚིག་བཟུང་བ་འདིའི་རྗེས། གསང་བ་ཆེན་པོའ་དམ་ཚིག་ནི། བཤང་གཅི་ཁུ་བ་རཀྟ་དང་། །སྣབས་དང་མཆིལ་མ་མི་འདོར་ཞིང་། །འདོད་ཡོན་ལྔ་ལ་ཡ་ང་སྤངས། །ལན་གསུམ། བླ་མ་ཧེ་རུ་ཀ་ཡབ་ཡུམ་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་སངས་རྒྱས་ཐམས་ཅད་སྤྱན་དྲངས། འདོད་ཆགས་ཆེན་པོས་བྱང་སེམས་ཀྱི་ངོ་བོར་ཞུ་ཞིབ་རང་ལ་ཐིམ། དགའ་
༡༩༢ བཞིའི་རིམ་པས་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་ནས། བདེ་བའི་རྟེན་ཀུན་ད་དང་རྡུལ་གྱི་དྭངས་མ་སྦྱོར་མཚམས་ནས་སྤྲོས་པ་ཐོད་པའི་བདུད་རྩི་དང་འདྲེས་པ་ལྕེ་ཐོག་ཏུ་སྦྱིན་པར་མོས་ལ། ཧཱུྃ། ཐབས་དང་ཤེས་རབ་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མེད་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །གསུང་གི་རྡོ་རྗེ་འགྲུབ་པར་ཤོག །ༀ་བཛྲ་བོ་དྷི་ཙིཏྟ་ཨ་མྲྀ་ཏ་ཨཱཿཧཱུྃ། ཞེས་མྱོང་བས་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། སེམས་གསལ་སྟོང་ནམ་མཁའ་དང་མཉམ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། དེ་ནས་བླ་མའི་ཡུམ་དེས་ཕྱིའི་ཐིག་ལེ་ཉི་ཤུ་རྩ་བཞི་དགོད་པ་ནི། གནས་སོ་སོར་བདུད་རྩིའི་ཐིག་ལེ་བྱ་ཞིང་ཡུལ་ཉེར་བཞིའི་མིང་ཡིག་དང་པོ་བརྗོད་དེ། འཚོགས་མར་པུ། སྤྱི་གཙུག་ཏུ་ཛ། རྣ་བ་གཡས་ཨོ། ལྟག་པར་ཨ། རྣ་གཡོན་གཽནོ། སྨིན་ཕྲག་རཱ། མིག་གཉིས་སུ་དེ། དཔུང་པ་གཉིས་མ། ཞེས་མཁའ་སྤྱོད་ཀྱི་གནས་བརྒྱད། མཆན་ཁུང་གཉིས་སུ་ཀཱ། ནུ་མ་གཉིས་སུ་ཨོ། ལྟེ་བར་ཏྲི། སྣ་རྩེར་ཀོ །ལྐོག་མར་ཀ །མགྲིན་པར་ལ། སྙིང་གར་ཀ་།མཚན་མར་ཧི། ཞེས་པས་ས་སྤྱོད་ཀྱི་གནས་བརྒྱད། གསང་གནས་སུ་ཏྲེ། གཤང་ལམ་དུ་གྲྀ། བརླར་སཽ། བྱིན་པར་སུ། སོར་མོར་ནཱ། བོལ་གོང་གཉིས་སུ་སི། མཐེ་བོང་གཉིས་སུ་མ། པུས་མོ་གཉིས་སུ་ཀུ། ཞེས་པས་ས་འོག་སྤྱོད་ཀྱི་གནས་བརྒྱད་དེ། ཕྱི་གནས་ཉི་ཤུ་རྩ་བཞིའི་ཐིག་ལེའོ། །དེ་ནས་ནང་གི་ཐིག་ལེ་བདུན་ནི། སྙིང་གའི་ཧཱུྃ་གི་མཐར་གཡོན་བསྐོར་དུ་ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་བཀོད། གསང་བའི་ཐིག་ལེ་ལྔ་ནི། སྙིང་པོའ་མཐར་ༀ་ཨཱཿཧཱུྃ་སྭཱ་ཧཱ། མཱཾ་ལཱཾ་ཏཱཾ་པཱཾ་ཁཱཾ་རྣམས་སྔར་ལྟར་བཀོད། དེ་ནས་བླ་མའི་ཡུམ་གྱིས་སློབ་མ་པང་དུ་བླངས་ཏེ། སྨན་ཕུང་བླུད་རེས་ཀྱིས་བདེ་བ་རྒྱས་པར་བྱས། རྩ་བཙལ་བ་ནི་རྩ་སྒོ་དབྱེ་བ་ཞལ་སྦྱར། སྣ་བུག་གཉིས་སྤྲད་དེ། རླུང་འབུད་རྔུབས་སྤེལ་མས་རླུང་
༡༩༣ ལས་རུང་དུ་བྱེད་པས་རླུང་ལམ་བསྟན། སྲུབས་པ་དང་བསྲུབས་པའི་སྦྱོར་བས་བྱང་སེམས་ཡས་བབས། འོག་རླུང་གི་སྦྱོར་བས་སྟེང་རླུང་ཧཱུྃ་ཧཱུྃ་ཞེས་སྤྱི་བོར་དྲངས། ཕན་ཚུན་ཐིག་ལེ་སྤྲོ་རེས་བྱེད་པ་ནི་ཐིག་ལེ་སྲོ་བ་དང་འཕོ་བ་སྦྱང་བའོ། །དེས་བདེ་བའི་ཡེ་ཤེས་བརྗོད་བྲལ་རྒྱུད་ལ་སྐྱེ་ཞིང་སྐྱེས་བྲིན་བརྟན་པར་བྱས་པའོ། །དེ་ལྟར་ན་ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས། གསང་དབང་ཐོབ་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་གཏུམ་མོ་སྒོམ་པ་ལ་དབང་། ལོངས་སྐུ་རང་བཞིན་ལྷུན་གྲུབ་མངོན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་གསོལ་བ་བཏབ་པ་འདིའི། ན་མོ། །དཔལ་ལྡན་བདེ་མཆོག་མགོན་པོ་ཡིས། །དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །བདེ་བའི་དེ་ཉིད་བསྟན་པ་ལྟར། །དེང་ནུབ་བདག་ལ་བཀའ་དྲིན་མཛོད། །ལན་གསུམ། ཤེར་དབང་གི་དམ་ཚིག་བཟུང་བ་འདིའི་རྗེས། མཆོག་ཏུ་གསང་བའི་དམ་ཚིག་ནི། །བུད་མེད་སྤང་བར་མི་བྱ་ཞིང་། །ཚངས་པར་སྤྱོད་ལ་གནས་པར་བྱ། །སེམས་ཅན་འདུལ་དོན་མ་གཏོགས་པ། །མི་དགེ་བཅུ་ལ་ཡ་ང་སྤངས། །ལན་གསུམ། དེ་ནས་སློབ་མས་བླ་མ་ཡབ་ཡུམ་གྱི་ཞབས་ལ་ཕྱག་བྱ་ཞིང་མོས་གུས་དྲག་པོ་བྱས་པས། བླ་མ་ཐུགས་རྡོ་རྗེ་ཧེ་རུ་ཀའི་ངོ་བོར་བཞུགས་པའི་ཕྱག་གཡོན་པས་ཕྱག་རྒྱ་མ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པའི་ཕྱག་གཡས་པ་ནས་བཟུང་སྟེ། ཧཱུྃ། དགའ་སྟེར་གནས་སྟེར་ལྷ་མོ་འདི། །སྣ་ཚོགས་གཟུགས་ཅན་ཡིད་དུ་འོང་། །མཐའ་ཡི་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱར་ལོང་། །ལོང་ལ་མཆོད་པ་རྟག་ཏུ་གྱིས། །ༀ་མ་ཧཱ་སུ་ཁ་ཧོཿཞེས་བརྗོད་ཅིང་སློབ་མའི་ལག་པ་གཡོན་པར་གཏད་པར་མོས་ལ་སིནྡྷུ་རའི་མཎྜལ་གཏོད། ལྷ་མོ་དེས་ཀྱང་ལུས་གཅེར་བུར་ཕྱུང་ནས་གསང་རྩ་རྒྱས་པའི་པདྨ་མཚོན་བཞིན་ཏུ་དུ
༡༩༤ འདི་སྐད་ཅེས། ང་ཡི་གསང་བའི་པདྨོ་འདི། །ཡོན་ཏན་ཀུན་གྱི་འབྱུང་གནས་ཡིན། །མཁས་པ་གང་གིས་འདི་བརྟེན་ན། །དེ་ཡི་མདུན་ན་སངས་རྒྱས་བཞུགས། །ༀ་བཛྲ་ཨཉྫ་ལི་ཧོ། །ཞེས་བརྗོད་ནས་ཐབས་ཀྱི་པང་དུ་བྱོན་པར་གྱུར། དེ་ནས་སློབ་མ་དང་རིག་མ་ཧེ་རུ་ཀ་ཡབ་ཡུམ་ཏུ་གསལ་བཏབ་ལ། ཡབ་ཡུམ་གཉིས་ཀའི་སྐུ་ལ་བྱང་སེམས་ཀྱི་ཐིག་ལེ་གསུམ་ཕན་ཚུན་འཁོད་རེས་ཀྱིས་བཀོད་པའི་མོས་པ་མཛོད་བྱས་ལ་བུའི་གནས་རྣམས་སུ་གསང་དབང་ལྟར་ཐིག་ལེ་བྱ། ཐབས་ཀྱི་རྡོ་རྗེ་རྩེ་ལྔ་པ་ནོར་བུའི་རྩེ་ༀ་གྱིས་མཚན་པ། ཤེས་རབ་ཀྱི་པདྨ་ཨཱཿལས་ཟེའུ་འབྲུའི་རྩེ་མོ་ཨས་མཚན་པ། དེ་ནས་རྩ་སྒོ་དབྱེ་ཞིང་རླུང་ལམ་བསྟན་པ་སྔོན་དུ་འགྲོ་བས་ཐབས་ཤེས་སྙོམས་འཇུག་རྗེས་ཆགས་ཀྱི་རྐྱེན་གྱིས་འཁོར་ལོ་བཞིར་ཡས་འབབ་མས་འཇོག་གི་བདེ་བ་བརྟན་པའི་མོས་པ་མཛོད། དེའང་གང་ཟག་གཅིག་ཅིགཅར་བ་ལ་རྒྱུ་དུས་ཀྱི་དབང་བསྐུར་ཏེ། འཁོར་ལོ་བཞིར་བྱང་སེམས་རིམ་པར་བབས་པས། མགྲིན་པར་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་ཁྱད་དགའ། གསང་བར་གཡོ་མེད་བརྟན་པ་ལྷན་སྐྱེས་ཏེ་ཡས་བབས་ཀྱི་དགའ་བ་བཞི་དང་། སླར་ཡང་ཧཱུྃ་ཧཱུྃ་ཞེས་གྱེན་དུ་གཤེགས་མས་བརྟན་གྱི་དགའ་བཞིའི་རིམ་པ་དོན་དམ་རང་རིག་ལྷན་སྐྱེས་ཀྱི་ཡེ་ཤེས་བདེ་སྟོང་ཟུང་འཇུག་མངོན་དུ་བྱས་པའོ། །ཡང་རིམ་གྱིས་པ་ལམ་དུས་ཀྱི་དབང་བསྐུར་ཏེ། བྱང་སེམས་དབབ་བཟུང་ལྡོག་དགྲམ་སྟེ། མཁས་པ་བཞི་ལ་ངོ་སྤྲོད་པ་ཡིན་ནོ། །ཐོད་རྒལ་བ་ལ་འབྲས་བུའི་དུས་ཀྱི་དབང་བསྐུར་ཏེ། འཁོར་ལོ་བཞི་ལ་རིམ་པར་བརྟན་པས་ཚད་མེད་བཞི་ལ་སོགས་པ་འབྲས་བུའི་ཡོན་ཏན་སྐྱེ་བའི་རིམ་པ་རྣམས་ཤེས་པར་མཛོད་ཅིག །དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་ཞུགས། ཤེར་དབང་ཐོབ། གཞན་ལུས་ཕོ་ཉའི་ལམ་སྒོམ་པ་ལ་དབང་། ཆོས་སྐུ་རང་བཞིན་ལྷུན་གྲུབ་མངོན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་
༡༩༥ བའི་ཡོན་དུ་མཎྜལ་ཕུལ། དེ་ནས་གསོལ་བ་གདབ་པ་འདིའི། ན་མོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །དབང་བསྐུར་གསུམ་པ་བདག་ལ་གནང་། །རྣམ་པ་ཀུན་ཏུ་མཆོག་གྱུར་པའིབའི། །བཞི་པ་ཡང་ནི་བདག་ལ་སྩོལ། །ལན་གསུམ། བཞི་པ་དམ་ཚིག་བཟུང་བ་འདིའི་རྗེས། ན་མོ། །བསྲུང་དུ་མེད་པའི་དམ་ཚིག་ནི། །ཐམས་ཅད་རོ་མཉམ་ཆོས་ཉིད་ངང་། །འཁོར་བ་སྤང་བར་མི་བྱ་ཞིང་། །མྱ་ངན་འདས་པ་མི་སྒྲུབ་བོ། །ལན་གསུམ། དེ་ནས་སློབ་མ་རྣམས་ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་རང་སོར་བཞག །སེམས་གནད་གང་ཤར་གྱི་རང་ངོ་ལ་ཅེར་གྱིས་ལྟོས། དེ་ཀའི་ངང་ལ་མ་བཅོས་པར་རང་ལུགས་སུ་མཉམ་པར་ཞོག་བྱས་ལ། ངོ་སྤྲད་པ་ནི། ཧཱུྃ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་མཐར་ཕྱིན་བདེ་བ་སྟེ། །ཁྱོད་ཀྱི་ཕ་ཡང་ཁྱོད་རང་ཉིད། །ཅེས་བསམ་གྱིས་མི་ཁྱབ་པའི་ལྷན་ཅིག་སྐྱེས་པའི་སྐུ་དང་ཡེ་ཤེས་ཟུང་འཇུག་ཏུ་གདོད་མ་ནས་རང་ཤར་བ་ནི་དབང་བཞི་པའི་ཡེ་ཤེས་སོ། །དེ་ལྟར་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས། དབང་བཞི་པ་ཐོབ། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུ་རང་བཞིན་ལྷུན་གྲུབ་མངོན་དུ་བྱས་པ་ཡིན་ནོ། །དེ་ནས་གཙོ་བོས་ཇི་ལྟར་སོགས་ཀྱི་དམ་ཚིག་ཁས་བླངས། བཀའ་དྲིན་གཏོང་རག་གི་དོན་དུ་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་ལུས་དབུལ་དགེ་བ་བསྔོ་བ་རྣམས་བྱའོ། །དེ་ནས་རྗེས་ཆོག་ནི། ཚོགས་ལ་རོལ། ལྷག་མ་བཏང་། མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབས། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། དཔལ་ལྡན་བདེ་མཆོག་འཁོར་ལོ་ནི། །ཞེས་སོགས་ཀྱིས་བསྟོད། བླ་མ་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་ཀྱིས་བདག་དང་སློབ་མར་
༡༩༦ བཅས་པ་ལ། །ཐུགས་བརྩེ་བ་ཆེན་པོས་གཟིགས་ཏེ། བར་ཆད་ཞི་བ་དང་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་གསོལ། ཡིག་བརྒྱ་བཟླ་ཞིང་། མ་རྙེད་ཡོངས་སུ་སོགས་ཀྱིས་བཟོད་པར་གསོལ། རྣམ་པ་ཀུན་ཏུ་མགྲོན་རྣམས་དང་རྡུལ་ཚོན་གྱི་ཡེ་ཤེས་པ་ནུབ་ཐ་མའི་ཚེ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་གྱིས་གཤེགས། རྡུལ་ཚོན་གྱི་ཉིན་དང་པོ་རྣམས་དང་རས་བྲིས་ལ་རྣམ་པ་ཀུན་ཏུ་འདིར་ནི་གཟུགས་དང་སོགས་ཀྱིས་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་པ་རྣམས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཁམས་གསུམ་སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོར་སྦྱོང་། དེ་ཐམས་ཅད་སྲུང་འཁོར་གཞལ་ཡས་ཁང་དང་བཅས་པ་ལ་ཐིམ། དེ་འཁོར་རྣམས་ལ། འཁོར་རྣམས་ཕྱོགས་གཡོན་བསྐོར་དང་མཚམས་གཡས་བསྐོར་གྱིས་གཙོ་བོ་ལ། ཡུམ་ཡབ་ལ། དེ་ཧཱུྃ་ལ། དེ་བདེ་གསལ་གྱི་དབྱིངས་སུ་ཐིམ་པར་མོས་ལ་མཉམ་པར་བཞག །ༀ་ཧྲཱིཿཧ་ཧ་ཧཱུྃ་ཕཊ་ཅེས་བརྗོད་པས་འོད་གསལ་གྱི་ངང་ལས་རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་གྱུར་པའི་བའིསྙིང་གར་ༀ་ཧ། འཚོགས་མར་ན་མ་ཧི། སྤྱི་གཙུག་ཏུ་སྭཱ་ཧཱ་ཧཱུ། ཕྲག་པར་བཽ་ཥཊ་ཧེ། མིག་ལ་ཧཱུྃ་ཧཱུྃ་ཧོཿ ཚིགས་ཆེན་བརྒྱད་ལ་ཕཊ་ཧཾ། སུམྦྷ་ལན་གཉིས་ཀྱིས་ཕྱོགས་བཅིངས། སྣང་གྲགས་དྲན་རིག་ཐམས་ཅད་ལྷ་སྔགས་བདེ་ཆེན་གྱི་རང་བཞིན་དུ་དག་པར་མོས་ལ། བསྔོ་སྨོན་དང་ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། །བླ་མ་གོང་མ་རྣམས་འདི་ཐོབ་པས་བདེ་མཆོག་ཐམས་ཅད་ཀྱི་དབང་ཐོབ་པར་འགྱུར་བས་ཐུན་མོང་བའོ་གསུངས། དེ་ལ་སྟོད་ལུགས་པ་རྣམས་མཻ་ཏྲི་པས་དམ་པ་ལ་གསུངས་པ་བཅུ་གསུམ་མའི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བར་མཛད། སྣང་ལུགས་པ་རྣམས་ནག་པོ་ལུགས་ཌོམྦྷི་བས་དམ་པ་ལ་གསུངས་པ་བདེ་མཆོག་ལྷན་སྐྱེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བར་མཛད། འདིར་བླ་མའི་ཕྱག་བཞེས་ལྟར་བཅུ་གསུམ་མ་ལ་སྦྱར་བ་ཡིན་ལ། གལ་ཏེ་ལྷན་སྐྱེས་ཀྱི་དཀྱིལ་འཁོར་དུ་བསྐུར་བར་འདོད་ན།
༡༩༧ དཀྱིལ་འཁོར་རྩ་ཐིག་གི་ཟླུམ་སྐོར་དབུས་ཆོས་འབྱུང་སྔོ་དམར་བརྩེགས་མ་ལ་ལྷ་མཚན་འགོད། བཅས་གཞན་རྣམས་འདྲ། སྒྲུབ་མཆོད་ནི། སྔོན་གཏོར་བཏང་། གནས་ཡོ་བརླབ། བདག་བསྐྱེད་སྐྱབས་སེམས་ནས་བཟླས་པའི་བར་དམ་པ་ཕྱི་ནང་གསང་གསུམ་གྱི་བདག་བསྐྱེད་དུ་བཀོད་པ་ལྟར་བྱ། དེ་ནས་མདུན་གྱི་དཀྱིལ་འཁོར་དང་བུམ་པ་སྟབས་ཅིག་ཏུ་བསང་སྦྱངས། སྟོང་པའི་ངང་ལས་མཎྜལ་དང་བུམ་པའི་ནང་དུ་པད་ཉི་ཟླ་བའི་གདན་ལ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཞེས་པ་ནས་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་བདག་བསྐྱེད་ལྟར་དང་། ལས་བུམ་དུ་བདུད་རྩི་འཁྱིལ་པ་སྐད་ཅིག་གིས་གསལ་བཏབ། དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་ཕཻཾ་ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཆུ་གཉིས་ཉེར་སྤྱོད་ལྔ་དང་། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཆོས་དབྱིངས་རྣམ་དག་མས་བསྟོད། མདུན་བསྐྱེད་ལ་དམིགས་པ་དང་བུམ་པར་གཟུངས་ཐག་བཏགས་ནས་ཡི་གེ་བདུན་པ་ཅི་ནུས་དང་། ལས་བུམ་ལ་སུམྦྷ་བཟླ་ཞིང་བུམ་པའི་ལྷ་འོད་དུ་ཞུ། འདས་མ་འདས་ཀྱི་གཏོར་མ་དང་ཚོགས་མཆོད་སྔར་ལྟར་བྱ། དེ་ནས་སློབ་དཔོན་བདག་ཉིད་འཇུག་ཅིང་སློབ་མ་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཞིང་རྗེས་ཆོག་སྤྱི་དང་འདྲ་བ་ཡིན་ནོ།།

༄༅། །གླིང་བཞི་རྒྱན་གྱི་མཎྜ་ལ་བཞུགས་སོ༎ ༎

༨༡གླིང་བཞི་རྒྱན་གྱི་མཎྜལ་བཞུགས་སོ།། །།
༨༢ཤིན་ཏུ་སྤྲོས་པ་མེད་པར་དབང་བསྐུར་བའི་ཚེ་ལྔ་ཚན་ལྔའི་མཎྜལ་རིམ་པས་འབུལ་ཞིང་། ནམ་མཁའི་དབྱིངས་གང་བར་དམིགས་ཏེ། ཚིག་གི་རྒྱལ་པོ་འདི་དག་གིས་གསལ་བར་བྱའོ། །ༀ་ཨཱ་ཿཧཱུྃ། ཡིད་བཞིན་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་ནོར་བུ་སྣ་ཚོགས་ཀྱི་ས་གཞི་ལ་གསེར་གྱི་བྱེ་མ་བརྡལ་བ། རིན་པོ་ཆེ་སྣ་བདུན་འབར་བའི་རི་དང་ཤིང་དང་སྐྱེད་མོས་ཚལ་དང་གཞལ་མེད་ཁང་འོད་གསལ་གྱི་གནས། ནོར་བུ་འཐོན་ཀ་དང་། འཐོན་ཀ་ཆེན་པོ་དང་། ཀེ་ཀེ་རུ་དང་། པདྨ་རཱ་ག་དང་། མ་རྒད་ཏ་དང་། མུ་ས་གརྦྷ་དང་། ཡིད་བཞིན་སྤྲིན་ལ་སོགས་པ། སྣ་ཚོགས་འབྱོར་པའི་མངའ་ཐང་ཚད་མེད་པས་ལེགས་པར་བཀོད་པའི་གཞི། ནམ་མཁའི་མཐའ་ཀླས་པར་ཡིད་བཞིན་རིན་པོ་ཆེའི་དྲ་བས་ཡོངས་སུ་གང་བར་དམིགས་ཏེ། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའ་ཚོགས་དང་བཅས་པ་ཐམས་ཅད་ལ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པར་རྒྱུན་གྱི་འཁོར་ལོར་འབུལ་ལོ། །ཡིད་བཞིན་
༨༣རིན་ཆེན་སྤྲིན་གྱི་དྲ་བས་ཀུན་ནས་བརྒྱན་པའི་བླ་བྲེ་ཅན། དཔལ་ལྡན་འདོད་དགུའི་ཆར་གྱི་ཚོགས་མང་ནམ་མཁའི་དབྱིངས་ཀུན་ཡོངས་བཀོད་དེ། ཀུན་ཏུ་བཟང་པོའ་མཆོད་སྤྲིན་ཇི་བཞིན་ཏིང་འཛིན་རོལ་མོ་བསམ་ཡས་ཀྱིས། །སྲིད་དང་ཞི་བའི་དཔལ་དུ་གྱུར་གང་ཀུན་ནས་དགེ་བའི་སེམས་ཀྱིས་མཆོད། །གླིང་བཞི་འཇིག་རྟེན་རྒྱན་གྱུར་མཆོད་པའི་སྤྲིན། །ཡིད་བཞིན་རིན་ཆེན་སྣ་ཚོགས་འདི་འབུལ་བས། །འགྲོ་ཀུན་གནས་སྐབས་འདོད་དགུ་ལྷུན་གྲུབ་ཅིང་། །མཐར་ཐུག་ཡེ་ཤེས་ལྔ་ལ་སྤྱོད་པར་ཤོག །ༀ་ཨཱཿཧཱུྃ། ཡོན་ཏན་རིན་པོ་ཆེས་བརྒྱན་པའི་ཞིང་ཁམས་ནམ་མཁའི་མཁའ་ཀླས་པར་སྣ་ཚོགས་རིན་པོ་ཆེས་ཡོངས་སུ་བཀོད་པའི་གཞི། ཤིང་དང་། སྨན་དང་། མེ་ཏོག་དང་། ལོ་ཏོག་ཡོངས་སུ་རྒྱས་པའི་འབྲུ་དང་། འབྲས་བུའི་རྔད་མང་པོས་ལེགས་པར་འབྱོར་བ་འདི་ཉིད་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའ་ཚོགས་དང་བཅས་པ་ཐམས་ཅད་ལ་སྲིད་པ་ཇི་སྲིད་རྣམ་པར་གྲོལ་བ་དེ་སྲིད་ཀྱི་བར་དུ་
༨༤འབུལ་ལོ། །འབྲུ་མང་འབྱོར་པ་ཤིན་ཏུ་མཐའ་ཡས་བསམ་གཏན་ཟས་ཀྱི་རྗེས་འགྲོ་བ། །སྨན་ཤིང་ལོ་ཐོག་ལེགས་སྨིན་དུལ་བའི་འབྲས་བུ་ཤིན་ཏུ་རྨད་བྱུང་གིས། །དཔག་ཡས་ནམ་མཁའི་དབྱིངས་ཀུན་བཀང་སྟེ་ཡིད་བཞིན་སྤྲིན་ཚོགས་ཀྱིས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའ་ཚོགས་ལ་མཆོད། །འབྲུ་མང་སྣ་ཚོགས་དམ་པས་རབ་བརྒྱན་པ། །ཡོན་ཏན་རིན་ཆེན་ཡོངས་གང་འདི་ཕུལ་བས། །འགྲོ་ཀུན་གནས་སྐབས་འབྱོར་པ་མཐའ་ཡས་ཤིང་། །མཐར་ཐུག་སྐུ་ལྔའི་ཞིང་ལ་སྤྱོད་པར་ཤོག །ༀ་ཨཱཿཧཱུྃ། ཡེ་ཤེས་རིན་པོ་ཆེས་ཀུན་ཏུ་བརྒྱན་པའི་ཞིང་ཁམས་དྲིའི་སྙིང་པོ་ཅན། ཙནྡན་སྣ་ཚོགས་ཀྱི་བསྲུངས་དང་། སྨན་དང་མེ་ཏོག་གིས་དྲིས་ཀུན་ཏུ་ཁྱབ་པ། སྤོས་ཀྱི་ཤིང་ལྗོན་པ་རིན་པོ་ཆེའི་དྲ་བས་ལེགས་པར་བརྒྱན་ཞིང་དྲི་བཟང་པོ་མཆོག་ཏུ་གྱུར་པའི་ཆུ་ཀླུང་འབུམ་ཕྲག་དུ་མ་དལ་གྱིས་འབབ་པ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཚད་མེད་པའི་མངའ་ཐང་ཆེན་པོས་དབང་འབྱོར་པ་འདི་ཉིད། །བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའ་ཚོགས་དང་བཅས་པ་ཐམས་ཅད་ལ། འགྲོ་བ་མཐའ་དག་ཉེ་བར་ཞི་བའི་གོ་འཕང་ལ་གནས་པ་དེ་སྲིད་དུ་འབུལ་ལོ། །སྨན་ཤིང་མེ་ཏོག་དྲི་ཞིམ་ངད་ལྡན་སྤོས་དང་སྨན་སྦྱར་བདུད་རྩིའི་ཆུ། །དྭངས་ཤིང་རྙོག་བྲལ་དྲི་མཆོག་གིས་ཁྱབ་ནམ་མཁའི་དབྱིངས་ཀུན་ཡོངས་བཀོད་དེ། །དཔག་མེད་མཐུ་ལྡན་རིམ་རྒྱས་རྡུལ་བྲལ་རྒྱལ་བའི་དྲི་གཙང་གིས་མཛེས་པ། །སྣ་ཚོགས་ཡོན་ཏན་འབྱོར་བས་ཡོངས་གང་ཀུན་ནས་དགའ་བའི་གཙུག་གིས་མཆོད། །སྨན་དང་སྤོས་མཆོག་བདུད་རྩིའི་རང་བཞིན་སྤྲིན། །ནམ་མཁའི་མཐའ་ཀླས་གྱུར་གང་ལེགས་ཕུལ་བས། །འགྲོ་ཀུན་
༨༥གནས་སྐབས་དབང་པོ་རབ་གསལ་ཞིང་། །མཐར་ཐུག་གདོད་མའི་གཞི་ལ་སྤྱོད་པར་ཤོག །ༀ་ཨཱཿཧཱུྃ། ཡིད་བཞིན་སྤྲིན་གྱི་ཞིང་ཁམས་ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལ། སྨན་གྱི་ཤིང་ལྗོན་པ་དཔག་ཏུ་མེད་པས་བརྒྱན་ཞིང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཐམས་ཅད་སྨན་གྱི་ཕུང་པོ་ཚད་མེད་པའི་རང་བཞིན་འབྱུང་བ་དང་། ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་མཐུ་དང་ལྡན་པ། རྣམ་པར་བཀྲ་ཞིང་ཡིད་དུ་འོང་བའི་བཀོད་པ་མཐའ་ཡས་པའི་སྤྲིན་ཕུང་གིས་འཁྲིགས་པ་རང་བྱུང་བས་ནམ་མཁའི་དབྱིངས་ཀུན་ཁྱབ་པར་བཀོད་པ་གསལ་བ་ཅན། རྩ་དང་ཤིང་དང་མེ་ཏོག་གི་སྨན་རྣམ་པ་ཐ་དད་པ་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་བདུད་རྩིས་ཀུན་ཏུ་གང་བ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའ་ཚོགས་དང་བཅས་པ་རྣམས་ལ་ལུས་ཅན་ཐམས་ཅད་ཐར་པ་ཆེན་པོའ་གྲོང་དུ་ཕྱིན་པ་དེ་སྲིད་དུ་རྟག་པར་འབུལ་ལོ། །སྣ་ཚོགས་སྨན་གྱི་ཕུང་པོས་ཡོངས་གང་བཀྲ་ཤིས་གཟི་བྱིན་ལྡན་པ་གང་། །ས་དང་ནམ་མཁའི་དབྱིངས་ཀུན་ཡོངས་ཁྱབ་སྲིད་གསུམ་བདེ་དགེའི་གཞིར་གྱུར་པ། འབྱུང་དང་ཉོན་མོངས་ནད་ཀུན་ཞི་བྱེད་རྣམ་གྲོལ་བདུད་རྩིའི་སྙིང་པོ་ཅན། །མ་ལུས་ཇི་སྙེད་ཇི་བཞིན་བཀོད་པས་འགྲོ་བའི་བླ་མ་སྲས་བཅས་མཆོད། །བདུད་རྩིའི་རང་བཞིན་ནད་རབ་ཞི་བྱེད་པ། །སྨན་མཆོག་དམ་པ་གྱུར་པ་འདི་ཕུལ་བས། །འགྲོ་ཀུན་གནས་སྐངས་ཚེ་རིང་ནད་མེད་ཅིང་། །མཐར་ཐུག་བདེ་ཆེན་ཞིང་ལ་སྤྱོད་པར་ཤོག །ༀ་ཨཱཿཧཱུྃ། འོད་གསལ་རིན་པོ་ཆེས་བཀོད་པའི་ཞིང་ཁམས་མེ་ཏོག་གི་སྐྱེད་མོས་ཚལ་བཀོད་ལེགས་པའི་ས་གཞི་ཡིད་དུ་འོང་བ་ལ། པདྨ་དང་། པདྨ་
༨༦ཆེན་པོ་དང་། ཀུ་མུ་ཏ་དང་། ཨུཏྤལ་དང་། ཨུ་དུམྦཱ་རའི་ཚོགས་ལ་སོགས་པས་རབ་ཏུ་བརྒྱན་ཞིང་། ཆུ་དང་ཐང་དང་སྐྱེད་མོས་ཚལ་ལས་འཐོན་པའི་ཚོགས་དཔག་ཏུ་མེད་པས་ལེགས་པར་བརྒྱན་པ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའ་ཚོགས་དང་བཅས་པ་རྣམས་ལ་ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས་ཇི་སྲིད་གནས་པ་དེ་སྲིད་དུ་རྒྱས་པར་བཀང་སྟེ་འབུལ་ལོ། །དཔག་མེད་ཆུ་ལྡན་རབ་རྒྱས་གེ་སར་མདངས་བཀྲ་ཞིང་། །མཚོར་ཉལ་འཛུམ་པའི་འོད་ཟེར་དང་ལྡན་སྐྱེད་མོས་ཚལ། །སྣ་ཚོགས་ཁ་ཕྱེ་ལྷག་གེར་འདུག་པས་མཛེས་གྱུར་པ། །ནམ་མཁའི་དབྱིངས་ཀུན་ཡིད་ཀྱིས་བཀང་སྟེ་གུས་པས་མཆོད། །མེ་ཏོག་བཀོད་སྤྲིན་ནམ་མཁའི་དབྱིངས་ཁྱབ་པ། །དཔག་ཡས་རིན་ཆེན་དྲ་བ་འདི་ཕུལ་བས། །འགྲོ་ཀུན་གནས་སྐབས་ཤེས་རབ་རྒྱ་ཆེ་ཞིང་། །མཐར་ཐུག་འོད་ལྔའི་ཞིང་ལ་སྤྱོད་པར་ཤོག །ཅེས་དབྱངས་སྙན་པོས་ལན་གསུམ་གསུམ་དུ་འབུལ་བར་བྱའོ། །ཚུལ་འདི་ནི་དབང་དང་གདམས་པ་གོང་མ་ལ་འཇུག་པའི་ཚེ་བྱ་བ་ཡིན་གྱི། ཐ་མལ་པའི་ཚེ་བྱ་བ་ནི་མ་ཡིན་ནོ། །ལན་ཅིག་ཕུལ་བས་ཀྱང་ཚོགས་གཉིས་རྫོགས་ཤིང་། ཡེ་ཤེས་ཉི་ཤུ་རྩ་ལྔ་ལ་སྤྱོད་པར་གསུངས་སོ། །མཎྜལ་འབུལ་བའི་ཆོ་ག་གླིང་བཞི་རྒྱན་གྱུར་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།དགེའོ།། །།

༄༅། །གནད་བཅུ་གཅིག་གིས་དཀྲི་བ་གནད་དུག་གིས་དཀྲི་བ། དབང་པོ་རབ་འབྲིང་གསུམ་གྱིས་དཀྲི་བ་གསུམ་གྱི་ཁྲིད་བཞུགས་སོ༎

{{:}}

༄། །ཇོ་བོ་མཉམ་མེད་གསེར་གླིང་པ་དང་མཇལ་བའི་རྣམ་ཐར་བཞུགས་སོ༎

༤༠༥

ཇོ་བོ་མཉམ་མེད་གསེར་གླིང་པ་དང་མཇལ་བའི་རྣམ་ཐར་བཞུགས་སོ། །

༤༠༦

རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བདག་གིས་ཟླ་བ་བཅུ་གསུམ་གྱི་བར་དུ་གཟིངས་ཀྱི་ནང་དུ་ཞུགས་ནས། བླ་མ་གསེར་གླིང་པའི་དྲུང་དུ་ཕྱིན་པ་ན། །ཟླ་བ་ལྔ་ཙམ་འདས་པའི་དུས་སུ་ལྷའི་བུ་དབང་ཕྱུག་ཆེན་པོས་ཁོ་བོའི་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་གཅོད་པའི་ཕྱིར་མི་མཐུན་པའི་རླུང་དམར་ཆེན་པོ་གཡོས། ཆུ་སྲིན་ཉ་མིད་ཆེན་པོར་བྱས་ཏེ་མདུན་བཀག །ནམ་མཁའ་ནས་ཁོ་བོའི་སྟེང་དུ་ཐོག་ཕབ་སྟེ། དེའི་དུས་སུ་ཁོ་བོས་བྱམས་པ་དང་སྙིང་རྗེ་ཁྱད་པར་ཅན་གཅིག་བསྒོམས་པ་ལ་བརྟེན་ནས། རླུང་དམར་ཆེན་པོ་ཞི་ནས་ཐོག་ཆེན་པོ་དྲུག་ནམ་མཁའ་ལ་ཆགས་འདུག་པ་མཐོང༌། འོན་ཀྱང་ཆུ་སྲིན་དེས་མདུན་བཀག་པ་དང༌། རླུང་ཆེན་པོ་དེས་རྒྱ་མཚོའི་ཁ་འཁྱམས་པའི་སྟོབས་ཀྱིས། །གཟིངས་དེ་ཡང་དར་པོ་ཆེ་རླུང་གིས་བསྐྱོད་པ་བཞིན་དུ་འདར་བ་དང༌། འཕྱར་བ་དང༌། རེས་འགའ་ནམ་མཁའ་ལ་ཁྱེར་བ་དང༌། རེས་འགའ་རྒྱ་མཚོའི་གཏིང་དུ་རྡེབས་པ་དང༌། ཕྱོགས་ཀྱི་བ་དན་ཆེན་པོ་བཞི་བསྙལ། ཁྲོ་ཆུའི་ཕ་བོང་བཞི་རྒྱ་མཚོའི་གཏིང་དུ་བསྐྱུར་ཀྱང༌། ཕྱོགས་བཞི་ནས་རྔ་ཆེན་པོ་བཞི་བརྡུངས་པ་ལྟར་འུར་སྒྲ་དང༌། ཆོམ་སྒྲ་དང༌། འོད་དང༌། སྐམ་གློག་ཆེན་པོ་བྱུང་བ་ལ་བརྟེན་ཏེ། འཁོར་ཐམས་ཅད་ཀྱང་ཤིན་ཏུ་སྐྲག་སྟེ། རབ་ཏུ་འདར་ཞིང་ཡོད་པ་ལ། ཡང་

༤༠༧

བྱམས་པ་དང་སྙིང་རྗེའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དང༌། པཎྜི་ཏ་སའི་སྙིང་པོས་བླ་མ་ལ་གསོལ་བ་འདི་བཏབ་བོ། །བཞེངས་ཤིག་བཞེངས་ཤིག་བླ་མ་ཐུགས་རྗེ་ཅན། །ཁྱེད་ལ་ས་སྟེང་འདི་ན་འགྲན་ཟླ་མ་མཆིས་ན། །དིང་སང་ནག་པོའི་ཕྱོགས་ཀྱིས་འཇིགས་ཤིང་གཙེ་བ་འདི། །ཁྱེད་ཀྱི་ཐུགས་རྗེ་ཆེན་པོས་ཞི་བར་མཛད་དུ་གསོལ། །འགྲོ་བ་ཐམས་ཅད་སྲིད་པའི་མཚོ་ལས་སྒྲོལ་བྱེད་ན། །དིང་སང་ནག་པོའི་ཕྱོགས་ཀྱིས་འདིར་ནི་མཐོ་མཚམས་སོ། །ཨེ་མ་རླུང་དམར་གཡོས་ཤིང་གནམ་ལྕགས་རབ་ཏུ་ཕབ། །ཉ་མིད་ཆེན་པོས་མདུན་དུ་འཇིགས་པ་བྱས། །རྗེ་བཙུན་འཇིགས་པ་འདི་ལས་བསྐྱབ་ཏུ་གསོལ། །རྒྱ་མཚོ་རླུང་གིས་བསྐྱོད་ཅིང་རྦ་རླབས་མཁའ་ལ་འཕྱོ། །མི་སྙན་ཤུགས་སྒྲ་འདོན་ཅིང་གློག་དམར་འོད་དུ་གཡོས། །གཟིངས་ཀྱང་འདར་འདར་ཤིག་ཤིག་རབ་ཏུ་གཡོས། །མཁའ་ལ་ལིང་ལིང་འཕྱར་ཞིང་གཏིང་དུ་རྡེབ། །རྗེ་བཙུན་ད་ནི་འཇིགས་པ་འདི་ལས་བསྐྱབ་ཏུ་གསོལ། །ཁྱོད་ཀྱི་ཡོན་ཏན་ནམ་མཁའ་ལྟ་བུ་ལ། །བཀའ་སྡོད་ཆོས་སྲུང་ཚོགས་རྣམས་མཁའ་ལྡིང་ལྟར། །ལིང་ལིང་བསྐོར་ཞིང་བར་ཆད་སེལ་བྱེད་ན། །དེང་སང་འདི་ལྟར་བར་ཆད་ལྷགས་ཀྱང་མི་སྐྱོབ་པར། །དབེན་པའི་དབྱིངས་ན་བཞུགས་པ་ཐུགས་རྗེ་ཅི་ལྟར་ཆུང༌། །དེ་ནི་གསང་སྔགས་ཕྱི་ནང་མཁའ་འགྲོ་ཆོས་སྐྱོང་དང༌། །དགྲ་

༤༠༨

བཅོམ་དཔའ་བོ་དཔའ་མོ་ཡེ་ཤེས་ལྷ་ཚོགས་རྣམས། །དཀར་པོའི་ཕྱོགས་ལ་དགའ་བའི་ལྷ་ཚོགས་ཐམས་ཅད་ཀྱིས། །ཀུན་ནས་བསྐོར་ཞིང་དེང་སང་རྒྱ་མཚོ་ཆེན་པོ་འདིར། །བླ་མ་ཁྱེད་ཀྱིས་ཐུགས་རྗེའི་དཔུང་གིས་བཟློག་ཏུ་གསོལ། །གཞན་གྱིས་མི་ཐུབ་བཅོམ་ལྡན་གཤིན་རྗེ་གཤེད་དམར་ལ། །གཤིན་རྗེ་འཇིགས་པར་བྱེད་པའི་འཁོར་གྱིས་ཡོངས་སུ་བསྐོར། །མི་གཡོ་མགོན་པོ་ཁྲོ་བོ་བཅུ་ཡི་ཚོགས་དང་བཅས། །འཇིགས་པ་བརྒྱད་སྐྱོབ་ལྷ་མོ་བཀྲ་ཤིས་དཔལ་འབར་མ། །ཆོས་རྒྱལ་བླ་མ་ཁྱེད་ཀྱིས་དཔུང་གིས་བཟློག་ཏུ་གསོལ། །བསྟན་པའི་བདག་པོ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས། །རྗེ་བཙུན་སྤྱན་རས་གཟིགས་དབང་དྲི་མེད་དཀྱིལ་འཁོར་ཅན། །འགྲོ་བའི་སྡུག་བསྔལ་སེལ་བའི་ཆོས་རྒྱལ་ཡབ་སྲས་གཉིས། །དུས་ལ་བབས་སོ་ཐུགས་རྗེའི་ཕ་ཚན་དཔུང་དུ་སྐྱེད། །ཟག་མེད་བྱིན་རླབས་ཆུ་རྒྱུན་ཡུན་དུ་བསྲིང་དུ་གསོལ། །ཞེས་གསོལ་བ་ཁྱད་པར་ཅན་ལྷང་ལྷང་འདེབས་པ་ཁོ་བོས་ལེགས་པར་ཐོས་པ་དང༌། ཁོ་བོ་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་སྐུ་མདོག་དམར་ནག་གསུས་ཁྱིམ་ཆེ་བ། །རལ་པ་ཁམ་ནག་གྱེན་དུ་བརྫེས་པ་མིག་དམར་ལ་སྡང་མིག་ཕྱོགས་བཅུར་བསྒྲད་པ། དེ་མཐོང་ཙ་ན་ཁྲོ་བོ་གཞན་གྱི་ལག་ཆ་བྲུལ་བ་གཅིག་ཏུ་མཛད་དེ། རྡོ་རྗེ་བེ་ཅོན་ནམ་མཁའ་ལ་འཕྱར་ཞིང༌། གཡོན་སྡིགས་མཛུབ་དང་ཞགས་པ་ཀླད་ལ་བསྐོར་ནས་རྡོ་རྗེ་བེ་ཅོན་གྱིས་བརྒྱབ་པས། རི་རབ་ལ་ཕོག་ནས་རི་རབ་ཚལ་པར་གཤག་ནས་རི་རབ་ཀྱི་འོག་གསེར་གྱི་ས་གཞིའི་གཏིང་ལ་ཐུག་པར་མཚམས་ཕྱེ་སྟེ། །ཡར་ལོག་རྒྱ་མཚོ་ཆེན་པོ་དཀྲུགས་པས་ཁྲག་ཏུ་ཁོལ་ནས་ཆུ་སྲིན་ཉ་མིད་དེ་རུས་པ་དཀར་སངས་ཀྱིས་སོང་བའི་མོད་ལས། བྱིས་པ་གཞོན་ནུ་ཤ་མེད་པ་གཅིག་ཏུ་བྱས་ཏེ་གཟིངས་ཀྱི་ནང་དུ་བྱུང་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ཏེ། །ཁྲོ་བོའི་རྒྱལ་པོ་ཤིན་ཏུ་མཐུ་སྟོབས་ཅན། །ཐུགས་རྗེ་ཆེན་པོ་འགྲོ་བའི་སྐྱབས་

༤༠༩

གཅིག་པོ། །བདག་ནི་འཇིགས་པས་ཤིན་ཏུ་ནོངས་མོད་ཀྱི། །ད་ནི་ཁྱེད་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་ཟེར་བ་དང༌། བདག་གིས་ཀྱང་བེ་ཅོན་ལག་ཏུ་བླངས་ནས། ཧཱུྃ། །ང་ནི་སྐྱེ་འགྲོའི་སྲོག་བདག་ཆེན་པོ་ཡིན། །ཐུགས་རྗེ་ཆེན་པོའི་དབང་གིས་ནི། །སྙིང་རྗེས་ཁྱོད་ནི་མ་བསྒྲལ་ལོ། །ད་ནི་བདག་གིས་གདུལ་བྱ་ལ། །མུ་སྟེགས་ཆོས་ལོག་མ་བསྟན་ཅིག །མོ་བོན་རྫུན་ཆོས་མ་བཤད་ཅིག །ཁྱོད་ཀྱི་ཚེ་སྲོག་ང་དབང་ངོ༌། །ཞེས་སྨྲས་པ་དང༌། །ཁོས་སྙན་པའི་ཚིག་ཕུལ་བ། །ཐུགས་རྗེ་ཆེན་པོ་དགོངས་སུ་གསོལ། །ཁྱོད་ཀྱི་གདུལ་བྱ་རྗེས་འབྲང་ལ། །ལོག་ཆོས་གང་ཡང་མི་བསྟན་གྱི། །ཁྱོད་ཀྱིས་བདག་ལ་བརྩེ་བར་དགོངས། །ཁྱེད་ནི་བདག་གི་སྲོག་བདག་ལགས། །ཞེས་སྐད་དོ། །དེ་ནས་མེ་ཐབ་ཀྱི་རྩ་ནས་མི་དཀར་པོ་གཅིག་ལངས་བྱུང་ནས། །ཁ་བ་ཅན་དུ་ཁྱོད་མ་འགྲེམ། །བལ་པོའི་གཟིངས་ལ་ས་བཅད་གྱིས། །ཟངས་གླིང་ལ་སོགས་གླིང་ཕྲན་དུ། །མ་འགྲིམ་ཆུ་ཡིས་བར་མཚམས་ཕྱེ། བྷཱུཾ་ཧྲཱིཿརཀྴ་ཞེས་པ་ཐོས། དེ་ནས་རླུང་དམར་ཐམས་ཅད་ཞི། མཚོ་རླབས་དང་སྒྲ་འོད་རྣམས་ཞི། གཟིངས་ཆེན་པོ་ཡང་རྣལ་དུ་ཕེབས་ནས། དེ་ནས་ཐམས་ཅད་དབུགས་རང་སར་ཕྱིན་ནས། ཕན་ཚུན་དགའ་བའི་གླེང་སློང་ཁྲོལ་ལེ་བྱུང་བ་དང༌། ཡང་ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་བསྐྱེད་རིམ་མ་བཤིག་པར། གཟིངས་ཀྱི་ཁ་ཁྱེར་ལ་ས་འཇའ་ཡི་བཞག་ནས། །རྡོ་རྗེ་བེ་ཅོན་མཁར་བར་བཙུག་ན་འདུག་པ་ལ། དེ་ནས་གཟིངས་ཆེན་པོ་ཕྲག་ཁྲིག་ཙམ་ཡང་མེད་པར་གནས་གཞི་ཆེན་པོ་བཞིན་དུ་འདུག་པ་ལ་ཅི་ཡིན་སྙམ་ནས་བལྟས་པ་དང༌། བུ་མོ་གཞོན་ནུ་མ་ཁ་ཅིག་བཞད་གང་ཟེར་བ་ཐོས་ནས། དེ་ལྟར་བལྟས་ཙ་ན་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་འདི་པུས་མོ་མན་ཆད་རྒྱ་མཚོའི་གཏིང་བཟླས་པར་བྱས་ཏེ། སྐྱེས་པ་དར་མས་གཞོང་བཟུང་བ་

༤༡༠

བཞིན་དུ་གཟིངས་ཀྱི་ཤར་ནུབ་གཉིས་ནས་བཅུས་ཏེ། དབུ་མའི་ཅོད་པན་སྤྲིན་གྱི་གསེབ་ནས་ལྷག་གེ་འདུག །གཟིངས་ཀྱི་ཁ་ཁྱེར་ནས་ཕར་ལ་བུ་མོ་ཉི་ཤུ་རྩ་གཅིག་ཁ་ཕྱིར་བསྟན་ནས། འོ་སྐོལ་མིང་སྲིད་རྣམས་མིན་ན་དེ་རིང་ཁ་རྗེ་ཆེ་ཨང་གསུང་གིན་འདུག །དེ་ནས་ཁོ་བོས། འཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ངན་སོང་སྒོ་འགེགས་མ་ལ་ཕྱག་འཚལ་ལོ། །མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ། །རྟག་ཏུ་ཁྱེད་ཀྱིས་སྟོང་གྲོགས་བྱས། །ད་དུང་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པ་དང༌། །བུད་མེད་ཀུན་ན་རེ། །བུ་ས་ཡི་སྙིང་པོ་འདི་མིན་ན། མུ་སྟེགས་ཀྱི་གྲོང་ཁྱེར་སྭོ་བ་ན་ཐ་འདི་ཐལ་བར་རློག་ཅིག་སྙམ་ན་གསོལ་བ་འདེབས་པའི་སྒྲ་དེ་ཐོས་པ་དང༌། ཨ་པ་སེམས་ཅན་ཀུན་གྱི་མཆོག་ཀྱང་སེམས་དཔའ་ཆེན་པོ་འདི་ཡིན། ངེད་རྣམས་ཀྱིས་ཀྱང་འདི་དྲང་བའི་ཕྱིར་འདིར་འོང༌། །ལར་བྱིས་པ་ཁ་སྔོན་པོ་འདི་བྲག་ན་གཞུ་འཚག་ཟེར་ཞིང་བྱིས་པ་ཁོ་དེ་ཉི་མ་དེ་རིང་ཕན་ཆད་ནས་བལ་པོའི་གཟིངས་ཕར་བསྒྲོལ་ཅིག །ས་ཡི་སྙིང་པོ་ལ་བོས་ནས་ཚེ་དང་ལྡན་པ་ཁྱོད་རང་ནམ་མཁའི་མེ་ཏོག་འདི་སྭོ་བ་ན་ཐར་རྒྱོབ་ལ་ཐོང་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁབ་ཁོ་བོ་ཅག་རྣམས་ཀྱིས་ལེན་གསུངས་པ། པཎྜི་ཏ་སའི་སྙིང་པོས་ཀྱང༌། ཐོག་གཅིག་སྡིགས་མཛུབ་ལ་བླངས་ཏེ་བསྐོར་ནས་མུ་སྟེགས་ཀྱི་གྲོང་ཁྱེར་སྭོ་བ་ན་ཐའི་བྱང་ཕྱོགས་ན་ལྷ་མོ་ཙ་རྩི་ཀ་ཡོད་པའི་སྟེང་དུ་རྒྱབ་པས། མུ་སྟེགས་ཀྱི་ལྷ་ཁང་ལྷ་མོ་དང་བཅས་པ་བརླག་པར་བྱེད། །ཡང་གཅིག་འཕངས་པས་དབང་ཕྱུག་ཆེན་པོ་ཉིད་ཀྱི་རྟེན་ལ་རྒྱབ་སྟེ་ཚལ་པར་གས་ནས། དེའི་ཟེར་གཅིག་མུ་སྟེགས་ཀྱི་རྒྱལ་པོ་ལ་ཕོག་སྟེ་གཞོག་གཡས་པ་ཆག་ཟེར། གཅིག་མཐའ་དུ་རུ་ཀའི་ཕོ་བྲང་ལ་བརྒྱབ་པས་ལོ་བཅུ་གསུམ་དུ་སོག་པོའི་

༤༡༡

འགྲིམ་འགྲུལ་ཆད་ཟེར། །གཅིག་ཞང་ཞུང་རྒྱལ་པོ་གུར་ནག་གི་ཕོ་བྲང་ལ་རྒྱབ་ནས། བོན་གྱི་བསྟན་པ་བསྣུབས། རེ་རེ་གཉིས་གཉིས་ཡོད་པ་བྲེད་ནས་རི་བོ་གངས་ཅན་གྱི་རྒྱུད་དུ་བྲོས་ཟེར། །གཅིག་ལྷོ་ཕྱོགས་ཀྱི་དུག་མཚོ་ནག་པོ་ལ་བརྒྱབ་པས། །ཀླུ་བདུད་ནག་པོའི་ཕོ་བྲང་བཤིག །མཛེ་ལ་སོགས་པའི་ནད་རྒྱུན་ཆད་ཟེར། །གཅིག་ཡུལ་ལངྐར་བརྒྱབ་པས་སིན་པོའི་རྒྱལ་པོ་ལངྐ་པུ་རིའི་ཕོ་བྲང་ཐལ་བར་བརླག་སྟེ། སྲིན་པོ་མི་ཟན་གྱི་རབས་ཆད། དེ་ནས་ང་རྒྱལ་གྱི་ཚིག་སྨྲས་པ། ས་ཡི་དཀྱིལ་འཁོར་འདི་ཡི་བདག་པོ་ང་ཡིན་གྱིས། །ནག་པོའི་ཕྱོགས་རྣམས་བྱེར་ཅིག་བྱེར་ཅིག་ཐལ་བར་རློག །དཔའ་བོ་ཆེན་པོ་ང་ནི་ས་ཡི་སྙིང་པོ་ཡིན། །ཨུ་རྒྱན་ཡུལ་ན་རྟ་མགྲིན་རྒྱལ་པོ་རྟ་སྐད་འཚེར། །རློག་ཅིག་རློག་ཅིག་དབང་ཕྱུག་ཆེན་པོ་རྡུལ་དུ་རློག །བོན་པོའི་ལྷ་རྣམས་ངོ་བོའི་ནུས་པ་བརླག་པར་གྱིས། ཨོཾ་པདྨནྟ་ཀྲྀ་ཏ་ཤྭ་ཏ་ཧ་ཡ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཅེས་ཟེར་བ་ཐོས་སོ། །དེ་ནས་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་དང༌། བཅོམ་ལྡན་འདས་ཉིད་ཀྱང་ཡུད་ཙམ་ལས་མི་སྣང་ངོ༌། །ཁོ་བོ་ཡང་རང་ཉིད་དགེ་སློང་གི་རྣམ་པར་སྟན་ལ་འདུག་སྟེ་གདའ་འོ། །རང་གི་རྗེས་སུ་འབྲང་བའི་འཁོར་ཐམས་ཅད་ཀྱང་ཡི་རངས་ཏེ། ལྷུན་གྱིས་གྲུབ་ཅིང་མ་བཅོས་པའི། །ཆོས་རྒྱལ་རིན་ཆེན་ལྷུན་པོ་འདྲ། །མཚན་རབ་ཡེ་ཤེས་མངའ་བ་དེས། །བདག་ཅག་ཐམས་ཅད་ཚིམ་པར་བྱས། །ཨེ་མ་ཧོ་མགོན་པོ་མཐུ་དཔལ་ཅན། །དེ་བཞིན་སྲིད་པའི་རྒྱ་མཚོ་ལས། །བདག་ཅག་འཇིགས་པས་ཉེན་པ་ན། །ཁྱོད་ཀྱི་ཐུགས་རྗེའི་སྐྱབས་འོག་ནས། །འཆུགས་པ་མེད་པར་བསྐྱབ་ཏུ་གསོལ། །ཞེས་ཟེར་ཏེ། ཞག་ཉི་ཤུ་རྩ་གཅིག་བར་དུ་གར་ཡང་ཕྱིན་པར་མ་ནུས་ནས་འཇིགས་པ་ལས་སྒྲོལ་མ་ཐག་ཏུ་ཕྱོགས་བཞིར་རླུང་གི་བ་དན་བཞི་ཕྱར་ཁྲོ་ཆུའི་ཕ་བོང་བཞི་སྟེང་དུ་དྲངས། མཐུན་པའི་རླུང་དང་སྦྱར་ཏེ་ཟླ་བ་ཕྱེད་དང་

༤༡༢

གཉིས་ཀྱི་བར་དུ་ཉིན་མཚན་མེད་པར་རྒྱ་མཚོ་ཆེན་པོ་ལ་ཞུགས་ཏེ་ཕྱིན་པས་ཟླ་བ་བདུན་ལྷག་ཙམ་ན་ཡང་མདུན་དུ་རླུང་དམར་ལངས་ཏེ་སྔར་བཏང་བའི་ཉིན་ལམ་ཙམ་རླུང་གིས་ཁྱེར་ཡང༌། །བླ་མ་དཀོན་མཆོག་དང་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་བཏབ་པས་རླུང་དམར་རང་ཞི་ཡང༌། མཐུན་པའི་རླུང་ཆེན་པོ་ཙམ་ཡང་མ་བྱུང་པས་སེམས་ཅན་གྱི་བསོད་ནམས་ལ་བརྟེན་ནས་ཟླ་བ་ཕྱེད་ཀྱི་བར་ལུས། །དེ་བཞིན་དུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་མཐུན་པའི་རླུང་དང་སྦྱར་ནས་ཕྱིན་པས་ཟླ་བ་གཉིས་དང་ཞག་ཉི་ཤུ་རྩ་དྲུག་ནས་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པར་གྱུར་ཏེ། བླ་མ་བཙལ་བའི་ཕྱིར་དཀའ་བ་ཇི་ལྟར་སྤྱད་པའི་རྣམ་པར་བཞག་པ་ལས་རྒྱ་མཚོར་ལྷ་དབང་ཕྱུག་ཆེན་པོ་ཕམ་པར་བྱས་པའི་ལོ་རྒྱུས་ཀྱི་རྣམ་པར་བཞག་པ་རྫོགས་སོ། །ངོ་མཚར་བ་ལགས་སོ། ༈ །རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེ་ནས་རྒྱ་མཚོ་ཆེན་པོ་བསྒྲལ་མ་ཐག་ཏུ། །གསེར་གླིང་གི་ལྗོན་ཤིང་གི་ནུབ་ཕྱོགས། བདེ་ལྡན་པདྨའི་ལྷོ་ཕྱོགས་དམ་ཤིང་འདམ་བུའི་ཚལ་གྱི་བྱང་ཕྱོགས། ཆུ་སྲིན་ཀེ་ཀེ་རུའི་ཤར་ཕྱོགས། བོད་ཀྱི་རྒྱལ་པོས་བཞེངས་པའི་བདེ་གཤེགས་གསེར་གྱི་མཆོད་རྟེན་གྱི་དྲུང་དུ། བླ་མ་གསེར་གླིང་པའི་སློབ་མ་དགེ་བཤེས་བསམ་གཏན་པ་དྲུག་ཡོད་པའི་སར། བླ་མ་གསེར་གླིང་པའི་རྣམ་པར་ཐར་པ་རྣམས་རྩད་གཅོད་པ་ལ་ཞག་བཅུ་བཞིའི་བར་བསྡད་པས། །དེ་ལ་བླ་མའི་ཐུགས་དམ་གྱི་རིམ་པ་གང་ལ་མཛད་པ་དང༌། བརྒྱུད་པ་ཁུང་བཙུན་པ་གང་ནས་འདེད་པ་དང༌། གཞུང་ལུགས་ཇི་ཙམ་གཅིག་ཐུགས་ལ་མངའ་བ། ལུང་དང་རིག་པ་མན་ངག་དུ་ཙམ་གྱི་བདག་པོ་ཡིན་པ། ཐུགས་རྒྱུད་འབྱོངས་པ། རྟོགས་པའི་ཚད་དང་ཡོན་ཏན་ཅི་ཙམ་མངའ་བ་ཐམས་ཅད་བསམ་གཏན་པ་ཀུན་ལ་ཞུས་ཤིང་བསམ་གཏན་པ་ཀུན་གྱིས་ཀྱང་བླ་མའི་རྣམ་པར་ཐར་པ་བསྣོན་འཕྲི་མེད་པར་

༤༡༣

བཤད་པ་ལ་བརྟེན་ནས་ས་ཐོབ་པ་ཙམ་གྱི་དགའ་བ་སྐྱེས། བསམ་གཏན་པ་དག་གིས་ཀྱང༌། པཎྜི་ཏ་ས་ཡི་སྙིང་པོ་ལ་སོགས་པ་རྣམས་ལ་རྣམ་པར་ཐར་པ་དྲིས་པས་དེ་རྣམས་ཀྱིས་ཀྱང་རྒྱལ་སྲིད་སྤངས་ནས་ཐར་པ་སྒྲུབ་ལུགས། བླ་མ་དཔག་ཏུ་མེད་པ་བརྟེན་ལུགས། གཙུག་ལག་ཁང་དཔག་ཏུ་མེད་པའི་བདག་པོ་བྱས་ལུགས། ཡོན་ཏན་རྒྱ་ཆེན་པོ་མངའ་ལུགས་བཤད་པ་ལ་བསྟེན་ནས་བསམ་གཏན་པ་ཀུན་ན་རེ། འོ་ན་པཎྜི་ཏ་ཆེན་པོ་འདི་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བ་ཡོད་ཟེར་བ་དེ་ཅང་མིན་ནམ་ཟེར། སའི་སྙིང་པོས་སྨྲས་པ། །རྒྱལ་བ་གཉིས་པར་འཇིག་རྟེན་ཡོངས་ན་གྲགས། །ལྔ་བཅུ་རྩ་གཉིས་པཎ་ཆེན་ཡོངས་ཀྱིས་བསྐོར། །ཐེག་པ་ཆེ་ཆུང་ཡོངས་ཀྱིས་བསྔགས་པ་དེ། །རྒྱ་གར་མཁས་པ་ཆེན་པོར་ཡོངས་སུ་གྲགས། །བསམ་གཏན་པ་ཀུན་གྱིས་སྨྲས་པ། ས་ཡི་བདག་པོ་གནས་འདིར་ལྷགས་པ་ལེགས། །ཐོས་པས་སྙན་པ་རྒྱང་ནས་སྐྱེ་ན་ཡང༌། །དེ་རིང་བདག་ཅག་བསོད་ནམས་སྐལ་པར་ལྡན། །མཁས་པ་ཆེན་པོ་གཟིངས་ལ་བྱོན་པ་ལེགས། །བར་དུ་བདུད་ཀྱིས་བགག་པར་མ་གྱུར་ཏམ། །ཉ་མིད་རླུང་གི་བར་ཆད་མ་མཆིས་སམ། །ཡུན་རིང་འཚེ་བས་ཉེན་པར་མ་གྱུར་ཏམ། །ས་ཡི་སྙིང་པོས་ལན་སྨྲས་པ། །ཟླ་བ་བཅུ་གཉིས་གཟིངས་སུ་ཞུགས་ནས་འོང༌། །དབང་ཕྱུག་ཆེན་པོས་ཉ་མིད་རླུང་དམར་གཡོས། །དེ་ནས་གཟིངས་ལ་སླར་ཡང་འོང་པ་ན། །རྗེ་བཙུན་ནམ་མཁའ་མཛོད་ལ་མངའ་བརྙེས་པས། །བརྒྱ་དང་ཉེར་ལྔ་འཕོངས་ཤིང་དུབ་པར་གྱུར། །མི་མཐུན་ཕྱོགས་རྣམས་བདེན་པའི་ཚིག་གིས་ཞི། །ས་ཡི་སྙིང་པོས་ཚིག་དེ་སྨྲས་པ་དང༌། །བསམ་གཏན་པ་རྣམས་དགའ་ཞིང་རབ་ཏུ་དགྱེས་ཏེ་ཁོ་བོས་ཕྱོགས་གཅིག་ཏུ་འདུག་པའི་དྲུང་དུ་འོང་སྟེ་གུས་པས་འདི་སྐད་དོ། །ཁྱོད་ཀྱི་སྙན་པ་རྒྱང་ནས་ཐོས་པ་ན། །དགའ་བའི་སེམས་ཀྱིས་

༤༡༤

མཐོང་ན་ཡིད་སྨོན་ཤོར། །ད་འདིར་མཁས་པ་ཆེན་པོ་ལྷག་པ་ན། །མི་ཤེས་མུན་པའི་སྒྲིབ་པས་ནོན་པར་གྱུར། །ད་ནི་ལུས་དང་ངག་དང་ཡིད་དག་གིས། །རབ་ཏུ་གུས་པས་ཁྱེད་ལ་ཕྱག་འཚལ་ལོ། །ཁོ་བོའི་དྲུང་དུ་ཕྱག་འཚལ་བ་དང༌། །ཁོ་བོ་སླར་ཁེངས་པ་སྤངས་ཏེ་གུས་པས་ཕྱག་བགྱིས་སོ། །ཡིད་བསམ་གཏན་པ་ཀུན་གྱིས་སྨྲས་པ། སྐྱེས་བུ་དམ་པ་གླིང་འདིར་ལྷག་པ་ཡི། །ཆེད་དུ་བྱ་བ་གང་ལགས་བཤད་དུ་གསོལ། །གུས་པར་ཁྱེད་ཀྱི་བྱ་བ་བདག་གིས་བྱ། །ཅི་འཚལ་བདག་ལ་ལེགས་པར་བཀའ་སྩོལ་ཞིག །ཁོ་བོས་ལན་སྨྲས་པ། །བདག་ནི་གསེར་གླིང་བླ་མའི་དྲུང་དུ་འོང༌། །དལ་འབྱོར་ལུས་ལ་སྙིང་པོ་ལེན་དུ་འོང༌། །ཁྱེད་ཅག་མྱུར་དུ་བླ་མའི་དྲུང་དུ་སོང༌། །ཞུས་ལ་བདག་གི་འདོད་པའི་སྐབས་དབྱེ་ཞིག །དེ་ནས་བསམ་གཏན་པ་དག་གིས་བླ་མ་གསེར་གླིང་པའི་དྲུང་དུ་ཕྱིན་ནས། །ཀྱེ་མ་དམ་པ་གསན་དུ་གསོལ། དེང་སང་གླིང་འདིར་རྒྱ་གར་གྱི་མཁན་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བ་དེ་སློབ་མ་བརྒྱ་དང་ཉེར་ལྔའི་ཚོགས་དང་བཅས་ཏེ་ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོ་ལ་ཟླ་བ་བཅུ་གཉིས་ཀྱི་བར་དུ་བདུད་དང་མུ་སྟེགས་ཀྱི་ལྷ་དབང་ཕྱུག་ཆེན་པོ་བྱམས་པ་དང་སྙིང་རྗེས་བཅིངས་ཤིང་སྐུ་གསུང་ཐུགས་མདངས་མ་ཤོར་བར་བདག་ཕྱོགས་གང་ན་བདེར་ལྷགས་སོ། །དེ་ལ་ཞག་བཅུ་བཞིའི་བར་དུ་ཆོས་ཀྱི་གཏམ་སྦྲེལ་པོར་མཛད་པས་བདག་ཅག་སེམས་རངས་ཤིང་ཚིམས་པར་གྱུར་ཏོ། །ད་ནི་སྐབས་ཀྱི་དོན་ལ་མཁས་པ་ཆེན་པོ་དེ་ཁྱེད་ཀྱི་དྲུང་དུ་འོང་སྟེ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་གཙོ་བོར་ཉན་པ་དང༌། སྨོན་འཇུག་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ། ཐེག་པ་ཆེན་པོའི་བློ་སྦྱོངས་བར་བགྱི། གཞན་ཡང་བླ་མའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ཉིན་མཚན་དུ་སྤྱོད་པར་འདོད་པ་གདའ་བས་ཐུགས་རྗེ་ཆེན་པོས་སྐབས་དབྱེ་ཞིག་ཅེས་ཞུས་པ་དང༌། །ཚིག་དེ་གསན་མ་ཐག་

༤༡༥

ཏུ་བླ་མའི་ཞལ་ནས། །ས་ཡི་བདག་པོ་བྱོན་པ་ལེགས། །དཔའ་བོ་ཆེན་པོ་བྱོན་པ་ལེགས། །འཁོར་དང་བཅས་ཏེ་བྱོན་པ་ལེགས། །དགའ་བ་ཆེན་པོ་སྤྱད་པ་ལེགས། །དབང་ཕྱུག་ནག་པོ་བཏུལ་བ་ལེགས། །མི་མཐུན་ཕྱོགས་ལས་རྒྱལ་བ་ལེགས། །སྙན་པའི་བ་དན་སྒྲོགས་པ་ལེགས། །ཉེས་སྐྱོན་མེད་པར་སླེབས་པ་ལེགས། །དགེ་སློང་ཐམས་ཅད་ཆོས་གོས་གསོལ། །དམ་པ་དེ་ལ་བསུ་བ་གྱིས། །དགེ་སློང་ཆོས་གོས་གསུམ་ཁ་དོག་མཐུན་པར་གསོལ་བ། ཐམས་ཅད་མཐུན་པར་རིལ་བ་སྤྱི་བླུགས་འཛིན་པ། ཐམས་ཅད་ཀྱང་འཁར་བསིལ་མཛེས་པར་བསྣམས་པ། ཤིན་ཏུ་དང་བ་འདྲེན་པའི་དགྲ་བཅོམ་པ་ལྟ་བུ་ལྔ་བརྒྱ་དང་སུམ་ཅུ་རྩ་ལྔའི་སྣ་བླ་མ་གསེར་གླིང་པས་དྲངས་ནས། །དགེ་ཚུལ་དྲུག་ཅུ་རྩ་གཉིས་ཀྱིས་བརྟེན་ཏེ། མདོར་ན་རབ་ཏུ་བྱུང་བ་ལྔ་བརྒྱ་དང་བདུན་ཅུ་རྩ་གཉིས་ཀྱིས་རྒྱང་རིང་པོ་ནས་བསུ་བའི་ཕྱིར་ནར་གྱིས་བྱུང་བ་མཐོང་ངོ༌། །དེ་མ་ཐག་ཏུ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་ན་དགྲ་བཅོམ་པ་རྣམས་ཀྱིས་བསྐོར་བ་ལྟར་ཤིན་ཏུ་དང་བ་འདྲེན་ཅིང་ཤེས་པ་ཉམས་དགའ་བའི་མཐར་ཐུག་པར་གྱུར་ཏེ། དེའི་ཚེ་ཁོ་བོས་ཀྱང་གླང་པོ་ཆེ་གཉིས་ལ་མཐུན་པའི་རྐྱེན་རྣམ་ལ་བཀལ་ཏེ་དགེ་བསྙེན་བཞིས་ཡོ་བྱད་མགོ་འདོན་དུ་བཅུག་གོ །བླ་མ་ལ་ངོམས་པར་བྱ་བའི་ཕྱིར་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་དང༌། སྡེ་སྣོད་གསུམ་ལ་མཁས་པའི་དགེ་སློང་གཅིག་ཡན་ཆད་ཆག་ལྷྭམ་འབྲེང་མིག་མ་གསོལ་བ། ཁ་ཆེ་གུར་གུམ་གྱིས་ལེགས་པར་ཁ་བསྒྱུར་བའི་གོས་རྣམ་གསུམ་ཐོག་མ་བབས་པ་ཕལ་ཆེན་སྡེ་པས་ལེགས་པར་བསྔགས་པ་མཛེས་པར་གསོལ་བ། དེ་ཐམས་ཅད་རྟེན་འབྲེལ་གྱི་ཆེ་བས་ལྕགས་ཀྱི་ལྷུང་བཟེད་རབ་ཚད་རྡོལ་བུག་མེད་པ་བསྣམས་པ། ཟངས་ཀྱི་རིལ་བ་སྤྱི་བླུགས་མ་ག་དྷའི་བྲེ་གང་ཤོང་བ། བསྟན་པའི་བདག་པོས་

༤༡༦

རབ་ཏུ་བསྔགས་པ་འཁར་གསིལ་ལ་སོགས་པ་སྡེ་ཚན་ཐམས་ཅད་ལེགས་པར་ཚང་བར་ཡོད་པ། ཐམས་ཅད་ཀྱང་པཎྜི་ཏའི་ཞྭ་ང་རྒྱལ་མེད་པར་གསོལ་བ། རྔ་ཡབ་དཀར་པོ་རེ་ཕྱག་ན་བསྣམས་པ། དེ་ཡང་པཎྜི་ཏ་ཆེན་པོ་འགྲོ་བ་བཟང་པོ། །ཆོས་ཀྱི་བཤེས་གཉེན། དགེ་བའི་འབྱུང་གནས། དཔའ་བོ་རྡོ་རྗེ། ལྷ་ཡི་བློ་གྲོས། ཉི་མ་སྦས་པ། ས་ཡི་སྙིང་པོ། ཡེ་ཤེས་སྙིང་པོ། ངག་གི་དབང་ཕྱུག །དྷ་ན་ཤྲཱི་མི་ཏྲ། ཤེས་རབ་བཟང་པོ། ཟླ་བ་བཟང་པོ། ཀུན་ཏུ་བཟང་པོ། གསང་བའི་སྙིང་པོ། བློ་གྲོས་མཐའ་ཡས། རྒྱ་མཚོ་རྦ་རླབས། རི་རབ་རྒྱལ་པོ། དཔའ་བོ་རོལ་པ་ལ་སོགས་པའི་པཎྜི་ཏ་ཆེན་པོ་རྣམས་དང༌། སྡེ་སྣོད་གསུམ་ལ་མཁས་པའི་དགེ་སློང་བརྒྱ་དང་བརྒྱད། དགེ་ཚུལ་བཅུ་གསུམ། དགེ་སློང་ཆེན་པོ་བཞི་སྟེ་བརྒྱ་དང་ཉི་ཤུ་རྩ་ལྔས་ཁྲོ་བོའི་རྗེས་སུ་ལམ་བར་དུ་མི་རེ་ཤོང་བ་ཙམ་དུ་མ་འབྱོར་བར་རྒྱང་ཆེས་མ་དྲག་པ། བར་མ་ཆད་པ་འཇའ་ཚོན་སྣ་ལྔའི་གུར་བཞིན་དུ་མགོན་པོ་གསེར་གླིང་པ་ག་ལ་དེར་བཞུགས་པ་དེར་ཕྱིན་པ་དང༌། ཐམས་ཅད་ཕུན་སུམ་ཚོགས་པ་ཤ་སྟག་ཏུ་གྱུར་པ་དང༌། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབས་སོ། །སྔར་འཁོར་བ་ཐོག་མ་མེད་པ་ནས་བླ་མ་དང་ཉེ་བར་འབྲེལ་ཡང༌། འདིར་སྔར་གདམས་པ་མ་ཐོབ་པ་དང༌། ཁོ་བོའི་རྗེས་སུ་པཎྜི་ཏ་ཆེ་ལ་མང་བ་དང༌། བདག་ཅག་གིས་ཕྱག་གི་མཆོད་པའི་རྗེས་སུ་བླ་མའི་སྐུ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་ཁོ་བོ་དང་ཁོ་བོའི་སློབ་མ་ཆེན་པོ་རྣམས་ཀྱི་གཟི་བརྗིད་མ་ཐུབ་པར། ཐམས་ཅད་ཀྱང་སོ་ཐར་སྡོམ་པ་ནས་ཡོན་ཏན་ཐམས་ཅད་ཁོ་བོས་ཚང་བར་བྱས་པས་སྙིང་གཅིག་ཏུ་ཡོད་པ་དང༌། ཐམས་ཅད་ཀྱང་ལྟ་སྤྱོད་མཐུན་པ་དང༌། ཐམས་ཅད་ཀྱང་ཁོ་བོའི་རྗེས་སུ་སློབ་པ་ཤ་སྟག་ཡོད་པས་ལན་དུ་ཕྱག་ལན་གྱང་འགྱེལ་བ་བཞིན་དུ་མཛད་དོ། །དེས་རབ་ཏུ་གནས་པ་མཛད་ནས་ཕྱིས་ཀྱང་ཁོ་བོ་རྒྱ་བོད་ཐམས་ཅད་ཀྱིས་བསྐུར་བར་

༤༡༧

གྱུར་ཏོ། །དེའི་ཚེ་བདག་གིས་རིན་པོ་ཆེའི་བུམ་པ་ལྟོ་བ་ཆེ་ལ་ལྷུན་གྱིས་གྲུབ་པ། རྩ་བ་བརྟན་ལ་མགྲིན་པ་རིང་བ། ཁ་གཡེལ་བ་མཆུ་དྲང་བ་ནང་ན་དངོས་པོ་ཅི་ཡོད་ཕྱི་ན་གསལ་བ་གཅིག་རིན་པོ་ཆེ་དང༌། གསེར་དང༌། །དངུལ་དང༌། མུ་ཏིག་དང༌། བྱི་རུ་དང༌། བཻཌཱུརྻས་བཀང་སྟེ་བླ་མའི་ཕྱག་ཏུ་ཕུལ་ལོ། །གཞན་ཐམས་ཅད་ཀྱིས་ཀྱང་གསེར་གྱི་སྦྲམ་བུ་ཞོ་རེ་ཡོད་པ་རེ་ཕུལ་ལོ། །བླ་མ་དམ་པ་གསེར་གླིང་པས་ཚིགས་སུ་བཅད་པའི་སྒོ་ནས་ལམ་གྱི་བར་ཆད་དྲིས་པ་འདི་ལྟར་ཏེ། །འདུལ་བ་འཛིན་པ་བྱོན་པ་ལེགས། །ཚུལ་ཁྲིམས་གོས་ཅན་བྱོན་ལགས་སམ། །སྙིང་རྗེ་ཆེན་པོ་བྱོན་ལགས་སམ། །ཆོས་ཀྱི་རྒྱལ་པོ་འདིར་ལྷགས་སམ། །ཁྱོད་ཀྱི་སྙན་པ་རྒྱབ་ན་ཆེ། །མཐོང་བས་དགའ་ཁྱོད་བྱོན་ལགས་སམ། །རྒྱ་གར་ཆོས་ཀྱི་ཕོ་བྲང་དུ། །རྒྱ་ཆེན་སྤྱོད་པས་འགྲོ་བ་ལ། །ཕྱོགས་རིས་མེད་པའི་སྙིང་རྗེ་ཡིས། །མགོན་སྐྱབས་དཔུང་གཉེན་མཛད་ལགས་སམ། །མཁས་པ་ཁུངས་ནས་བཙུན་ལགས་སམ། །བླ་མ་མང་པོས་བསྐྱངས་ལགས་སམ། །མཁས་པ་མང་པོས་ཁུར་ལགས་སམ། །དེང་སོང་གནས་འདིར་བྱོན་པ་ལེགས། །སྐྱེ་རྒུའི་བདག་པོ་རྒྱ་མཚོ་ལས། །ཟླ་བ་བཅུ་གསུམ་བྱོན་ཞེས་ཐོས། །དཀའ་བ་སྤྱད་པ་ངོ་མཚར་ཆེ། །དབང་ཕྱུག་ནག་པོ་བཏུལ་ཞེས་ཐོས། །སྙན་པའི་གྲགས་པ་ངོ་མཚར་ཆེ། །མཁས་པ་ཤུལ་ཐག་རིང་པོ་ལ། །ལུས་སེམས་དུབ་པར་མ་གྱུར་ཏམ། །ནག་པོའི་ཕྱོགས་ཀྱི་ཕྲག་དོག་ལ། །སྙིང་རྗེས་སྐྱོ་བར་མ་གྱུར་ཏམ། །སྐྱེས་བུ་ཆེན་པོ་བྱོན་པ་ལེགས། །གནས་ན་ཁ་འཐོར་ཙམ་གཅིག་མཆིས། །དེ་དག་ཐོས་བསམ་ལས་ལ་ཞུགས། །གཞན་རྣམས་ཁྱེད་ཀྱི་མདུན་དུ་འོང༌། །ད་འདིར་མཇལ་བ་སྐལ་པ་ཟང༌། །ད་ནི་གཙུག་ལག་ཁང་དུ་གཤེགས། །འདུས་པའི་ཀུན་དགའ་ར་བར་གཤེགས། །ཕེབས་པའི་གསུང་གླེང་རིམ་གྱིས་བསྙད། །ཆོས་དང་

༤༡༨

མཐུན་པར་འགྲོ་བར་བྱ། །ཞེས་པ་དང༌། བདག་གིས་འདི་སྐད་ཞུས་པ། འོངས་ལགས་རྒྱ་གར་དབུས་ནས་འོང༌། །བར་ཆད་ཆོས་དང་བྲལ་ཏེ་འོང༌། །དཀོན་མཆོག་ཐུགས་རྗེས་དཔལ་གྱིས་བལྟམས། །དབང་ཕྱུག་ནག་པོ་ལས་ཀྱིས་ཕམ། །སྒོ་གསུམ་ནག་པོའི་ཕྱོགས་ལས་རྒྱལ། །ཉམས་པར་མ་གྱུར་བདེ་བར་སླེབས། །སྐྱེ་དགུའི་དོན་ལས་མ་ཉམ་པར། །རྒྱལ་བ་ལྷམ་མེར་བཞུགས་ལགས་སམ། །གཞུང་ལུགས་རྒྱ་མཚོ་རབ་འབྱེད་ཅིང༌། །མདངས་དང་ལྡན་པ་བཞུགས་ལགས་སམ། །བདུད་སྡེ་ཐམས་ཅད་འཇོམས་མཛད་ཅིང༌། །ཤེས་རབ་རྒྱ་མཚོར་བཞུགས་ལགས་སམ། །གསེར་གླིང་འདི་ན་མཁས་པ་ཁྱེད། །འགྲོ་བའི་དོན་ལ་ཉིན་མཚན་དུ། །བྱམས་དང་སྙིང་རྗེས་རབ་གཟིགས་ཤིང༌། །བསྟན་པའི་བདག་པོར་བཞུགས་ཞེས་ཐོས། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཁྱེད། །བདག་གི་བླ་མར་གསོལ་འདེབས་ཀྱིས། །ཤེས་བྱའི་དཀྱིལ་འཁོར་ཡངས་པ་ལ། །བདག་གི་ཤེས་རབ་སྤེལ་དུ་གསོལ། །ཞེས་ཞུས་པ་དང༌། དགེ་སློང་ཐམས་ཅད་ཀྱང་ངག་མཐུན་པར། །སྐྱེས་བུའི་དམ་པ་བྱོན་པ་ཤིན་ཏུ་ལེགས། །བདག་ཅག་རྣམས་དང་ཁྱེད་དང་ལྷན་ཅིག་ཏུ། །དམ་པའི་ཆོས་ཀྱི་བདེ་བས་ཚིམ་པར་བྱ། །ཞེས་གསུངས་ནས་གཞི་བྱེས་ལྷན་ཅིག་ཏུ་དགེ་འདུན་ཀུན་གྱི་ཀུན་དགའ་ར་བར་བྱོན་པ་དང༌། དེ་ན་གནས་བརྟན་ཡང་བསྒྲེས་པ་གཅིག་དགེ་འདུན་འགའ་ཞིག་ལ་ཆོས་གསུང་གིན་འདུག་པ་ལ་ཁོ་བོས་ཕྱག་བཙལ་ཏེ་གནས་བརྟན་དེས་དེའི་ལན་ཏུ་ཕྱག་ལན་མ་མཛད། དེ་ནས་བླ་མའི་གཟིམ་ཁང་ཕོ་བྲང་དངུལ་གདུགས་ཅན་གྱི་ནང་དུ་བྱོན་ཏེ་སྟན་ལ་འཁོད་པ་ན། །གནས་བརྟན་དེ་ཡང་ཆོས་ཐུན་བཏང་ནས་བྱུང་སྟེ་ཁོ་བོ་ལ་ཆོས་དང་མཐུན་པའི་ཕྱག་བྱས་ཤིང་བདག་ལ་འདི་སྐད་གསུངས། །སྐྱེས་བུ་དམ་པ་གནས་འདིར་བྱོན་པ་ལ་བསུ་བ་མ་བྱས། འོན་ཀྱང་ང་རྒྱལ་

༤༡༩

མེད་གང་ཡང་སྐྱེས་བུ་དམ་པ་མཉེས་པ་ནི། ཆོས་ལ་བྱ་བ་བྱས་པ་ཡིན་བསམ་མོ། །གསུང་དེ་ཐོས་པ་དང་ཁོ་བོ་ཡང་ཡི་རངས་ཏེ་ཆོས་དང་གང་ཟག་ལ་ཆེ་བ་འདོན་པ་ངོ་མཚར་ཆེ་སྙམ་མོ། །དེ་ནས་གཞི་ལེགས་པར་ཕེབས་པ་དང༌། བླ་མས་རྟེན་ཅིར་འབྲེལ་བར་འབྱུང་བའི་ཆེ་བར་ཆོས་མངོན་པར་རྟོགས་པའི་རྒྱན་ཆོས་ཐུན་བཅོ་ལྔ་ཙམ་གྱིས་ལེགས་པར་བཀྲོལ་ནས་ཁོ་བོ་ལ་ལེགས་པར་གནང་ངོ༌། །དེ་ནས་ཕོ་བྲང་དངུལ་གདུགས་ཅན་བཟུང་སྟེ། ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བར་བྱས་སོ། །དེ་ཐམས་ཅད་ཇོ་བོ་གསེར་གླིང་དུ་ཆགས་ཕེབས་ཤིང་འགྲོ་བའི་མགོན་པོ་མཉམ་མེད་གསེར་གླིང་པ་ཆོས་ཀྱི་གྲགས་པ་དང་ལེགས་པར་དགེས་བཞིན་དུ་མཇལ་བའི་ལོ་རྒྱུས་ལགས་པར་གདའོ། །ཤིན་ཏུ་ལེགས་པ་ངོ་མཚར་རྒྱ་མཚོའི་དཔལ། །ཀུན་ལ་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །རྒྱལ་རིགས་རིག་པའི་གནས་ལྔ་ཀུན་ལ་མཁས། །སྒྲོལ་མས་ལུང་བསྟན་གང་ཅན་དཔལ་དུ་བྱོན། །བདག་པས་གཞན་གཅེས་འབྱོངས་ནས་གཞན་དོན་མཛད། །མཚུངས་མེད་ཨ་ཏི་ཤ་ལ་གསོལ་བ་འདེབས། །ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་རྒུའི་སྡུག་བསྔལ་འཕྲལ་དུ་བསལ་དུ་གསོལ། །འགྲོ་ཀུན་བྱང་ཆུབ་ལམ་ལ་དྲོང་དུ་གསོལ། །ཕན་བདེ་ཀུན་གྱི་འབྱུང་གནས་སྩལ་དུ་གསོལ། །སྐྱིད་མགོ་ད་ལྟ་ཉིད་དུ་འཛུག་ཏུ་གསོལ། །བདེ་མགོ་དེ་རིང་ཉིད་ནས་སྩལ་དུ་གསོལ། །སྲིད་པའི་སྡུག་བསྔལ་ཐམས་ཅད་གཞོམ་དུ་གསོལ། །ཆོས་ཀྱི་བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །བྱ་རྒྱུ་ཆོས་ལས་མེད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་པོ་རྒྱུན་ཆད་མེད་པར་བཏབ་པ་ལ་བརྟེན་ནས་བདག་གཞན་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བདག་པས་གཞན་གཅེས་པར་འཛིན་པའི་ལྷག་པའི་བསམ་པ་རྣམ་པར་དག་པ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་

༤༢༠

སྐྱེས་ནས། འགྲོ་བ་ཐམས་ཅད་སྒྲོལ་བའི་དེད་དཔོན་ཆེན་པོར་མྱུར་དུ་སྐྱེ་བར་གྱུར་ཅིག། །།

༄༅། །སྙན་བརྒྱུད་རིན་པོ་ཆེའི་ཁྲིད་ཀྱི་མན་ངག་མཁའ་དབྱིངས་སྙིང་པོའི་བདེ་ཁྲིད་བཞུགས་སོ། །

༣༦༣སྙན་བརྒྱུད་རིན་པོ་ཆེའི་ཁྲིད་ཀྱི་མན་ངག་མཁའ་དབྱིངས་སྙིང་པོའི་བདེ་ཁྲིད་བཞུགས་སོ། །རྫོགས་པ་ཆེན་པོ་སེམས་སྡེ་ཨ་རོ་ལུགས་སོ། །
༣༦༤རྒྱལ་བ་སྐུ་གསུམ་གྱི་རང་བཞིན་དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདི་ནི་བླ་མེད་ཐེག་པའི་གསང་ཆེན་གནད། །ཞལ་ལས་སྙན་བརྒྱུད་བདེ་གཤེགས་ཀུན་གྱི་ཐུགས། །གེགས་མེད་ཉེ་ལམ་གཉུག་མའི་དེ་ཁོ་ན། །ཉེ་བར་སྣང་གི་བསྒྲུབ་ལ་མོས་པ་དག །ཚེ་འདིར་ཆགས་པའི་རྣམ་བཞག་རྣམས་དོར་ནས། །རྒྱལ་བ་དགོངས་པའི་གསང་བ་སྙིང་པོའི་དོན། །ཡི་གེ་མེད་པའི་སྙན་བརྒྱུད་འདི་ཟུང་ལ། །གདོད་ནས་གནས་པ་གདོད་མའི་སར་བརྙེས་མཛོད། །དེ་ལ་རེ་ཞིག་རྗེ་བཙུན་རྣམ་པར་སྣང་མཛད་ཞབས་ཀྱི་མན་ངག་གི་སྙིང་པོ་སྙན་བརྒྱུད་རིན་པོ་ཆེའི་ལག་ཁྲིད་ལ་དང་པོའི་ཏིང་ངེ་འཛིན། །བར་གྱི་ཏིང་ངེ་འཛིན། ཐ་མའི་ཏིང་ངེ་འཛིན་ཞེས་སྒོམ་རིམ་གསུམ་ལས། །དང་པོ་ལ། བསགས་པའི་དང་། སྦྱོང་བའི་དང་། སྦྲུབ་པ་ཞེས་བྱའོ། །དང་པོ་ནི། སྟན་ལ་ཅི་བདེར་གནས་པས་མི་རྟག་པ་དྲན་པ་སོགས་འཇུག་རིམ་སྔོན་དུ་བཏང་ལ། སྐྱབས་སེམས་དང་ལྡན་པས་ཕྱག་རྒྱའི་དཀྱིལ་འཁོར་བསྒོམ་པར་བྱའོ། །འདི་ལྟར་རང་བཞིན་རྣམ་པར་དག་པའི་དབྱིངས་ཚད་མེད་པར་བཻ་ཌཱུརྻ་མཎྜལ་དྲི་མ་མེད་པ་ལྟ་བུ།
༣༦༥ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཡེ་ཤེས་ཀྱི་རང་བཞིན་རྩིབས་སྟོང་དང་ལྡན་པའི་གསེར་གྱི་འཁོར་ལོ་དང་། མེ་ལོང་ཡེ་ཤེས་ཀྱི་ངོ་བོ་བཻ་ཌཱུརྻ་རྡོ་རྗེ་དང་། མཉམ་པ་ཉིད་ཀྱི་རང་བཞིན་ནོར་བུ་རིན་པོ་ཆེ་དང་། སོ་སོར་རྟོག་པའི་རང་བཞིན་པདྨ་འདབ་མ་བརྒྱ་པ་དང་། བྱ་བ་གྲུབ་པའི་རང་བཞིན་སྣ་ཚོགས་རྡོ་རྗེ་དང་རེ་རེ་ཞིང་ཡང་རྒྱ་ཁྱོན་ཚད་མེད་པ། །ལྷ་དང་མིའི་སྐྱེ་བོ་དུ་མ་དག་གིས་བརྟེན་གནས་སུ་གྱུར་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པའི་བཀོད་པས། ཕྱོགས་ཀྱི་ཁོང་མ་ལུས་པ་ཀུན་ཏུ་གང་བ་གསལ་བར་དམིགས་ལ། དེར་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་སྤྱན་དྲངས། དེ་ཡང་ནམ་མཁའི་མཐིལ་དུ་རྒྱལ་བ་ཀུན་བཟང་ཡེ་ཤེས་ཀྱི་སྐུ། ཤར་དུ་རང་བྱུང་རིག་པའི་སྐུ། ལྷོར་ཆོས་དབྱིངས་སྟོང་པའི་སྐུ། ནུབ་ཏུ་ལྷུན་གྱིས་གྲུབ་པའི་སྐུ། བྱང་དུ་འགག་མེད་གསལ་བའི་སྐུ་རྣམས་ཡང་དག་པར་བཀོད་ལ། སྔར་བཀོད་པའི་རྫས་དེ་དག་དབུལ་ཞིང་བསོད་ནམས་སུ་བྱ་བ་མཐའ་དག་ཞིབ་ཏུ་བསྒོམ་ཞིང་དམིགས་མེད་དུ་བསྡུ་བའོ། །སླར་ཡང་སྤྱི་མགྲིན་སྙིང་ཁར་ༀ་ཨཱཿཧཱུྃ་ཞེས་རབ་ཏུ་བཀོད་དེ་སེམས་བཟུང་ལ། །ཧཱུྃ་གི་འོད་ཀྱིས་ཕྱི་ནང་
༣༦༦ཐམས་ཅད་ནམ་མཁའ་ལྟར་བྱས་ནས་ཡི་གེ་གསུམ་གྱི་ལུས་སུ་བལྟའོ། །དེ་བཞིན་དུ་ཨ་ཡི་འོད་ཀྱིས་བརྟན་པ་དང་གཡོ་བ་མཐའ་དག་རབ་ཏུ་གསལ་བར་གྱུར་པ་དང་། ༀ་གྱི་འོད་ཀྱིས་ཤིན་ཏུ་རྣམ་པར་དག་པའི་དངོས་ཉིད་དུ་བྱས་ལ། ༀ་བཛྲ་སཏྭ་ༀ་ཞེས་རང་ཉིད་རྡོ་རྗེ་སེམས་དཔའ། སྤྱི་བོའི་ནང་ཁོངས་སུའང་དེ་དང་ལྡན་པར་བལྟའོ། །ༀ་བཛྲ་སཏྭ་ཨཱ་ཞེས་འཇིག་རྟེན་མཐའ་དག་སྔགས་ཀྱི་སྒྲས་བཀང་སྟེ། མགྲིན་བར་རྡོ་རྗེ་སེམས་དཔའ་དམར་པོ་དང་། །ༀ་བཛྲ་སཏྭ་ཧཱུྃ་ཞེས་སྙིང་གར་རྡོར་སེམས་སྔོན་པོ་དང་། ཟླ་བ་རྡོ་རྗེ་སྔོན་པོ་ཧཱུྃ་ལྔ་ལྡན་བསྒོམས་ལ། དེ་སོ་སོའི་འོད་ཀྱིས་འགྲོ་བ་མ་ལུས་པའི་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ཏེ་རིགས་གསུམ་རྡོ་རྗེ་སེམས་དཔར་གྱུར་པ་དང་། ཡི་གེ་བརྒྱ་པའི་སྒྲ་དབྱངས་ཀྱི་དར། དབྱིངས་ཡེ་ཤེས་རོ་མཉམ་ཉིད་ཀྱི་དོན་ལ་སེམས་བཞག་རྣམས་བྱ་ཞིང་སྔགས་བཟླ། བསྡུ་བའི་རིམ་པས་སྡུད་པའོ། །དེ་ནས་མདུན་གྱི་ནམ་མཁར་འདབ་རྒྱས་པདྨོའི་ཟེའུ་འབྲུར་ཟླ་བ་ཉི་མ་ལ། བླ་མ་ཡི་དམ་རྗེ་བཙུན་རྣམ་པར་སྣང་མཛད་ཀུན་ཏུ་བཟང་པོ་ཉ་རྒྱས་ཟླ་བ་ལས་ལྷག་པར་དཀར་བའི་སྐུ། མཉམ་གཞག་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་རྒྱན་དུ་མ་དང་ལྡན་པ་ལ་རིགས་བཞིའི་ཀུན་བཟང་སོགས་བདེར་གཤེགས་དུ་མས་བསྐོར་བ་དམིགས་ལ་མཆོད་པས་མཆོད་དེ་གསོལ་བ་དྲག་ཏུ་གདབ་པར་བྱའོ། །དེའི་སྨིན་མཚམས་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བསམ་གྱིས་མི་ཁྱབ་པ་བྱུང་། རང་གི་ལུས་མཐའ་དག་ཏུ་ཐིམ། སྒྲིབ་པ་དག །དབང་ཐོབ། ཡེ་ཤེས་མངོན་དུ་བྱས། ཟེར་ཟེར་ཕྲན་འཇིག་རྟེན་མཐའ་དག་ཁྱབ། ཐམས་ཅད་མཆོག་ཏུ་དྲི་མ་མེད་པར་བྱས་ཞེས་ངེས་པ་རབ་ཏུ་བརྟན་པར་བཀོད་དེ། བསྔོ་བ་སྨོན་ལམ་བྱས་ལ། ཅི་བདེར་མཆོད་དོ་བྱ་བ་ནི་རྣམ་པ་གཅིག་ལ། ངེས་པ་བརྟན་པ་ཉིད་ཀྱིས་ཏིང་ངེ་འཛིན་ཕྱི་མ་ལ་འཇུག་གོ་ཞེས་བྱ་བ་ནི་གཞན་ནོ། །མདོར་ན་དེ་དག་ནི་དང་པོའི་
༣༦༧ཏིང་ངེ་འཛིན་ཏེ། རྡོ་རྗེ་སེམས་དཔའི་སྒྲུབ་པ་རྒྱས་པ་དང་། པདྨ་དབྱིངས་ཕྱུག་མ་སྒྲུབ་པ་དང་། ལས་རྒྱ་མཚོའི་རིམ་པ་རྣམས་གཞན་དུ་རྟོགས་པར་བྱ་ཡི། ལས་དང་པོ་པའི་ཁྲིད་རིམ་དང་མ་འདྲེལ་ཞིང་དབང་རྣོན་ངོ་སྤྲོད་པའང་། དང་པོར་འཁོ་བ་མ་ཡིན་ནོ་ཞེས་ཤེས་པར་བྱོས་ཤིག །ད་ནི་བར་གྱི་ཏིང་ངེ་འཛིན་དངོས་ཀྱི་རང་བཞིན་ལ་རེ་ཞིག་རྣམ་པ་བཞི་སྟེ། ལྟ་བ་ཐབས་ཀྱིས་བཟུང་བ། ལྟ་བ་ཉམས་སུ་མྱོང་བ། ལྟ་བ་ལམ་དུ་སློང་བ། ལྟ་བ་ངོ་སྤྲོད་པ་ཞེས་བྱའོ། །དང་པོ་ལ་གཉིས། རྒྱུ་ཚོགས་ལ་གནས་པར་བྱ་བ་དང་། རྣལ་འབྱོར་གྱི་ཟས་བདུན་བརྟེན་པའོ། །དང་པོ་ནི། སྒོ་གསུམ་རྣམ་པར་གཡོ་བའི་རྐྱེན་ལས་འཁོར་བར་འཁྲུལ་ཏེ། གཡོ་བ་མེད་པ་ལས་རང་གི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། །དེ་བས་ན་རྐྱེན་དང་བྲལ་བར་ལྷུར་བླངས་ཏེ། ལུས་འགུལ་བ་མེད་པ་དང་། ངག་སྨྲ་བ་མེད་པ་དང་། སེམས་དྲན་བསམ་མེད་པ་ལ་ཡུན་རིང་དུ་གནས་པར་བྱ་དགོས་པས། ལུས་བསམ་གཏན་གྱི་ཆོས་དང་ལྡན་པ་ལ། རླུང་བཏང་བཟུང་མེད་པ་དང་། སེམས་སྤྲོ་བསྡུའི་རྒྱུན་གཅོད་ལ་གནས་པར་བྱའོ། །ཟླ་བ་ལྔའམ་ཞག་ཉེར་གཅིག་ལ་སོགས་པའི་བར་དུ་བསྒོམ་པར་བྱ་སྟེ། འདི་ནི་ཚོགས་གནས་སོ། །རྣལ་འབྱོར་གྱི་ཟས་བརྟེན་པ་ནི། ཁམས་རེག་གཉིད་སེམས་རྣམ་པར་ཤེས། །ཏིང་འཛིན་ཚངས་སྤྱོད་རྣམ་པ་བདུན། །ཞེས་པའི་དང་པོ་ནི་དུག་ཏུ་འགྱུར་བ་སྤངས་ཏེ་མཐུན་པ་བསྟེན་པའོ། །གཉིས་པ་ནི། འཇམ་ཡང་ལ་སོགས་པ་བསྟེན་ནོ། །གསུམ་པ་ནི། ཉིན་སྤངས་ཏེ་མཚན་བསྟེན་ནོ། །བཞི་པ་ནི། ཡིད་དུ་འོང་བ་དག་གོ །ལྔ་པ་ནི། འདོད་པའི་ཡོན་ཏན་ལྷག་མ་སྔ་མ་བཞིན་ལམ་དུ་བྱེད་པའོ། །དྲུག་པ་ནི། སེམས་གཏད་སོ་ཅུང་ཟད་ཀྱང་མེད་པར་ཕྱད་དེ། ལྷོད་དེ། ཕྱམ་མེ། ཝལ་ལེ་བཞག་པའོ། །བདུན་པ་ནི། ལོག་
༣༦༨པ་བགྲོད་པ་སྤང་བ་སྟེ། །འདི་ལྟར་ཟས་ཀྱིས་ཁམས་གསོ་ཞིང་ཚོགས་ལ་གནས་པ་ནི་བསྒྲུབ་བྱ་དངོས་སོ། །དེ་ལས་དང་པོ་གཡོ་བའི་ཉམས་སྣ་ཚོགས་འཆར། དེ་ནས་ཐོབ་པའི་ཉམས་སྣ་ཚོགས་འཆར། སླར་གནས་པ་དེ་གོམས་པས་ཉམས་ཡུན་དུ་སྡོད་པ་འབྱུང་། དེ་ནས་བརྟན་པའི་ཉམས་ཅི་ཙམ་འདོད་འདོད་དུ་གནས་པ་འབྱུང་སྟེ། ཉམས་རྣམ་པ་བཞི་པོ་འདི་ཉམས་སུ་མྱོང་ན་ལྟ་བ་ཉམས་སུ་མྱོང་བ་ཞེས་བྱའོ། །ལམ་དུ་སློང་བ་ནི། ཏིང་ངེ་འཛིན་དུ་མའི་སྒོ་ནས་དང་། །རླུང་གི་སྒོ་ནས་ཏེ། ཏིང་ངེ་འཛིན་མཚན་བཅས་འཕྲོད་པའི་རིགས་ཀྱིས་ཟླུམ་པོ་དཀར་པོ། གྲུ་བཞི་སེར་པོ། ཟུར་གསུམ་དམར་པོ། ཟླ་གམ་ལྗང་གུ། སྔོ་སང་ཟླུམ་པོ་རྣམས་དང་། འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ། རྡོ་རྗེ་རྣམས་དང་། ༀ་ཨཱཿཧཱུྃ་སྭཱ་ཧཱ་སོགས་ལ་སེམས་གཏད་པའོ། །མཚན་མེད་འཕྲོད་པའི་རིགས་ཀྱིས་ཅི་ལའང་མི་སེམས་པར་བཞག་པའོ། །བསྐྱེད་རིམ་འཕྲོད་པའི་རིགས་ཡོད་དོ། །རླུང་ནི་འཇམ་རླུང་དང་། རྩུབ་པ་ལ། ལྟེ་བའམ། སྙིང་གར་མར་མེ་ལྟ་བུ་བསྒོམ་པ། མར་མེའི་སྙིང་པོ་ལྟ་བུ་ལ་བསྒོམ་པ་དང་། སྤྱི་གཙུག་གམ། སྙིང་། ལྟེ་བར་པ་ཝ་སངས་ལྟ་བུ་ཐིག་ལེ་བསྒོམ་པ་རླུང་སེམས་འདྲེས་པའི་ཐིག་ལེ་ལ་བཟུང་བ་དང་། སྟེང་འོག་གི་རླུང་ལྕགས་ཀྱུ་གྲོལ་མདུད་ལྟར་བྱ་ལ། སྦྲུལ་མདུད་ལྟ་བུ་ལ་བཟུང་བ་རྣམས་སྟེང་འོག་གི་རླུང་འཇམ་པོ་བདེ་ལུགས་དང་། འགོགས་མེད་དང་སྦྱར་བ་དང་བཞིའོ། །སྐྱིལ་ཀྲུང་ས་གནོན་ལ་རླུང་དྲག་ཏུ་བཟུང་། ནམ་མཁར་རང་ཉིད་གདུགས་དཀར་གྱི་སྟེང་ན་གནས་པ་འཁོར་བར་བསྒོམ་པ་དང་། འཁོར་ལོ་ལ་ཡང་དེ་ལྟར་བྱ་བས། གདུགས་ལ་བརྟེན་པ་དང་། འཁོར་ལོ་ལ་བརྟེན་པ་ཞེས་རྩུབ་པའོ། །དེ་ལ་སོགས་པ་ཐབས་དུ་མས་བསླང་ངོ་། །སྐབས་འདིའམ། ཐབས་བཟུང་གི་སྐབས་སུ། བརྡལ་བ་ནམ་མཁའ་བཞིན། བཏང་བ་སྤྲེའུ་
༣༦༩བཞིན། ཟིན་པ་ཕྱེ་བཞིན། རྙོགས་མེད་ཆུ་བཞིན། དྲན་པ་བཞིན། བོར་བ་བཞིན། སྙེགས་པ་བཞིན། བཅད་པ་བཞིན་ནོ། །ཞེས་བརྒྱད་པོ་བཞག་ཐབས་ཀྱི་རྣལ་འབྱོར་ཏེ། བཅད་ཅེས་བྱ་བ་ནི་མཐའི་དྲི་མ་བཅོ་བརྒྱད་བཅད་དེ། བཙལ་ན་སྟོར། བཀག་ན་ཉམས། བཅོས་ན་བསླད། བསྒོམ་ན་འཆལ། རྩོལ་ན་བྲལ། དགུག་ན་བྲོས། ལྟ་ན་ཡལ། དྲན་ན་ཡེངས། མྱང་ན་ཤོར། གཟོབ་ན་འདྲེས། བགྲོད་ན་འཁྱམས། ངའོ་སྙམ་ན་ལྟུང་། རྟོག་གོ་སྙམ་ན་སྟོང་། སེམས་ལ་རྣམ་རྟོག་ལངས་ན་ཕུང་། གཏང་འཛིན་བྱེད་ན་གནད་ཅིང་བརླག །བྱུང་ཚོར་གྱི་རྗེས་སུ་འབྲེངས་ན་འཁོར། བྱིང་རྨུག་གི་དབང་དུ་སོང་ན་འཐིབ། སྤང་བླང་བྱེད་ན་འཛོལ་ཞེས་ཏེ་ཐ་མ་ཁོ་ནར་བསྡུས་སོ། །ལྟ་བ་ངོ་སྤྲད་པ་ནི། དང་པོར་གསེར་གྱི་བྲག་རི་གཡུ་ཡིས་བརྒྱན་པའི་རྩེར་གསེར་གྱི་མཆོད་རྟེན་འོད་གསལ་བ་བསྒོམ་སྟེ། ཡིད་ལ་གསལ་ན་དེ་ཕྱོགས་བཅུ་གང་ན་གནས་པ། དེ་ཕྱོགས་གང་ནས་དེར་འོང་། ཕྱོགས་གང་དུ་འགྲོ་ཞེས་དང་། ནང་ལུས་ཀྱི་ཕྱོགས་ལ་ཡང་དེ་ལྟར་ཏེ། ཤར་ན་གནས་སམ། ཤར་ནས་བྱུང་ངམ། ཤར་དུ་སོང་ངམ་ཞེས་གསུམ་གྱིས་ཕྱེ་བའམ། རྣམ་དབྱེ་དུ་མས་བཙལ་ལོ། །དེ་ནས་རྨི་ལམ་དུ་དེ་ལྟ་བུ་རྨིས་པ་དེ་ཞེས་སྔ་མ་ལྟར་བརྟགས་པ་དང་། དེ་དག་ཇི་ལྟ་བར་དངོས་སུ་གསེར་རི་མཆོད་རྟེན་གྱིས་བརྒྱན་པ་ཡང་ཞེས་བརྟག་གོ །གསེར་རིས་མཚོན་ནས་ས་ཅི་སྙེད་པ་སྟེ། སྒོམ་སྣང་། གཉིད་སྣང་། དངོས་སྣང་གསུམ་ལས་རིམ་བཞིན་བལྟའོ། །དེ་བཞིན་དུ། ཆུ། མེ། རླུང་། མཁའ་དང་། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷ་རྣམས་དང་། གཉེན་དགྲ་སོགས་ཀྱིས་མཚོན་ནས། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་དང་། འདས་པ་དང་། མ་འོངས་པ་དང་།
༣༧༠ད་ལྟའི་སངས་རྒྱས་རྣམས་དང་། གནས་དུས། སྟོན། འཁོར། ཆོས་རྣམས་ལ། སྒོམ། རྨི། དངོས་གསུམ་གྱིས་གཏན་ལ་དབབ་སྟེ། ངེས་པ་མཐོང་མཐོད་དུ་བྱའོ། །དེ་ཐམས་ཅད་བྱུང་སོང་གནས་པ་མེད་པས། རང་བཞིན་མེད་པས། མེད་ཀྱང་རྣམ་པར་སྣང་ཙམ། རྟག་ཆད་ཡོད་མེད་ཀྱི་འཛིན་པ་ལས་གྲོལ་བའི་མཐོང་བ་སྐྱེས་ན་ངོ་འཕྲོད་པ་སྟེ། སྤྲོད་འཕྲད་བྲལ་རླུང་ཞུགས་ཤེས་འབྱུང་ངོ་། །འབྱུང་ལྔ་རང་བྱུང་སྐྱེ་མེད་དུ་ངོ་སྤྲད། འགྲོ་དྲུག་རང་བྱུང་སྐྱེ་མེད་དུ་ངོ་སྤྲད། །དུག་ལྔ་རང་བྱུང་། སངས་རྒྱས་རང་བྱུང་། ཕུན་ཚོགས་རང་བྱུང་སྐྱེ་མེད་དུ་ངོ་སྤྲོད་ཅེས་ལྔ་པོ་འདི་དང་། གཞན་ཡང་ཅི་རིགས་སུ་ཤེས་པར་བྱའོ། །ཡང་ན་སྣང་བ་སེམས། སེམས་སྟོང་པ། སྟོང་པ་གཉིས་མེད། གཉིས་མེད་རང་གྲོལ་ཞེས་ངོ་སྤྲད། ཡང་ན་འོག་གི་རྫོང་བཞིས་ངོ་སྤྲད་ཀྱང་རུང་སྟེ། གང་ལའང་ཡང་ཡང་དྲི་ཞིང་ཐག་བཅད་པར་བྱ་བ་ནི་གནད་དོ། །གནད་ཀྱིས་བཞག་པ་དང་། རང་གནས་པ་དང་། རང་འཕྲོ་བ་རྣམས་ཁྱད་མེད་དུ་གྲོལ་བར་མཐོང་ན་ངེས་པ་རྙེད་བཞེས་བྱ་སྟེ། དེ་ལྟ་བུ་ནི་བར་གྱི་ཏིང་ངེ་འཛིན་ནོ། །མཐའི་ཏིང་ངེ་འཛིན་ནི། བསྲེ་བ་གསུམ་དང་མན་ངག་ཉི་ཤུ་སྟེ། ལུས་ངག་ཡིད་ཀྱི་ཀུན་སྤྱོད་འགྲོ་འདུག་སྨྲ་སེམས་མ་ལུས་པ་དང་སྦྱར་ཏེ་བསྒོམ་པ། ཉིན་པར་ལས་དང་བྱ་བ་དང་བསྲེ་བ་ཞེས་བྱའོ། །མཚན་བཅས་ལྟར་ན། སྙིང་ཁར་ༀ་ཨཱཿཧཱུྃ་སྭཱ་ཧཱ་སོགས་ལ་སྦྱར་ཏེ་བསྒོམ་པ་དང་། ལྟ་བ་མཐོང་བའི་ངང་ལས་མ་གཡོས་པར་གཉིད་པས་འོད་གསལ་ལམ། རྨི་ལམ་གྱིས་བསྒོམ་པས་འགྲུབ་སྟེ་མཚན་མོ་གཉིད་དང་རྨི་ལམ་དང་བསྲེ་ཞེས་བྱའོ། །འོད་ཀྱི་གོང་བུ་སོགས་འཕེན་འདུན་གྱིས་སྦྱོར་བའམ། སྐྱེ་འགག་མེད་པའི་གཤིས་ལ་བློ་ངེས་པས་དོན་བསྒྲུབས་ལ། འཆི་དུས་ཤེས་རབ་ཕར་ཕྱིན་དང་བསྲེ་ཞེས་དེ་ལྟར་བསྲེ་བ་གསུམ་ལ་བསྒོམ་བདག་གཏོད་ཅེས་ཀྱང་བྱའོ། །དྲན་པ་གདོད་ནས་དྲན་
༣༧༡མེད་དུ་གནས་པ་རང་གསལ་བ་དང་། ཤར་སྣང་ཇི་སྙེད་པ་དེ་ཉིད་དུ་ངེས་པ་དང་། ཤར་གྲོལ་མཉམ་པ་དང་། གདོད་མའི་བབས་རྣམས་ལ་རྫོང་ཞེས། །དྲན་པ་གཞི་བཞེངས་ལྟ་བའི་རྫོང་། །མཐོང་ཚེ་དེ་ཉིད་སྒོམ་པའི་རྫོང་། །ཐུག་འཕྲད་རང་གྲོལ་སྤྱོད་པའི་རྫོང་། །སྐྱེ་བ་མེད་དེ་འབྲས་བུའི་རྫོང་། །ཞེས་བྱ་བ་ཡིན་ནོ། །ཐམས་ཅད་དུ་དྲན་འཛིན་བརྟན་པ་དང་། ཉིན་མཚན་སྔ་ཕྱི་བར་གྱི་དུས་བཞིའམ། ཐུན་བཞིར་བསྒོམ་ལ་བརྩོན་པ་དང་། ལུས་ངག་ཡིད་ལྷུག་པ་ལས་མི་གཡོ་བ་དང་། ངོ་སྤྲོད་ཀྱི་ཚིག་བཞི་གནད་ལ་དབབ་པ་རྣམས་རྫོང་ལ་འཇུག་པའི་ལམ་འཕྲང་སྟེ། དང་པོ་ཉམས་ལེན་མཁན་གྱིས་དགོས་སོ་ཞེས། ཤེས་བྱ་རྩིས་ཟིན་ལྟ་བའི་འཕྲང་། །དུས་བཞི་མཉམ་སྦྱོར་སྒོམ་པའི་འཕྲང་། །སྒོ་གསུམ་རང་གྲོལ་སྤྱོད་པའི་འཕྲང་། །གབ་པའི་ཚིག་བཞི་འབྲས་བུའི་འཕྲང་། །ཞེས་བྱའོ། །ངོ་སྤྲོད་མཆོག་ཐོབ་པ་དེ་འཕྲང་དང་རྫོང་མི་དགོས་པར་སྣང་སྲིད་ཡངས་པ་ཆོས་སྐུའི་ཀློང་དུ་གྲོལ་ལོ་ཞེས། གཅིག་ཤེས་ཀུན་གྲོལ་ལྟ་བའི་ཀློང་། །ཟབ་མོ་ཉམས་དྲུག་སྒོམ་པའི་ཀློང་། །ཚོར་བ་རྗེས་མེད་སྤྱོད་པའི་ཀློང་། །བྱར་མེད་བློ་འདས་འབྲས་བུའི་ཀློང་། །ཞེས་སོ། །དེ་ལ་བརྟན་པ་ཐོབ་པས་གདིང་དུ་འགྱུར་ཏེ། རང་བྱུང་ཡེ་ཤེས་ལྟ་བའི་གདིང་། །ཡེ་ཤེས་རང་ས་བསྒོམ་པའི་གདིང་། །ཡེ་ཤེས་ཟང་ཐལ་སྤྱོད་པའི་གདིང་། །ཡེ་ཤེས་སྤྱི་བླུགས་འབྲས་བུའི་གདིང་། །ཞེས་སོ། །དེ་ཉིད་ལྷ་བཞིར་གྲུབ་སྟེ། སྐྱེ་མེད་ཚིག་གཅིག་ལྟ་བའི་ལྷ། །ཤེས་བྱ་གཅིག་ཆོད་སྒོམ་པའི་ལྷ། །འདའ་ཀ་འཆི་བྲོད་སྤྱོད་པའི་ལྷ། །དབུལ་མོ་གཏེར་འཕྲད་འབྲས་བུའི་ལྷ། །ཞེས་བྱ་བ་རྣམས་ཡིན་ནོ། །འཇིགས་མེད་ཕྱོགས་མེད་ཀྱི་རིག་པ་ལ། །ཕྱོགས་འཛིན་གྱི་ལྟ་བས་ཅི་བགྱི། །རང་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ལ། །དམིགས་གཏད་ཀྱི་སྒོམ་པས་ཅི་བགྱི། །ཅི་བྱེད་བྱང་
༣༧༢སེམས་ཀྱི་ཆོ་འཕྲུལ་ལ། །བཟང་ངན་གྱི་སྤྱོད་པས་ཅི་བགྱི། །རྣམ་རྟོག་རང་བྱུང་གི་ཡེ་ཤེས་ལ། །སྤོང་འགེགས་ཀྱི་འཁྲུལ་བས་ཅི་བགྱི། །ཐམས་ཅད་ཡེ་དག་གི་ངོ་བོ་ལ། །སྒྲུབ་འདོད་ཀྱི་འཆིང་བས་ཅི་བགྱི། །རང་སེམས་སངས་རྒྱས་ཀྱི་རྒྱལ་པོ་ལ། །གསར་ཐོབ་ཀྱི་འབྲས་བུས་ཅི་བགྱི། །ཞེས་ཟབ་མོའི་ཚིག་དྲུག་སྟེ། དེ་ཉམས་སུ་མྱོང་བར་བྱའོ། །རིག་འཛིན་དཔའ་བོ་མཁའ་འགྲོའི་མཆོད་པ། སྣ་ཚོགས་བདུན། མཎྜལ་གསོལ་འདེབས་རྣམས་དང་ལྡན་པས། སྣང་བ་རྣམས་རང་གྲོལ་དུ་ངོ་སྤྲོད་པ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་སྔ་ཕྱི་བསྲེ་བའི་ཤེས་པ་སོགས་མེད་པར་རིག་པ་རང་གསལ་མར་མེའི་སྙིང་པོ་ལྟར་ངོ་སྤྲད་པ་རིག་པ་རང་གསལ་གྱི་དབང་། ནམ་མཁའ་ལྟ་བུ་ཡེ་ཇི་བཞིན་པའི་ཆོས་ཉིད་བསམ་བྲལ་དུ་ངོ་སྤྲད་པ་ཡེ་ཤེས་སྤྱི་བླུགས་ཀྱི་དབང་སྟེ་གསུམ་པོ་ཆོ་གར་བྱས་ཀྱང་རུང་། ངོ་སྤྲོད་རྣལ་མ་ཐོབ་ནས་ངེས་ཤེས་སྐྱེས་ན་ཆོ་ག་མེད་ཀྱང་ཐོབ་སྟེ། བསྐུར་ཐོབ། མ་བསྐུར་ཐོབ་སོགས་མུ་བཞིས་ཤེས་སོ། །དེས་སྙན་བརྒྱུད་རིན་པོ་ཆེ་བསྡུས་ཏེ་ལག་ཏུ་ལེན་ཚུལ་ཡིན་ལ། རྒྱས་པར་གདབས་དཔུང་ཆ་ལག་དང་བཅས་པར་རྒྱས་པར་གསལ་བས་དེར་བལྟའོ། །རབ་ཡངས་ལྟ་བའི་མཁའ་ལ་སྤྱོད་འདོད་ན། །ཇི་བཞིན་ལྟ་བ་མངོན་དུ་བྱེད་པའི་གནད། །མགོན་པོ་རྣམ་པར་སྣང་མཛད་ཐུགས་ཀྱི་བཅུད། །ཡང་དག་ངེས་པའི་གསང་འདི་བསྒོམ་པར་མཛོད། །གང་དག་ཕྱོགས་ཞེན་དྲི་མས་སྦགས་བློ་ཅན། །ཟབ་མོའི་ཆོས་ལ་གཤེད་མ་ལྟར་མཐོང་བ། །དེ་འདྲའི་སྨྲ་བས་གྲོལ་བའི་སྒོ་འགེགས་ཏེ། །ཁྱེད་ཅག་འབད་དེ་བསམ་མི་ཁྱབ་དྲན་བྱའོ། །གང་འདི་སངས་རྒྱས་ཀུན་གྱིས་ཕྱག་མཛད་དོ། །ལེགས་པར་གྲུབ་པ་རིན་ཆེན་དམ་པའི་ཆོས། །ལོག་པར་མཐོང་སྨྲ་དམྱལ་བའི་ལྕགས་ཀྱུ་ཆེ། །གང་ལ་བསྣུན་པ་ཉམས་བྱེད་འཇིགས་སུ་རུང་། །ཕུང་ཁྲོལ་དབྱིག་བརྩེགས་དེ་འདྲ་མི་མཐོང་ཞིང་། །མི་ཐོས་མི་དྲན་ཡང་ན་དེ་ཡི་གཉེན། །སྨིན་གྲོལ་བླ་མེད་རབ་སྤྱིན་ཉིད་
༣༧༣གྱུར་ཏེ། །འགྲོ་ཀུན་མཆོག་གི་ལྟ་ལ་སྦྱོར་གྱུར་ཅིག །སྙན་བརྒྱུད་རིན་པོ་ཆེའི་ཁྲིད་ཀྱི་མན་ངག་མཁའ་དབྱིངས་སྙིང་པོའི་བདེ་ཁྲིད་ཅེས་བྱ་བ། དཔལ་མཁའ་སྤྱོད་པས་ཆུ་བོ་གངྒཱ་གསེར་ལྡན་དང་ཉེ་བའི་ལྗོངས་སུ་བྲིས་པའོ། །རྣམ་པ་སྣང་མཛད། གཞོན་ནུ་ཡེ་ཤེས། ཨ་རོ་ཡེ་ཤེས་འབྱུང་གནས། བསོད་ནམས་སྙིང་པོ། དཔལ་ལྡན་[284]རིན་ཆེན་ཞེས་བྱ་བ་ནི་ཉེ་བརྒྱུད་དོ། གཞན་ནི་སྣ་ཚོགས་སོ། །མངྒ་ལཾ།། ༈ བྱང་སེམས་སྙིང་པོའི་པྲ་ཁྲིད་བཞུགས་སོ། །ལྷུན་གྲུབ་བྱང་སེམས་བསྒོམ་པར་མོས་ན། སྔོན་འགྲོ་སྙན་བརྒྱུད་ཉིད་དང་མཐུན་ཏེ། །དངོས་གཞི་ལ་[285]པཎྜི་ཏའི་ལུགས་དང་། ཀུ་སུ་ལུ[286]འི་ལུགས་ལས་འདི་ཕྱི་མའོ། དེ་ལ་སེམས་བཟུང་བ། སེམས་ལམ་དུ་བླང་བ། དང་པོ་ལ་བཟུང་ཐབས་ཟིན་རྟགས་ལས། དང་པོ་སྐྱིལ་ཀྲུང་ས་གནོན། རླུང་ཡིད་ཙམ་བཅིང་བའམ་རྒྱ་ཡན་ལ་སེམས་རྟེན་མེད་དུ་བཞག་ཅིང་། གདུགས་དང་འཁོར་ལོ་ཡང་འོག་རླུང་དྲག་དང་སྦྱོར་ལ་དྲག་ཏུ་བསྒོམས་ཏེ། ཞི་དྲག་གི་རྣལ་འབྱོར་རོ། །ལྕགས་སྦུབ་ཏུ་ཆུ་འདུས་པ་ལྟ་བུ[287]། མེ་སྟགས་འཕྲོ་བ་ལྟ་བུ[288]། རྩྭ་མཆོག་བསེར་བུས་གདུང་བ་ལྟ་བུ[289]། རུས་སྦལ་མཁར་གཞོར་ལྟ་བུ[290]། རྒུན་སྙེ་བ་ལ་བ་ལྟ་བུ[291]། དྲི་བཞོན་དལ་གྱིས་ལྡང་བ་ལྟ་བུ་དང་དྲུག་གོ[292] སེམས་བཟུང་བའི་མན་ངག་གོ །དྷ་ཐིམ། གཉིས་པ་ལ། གཞི་སྙིང་པོའི་དོན། ལམ་རྟོགས་པའི་དོན། འབྲས་བུ་རྫོགས་པའི་དོན་ལས། །གཞི་ལ། ཡིན། སྣང་། ཤར་གསུམ། འདི་ལྟར་སྣང་སྲིད་འཁོར་འདས་སུ་སྣང་བ་འདི་ཐམས་ཅད་ཆོས་ཉིད་ཡིན། དེ་ཉིད་དུ་སྣང་། དེ་ཉིད་ཤར་ཞེས་རྒྱས་པར་ངོ་སྤྲོད་པའི་མན་ངག །དྷ་ཐིམ། ལམ་ལ་འཁོར་བ་ལུགས་འབྱུང་དང་ལུགས་ལྡོག་
༣༧༤གཉིས་ལས། དང་པོར་རང་གིས་རང་བཅིངས། དར་སྲིན་ནམ་རྒྱལ་བུ་ལྟར་རང་གིས་རང་མ་རིག་སྟེ། རྒྱུ་ལྷན་སྐྱེས་ཀྱི་མ་རིག་པ། རྐྱེན་ཀུན་བརྟགས་ཀྱི་མ་རིག་པ། འབྲས་བུ་འགྲོ་བ་རིགས་དྲུག །ཉེས་པ་སྡུག་བསྔལ། རང་མ་རྟོགས་པ་ཉིད། དཔེ་ཐག་སྦྲུལ་དར་སྲིན་སོགས་ཆོས་དྲུག་ལྡན་ལུགས་འབྱུང་སྟེ། གདམས་ངག་གིས་བཟློག་པར་བྱ་བ་ལ། གདམས་ངག་འདེབས་ཚུལ། བརྩོན་འགྲུས་ཅན་ཚེ་འདིར་བཏབ་པས་གྲོལ་བ་དང་། ལེ་ལོ་ཅན་འཆི་ཁར་བཏབ་པས་གྲོལ་བའོ། དང་པོ་ལྟ། སྒོམ། སྤྱོད་པ་སྟེ། ལྟ་བ་གདིང་མེད་བྱ་སྒྲོ་རླུང་ཁྱེར་ལྟ་བུ། འཇུག་སྒོ་ལམ་བྲལ་ལག་རྡུམ་བྲག་འཛེགས། སྤྱོད་པ་གྲོགས་མེད་དམུས་ལོང་མཐར་འཁྱམས་གསུམ་སྤངས་ལ། ལྟ་བ་གདིང་ལྡན་ཁྱུང་ཆེན་མཁར་ལྡིང་། འཇུག་སྒོ་ལམ་ལྡན་གར་སྤྱིན་སྦྲང་འབྱར། སྤྱོད་པ་གྲོགས་བཅས་བི་ཤྭ་ཀརྨ་རྣམས་ཤེས་པར་བྱ། ལྟ་བ་བཀོལ་བཏུབ། སྒོམ་པ་ལམ་སློང་། སྤྱོད་པ་ཤུགས་འབྱུང་ཅེས་པ་དགོས་ལ། ལྟ་བ་ཁ་ཚིག །བསྒོམ་པ་རྩ་བ་ཧྲལ། སྤྱོད་པ་ཚུལ་འཆོས་སུ་མ་ཤོར་བ་གལ་ཆེའོ། །ལྟ་སྒོམ་སྤྱིའི་གོ་དོན་ནོ། །དྷ་ཐིམ། འདི་ལྟར་སྣང་བ་འདི་ཐམས་ཅད་ཕན་པ་ཕྱོགས་གཅིག་ཏུ་གྲུབ་པའང་མེད། གནོད་པ་ཕྱོགས་གཅིག་ཏུ་གྲུབ་པའང་མེད། སྣང་བ་ཕྱོགས་གཅིག །མུན་པ་ཕྱོགས་གཅིག །སྨན་ཕྱོགས་གཅིག །དུག་ཕྱོགས་གཅིག་ཏུ་གྲུབ་པའང་མེད། ས་མིག་ལ་གནོད་དེ། ས་བོན་ལ་ཕན། མིའི་སྣང་བ། འབྱུང་པོའི་མུན་པ། མིའི་དུག །རྨ་བྱའི་སྨན། དེ་བས་ན་ཆོས་ཐམས་ཅད་ཇི་ལྟར་སྣང་ཡང་རང་སེམས་ཞེས་བྱའོ། །རང་སེམས་དེ་གཟུགས་སྒྲ་དྲི་རོ་སོགས་མ་རྙེད་དེ་སྟོང་པ། སྟོང་པ་དེ་རང་བཞིན། སྣ་ཚོགས་དེ་རང་རྩལ། དེ་གཉིས་གདོད་ནས་གཉིས་མེད་རོ་མཉམ། གཉིས་མེད་དེ་ཡེ་ནས་རང་གྲོལ་བས་དེ་ཉིད་སངས་རྒྱས་ཆེན་པོ་ཞེས་བྱའོ། །འོད་གསལ་ཞེས་
༣༧༥ཀྱང་བྱའོ། །མིང་སྣ་ཚོགས་སོ། །ལྟ་བ་བཞི་སྦྱོར་དུ་ངོ་སྤྲོད་པའི་མན་ངག་གོ །བརྡ་ཐིམ། མན་ངག་གི་གནད་བཙལ་བའི་ཐོས་པ་བྱ་བ། གཡེང་བ་དོར་བ། འདུ་འཛི་སྤང་བ། མཐའ་གཉིས་སྤང་བ། ཟས་གོས། ཡོ་བྱད་བཅང་བ། ཕྱི་ནང་གི་དགོན་པ་བསྟེན་པ་སྟེ། སྔོན་འགྲོ་བཞིས་སྒོམ་ཆས་སུ་གཞུག་པའི་མན་ངག་གོ །དྷ་ཐིམ། སྟན་ལ་ལུས་གནད་བཅས་ལ་ལྟ་ཐོག་ཏུ་བཞག་ལ་ལྟ་བས་མཚམས་སྦྱར་ཏེ་བསྒོམ་པ། ལུས་ཁོ་ན་སྲང་དུ་བཅུག་སྟེ་བྱ་བ་སྒོ་བཅད་པའི་མཚམས་སྦྱོར། ལུས་གནད། ངག་དབྱངས། སེམས་ལྟ་གསུམ་ཀ་དང་ལྡན། སྒོ་གསུམ་གྱི་མཚམས་སྦྱོར་ཞེས་རབ་འབྲིང་ཐ་མའི་མཚམས་སྦྱོར་གསུམ་གསུམ་མན་ངག་གོ །དྷ་ཐིམ། ནམ་མཁའི་མཚན་ཉིད་དཔེ། །སེམས་ཀྱི་མཚན་ཉིད་དོན། གཉིས་མེད་ཆོས་ཀྱི་ཆོས་ཉིད་དུ་ངོ་སྤྲད་པ་ཉིད་གསུམ་བསྲེ་བའི་མན་ངག་གོ །བཏང་སྟེ་འགྲོ་སར། ལོག་ན་ལེགས་པར་བཙལ་བ་སེམས་འཚོལ་བ་རྗེས་མེད་ཀྱི་མན་ངག་གོ །ཀུན་གཞི་སྒོ་ལྔ་རྟོག་མེད་དུ་བཞག་པ་ཡིད་ཕྲ་མ་མཁན་བསྐྱར་འདོན་གྱི་མན་ངག་གོ །ལུས་བོར་ཐབས་སོ། །སེམས་ཡལ་ཐབས་ནི་བྱང་སེམས་ཅོག་བཞག་མའི་མན་ངག་སྟེ་ཟབ། མན་ངག་བཞིས་བསྒོམ་དངོས་ངོ་སྤྲད་པ། །དྷ་ཐིམ། ཁྱུང་ཆེན་མཁའ་ལྡིང་། ཐི་བྱ་ཚང་འཇུག །བྱ་བཏང་སྐྱེས་བུ་གསུམ་ནི་བཞག་ཐབས་སོ། །བྱིང་རྒོད་བྱུང་ན། ཁྱིམ་སྟོང་གི་རྐུན་མོ་ལྟར་བཅོས། སྔགས་གསད་དུག་ལྟར་བཅོས། ནམ་མཁའ་སྤྲིན་ལྟར་བཅོས་པ་རྣམས་རབ་ལྟ་བས་བཅོས་པ། གོས་ཟས་གནས་སོགས། འབྲིང་སྤྱོད་ལམ་གྱིས། ལུས་ལ་བདེ་བ་སྐྱེས་པ་རི་བོ་ཞགས་བཞི། ལྗོན་པའི་རྩེར་གནས། ནམ་མཁའ་ཡོངས་དག །སྟོང་པ་སྒོ་འབྱེད་བཞི་དང་། ངག་ལ་སྐྱེ་བ་གླུ་དབྱངས་སོགས། སེམས་ལ་སྐྱེ་བ་སྙིང་ཁའི་ཐིག་ལེ་དཀར་རྣམས་བྱིང་བ་བཅོས་པ། འཇུག་
༣༧༦པའི་སྒོ་དགག །འགྲོ་བའི་ལམ་བཅད། གནས་པའི་ཕུག་རྡིབས་བས་གསུམ། རྒོད་སེལ་ཏེ་ཁྱིའུས་འབྱིན་ལྟ་བུ། ཐ་མ་གདམས་ངག་གིས་བཅོས་པ་སྟེ། བཅོས་ཐབས་གསུམ་གྱི་མན་ངག་གོ །རྟད་མུ་རྒོད་ལྟར་གཅུན། རིན་ཆེན་གཏེར་ལྟར། །རྒྱལ་པོའ་བཙུན་མོ་ལྟར་ཞེས་གཅུན་ཐབས་གསུམ་མོ། །མར་མེ། རྒྱ་མཚོ། ཤིང་བལ་གསུམ་ཚད་གསུམ་མོ། །ལུས། དབུགས། རྟེག་གསུམ་དུ་ཡོད་དུ་མི་ཚོར་དྲོད་གསུམ་མོ། །ལུང་སྟོན། མངོན་ཤེས། སྣང་བ་ལམ་སློང་རྣམས་ཕྱི་ནང་གསང་བ་རྟགས་གསུམ་མོ། །དེ་ལྟར་བཞག་ཐབས་ནས་རྟགས་ཀྱི་བར་ཐབས་དྲུག་གིས་བསྒོམ་གྱི་གཞུང་བསྲང་བའི་མན་ངག་གོ །དྷ་ཐིམ། ལུས་སྟོང་པ་སྙམ་བྱེད། ཡེ་མེད་པ་སྙམ་བྱེད། དུམ་བུ་ཙམ་ལས་མེད་པ་སྙམ་བྱེད་ཕྱིའི་རྟགས་ཐབས་གསུམ། ས་ལེ་ཡོད་པ་སྙམ། སངས་ཀྱིས་སོང་བ་སྙམ། ཕྱད་ཀྱིས་སོང་བ་སྙམ་ནང་གི་གསུམ། མེར་མེར། ཆིལ་ཆིལ། དགའ་ཡ་ལེ་གསུམ་ནི་གསང་བའི། རིག་པ་རང་གྲོལ་བ་མཐར་ཐུག་གི་གཅིག་སྟེ་བསྒོམ་སྣང་བཅུས་བསྒོམ་ངོས་བཟུང་བའོ། །བརྡ་ཐིམ། གསུང་རབ་ལྟ་བ་སོགས་ལྟ་བས་བསྐྱེད་གདོན། དབེན་པར་སྔགས་སྤྱོད། བྱ་བ་གསང་སྤྱོད། གོམས་ནས་ཕྱག་རྒྱ་ལྷན་ཅིག་ཀུན་ཏུ་རྒྱུ་བ་རིགས་སྤྱོད་སྤྱོད་པས་བསྐྱེད་གདོན་པ། ཤ་ལྔ་སོགས་བསྟེན་པ་བདུད་རྩིས་བསྐྱེད་གདོན་པ་སྟེ་བོགས་འདོན་གསུམ་མོ། །བརྡ་ཐིམ། ཕུང་པོའི་བདུད་ལམ་གྱི་གཞི། ཉོན་བདུད་ལམ་དངོས། ལྷ་བུ་ལམ་གྲོགས། འཆི་བདག་ལམ་གྱི་རྒྱན་དུ་བྱ་བ་བདུད་བཞི་རྣམ་རྒྱལ། །བརྡ་ཐིམ། ཉིན་པར་ལས་དང་བྱ་བ། །མཚན་མོ་གཉིད་རྨི་ལམ་མཚམས་སུ་ཡེ་ཤེས་བཞི་སྦྱོར་དང་བསྲེ་ཞེས་བསྲེ་ཐབས་གསུམ། དྷ་ཐིམ། བྱིང་རྒོད་བཅོས་པས་སོ་སྐྱེའི་གོལ་ས་གཅོད། རྟག་ཆད་བྲལ་བས་མུ་སྟེགས་གོལ་ས་གཅོད། བློས་བྱས་ཞིག་པས་སྐྱེ་མཆེད་མུ་བཞིའི་གོལ་ས
༣༧༧གཅོད། །ཐི་བྱ་ལྟར་རམ་ཐོས་བསམ་གྱིས་ཐེག་ཆེན་བསམ་གཏན་གྱི་གོལ་ས་གཅོད་དེ་གོལ་ས་གཞི་བཅད་པའོ། །བརྡ་ཐིམ། འཕྲལ་གྱི་ཕན་ཡོན། ཡུན་གྱི་ཕན་ཡོན། ཡོན་ཏན་ཐམས་ཅད་འདུས་པའི་ཕན་ཡོན། ཚེགས་ཆུང་དོན་ཆེའི་ཕན་ཡོན་ཏེ་ཕན་ཡོན་བཞིའོ། །དྷ་ཐིམ། དེ་ལྟར་སྒོམ་ཆས་སུ་གཞུག་པ། སྒོམ་མཚམས་སྦྱོར་བ། སྒོམ་དངོས་བསྟན་པ། སྒོམ་གཞུང་བསྲང་བ། སྒོམ་ངོས་བཟུང་བ། སྒོམ་བོགས་འདོན་པ། སྒོམ་བདུད་ལས་རྣམ་རྒྱལ། སྒོམ་དོན་ལ་བསྲེ་བ། སྒོམ་གོལ་ས་ཆད་པ། སྒོམ་དཔལ་ཡོན་ཕུན་ཚོགས་ཞེས་དོན་བཅུས། སྒོམ་ཞིབ་ཚགས་སུ་གདབ་པའོ། །དྷ་ཐིམ། གཏད་མེད་སྨྱོན་པ་ལྟ་བུ། ཞེན་བྲལ་བུ་ཆུང་ལྟ་བུ། ཆད་མེད་འོན་ལྐུགས་ལྟ་བུ་གསུམ་ཤེས་རབ་དང་མཐུན་པའི་སྤྱོད་པ། སྤང་བླང་འཇུག་ལྡོག་ཅི་ལྟར་རིགས་རིགས་སུ་བྱ་བ་ཐབས་དང་མཐུན་པའི་སྤྱོད་པ། གཡོ་སྒྱུ་ཟོལ་ཟོག་མེད། གནས་ལུགས་དང་སྒོ་གསུམ་རྒྱུན་གྱི་སྤྱོད་པ་སྟེ་རྣམ་གསུམ་སྤྱོད་པའི་འཁོར་ལོའོ། །དྷ་ཐིམ། ལྟ་བ་མཉམ་ཉིད་བཞི་སྦྱོར་ལ། །སྒོམ་པ་ཆིངས་བཅུའི་རྒྱན་དང་ལྡན། །སྤྱོད་པ་ཡེ་ཤེས་གསུམ་སྐོར་གྱིས། །འཁོར་བ་བདེ་ཆེན་འཁོར་ལོ་བསྐོར། ཞེས་སོ། །འཆི་ཚུལ་ཤེས་པར་བྱ་བ་འཆི་བ་རྗེས་དྲན། གང་ལའང་སྙིང་པོ་མེད་པར་ངེས་པ་སྐྱེས་པ་རྗེས་དྲན། འཆི་བ་སྐྱེས་པའི་ཆོས་ཉིད་དུ་ངེས་ནས་ཞེན་འཁྲིས་སྐྲག་སོགས་བཏང་བ་གཏོང་བ་རྗེས་དྲན། སྣང་བ་ཐམས་ཅད་སྣ་ཚོགས་གསལ་བའི་ལྷ། རང་རིག་བྱང་སེམས་བདེ་ཆེན་གྱི་ལྷ། འཁོར་བ་ཡེ་དག་སྙིང་པོའི་ལྷར་ངེས་པ་ལྷ་རྗེས་དྲན། ད་ལྟ་དངོས་ཀྱི་བར་དོ། འཆི་དུས་འཆི་ཀ་བར་དོ། ཤི་ནས་སྲིད་པ་བར་དོ་གསུམ་དབྱེར་མེད་དུ་ངེས་པ་བར་དོ་རྗེས་དྲན། སྔགས་བསྒོམ་པ། བར་དོ་ཤར་བ། དྲན་པ་ཡེ་ཤེས་གསུམ་གཅིག་ཏུ་འདྲེས་པ་དོན་གསུམ་གཅིག་དྲིལ་གྱི་མན་ངག་ཞེས་བྱ་སྟེ།
༣༧༨ཆོས་ཉིད་རྗེས་དྲན་ནོ། །རྗེས་དྲན་དྲུག་གིས་འཆི་ཁར་བཏབ་གྲོལ་གྱི་མན་ངག་གོ། །བརྡ་ཐིམ། ད་ལྟ་གདབ་གྲོལ། འཆི་ཁར་གདབ་གྲོལ་གཉིས་ཀྱིས་ལམ་རྟོགས་པའི་དོན། །དྷ་ཐིམ། བདེ་ཆེན་བྱང་ཆུབ་ཀྱི་སེམས་འདི་ཉིད་སངས་རྒྱས་ཀྱི་དངོས་གཞིའམ་ངོ་བོའོ། །དེ་ཡི་རྩལ་དག་སྣང་ཅན་ལ་ལོངས་སྐུ། འཁྲུལ་སྣང་ཅན་ལ་སྤྲུལ་སྐུ་དུ་མ་སྟེ་རྣམ་པའོ། །ཆོས་ཐམས་ཅད་དེ་ཉིད་དུ་རྟོགས་པ་མཐར་ཕྱིན་པ་ནི་ཐོབ་པའོ། །རབ་འདིར། འབྲིང་འཆི་ཁའི་བར་དོ། །ཐ་མ་སྐྱེ་བ་གསུམ་མམ་བདུན་ཚུན་ངེས་པ་སྟེ་དུས་སོ། །དེ་ལྟར་སངས་རྒྱས་ཀྱི་ངོ་བོ། །རྣམ་པ། ཐོབ་ཚུལ། དུས་མཚམས་བཞིས་འབྲས་བུ་རྫོགས་པའི་དོན་ནོ། །བརྡ་ཐིམ། གཞི་ནི་གཉུག་མ་སྙིང་པོའི་དོན། །ལམ་ནི་རང་གྲོལ་རྟོགས་པའི་དོན། །འབྲས་བུ་ཡེ་དག་རྫོགས་པའི་དོན། དོན་གསུམ་སྙིང་པོ་བྱང་ཆུབ་ལམ། །ཞེས་བྱའོ། །དེ་ལྟར་མན་ངག་སྙིང་པོ་གནད་ལ་ཕབ་པ་སྟེ་ལམ་དུ་བྱའོ། །སེམས་ཉིད་ལམ་དུ་བྱེད་པ་ལ། །ཀུན་བཟང་བྱང་སེམས་སྙིང་པོའི་ལམ། །ལམ་རྣམས་ཀུན་གྱི་རྒྱལ་པོ་མཆོག །འདི་ནི་གསང་ཆེན་སྙིང་པོའི་བཅུད། །ཨེ་མ་ཧོ་གྲོགས་དག་བརྩོན་པའི་དཔལ། །ཧ་ཅང་འཕེལ་བ་དེ་ལྟ་ནའང་། །མཐོང་ཤེས་རྟོགས་པས་གྲོལ་མེད་པར། །གྲོལ་བ་རྣམས་སྦྱིན་འདིས་ཚིམ་བྱོས། །སྙན་བརྒྱུད་རིན་པོ་ཆེ་བྱང་སེམས་སྙིང་པོའི་པྲ་ཁྲིད་ཅེས་བྱ་བ་དཔལ་མཁའ་སྤྱོད་པས་རྩ་བ་དང་མཐུན་པར་གངས་ཅན་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྲིས་པའོ།། །།

རྡོ་རྗེ་ཕག་མོ་ཕྱི་སྒྲུབ་ཞལ་གཉིས་མ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་

༡༩༧ །།ༀ་སྭ་སྟི། ན་མོ་བྷ་ག་ཝ་ཏི་བཛྲ་ཡོ་གི་ནྱེ། རྡོ་རྗེ་ཕག་མོ་ཕྱི་སྒྲུབ་ཞལ་གཉིས་མ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། ཐོག་མར་བཤམས་བཀོད་ནི། སྟེགས་བུའི་སྟེང་དཀྱིལ་འཁོར་རྒྱས་པར་སྒོ་རྫོགས་སྤྱི་དང་འདྲ་བའི་དབུས་སམ། བསྡུ་ན་མེའི་འོད་ཕྲེང་དང་རྡོ་རའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ནང་དུ་ཆོས་འབྱུང་བསྣོལ་མའི་ལྟེ་བར་གྲི་ཐོད་དམ་བཾ་ཡིག་དམར་པོ་ཟུར་དྲུག་ལ་དགའ་འཁྱིལ་གཡོན་དུ་འཁོར་བ་རེ། འདབ་མ་བརྒྱད་ལ་ཅང་ཏེའུ་རེ་བྲི། དེའི་དབུས་སུ་མཉྫིའི་སྟེང་བུམ་པ་བཅུད་ལྡན་ཆས་
༡༩༨ སུ་བཅུག་པའི་ཁར་ཀ་པཱ་ལར་(འདི་ནི་དེ་ལྟ་ཕྱག་ལེན་མཛད་པའི་དབང་ཆོག་ལྟར་ཏེ། ཡིག་རྙིང་ལ་ལར་བུས་བུམཔའི་གཡས་སུ་ཐོད་ཆང་དང་། གཡོན་དུ་སིནྡྷུ་རའི་མཎྜལ་འགོད་པར་བཤད་པའང་སྣང་ངོ་།)ཆང་ལ་བདུད་རྩི་སྦྱར་བས་བཀང་བ་བཀོད། དར་དམར་དང་མེ་ལོང་སིནྡྷུ་རའི་ཆོས་འབྱུང་བསྣོལ་མའི་ལྟེ་བར་བཾ་ཡིག་ལ་རྩ་སྔགས་ཀྱིས་བསྐོར་བ་བྲིས་པས་ཁ་བཅད། སྟེང་ན་དར་དམར་གྱིས་བཀབ། མཐའ་མཆོད་པ་དང་གཏོར་མ་ཚོགས་ཀྱི་ཡོ་བྱད་སོགས་ཀྱིས་བསྐོར། །ནང་མཆོད་ཌཱ་དྲིལ་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་འདུ་བྱའོ། །དེ་ནས་སྒྲུབ་མཆོད་ནི། སྔོན་གཏོར་བསང་སྦྱངས། ༀ་ཨཱཿཧཱུྃ་ཧ་ཧོ་ཧཱིས་བྱིན་གྱིས་བརླབ། འབར་བའི་རྒྱ་དང་བཅས་གཏོར་མགྲོན་དགུག །ཨ་ཀཱ་རོ་བདུན་ནམ་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་སོགས་ཀྱིས་དཀར་ཕྱོགས་པ་རྣམས་དང་། གསང་སྤྱོད་བལྟ་བར་མི་དབང་བའི། །འབྱུང་པོའ་ཕྱོགས་རྣམས་གང་ཡིན་པ། །གཏོར་མའི་ལྷག་མ་འདི་ལོངས་ལ། །ད་ལྟ་ཉིད་དུ་གཞན་དུ་དེངས། །དྲག་སྔགས་དང་བཅས་པས་གཏོར་མ་ཕྱིར་དོརགཏོར། དེ་ནས་སྐྱབས་ཡུལ་གསལ་བཏབ་ལ། འགྲོ་རྣམས་བསྒྲལ་འདོད་སོགས་ཀྱིས་སྐྱབས་སུ་འགྲོ། ཤེས་རབ་སྙིང་རྗེ་སོགས་ཀྱིས་སེམས་བསྐྱེད། རང་གི་སྤྱི་བོར་པད་ཉི་ཟླ་བར་རྡོར་སེམས་དཀར་པོ་ཞི་འཛུམ་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཧཱུྃ་ཡིག་དཀར་པོ། དེ་ལས་བདུད་རྩིའི་རྒྱུན་གཡས་ཀྱི་མཐེ་བོང་ལས་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ། ཡིག་བརྒྱ་བཟླས་མཐར་རྡོར་སེམས་འོད་དུ་ཞུ་ཞུགསནས་རང་ལ་བསྟིམ་མོ། །དེ་ནས་ཡན་ལག་བྱིན་གྱིས་བརླབ་པ་ནི། རང་གི་ལག་པ་གཡོན་པའི་མཐེའུ་ཆུང་ལ་ༀ་བཾ་དམར་པོ། །སྲིན་ལག་ལ་ཧཾ་ཡོཾ་སྔོན་པོ། གུང་མོར་ཧྲཱིཾཿམོཾ་དཀར་མོ། མཛུབ་མོར་ཧྲཱིཾཿཧྲཱིཾཿསེར་མོ། མཐེ་བོང་ལ་ཧཱུྃ་ཧཱུྃ་ལྗང་གུ། ལག་མཐིལ་དུ་ཕཊ་ཕཊ་དུད་ཁ་རྣམས་གྲུབ་པར་གྱུར། སྲིན་ལག་གཡོན་པས་ནང་མཆོད་སྟེང་ཆོས་འབྱུང་འབྲི་ཚུལ་བྱ་ཞིང་།
༡༩༩ ཀ་པཱ་ལའི་གཡས་ཟུར་དུ་རེག་པས་ༀ་དཀར་པོ། གཡོན་ཟུར་དུ་རེག་པས་ཨཱཿདམར་པོ། མདུན་ཟུར་དུ་རེག་པས་ཧཱུྃ་སྔོན་པོ། དབུས་སུ་རེག་པས་བཾ་དམར་པོ། བཾ་ལས་འོད་ཟེར་འཕྲོས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྤྱན་དྲངས། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩི་བབས་པ་བཾ་ལ་ཐིམ། བཾ་ཡིག་ཞུ་ཞིབ་བདུད་རྩི་ལ་ཐིམ་པས་ནང་མཆོད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། གཡོན་པའི་སྲིན་ལག་གིས་ༀ་ཨཱཿཧཱུྃ་ཞེས་རང་ལུས་ལ་རྡོ་རྗེའི་ཁྲུས་བྱས་པར་གྱུར། སུམྦྷའི་སྔགས་ཀྱིས་མཆོད་རྫས་ལ་གཏོར་བས་བསང་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ཞུ་ཞིབ་ལས། མཆོད་རྫས་ཡེ་ཤེས་ཀྱི་བདུད་རྩི་ས་དང་བར་སྣང་ཐམས་ཅད་ཡོངས་སུ་གང་བར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤབྡའི་བར་བརྗོད། དེ་ནས་བསྲུང་བ་ནི། གཡོན་པའི་སྲིན་ལག་གིས་ལུས་ཀྱི་གནས་དྲུག་ཏུ་བདུད་རྩི་འཐོར་ཞིང་རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་ལྟེ་བར་ༀ་བཾ་དམར་པོ། སྙིང་གར་ཧཾ་ཡཾ་སྔོན་མོ། །མགྲིན་པར་ཧྲཱིཾ་མོཾ་དམར་མོ། །དཔྲལ་བར་ཧྲཱིཾ་ཧྲཱིཾ་སེར་མོ། སྤྱི་བོར་ཧཱུྃ་ཧཱུྃ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་རྣམས་དཔའ་མོ་དྲུག་གི་རང་བཞིན་དུ་གྱུར། ཅེས་པས་བདག་དང་རྣལ་འབྱོར་བསྲུང་བའོ། །བདུད་རྩི་ཕྱོགས་གཡོན་དང་མཚམས་གཡས་བསྐོར་དུ་འཐོར་ཞིང་། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བི་དྱཱ་རཱ་ཛ་ཧཱུྃ་ཕཊ། ཅེས་ལན་གཉིས་དང་། ཕྱོགས་ཀུན་འཐོར་ཞིང་། ཨ་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཧཱུྃ་ཕཊ། ཅེས་བརྗོད་པས་བདུད་རྩིའི་ཟེག་ཟེགསམ་དཔའ་མོ་དྲུག་དང་ཌཱ་ཀི་དཔག་ཏུ་མེད་པར་གྱུར་པས་བསབགེགས་ཐམས་ཅད་བསྐྲད། ཚུར་འདུས་པ་ལས་ཕྱོགས་ཐམས་ཅད་ཌཱ་ཀི་མའི་རང་བཞིན་གྱི་རྡོ་རྗེའི་ས་གཞི་ར་རྭབ་དྲ་དྲྭབ་གུར་བླ་རེ་ཡེ་ཤེས་ཀྱི་མེ་འབར་བས་བཅིངས་པར་གྱུར། བདུད་རྩི་འཐོར་ཞིང་ༀ་བཛྲ་རཀྵ་རཀྵ་ཧཱུྃ། ༀ་ཨཱཿཧཱུྃ། ཞེས་བརྗོད་དེ་གནས་
༢༠༠ བསྲུང་བའོ། །དེ་ནས་བདག་བསྐྱེད་ལས། སྦྱོར་བ་ཚོགས་བསགས་པ་ནི། རང་གི་ལྟེ་བའི་བཾ་ལས་འོད་ཟེར་འཕྲོས་བླ་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སད་པར་གྱུར། བླ་མ་རྡོ་རྗེ་འཛིན་པ་དང་། །ཡི་དམ་རྡོ་རྗེ་རྣལ་འབྱོར་མ། །ཌཱ་ཀིའི་ཚོགས་དང་བཅས་པ་ལ། །ཀུན་ནས་དང་དདབས་ཕྱག་འཚལ་ལོ། །དངོས་སུ་བཤམས་པའི་མཆོད་པ་དང་། །ཏིང་འཛིན་ཡིད་ཀྱིས་སྤྲུལ་པ་བདང་། །ཕྱོགས་བཅུ་གང་བའི་མཆོད་རྫས་རྣམས། །བློ་ཡིས་བླངས་ཏེ་དབུལ་བར་བགྱི། །སྐྱེ་བ་འདི་དང་གཞན་དག་ཏུ། །བདག་གིས་བགྱིས་དང་བགྱིད་སྩལ་བ། །རྗེས་སུ་ཡི་རང་བགྱིས་པ་ཡི། །སྡིག་པ་མ་ལུས་མཐོལ་ཞིང་བཤགས། །བླ་མ་སངས་རྒྱས་སྲས་བཅས་དང་། །ཕན་མཛད་རྣམས་ཀྱི་དགེ་བ་གང་། །ཉན་ཐོས་རང་རྒྱལ་ཚོགས་བཅས་ལ། །དང་བས་རྗེས་སུ་ཡི་རང་ངོ་། །སེམས་ཅན་རྣམས་ལ་ཕན་དོན་དུ། །ཁྱོད་ཀྱི་ཐུགས་རྗེ་ཆེར་དགོངས་ཏེ། །དབང་པོའ་རིམ་པ་དང་སྦྱར་ནས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །སྔོན་ནས་འབྲེལ་བའི་ཡི་དམ་ལྷ། །སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་གཟུགས་ཀྱི་སྐུར་བསྟན་བསྟེནནས། །མྱ་ངན་མི་འདའ་བཞུགས་སུ་གསོལ། །གདུལ་བྱའི་བསམ་པ་རྫོགས་མཛད་པ། །ཁྱེད་ལ་གུས་པས་གསོལ་འདེབས་ན། །སྒྲུབ་པ་པོ་ལ་བྱིན་གྱིས་རློབས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཞེས་དང་སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །བཏང་སྙོམས་མཆོག་ལ་གནས་པར་ཤོག །ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། དེ་དག་བསོད་ནམས་ཀྱི་ཚོགས་སོ། །ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ༀ་བཛྲ་སུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅་ཧཾ། ༀ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་དག་པ་གསུམ་གྱི་སྔགས་བརྗོད་པས་ལུས་ངག་ཡིད་གསུམ་སྦྱངས་ཤིང་གཞི་ལམ་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར་པར་བར
༢༠༡ བསམ་པ་ཡེ་ཤེས་ཀྱི་ཚོགས་སོ། །དངོས་གཞི་ནི། སྟོང་པའི་ངང་ལས་རང་ལུས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་རྫོགས་པ། ཕྱི་རོལ་དུར་ཁྲོད་བརྒྱད་སྲུང་འཁོར་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཆོས་འབྱུང་ཉིས་བརྩེགས་དེའི་ནང་དུ་གསང་སྔགས་ཀྱི་ཡིག་འབྲུ་དང་སེམས་ལྷ་སྐུའི་རྣམ་པར་གྱུར་པ་བནི། པཾ་ལས་པདྨའི་ལྟེ་བར་མི་རོ་སེར་པོ་མགོ་གཡོན་ཏུ་དུབསྟན་པའི་སྙིང་གར་ༀ་ལས་ཉི་མའི་ད་ལདལ། དེའི་སྟེང་དུ་བཾ་དམར་པོ་ཡོངས་སུ་གྱུར་བ་ལས་བདག་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། །རྩ་ཞལ་ཁྲོ་ཆགས་འདྲེས་པའི་རྣམ་པ་ཅན། གཡས་ཞལ་ཕག་གདོང་ཁྲོ་ཞིང་གྱེན་དུ་ཕྱོགས་པ། ཞལ་གཉིས་ཀ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་གཡོན་དུ་ཁ་ཾ་ག་དཀར་པོ་གྱེན་དུ་སྒྲེང་བ། གཅེར་བུ་སྐྲ་གྲོལ་བ། ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཕྱང་བ། མི་རུས་ཀྱི་ཕྱག་རྒྱ་ལྔས་བརྒྱན་པ། བཅུ་དྲུག་ལོན་པ་ལྟར་ལང་ཚོ་དར་ལ་བབས་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་སྒེག་ཅིང་རོལ་བའི་དཔྲལ་བར་ༀ། མགྲིན་པར་ཨཱ། ཐུགས་ཀར་ཧཱུྃ། ལྟེ་བར་བཾ། བཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་མ་ལ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ། འབར་རྒྱ་དཔྲལ་བར་བསྐོར་ཞིང་ཕེཾ་ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། ལྟེ་བར་ༀ་བཾ་དམར་མོ་རྡོ་རྗེ་ཕག་མོ། །སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མོ། །མགྲིན་པར་ཧྲིཾ་མཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲེཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་བོར་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ་རྣམས་སུ་གྱུར། སླར་ཡང་བཾ་ལས་འོད་ཟེར་འཕྲོས་དབང་གི་ལྷ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་ཕེཾ། བདག་
༢༠༢ ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བདུད་རྩིས་གང་བའི་སྣོད་ཐོགས་ཏེ། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། དེ་ལྟར་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་གསལ་སྟོང་འཛིན་མེད་ཀྱི་ངང་ལ་མཉམ་པར་བཞག །དེས་སྐྱོན་བཟླས་པ་ལ་འཇུག་སྟེ། ལྟེ་བའི་བཾ་ལས་སྔགས་ཀྱི་འོད་ཟེར་ཁ་དོག་དམར་པོ་བྱུང་བ་དྷཱུ་ཏི་བརྒྱུད་དེ་ཞལ་ནས་འཐོན། འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་བྱས་ཚུར་འདུས་ལྟེ་བའི་བཾ་ལ་ཐིམ་པས་སྡིག་སྒྲིབ་དག་ཅིང་དངོས་གྲུབ་ཐོབ་པར་བསམ་ལ། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ། བཛྲ་བེ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭ་ཧཱ། ཞེས་དང་པོར་ངག་བཟླས་དང་ཕྱི་ནས་ཡིད་བཟླས་སམ་འགོག་པའི་བཟླས་པ་ཅི་རིགས་པར་བྱའོ། །དེས་སྐྱོ་ན་ལྟེ་བའི་བཾ་ཡིག་ལས་སྤྲོས་པའི་མཁའ་འགྲོ་མའི་ཚོགས་ཀྱིས་མཆོད་བསྟོད་ཀྱི་ལས་མཛད་པར་མོས་ལ། ༀ་བཛྲ་ཝཱ་ར་ཧི་ས་པ་རཱི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ་ནས། ཤབྡའི་བར་བཅུག་པས་ཕྱི་མཆོད། ༀ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །ཧེ་རུ་ཀ་དང་ཡང་དག་སྦྱོར། །ཐོད་པ་དང་ནི་ཁ་ཾ་འཛིན། །ཧཱུྃ་དང་ཕཊ་ཀྱི་འབྲུག་སྒྲ་ཅན། །ཁྲོ་བོའ་གཟུགས་ཀྱིས་ཁམས་གསུམ་འཇོམས། །མ་ལུས་གདུག་པ་སྲེག་པར་བྱེད། །ཡིད་འོང་དངོས་གྲུབ་ཀུན་སྟེར་བའི། །ཕག་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས་མཁའ་འགྲོ་མ་རྣམས་ལྟེ་བའི་བཾ་ལ་ཐིམ་པར་གྱུར། ད་ནས་མདུན་བསྐྱེད་ནི་དལ་བསང་སྦྱངས། སྟོང་པའི་ངང་ལས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུར་ཁྲོད་ཆེན་པོ་བརྒྱད་དང་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བས་ཡོངས་སུ་བསྐོར་བའི་ནང་དུ་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ། མཚན་
༢༠༣ ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཆོས་འབྱུང་ཉིས་བརྩེགས་ཀྱི་ནང་དུ་པཾ་ལས་པདྨ་ལ་གནས་པའི་མི་རོ་སེར་པོ་མགོ་གཡོན་དུ་བསྟན་པའི་སྙིང་གར་ༀ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་བཾ་དམར་པོ་ཡོངས་སུ་གྱུར་པ་བལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་རྩ་ཞལ་ཁྲོ་ཆགས་འདྲེས་པའི་ཉམས་ཅན། གཡས་ཞལ་ཕག་གདོང་ཁྲོ་ཞིང་གྱེན་དུ་ཕྱོགས་པ། ཞལ་གཉིས་ཀ་ལ་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་གཡོན་དུ་ཁ་ཾ་ག་དཀར་པོ་གྱེན་དུ་བསྒྲེང་བ། གཅེར་བུ་སྐྲ་གྲོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཕྱང་བ། མི་རུས་ཀྱི་ཕྱག་རྒྱ་ལྔས་བརྒྱན་ཅིང་བཅུ་དྲུག་ལོན་པ་ལྟར་ལང་ཚོ་དར་ལ་བབས་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་སྒེག་ཅིང་རོལ་བ། འདབ་མ་བརྒྱད་ལ་ཤར་དུ་ཁྭ་གདོང་མ་སྔོན་མོ། །བྱང་དུ་འུག་གདོང་མ་ལྗང་གུ། ནུབ་ཏུ་ཁྱི་གདོང་མ་དམར་མོ། །ལྷོར་མེ་གདོང་མ་སེར་མོ། །མེར་གཤིན་རྗེ་བརྟན་མ། བདེན་བྲལ་དུ་ཕོ་ཉ་མོ། །རླུང་དུ་གཤིན་རྗེ་མཆེ་བ་མ། དབང་ལྡན་དུ་གཤིན་རྗེ་འཇོམས་མ་རྣམས་ཕྱེད་གཟུགས། བརྒྱད་ཀའང་ཞལ་གཅིག་ཕྱག་གཉིས་ཅང་ཏེའུ་དང་ཐོད་ཁྲག་ཁ་ཾ་ག་འཛིན་པ། རོའ་གདན་ལ་ཕྱེད་སྐྱིལ་གྱིས་རོལ་པབ། རྒྱན་ཆ་ལུགས་གཙོ་མོ་དང་མཐུན་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་བཾ། བཾ་ལས་འོད་ཟེར་འཕྲོས། རྗེ་བཙུན་རྡོ་རྗེ་ཕག་མོ་ལྷ་དབུའི་དཀྱིལ་འཁོར་ལ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་ཕེཾ་ཞེས་འབར་རྒྱ་དང་བཅས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ལྟེ་བར་ༀ་བཾ་དམར་མོ་རྡོ་རྗེ་ཕག་མོ། ཞེས་པ་ནས་མི་བསྐྱོད་པའི་ངོ་བོ་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར་གྱི་བར་
༢༠༤ བདག་བསྐྱེད་ལྟར་བྱས་རྗེས། ལྷ་སྐུ་གསལ་སྟོང་གི་ངང་ལ་ཅི་གནས་སུ་མཉམ་པར་བཞག །ལྟེ་བའི་བཾ་ཡིག་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ནས་རྗེ་བཙུན་མའི་གོ་འཕང་ལ་བཀོད། ཚུར་འདུས་ལྟེ་བའི་བཾ་ལ་ཐིམ་པར་བསམ་ལ། ༀ་གསུམ་བཟླས་པ་ཅི་འགྲུབ་བྱ། དེ་ནས་མཆོད་པ་བསང་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ཞུ་ཞིབ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་རྣམས་བཟང་ཞིང་རྒྱ་ཆེ་བ། དྭངས་ཤིང་ཐོགས་པ་མེད་པ། །ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤབྡའི་བར་བརྗོད་པས་བྱིན་གྱིས་བརླབས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །མཆོག་ཏུ་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། ༀ་བཛྲ་ཝཱ་ར་ཧཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་གྱིས་མཆོད། ནང་མཆོད་བསང་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའ་སྒྱེད་པུ་གསུམ་ལ་གནས་པའི་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ་རྣམས། བྲུཾ་ཁཾ་ཛྲིཾ་ཁཾ་ཧཱུྃ་ཡེ་ཤེས་ལྔའི་ངོ་བོས་མཚན་པའི་སྟེང་དུ་ༀ་དཀར་པོ་མགོ་ཐུར་དུ་བསྟན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་ཁར་བཾ་ལས་ཁ་ཾ་ག་དཀར་པོ་བཾ་གྱིས་མཚན་པ། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བའི་རླངས་པས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྤྱན་དྲངས། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་བབས་པ་བཾ་ཡིག་ཁ་ཾ་ག་དང་ཟླ་བ་ༀ་བཅས་ལ་ཐིམ་པས་རིམ་བཞིན་འོད་དུ་ཞུ་ཞུགསནས་བདུད་རྩི་ལ་ཐིམ་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ
༢༠༥ ཞེས་མང་དུ་བརྗོད་པས་བརླབས་ལ། གཡོན་པའི་མཐེབ་སྲིན་གྱིས་བླངས་ནས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། རྡོ་རྗེ་ཕག་མོ་ལྷ་དགུའི་དཀྱིལ་འཁོར་གྱི་ཞལ་དུ། ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པའི་ཞལ་དུ །ཆོས་བདག་མཁའ་འགྲོ་སྡེ་ལྔ། ཞིང་སྐྱོང་ཀུན་དུ་རི་ཀ་།བཀའ་སྲུང་མཁའ་འགྲོ་སྡེ་བཞི། ཡོན་བདག་ནོར་བུ་བཟང་པོ། །ཀླུ་ཆེན་བཏང་བཟུང་། གཞི་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ། ཁམས་གསུམ་གྱི་སེམས་ཅན་རྗེ་བཙུན་མའི་ངོ་བོར་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། འབྲུ་གསུམ་བརྗོད་པས་རང་གི་གནས་གསུམ་དུ་རེག་ཅིང་བདུད་རྩི་མྱོང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་འཁྱུང་རྒྱ་བྱས། གསང་མཆོད་ཕུལ། བསྟོད་པ་ནི། ལྟེ་བའི་དབུས་ན་རྣལ་འབྱོར་མ། །ཞེ་སྡང་གཅོད་མཛད་སྒྲུབ་པ་མོ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་ཕག་མོར་ཕྱག་འཚལ་བསྟོད། །མེ་དཔུང་འབར་བའི་ལྟེ་དབུས་ན། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །བདེ་བའི་བདེ་ཆེན་བདེ་སྟེར་མ། །སངས་རྒྱས་ཡུམ་ལ་ཕྱག་འཚལ་བསྟོད། །དྷཱུ་ཏི་འོད་ཀྱི་རང་བཞིན་ལ། །རྩ་བ་ལྟ་བུ་ཉིད་ལ་བཞུགས། །ཞུ་ཞིབ་རང་བཞིན་བདེ་ཆེན་མ། །བདེ་སྟེར་ཡུམ་ལ་ཕྱག་འཚལ་བསྟོད། །དངོས་པོ་གཤིས་ཀྱི་དོན་སྟོན་མ། །སྐུ་གསུམ་དབྱེར་མེད་བཞུགས་པའི་ངང་། །བདེ་བ་ཆེན་པོའ་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །བདེ་ཆེན་སྣ་འདྲེན་མཁའ་འགྲོ་མ། །དུ་མ་རོ་གཅིག་དོན་གཅིག་སྟོན། །སྣང་སྟོང་དབྱེར་མེད་ངོ་བོ་ཉིད། །ཡེ་ཤེས་མཁའ་འགྲོར་ཕྱག་འཚལ་བསྟོད། །བདུད་བཞིའི་དམག་ལས་རབ་རྒྱལ་ཞིང་། །བདེ་ཆེན་བྱིན་གྱིས་རློབ་མཛད་མ། །རྩ་རླུང་ཐིག་ལེའི་ངོ་བོ་ཉིད། །ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད། །བདུད་དང་ལོག་འདྲེན་ཞི་མཛད་ཅིང་། །བར་ཆད་
༢༠༦ འདུལ་བའི་བྱིན་རླབས་ཅན། །མཐུ་དང་རྫུ་འཕྲུལ་ངོ་བོ་ཉིད། །འཇིག་རྟེན་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། རོལ་མོ་དང་བཅས་པས། ཧཱུྃ། བདེ་བ་ཆེན་པོའ་གཞལ་ཡས་ནས། །བླ་མ་རྗེ་བཙུན་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །ཡི་དམ་ལྷ་ཚོགས་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །རྡོ་རྗེ་རིགས་ཀྱི་ཞིང་ཁམས་ནས། །རྡོ་རྗེ་མཁའ་འགྲོ་སྤྱན །འཁོར་དང་བཅས་ཏེ་གཤེགས །རིན་ཆེན་རིགས་ཀྱི་ཞིང་ཁམས་ནས། །རིན་ཆེན་མཁའ་འགྲོ་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ །པདྨ་རིགས་ཀྱི་ཞིང་ཁམས་ནས། །པདྨ་མཁའ་འགྲོ་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ །ལས་ཀྱི་རིགས་ཀྱི་ཞིང་ཁམས་ནས། །ལས་ཀྱི་མཁའ་འགྲོ་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ །དུར་ཁྲོད་ཆེན་པོའ་གནས་བརྒྱད་ནས། །ཆོས་སྐྱོང་སྲུང་མ་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ །ས་འོག་ས་སྟེང་ས་བླ་ནས། །གནས་གསུམ་མཁའ་འགྲོ་སྤྱན་འདྲེན་གྱི། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །འབར་བའི་རྒྱ་དང་བཅས་ཕཻཾ། ༀ་ཨཱ་རལླི་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ཞེས་གཏོར་མགྲོན་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་མོས་ལ། རྡོར་ཐལ་ཕྱེད་པའི་རྒྱ་དང་བཅས། ༀ་གསུམ་མའི་མཐར་པུཥྤཾ་བ་ལིཾ་ཏ་ཨི་དཾ་གྲྀཧྞ་གྲྀཧྞ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་ལྔའམ་གསུམ་གྱིས་བླ་མ་དང་ཡི་དམ་ལ་ཕུལ། ༀ་ཧྲཱིཾ་ཧྲིཾ་ཧཾ་ཧཾ་ཧེ་ཧེ་ཧ་ཧ་ཧི་ཧི་ཕཻཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཆོས་སྐྱོང་དང་ལས་ཀྱི་མཁའ་འགྲོར་ཕུལ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷཱུ་ཏེ། པྲེ་ཏ་པི་ཤཱ་ཙ། ཨུནྨཱ་དཱ། ཨ་པ་སྨཱ་ར། ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལཾ་གྲྀཧྞཱནྟུ་ས་མ་ཡ་། མ་མ་སརྦ་
༢༠༧ སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐེ་བ། ཡ་ཐཻཥྛཾ། བྷུཉྫ་ཐཱ། མ་ཏི་ཀྲ་མ་ཐཱ། མ་མ་སརྦ་ཀརྟ་ཡ། སད་སུ་ཁ། བི་ཤུདྡྷ་ཡེ། ས་ཧཱ་ཡི་ཀ་བྷ་བནྟ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ལ་ཕུལ། གཞི་བདག་ལ་ཨ་ཀཱ་རོས་བསྔོས་ལ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད་ནས། བླ་མ་དཀོན་མཆོག་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་། །ལྷ་ཀླུ་འཇིག་རྟེན་སྐྱོང་བ་དང་། །གནོད་སྦྱིན་འབྱུང་པོ་སྲིན་པོ་དང་། །ཡི་དྭགས་ཤ་ཟ་བརྗེད་བྱེད་དང་། །སྨྱོ་བྱེད་མཁའ་འགྲོ་ལུས་སྲུལ་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་གི་བླ་མ་དམ་པ་དང་། །བདག་ཅག་འཁོར་དང་བཅས་རྣམས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ། དེ་ནས་བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཚང་བ་ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཆོས་འབྱུང་ཉིས་བརྩེགས་ནང་དུ། ཞེས་པ་ནས། རྒྱན་དང་ཆ་ལུགས་གཙོ་མོ་དང་མཐུན་པའོ། །ཞེས་པའི་བར་གྱིས་ལྷ་དགུ་མདུན་བསྐྱེད་ལྟར་བསྐྱེད། ལས་བུམ་དུ་པད་ཉི་རོའ་གདན་ལ་ཧཱུྃ་ལས་ཁྲོ་བོ་བགེགས་མཐར་བྱེད་སྔོན་པོ་རྡོ་རྗེ་དང་སྡིགས་མཛུབ་ཅན་སྟག་ཤམ་དང་། སྦྲུལ་དང་། རུས་པས་བརྒྱན་པའི་སྐུར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ༀ་ཞེས་པ་ནས། མི་བསྐྱོད་པའི་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར། ཞེས་པའི་བར་སྔར་ལྟར་བྱས་རྗེས། ༀ་བཛྲ་ཝཱ་ར་ཧི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །ཞེས་སོགས་ཀྱིས་
༢༠༨ བསྟོད། རང་གི་སྙིང་ག་ནས་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ལྷའི་ཐུགས་དམ་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། གཟུངས་ཐག་ལ་འཇུས་ཏེ། རྣམ་བུམ་ལ་ༀ་གསུམ་མ་དང་། ཨ་བྷི་ཥེ་ཀ་ཏ། ལས་བུམ་དུ་སུམྦྷ་བཟླས་ལ། ༀ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ལ། ལྷ་འོད་དུ་ཞུ་ཞུགསནས་བུམ་ཆུ་ནུས་ལྡན་དུ་གྱུར། དེ་ནས་ཚོགས་རྫས་རྣམས་ནང་མཆོད་ལྟར་བྱིན་གྱིས་བརླབས། ཚོགས་ཞིང་གི་མགྲོན་རྣམས་ཕཻཾ་ཞེས་སད་པར་མོས་ལ། ཕྱག་བྱས་བླ་མ་དཀོན་མཆོག་གི་དྲུང་དུ་རྣམ་ལྔ་འདོད་པའི་རྒྱས་ཆད་ཕུད་དབུལ་ཞིང་། དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པའིབའི། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །ཞེས་བརྗོད་ནས། ཚོགས་ཕུད་གཏོར་མར་བྲན་ཞིང་ནང་མཆོད་གཏོར་ལ། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་པའི་ཡོན་ཏན་ལྔ། །བླ་ན་མེད་པའི་མཆོད་པ་འབུལ། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨོ་གུ་རུ་བཛྲ་བཱ་ར་ཧི་ཌཱ་ཀ་ཌཱ་ཀི་ནཱི་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨ་མྲྀ་ཏ་པཱུ་ཛ་ཧོ༔་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཧོཿ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་ཕུལ་ནས། ན་མོ། །བླ་མ་དཀོན་མཆོག་གསུམ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་འདིར་འདུས་པ་རྣམས་ཀྱིས་ཐོག་དྲངས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱི་དམ་ཚིག་ཉམས་ཆག་ཞིག་རལ་དུ་གྱུར་པ་བཐམས་ཅད་ཚོགས་ཀྱི་འཁོར་ལོ་འདི་ལ་བརྟེན་ནས་སོར་ཆུད་པ་དང་། སྡིག་སྒྲིབ་དག་ཅིང་ཚོགས་རྫོགས་པར་མཛད་དུ་གསོལ། ཞེས་བརྗོད། དེ་ནས་ཀ་པཱ་ལའི་རང་ས་ཕར་བསྟན་ནས་མཐེབ་སྲིན་གྱིས་འཐོར་ཞིང་། ཧཱུྃ། དགོངས་སམ་རྡོ་རྗེ་མཁའ་འགྲོའི་ཚོགས། །རྡོ་རྗེ་མཁའ་འགྲོ་སྐད་པ་དེ། །ཕྱག་རྒྱ་ཆེན་པོ་མ་ལགས་སམ། །དེ་ལ་མཆོད་པ་འབུལ་བ་ནི། །སྣང་བ་ཐམས་ཅད་མཆོད་པ་འབུལ། །ཕྱི་ནང་གསང་བའི་མཆོད་པ་
༢༠༩ འབུལ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །དགོངས་སམ་ཡེ་ཤེས་མཁའ་འགྲོའི་ཚོགས། །ཡེ་ཤེས་མཁའ་འགྲོ་སྐད་པ་དེ། །ཆོས་ཀྱི་ཕྱག་རྒྱ་མ་ལགས་སམ། །དེ་ལ་མཆོད་པ་འབུལ་བ་ནི། །འདུས་བྱས་ཐམས་ཅད་མཆོད་པ་འབུལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །དགོངས་སམ་ལས་ཀྱི་མཁའ་འགྲོའི་ཚོགས། །འཇིག་རྟེན་མཁའ་འགྲོ་སྐད་པ་དེ། །དམ་ཚིག་ཕྱག་རྒྱ་མ་ལགས་སམ། །དེ་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་ལྔ་ཡི་མཆོད་པ་འབུལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །དགོངས་སམ་ཆོས་སྐྱོང་སྲུང་མའི་ཚོགས། །ཆོས་སྐྱོང་སྲུང་མ་སྐད་པ་དེ། །བར་ཆད་བསྲུང་བ་མ་ལགས་སམ། །དེ་ལ་མཆོད་པར། །མཆོད་བསྟོད་རྒྱས་པའི་མཆོད །ཕྱི་ནང་གསང་བའི །དེ་ནས་རང་ས་རང་ལ་བསྟན། །བརྒྱུད་པའི་བླ་མའི་དངོས་གྲུབ་སྩོལ། །ཕྱག་རྒྱ་ཆེན་པོའ་དངོས་གྲུབ་སྩོལ། །རྡོ་རྗེ་མཁའ་འགྲོ་ལེགས་གྲུབ་པའི། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །རིན་ཆེན་མཁའ་འགྲོ་ལེགས་གྲུབ་པའི། །ས་དབང་གཏེར་གྱི་དངོས་གྲུབ་སྩོལ། །པདྨ་མཁའ་འགྲོ་ལེགས་གྲུབ་པའི། །ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །ལས་ཀྱི་ཌཱ་ཀི་ལེགས་གྲུབ་པའི། །ལས་ལ་དབང་བའི་དངོས་གྲུབ་སྩོལ། །འཇིག་རྟེན་མཁའ་འགྲོ་ལེགས་གྲུབ་པའི། །རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་སྩོལ། །ཆོས་སྐྱོང་སྲུང་མ་ལེགས་གྲུབ་པའི། །བར་ཆད་བསྲུང་བའི་དངོས་གྲུབ་སྩོལ། །ནད་མེད་བདེ་བའི་དངོས་གྲུབ་སྩོལ། །འཆི་མེད་ཚེ་ཡི །ཐུན་མོང་མཆོག་གི །མྱུར་བ་ཉིད་དུ །ནམ་མཁའ་ལྟ་བུའི །བདུད་རྩི་ལྟ །ནོར་བུ་ལྟ་བུའི་དངོས་གྲུབ་སྩོལ། །གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པ་མཛད་དུ་གསོལ། ༀ་ཨཱཿཧཱུྃ་ཨ་ལ་ལ་ཧོཿ ཞེས་བརྗོད་ཅིང་བདུད་རྩི་མྱོང་བས་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནས་དབང་བསྐུར་བ་ལ་གཉིས་
༢༡༠ ལས། དང་པོ་སློབ་དཔོན་བདག་ཉིད་སློབ་མ་ལ་ཇི་ལྟར་བྱ་བ་ལྟར་ངལ་དུ་ཞུགས་ནས་དབང་རྫོགས་པར་བླངས་པའོ། །གཉིས་པ་སློབ་མ་འཇུག་ཅིང་དབང་བསྐུར་བ་ནི། སློབ་བུ་རྣམས་ལས་བུམ་གྱིས་ཁྲུས་བྱ། བགེགས་བསྐྲད། ཕྱག་བྱས་གྲལ་དུ་འཁོད་པ་ལ། སེམས་བསྐྱེད་གསལ་འདེབས་དང་ཆོས་བཤད་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། འདིར་རྣལ་འབྱོར་བླ་ན་མེད་པའི་ནང་ཚན་མཆོག་ཏུ་ཟབ་པ་མ་རྒྱུད་རྣལ་འབྱོར་གསང་མཐའི་ཆོས་གཙོ་བོར་སྟོན་པ་དཔལ་བདེ་མཆོག་འཁོར་ལོའ་ཡུམ་རྡོ་རྗེ་རྣལ་འབྱོར་མ་ཕྱི་སྒྲུབ་ཞལ་གཉིས་མའི་དཀྱིལ་འཁོར་དུ་དབང་དང་བྱིན་རླབས་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་ནས། ད་སློབ་མའི་བྱ་བ་ཐོག་མར་མཎྜལ་ཕུལ་མཛོད། དེ་ནས་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་པ་ལ་གསོལ་བ་གདབ་པ་འདིའི་རྗེས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། བྱང་ཆུབ་ཆེན་པོའ་ཚུལ་བསྟན་པའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་ཐམས་ཅད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་བཆེན་པོའ་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ། དེ་ནས་ཁོ་བོས་བར་ཆད་དྲི་བ་ཡིན་པས་ལན་དྲང་པོར་ཐོབ་ཅིག །ཁྱོད་གསང་སྔགས་ཀྱི་ཆོས་ལ་མོས་སམ། བུས་མོས་ལགས། རྟེན་སྡོམ་པ་གསུམ་ལྡན་དུ་སྒྲུབ་ནུས་སམ། ནུས་ལགས། བླ་མ་ལ་སངས་རྒྱས་སུ་ལྟའམ། བལྟ་ལགས། ཞེས་ཁས་ལེན་དུ་གཞུག །དེ་ནས་སྤྲོ་བ་བསྐྱེད་པ་ནི། བླ་མས། བུ་ཁྱོད་ཚུར་ཤོག་ཐེག་ཆེན་གྱི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་འདས་གང་དང་། །དེ་བཞིན་མ་བྱོན་སངས་རྒྱས་དང་། །ད་ལྟར་བཞུགས་པའི་རྫོགས་སངས་རྒྱས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །
༢༡༡ ཐམས་ཅད་མཁྱེན་པའི་ཆོ་ག་རྙེད། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཏུལ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །ཁྱེད་ཀྱིས་བློ་གྲོས་འདི་གྱིས་ཤིག །ཅེས་བསྟོད། དེ་ནས་སྡོམ་པ་ལེན་པའི་སྔོན་འགྲོ་བསགས་སྦྱངས་ལ་སློབ་དགོས་པས་ཚོགས་ཞིང་བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ལྷ་ལ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སད་པར་མོས་ལ། དངོས་སུ་བཤམས་པ་དེ་མཆོད་པ་ལྔ་འབུལ་བའི་འདུན་པས་འདིའི་རྗེས། ལྷ་རྫས་ལས་གྲུབ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོར་བཅས། །བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ལ། །འབུལ་ལོ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །དེ་ནས་བདག་པོས་མ་བཟུང་བའི་མཆོད་པ་ཐམས་ཅད་བློས་བླངས་ཏེ་འབུལ་སྙམ་པས་འདིའི་རྗེས། དབུས་ཀྱི་རི་རྒྱལ་གསེར་གྱི་རི་བདུན་དང་། །གླིང་བཞི་གླིང་ཕྲན་གུར་གུམ་སྤང་རི་དང་། །ཙན་དན་ནགས་རི་དཔག་བསམ་ལྗོན་པའི་ཤིང་། །མ་རྨོས་ལོ་ཏོག་འདོད་འཇོའ་བ་མོ་དང་། །གཏེར་བུམ་རིན་ཆེན་བདུན་སོགས་བློས་བླངས་ཏེ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །སངས་རྒྱས་བྱང་སེམས་བསྟན་སྲུང་ཐམས་ཅད་ལ། །གུས་འབུལ་མཁའ་ཁྱབ་སེམས་ཅན་མ་ལུས་པ། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །དེ་ནས་ཡིད་བྱུང་གི་མཆོད་པ་རང་གི་སྙིང་ག་ནས་འདོད་ཡོན་ལྔ་སྤྲོས་ཏེ་འབུལ་སྙམ་པས་འདིའི། མཛེས་སྡུག་ཡིད་འོང་གཟུགས་དང་སྙན་པའི་སྒྲ། །ཚིམ་བྱེད་བསྲུང་དང་དྲི་དང་ཞིམ་པའི་རོ། །མཉེན་འཁྲིལ་འཇམ་ལེགས་ལྡན་པའི་ན་བཟའ་སྟེ། །དབང་པོ་ཚིམས་བྱེད་ཁྱད་པར་འདོད་ཡོན་ལྔ། །རྩ་བརྒྱུད་བླ་མ་ཡི་དམ །སོགས་འདྲ། དེ་ནས་ཏིང་འཛིན་གྱི་མཆོད་པ་ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བར་མོས་པ་འདིའི། ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཚོགས་ཀྱིས། །ཕྱོགས་ཀུན་ནམ་མཁའི་ཁྱོན་རྣམས་ཀུན་
༢༡༢ བཀང་སྟེ། །རྩ་བརྒྱུད་བླ་མ་སོགས་འདྲ། དེ་ནས་ཟབ་པའི་མཆོད་པ་རང་གི་ལུས་ངག་ཡིད་གསུམ་ལྟོས་པ་མེད་པར་འབུལ་སྙམ་པས་འདིའི། ཡོན་གནས་དམ་པ་ཁྱེད་རྣམས་ལ། །བདག་གི་སྒོ་གསུམ་གཏན་དུ་འབུལ། །སེམས་དཔའ་མཆོག་རྣམས་ཐུགས་བརྩེ་བས། །བདག་གི་སྒོ་གསུམ་ཡོངས་བཞེས་ཤིག །ཅེས་བརྗོད། དེ་ནས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་ཐམས་ཅད་ལ་འགྱོད་སྡོམ་གྱི་བསམ་པ་དྲག་པོས་བཤགས་པར་བགྱིའོ་སྙམ་པས་འདིའི་རྗེས། བདག་དང་སེམས་ཅན་གྱིས་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་དུག་གསུམ་གྱིས་ཀུན་ནས་བསླངས་ཏེ་སྒོ་གསུམ་གྱིས་བསགས་པའི་སྡིག་པ་མི་དགེ་བ་མཐོལ་ལོ་བཤགས་སོ། །མི་སྦེད་སླན་ཆད་ཀྱང་བསྡོམས་པར་བགྱིའོ་ཞེས་བརྗོད། དེ་ནས་སྡོམ་པ་ལེན་པ་དངོས་ལ་གསུམ་ལས། སོ་ཐར་ནི། བདག་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས་འདིའི། ཕྱོགས་བཅུ་ན་བཞུགས་པའི་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་བྱང་སེམས་ཐམས་ཅད་དགོངས་སུ་གསོལ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ། དེ་ནས་བྱང་སྡོམ་ནི། སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་ཐུགས་བསྐྱེད་པ་ལྟར་བདག་གིས་ཀྱང་བསྐྱེད་སྙམ་པས་འདིའི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་
༢༡༣ བསྐྱེད་པར་བགྱི། །ལན་གསུམ་གྱིས་སྨོན་པ་དང་། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །ཞེས་ལན་གསུམ་གྱིས་འཇུག་སེམས། །དེ་གཉིས་ཀྱི་མཇུག་སྡུད་ནི། མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་གསུམ། དེ་ནས་སྔགས་སྡོམ་ནི། རིགས་ལྔའི་དམ་ཚིག་དང་རྩ་བ་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སྐྱབས་གསུམ་དག་ཀྱང་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀུན་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །དམ་ཚིག་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བཅུ་བཞིར་ཕྱེ་བའི་དམ་ཚིག་ཏུ། །ཡན་ལག་ཉེས་པ་ཐམས་ཅད་སྤང་། །ལན་གསུམ། དེ་རྣམས་ཀྱི་མཇུག་སྡུད་འདིའི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དམ་ཚིག་སྡོམ་པ་ཐམས་ཅད་བཟུང་། །ཞེས་བརྗོད། དེ་ལྟར་དམ་ཚིག་དང་སྡོམ་པ་དེ་དག་མ་བསྲུངས་ན་ཉེས་དམིགས་དང་། བསྲུངས་ན་ཕན་ཡོན་ཆེན་པོ་ཡོད་པས་མི་འདའ་བའི་ཕྱིར་དམ་ལ་བཞག་པ་ནི། བདུད་རྩི་བླུད་དེ། འདི་
༢༡༤ ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཧཱུྃ། དེ་ནས། ༀ་ཙཀྵུ་བྷནྡྷ་བ་རཱ་མ་ནཱ་ཡ་ཧཱུྃ། ཞེས་པས་མིག་དར་དང་། ཨ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད། ཚད་མེད་པ་བཞིའི་འཇུག་པས་དལ་དུ་ཞུགས་པའི་མོས་པ་མཛོད། ས་མ་ཡ་ཧཱུྃ་ཞེས་ཡོལ་བའི་ནང་དུ་བཅུག །དེ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབབ་པའི་སླད་དུ་གསོལ་བ་གདབ་པ་འདིའི། དཔལ་རྡོ་རྗེ་རྣལ་འབྱོར་མ་བདག་ལ་དབབ་ཏུ་གསོལ། ལན་གསུམ། དེ་ནས་རེ་ཁཱ་ཟླུམ་པོ་བྲིས་པའི་སྟེང་དུ་སློབ་མ་རྣམས་མཉམ་པའི་སྟབས་ཀྱིས་ལངས་ནས་ཐལ་མོ་སྤྱི་བོར་སྦྱོར་ལ། རང་ལུས་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་ཐོད་ཁ་ཾ་ག་བསྣམས་པའི་སྐུར་ལམ་གྱིས་བསྐྱེད་ལ་ཐ་མལ་གྱི་འཛིན་བློ་སྐྱུར། ངག་གནད་རླུང་ཁ་སྦྱོར་དུ་བཅིངས། སེམས་དུས་གསུམ་གྱི་སྤྲོས་པ་དོར་ནས་བླ་མ་ལ་མོས་གུས་དྲག་ཏུ་བྱས་པས་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་བདེ་བའི་གར་སྟབས་ལིང་ལིང་ཁ་ཆར་དང་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། སྤོས་བདུག་ཅིང་རོལ་མོ་འཁྲོལ་བས། ཧཱུྃ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་དམ་ཚིག་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨཱ་བེ་ཤ་ཡ་ཧྲཱིཾཿ ཨ་ཨ་ཕཻཾ་ཕཻཾ་ཞེས་དབབ་ཅིང་། དེ་ཀའི་ངང་ལ་སེམས་མ་བཅོས་པར་ཞོག་ཅིག །ཅེས་བསྐྱང་དུ་གཞུག །འོ་ཁྱོད་རང་ལྷར་སྒོམ་པ་དེ་མཚོན་བྱེད་རྟགས་ཀྱི་རྣལ་འབྱོར་མ་བྱ་བ་བསྐྱེད་རིམ། སྤྲོས་མེད་འཛིན་མེད་དུ་འཇོག་པ་དེ་མཚོན་བྱ་དོན་གྱི་རྣལ་འབྱོར་མ་བྱ་བ་རྫོགས་རིམ་ཡིན་ནོ། །ཞེས་ངོ་སྤྲད། ཡང་ཁྱོད་རང་གི་སྤྱི་བོར་རྡོ་རྗེ་རྣལ་འབྱོར་མ་གར་བྱེད་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད་ཅིག །ཅེས་དབབ། དེ་སྤྱི་བོར་ཐིམ་པས་སྣང་
༢༡༥ སྟོང་འཛིན་མེད་ཀྱི་ཉམས་སྐྱེ་བས་དེའི་ངང་ལ་ཞོག་ཅིག །ཡང་མགྲིན་པར་རྡོ་རྗེ་རྣལ་འབྱོར་མ་གར་བྱེད་པ་ལ་རྩེ་གཅིག་ཏུ་གཏོད་ཅིག །དེ་མགྲིན་པར་ཐིམ་པས་གྲག་སྟོང་འཛིན་མེད་ཀྱི་ཉམས་སྐྱེ་བས་དེའི་ངང་ལ་ཞོག་ཅིག །ཡང་སྙིང་གར་རྡོ་རྗེ་རྣལ་འབྱོར་མ་གར་བྱེད་པ་ལ་རྩེ་གཅིག་ཏུ་གཏོད་ཅིག །དེ་སྙིང་གར་ཐིམ་པས་གསལ་སྟོང་འཛིན་མེད་ཀྱི་ཉམས་སྐྱེ་བས་དེའི་ངང་ལ་ཞོག་ཅིག །ཡང་ལྟེ་བར་རྡོ་རྗེ་རྣལ་འབྱོར་མ་གར་བྱེད་པ་ལ་རྩེ་གཅིག་ཏུ་གཏོད་ཅིག །དེ་ལྟེ་བར་ཐིམ་པས་རིག་སྟོང་འཛིན་མེད་ཀྱི་ཉམས་སྐྱེ་བས་དེའི་ངང་ལ་ཞོག་ཅིག །ཡང་གསང་བར་རྡོ་རྗེ་རྣལ་འབྱོར་མ་གར་བྱེད་པ་ལ་རྩེ་གཅིག་ཏུ་གཏོད་ཅིག །དེ་ཡང་གསང་བར་ཐིམ་པས་བདེ་སྟོང་འཛིན་མེད་ཀྱི་ཉམས་སྐྱེ་བས་དེའི་ངང་ལ་ཞོག་ཅིག །ཅེས་ངོ་སྤྲད་ཅིང་རེ་རེ་བཞིན་ཡང་སྔགས་རོལ་དང་བཅས་པས་དབབ་བོ། །དེ་ནས་མདུན་བསྐྱེད་རྣལ་འབྱོར་མའི་སྐུ་ལ་མེ་ཏོག་ཕུལ་བར་མོས་ལ་འདིའི། ༀ་པྲ་ཏཱིཙྪ་བཛྲ་ཧོཿ སླར་ཡང་མེ་ཏོག་དེ་ཉིད་རང་གི་སྤྱི་བོར་བཅིངས་པའི་མོས་པ་མཛོད། ༀ་པྲ་ཏི་གྷྲིཧྞ་སྟྭཾ་ཨི་མཾ་སྟྭ་མ་ཧཱ་བ་ལ། དེ་ནས་སཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་མིག་ཕྱེ། ཧེ་བཛྲ་པཱ་ཤྱ་ཧོཿ ཁྱེད་རྣམས་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་བསྟན་དུ་ཡོད་པས་ཞལ་མཐོང་བ་རེ་དགའ་སྙམ་པའི་མོས་པ་མཛོད་བྱས་ལ། སིནྡྷུ་རའི་དཀྱིལ་འཁོར་གཏད་ཅིང་མགོ་ཐོག་ཏུ་བཞག་ལ། རྣལ་འབྱོར་མ་ནི་སྔགས་ཀྱི་གཟུགས། །སྔགས་ནི་རྣལ་འབྱོར་མ་ཡི་གཟུགས། །ལྷ་དང་སྔགས་ལ་ཐ་དད་མེད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཞེས་བརྗོད། དེས་སྐུ་གསུང་ཐུགས་ཕེབས་པ་གསུམ་དང་། སྐུ་གསུང་ཐུགས་མཐོང་བ་གསུམ་གང་རུང་རེ་ཐོབ་པས་ངོ་ཤེས་པར་མཛོད་ཅིག །དེ་ཡན་ཆད་ཀྱིས་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་བྱ་བ་དེ་ཚར་བ་ལགས། ད་དབང་བཞི་བསྐུར་བ་ལ། དང་པོ་བུམ་པའི་དབང་ནི། དཀྱིལ་འཁོར་གྱི་གཙོ་མོའ་ཐུགས་ཀ་ནས་སྤྲུལ་པའི་བའིདབང་ལྷ་
༢༡༦ རྣམས་ཀྱིས་ཡེ་ཤེས་བདུད་རྩིས་གང་པའི་བུམ་པ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ། ཀུན་གཞི་མ་བཅོས་རྣལ་མ་ལ། །གནས་ལུགས་རིག་པའི་ཉི་མ་ཤར། །རང་སྣང་མ་འགགས་ཐམས་ཅད་གསལ། །བྱིན་རླབས་ཞེས་ནི་འདི་ལ་བྱ། །རྗེ་བཙུན་མ་ཡི་བྱིན་རླབས་ཀྱིས། །བུམ་པའི་དབང་བསྐུར་ཐོབ་པར་ཤོག །ཅེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། དེས་ལུས་ཀྱི་དྲི་མ་དག །འབྲས་བུ་སྤྲུལ་པའི་བའིསྐུ་ཐོབ། དེ་མ་ཐོབ་ཀྱི་བར་དུའང་ཕུང་ཁམས་སྐྱེ་མཆེད་ལྷར་སྒོམ་ཞིང་སྒོམ་པ་ལ་དབང་། ཉམས་ཡུལ་སྣང་སྟོང་དུ་འཆར་བས་ཞེན་བྲལ་དུ་བསྐྱང་བར་མཛོད། དེ་བརྟན་ཕྱིར་དཀྱིལ་འཁོར་ལྷས་བཀྲ་ཤིས་ཀྱི་མེ་ཏོག་འཐོར་ཞིང་། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་དབང་ལྷ་རྣམས་རང་ལ་ཐིམ་པའི་མོས་པ་མཛོད། གཉིས་པ་གསང་དབང་ནི། བླ་མ་བདེ་མཆོག་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་སེམས་མཁའ་གསང་ནས་ཐོན་པ་ཀ་པཱ་ལའི་བདུད་རྩི་དང་འདྲེས་པ་དེ་ཉིད་ལྕེ་ཐོག་ཏུ་བྱིན་པའི་མོས་པ་མཛོད། ཧཱུྃ། གཡོ་བ་མེད་པའི་ཆོས་ཀྱི་དལ། །དངོས་པོ་མེད་པའི་སེམས་ཉིད་གསལ། །འཛིན་པའི་རྟོག་པ་རང་སར་བྲོས། །བྱིན་རླབས་ཞེས་ནི་འདི་ལ་བྱ། །རྗེ་བཙུན་མ་ཡི་བྱིན་རླབས་ཀྱིས། །གསང་བའི་དབང་མཆོག་ཐོབ་པར་ཤོག །ཅེས་བདུད་རྩི་ལན་གསུམ་བླུད། དེས་ངག་གི་དྲི་མ་དག །འབྲས་བུ་ལོངས་སྐུ་ཐོབ། དེ་མ་ཐོབ་ཀྱི་བར་དུ་བཟའ་བ་མ་ཡིན་པའི་རྟོག་པ་བཅོམ་ནས་རྩ་རྡོ་རྗེ་ལུས་ཀྱི་གནས་ལུགས་དང་། རླུང་སྦྱོར་བ་བཞི་ལྡན་སྒོམ་པ་ལ་དབང་། ཉམས་སེམས་གསལ་སྟོང་དུ་འཆར་བས་ཞེན་མེད་དུ་བསྐྱང་འཚལ་ལོ། །གསུམ་པ་ཤེར་དབང་ནི། སིནྡྷུ་རའི་དཀྱིལ་འཁོར་ལས་གཡོན་པའི་མཐེབ་སྲིན་གྱིས་བླངས་ཏེ་གནས་བཞིར་ཐིག་ལེ་བྱས་ལ་བླ་མ་དང་། ཡི་དམ་མཁའ་འགྲོ་རྣམས་བསྟིམ་པའི་བྱིན་རླབས་ཀྱིས་གཏུམ་མོ་འབར་བས་ཁམས་བཞུ་ཞུགསབའི་དགའ་བཞིའི་ཡེ་ཤེས་སྐྱེས་པའི་མོས་པ་མཛོད། ཧཱུྃ། སེམས་ཀྱི་མེ་ལོང་ཕྱིས་པ་ལས། །རང་སྣང་དག་པའི་
༢༡༧ གཟུགས་བརྙན་ཤར། །བདེ་བ་དངོས་མེད་ཉམས་སུ་མྱོང་། །བྱིན་རླབས་ཞེས་ནི་འདི་ལ་བྱ། །རྗེ་བཙུན་མ་ཡི་བྱིན་རླབས་ཀྱིས། །གསུམ་པའི་དབང་མཆོག་ཐོབ་པར་ཤོག །ཅེས་བརྗོད་ཅིང་། ༀ་ཨཱཿཧཱུྃ་ཧྲཱིཿ ཞེས་སྤྱི་མགྲིན་སྙིང་ལྟེར་སིནྡྷུ་རའི་ཐིག་ལེ་བྱའོ། །དེས་ཡིད་ཀྱི་སྒྲིབ་པ་དག །འབྲས་བུ་ཆོས་སྐུ་ཐོབ། དེ་མ་ཐོབ་ཀྱི་བར་དུ་ཐབས་ཤེས་ཡ་བྲལ་གྱི་ཉེས་པ་བཅོམ་ནས་ལམ་ཕྱག་རྒྱ་བརྟེན་པ་ལ་དབང་། ཉམས་བདེ་སྟོང་དུ་འཆར་བས་ཞེན་བྲལ་དུ་བསྐྱང་བར་མཛོད། བཞི་པ་ཚིག་དབང་ནི། ལུས་གནད་ཆོས་བདུན་བཅའ། རླུང་རང་བབས་སུ་བཞག །སེམས་གང་ཤར་གྱི་རང་ངོ་ལ་གཅེར་གྱིས་ལྟོས་ལ་བསལ་བཞག་མེད་པར་ཞོག་མཛོད། ཧཱུྃ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །བལྟས་པས་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །དངོས་པོར་བཟུང་བས་བག་ཆགས་གསོག །རང་བཞིན་མེད་ན་སངས་རྒྱས་ཡིན། །རྗེ་བཙུན་མ་ཡི་བྱིན་རླབས་ཀྱིས། །བཞི་པའི་དབང་མཆོག་ཐོབ་པར་ཤོག །དོན་རང་སེམས་རྩ་བྲལ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །དེས་ཕྲ་བའི་སྒོ་གསུམ་གྱི་དྲི་མ་དག །འབྲས་བུ་ངོ་བོ་ཉིད་སྐུ་ཐོབ། །དེ་མ་ཐོབ་ཀྱི་བར་དུ་འཁོར་འདས་ཐ་དད་དུ་འཛིན་པའི་རྟོག་པ་སྤངས་ནས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། ཉམས་སེམས་ཉིད་རྩ་བྲལ་གྱི་རྟོགས་པ་འཆར་བས་ཞེན་བྲལ་དུ་བསྐྱང་བར་མཛོད་ཅིག །དེས་དངོས་གཞི་སོང་ནས། མཇུག་རྗེས་སུ་གནང་བ་ལ་ལྔ་ལས། དང་པོ་བླ་མ་བརྒྱུད་པ་གཏད་པའི་རྗེས་གནང་ནི། དབང་འདི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། ཛ་ལཱནྡྷ་ར་ནག་པོ་པ། ཌོམྦྷི་པ། རྗེ་དམ་པ་རྒྱ་གར་བ་ནས་ད་ལྟའི་བར་དུ་བྱིན་རླབས་དབང་གི་ཆུ་རྒྱུན་མ་ཆད་པའི་བཀའ་བབས་ཁྱད་པར་ཅན་ཡིན་པས། ཁྱོད་ཀྱིས་ཀྱང་བླ་མའི་བརྒྱུད་པ་ཟུངས་ལ་གཞན་དོན་གྱིས་ཤིག །
༢༡༨ གཉིས་པ་ཡི་དམ་གཏད་པ་ནི། སློབ་དཔོན་གྱིས་དག་པ་གསུམ་གྱི་སྔགས་བརྗོད་པས་ལུས་ངག་ཡིད་གསུམ་སྦྱངས་ཏེ་མི་དམིགས་པ་ལས། པདྨ་མི་རོ་ཉི་མའི་གདན་སྟེང་བཾ་ལས་ཁྱེད་རང་རྣལ་འབྱོར་མ་དམར་མོ་རྩ་ཞལ་ཁྲོ་མོ། །གཡས་ཞལ་ཕག་གདོང་གྲི་ཐོད་ཁ་ཾ་ག་བསྣམས་པ། གཅེར་བུ་སྐྲ་གྲོལ་བ། ཐོད་སྐམ་གྱི་དབུ་རྒྱན། རློན་པའི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། གཡོན་བརྐྱང་བའི་ཕྱེད་སྐྱིལ་གྱི་གར་གྱིས་བཞུགས་པར་གསལ་ཐོབ། ཁྱོད་ཀྱིས་ཕྱིན་ཆད་རྗེ་བཙུན་མ་ཡི་དམ་གྱི་ལྷར་བཟུང་ལ་འདི་ལྟར་རྒྱུན་དུ་སྒོམས་ཤིག །གསུམ་པ་དཀྱིལ་འཁོར་གཏད་པ་ནི། ད་ཕྱིན་ཆད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་བཞེངས་ལ་སྒྲུབ་མཆོད་ཚུལ་བཞིན་དུ་གྱིས་ཤིག །བཞི་པ་མཆོད་པའི་རྗེས་གནང་ནི། ངེད་ཀྱིས་སྔགས་ཀྱི་རྗེས་ཟློས་དང་། ཕྱག་རྒྱའི་ལད་མོ་གྱིས་ལ་སློབ་དཔོན་དཀྱིལ་འཁོར་དང་བཅས་པ་ལ་མཆོད་པ་ཕུལ་ཅིག །ཕྱག་རྒྱ་དང་བཅས། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ཤབྡའི་བར་བྱེད་དུ་བཅུག་ནས། དེང་ཕྱིན་ཆད་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་གཏོར་མའི་མཆོད་པས་ལྷ་དང་བླ་མ་མཉེས་པར་གྱིས་ཤིག །ལྔ་པ་གསུང་གསངསྔགས་ཀྱི་རྗེས་གནང་ནི། སློབ་དཔོན་དང་ཁྱེད་རང་གཉིས་ཀ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བ་ལས། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས། སློབ་དཔོན་གྱི་ལྟེ་བའི་བཾ་ལས་སྔགས་ཕྲེང་དམར་པོ་བྱུང་བ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ལྟེ་བའི་བཾ་ལ་ཐིམ་པར་མོས་ལ་འདིའི་རྗེས་ཟློས། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་དེ་ཁྱེད་རང་གི་སྤྱི་བོར་གཏོར་བས་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་
༢༡༩ ལ་འགོ་བར་མཛད་དུ་གསོལ། །ཞེས་བུའི་སྤྱི་བོར་མེ་ཏོག་འཐོར། དེང་ཕྱིན་ཆད་སྔགས་ཀྱི་བཟླས་པ་ལ་བརྩོན་པར་མཛོད་ཅིག །དེ་ནས་གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་ཁས་བླངས། གཏོང་རག་གི་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་ལུས་དབུལ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་རོ། །དེ་ནས་རྗེས་ཆོག་ནི། ལས་ཀྱི་རྡོ་རྗེས་ཐབས་ཤེས་ཀྱི་རྫས་བསྣོལ་མར་ཐོགས་ནས། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་བརྣམས། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མ་ཧཱ་སུ་ཁ་ཧོ། །ལེན་པ་པོས་པད་བསྐོར་སྔོན་འགྲོས་རྩེ་གསུམ་གྱི་རྒྱ་སྟོན་བཞིན་དུ། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་རྣམ་སྤངས་པ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་མ་ཧཱ་སུ་ཁ་ཧོ། །ཞེས་བླངས་ལ། ནང་གི་སྲེགས་བླུགས་ཀྱི་སྒོ་ནས་ཚིམ་པར་རོལ་བའི་མཐར་ལྷག་མ་ལ་ༀ་ཨཱཿཧཱུྃ་ཞེས་འབར་བའི་ཕྱག་རྒྱས་ཁ་ཕྲུ་བཏབ་ཅིང་གཙང་གཏོར་དང་བསྲེས་ལ་དཔལ་འབར་བཙུགས་ཏེ། ༀ་ཨཱཿཧཱུྃ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། འབྱུང་པོ་ལྷག་མ་ལ་དབང་བ་རྣམས་ཚིམ་པར་གྱུར་ཅིག །ཀྱེ་ཀྱེ་རྡོ་རྗེ་མཁའ་འགྲོའི་ཚོགས། །ལས་འདི་བདག་གིས་བསླབ་པར་བགྱིས། །བདག་ལ་བདེ་ལེགས་བསྡུ་བ་དང་། །ཕན་དང་ཡིད་འོང་བདེ་བ་དང་། །གྲོང་དང་ཡུལ་འཁོར་ཤིས་པར་མཛོད། །ཅེས་བརྗོད་ནས་གཙང་སར་དབུལ་ལོ། །དེ་ནས་མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབས། ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་། འབྲུ་གསུམ་གྱིས་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་ཐུགས་བརྩེ་བས་གཟིགས་ཏེ། བར་ཆད་ཞི་བ་དང་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། ཡིག་
༢༢༠ བརྒྱ་བཟླ་ཞིང་མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྡུལ་ཚོན་གྱི་ཡེ་ཤེས་པ་ནུབ་ཐ་མའི་ཚེ་དང་རྒྱུན་དུ་མགྲོན་རྣམས་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས། རྡུལ་ཚོན་ཉིན་སྔ་མ་རྣམས་དང་རས་བྲིས་རྣམ་པ་ཀུན་ཏུ་འདིར་ནི་གཟུགས་དང་སོགས་ཀྱིས་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་པ་རྣམས་རང་གི་ལྟེ་བའི་བཾ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོ་སྦྱངས། དེ་ཐམས་ཅད་འཁོར་གཞལ་ཡས་ཁང་ལ་ཐིམ། དེ་རྣམས་གཙོ་བོ་ལ་ཐིམ། དེ་བཾ་ལ་ཐིམ། དེའང་ཐིག་ལེ་ལ། དེ་ནཱ་ད་དང་། ནཱ་ད་ཡང་མི་དམིགས་པར་གྱུར། སླར་ཡང་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ༀ། བཾ། ཧཾ། ཡོ། ཧིཾ། མོཾ། ཧྲིཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། སུམྦྷ་ལན་གཉིས་ཀྱིས་ཕྱོགས་བཅིངས། སྣང་གྲགས་འགྱུ་གསུམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་རྣམ་པར་དག་པར་མོས་ལ་བསྔོ་སྨོན་དང་བཀྲ་ཤིས་བརྗོད།

༄༅། ལམ་སྦས་ཏེ་བཤད་པ་མན་ངག་གི་ཟིན་བྲིས་བཞུགས་སོ༎

༤༢༦དཔལ་ལྡན་མཐུ་སྟོབས་དབང་ཕྱུག་དང་། །རྗེ་བཙུན་དམ་པ་སྙིང་པོའ་ཞབས། །དབྱེར་མེད་དཀོན་མཆོག་མཚན་ཅན་ལ། །བཏུད་དེ་འཁྲིད་ཚུལ་མདོ་ཙམ་བྲི། །དེ་ཡང་རྣལ་འབྱོར་དབང་ཕྱུག་བིར་ཝ་པས། རྗེ་བཙུན་ས་སྐྱ་པ་ལ་དངོས་སུ་གནང་བའི་གདམས་ངག །དཔལ་ལྡན་ས་སྐྱའི་ལྕགས་རིའི་ཁང་ནས་མི་འདའ་བའི་ཟབ་ཆོས་བཞིར་གྲགས་པའི་ནང་ནས་ལམ་སྦས་ཏེ་བཤད་པ། མཆོག་སྒྲུབ་པ་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་གཉིས་ལས། འདིར་མཆོག་གི་དངོས་གྲུབ་ཚེ་འདིར་རྡོ་རྗེ་འཆང་ཆེན་པོ་མངོན་དུ་བྱེད་པའི་ཐབས། ལུས་ཀྱི་འཁྲུལ་འཁོར་ལ་བརྟེན་ནས། དབང་བཞི་གཅིག་ཆར་དུ་ཉམས་སུ་ལེན་པའི་ཚུལ་ལ། དེའང་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས། སློབ་ལམ་རྒྱས་པའི་ཁྲིད་ཡོངས་སུ་རྫོགས་པའམ། མ་རྫོགས་ཀྱང་རུང་སྟེ། དབང་དང་དམ་ཚིག་དང་ལྡན་པ་ཚུལ་བཞིན་ཁྲིད་ཅིང་། གདམས་པ་སྟོན་པ་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་བསགས་སྦྱོང་གི་རྣལ་འབྱོར་ལམ་རྒྱས་པ་བཞིན་ཞག་གྲངས་ཅི་རིགས་སུ་བྱ། གཉིས་པ་ལ། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་དང་། རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་གཉིས། ཐུན་རེའམ་ཟུང་འབྲེལ་དུ་སྒོམ་པ་མཛད་དེ། དེའང་བསམ་གཏན་གྱི་གདན་ལ་ལུས་གནད་དང་ལྡན་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། བདག་གི་སྤྱི་བོར་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། བླ་མ་ཧེ་རུ་ཀ་ཕྱག་བཅུ་དྲུག་པའམ། རྡོ་རྗེ་འཆང་ཆེན་པོའ་རྣམ་པར་གསལ་ལ། གནས་གསུམ་དུ་ཡི་གེ་བསྒོམས།
༤༢༧ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། བླ་མ་བརྒྱུད་པ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་སྲུང་མ་ཐམས་ཅད་སྤྱན་དྲངས་བསྟིམ་ལ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་དམིགས་ཤིང་། གུས་འདུད་དྲག་པོ་དང་བཅས་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཅེས་པ་ལ་སོགས་པའི་གསོལ་གདབ་དྲག་པོ་བྱས་པའི་མཐར། བླ་མ་ཉིད་བྱང་སེམས་བདེ་བ་ཆེན་པོའ་རྣམ་པར་ཞུ་སྟེ། སྤྱི་བོར་ཐིམ་པས་ལུས་ངག་ཡིད་གསུམ་དང་། སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས་པར་བསམ་ལ་མཉམ་པར་བཞག །ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང་། གཉིས་པ་བསྐྱེད་པའི་རིམ་པ་ནི། དེ་ཉིད་ཀྱི་རྗེས་སུ་སྒོམ། འདིར་དབང་པོ་རྣོན་པོའ་ལམ་ཡིན་པས་མངོན་རྟོགས་རྒྱས་པ་སྒོམ་མི་དགོས། བདག་བླ་མས་དལ་དུ་བཅུག་པའི་དུས་སུ་དཔལ་ཀྱཻ་རྡོ་རྗེར་བསྐྱེད། དེ་ལ་ཡེ་ཤེས་པ་བཅུག་དབང་བསྐུར་ཕྱིན་ཆད། ཀྱཻ་རྡོ་རྗེ་ཡིན་སྙམ་པ་བྱས་ལ། སྐད་ཅིག་གིས་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་གསལ་བཏབ་ལ། སྐུ་ཡོངས་སུ་རྫོགས་པ་ལ་དམིགས་པ་གཏད་ཅིང་སྒོམ། ལམ་རྒྱས་པ་ལྟར་དམིགས་པ་དུམ་ཁྲིད་བྱས་ནས་སྒོམ་མི་དགོས་ཅེས་གསུངས་སོ། །དེ་དག་ནི་སྔོན་དུ་འགྲོ་བའོ། །གཉིས་པ་དངོས་གཞི་ལ། རྩ་བ་དང་ཡན་ལག་གི་དམིགས་པ་གཉིས་ཀྱི་དང་པོ་ནི། བཅའ་བ་ལུས་ཀྱི་གནད། སྒོམ་པ་དམིགས་པའི་གནད། དགང་བ་རླུང་གི་གནད་གསུམ་ལས། དང་པོ་ནི་འདི་ཉིད་ལུས་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་ཉམས་སུ་ལེན་པ་ཡིན་པས་རྗེའམ་ཤིང་ལས་བྱས་པའི་འཁོར་ལོ་དཔང་སོར་དྲུག་པ། སྦོམ་དུ་མཐེབ་མཛུབ་རྩེ་སྤྲད་པའི་བར་དུ་
༤༢༨ཤོང་བ། རྩེ་མོ་ཅུང་ཟད་ཕྲ་ཞིང་ཤིན་ཏུ་འཇམ་པ་ཚགས་བྱས་ཏེ། བསམ་གཏན་གྱི་དངོས་གཞི་ལ་འཇུག་པའི་ཚེ། འབོལ་ལ་སོགས་པའི་སྟན་བདེ་བ་ལ་གནས་ནས་སྐྱབས་འགྲོ་སེམས་བསྐྱེད་ཡི་དམ་བསྒོམ་པའི་བར་སྔར་བཞིན་བྱ། དེ་ནས་གླང་པོ་ཆེའི་རྣ་བ་ལྟ་བུའི་སྐྱིལ་ཀྲུང་ཡངས་པར་བྱས། སྔར་གྱི་འཁོར་ལོ་སྲིན་བུའི་ལམ་གྱི་ཐད་ཀར་བཞག་ལ། བརླ་རེས་མོས་བཏེགས་པ་དང་། འོག་རླུང་འདྲེན་པ་བསྟུན་ཏེ། སྲིན་བུའི་ལམ་བསྡམས་ནས། འཁོར་ལོའ་སྟེང་དུ་བཞག །ཅུང་ཟད་མཐོ་བས་མི་བདེ་ན། སྨད་ཅེས་པ་སྣག་པོ་ཆེའི་འོག་ཏུ་སྟེགས་མཚམས་པར་གཞུགས། ལག་པ་གཉིས་པུས་མོ་ལ་བཀབ། ཚིགས་པ་དྲང་པོར་བསྲངས་ཏེ་བཅའ་བ་ལུས་ཀྱི་གནད་དོ། །གཉིས་པ་ནི། ལུས་ལ་རང་བཞིན་གྱི་གནས་ཚུལ། གློ་བ་ཁ་མཐུར་ལ་བསྟན་ལ། མཆིན་པ་འདེབས་ལ་འབྱར་ཏེ་གནས་པ་ལ། དེ་གཉིས་སྒོམ་དུས་གོང་འོག་རྗེས་ནས་འདབ་བརྒྱད་གློ་བ་དཀར་པོ་ཁ་གྱེན་ལ་བསྟན་པ་མཆིན་པ་པདྨ་དམར་སྨུག་འདབ་བརྒྱད་ཁ་ཐུར་ལ་བསྟན། དེ་གཉིས་རྩེ་ཅུང་ཟད་བསྣོལ་བ་གཞལ་ཡས་ཁང་གི་ཚུལ་དུ་བསམ། རྡོ་རྗེ་ལུས་ཀྱི་གནས་ལུགས་ལ། སྙིང་ག་ཐུར་ལ་བསྟན་ནས་གནས་ཀྱང་། བློས་གྱེན་ལ་བསླངས་ཏེ། པདྨ་གཉིས་ཀྱི་བར་དུ་གནས་པར་བསམ། སྙིང་དེའི་དབུས་སུ་རྩ་གསུམ་འདུས་པའི་མདུད་པ་ཧཱུྃ་གི་གཟུགས་སུ་གྲུབ་པ་ལ་དམིགས་པ་གཏད། དེ་ནས་རྡོ་རྗེ་མཁའ་འགྲོ་བསྒོམ་སྟེ། སྙིང་དབུས་ཀྱི་དེ་ཧེ་རུ་ཀ་སྐུ་མདོག་སྔོ་ནག་སྤྱན་གསུམ་པ་དམར་ཞིང་ཟླུམ་པ། མཆེ་བ་གཙིགས་ཤིང་། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་གཉིས་སྟེང་དུ་བརྒྱད་གཡོན་ཟླ་སྟེང་དུ་བསྐུམ་པ།
༤༢༩དབུའི་གཙུག་ཏོར་དང་བཅས་ཤིང་། རལ་པ་ལྔ་གཡོན་དུ་འཕྱང་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་སྒོམ། ཡུམ་དྲན་ཙམ་ལས་ཞལ་ཕྱག་རྒྱས་པར་གསལ་གདབ་མི་དགོས་གང་དེའང་ཧཱུྃ་དེ་རང་བཞིན་གྱི་ཧེ་རུ་ཀའི་རྣམ་པར་གནས་པ་གསལ་འདེབས་པ་ཡིན་གྱིས། ས་བོན་ལྟ་བུར་བསྒྱུར་ནས་སྒོམ་པ་ནི་མ་ཡིན་ནོ། །དེ་ནི་སྒོམ་པ་དམིགས་པའི་གནད་དོ། །གསུམ་པ་དགང་བ་རླུང་གི་གནད་ནི། རླུང་རོ་ལན་གསུམ་བུས་ལ་ལྟོ་བ་ཅུང་ཟད་གཅེར། ལྕེ་རྐན་ལ་སྦྱར། མིག་ཅུང་ཟད་བགྲད། སྤྱི་བོ་ས་ལ་ཐུག་པ་སྟེ་རླུང་ཧའི་གདངས་ཀྱིས་དྲངས་ཤིང་། རྔུབ་སྟེ་རོ་སྟོད་སྦུབ་ཅིང་སིབ་ཀྱིས་མནན། སྟེང་འོག་གི་རླུང་ཁ་སྦྱར་ལ། སེམས་ཀྱི་དམིགས་པ་ཐུགས་རྡོ་རྗེའི་གདན་གྱི་པད་འདབ་རྣམས་འདར་ཁྲི་ལི་ལི་གཡོ་བར་བསམ་མོ། །མི་ཐུབ་དལ་བུས་བཏང་། ཡང་སྤྱི་བོར་ས་ལ་ཐུག་པར་རྔུབ་སྟེ། རླུང་ས་ལེན་མ་བྱ་བ་ཡིན་གསུངས། དེ་ལྟར་རྩ་བའི་འཁྲུལ་འཁོར་བདུན་དང་བསྲེལ་ཞིང་སྒོམ་པས་སྣང་བ་དཀར་དམར་ལམ་པ་འོང་ཞེས་པའི་དོན་དཀར་ལམ་ལམ་བྱུང་ན་འོང་བའི་རྟགས་དམར་ལམ་ལམ་བྱུང་ན་མི་འོང་བའི་རྟགས། ཟས་བཅུད་ཅན་བཏང་ཞིང་སྒོམ། ལྟེ་བར་དམིགས་པ་མང་པོ་སྒོམ་པས་གལ་ཏེ་རྣམ་ཤེས་འཕོ་བ་སྙམ་བྱེད། སྙིང་ག་ཚ་ལམ་ལམ་བྱེད་ན་བཙན་འཕྱོང་བཏང་། འོ་དོད་འབོད། དེས་ངེས་པར་སེལ་ལོ། །གཉིས་པ་ཡན་ལག་གི་དམིགས་པ་ནི། འབར་དང་གཡོ་དང་བརྟན་པ་དང་། ཞེས་པའི་དོན་ཉམས་སུ་ལེན་པ་ཡིན་ཏེ། ལུས་སྐྱིལ་ཀྲུང་། ལག་པ་མཐེ་བོས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ལ། སེམས་ཀྱི་དམིགས་པ་ལུས་ཀྱི་སྤྱི་གཙུག་ནས་གསང་གནས་ཀྱི་བར་ལ། རྩ་དབུ་
༤༣༠མ་སྦོམ་ཕྲ་གྲོ་སོགས་ཙམ་ཁ་དོག་དམར་པོ་ཡ་ཡོ་དང་ཁྱག་ཁྱོག་མེད་པ་ཐད་ལ་པི་རི་བ་གཅིག་བསམ། རྡོ་རྗེའི་རྩ་བར་བདུད་བཞིས་ཟིལ་གྱིས་མི་གནོན་པའི་ཧཱུྃ་མེ་འབར་བ་མགོ་བོ་གྱེན་བསྟན་ཅིག་བསམ། སྤྱི་གཙུག་ཏུ་བྱང་སེམས་ཀྱིས་གང་བའི་ཧཾ་མགོ་ཐུར་བསྟན་ཅིག་བསམ། མགོ་ས་ལ་བཏུད་དེ་རླུང་སྣ་བུག་གཉིས་ནས་རྔུབ་ལ་ཁ་སྦྱར་བས་ཧཱུྃ་ལས་ཧཱུྃ་མེ་འབར་བ་མང་པོ་མཆེད། དབུ་མར་ཡར་མར་ཁྲོལ་ཁྲོལ་སོང་བས་ཧཾ་གི་བྱང་སེམས་ལ་ཞུ་བས། སྤྱི་བོའ་རྩ་འདབ་སོ་གཉིས་མེར་གྱིས་གང་བར་བསྒོམས་ཏེ། དེ་ནས་ཧཱུྃ་དེ་ཐེམ་བུ་བཀག་པ་བཞིན་བསམ། མར་འཛག་པ་ལྟ་བུ་ནི་མ་ཡིན་ནོ། །སྐབས་སུ་མན་ངག་བཞིན་ཧ་རིང་བགྲང་། དེ་ལ་གསལ་བ་དང་། མགྲིན་པ་སྙིང་གའི་འཁོར་ལོ་རྣམས་ཀྱང་གང་བར་བསམ། མཐར་ལུས་ཐམས་ཅད་གང་བར་བསྒོམས་ཏེ། བདེ་བཞིན་དུ་སྟོང་། སྟོང་བཞིན་དུ་བདེ་བ། བདེ་སྟོང་གཉིས་མེད་དུ་བསམ། དེ་ལྟ་བུའི་ལྷའི་སྐུ་འཇའ་ཚོན་ལྟ་བུ་ལ་དམིགས་པ་གཏད་དོ། །ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང་། དེ་དག་གི་སྐབས་སུ་རྡུལ་ཆེར་བྱུང་ན་ལག་པས་སྐེམ་མཉེ། སྟེང་དུ་གཅུན་དྲག་པས་སྣ་ཁྲག་བྱུང་ན་གན་རྐྱལ་དུ་ཉལ་ཏེ། ཅུང་ཟད་མིག་ལ་ལག་པ་གཉིས་ཁུ་ཚུར་མགྲིན་པར་བརྐྱང་བས་འཆད། དེས་མ་ཆད་ན་སྒྲོ་བ་འཁྱིག་པ་ལག་ལེན་བཞིན་བྱ། འཛག་པ་བྱུང་ན་དབང་བཞི་པའི་ལག་ལེན་བཞིན་ནོ། །དེ་ལྟར་རྩ་བ་དང་ཡན་ལག་གི་དམིགས་པ་རེས་མོས་སུ་བསྒོམས་ཏེ་དངོས་གཞིའོ། །གཞན་རྣམས་ནི་འཁྲིད་ཡིག་ཏུ་གསལ་ལ་འཁྲིད་ཡིག་ཏུ་གློ་བ་སྟེང་དང་། མཆིན་པ་འོག་ཏུ་བསྒོམ་པར་གསུངས་ལ། འདིར་སྟེང་འོག་བརྗེ་བ་ནི་བླ་མའི་མན་ངག་དང་། སྙིང་རྩ་འབྲེལ་བས་ལས་དང་པོ་ལ་སྙིང་གྱེན་དུ་བསླང་བའི་
༤༣༡དམིགས་པ་བདེ་བའི་ཕྱིར་ཡིན་གསུངས། འཕྲུལ་འཁོར་སོ་གཉིས་ནི་རྩ་བ་ནས་མ་བཤད་པས་ཅིས་ཀྱང་དགོས་པ་མ་ཡིན་ལ། བྱས་ན་འགལ་བ་མེད་ཅེས་གསུངས་སོ། །ལམ་སྦས་ཏེ་བཤད་པའི་མན་ངག་གི་སྙིང་ཁུ་རྗེ་བཙུན་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའ་གསུང་ལས་ཇི་ལྟར་བྱོན་པ་བཞིན། བྱ་བཏང་པ་མ་ཏིའི་མིང་ཅན་གྱིས་རང་གི་བརྗེད་བྱང་ཙམ་དུ་ཡི་གེར་བཀོད་པ་ལ། ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛད་ནས་བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་གི་ལམ་ཟབ་མོ་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་བར་དུ་གཅོད་པ་ཞི་ཞིང་། རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

༄༅། །རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲ་བ་བཞུགས་སོ༎ ༎

༨༧རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲ་བ་བཞུགས་སོ།། །།
༨༨དགོངས་པ་བརྡ་དང་སྙན་བརྒྱུད་ལ། །གུས་པས་བཏུད་དེ་ཕྱག་འཚལ་ནས། །རབ་ཏུ་སྤྲོས་པ་མེད་པ་ཡི། །དབང་བསྐུར་ཆོ་ག་བཤད་པར་བྱ། །དེ་ལ་རབ་ཏུ་དབེན་པའི་གནས་སུ་རིན་པོ་ཆེ་དང་། འབྲུ་དང་། སྨན་དང་། དྲི་དང་། སྤོས་ཀྱི་མཎྜལ་ཚན་པ་ལྔ་གྲལ་ཐབས་སུ་བཀོད་པའི་མཐར། ཕྱི་ནང་གི་མཆོད་པ་དང་ཚོགས་ཀྱིས་ཉེ་བར་མཛེས་པར་བྱའོ། །ཤིན་ཏུ་སྤྲོས་མེད་དང་དུས་མཉམ་དུ་བྱེད་ན། མཆོད་པའི་མཎྜལ་དང་གཅིག་ལས་ལོགས་སུ་བཤམ་མི་དགོས་ལ། གཞན་དུ་དགོས་སོ། །འདི་དག་རས་དཀར་དྲི་མ་མེད་པའི་སྟེང་དུ། དར་ཚོན་ཁ་དོག་མི་གཅིག་པ་ལྔ་བཏིང་བ་ལ་སྐུད་རིས་སམ། རེ་ཁཱས་ཟླུམ་སྐོར་ལྔ་ཚན་ལྔ་པ་བྱས་པའི་དབུས་མཐིང་ཁ་ལ་རིན་པོ་ཆེ། དེའི་གཡས་ཀྱི་དཀར་པོ་ལ་མེ་ཏོག །དེའི་རྩར་སེར་པོ་ལ་འབྲུ། གཡོན་གྱི་དམར་པོ་ལ་སྨན། དེའི་རྩར་ལྗང་གུ་ལ་དྲི་དང་སྤོས་རྣམས་བཀྲམ་པར་བྱ་བ་ནི་ཕྱག་ལེན་དུ་མཛད་པའོ། །དེ་ནས་སློབ་མ་རྣམས་གྲྭི་དང་སྨན་སྤོས་ཀྱིས་ཁྲུས་བྱས་ལ། བླ་མས་ཤར་དུ་གཟིགས་པ་ལ་ཕྱག་འཚལ་ཏེ།
༨༩ཁ་ནུབ་ཏུ་ཕྱོགས་པས་འཇིག་རྟེན་ཐམས་ཅད་རིན་པོ་ཆེ་ལ་སོགས་པས་གང་བར་དམིགས་ཏེ། མཎྜལ་ལྔ་ཚན་རྣམས་རིམ་གྱིས་ཕུལ་བས། མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་སྤྱོད་ཅིང་། ཁྱད་པར་དུ་རིན་པོ་ཆེའི་ཡོན་ཏན་གྱིས་ཆོས་ཟད་མི་ཤེས་པ་ལ་སྤྱོད། དྲིས་ཆོས་ཉིད་དག་པའི་གསུང་དབྱངས་ལ་སྤྱོད། སྨན་གྱིས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བའི་བདེ་བ་ལ་སྤྱོད། སྤོས་ཀྱིས་ཏིང་ངེ་འཛིན་བྱང་ཆུབ་ཀྱི་རོ་ལ་སྤྱོད། འབྲས་བུས་འབྱོར་པ་མཐའ་ཡས་པ་ལ་སྤྱོད་པའོ། །ཞེས་ཕན་ཡོན་ཀྱང་བཤད་དོ། །དེ་ནས་དབང་དངོས་ལ་བཞི་སྟེ། དཀྱིལ་འཁོར་དུ་འཇུག་པའི་རིམ་པ། ཞུགས་པའི་དབང་། དབང་ལས་ཐོབ་པའི་ངོ་སྤྲོད། དབུགས་དབྱུང་ཞིང་དགའ་སྟོན་བྱ་བའི་རིམ་པའོ། །དང་པོ་ལ་གསུམ་ལས། དྲིས་ལན་གྱིས་རྗེས་སུ་གནང་བ་སྦྱིན་པ་ནི། བླ་མས་བུ་ཁྱོད་སུ་ཡིན་ཞེས་པ་གསུམ་གྱི་ལན་དུ། བདག་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ལགས། ཞེས་པ་གསུམ་བརྗོད་པ་དང་། བླ་མས་དེ་ལྟར་ཡིན་ཕན་ཆད། སེམས་
༩༠ཉིད་གདོད་མ་ནས་སྐྱེ་མ་མྱོང་བའི་དཀྱིལ་འཁོར་འདི་ཉིད་དུ་ཞུགས་ཤིག །ཅེས་བརྗོད་དོ། །གསོལ་བ་གདབ་པ་ནི། དེ་ནས་སློབ་མས་ཐལ་མོ་སྦྱར་ཏེ། །ཀྱེ་ཀྱེ་བླ་མ་རྡོ་རྗེ་འཛིན་པ་ཉིད། །བདག་ལ་རབ་ཏུ་དགོངས་སུ་གསོལ། །བདག་ནི་ཁམས་གསུམ་འཁོར་གནས་སུ། །ཡུན་རིང་གནས་པས་དྲན་ཉམས་ཏེ། །འཁོར་བ་ཉིད་ལས་བརྒལ་དོན་དུ། །བླ་མ་ལ་ཡང་ཞུ་བར་བགྱིད། །བསྐལ་པ་བརྒྱ་ཕྲག་དུ་མར་ནི། །བདག་ནི་ཡང་ནས་ཡང་འཁོར་བས། །རྡོ་རྗེ་སེམས་དཔའ་ཡེ་ཤེས་རང་བྱུང་ཉིད། །རྨེད་དང་རྩ་བ་བཅད་པས་སངས་རྒྱས་སེམས་ལས་བྱུང་། །སེམས་ཀྱི་དམ་པ་བདག་ལ་བསྟན་དུ་གསོལ། །ཞེས་པ་གསུམ་བརྗོད་དོ། །སེམས་ཉིད་ཀྱི་རང་བཞིན་བསྟན་པ་ནི། །དེ་ནས་སློབ་མས་མ་ཡེངས་པར་བླ་མའི་ཐུགས་ཀར་ཅར་རེ་བལྟས་ནས་ཡེངས་པའི་མཚམས་སུ། བླ་མས་དྲག་ཤུལ་དང་བཅས་པས། སེམས་གང་ཡིན་ཞེས་ལན་གསུམ་བརྗོད་པས། བར་དེར་ཧད་དེ་སལ་ལེ་གཟུང་འཛིན་མེད་པའི་ཤེས་པ་རང་བབ་ཅིག་ཕྱམ་གྱིས་ཤར་བ་ནི་ཆོས་སྐུའི་དགོངས་པ་སྟེ་ཡེ་ཤེས་དབབ་པའོ། །དཀྱིལ་འཁོར་གསུམ་དུ་ཞུགས་པའི་དབང་ལ་གསུམ་ལས། སྤྲུལ་སྐུའི་དཀྱིལ་འཁོར་དུ་ཞུགས་པའི་དབང་ནི། སློབ་མ་རྣམས་སེང་གེའི་འདུག་སྟངས་དང་བསྟུན་ཏེ། མིག་ཐད་དྲང་དུ་ཧ་རེ་བ་གླང་ཆེན་ལྟ་སྟངས་ལས། རིག་པ་འོད་ཀྱི་གོང་བུ་སྐར་མདའ་ལྟར་ཤར་ཕྱོགས་སུ་འཕངས་ཏེ། སེང་གེའི་མཆོངས་སྟབས་སུ་བྱས་པའི་མཐར། ཆོས་ཉིད་སྐྱེ་བ་མེད་པའི་ངང་ལ་བཞག་པའི་རིམ་པ་རྣམས། བླ་མའི་གསུང་གསལ་ལ་སྙན་པས་བརྗོད་པའི་རིམ་པ་བཞིན་ཡིད་གཏོད་ཅིག །ཅེས་དམིགས་པ་ཕོག་པས། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་
༩༡ཁམས་ཞེས་བྱ་བ་ཤིན་ཏུ་མཛེས་ཤིང་། ཉམས་དགའ་བ་ཡིད་དུ་འོང་བ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ཞེས་བྱ་བ། སྐུ་མདོག་མཐིང་ཀ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡབ་ཡུམ་གཉིས་སུ་མེད་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་། རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ་སེང་གེའི་མཆོངས་སྟངས་ཀྱིས་མཆོངས་ཤིག །ཨ་ཨ་ཨཱཿ ཞེས་སྐུ་གསུམ་ལས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ། །ཡང་སློབ་མ་རྣམས་ལྷོར་བལྟས་ལ་གླང་པོ་ཆེའི་འདུག་སྟངས་དང་བསྟུན་ཏེ། མིག་ཐད་དྲང་དུ་དྲིལ་ནས། སྔ་མ་ལྟར་རིག་པ་དཔལ་དང་ལྡན་པའི་ཞིང་དུ་འཕགས་ཏེ་སྐེད་པ་སྙེངས་ཀྱིས་མཆོངས་པས་སླེབས་ནས། སྐྱེ་མེད་དུ་གློད་པའི་རིམ་པ་རྣམས་ཚིག་གི་ཕྱིར་སེམས་གཞོལ་དུ་འཇུག་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །ལྷོ་ཕྱོགས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ། སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡབ་ཡུམ་གཉིས་སུ་མེད་པ། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་། རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་སེང་གེའི་ལྟ་སྟངས་ཀྱིས་ལྟོས་ལ་སྟག་མོའ་མཆོངས་སྟངས་ཀྱིས་མཆོངས་ཤིག །ཨ་ཨ་ཨཱཿ ཞེས་ཕྱིར་
༩༢མི་ལྡོག་པའི་རྒྱས་གདབ་བོ། །ཡང་ནུབ་ཏུ་ཁ་བལྟས་ལ་དྲང་སྲོང་གི་འདུག་སྟངས་དང་མིག་གཡོན་ཟུར་ནས་ཁད་ཀྱིས་ཐད་དྲང་དུ་ཁྲིད་ལ་རིག་པ་འཕངས་ལ་ཞིང་ཁམས་སུ་བྱ་ལྡིང་ཐབས་ཀྱིས་མཆོངས་ལ། ཚིག་གིས་གསལ་གདབ་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །ནུབ་ཕྱོགས་ན་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཞེས་བྱ་བ། སྐུ་མདོག་དམར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡབ་ཡུམ་གཉིས་སུ་མེད་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་། རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དཔལ་ཆེན་གྱི་རྔམས་སྟབས་ཀྱིས་ལྟོས་ལ། ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་སོངས་ཤིག །ཨ་ཨ་ཨཱཿ ཞེས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ། །ཡང་བྱང་དུ་བལྟས་ཏེ་བྱ་རྒོད་ཀྱི་སྤུངས་སྟངས་དང་བསྟུན་ལ། མིག་གྱེན་དུ་ལྡོག་ནས་ཞིང་ཁམས་ཡིད་ལ་བྱེད་པས། ལག་པའི་ཁུ་ཚུར་སྙིང་ག་ནས་ཕྱིར་འཕངས་པ་དང་མཆོངས་པ་མཉམ་དུ་བྱ་བའི་ཚུལ་གྱིས། ཚིག་གི་ཕྱིར་སེམས་གཞོལ་བ་སྙམ་དུ་གསལ་གདབ་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །འདི་ནས་བྱང་ཕྱོགས་ན་ལས་རབ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ། སྐུ་མདོག་ལྗང་གུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡབ་ཡུམ་གཉིས་སུ་མེད་པ། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་
༩༣རྒྱས་ཇི་སྙེད་ཅིག་བཞུགས་ཤིང་། རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་རྡོ་རྗེ་འཆང་གི་ལྟ་སྟངས་ཀྱི་ལྟོས་ལ། གློག་དམར་གྱི་འགྱུ་སྟངས་ཀྱིས་སོངས་ཤིག །ཨ་ཨ་ཨཱཿ ཞེས་རྒྱས་གདབ་བོ། །དེ་དག་ནི་རང་སྣང་རིག་པའི་དཀྱིལ་འཁོར་གྱི་སྒོ་བཞི་ནས་འཇུག་པ་སྟེ། ཚེ་འདིར་ཉམས་སུ་བླང་ལོང་མ་བྱུང་བ། རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེས་ནས་གྲོལ་བའི་དགོས་པ་ཡོད་དོ། །ལོངས་སྐུའི་དཀྱིལ་འཁོར་དུ་ཞུགས་པའི་དབང་ནི། རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ལ། མིག་ཧ་རེ་བ་ལས་རྒྱན་སྟུག་པོ་བཀོད་པ་ཡིད་ལ་བྱས་པར་རིག་པ་འཕངས་ནས། སེང་གེ་ལྟར་ཡུད་ཀྱིས་མཆོངས་ཏེ་སྐྱེ་མེད་ཀྱི་ངང་ལ་བཞག་པ་རྣམས་རིམ་པར་གསལ་གདབ་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག །དེ་དག་ཐམས་ཅད་ལས་འདས་པའི་ཕ་རོལ་ན། རྒྱན་ཡོངས་སུ་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ན་ཡེ་ཤེས་ལྔས་ཁྱད་ཅིང་གསལ་བ། རབ་ཏུ་མཉམ་ཞིང་མི་གཡོ་བ་ཉིད་ན། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། དགྲ་བཅོམ་པ་ཟག་པ་ཟད་པ། རིག་པ་དང་ཞབས་སུ་ལྡན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ཞེས་བྱ་བ། འཁོར་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱ་སྟོང་བྱེ་བ་དཔག་ཏུ་མེད་པས་བསྐོར་བ། སེམས་ཉིད་མངོན་པར་འདུས་མ་བྱས་པ་ལ་རོལ་པ་ཞིག་ཡོད་ཀྱིས། བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ་སེང་གེའི་མཆོངས་སྟངས་ཀྱིས་སོངས་ཤིག །ཨ་ཨ་ཨཱཿ ཞེས་སྐུ་གསུམ་ལས་མི་ལྡོག་པའི་རྒྱས་གདབ་བོ། །ཆོས་
༩༤སྐུའི་དཀྱིལ་འཁོར་དུ་ཞུགས་པའི་དབང་ནི། སེང་གེའི་འདུག་སྟངས་ཀྱིས་འདུག་ལ། མིག་གྱེན་དང་ཐུར་དང་འཕྲེད་གཡས་གཡོན་དང་ཐད་དྲང་དུ་བལྟས་ཏེ། རིག་སྟོང་རྗེན་པའི་ཡེ་ཤེས་ལ་གསལ་སྟོང་འཛིན་མེད་ཆེན་པོར་ལྟ་ཞིང་། གསལ་གདབ་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག །དེ་ལས་ཀྱང་འདས་པའི་ཕ་རོལ་ན། རང་གི་སེམས་ཉིད་པས་མདོ་དང་བྲལ་ཞིང་ཚད་མེད་དཔག་ཏུ་མེད་ཅིང་དམིགས་སུ་མེད་པ། སྟོང་ཉིད་གང་དུའང་མ་ཕྱེ་བའི་ཆོས་ཉིད་ཅེས་བྱ་བ་བཞུགས་པས། དེར་བུ་ཁྱོད་རིག་པ་ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་མཐོ་བར་འདུག་ཅིག །དྲང་སྲོང་གི་འདུག་སྟངས་ཀྱིས་གནས་པར་གྱིས་ཤིག །གླང་ཆེན་གྱི་ཉལ་སྟབས་ཀྱིས་སྙོམས་པར་ཉོལ་ཞིག །ལྕགས་སྡོང་གི་འདྲིལ་སྟབས་ཀྱིས་ཁ་སྦུབས་ལ་མཐའ་དྲིལ་ཅིག །སྐྱེས་བུའི་རྒྱངས་སྟབས་ཀྱིས་གན་རྒྱལ་དུ་རྒྱོངས་ཤིག །ཝ་མོའ་ཟུར་འགྲོས་ཀྱིས་སློག་ལ་སོངས་ཤིག །བྱ་རྒོད་ཀྱི་སྤུངས་སྟབས་ཀྱིས་སྒུར་ལྡོག་གིས་སྤུངས་ཤིག །གྱད་ཀྱི་དོར་སྟབས་ཀྱིས་ངལ་གསོས་ལས་ས་ནོན་ཅིག །འབུ་སྲིན་གྱི་ནུར་འགྲོས་ཀྱིས་དབྱིངས་རིག་ལ་ཆགས་པར་གྱིས་ཤིག །སྟག་མོའ་མཆོངས་སྟངས་ཀྱིས་ཉམས་སྣང་ལ་རྩལ་སྦྱོངས་ཤིག །གཡང་མའི་སྤྲུ་ཞས་སྟངས་ཀྱིས་གཟུང་འཛིན་གྱི་བག་ཆགས་ཐམས་ཅད་དུས་གཅིག་ལ་ངོ་བོར་སྤྲུགས་ཤིག །སེང་གེའི་འགྱིང་ཚུགས་ཀྱིས་དབྱིངས་རིག་ལས་ཟུངས་ཤིག །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན་ཅིག །སེམས་ཉིད་སྟོང་པར་གནས་པས་གཞི་ཟུངས་ཤིག །སེམས་ཉིད་རིག་སྟོང་དུ་བསྟན་པས་གནད་ཚུགས་ཤིག །སེམས་ཉིད་མ་འགགས་པར་འགྱུ་བས་རྩལ་སྦྱོངས་ཤིག །སེམས་ཉིད་ཡེ་ཤེས་སུ་གསལ་བས་ལམ་སྦྱོངས་ཤིག །སེམས་ཉིད་
༩༥ཀུན་ལ་ཁྱབ་པས་རྟགས་ཚོལ་ཞིག །སེམས་ཉིད་ཅིག་ཆར་དུ་མྱུར་བས་ལ་ཟློས་ཤིག །སེམས་ཉིད་སྣ་ཚོགས་སུ་མ་འདྲེས་པས་ཤན་ཕྱེས་ཤིག །སེམས་ཉིད་སྣ་ཚོགས་སུ་འཕེལ་བས་མ་ཞེན་ཅིག །ཡེ་ཤེས་ལས་སླར་མ་ལྡོག་ཅིག །ཐིག་ལེ་ལས་སླར་མ་ལྡོག་ཅིག །སྐུ་ལས་སླར་མ་ལྡོག་ཅིག །ཅེས་བརྗོད་ནས། དེ་དག་གི་དོན་ཅུང་ཟད་བཤད་ན། སྤྲུལ་སྐུ་དང་། ལོངས་སྐུའི་འཆར་གཞི་ནི་ཆོས་སྐུ་ཡིན་པས། དེ་གཉིས་ལས་འདས་པ་ཞེས་བྱའོ། །ཞིང་ནི་སེམས་ཉིད་ཡེ་ནས་སྟོང་པས་ན། སྟོང་པ་ནི་རང་རིག་གི་ཡེ་ཤེས་ཏེ། འདུག་སྟངས་ངང་གཟིགས་སྟངས་གཅུན་ནས་ཉམས་སུ་བླངས་པས་རང་ཤར་དུ་རང་ངོ་ཤེས་ནས་གཞི་ཐོག་ཏུ་གྲོལ་ལོ། །དེ་ཡང་ཉམས་ཀྱི་རིམ་པ་དང་མཐུན་པར་རིག་སྟོང་གི་སེམས་ཉིད་ངོ་ཤེས་པས་ཐག་ཆོད། རང་ཤར་རང་གྲོལ་དུ་རྩལ་སྦྱོངས། གསལ་སྟོང་དང་དྭངས་སུ་ལྷུན་གྱིས་ཞོག །གང་ཤར་རྗེས་མེད་དུ་ཉམས་སུ་ལོངས། རང་གྲོལ་ཡེ་བབས་སུ་ལ་ཟློས། ཤར་ནས་ཡེངས་མེད་དུ་ངོས་བཟུང་། བདེ་གསལ་རྟོག་མེད་ཀྱི་ཉམས་ལ་མ་ཞེན་ཅིག །དེ་ལྟར་ཉམས་སུ་བླངས་པས་འབྲས་བུ་སྐུ་གསུམ་རང་ཆས་སུ་འཆར་བར་སླས་མ་ལྡོག་ཅིག །ཅེས་བཤད་དོ། །དོན་གསུམ་པ་དབང་ལས་ཐོབ་པའི་ངོ་སྤྲོད་ནི། སྐུ་གསུམ་གྱི་བཞུགས་སྟངས་དང་གཟིགས་སྟངས་རིམ་པས་བསྟུན་དུ་བཅུག་ལ། ལན་གསུམ་དུ་གསལ་བར་བརྗོད་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ། །སེམས་ཉིད་ངོ་བོར་སྟོང་ལ་རང་བཞིན་ཡེ་ཤེས་ལྷག་མཐོང་གི་དོན་ཉོན་ཅིག །སེམས་ཉིད་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའ་གཞི་ཡེ་ཤེས་ལྔར་སྒྱུར་ཅིག །སེམས་ཉིད་སྟོང་པ་ཡེ་ཤེས་ཟང་ཐལ་གྱིས་མ་རིག་པ་སོལ་ཅིག །སེམས་ཉིད་བློ་རིམ་དང་འཇུག་པའི་ཐེག་པ་ཐ་དད་ཀྱི་མཐར་ཐིག་ལེ་ཉག་གཅིག་
༩༦ཏུ་སྡུས་ཤིག །སེམས་ཉིད་སྟོང་པ་མཐའ་བྲལ་ཐིག་ལེ་ཡོངས་རྫོགས་ལ་ཆོས་ཀྱི་ཕུགས་གཏོད་ཅིག །སེམས་ཉིད་ཟུང་འཇུག་དབྱེར་མེད་རང་སྣང་ལྷུག་པས་དོན་གྱི་གནད་ཁྲོལ་ཞིག །སེམས་ཉིད་དབྱིངས་རིག་རྣམ་དག་སྨིན་མཚམས་འོད་གསལ་ལ་རླུང་རིག་བཅུད་ལ་བོར་ཞིག །གང་ཞེ་ན། མགྲིན་པ་ཨེན་ཙམ་དགུག །མིག་གྱེན་ལ་ལྡོག །རླུང་རང་སོར་བཅད། ལག་པ་གཡས་པས་མིག་མནན་ལ། མིག་གཡོན་པ་ནམ་མཁའ་ལ་བལྟས་པས་ཡེ་ཤེས་ཀྱི་སྣང་བ་འཕེལ་ལོ། །སེམས་ཉིད་ཆོས་སྐུ་མ་བཅོས་རང་བྱུང་རྣལ་མ་ལ་ཕྱི་ནང་གཅིག་ཏུ་གཞི་ཕོང་ཅིག །སེམས་ཉིད་མ་འདྲེས་ཡོངས་རྫོགས་ཉག་གཅིག་ཕྱོགས་བྲལ་ལས་སླར་མ་ལྡོག་ཅིག །སྤྲུལ་སྐུར་སོང་ཞིག །ལོངས་སྐུར་སོང་ཞིག །ཆོས་སྐུར་སོང་ཞིག །ཆོས་སྐུ་ལ་མ་འཛིན་སླར་མ་ལྡོག་ཅིག །ལོངས་སྐུ་ལ་མ་འཛིན་སླར་མ་ལྡོག་ཅིག །སྤྲུལ་སྐུ་ལ་མ་འཛིན་སླར་མ་ལྡོག་ཅིག །ཅེས་དང་པོས་སྤྲུལ་སྐུའི་བཞུགས་སྟངས་དང་གཟིགས་སྟངས་བསྟན་ནས། བར་ལ་གཞན་དེ་དང་འདྲ་བ་ལས། མགྲིན་པ་ཐད་དྲང་ལ་བཞག །མིག་ཅུང་ཟད་དབབ་ཅེས་གོ་བརྗེའོ། །ཐ་མལ་དེའི་ཚབ་ཏུ་མགྲིན་པ་བསྟོད། མིག་ཐད་དྲང་དུ་བལྟ། ཞེས་གོ་བརྗེའོ། །དེ་དག་གི་དོན་ཅུང་ཟད་བཤད་ན། སེམས་ནི་ཀུན་ཏུ་རྟོག་པ་འཁོར་བའི་ས་བོན་ལ། སེམས་ཉིད་ནི་མ་འཁྲུལ་དོན་གྱི་ཡེ་ཤེས་སུ་ཡེ་ནས་གནས་པ་ཡིན་པས། སེམས་ཉིད་ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེའི་གདངས་འགག་མེད་ཆེན་པོའ་གནས་ལུགས་ཉག་གཅིག་སྟེ་ངོ་ཤེས་པར་གྱིས་ཤིག །དེ་ཡང་སྔར་ཐུན་མོང་གི་ཐེག་པ་ཨ་ནུ་མན་ཆད་ཀྱི་སྐབས་སུ། སེམས་ཉིད་རིག་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོར་བཟུང་བ་དེ་ཉིད། ཨ་ཏི་རྡོ་རྗེ་སྙིང་པོའ་སྐབས་འདིར་རིག་པ་འོད་གསལ་ལྔ་ལྡན་དུ་ངོ་ཤེས་པར་གྱིས་ཤིག །སེམས་ཉིད་སྟོང་གསལ་རིག་པའི་ཡེ་ཤེས་ཀ་དག་ཆེན་པོས་གཉིས་
༩༧འཛིན་འཁྲུལ་པའི་མ་རིག་པ་རང་སངས་ལ་ཐོངས་ཤིག །སྔར་ཐེག་པ་རིམ་པ་དགུ་སོ་སོར་ཞེན་པའི་བློ་རིམ་ཐམས་ཅད་ཡེ་གྲོལ་གྲུབ་མཐའ་མེད་པའི་ངང་དུ་ཤེས་པར་གྱིས་ཤིག །ཆོས་སུ་ཤར་རོ་ཅོག་མཐའ་འབྲལ་ཐིག་ལེ་ཆེན་པོའ་ངང་ལས་མ་གཡོས་པར་ངོས་ཟུངས་ཤིག །རིམ་པ་གཉིས་མེད་རང་སྣང་ཉིད་ཟུང་འཇུག་ཡེ་ཤེས་ཆེན་པོར་ངོ་ཤེས་པར་གྱིས་ཤིག །གནད་ཀྱིས་མཐོང་བའི་དབྱིངས་རིག་འོད་གསལ་སྨིན་མཚམས་སུ་སྣང་བ་ནས་རིམ་གྱིས་བརྩོན་པར་གྱིས་ཤིག །དེ་ཡང་གཟིགས་སྟངས་དང་། བཞུགས་སྟངས་དང་། རླུང་རིག་གི་གནད་བསྟུན་ནས་ཉམས་སུ་ལོངས་ཤིག །སེམས་ཉིད་ཆོས་སྐུ་རང་བྱུང་ནི་ཀ་དག་ཆོས་ཟད་ཀྱི་དགོངས་པའི་ངང་དྭངས་མ་འདྲེས་ཡོངས་རྫོགས་ལྷུན་གྲུབ་ཀྱི་རང་སྣང་སྟེ། ཁྲེགས་ཆོད་དང་ཐོད་རྒལ་གཉིས་ཀྱིས་ཉམས་སུ་ལོངས་ཤིག །སྐུ་གསུམ་གྱི་རང་སྣང་རིམ་གྱིས་ཤར་བའི་ངང་དུ་སོང་ལ་སྣང་བ་དང་རང་རིག་པའི་ཉམས་ཅི་བྱུང་ཡང་མ་འཛིན་པར་ཟད་པའི་ས་ནས་གདོད་མའི་དབྱིངས་སུ་ཚེ་འདི་ཉིད་ལ་ཕྱིན་པར་གྱིས་ཤིག །ཅེས་ངོ་སྤྲད་ཅིང་དལ་བུས་སོས་དལ་ལ་བཤད་དོ། །འདི་དག་ནི་མངོན་སུམ་རིག་པའི་ངོ་སྤྲོད་དེ། རྩ་བ་དང་ཕྲ་ཏིག་ལས། དེ་ནས་ངོ་སྤྲད་པར་བྱའོ། །ཞེས་པའི་ཚིག་ཙམ་གསུངས་ནས་ངོ་སྤྲད་ལུགས་མ་གསུངས་པས་གནད་ཡིག་ལས་བྱུང་བ་བཞིན་བཀོད་པའོ། །དེ་ཡང་ངོ་སྤྲོད་པའི་རིམ་པ་འདི་ཉིད་མ་བྱས་ཀྱང་འགལ་བ་མེད་དོ། །ཁྲིད་དུ་ངོ་སྤྲད་པ་ཡིན་པའི་ཕྱིར་རོ། །དེའང་ཁྲིད་མི་བྱེད་པའི་དབང་དུ་བྱས་ན་ངོ་སྤྲད་པའོ། །དོན་གསུམ་པ་དབུགས་དབྱུང་ཞིང་དགའ་སྟོན་བྱ་བའི་རིམ་པ་ལ་གཉིས་ལས། དབུགས་དབྱུང་བ་ནི། དབང་འདི་ཐོབས་ནས་མ་རིག་པ་གཞི་ལ་སངས་ཏེ་རིག་པ་ཡེ་ཤེས་སུ་རྒྱས་པས་རང་སྣང་མངོན་སུམ་བསྒོམ་པ་ལ་དབང་ཞིང་། ཉམས་སུ་ལན་ལོང་མ་བྱུང་ཡང་།
༩༨རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེལ། འབྱུང་བའི་གོམས་ཤུགས་ཕལ་པ་རྣམས་བར་དོར་གྲོལ་ཞིང་། མཆོག་རྣམས་ཚེ་འདིར་གྲོལ་བས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་ལ་རང་དབང་ཐོབ་པ་ཡིན་ནོ། །ཞེས་བརྗོད་དོ། །དགའ་སྟན་ནོ། །དབང་གི་རྗེས་ལ་བླ་མ་དང་། དེའི་ཉེ་འཁོར་ན་འཁོད་པའི་རྡོ་རྗེ་སྤུན་སྲིང་རྣམས་ལ་ཚོགས་ཀྱིས་མཆོད་ཅིང་ཡོན་དབུལ་དགོས་ཏེ། མ་ཕུལ་ན་དངོས་གྲུབ་མི་འབྱུང་བའི་ཕྱིར་རོ། །དེ་སྐད་དུ་དབང་རྣམ་པར་ཕྱེ་བ་ལས། འདི་ལྟར་དབང་བསྐུར་དུས་དག་ཏུ། །དགའ་སྟོན་མ་བྱས་མི་འགྲུབ་ཅིང་། །དངོས་གྲུབ་དག་ཀྱང་ཉམས་པར་འགྱུར། །དེ་བས་ཚོགས་ཀྱི་དགའ་བ་བྱ། །ཞེས་སོ། །བྱས་ན་འདི་དང་ཕྱི་མའི་ལེགས་པ་ཐམས་ཅད་འགྲུབ་ཅིང་། ཉེས་པ་ཐམས་ཅད་སེལ་ལ། བསམ་དགུ་ཐམས་ཅད་ཡིད་བཞིན་དུ་འགྲུབ་སྟེ། དེ་ཉིད་ལས། བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །དགའ་སྟོན་ཆེན་པོ་སུས་བྱས་པ། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་སོ། །དེ་ཡང་དབང་གི་དུས་སུ་ཡོ་བྱད་མཆོད་པ་དང་། གཞན་གྱི་དུས་སུ་མཆོད་པ་གཉིས་བསོད་ནམས་ཁྱད་ཆེ་བར། དེ་ཉིད་ལས། གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་སྟོང་བྱེ་བ་གྲངས་མེད་པས། །དབང་གི་དུས་གཅིག་བྱས་པ་ཡི། །བསོད་ནམས་ཚད་མེད་དཔག་ཏུ་མེད། །ཅེས་སོ། །དེའི་དུས་སུ་བླ་མ་དེ་ལ་ཕྱོགས་བཅུའི་བླ་མ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དབྱེར་མི་ཕྱེད་པར་འདུས་ནས། ངོ་བོ་གཅིག་པའི་དུས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དབང་དུས་ཀྱི་བུད་མེད་གཅིག་ལ་བྱིན་པ་དང་། དུས་གཞན་དུ་ཡེ་ཤེས་ཀྱི་མ་མོ་བརྒྱའམ་རྡོ་རྗེ་ཕག་མོ་ལ་ཚོགས་དགུ་བརྒྱས་མཆོད་པ་གཉིས་བསོད་ནམས་
༩༩འདི་ཆེ་བར། ཕྲ་ཏིག་ལས། མ་མོ་བརྒྱའམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་ལ། །བཟའ་བཏུང་ཅུང་ཟད་བྱིན་པ་ཡི། །བསོད་ནམས་འདི་ནི་མཉམ་པ་ཡིན། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །འཁོར་དང་བཅས་པས་འགྲུབ་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་རབ་ཏུ་སྤྲོས་མེད་ཆོ་གའི་དོན། །ཤིན་ཏུ་གསལ་བར་དེང་སང་ཕྱེ་བ་ཡིས། །བསོད་ནམས་འོད་དཀར་ཀུ་མུ་ཏས་མཚོན་པ། །དེ་ཡིས་འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག །རབ་དཀར་གངས་རིའི་དྲུང་ན་ཟླ་འོད་ལྟར། །ཆེས་དཀར་སྙིང་པོའ་གསལ་བྱེད་དམ་པ་འདི། །ཕྱི་རབས་དོན་དུ་ཀློང་ཆེན་རབ་འབྱམས་ཀྱིས། །གངས་རི་ཐོད་དཀར་མགུལ་དུ་བཀོད་པ་ཡིན། །གསང་བ་སྙིང་ཏིག་གི་དབང་རྣམ་པར་ཕྱེ་བ་ལས། རབ་ཏུ་སྤྲོས་པ་མེད་པ་ཚིག་དབང་རིན་པོ་ཆེའི་གསལ་བྱེད། འོད་ཀྱི་དྲ་བ་ཞེས་བྱ་བ་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

༄༅། །ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་བཞུགས་སོ།། །། །།

༤༢༡

ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་བཞུགས་སོ།། །།

༤༢༢

དཔལ་བཀྲ་ཤིས་རིན་པོ་ཆེ་མྱུར་དུ་བདེ་བ་ཐམས་ཅད་སྦྱིན་པ་དོན་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། རྟེན་གྱི་གང་ཟག་སྐྱེས་བུ་གསུམ་ལ་བློ་སྦྱོང་ཞིང་སྨོན་འཇུག་གཉིས་བླངས་ནས་བསླབ་བྱ་ཤེས་པ་གཅིག་གིས། དང་པོ་སྔོན་འགྲོ་དག་ལ་བསླབ།⁽1764⁾དལ་འབྱོར་ཐོབ་དཀའ་བ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་བསམ། རང་གཞན་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི⁽1764⁾་ཆོས་རྣམས་རྨི་ལམ་སེམས⁽1764⁾འཁྲུལ་པའི་དབང་གིས་མེད་བཞིན་སྣང་བ་ལྟ་བུར་བསམ། དེ་ལྟར་རྟོགས་མཁན་གྱི་བློ་གཉིས་མ་འགགས་པའི་⁽1763⁾མ་སྐྱེས་རིག་པའི་གཤིས་ལ⁽1764⁾ངོས་གཟུང་བྲལ་བར་⁽1764⁾དཔྱོད། དེ་ལྟར་ལུས་སེམས་གཉིས་ལ་དཔྱོད་བྱེད་ཀྱི་⁽1764⁾གཉེན་པོ་ཉིད་ཀྱང་རང་སར་གྲོལ། ཡོད་མེད་དུ་འཛིན་པ་དང་བྲལ་བ། དེའི་རྗེས་ལཐུན་མཚམས་སྒྱུ་མའི་སྐྱེས་པའི་དུས་སུ་འདོར་ལེན་གཉིས་ལ་བརྟེན་ནས⁽1764⁾་སྐྱེས་བུར་བྱ། ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་གཞན་ལ་⁽1764⁾གཏོང་ལེན་གཉིས་པོ་སྤེལ་མར་སྦྱང༌། གཏོང་ལེན་དེ་གཉིས་ཕྱིར་འགྲོ་ནང་འགྲོ་རླུང་ལ་བསྐྱོན་པར་བྱ། ཡུལ་སྡུག་མི་སྡུག་བར་མ་གསུམ་དུག་གསུམ་ཆགས་སྡང་གཏི་མུག་མེད་པའི་⁽1764⁾དགེ་རྩ་གསུམ། འཆགས་པ་ལ་སོགས་པའི་སྤྱོད་ལམ་ཀུན་ཏུ་རྗེས་སུ་ཡིད་བར་མ་ཆད་པ་ཚིག་གིས་སྦྱང༌། ཕྱི་སྣོད་ནང་བཅུད་འབྲས་བུ་དུཿཁ་སྡིག་པ་འཁོལ་ཞིང་ཉོན་མོངས་པ་མེད་པ་ཡི། སེམས་ཅན་དང་འབྱུང་བ་ལས་གྱུར་པའི་རྐྱེན་ངན་ཅི་བྱུང་ཐམས་ཅད་བྱང་ཆུབ་ལམ་དུ།⁽1764⁾ཀྱི་གྲོགས་སུ་བསྒྱུར། ཇི་ལྟར་ན་ལེ་ལེན་ཐམས་ཅད་མི་འདོད་པ་ཅི་བྱང་བ་ཐམས་ཅད་གཞན་ལ་མི་བདའ་བར་

༤༢༣

བདག་འཛིན་གཅིག་ལ་བདའ། མི་དང་མི་མིན་དགྲ་གཉེན་ཁྱད་པར་དུ་གནོད་བྱེད་ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། རང་སེམས་ནས་གནོད་བྱ་གནོད་བྱེད་དུ་འཁྲུལ་སྣང་སྐུ་བཞིར་ལག་བཅངས་སུ་བར་མ་ཆད་པ་སྒོམ་པ་ཡིས། སྟོང་ཉིད་ཐམས་ཅད་སེམས་ཀྱི་ངོ་བོ་སྲུང་བ་རྣམས་ཀྱི་ནང་ནས་བླ་ན་མེད། སྦྱོར་བ་ལྷ་དང་བླ་མ་མཆོད་པ་སྡིག་པ་སྦྱོང་བ་གདོན་ལ་མཆོད་པ་ཆོས་སྐྱོང་མཆོད་པ་བཞི་ལྡན་ཐབས་ཀྱི་མཆོག །འཕྲལ་ལ་སྡུག་བསྔལ་དང་ཆགས་སྡང་དྲག་པོ་སྐྱེ་བའི་རྐྱེན་ངན་གང་འདུག་བསྒོམ་དུ་སྦྱར། སེམས་གཅིག་ཏུ་ཉམས་སུ་བླང་བའི་མན་ངག་སྙིང་པོ་མདོར་བསྡུས་པ། སྟོབས་ལྔ་དག་གོམས་པ་ལ་སྦྱར་བར་བྱ་སྟེ་འཕེན་པའི་དཀར་པོའི་ས་བོན་གྱི་གོམས་པའི་སུན་འབྱིན་པའི་སྨོན་ལམ་གྱིའོ། །ཕ་རོལ་དུ་ཕྱིན་པའི་ལུགས་ཀྱིས་ཐེག་ཆེན་འཕོ་བའི་གདམས་ངག་ནི། སྔར་གྱི་སྟོབས་ལྔ་ཉིད་ཡིན་གནས་བརྟེན་པའོ། ཁྱད་པར་དུ་སྤྱོད་ལམ་གྱི་གནད་བཅའ་བ་གཅེས། །ཆོས་ཀུན་དགོངས་པ་གཅིག་ཏུ་འདུས།པས་བདག་འཛིན་དེ་ཐུལ་མ་ཐུལ་བལྟ་བའོ། །དབང་པོ་གཞན་གྱི་ངག་དང་རང་གི་སེམས་དེ་གཉིས་རང་གི་སེམས་ཀྱིས་མ་ཁྲེལ་བ་གཙོ་བོ་བཟུང༌། ཡིད་བདེ་འབའ་ཞིག་རྒྱུན་དུ་བརྟེན། གཉེན་པོ་ཡོངས་ཀྱང་ཐུབ་ན་བློ་འབྱོངས་པ་ཡིན། བློ་སྦྱོང་དེའང་ཁས་བླངས་དང་མི་འགལ། ཐོ་ཅོར་མ་སོང༌། ཕྱོགས་རེང་མ་སོང་བའི་སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། སྔོན་ལ་རང་གཅེས་པར་འཛིན། འདོད་ཐོག་ཏུ་བློ་སྦྱོང་ལས་འབྱུང་ངོ༌། །པའི་འདོན་པ་བསྒྱུར་ལ་མ་བཅོས་པའི་དོན་ལ་རང་སོར་ལུས་ངག་གི་སྦྱོར་བ་བཞག །

༤༢༤

ཡན་ལག་ཉམས་པ་བརྗོད་མི་བྱ། ཁྱད་པར་དུ་ཆོས་སྒོར་ཞུགས་པའི་གཞན་ཕྱོགས་གང་ཡང་མི་བསམ་མོ། །བློ་སྦྱོངས་པས་ཚེ་འདི་དང་ཕྱི་མར་ཐ་ན་སངས་རྒྱས་ཐོབ་པར་འབྲས་བུ་རེ་བ་ཐམས་ཅད་སྲང༌། དུག་དང་འདྲ་བ་བདག་འཛིན་དང་འདྲེས་པའི་དགེ་བ་ཅན་གྱི་ཟས་སྤོང༌། གཞན་གྱི་གནོད་པ་བྱས་པ་ཞེས་འཆད་བའི་གཞུང་བཟང་པོ་མི་བསྟེན། གཞན་གྱི་སྙིང་ལ་གཟེར་བའི་ཤག་ངན་མ་དགོང༌། ཞེ་ལེན་འཇལ་བའི་འཕྲང་མ་སྒུག །མི་དང་མི་མ་ཡིན་དང་བུ་ལ་ཡང་སྐྱོན་གྱིས་གནོང་ལ་མི་དབབ། མི་འདོད་པའི་ཁག་ངན་གཞན་ལ་བཀལ་བ་མཛོ་ཁལ་གླང་ལ་མ་འབྱོ། མགྱོགས་འདོད་པ་ཕྱི་པ་ན་ཡོད་པ་ལ་རང་ལ་སྣང་གཏོད་པ་ཀྱི་རྩེ་མ་གཏོད། ཕམ་བླངས་པས་མཇུག་རང་རྒྱལ་དུ་རེ་བའི་གཏོ་ལོག་མི་བྱ། ལྷ་དང་འདྲ་བའི་བློ་སྦྱོང་བདུད་དུ་མི་དབབ། རང་སྐྱིད་ཀྱི་བར་འདོད་པའི་ཡན་ལག་ཏུ་གཞན་ལ་སྡུག་མ་ཚོལ། ཟས་ལ་སོགས་པའི་རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། ལ་གཞན་མེད་ཀྱི། ཐོག་མ་ནངས་པར་དང་མཐའ་མ་དགོངས་གཉིས་ལ་དཔྱོད་པ་ཡིས་བྱ་བ་གཉིས། རིམ་པ་ལྟར་འབྱོར་པ་དང་རྒུད་པ་གཉིས་པོ་གང་བྱུང༌། ཡང་མི་ཁངས་པ་དང་རང་ཞུམ་པ་མེད་པར་བཟོད་པར་བྱ། གཉིས་པོ་ཆོས་སྤྱི་ནས་བཤད་པའི་དམ་ཚིག་དང་ཁྱད་པར་དུ་འདི་ཉིད་ནས་བཤད་པའི་དམ་ཚིག་སྲོག་དང་བསྔོས་ལ་བསྲུང༌། ཉོན་མོངས་པ་གཉེན་པོ་དྲན་དཀའ་བར་དུ་ཟློག་དཀའ་ཐ་མར་རྒྱུན་བཅད་དཀའ་བ་དཀའ་བ་གསུམ་ལ་བསླབ་པར་བྱ། བླ་མ་འོད་དུ་འཐེན་དགོས་མཚན་ལྡན་རང་གི་བློ་བཀོལ་དུ་བཏུབ་ཕྱི་ནང་གི་མཐུན་རྐྱེན་ཚང་བ་སྟེ། རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང༌། །ཉམས་པ་མེད་པ་བླ་མ་ལ་གུས་པ་བློ་སྦྱོང་ལ་སྤྲོ་བ་ཁས་སླང་སྲུང་སེམས་རྣམ་གསུམ་བསྒོམ། དགེ་སྦྱོང་གསུམ་དང་ལུས་ངག་ཡིད་གསུམ་འགྲོགས་ངེས་སུ་འདུག་པ་འབྲལ་མེད་གསུམ་དང་ལྡན་པར་བྱ། ས་གཅིག་ན་འདུད་པ། རང་ལ་སྡང་བ། རང་གི་ཡིད་དུ་མི་འོང་བ་བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། བློ་སྦྱོང་འདི་བསྒོམ་པའི་དྲིན་དེ་རྐྱེན་གཞན་དག་ལ་ལྟོས་མི་དགོས་པར་དང་བལྟ་བར་མི་བྱ། བློ་སྦྱོང་འདི་སྒོམ་དུས་མི་བཏུབ་པར་བློའམ་རྒྱུ་མཚན་དུ་བྱས་པ་ལོག་ན་དེ་ཉིད་གཉེན་པོར་བསྒོམ། དལ་འབྱོར་ཐོབ་ཅིང་བླ་མ་དམ་པ་དང་མཇལ་བའི་དུས་ལས་དང་གཙོ་བོར་གྱུར་པ་བྱང་སེམས་ད་རེས་གཙོ་བོ་ཉམས་སུ་

༤༢༥

བླང༌། བློ་སྦྱོང་སྤྲོ་དགས་བསླབ་པ་ལ་གོ་ལོག་དྲུག་མི་བྱ། སྦྱོང་མི་སྦྱོང་རེས་འཇོག་མི་བྱ་བཏུབ་མི་བཏུབ་ཚད་ལེན་དུ་མི་བྱ་བར་དོལ་ཆོད་དུ་སྦྱང༌། བདག་འཛིན་སྤོང་ན་རང་རྒྱུད་ལ་དེས་གོས་སམ་མ་གོས། རྟོག་དཔྱོད་གཉིད་ཀྱིས་ཐར་བར་བྱ། སུ་ལ་ཡང་གང་གིས་དགོས་དུས་ནམ་ཡང་ཡུས་མ་སྒོམ། རང་ལ་གཞན་གྱིས་ཇི་ལྟར་བྱས་ཀྱང་སེམས་ཀྱིས་ཀོ་ལོང་མི་བསྡམ། །དགའ་མི་དགའི་རྣམ་འགྱུར་སྟོན་པའི་ངོ་མི་རིག །ཡུད་ཙམ་པ་མི་བྱ། འོར་ཆེ་ཞེས་པའི་ཚིག་གི་གཏོང་རག་ཙམ་ཡང་མ་འདོད། ཕ་ལམ་དང་རྡོ་རྗེ་ཉི་མ་ལྗོན་ཤིང་ལྟར་ང་རྣམ་སྨན་དང་ཕན་སྨན་ཆེན་པོས། འདིའི་རྗོད་བྱེད་དང་བརྗོད་བྱ། ཚིག་དོན་ལ་སོགས་ཤེས་པར་སྒོམ་པའི་དགོས་པ་ལ་སོགས་བྱ། བཅོམ་ལྡན་འདས་ཀྱིས་བྱམས་པ་ལ། བྱམས་པས་སློབ་དཔོན་ཐོགས་མེད་ལ། དེས་དབྱིག་གཉེན་ལ། དེས་ཐིར་མ་ཏི། དེས་ཀུ་སུ་ལུ་ཆེ་བ། དེས་ཀུ་སུ་ལུ་ཆུང་བ། དེས་བླ་མ་གསེར་གླིང་པའོ། །སྙིགས་མ་ལྔ་པོ་བདོ་བ་འདི། བློ་རྨོངས་སྒོམ་པའི་འགལ་རྐྱེན་མང་ལ་དེ་ཙ་ན་བློ་འབྱོངས་པས། བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །ཇོ་བོ་ཆེན་པོའི་ཐུགས་དམ་འཕགས་པ་བྱམས་པ་ནས་བརྒྱུད་པའི་གདམས་ངག་རྫོགས་སོ། །ལྷ་སྡེའི་དང་འབྱོར་རྒུད་ལ་རེས་འགལ་བ། རང་གཞན་ལ་རྒྱུ་སྡིག་པ་ཕྱོགས་སུ་འཛིན་པ་ཐམས་ཅད་སྤང༌། དུས་སྙིགས་མ་ཀུན་སློང་ཉོན་མོངས་པ་ཐམས་ཅད་ཐེག་ཆེན་ལམ་དུ་བསྒྱུར། མི་སྡེ་རྣལ་འབྱོར་ཐམས་ཅད་སྤྱོད་ལམ་དང༌། བྱ་བ་དང་གཏིང་འབྱོངས་ཀུན་ལ་སེམས་ཀྱི་སྐད་ཅིག་མ་སྐྱེས་ཚད་འདིས་ངོ་བོ་སྡུག་བསྔལ་ལ་སོགས་པ་གཅེས། གཏོང་ལེན་གཉིས་དངོས་དང་ཡན་ལག་དམ་ཚིག་དང་བསླབ་བྱ་གཉིས་ཀ་སྦྱངས། རྟག་འཇུན་ལྷ་འདྲེ་རྣམ་གསུམ་ལ་མི་བྱ་བར་བདག་འཛིན་སྤོང་ལེན་དྲག་ཏུ་བྱ། མི་མཐུན་སྒོམ་གྱི་གྲོགས་སུ་བསྒྱུར། གཏོང་ལེན་བསྒོམ་སྙིང་མི་འདོད་པའི་གཞན་གྱི་གནོད་པ་བྱས་སྙམ་པ་ལ་སོགས་པ་རྒྱུ་མཚན་ཐམས་ཅད་གཞོམ་པར་བྱ། རང་གི་རྒྱུད་ལ་ཉེན་བཏགས་ནས་གལ་ཆེ་བ་དེའི་གཉེན་པོ་བརྟེན་པ་ཉོན་མོངས་གང་ཆེ་སྔོན་དུ་སྦྱོང༌། སེམས་ཅན་ཐམས་ཅད་ལ་ཉེ་རིང་བྱམས་སྡང༌། མཐོ་དམན་བེམ་རིག་དང་འདི་ལ་བློ་ལེ་ལན་

༤༢༦

ཐམས་ཅད་གྲོགས་སུ་འགྱུར་བ་དང་གཏམ་ཐོས་པ་ཙམ་གྱིས་ནུས་པ་ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱང༌། ཡོན་ཏན་གཞན་ལས་ཁྱད་པར་འཕགས། གཉིས་པོས་བཤུལ་ཀྱུང་བ་བཞེད་ཀྱིས་དེ་ཉིད་རང་ལ་ཚད་ནས་ཐམས་ཅད་བླང༌། ཡང་དང་ཡང་དུ་ཉམས་སུ་བླང་བ་སླ་བར་བསླབ། ཚེ་མཇུག་ལ་སྨིན་རྒྱུ་རང་གི་རྩ་བའི་མ་ལེན་པའི་གོ་རིམ་རང་ནས་བརྩམས། བདག་གཞན་བརྗེ་བ་བསྒོམ་པ་བྱ་བའི་མཚན་ཉིད་བཏང་བ་ཡིན། འདི་ཕྱི་འཁོར་འདས་ཐམས་ཅད་ལ་ཆགས་ཞེན། འབྱོངས་རྟགས་ཆེན་པོ་ལྔ་ལྡན་ཡིན། འདིར་ངོས་ས་ཐོབ་པའི་རྟོགས་པ་ཡིན་ཀྱང་ད་ལྟ་ནས་བསམ་པ་བྱང་སེམས་དང་གཅེས་པ་བྱས་བཞིན་གྱི་མགྲོན་པོ་མི་བྱ། དག་གསལ་མི་བྱ་ཉེས་སྐྱོན་མི་འབྱུང་བས་རང་གིས། གཞན་ལ་རེ་ལྟོས་མི་བྱ། རྫོགས་སོ། །གཞན་གྱིས་སྡུག་བསྔལ་བྱུང་གིས། །འདུལ་འཛིན་དགེ་སློང་སྒོམ་པ་གཙོ་བོ། །རིགས་མང་པོ་བླང༌། འཁོར་བའི་རྒྱུ་ཐམས་ཅད་ཀྱིས་མ་ཤོལ་བར་བྱ་སྙམ་དུ། མ་འོངས་པ་ལ་རྟག་ཏུ་གོ་བགོ །བརྟན་པ་ཐོབ་ནས་གསང་བ་བསྟན། གཏོང་ལེན་གཉིས་ལ་ཟབ་མོའི་དོན་བདག་དང༌། གཞན་དང༌། སྡིག་སྡུག་བདེ་སོགས་གྲུབ་ལ་མྱོང་བའོ། །བློ་སྦྱོང་གི་གཞུང་རྫོགས་སོ། །མངྒ་ལམ། །

བདེ་བའི་དངོས་གྲུབ་ཀྱི་ལོ་རྒྱུས་ཞེས་བྱ་བ

༢༨༠ རྒྱ་གར་སྐད་དུ། སུ་ཁ་སིདྡྷི། བོད་སྐད་དུ། བདེ་བའི་དངོས་གྲུབ་ཀྱི་ལོ་རྒྱུས་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དེ་ལ་རྒྱ་གར་ཁ་ཆེ་ན་གྲོང་ཁྱེར་ཆེན་པོ་འབུམ་ཚོ་སུམ་ཅུ་སོ་བརྒྱད་ཡོད་པ་ལས། འདི་ནུབ་བྱང་ཁ་ཆེའི་གྲོང་ཁྱེར་བ་ཡིན་ནོ། །དེ་ཡང་གྲོང་ཁྱེར་དེར་བཟའ་མི་གཉིས་ལ་བུ་གསུམ། བུ་མོ་གསུམ་དང་། ཁོ་རང་གཉིས་དང་བརྒྱད་ཡོད་པ་ལས། ཤིན་ཏུ་དབུལ་ཞིང་ཕོངས་པར་གྱུར་ཏེ། རྒྱགས་འབྲས་བུམ་པ་གང་ལས་མེད་པ་ལ་དེ་ཟ་མ་ནུས་པར་ཁ་བཅད་དེ་སྦས་ནས་བཞག་གོ །དེ་ནས་བུ་གསུམ་ལྷོ་ཕྱོགས་སུ་ཟས་འཚོལ་དུ་སོང་། བུ་མོ་གསུམ་བྱང་དུ་སོང་། ཕ་ནུབ་ཏུ་སོང་། དེ་ནས་མ་ལ་དུས་གཅིག་ན། ཤིན་ཏུ་ཕོངས་པ་གཅིག་ཟས་འཚོལ་དུ་བྱུང་ནས། འབྲས་ཀྱི་བུམ་པ་ཁ་ཕྱེ་སྟེ་བཙོས་ནས་བྱིན་ནོ། །དེར་ཕས་ཟས་མ་རྙེད་པར་བཀྲེས་པས་ཉེན་པ་ད་ནི་ཁྱིམ་གྱི་འབྲས་བུམ་པ་གང་པོ་ཟོས་ལ། དེ་ནས་བཙལ་དགོས་སྙམ་ནས་ལོག་པ་དང་། བུ་མོ་གསུམ་གྱིས་ཀྱང་དེ་བཞིན་དུ་ལོག །བུ་གསུམ་ཡང་ལོག །དེར་ཁོང་
༢༨༡ རྣམས་གྲོས་བྱས་པ་བཞིན་དུ་དུས་གཅིག་ལ་ལོག་ནས། ད་ནི་མས་འབྲས་ཀྱི་བུམ་པ་ཁ་ཕྱེ་ལ་བྱིན་ཅིག །བཀྲེས་པས་ཉེན་ཅིང་ཉམ་ཐག་པར་གྱུར་ཏོ། །ཞེས་ཟེར་བ་ལ། མ་ཡིས་སྨྲས་པ། ཁྱེད་རྣམས་ཀྱིས་ཟས་རྙེད་དེ་འོང་སྙམ་ནས། ཤིན་ཏུ་དབུལ་ཞིང་ཉམ་ཐག་པ་ཅིག་ཟས་སློང་དུ་བྱུང་ནས། དེ་ལ་བྱིན་ནས་མེད་བྱས་པས། ཁྱོ་དང་བུ་གསུམ་པོ་མགྲིན་གཅིག་ཏུ་བསྡེབས་ནས། མ་ལ་སྨྲས་པ། ཁྱོད་ཀྱིས་སྔར་ཡང་འདི་ཀ་བཞིན་བྱས་པས། ངེད་རྣམས་སྐྱིད་དུ་མ་སྟེར། ད་ཡང་ཁྱོད་ཀྱིས་ཟས་ཚོལ་བ་དང་མི་འོང་སྟེ། ངོས་ཀྱིས་བསགས་པ་རྣམས་ཀྱང་མེད་པར་བྱས་པས། འདི་ཕྱིར་ཐོན་ཅིག་ཟེར་ནས་ཁྱིམ་ནས་བཏོན་ནོ། །དེ་ནས་རྒན་མོ་དེས་ཁ་ཆེའི་ཡུལ་ནས། ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་ཕྱིན་པ་དང་། ཨོ་རྒྱན་གྱི་མི་རྣམས་ནི། ཕོ་སྐྱེས་པ་ཐམས་ཅད་ནི་དཔའ་བོ། མོ་སྐྱེས་པ་ཐམས་ཅད་ནི་དཔའ་མོ་ཤ་སྟག་ཏུ་འདུག་པ། གནས་དེར་ཕྱིན་པ་ཙམ་གྱིས་རིག་པ་རང་བཞིན་གྱིས་དྭངས་པར་འདུག་སྐད། དུས་དེར་འབྲས་རྩ་བ་དང་འཛོམ་ནས། འབྲས་བསྒྲུབ་པས་
༢༨༢ ཁལ་གཅིག་རྙེད་དོ། །དེ་གྲོང་ཁྱེར་དུ་ཁྱེར་ནས་ཆང་ཚོང་མ་བྱས་སོ། །དེའི་དུས་སུ་ཨོ་རྒྱན་གྱི་ནགས་ཁྲོད་ན། སློབ་དཔོན་ནག་པོ་བིར་ཝ་བ་ཞེས་ཀྱང་བྱ། ཨ་ཝ་བྷཱུ་ཏི་པ་ཞེས་ཀྱང་བྱ་བ་དེས། ཕྱག་རྒྱ་མ་ཨ་ཝ་ན་ཏི་མ་དང་གཉིས་གསང་གཅོད་མཛད་ཅིང་ཡོད་པ་ལས། རྣལ་འབྱོར་མ་དེས་རྟག་ཏུ་ཆང་ཉོར་ཕྱིན་ནོ། །དེ་ནས་རྒན་མོ་ཆང་ཚོང་མ་དེ་ལ་ཡང་སྐབས་སུ་ཆང་ཉོས་པས། ཆང་གཞན་བས་ཞིམ་པ་ཤ་སྟག་བཙོངས་སོ། །དེར་རྒན་མོས་སྨྲས་པ། རྣལ་འབྱོར་མ་ཁྱོད་ཆང་ཉོས་ནས་སུ་ལ་ཁྱེར་བ་ཡིན་བྱས་པས། རྣལ་འབྱོར་མས་སྨྲས་པ། ནགས་ཁྲོད་ན་རྣལ་འབྱོར་པ་བཟང་པོ་ཅིག་བཞུགས་པས་དེ་ལ་འདྲེན་པ་ཡིན་ཟེར། རྒན་མོས་སྨྲས་པ། ད་ནི་ཁྱེད་ལ་ཆང་རིན་མི་འདོད་དོ་ཟེར་ནས། འབྲས་ཆང་ཉིང་བསྲིངས་བྱས་ཀྱིན་བསྐུར་རོ། །དེར་བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ་རིན་མི་དགོས་པར་ཆང་ཞིམ་པོ་ཤ་སྟག་འབྱུང་བ་འདི། ཇི་ལྟར་བྱས་པ་ཡིན་གསུངས་པ་དང་། དེར་སྔར་གྱི་ཆང་ཚོང་མ་དང་མི་འདྲ་བའི་དད་པ་ཅན་ཅིག་འདུག་སྟེ། ངའི་བླ་མ་བཟང་པོ་ཅིགཞིག་ནགས་ཁྲོད་ན་བཞུགས་ཡོད་པས་དེ་ལ་འདྲེན་པ་ཡིན་བྱས་པས། ཆང་ཚོང་མ་དད་པ་སྐྱེས་ནས་བསྐུར་བ་ལགས་ཞུས་པས། བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ་ཅི་ནས་ཀྱང་རྒན་མོ་དེ་ཁམས་གསུམ་ནས་འདྲེན་དགོས་པས་ཁྲིད་ལ་ཤོག་གསུངས་ནས། རྣལ་འབྱོར་མས་རྒན་མོའ་རྩར་ཕྱིན་ནོ། །དེར་རྣལ་འབྱོར་མ་དེས་རྒན་མོ་ལ་སྨྲས་པ། ངའི་བླ་མ་བིར་ཝ་པའི་ཞལ་ནས། ཆང་ཚོང་མ་ཁྲིད་ལ་ཤོག་འཁོར་བ་ནས་འདྲེན་དགོས་གསུངས་པས། ཁྱོད་འདོངས་དང་བྱས་པས། རྒན་མོ་དེ་ཤིན་ཏུ་མོས་ཏེ། འབྲས་ཆང་བུམ་པ་གང་དང་བཅས་ཏེ་མཇལ་དུ་ཕྱིན་ནོ། །རྗེ་བཙུན་བིར་ལྦ་པས་དུས་དེ་ཉིད་དུ་གསང་སྒྲུབ་ལྟེ་བ་
༢༨༣ སྤྲུལ་འཁོར་གྱི་དབང་བཞི་རྫོགས་སུ་བསྐུར། བསྐྱེད་རྫོགས་ཆོས་དྲུག་དང་བཅས་པ། དབང་གི་ཕྲིན་ལས་འདུ་བ་རྣམ་གསུམ་དང་བཅས་པ་གསུངས་པས། དུས་དེ་ཉིད་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་ཏོ། །དེ་ཡང་བུ་ཁྱོ་རྣམས་ཀྱིས་ཁ་ཆེའི་ཡུལ་ནས་བཏོན་པའི་དུས་སུ། ལོ་ལྔ་བཅུ་རྩ་བརྒྱད་ལོན། ཨོ་རྒྱན་གྱི་ཡུལ་དུ་ཕྱིན་ནས་ཆང་ཚོང་ཙ་ན་དྲུག་ཅུ་ཐམ་པ། བིར་ཝ་པ་དང་མཇལ་ནས་དབང་བསྐུར་བྱས་ཙ་ན། དྲུག་ཅུ་རྩ་གཅིག་ལོན་ནོ། །དེར་ནུབ་གཅིག་ལ་གྲུབ་པ་ཐོབ་པའི་སྟོབས་ཀྱིས། དྲུག་ཅུ་རྩ་གཅིག་ལོན་པའི་རྣམ་སྨིན་ལུས་དེ་རང་དག་ལ་སོང་སྟེ། འཇའ་ལུས་སུ་གྱུར་ནས་གཞོན་ཞིང་ལང་ཚོ་དར་ལ་བབ་པ། སྐུ་མདོག་ཤིན་ཏུ་དཀར་བ། དབུ་སྐྲ་སིལ་བུ་སྐུ་རྒྱབ་ནོན་པ། །ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་ལྟ་བས་ཆོག་མི་ཤེས་པ། ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་བཞུགས་པའི་ཡེ་ཤེས་མཁའ་འགྲོ་སུ་ཁ་སིདྡྷི་ཞེས་བྱ་བར་གྱུར་ཏོ། །དེ་ཡང་མཁའ་འགྲོ་མ་དེ་བཅོམ་ལྡན་འདས་བདག་མེད་མར་དངོས་སུ་གྱུར་ཏོ། །བིར་ཝ་པ་དང་དགྱེས་མཛད་ཐ་དད་མེད་པའི་གསང་ཡུམ་ཀྱང་མཛད། ད་ལྟར་ཡང་འདས་གྲོངས་མི་མངའ་བར་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱི་གཟིགས་པ་དུས་དྲུག་རྟག་ཏུ་འཇུག་གོ །དེ་བས་ཀྱང་ཁྱད་པར་སྣང་བ་དག་པ་རྣམས་ལ་ཆོས་གསུངས། གསང་སྒྲུབ་ཉམས་སུ་ལེན་པ་དང་། གསོལ་བ་འདེབས་པ་ཐམས་ཅད་ལ་དངོས་སུ་བྱིན་གྱིས་རློབ་ཅིང་། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་དོ། །དེའི་ཕྱིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེའི་རྣམ་ཐར་དང་། མཚན་ཐོས་པ་ཙམ་གྱིས་ཤིན་ཏུ་མོས་པར་གྱུར་ཏེ། བདག་དད་པའི་ས་བོན་གཏིང་ནས་གཡོས་ཏེ། བདག་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་གྱི་ཕྱོགས་ཐམས་ཅད་
༢༨༤ དུ་ཕྱིན་པས། ཙནྡན་གྱི་སྡོང་པོའ་ནགས་ཀྱི་སྟེང་དུ། ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཇའ་འོད་འཁྱིལ་པའི་དབུས་ན། མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པ་རྒྱང་ནས་མཐོང་ངོ་། །དེ་ནས་དྲུང་དུ་ཕྱིན་ཏེ་ཕྱག་བཙལ། བསྐོར་བ་བྱས་ནས་གསེར་སྲང་ལྔ་ཕུལ་ནས་ཡང་དག་པའི་གདམས་བ་ཞུས་པས། ཐུན་མོང་མ་ཡིན་པའི་དབང་བའི་རྫོགས་པར་བསྐུར། གསང་སྒྲུབ་ཀྱི་བསྐྱེད་རྫོགས་ཆོས་དྲུག་འདུ་བ་གསུམ་ཞལ་གདམས་དང་བཅས་པ་དང་། ཁྱད་པར་དུ་ལོ་ཟླ་ཙམ་གྱིས་སངས་རྒྱ་བའི་གནད་ཁྱད་པར་དུ་འཕགས་པ་དང་། །གསང་སྔགས་ཀྱི་གནད་མ་ལུས་པར་གནང་ངོ་། །བདག་གི་རྩ་བའི་བླ་མ་བཞི་ལ། ཁྱད་པར་དུ་དྲིན་ཆེ་བའི་བླ་མ་སུ་ཁ་སིདྡྷི་ཡིན་ནོ། །དེ་ཡང་དང་པོར་དྲིན་ཆེ་སྟེ་ལུང་མང་པོ་སྟོན། བར་དུ་དྲིན་ཆེ་སྟེ་གསང་ཡུམ་མཛད་དེ་དབང་ཐམས་ཅད་མ་ལུས་པར་ཐོབ། ཐ་མ་དྲིན་ཆེ་སྟེ་དབང་ལག་ལེན་ཞལ་གདམས་དང་བཅས་པ་ཐམས་ཅད་གནང་ངོ་། །དེ་ཡང་བདག་ལ་རྒྱ་བོད་ཐམས་ཅད་དུ་འདུ་འབྲལ་མེད་པར་བྱིན་གྱིས་རློབ་ཅིང་དབང་བཞི་རྫོགས་རྟག་ཏུ་བསྐུར་རོ། །གསང་སྔགས་ཀྱི་གནད་རྣམས་རྒྱུན་ཆད་མེད་པར་གསུངས་པས་ཤིན་ཏུ་དྲིན་ཆེའོ། །ཕྱི་རབས་ཀྱི་བུ་སློབ་རྣམས་ཀྱིས་ཀྱང་གསངས་ནས་གསང་སྒྲུབ་འདི་བསྒྲུབ་པར་བྱའོ། བླ་མ་རྨོག་ལྕོག་པའི་ཞལ་ནས། སྡིང་མར་བསྒྲུབ་པ་བྱས་པའི་དུས་སུ། སུ་ཁ་སིདྡྷི་འདི་ཐོག་མར་ཞལ་མཐོང་། དེའི་དུས་སུ་དབང་བཞི་རྫོགས་སུ་བསྐུར། ཆོས་མང་དུ་གསུངས། དེ་ནས་རྨོག་ཅོག་གི་བྲག་ལོགས་ལ་སྒྲུབ་པ་བྱེད་ཅིང་བསྡད་པའི་དུས་སུ། སུ་ཁ་སིདྡྷི་བྱོན་ནས་ལུང་བསྟན་མང་པོ་མཛད། དེ་ནས་གཟུངབཟུང་ནས་འདུ་འབྲལ་ཅིགཞིག་ཀྱང་མེད་གསུང་ངོ་། །བླ་མ་སྐྱེར་སྒང་པའི་ཞལ་ནས། ངས་ལྷ་ས་འཕྲུལ་སྣང་དུ་ཕྱིན་པའི་དུས་སུ། སུ་ཁ་སིདྡྷི་འདིས་རྫོགས་
༢༨༥ རིམ་གྱི་ཆོས་མང་དུ་གསུངས། དུས་རྟག་ཏུ་དབང་བཞི་རྫོགས་སུ་བསྐུར། འདུ་འབྲལ་ནི་སྐད་ཅིག་ཀྱང་མེད་གསུང་ངོ་། །སངས་རྒྱས་གཉན་སྟོན་གྱི་ཞལ་ནས། སྐྱེར་སྒང་དུ་གྲོ་ཐོན་ནས་བྲག་ཁ་ཅིག་ཏུ་བསྡད་པའི་དུས་སུ། །སུ་ཁ་སིདྡྷི་ཞལ་མཐོང་། རིག་པ་རྟེན་མེད་དུ་ཞོག་དང་རྣལ་འབྱོར་པ། ཞེས་ལན་གསུམ་གསུངས། དེ་ནས་ད་ལྟ་ཡན་ཆོད་དུ་འདུ་འབྲལ་མེད། དབང་བཞི་ཁྱད་འཕགས་ཀྱི་གདམས་པ་མ་ལུས་པ་གནང་། ལུང་བསྟན་མང་པོ་མཛད་དོ། །ཁྱེད་བུ་སློབ་རྣམས་ལོ་ཟླ་ཙམ་གྱིས་སངས་རྒྱ་བར་འདོད་ན། གནས་དབེན་པར་བསྟེན་ལ་གསང་སྒྲུབ་འདི་གསང་ལ་སྒྲུབས་ཤིག་གསུང་ངོ་། །དེ་ནས་རིམ་པ་ལྟར། ཆོས་རྗེ་སྟོན་པ། མཁས་གྲུབ་ཤངས་སྟོན། མཁས་བཙུན་པ། ཁྱུང་པོ་ཚུལ་མགོན། རི་ཁྲོད་རས་ཆེན། ཤངས་པ་དཀར་པོ། སངས་རྒྱས་དཔལ་བཟང་། ནམ་མཁའི་མཚན་ཅན། སྐུ་སྐྱེ་རིན་པོ་ཆེ་སངས་རྒྱས་ཆོས་ཀྱིས་ཀུན་དགའ་བཀྲ་ཤིས་ངག་དབང་རྒྱལ་མཚན་དཔལ་བཟང་པོ་ལ་བརྒྱུད་དེ། དམ་པ་དེས་བདག་བྱམས་པ་རིན་ཆེན་བཟང་པོ་ལ་བརྩེ་བས་གནང་ངོ་།། །།

༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡོངས་སུ་སྡུད་པ་བདུད་རྩིའི་དགའ་སྟོན་བཞུགས་སོ། །

XXX འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡོངས་སུ་སྡུད་པ་བདུད་རྩིའི་དགའ་སྟོན་བཞུགས་སོ། །
XXX དགེ་ལེགས་རྒྱ་མཚོའི་གཏེར་ཆེན་ལས་འཁྲུངས་པ། །དོན་གཉིས་ལྷུན་གྲུབ་ནོར་བུ་རིན་པོ་ཆེ། །འགྲོ་བའི་དགོས་འདོད་མཐའ་དག་ཡོངས་སྐོང་བ། །བརྒྱུད་པའི་བླ་མ་རྣམས་ཀྱི་ཞབས་ལ་འདུད། །གང་གིས་བསྐལ་པ་གྲངས་མེད་སྔོན་རོལ་ནས། །སྤྱན་རས་གཟིགས་དབང་ཐུགས་མཆོག་གཅིག་ཏུ་བསྐྱེད། །མགོན་པོ་དེ་ཡི་ཕྲིན་ལས་རྒྱས་མཛད་པ། །བླ་མེད་གྲུབ་པ་མི་ཏྲའི་ཞབས་ལ་འདུད། །སྤྱན་རས་གཟིགས་ཀྱིས་རྗེས་བཟུང་དེ་ཉིད་དེ། །དེ་ཡི་རྗེས་བཟུང་ཤྲཱི་པུ་ཏྲའོ། །དེ་ཡི་རྗེས་བཟུང་བླ་མ་མཆོག་གི་ནི། །མན་ངག་སྙན་ནས་སྙན་དུ་ལེགས་བརྒྱུད་པའི། །གདམས་པ་འདི་ལ་བློ་བཟོས་མ་བསླད་ཅིང༌། །ཅི་ལྟར་ཞལ་ནས་གསུངས་པའི་རིམ་པ་རྣམས། །འགྲོ་ལ་ཕན་ཕྱིར་བརྗེད་ཐོར་བཀོད་པ་ལ། །བླ་མ་མཁའ་འགྲོས་བདག་རྒྱུད་བྱིན་གྱིས་རློབས། །འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལམ་གྱི་རིམ་པའི་ཁྲིད་སྟོན་པར་བྱེད་པ་འདི་ལ་དོན་བཞི་སྟེ། ཐོག་
XXX མར་གདམས་པའི་བྱང་ཚུལ་དང༌། གཉིས་པ་སྔོན་འགྲོའི་མན་ངག་དང༌། གསུམ་པ་བསྐྱེད་པའི་རིམ་པའི་ཁྲིད་དང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་འབྲེལ་བ་དང༌། བཞི་པ་རྫོགས་པའི་རིམ་པའོ། །དང་པོ་ནི། རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀི་དེ་ཉིད། སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་གི་སྔོན་རོལ་དུ་དགེ་སློང་སྤྲུལ་པ་འོད་དུ་སྐུ་འཁྲུངས་ནས་རྒྱལ་བུ་འཇིག་རྟེན་དབང་ཕྱུག་ལ་ཆོས་བཤད་པའི་བླ་མ་ཡང་ཡིན་ཅིང༌། བོད་ཡུལ་དུ་ཐོན་མི་ས་འབོ་རར་སྐུ་འཁྲུངས་ནས་རྒྱ་གར་དུ་བྱོན་ཅིང་ལོཙྩ་བསྒྱུར། བོད་དུ་ཐུབ་པའི་བསྟན་པ་རྒྱས་པར་མཛད། སླར་ཡང་རྒྱ་གར་གདུལ་བྱ་འདུལ་བའི་དུས་མཁྱེན་ནས། སྐུ་སྐྱེ་བ་བཟུང་ཞིང་སྤྱན་རས་གཟིགས་གྲུབ་པའི་ཚུལ་མཛད་ནས་འཆི་མེད་རྡོ་རྗེའི་སྐུ་ཐོབ་སྟེ། སེམས་ཅན་གྱི་དོན་ལ་རྫུ་འཕྲུལ་ཡ་མ་ཟུང་དུ་མ་དང༌། བཤད་སྒྲུབ་སྨིན་བྱེད་ཀྱི་དབང་དང༌། གང་ལ་གང་འདུལ་གྱི་སྒོ་ནས་སེམས་ཅན་གྱི་དོན་འབད་
XXX མེད་ལྷུན་གྲུབ་མཛད་པའོ། །དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་ཐུགས་དམ་ལྷ་ལྔ་བསྒྲུབས་པས། དེ་རྣམས་གྲུབ་ནས་མངོན་སུམ་དུ་ཞལ་བསྟན་ཅིང༌། སོ་སོའི་བསྐྱེད་རྫོགས་ཀྱི་ཁྲིད་ཀྱི་རིམ་པ་རྣམས་གསུངས་པའོ། །དེའི་ཚུལ་ཡང༌། འཇམ་དཔལ་དབྱངས་སྐུའི་ཁྲིད་ཤེས་རབ་འཕེལ་བྱེད་ཡེ་ཤེས་རྒྱན་གྱི་འཁོར་ལོ། སྤྱན་རས་གཟིགས་གསུང་གི་ཁྲིད་བྱང་ཆུབ་ལམ་གྱི་རིམ་པ་ཐམས་ཅད་ཡོངས་སུ་སྡུད་པ་བདུད་རྩིའི་དགའ་སྟོན། ཕྱག་ན་རྡོ་རྗེ་ཐུགས་ཀྱི་ཁྲིད་བདུད་དཔུང་འཇོམས་བྱེད་འོད་ཟེར་རྒྱས་པ། ཚེ་དཔག་མེད་ཡོན་ཏན་ཀྱི་ཁྲིད་འཆི་མེད་རྡོ་རྗེའི་སྐུ་སྒྲུབ་པའི་ཐབས། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་འཁོར་བའི་འཕྲང་སྒྲོལ་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བའི་ཁྲིད། ཛམ་བྷ་ལ་སེར་པོའི་ཁྲིད་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་སྟེ། ཁྲིད་དྲུག་པོ་འདི་དག་ལྷ་སོ་སོའི་ཞལ་ནས་རང་རང་གི་སྒོ་ནས་ཁྲིད་ཀྱི་རིམ་པ་གསུངས་པའོ། །དེ་ཡང༌། ལྷ་དེ་དག་གི་ཞལ་ནས་ཁྲིད་འདི་དག་ཉམས་སུ་ལོང་ལ་གཞན་ལ་གཅིག་བརྒྱུད་དུ་སྟོན་ཅིག་དང༌། བརྒྱུད་པ་བདུན་གྱི་བར་དུ་བདག་ཅག་རྣམས་ཀྱི་བྱིན་གྱིས་བརླབས་པ་ཡིན་ནོ་གསུངས། ཁྱད་པར་ཁྲིད་འདི་དག་ཉམས་སུ་ལེན་པའི་གང་ཟག་དེ་མི་རབས་བདུན་གྱི་བར་དུ་སྤྱན་རས་གཟིགས་ཀྱི་བྱིན་གྱིས་བརླབས་པ་ཤ་སྟག་ཡིན་ནོ་གསུངས་ནས་ལུང་བསྟན་པའོ། །རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲས་རྗེས་སུ་བཟུང་བ་ནི། པཎྜི་ཏ་ཤྲཱི་པུ་ཏྲ། དེ་ཉིད་ཀྱི་རྗེས་བཟུང་བ་ནི་རྟོགས་ལྡན་གྷིརྟི་རཏྣ། དེའི་བར་ལ་གཅིག་བརྒྱུད་དུ་འདུག་ཅིང༌། མན་ངག་སྙན་ནས་སྙན་དུ་བརྒྱུད་པ་ཡིན་པ་ལ། བདག་གིས་བརྗེད་ཀྱི་དོགས་ནས་ཡི་གེར་བཀོད་པའོ། །དེ་ནི་བརྒྱུད་ཚུལ་ལོ། །གཉིས་
XXX པ་སྔོན་འགྲོ་ལ་གཉིས་ཏེ། ཐུན་མོང་གི་སྔོན་འགྲོ་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལ་བཞི་སྟེ། དལ་འབྱོར་རྙེད་པར་དཀའ་བ་སྒོམ་པ་དང་གཅིག །འཆི་བ་མི་རྟག་པ་སྒོམ་པ་དང་གཉིས། ལས་རྒྱུ་འབྲས་འཁོར་པའི་ཉེས་དམིགས་སྒོམ་པའི་དམིགས་རིམ་རྣམས་ཁྲིད་གཞན་དང་མཚུངས་སོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་ལ་བཞི་སྟེ། ཅི་བྱས་ཐམས་ཅད་ཐར་པའི་ལམ་དུ་འགྲོ་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། སྡིག་སྒྲིབ་ཐམས་ཅད་མྱུར་དུ་དག་པར་བྱེད་པ་ཧྲཱིཿ་ཡིག་བཞི་སྦྱོར་མན་ངག །ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་བཞིའོ། །དང་པོ་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། གྱད་དང་སེང་གེས་བཏེགས་པ། སྣ་ཚོགས་པདྨ་འབུམ་ལྡན་གྱི་སྟེང་ན། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྒྱས་པ། དེའི་དབུས་སུ་རང་གི་རྩ་བའི་བླ་མ་འོད་དཔག་མེད་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་སུ་བཞུགས་པ་བཀའ་བརྒྱུད་བླ་མས་བསྐོར་བ། མདུན་ན་ཡི་དམ་ཐུགས་རྗེ་ཆེན་པོ་ལ་ཡི་དམ་རྒྱ་མཚོས་བསྐོར་བ། གཡས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པ་སངས་རྒྱས་རྒྱ་མཚོས་བསྐོར་བ། རྒྱབ་ཏུ་ཡུམ་ཆེན་མོ་ལ་པོ་ཏི་དང་གླེགས་བམ་དམ་ཆོས་རྒྱ་མཚོས་བསྐོར་བ། གཡོན་ཏུ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་ཉན་ཐོས་མཆོག་བརྒྱད་ལ། ཐེག་ཆེན་ཐེག་དམན་གྱི་དགེ་འདུན་རྒྱ་མཚོས་བསྐོར་བ། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོས་གང་བ། འོག་ཏུ་ཕྱག་དྲུག་པ་དང་བྲག་ལྷ་མགོན་པོ་ལ་སོགས་
XXX ཆོས་སྐྱོང་བའི་སྲུང་མ་རྒྱ་མཚོས་བསྐོར་བ། སྲུང་སྐྱོབ་ཀྱི་ཚུལ་དུ་བཞུགས་པ། དེ་དག་གི་སྐྱབས་ཞབས་ན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཚུད་པར་བསམས་ལ། ངག་ཏུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་ཡི་དམ་རྒྱ་མཚོ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་སངས་རྒྱས་རྒྱ་མཚོ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་དམ་ཆོས་རྒྱ་མཚོ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་དགེ་འདུན་རྒྱ་མཚོ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་མཁའ་འགྲོ་རྒྱ་མཚོ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་ཆོས་སྐྱོང་རྒྱ་མཚོ་ལ་སྐྱབས་སུ་མཆིའོ། །སྐྱབས་འོག་དམ་པར་ཚུད་པར་མཛད་དུ་གསོལ། ཞེས་མང་དུ་བཟླས་ཤིང་མོས་གུས་བསྐྱེད་དོ། །ཚད་མེད་བཞི་སྒོམ། དེ་ནས་སྐྱབས་གནས་དེ་དག་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་པ་ཆུ་ལ་ཆུ་བཞག་པ་ལྟར་མ་བཅོས་པའི་ངང་ལ་འཇོག་པ་ནི། དོན་གྱི་སྐྱབས་འགྲོའོ། །གཉིས་པ་ནི། རང་ཐ་མལ་པར་གནས་པའི་སྤྱི་བོའི་གཙུག་ཏུ་ཧྲཱིཿཡིག་དཀར་པོ་ཚེགས་དྲག་དང་བཅས་པ་ལས་འོད་ཟེར་འཕྲོ་བའི་རང་བཞིན་ཅན་དུ་བསམས། དེ་ལ་བདུད་རྩི་འོ་མ་ལྟ་བུ་བབས་པས། ལུས་ཀྱི་ནང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བཀྲུས། བ་སྤུའི་བུ་ག་དང༌། རྩ་སྒོ་དང༌། ཆུ་སྒོ་རྐང་ཞབས་སེན་མོའི་བར་ནས་དུད་ཁུ་དང་སོལ་ཁུའི་རྣམ་པ་ནག་ནུ་ནུ་རུ་བུད་པར་བསམས་ལ། ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་དཀར་ལྟེམ་གྱིས་གང་བར་བསམ་པ་ནི་སྡིག་པ་དག་པར་བྱེད་པའི་སྦྱོར་བའོ། །གཉིས་པ་ནད་གདོན་དག་པར་བྱེད་པའི་
XXX སྦྱོར་བ་ལ་ལྔ་སྟེ། དང་པོ་ཚད་པའི་ནད་དག་པར་བྱེད་པའི་སྦྱོར་བ་ནི་ཧྲཱིཿཡིག་ལས་བདུད་རྩིའི་རྒྱུན་གངས་ཆུ་དང་ག་བུར་ལྟ་བུ་བསིལ་བའི་ངད་དང་་ལྡན་པའི་ཆུ་རྒྱུན་བབས་པས། ལུས་གྲང་སིལ་སེལ་སོང་བར་བསམས། གཉིས་པ་གྲང་བའི་ནད་དག་པར་བྱེད་པ་ལ་བདུད་རྩི་ཁྲོ་ཆུ་ཁོལ་མ་ལྟ་བུ་ཚ་བའི་རང་བཞིན་བབས་པས། ལུས་མེ་འབར་བ་ལྟ་བུར་ཚ་ཆིལ་ཆིལ་འབར་བར་བསམ། གསུམ་པ་འདུས་པའི་ནད་དག་པར་བྱེད་པ་ལ། བདུད་རྩི་ཁ་དོག་ལྔ་དང་ལྡན་པ་བདེ་བའི་རང་བཞིན་ཅན་བབས་པས། ལུས་བདེ་སྟོང་དུ་ཕྲིལ་ཕྲིལ་སོང་བར་བསམས་པ་ནི། ནད་དག་པར་བྱེད་པའི་སྦྱོར་བའོ། །བཞི་པ་གདོན་དག་པར་བྱེད་པའི་སྦྱོར་བ་ནི་ཧྲཱིཿཡིག་ལས་ཁྲོ་ཆུང་ཕྱག་ན་རྡོ་རྗེ་དང་རྟ་མགྲིན་གྱི་རྣམ་པ་ཅན་ལ། སྐུ་ཆུང་ལ་ཡན་ལག་དོད་པ་སྐྱེ་མཆེད་གསལ་བ། འཇིགས་པའི་གད་མོ་སྒྲོགས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཞལ་ནས་ཧཱུྃ་ཧཱུྃ་དང་ཧ་ཧ་ཕཊ་ཕཊ་ཀྱི་སྒྲ་སྒྲོགས་པར་བྱེད་པ། དཔག་ཏུ་མེད་པར་དུ་མ་བྱུང་ནས། ལུས་ཀྱི་ནང་གི་གདོན་ཐམས་ཅད་བ་སྤུའི་སྒོ་ནས་བུད་པར་བསམས་པ་ནི། གདོན་དག་པར་བྱེད་པའི་སྦྱོར་བའོ། །ལྔ་པ་སྡིག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ནི། ཧྲཱི་ལས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་ཉི་མ་སྟོང་གི་འོད་ལྟ་བུ་འཕྲོས་པས། ལུས་ཀྱི་ནང་གི་སྡིག་སྒྲིབ་པ་ཐམས་ཅད་དག །མུན་པ་ལ་ཉི་མ་ཤར་བ་ལྟ་བུར་སྦྱངས། ལུས་ཀྱི་ནང་འོད་ཟེར་གྱིས་གང་ནས། འོད་ཟེར་སྣ་ལྔ་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ནང་གདོན་སྡིག་སྒྲིབ་དག་པར་བསྒོམས་པ་ནི། སྒྲིབ་པ་ཐམས་ཅད་
XXX སྦྱོང་བར་བྱེད་པའི་སྦྱོར་བའོ། །དེ་དག་གིས་སྐབས་སུ་ངག་ཏུ་ཡང་ཧྲཱིཿའདོན་པར་བྱའོ། །མཐར་རང་ལུས་འོད་དུ་ཞུ་ནས་ཧྲཱིཿལ་ཐིམ། ཧྲཱིཿཡིག་ར་ཏ་ལ། ར་ཏ་ཁོག་པ་ལ། དེ་གི་གུ་ལ། རིམ་གྱིས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་ཀྱི་ངང་ལ་འཇོག་པ་ནི་སྤྱོད་བྱེད་ཆེན་པོའོ། །དེ་དག་གིས་ཧྲཱིཿཡིག་བཞི་སྦྱོར་གི་གདམས་པ་སོང་ངོ༌། །གསུམ་པ་ནི། ཕྱིའི་མཎྜལ་ཞིང་ལ་བཀོད་པ། ནང་གི་མཎྜལ་ལུས་ལ་བཀོད་པ། གསང་བའི་མཎྜལ་རྩ་ལ་བཀོད་པ་དང་གསུམ་ལས། དང་པོ་ཕྱིའི་མཎྜལ་ལ་གཉིས་ཏེ། བསྒྲུབ་པའི་མཎྜལ་དང་མཆོད་པའི་མཎྜལ་ལོ། །དང་པོ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའམ། མ་འབྱོར་ན་ས་གཞི་སྤོས་གྱིས་ཆག་ཆག་གདབ་ལ། ཚོམ་བུ་བཀོད་པ་ནི་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གླིང་བཞི་རི་རབ་དང་བཅས་པའི་སྟེང་ན། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་བང་རིམ་ཏོག་དང་བཅས་པའི་དབུས་སུ། རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་ཟླ་བའི་སྟེང་ན། དབུས་སུ་རང་གི་རྩ་བའི་བླ་མ་སངས་རྒྱས་འོད་དཔག་མེད་ཀྱི་ཆ་ལུགས་སུ་བཞུགས་པ་ལ། བརྒྱུད་པའི་བླ་མས་བསྐོར་བ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། འོག་ཏུ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བཞུགས་པར་བསམས་ལ། ཚོམ་བུ་བཀོད། གུ་རུ་བུདྡྷ། དྷརྨ། སཾ་གྷ་མཎྜལ་ལ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བརྗོད་དོ། །དེ་ནས་མཆོད་པའི་མཎྜལ་ནི། གསེར་དང་དངུལ་ལ་སོགས་པ་རིན་པོ་ཆེའི་མཎྜལ་གྱི་སྟེང་དུ། ཚོམ་བུ་ཉེ་རིང་རན་པར་བཀོད།
XXX མཎྜལ་གཉིས་མེད་ན། བསྒྲུབ་པའི་མཎྜལ་གྱི་ལྷ་རྣམས་མདུན་གྱི་ནམ་མཁར་བཏེགས་ནས་བཞུགས་པར་བསྒོམས་ལ། བསྒྲུབ་པའི་མཎྜལ་དེ་ཀའི་སྟེང་དུ་ཚོམ་བུ་བཀོད་པ་ནི། ཨོཾ་བཛྲ་བྷུ་མི་ཨཱ་ཧཱུྃ། དབང་ཆེན་གསེར་གྱི་ས་བཞི། ཨོཾ་བཛྲ་རེ་ཁེ་ཨཱ་ཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་གི་དབུས་སུ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རི་བོ་མཆོག་རབ། ཤར་ལུས་འཕགས་པོ་ཟླ་གམ་ཤེལ་ལས་གྲུབ་པ་མ་རྨོས་པའི་ལོ་ཏོག་གིས་བརྒྱན་པ། ལྷོ་ཛམ་བུ་གླིང་སོག་ཁ་རིན་པོ་ཆེ་བཻ་ཌཱུརྻ་ལས་གྲུབ་པ་ནོར་བུས་རྒྱན་པ། ནུབ་བ་གླང་སྤྱོད་ཟླུམ་པོ་པདྨ་རཱ་ག་ལས་གྲུབ་པ་འདོད་འཇོའི་བས་བརྒྱན་པ། བྱང་སྒྲ་མི་སྙན་གྲུ་བཞི་རིན་པོ་ཆེ་གསེར་ལས་གྲུབ་པ་དཔག་བསམ་ཤིང་གིས་བརྒྱན་པ། གླིང་ཕྲན་བརྒྱད་ཀྱིས་བསྐོར་བ། ཤར་ལྷོ་གཉིས་ཀྱི་ནམ་མཁར་མེ་ཤེལ་ལས་གྲུབ་པའི་ཉི་མ། ནུབ་བྱང་གཉིས་ཀྱི་ནམ་མཁར་ཆུ་ཤེལ་ལས་གྲུབ་པའི་ཟླ་བ། བྱང་ཤར་གཉིས་ཀྱི་ནམ་མཁར་དུས་མེ་སེར་པོ། ལྷོ་ནུབ་གཉིས་ཀྱི་ནམ་མཁར་སྒྲ་གཅན་ནག་པོ། བར་མཚམས་རྣམས་སུ་འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་སྟེ་རྒྱལ་སྲིད་སྣ་བདུན། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། གསེར་ལས་གྲུབ་པའི་ཉ། རབ་ཏུ་མཛེས་པའི་པདྨ། ཆོས་ཀྱི་སྒྲ་དབྱངས་སྒྲོགས་པའི་དུང༌། གཏེར་ཆེན་པོའི་བུམ་པ། དགོས་འདོད་འབྱུང་བའི་དཔལ་བེའུ། ཆོས་ཀྱི་འཁོར་ལོ་བསྐོར་བའི་འཁོར་ལོ་སྟེ་བཀྲ་ཤིས་པའི་རྟགས་བརྒྱད། གཞན་ཡང་མེ་ཏོག་
XXX མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ་སྟེ་ཕྱིའི་སྒེག་མོ་བཞི། གླུ་མ། གར་མ། ཕྲེང་བ་མ། །སྒེག་མོ་མ་སྟེ་ནང་གི་སྒེག་མོ་བཞི། མདོར་ན་ལྷ་དང་མིའི་ལོངས་སྤྱོད་མ་ཚང་བ་མེད་པ་དུ་མས་ཀུན་ཏུ་གང་ཞིང༌། བདག་གི་ལུས་ལོངས་སྤྱོད་བཅས་པ་འདི་དག་བླ་མ་དཀོན་མཆོག་མཆོད་འོས་རྒྱ་མཚོ་དང་བཅས་པ་རྣམས་ལ་འབུལ་ལོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་ཉི་ཤུ་རྩ་གཅིག་གམ། བཅུ་བཞིའམ། བདུན་གྱི་བར་དུ་འབུལ་ལོ། །གཉིས་པ་ནང་གི་མཎྜལ་ལུས་ལ་བཀོད་པ་ནི། ཨོཾ་བཛྲ་བྷཱུ་མི་ཨཱ་ཧཱུྃ། པགས་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱ་ཧཱུྃ། རྒྱུ་མ་ལྕགས་རིའི་འཁོར་ཡུག །དེའི་དབུས་སུ་སྒལ་ཚིགས་དབུས་ཀྱི་རི་བོ་མཆོག་རབ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང༌། ལག་པ་གཡས་ཤར་ལུས་འཕགས་པོ། རྐང་པ་གཡས་ལྷོ་ཛམ་བུ་གླིང༌། རྐང་པ་གཡོན་ནུབ་བ་ལང་སྤྱོད། ལག་པ་གཡོན་བྱང་སྒྲ་མི་སྙན། མིག་གཉིས་ཉི་མ་དང་ཟླ་བ། རྣ་བ་གཉིས་སྒྲ་གཅན་དང་དུས་མེ། སྣ་གཏེར་ཆེན་པོའི་བུམ་པ། ལྕེ་འདོད་འཇོའི་བ། རྐང་སོར་བཅུ་ཕྱིའི་ལྷ་མོ་བཅུ། ལག་སོར་བཅུ་ནང་གི་ལྷ་མོ་བཅུ། ལྷུའི་ཚིགས་ཆེན་བརྒྱད་བཀྲ་ཤིས་པའི་རྟགས་བརྒྱད། དོན་སྣོད་བདུན་རྒྱལ་སྲིད་སྣ་བདུན། སྐྲ་དང་བ་སྤུ་ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་དག་ཐམས་ཅད་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང༌། དཀོན་མཆོག་ཡི་དམ་མཁའ་འགྲོ། ཆོས་སྐྱོང་གི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །ཐུགས་རྗེས་
XXX འགྲོ་བའི་དོན་དུ་བཞེས་སུ་གསོལ། ཞེས་བརྗོད། གསུམ་པ་གསང་བའི་མཎྜལ་རྩ་ལ་བཀོད་པ་ནི། གསང་གནས་རྩ་མཆོག་དབང་ཆེན་གསེར་གྱི་ས་གཞི། ཡན་ལག་གི་རྩ་རྣམས་ལྕགས་རིའི་འཁོར་ཡུག །དབུས་སུ་དབུ་མ་རི་རྒྱལ་ལྷུན་པོ། སྙིང་ཁ་ཤར་ལུས་འཕགས་པོ། ལྟེ་བ་ལྷོ་ཛམ་བུ་གླིང༌། མགྲིན་པ་ནུབ་བ་གླང་སྤྱོད། སྤྱི་བོ་བྱང་སྒྲ་མི་སྙན། རྩ་རོ་མ་ཉི་མ། རྐྱང་མ་ཟླ་བ། དབུ་མའི་མར་སྣ་སྒྲ་གཅན། ཡར་སྣ་དུས་མེ། སྙིང་ཁ་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། མགྲིན་པ་ལོངས་སྤྱོད་འཁོར་ལོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལྔ། འདོད་ཡོན་གྱི་ལྷ་མོ་ལྔ། རྩ་འདབས་རྣམས་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། ལྷ་མིའི་དཔལ་འབྱོར་མ་ཚང་བ་མེད་པ་འདི་དག་རྩ་བརྒྱུད་ཀྱི་བླ་མ་རྣམས་དང༌། ཡི་དམ་གྱི་ལྷ་ལ་འབུལ་ལོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་རྣམས། །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་རྣམས་དང་ཡི་དམ་ལྷ་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། གུ་རུ་མཎྜལ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་བར་དུ་དབུལ་བར་བྱའོ། །དེ་ནས་མཆོད་པའི་ཡུལ་གྱི་ལྷ་ཚོགས་རྣམས་རང་ལ་བསྟིམས་ནས། ལུས་ངག་ཡིད་གསུམ་མ་བཅོས་པའི་ངང་ལ་མཉམ་པར་འཇོག་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་དག་གིས་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་
XXX སོང་ངོ༌། །བཞི་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ་དོན་བཞི་སྟེ། དང་པོ་བླ་མ་བསྒོམ་པ་ནི། སྤྱི་བོའི་གཙུག་ཏུ་རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སྣ་ཚོགས་པདྨ་འབུམ་ལྡན་དང༌། ཉ་རྒྱས་པའི་ཟླ་བའི་སྟེང་དུ། རང་གི་རྩ་བའི་བླ་མ་དེའི་སྤྱི་བོར་པཎ་ཆེན་ཤྲཱི་པུ་ཏྲ། དེའི་སྤྱི་བོར་གྲུབ་ཐོབ་མི་ཏྲ་ཛོ་ཀི་སྐུ་མདོག་དཀར་པོ་གཡས་གསེར་གྱི་ཌཱ་མ་རུ་སྒྲ་དང་བཅས་པ། གཡོན་དངུལ་དཀར་གྱི་དྲིལ་བུ་སྙན་པའི་དབྱངས་དང་བཅས་པ། རས་དཀར་པོའི་སྨད་གཡོགས་ཅན། རུས་པའི་རྒྱན་དྲུག་གསོལ་ཞིང་སྤྱན་ནམ་མཁའ་ལ་གཟིགས་པ་དེའི་སྤྱི་གཙུག་ཏུ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་སྟེང་ན་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། དེའི་སྤྱི་བོར་འོད་དཔག་མེད་རིགས་བདག་གི་ཚུལ་དུ་བཞུགས་པར་བསྒོམ། བླ་མ་དེ་དག་འཇའ་ཚོན་གྱི་དབུས་ན་སྐུ་གཟི་མདངས་དང་བཅས་པ། གསུང་ཚངས་དབྱངས་བཅས་པ། ཐུགས་བྱིན་རླབས་དང་བཅས་པའི་རང་བཞིན་ཅན་དུ་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཧོཿ་སེར་པོ། དེ་རྣམས་ལས་འོད་ཟེར་དཀར་དམར་སྔོ་སེར་འཕྲོས་པས་ཕྱོགས་བཅུའི་རྩ་བརྒྱུད་གྱི་བླ་མ་ཡི་དམ། དཀོན་མཆོག །མཁའ་འགྲོ། །ཆོས་སྐྱོང་ཐམས་ཅད་འོད་ཟེར་གྱིས་བསྡུས་ནས་བླ་མ་རྣམས་ཀྱི་གནས་བཞིར་ཐིམ་པས། བླ་མ་ཡི་དམ་སངས་རྒྱས། ཆོས། དགེ་འདུན། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་པའི་བདག་ཉིད་དུ་གྱུར་པར་བསྒོམ། གཉིས་པ་མཆོད་པ་
XXX འབུལ་བ་ནི། དང་པོ་ཕྱག་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་ཡིད་ཀྱིས་ཕྱག་འཚལ། ཕྱི་ནང་གསང་གསུམ་གྱིས་མཆོད། ཡན་ལག་བདུན་པས་ཁ་བསྐང༌། གསུམ་པ་གསོལ་བ་འདེབས་པ་ནི། རྒྱལ་བ་འོད་དཔག་མེད་ལ་གསོལ་བ་འདེབས། །མགོན་པོ་སྤྱན་རས་གཟིགས་ལ་གསོལ་པ་འདེབས། །གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གསོལ་བ་འདེབས། །པཎ་ཆེན་ཤྲཱི་པུ་ཏྲ་ལ་གསོལ་བ་འདེབས། །རྟོགས་ལྡན་གཱིརྟི་རཏྣ་ལ་གསོལ་བ་འདེབས། །བླ་མ་ཀུན་འདུས་བླ་མ་རིམ་པོ་ཆེ་ལ་གསོལ་བ་འདེབས། །ཡི་དམ་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །དམ་ཆོས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །དགེ་འདུན་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །དེ་ནས་འདོད་པའི་གསོལ་འདེབས་ནི། དབང་བཞི་རྒྱུད་ལ་བསྐུར་བར་མཛད་དུ་གསོལ། །དགའ་གཞིའི་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །དག་སྣང་མོས་གུས་འབྱོངས་པར་མཛད་དུ་གསོལ། །བསྐྱེད་རིམ་བརྟན་པ་ཐོབ་པར་མཛད་དུ་གསོལ། །བྱམས་དང་སྙིང་རྗེ་འབྱོངས་པར་མཛད་དུ་གསོལ། །ཞི་ལྷག་ཟུང་དུ་འབྲེལ་བར་མཛད་དུ་གསོལ། །འོད་གསལ་མ་བུ་འདྲེས་པར་མཛད་དུ་གསོལ། །སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། །འཆི་ཁར་ཆོས་སྐུར་འཕོ་བར་མཛད་དུ་གསོལ། །བར་དོ་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཚེ་གཅིག་སངས་རྒྱས་
XXX འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ། བཞི་པ་དབང་བསྐུར་བ་ལ་དོན་བཞི་སྟེ། དང་པོ་འོད་ཟེར་གྱི་དབང་གིས་སྦྱོང་བྱེད་ནི། བླ་མ་རྣམས་ཀྱི་སྤྱི་བོར་འཁོར་ལོའི་སྟེང་དུ་ཨོཾ་ཡིག་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱ་ཡིག་དམར་པོ། སྙིང་ཁར་རྡོ་རྗེའི་སྟེང་དུ་ཧཱུྃ་ཡིག་སྔོན་པོ། ལྟེ་བར་དུས་མེའི་སྟེང་དུ་ཧོཿཡིག་སེར་པོ། དེ་རྣམས་ལས་འོད་ཟེར་དཀར་དམར་མཐིང་སེར་འཕྲོས་པས། རང་གི་སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ་གནས་བཞིར་ཕོག་པས། ལུས་ངག་ཡིད་གསུམ་བག་ཆགས་ཀྱི་སྒྲིབ་པ་བཞི་དག །ལམ་དགའ་བཞི་རྒྱུད་ལ་སྐྱེས། འབྲས་བུ་ཡེ་ཤེས་མངོན་དུ་བྱས་པར་བསྒོམ། གཉིས་པ་ཆུ་རྒྱུན་གྱི་དབང་གི་ཆུ་བཞིས་དག་པར་བྱེད་པ་ནི། གནས་བཞིའི་ཡེ་གེ་བཞི་ལས། ཆུ་རྒྱུན་འོ་མ་ལྟ་བུ་དང༌། པདྨ་རཱ་ག་ལྟ་བུ་དང༌། བཻ་ཌཱུརྻ་ཞུན་མ་ལྟ་བུ་དང༌། གསེར་བཙོ་མ་ལྟ་བུའི་ཆུ་རྒྱུན་བྱུང་ནས། རང་གི་གནས་བཞིར་ཐིམ་ནས་སྒྲིབ་པ་བཞི་དག །དགའ་བཞི་སྐྱེས། སྐུ་བཞི་མངོན་དུ་བྱས་པར་སྒོམ། གསུམ་པ་རྟེན་པར་བྱེད་པ་ཡིག་འབྲུའི་དབང་ནི། བླ་མའི་གནས་བཞིར་གདན་ཡིག་འབྲུ་དང་བཅས་པ་རྦད་ཀྱིས་ཆད་ནས་རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དགའ་བཞི་སྐྱེས། སྐུ་བཞི་མངོན་དུ་བྱས་པར་བསྒོམ། བཞི་པ་ཡོངས་རྫོགས་ཀྱི་དབང་ནི། བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་ནས། རང་གི་རྩ་བའི་བླ་མ་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསྒོམས་ནས། རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ལུས་ངག་ཡིད་གསུམ་མ་བཅོས་པའི་
XXX ངང་ལ་བཞག་པ་ནི། བླ་མའི་རྣལ་འབྱོར་རོ། །དེས་བྱིན་རླབས་མྱུར་དུ་འཇུག་པ། བླ་མའི་རྣལ་འབྱོར་གྱི་ཁྲིད་སོང༌། དེ་དག་གི་སྔོན་འགྲོའི་ཁྲིད་སོང་ནས། གཉིས་པ་དངོས་གཞི་ལ་གཉིས་ཏེ། བསྐྱེད་རིམ་དང་རྫོགས་རིམ་མོ། །དང་པོ་ལ་གསུམ། དང་པོ་མངོན་བྱང་ལྔས་བསྐྱེད་རིམ་སྒོམ་པ་སྐུའི་ཁྲིད་ནི། ཚངས་པའི་གནས་བཞི་ལ་གནས་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། གིས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཉི་མ་ཕྱེད་ཀྱི་ནམ་མཁའི་དབྱིངས་དག་པ་ལྟར། སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ནི་གཞི་སྟོང་པ་ཉིད་ལ་བྱང་ཆུབ་པའོ། །སྟོང་པ་ངང་ལས། པཾ་ལས་སྣ་ཚོགས་པདྨ་འབུམ་ལྡན་གྱི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པ་ལ་སེམས་འཛིན་པ་ནི་གདན་པད་ཟླ་ལ་བྱང་ཆུབ་པའོ། །དེའི་སྟེང་དུ་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་པ་ནི། གསུང་ཡིག་འབྲུ་ལ་བྱང་ཆུབ་པའོ། །དེ་ཉིད་ལས་པདྨ་དཀར་པོ་སྡོང་པོ་རྒྱས་པ་ལྟེ་བ་ལ་ཧྲཱིཿས་མཚན་པ་ལ་སེམས་འཛིན་པ་ནི། ཐུགས་ཕྱག་མཚན་ལ་བྱང་ཆུབ་པའོ། །དེའི་འོད་དུ་ཞུ་བ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་གངས་རི་ལྟར་དཀར་བ། ཞལ་གཅིག་ཕྱག་བཞི་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ལྷའི་དར་གྱི་སྨད་གཡོགས་དང༌། ནོར་བུའི་སྐ་རགས་འཕྱང་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་ན་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་འཛིན་པ། གཡས་ཀྱི་འོག་མ་ན་ཤེལ་དཀར་གྱི་ཕྲེང་བ་བརྒྱ་
XXX རྩ་བརྒྱད་འདྲེན་པ། །གཡོན་གྱི་འོག་མས་པདྨ་དཀར་པོ་སྙན་གྱི་ཐད་ཀར་ཁ་བྱེ་བའི་ཡུ་བ་ནས་འཛིན་པ། ཞལ་འཛུམ་པའི་མདངས་དང་བཅས་ཤིང་སྨིན་དཀྱུས་སྤྱན་དཀྱུས་རིང་བ། དཔྲལ་བ་ཡངས་པ། མཛོད་སྤུ་དཀར་པོས་བརྒྱན་པ། དབུ་སྐྲ་ཕྱེད་བཅིངས་ཕྱེད་གྲོལ་བའི་ལྷག་མ་དཔུང་ཟུར་དང་ཟར་བུ་རྐེད་པར་སླེབ་པ། རལ་པའི་ཁྲོད་ན་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ། དབུ་ལ་རིན་པོ་ཆེ་སྣ་ལྔའི་རྩེ་ཕྲན་དང༌། སྙན་ཆ་དང་མགུལ་རྒྱན་དང༌། དོ་ཤལ་དཔུང་རྒྱན་ཕྱག་གདུབ་ཞབས་གདུབ། མུ་ཏིག་སྣ་ལྔའི་ཆུན་པོ་དང༌། དར་སྣ་ཚོགས་ཀྱིས་བརྒྱན་པ། སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་གསལ་པར་བསྒོམས་ནས། གནས་གསུམ་དུ་ཡི་གེ་གསུམ་བཀོད་ལ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ལ་དབྱེར་མེད་དུ་བསྟིམ། དབང་བསྐུར་རྒྱས་གདབ་པ་ལ་སོགས་པ་འབྱོར་ན་བྱའོ། །མ་འབྱོར་ན་མ་བྱས་ཀྱང་ཆོག་གསུངས། དེ་ནི་སྐུ་ཡོངས་སུ་རྫོགས་པ་ལ་བྱང་ཆུབ་པའོ། །གཉིས་པ་སྔགས་འདྲེན་པ་བཟླས་པ་གསུང་གི་ཁྲིད་ལ་བཞི་སྟེ། དང་པོ་ཕྱི་མདོ་ལྟར་དུ་འདོན་པ་ནི། ཐོ་རེངས་དང་སྲོད་འཁོར་གཉིས་ཀྱི་དུས་ལ་བབས་པའི་ཚེ། སྙིང་ཁའི་ཧྲཱིཿདང་སྐུ་ལ་དམིགས་ཏེ། སྐད་སྒྲ་ཆེན་པོས་ལྷང་ལྷང་འདོན་པའོ། །གཉིས་པ་ནང་སྔགས་ལྟར་འདོན་པ་ནི། སྙིང་ཁར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པའི་མཐར་ཡི་གེ་དྲུག་པ་གཡས་སུ་འཁོར་བ་ལས་འོད་ཟེར་སྣ་ལྔ་འཕྲོས་པས་ལུས་ཀྱི་ནང་གང༌། སླར་འོད་ཕྱིར་འཕྲོས། སྣོད་ཀྱི་འཇིག་རྟེན་ལ་ཕོག །
XXX ཞིང་ཁམས་བདེ་བ་ཅན་དུ་བྱས། ནང་བཅུད་ཀྱི་སེམས་ཅན་ལ་ཕོག །སྤྱན་རས་གཟིགས་སུ་གྱུར། ཐམས་ཅད་ཀྱི་ཞལ་ནས་སྔགས་འདྲེན་པར་བསམ་ལ། ཁང་པའི་ནང་དུ་ཚོར་ཙམ་དུ་འདོན་པའོ། །སྔ་དྲོ་ཕྱི་དྲོ་གཉིས་ཡིན། གསུམ་པ་གསང་བ་སྒྲ་མེད་དུ་བཟླས་པ་ནི། ཉིན་ཕྱེད་ནམ་ཕྱེད་ཀྱི་དུས་ལ་བབ་པའི་ཚེ། ཏིང་ངེ་འཛིན་གསལ་བར་ལྕེ་རྩེ་ནས་འདོན་པའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་བཟླས་པ་ནི། རང་ཉིད་སྤྱན་རས་གཟིགས་སུ་གསལ་བར་བསྐྱེད་པའི་སྙིང་ཁར་ཧྲཱིཿལས་འོད་ཟེར་འཕྲོས། ལུས་ཀྱི་ནང་བ་སྤུའི་བུ་ག་དང་བཅས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུས་གང༌། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ལ་ཕོག་བདེ་བ་ཅན་དུ་བྱས། ནང་བཅུད་ཀྱི་སེམས་ཅན་ལ་ཕོག་པས་ཐམས་ཅད་སྤྱན་རས་གཟིགས་སུ་གྱུར། མདོར་ན་གཟུགས་སུ་སྣང་བ་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུར་གྱུར། སྒྲ་གྲགས་པ་ཐམས་ཅད་ཡི་གེ་དྲུག་པར་གསལ་བཏབ་ནས་ཡིད་ཀྱིས་བཟླས་པ་བྱེད་པའོ། །ཚ་གོང་དང་དགོང་ཁའོ། །དེས་སྔགས་བཟླས་པ་གསུང་གི་ཁྲིད་སྲོང༌། གསུམ་པ་ཐུགས་འོད་ཟེར་སྤྲོ་བསྡུ་ལ་བརྟེན་ནས་བྱམས་སྙིང་རྗེ་བྱང་ཆུབ་སེམས་བསྒོམ་པའི་ཁྲིད་ནི། ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཕ་མར་གཏོགས་པའི་འདུ་ཤེས་བསྒོམ་ལ། རང་ཐུགས་རྗེ་ཆེན་པོ་གསལ་བའི་སྙིང་ཁར་པད་ཉིའི་སྟེང་དུ་ཧྲཱིཿདཀར་པོ་ཚེགས་དྲག་དང་བཅས་པ་ལ་འོད་ཟེར་འཕྲོས། ལུས་ཀྱི་ནང་གང༌། འོད་ཟེར་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་བསམ་ལ། །རླུང་རོ་སང་སང་མ་ལན་གསུམ་
XXX འབུད་དོ། །སླར་སྙིང་ཁའི་ཧྲཱིཿལས་འོད་ཟེར་དཀར་པོ་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་ཕ་མ་སེམས་ཅན་རྣམས་ཀྱི་སྙིང་ཁ་ནས་བདེ་བ་དང་བཅས་ཏེ། མདུན་དུ་ཐམས་ཅད་བཀུག་པར་བསྒོམ། སེམས་ཅན་དེ་དག་གི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་འོད་ཟེར་གྱིས་བསྡུས་ནས་རང་གི་སྙིང་ཁའི་ཧྲཱིཿལ་ཐིམ་པས། དཔེར་ན་མེ་ལ་བུད་ཤིང་བསྣན་པ་ལྟར་ཧྲཱིཿམདངས་སྟོབས་གཟི་བརྗིད་རྒྱས་ཤིང་རང་གི་སེམས་དགའ་ཡལ་ཡལ་ལུས་ཐམས་ཅད་བདེ་ཕྱམ་ཕྱམ་སོང་བར་བསམས་ལ། འོག་རླུང་ཡར་འཐེན་སྟེང་རླུང་ཕྱིར་མནན་ལ་རླུང་བུམ་པ་ཅན་ནུས་ཚད་བཟུང༌། རླུང་ཕར་གཏོང་དུས་རང་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཐིམ་པས། ཁོང་རྣམས་ལ་གནས་སྐབས་སུ་ལུས་སེམས་བདེ་བས་གང་ཞིང་མཐར་ཐུག་ཏུ་ཚོགས་གཉིས་རྫོགས་ཏེ། དེ་ཉིད་ཐུགས་རྗེ་ཆེན་པོ་དངོས་སུ་གྱུར་པར་སྒོམ་མོ། །གཏོང་ལེན་དངོས་སུ་མ་ནུས་ཀྱི་བར་དུ་སྦྱང༌། མཐར་ཕྱི་སྣོད་ཐུགས་རྗེ་ཆེན་པོ་ལ་ཐིམ། ནང་གི་ཐུགས་རྗེ་ཆེན་པོ་རང་ལ་ཐིམ། རང་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ། ཧྲཱིཿནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་ཀྱི་ངང་ལ་བཞག་པས་དོན་གྱི་བསྐྱེད་རིམ་མོ། །སྙིང་རྗེའི་བོགས་འདོན་ཞལ་ལས་ཤེས་དེ་ནི་ཀུན་རྫོབ་བསྐྱེད་པའི་རིམ་པ་སོང་ནས། གཉིས་པ་དོན་དམ་རྫོགས་པའི་རིམ་པ་ལ་དོན་བདུན་ཏེ། ཞི་གནས། ལྷག་མཐོང༌། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་བདུན་ནོ། །དང་པོ་ཞི་གནས་ལ་ཡང་དོན་གསུམ་ཏེ། མཚན་མ་ལ་བརྟེན་པའི་ཞི་གནས་དང༌། རྟོག་པ་ལ་སེམས་གཏད་པའི་ཞི་
XXX གནས་དང༌། རྟོག་མེད་དུ་འཇོག་པའི་ཞི་གནས་དང་གསུམ་མོ། །དང་པོ་ལ་གཉིས། ཕྱི་ལ་སེམས་བཟུང་བ་དང༌། ནང་ལ་སེམས་བཟུང་བའོ། །ཕྱི་ལའང་གཉིས། མ་དག་པ་དང་དག་པའོ། །དང་པོ་ནི་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ལྟ་སྟངས་བཅས་ཏེ། རང་གི་མདུན་དུ། ཀ་བ། བུམ་པ། ཤིང་བུ། རྡེའུ་ལ་སོགས་པ་གང་ཡང་རུང་བ་ཞིག་ལ། ལུས་གནད་ལྟ་སྟངས་དང་བཅས་ནས་མ་ཡེངས་པར་སེམས་བཟུང༌། དེ་ལ་ཡེངས་སུ་ཡང་མི་འཇུག་རྟོག་པ་ཡང་མི་འགྱེད། དེ་ཐོག་ཏུ་གློད་ལ་འཇོག་པའོ། །གཞན་ཡང་བྱིང་རྒོད་བྱུང་ན་སྟེང་འོག་གཡས་གཡོན་དུ་སེམས་འཛིན་པར་ཤེས་པར་བྱའོ། །གཉིས་པ་དག་པ་རྒྱལ་པའི་སྐུ་ལ་སེམས་འཛིན་པ་ནི། མདུན་དུ་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྐུ་གཟུགས་བཞག་པའམ་མེད་ན་བསྒོམ། དེ་ལ་རྟོག་པ་ཡང་མི་སྤྲོ། ཡེངས་སུ་ཡང་མི་འཇུག །དེ་ཐོག་ཏུ་མ་ཡེངས་ཙམ་དུ་གློད་ནས་འཇོག་པ་ནི། དག་པ་རྒྱལ་པའི་སྐུ་ལ་སེམས་བཟུང་བའོ། །གཉིས་པ་ནང་ན་སེམས་བཟུང་བ་ལ་ཡང་གཉིས། མ་དག་པ་དང་དག་པའོ། །དང་པོ་མ་དག་པའི་ཐིག་ལེ་ལ་སེམས་བཟུང་བ་ནི། རང་གི་སྙིང་ཁར་པད་ཟླའི་སྟེང་དུ་ཐིག་ལེ་དཀར་པོ་འོད་ཟེར་འཕྲོ་བ་སྲན་འབྲུ་ཙམ་ལ་སེམས་བཟུང་སྟེ། དེ་ལ་རྟོག་པ་ཡང་མི་སྤྲོ། ཡེངས་སུ་ཡང་མི་འཇུུག །དེས་རྣམ་རྟོག་མ་སྤངས་ལམ་དུ་ཁྱེར་པའི་མན་ངག་གོ །ལམ་གྱི་ཞི་གནས་རྟོག་པ་ལམ་དུ་ཁྱེར་ཞིང་རྟོག་པ་དེ་ཉིད་ལ་གཏད་ནས་སེམས་བཟུང་བའི་མན་ངག་ནི། གཉིས་པ་དག་པ་རྒྱལ་བའི་སྐུ་ལ་སེམས་འཛིན་པ་ནི།
XXX རང་གི་སྙིང་ཁར་པད་ཟླའི་སྟེང་དུ་སྤྱན་རས་གཟིགས་ཀྱི་སྐུ་ཚོན་གང་པ་འོད་དང་བཅས་པ་ལ་སེམས་བཟུང༌། དེ་ལ་རྟོག་པ་ཡང་མི་འགྱེད། ཡེངས་སུ་མི་འཇུག་གོ །བྱིང་རྒོད་བྱུང་ན། དག་པ་དང་མ་དག་པ་གཉིས་ཀ་དཔྲལ་བ་དང་ལྟེ་བར་བསྒོམ་ནས་སེམས་བཟུང་ངོ༌། །དེ་ནི་མཚན་མ་ལ་བརྟེན་པའི་ཞི་གནས་སོ། །གཉིས་པ་ལྷག་པར་རྟོག་པ་སྤྲོས་ལ། དུག་ལྔ་དུག་གསུམ། ཉོན་མོངས་པ་གཟུང་འཛིན་འཁོར་བའི་རྣམ་རྟོག །དགེ་བ་བཅུའི་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུའི་རྣམ་རྟོག་ལ་སོགས། དགེ་མི་དགེའི་རྣམ་རྟོག་གང་སྐྱེས་པའི་ངོ་བོ་ལ་རྟོག་མེད་ཀྱི་ཅེ་རེ་བལྟས་པས་འཛིན་མེད་དུ་ཞིག་ནས། རིག་པ་གསལ་སྟོང་ངོས་བཟུང་མེད་པར་གསལ་གསལ་འཆར་བ་ཡིན་ཏེ། དེ་ཉིད་རང་རིག་རང་ངོ་ཤེས་པའི་རང་གྲོལ་གྱི་ངང་དུ་བསྐྱངས། སླར་ཡང་རྣམ་རྟོག་གང་སྐྱེས་པ་དེ་ཉིད་ལ་སེམས་གཏད་ནས་སྤང་བླང་མེད་པར་རང་ངོ་ཤེས་པར་བྱས་ལ་རྣམ་རྟོག་ལམ་ཁྱེར་གྱི་མན་ངག་གིས་ཉམས་སུ་བླང་བར་བྱའོ། །གསུམ་པ་འབྲས་བུ་ཞི་གནས་མཐར་ཐུག་རྟོག་མེད་ལ་སེམས་བཟུང་བ་ནི། གནས་མུན་ཁང་དབེན་པར་འབོལ་བའི་གདན་ལ། ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། མིག་བར་སྣང་སྟོང་པ་ལ་ཧད་དེ་གཏད་ནས། ཡིད་ལ་འདས་མ་འོངས་ད་ལྟར་གྱི་རྟོག་པ་གསུམ་དང༌། དགེ་མི་དགེ་ལུང་མ་བསྟན་གྱི་རྟོག་པ་སྟེ། དུས་གསུམ་གྱི་རྟོག་པའི་རྒྱུ་འགྲུལ་ཐམས་ཅད་རྦད་ཆོད་ལ་ཐོང༌། ཡིད་ལ་ཅིའང་མི་བསམ། སེམས་ནམ་མཁའ་གཡའ་དག་པ་ལྟར་གསལ་སྟོང་འཛིན་མེད་དུ་ཕྱམ་མེ་གསལ་ལེ། ཧྲིག་གེ་བཞག་པས། བདེ་གསལ་མི་
XXX རྟོག་པའི་ཞི་གནས་སྐྱེའོ། །དེ་ཉིད་ལ་ཆགས་པ་དང༌། སྡང་བ་དང༌། ཞེན་པ་དང༌། འཛིན་པ་དང༌། བྱིང་རྒོད་ཞུགས་མ་ཞུགས་བརྟག་ལ། སྐྱོན་ཡོན་ཕྱེ་སྟེ་ངོ་སྤྲད་དོ། །གཉིས་པ་ལྷག་མཐོང་ལ་དོན་གསུམ་སྟེ། དང་པོ་རྒྱུའི་ལྷག་མཐོང་ལ་སེམས་ལ་རྣམ་པར་བརྟག་ཅིང་དཔྱད་ནས་བསྒོམ་པ་ནི། འདི་ལྟར་བདག་གི་སེམས་འདི་གང་ནས་བྱུང་ཞིང་གང་དུ་གནས། གང་དུ་འགག་པར་འགྱུར་ཞེས། སྐྱེ་འགག་གནས་གསུམ་ཀྱི་ངོ་བོ་ལ་བརྟག་ཅིང་དཔྱད། འབྱུང་བ་ལྔ་རང་གི་ལུས་ལ་སྐྱེས་སམ། གནས་སམ། འཆིའམ། སྙམ་དུ་བརྟག་ཅིང་དཔྱད་པར་བྱའོ། །གཞན་ཡང་སེམས་ལ་ཁ་དོག་དཀར་དམར་སེར་ལྗང་ཁྲ་ལ་སོགས་པའི་ཁ་དོག་ཡོད་པ་ཞིག་གམ། འོན་ཏེ་མེད་པ་ཞིག་སྙམ་དུ་བརྟག་ཅིང་དཔྱད། གཞན་ཡང་བདག་གི་སེམས་འདི་ས་ཆུ་མེ་རླུང་ནམ་མཁའི་དབྱིངས་སམ། ཟླུམ་པོ། གྲུ་བཞི། ཟླ་གམ། ནར་མོ། འཇོང་མོ་ལ་སོགས་པའི་དབྱིབས་སུ་གྲུབ་པ་ཞིག་ཡིན་ནམ། དབྱིབས་མེད་པ་ཞིག་ཡིན་སྙམ་དུ་བརྟག་ཅིང་དཔྱད། སེམས་ལས་རྣམ་པར་རྟོག་པ་གཞན་ཞིག་ཡིན་ནམ། འོན་ཏེ་རྟོག་པ་སེམས་ཡིན་ཞེས་བརྟག་ཅིང་དཔྱད། གཞན་ཡང་ཕྱི་རོལ་གྱི་སྣང་བ་ལས་སེམས་བྱུང་ངམ། འོན་ཏེ་སེམས་ལས་ཕྱི་རོལ་གྱི་སྣང་བ་བྱུང༌། ཞེས་བརྟག་ཅིང་དཔྱད། བརྟག་མཁན་གྱི་སེམས་ལ་སེམས་ཀྱིས་བལྟ་ཞིང་བརྟག་དཔྱད་བྱེད། སེམས་དེ་ཉིད་ཡོད་པ་ཞིག་གམ་འོན་ཏེ་མེད་པ་ཞིག །འོན་ཏེ་གསལ་བ་ཞིག་གམ། འོན་ཏེ་མི་གསལ་བ་ཞིག །འོན་ཏེ་བདེ་བ་ཞིག་གམ། འོན་ཏེ་མི་བདེ་བ་ཞིག །བདག་ཡོད་པ་ཞིག་གམ། འོན་ཏེ་བདག་
XXX མེད་པ་ཞིག །རྟག་པ་ཞིག་གམ། འོན་ཏེ་མི་རྟག་པ་ཞིག །ཞི་བ་ཞིག་གམ། འོན་ཏེ་མ་ཞི་བ་ཞིག་སྙམ་དུ་བརྟག །འོན་ཏེ་སྣང་བ་ཞིག་གམ། འོན་ཏེ་མི་སྣང་བ་ཞིག་སྙམ་དུ་བརྟག་ཅིང་དཔྱད། གཞན་ཡང་མཉམ་པར་བཞག་པའི་སེམས་དེ་ཅི་ལྟ་བུ། མཉམ་པར་མ་བཞག་པའི་སེམས་དེ་ཇི་ལྟ་བུ་སྙམ་དུ་ལེགས་པར་རང་གིས་སེམས་ལ་རང་གིས་བརྟག་ཅིང་དཔྱད། མཉམ་པར་འཇོག་མཁན་གྱི་རིག་པའི་ངོ་བོ་ལ་ཡང་ལེགས་པར་བརྟག་ཅིང་དཔྱད་དོ། །དེ་ཡང་སེམས་དེ་དག་གཅིག་གམ། ཐ་དད་དུ་བརྟག་ཅིང་དཔྱད་དོ། །དེའི་ཚེ་སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བ། ངོ་བོ་རང་བཞིན་གྱིས་སྟོང་པ། ནམ་མཁའི་དབྱིངས་ལྟ་བུ། རང་བཞིན་གྱིས་འོད་གསལ་བ། དེ་ཉིད་རིག་པ་འགག་མེད་ཀྱི་རོལ་པ་ཅིར་ཡང་འཆར་ཞིང་སྣང་བ་འདི་ཐམས་ཅད་སྐྱེ་བ་མེད་པ་གནས་པ་མེད་པ། འགག་པ་མེད་པར་རོ་སྙོམས་པ། ངོ་བོ་སྟོང་པ། རང་བཞིན་གསལ་བ། རྣམ་པར་འགག་པ་མེད་ཀྱི་རིག་པ་དུ་མར་འཆར་ཞིང་སྣང་སྟོང་དབྱེར་མེད་པ། བློ་འདས་ནམ་མཁའ་ལྟ་བུ་གསལ་རིག་སྟོང་གསུམ་མཐའ་དབུས་མེད་པ་ཞིག་འདུག་གོ །ཞེ་ན། དེ་ཁོ་ན་ཉིད་དོ་ཞེས་གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་འབྲས་བཞི། བདེན་པ་བཞི། དགའ་བ་བཞི། ཚད་མེད་བཞི། ཕ་རོལ་ཏུ་ཕྱིན་པ་དྲུག །ས་བཅུ། ལམ་ལྔ། ཐབས་ཤེས་གཉིས། བདེན་པ་གཉིས། སྐྱབས་འགྲོ། བཤགས་པ། སྲུང་བ། སེམས་སྐྱེད། ཚོགས་གཉིས། སྙིང་རྗེ། བསྐྱེད་རིམ། རྫོགས་རིམ། ཞི་ལྷག །དཀོན་མཆོག་གསུམ། སྐུ་གསུམ། ཡེ་ཤེས་ལྔ་ལ་སོགས་པའི་ཡོན་ཏན་ཐམས་ཅད་
XXX སེམས་རང་ངོ་ཤེས་པོའི་སྟེང་ནས་ངོ་སྤྲད་པ་ལ་མཁས་པར་བྱའོ། །དེ་ནས་གཉིས་པ་ངོ་བོའི་ལྷག་མཐོང་ལ་ཐ་མལ་གྱི་ཤེས་པ་སོ་མར་ངོ་སྤྲད་ནས་ཅིག་ཅར་དུ་ཉམས་སུ་ལེན་པ་ནི། སེམས་གཉིས་སྐྱེ་འགག་འཇིག་གསུམ་གྱི་མཐའ་དང་བྲལ་བ། བདག་དང་བདག་གིར་འཛིན་པའི་གཟུང་འཛིན་ལས་གྲོལ་ཞིང༌། ངོ་བོ་སྟོང་པ་རང་བཞིན་གསལ་བ། རྣམ་པ་འགག་མེད་ཀྱི་རིག་པ་ཡུལ་མེད་དུ་མར་སྣང་ཞིང་གསལ་བ། མཐོང་བྱ་མཐོང་བྱེད་ཀྱི་འཛིན་པའི་ཡུལ་ལས་འདས་པ། བསྒོམ་བྱ་སྒོམ་བྱེད་ཀྱི་དམིགས་པའི་ཡུལ་ལས་འགྲོལ་བ། གང་ཡང་ཡིད་ལ་མི་བྱེད་པ་ཡིད་བྱེད་དང་བྲལ་བ། དེ་ཉིད་ལ་བཟོ་བཅོས་མ་བྱས་པས་ལྷུགས་པ། བྱ་བ་ཐམས་ཅད་དང་བྲལ་བས་བྱར་མེད་གང་ཤར་ངོས་འཛིན་དང་བྲལ་བས་འཛིན་མེད། མཉམ་བཞག་གི་ཤེས་པ་ལ་བཅོས་བསླད་དང་བྲལ་བས་ཧད་དེ་བ། མཚན་འཛིན་མེད་པས་སྟོང་སང་ངེ་བ། རང་བཞིན་གྱིས་འོད་གསལ་བའི་ས་ལེ་བ། རྣམ་རྟོག་གཟུང་འཛིན་གྱིས་མ་གོས་པས་རྗེན་ནེ་བ། རང་ངོ་རང་གིས་ཤེས་པས་ཧྲིག་གེ་བ། ཡུལ་ཡུལ་ཅན་འཛིན་པ་ཞིག་པས་སྣང་སེམས་དབྱེར་མེད་ཟང་ཐལ་དུ་ཕྱམ་མེ་བ། རིག་པ་མ་བཅོས་པར་རང་ལུགས་སུ་འཇོག་པས་ཐ་མལ་གྱི་ཤེས་པ་རྣམ་རྟོག་ལུ་གུ་རྒྱུད་དུ་སྙིང་མི་འཇུག་པས་རིག་པ་སོ་མ་ཞེས་བྱ་སྟེ། འདི་ལྷག་མཐོང་ཉམས་སུ་བླངས་པའི་ངོ་བོ་དངོས་གཞི་ཡིན་ནོ། །ཡང་སེམས་ཉིད་སྤྱན་རས་གཟིགས་ཀྱང་ཡིན་ཏེ། ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འགྲོ་བ་ཡོངས་ལ་ཕྱོགས་མེད་དུ་གཟིགས་པས་ན་སྤྱན་རས་གཟིགས་སོ། །རྣམ་རྟོག་མཐའ་དབུས་དང་བྲལ་བའི་བློ་འདས་ཀུན་མཁྱེན་གྱི་སྤྱན་གྱིས་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་མ་འདྲེས་
XXX པ་རང་གསལ་དུ་གཟིགས་པས་སྤྱན་རས་གཟིགས་སོ། །རང་རིག་ཡེ་ཤེས་ཀྱི་སྤྱན་གྱིས་ཆོས་ཉིད་སྐྱེ་བ་མེད་པའི་དོན་གཟིགས་པས་སྤྱན་རས་གཟིགས་སོ། །གཟུང་འཛིན་དབྱིངས་སུ་དག་པའི་སྤྱན་གྱིས་སྤྲོས་བྲལ་འོད་གསལ་བའི་སེམས་ཉིད་གཟིགས་པས་སྤྱན་རས་གཟིགས་སོ། ཞེས་ངོ་སྤྲད་པར་བྱའོ། །གསུམ་པ་མཐར་ཐུག་གི་ཞི་ལྷག་ཟུང་འཇུག་ཉམས་སུ་བླང་བར་བྱ་ནི། སེམས་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བས་གསལ་སྟོང་དབྱེར་མེད་ནམ་མཁའ་ལྟ་བུའི་ངང་ལ་འཇོག་པ་ནི་ཞི་གནས། དེའི་རང་བཞིན་མཐོང་ཞིང་ཤེས་པ་ནི་ལྷག་མཐོང་ཡིན་ནོ། །དེ་ཡང་སེམས་ཉིད་མཐའ་གཉིས་དང་བྲལ་བའི་གནས་ལུགས་ཀྱི་ཞི་ལྷག་ཟུང་འཇུག་ནི་སེམས་ཉིད་སྐྱེ་བ་མེད་པས་རྟག་པའི་མཐའ་དང་བྲལ། དེ་ཉིད་འགག་པ་མེད་པས་ཆད་པའི་མཐའ་དང་བྲལ། རང་བཞིན་སྟོང་ཉིད་དུ་གནས་པས་རྟག་པའི་མཐའ་དང་བྲལ། སྣ་ཚོགས་དུ་མར་རིག་ཅིང་སྣང་བ་གསལ་བས་ཆད་པའི་མཐའ་དང་བྲལ། སེམས་ཀྱི་ངོ་བོ་ཁ་དོག་དང་དབྱིབས་སུ་གྲུབ་པ་མེད་པས་རྟག་པའི་མཐའ་དང་བྲལ། རང་བཞིན་འོད་གསལ་བས་ཆད་པའི་མཐའ་དང་བྲལ། སྐུ་གསུམ་ལྷུན་གྱིས་གྲུབ་པས་ཆད་པའི་མཐའ་དང་བྲལ། །སེམས་ཀྱི་ངོ་བོ་སྟོང་ཞིང་བདག་མེད་བློ་ལས་འདས་པས་རྟག་པའི་མཐའ་དང་བྲལ། རྩལ་སྣ་ཚོགས་སུ་འཆར་བས་སྣང་བའི་མཐའ་དང་བྲལ། དེས་ན་རྟག་ཆད་མཚན་འཛིན་གྱི་མཐའ་ལས་འདས་པས་གསལ་རིག་སྟོང་གསུམ་དབྱེར་མེད་པ་ཟུང་འཇུག་ཉམས་སུ་ལེན་པའི་ཚུལ་ནི། ཐབས་བསོད་ནམས་ཀྱི་ཚོགས་སྒྱུ་མ་ལྟ་བུ་ལ་སེམས་གནས་པ་ནི་ཞི་གནས་ཡིན་ལ། དེ་དག་རང་བཞིན་མེད་པས་སྟོང་པ་ཉིད་དུ་
XXX ཤེས་ཤིང་མཐོང་བ་ནི་ལྷག་མཐོང་ངོ༌། །མོས་གུས་བླ་མའི་རྣལ་འབྱོར་ལ་སེམས་གནས་པ་ནི་ཞི་གནས་ཡིན་ལ། སེམས་དེའི་ངོ་བོ་སྟོང་ཉིད་བློ་འདས་སུ་མཐོང་བ་ནི་ལྷག་མཐོང་ངོ༌། །བསྐྱེད་རིམ་ཆུ་ཟླ་ལྟ་བུ་ལ་སེམས་གནས་པ་ནི་ཞི་གནས་ཡིན་ལ། རང་བཞིན་སྟོང་པ་ཉིད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །སྣང་བ་ཐམས་ཅད་སེམས་ཀྱི་རང་སྣང་ཆུ་ཟླ་ལྟ་བུ་ལ་སེམས་གནས་པ་ནི་ཞི་གནས། རྟེན་འབྲེལ་སྐྱེ་མེད་སྣང་སྟོང་དབྱེར་མེད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །ལམ་གྱི་མཐར་ཐུག་བདེ་བ་ཆེན་པོ་ལ་སེམས་གནས་པ་ནི་ཞི་གནས། དེ་ཉིད་ཞེན་མེད་སྟོང་པ་ཉིད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །སེམས་ཀྱི་རང་བཞིན་འོད་གསལ་བ་ལ་སེམས་གནས་པ་ནི་ཞི་གནས། ངོ་བོ་སྤྲོས་བྲལ་སྟོང་པ་ཉིད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །བཅོས་སླད་མེད་པའི་རིག་པ་སོ་མ་ལ་སེམས་གནས་པ་ནི་ཞི་གནས། བདག་མེད་རིག་སྟོང་དབྱེར་མེད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །མདོར་ན་ཆུ་ཟླ་དང་མེ་ལོང་གི་གཟུགས་བརྙན་དང༌། བྲག་ཅ་ལྟར་སྣང་བ་ལས་གཞན་པའི་སྟོང་ཉིད་མེད། སྟོང་པ་ལས་གཞན་པའི་སྣང་བ་མེད། སྣང་སྟོང་དབྱེར་མེད་ནམ་མཁའ་ལ་འཇའ་ཤར་བ་ལྟར་རྟོགས་ནས། དེའི་ངོ་བོར་འཇོག་པ་ནི། ཞི་ལྷག་ཟུང་འཇུག་ཅེས་བྱའོ། །དེས་རྫོགས་རིམ་ཞི་ལྷག་ཟུང་འཇུག་གི་ཁྲིད་སོང་ནས། གསུམ་པ་རྩལ་སྦྱོང་ཉིན་པར་གྱི་སྒྱུ་ལུས་སྒོམ་པ་ནི་དོན་བཞི་སྟེ། ཐོག་མར་སྒྱུ་ལུས་ཀྱི་སྔོན་དུ་འགྲོ་བ་ཀུ་སུ་ལུའི་ཚོགས་གསོག་ནི། རང་གི་སྤྱི་གཙུག་གི་ནམ་མཁར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་མོ། གཡས་གྲི་གུག །གཡོན་ཐོད་ཁྲག་འཛིན་པ། གར་སྟབས་ཀྱིས་བཞུགས་པ།
XXX རིན་པོ་ཆེ་དང༌། རུས་པའི་རྒྱན་གྱིས་བརྒྱན་པ་ཞིག་བསྒོམ་ལ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཨ་དཀར་པོ་ཞིག་ཏུ་གྱུར་ནས་གསང་གནས་སུ་གནས་པ་དེ། སྤྱི་བོའི་གཙུག་ཚངས་བུག་ནས་སྐར་མདའ་གཏོང་བ་ལྟར་དོན་པས་ལྷ་མོའི་ཐུགས་ཁར་ཐིམ་པར་བསྒོམ། དེ་ནས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་པ་དེས། མདུན་དུ་ཐོད་པའི་སྒྱེད་པོ་གསུམ་སྤྲུལ་པའི་སྟེང་དུ། རང་གི་མགོ་བོ་སྨིན་མཚམས་ནས་བྲེགས་པའི་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་པ། སྟོང་གསུམ་གྱི་ཚད་ཙམ་གསལ་བའི་ནང་དུ། རང་གི་ལུས་ཀྱི་ཤ་ཁྲག་དུམ་བུར་གཏུགས་ནས། བླུག་པའི་འོག་ནས་མེ་སྦར། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས། ཤ་ཁྲག་ཐམས་ཅད་བདུད་རྩིར་དཀར་མེར་གྱིས་ཞུ་ནས། ཡང༌། ཨོཾ་ཨཱཿ་ཧཱུྃ། ཞེས་བརྗོད་པས། ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། རང་གི་ཐུགས་ཀར་ཧྲཱིཿབསམ། དེ་ལས་འོད་ཟེར་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་རྩ་བརྒྱུད་བླ་མ། རྒྱུད་སྡེ་བཞིའི་ལྷ་ཚོགས། སངས་རྒྱས། ཆོས། དགེ་འདུན། མཁའ་འགྲོ། ཆོས་སྐྱོང་སྲུང་མ་ཐམས་ཅད་དང༌། འགྲོ་བ་རིག་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར་པའི་ཐུགས་ཁ་ནས་འོད་ཟེར་གྱིས་བཀུག་ནས། རང་གི་མདུན་དུ་བཞུགས་པའི་ཞལ་དུ། བདུད་རྩི་དཀར་སིབ་སིབ་དྲངས་པས་ལུས་ཐམས་ཅད་ཟག་མེད་ཀྱིས་བདེ་བས་གང་བར་བསམས་ནས་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སངས་རྒྱས་དཀོན་མཆོག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་དཀོན་མཆོག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དགེ་འདུན་
XXX དཀོན་མཆོག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སངས་རྒྱས་བྱང་སེམས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བ་རིག་དྲུག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། ཐམས་ཅད་ཚིམས་པར་བསམ་ཞིང༌། དེ་དག་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུ་དང་སྒྲོལ་མར་གྱུར་ནས། ཡི་གེ་དྲུག་པའི་སྒྲ་དི་རི་རི་འདོན་པར་བསྒོམ། འདི་དག་ཐམས་ཅད་སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་དུ་བསྒོམ་ལ་དེ་ཉིད་ཀྱང་རང་གི་བློས་བཀོད་པ་མ་གཏོགས་ལོགས་སུ་གྲུབ་པ་མེད། བདེན་མེད་ཀྱི་རང་ལ་ཉམས་སུ་བླང་བར་བྱའོ། །གཉིས་པ་སྒྱུ་ལུས་སྤྱིར་སྦྱང་བ་ནི། སྣང་སྲིད་འཁོར་འདས་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་རྟག་པ། མི་བརྟན་པ། སྒྱུ་མ་རྨི་ལམ་ལྟ་བུ་ཡིན་ཏེ། བདེན་མེད་བསྒོམ་པའི་ཚུལ་ཡང༌། འཁོར་འདས་ཀྱི་ཆོས་འདི་དག །སྟེང་འོག་ཕྱོགས་མཚམས་གང་ནས་བྱུང༌། གང་དུ་འགྲོ་སྙམ་དུ་བརྟག་ཅིང་དཔྱད་པས་ན། གང་ནས་ཀྱང་མ་བྱུང༌། གང་དུ་ཡང་མི་འགྲོ། གང་དུའང་གནས་པ་མེད་དེ། སེམས་དག་མ་དག་གི་སྣང་བ་ཙམ་སྟེ། དཔེར་ན་སྒྱུ་མ་དང་རྨི་ལམ་སྤྲུལ་པ་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུ་སྣང་བ་ཙམ་ལས། རང་བཞིན་གྲུབ་པ་མེད་པར་ཤེས་པར་བྱའོ། །འོ་ན་འཁོར་བ་འདི་ཅི་ལས་བྱུང་ཞེ་ན། བདག་དང་བདག་གིར་འཛིན་པ་ལས་བྱུང༌། བདག་དང་བདག་གིར་འཛིན་པ་བྱུང་བ་ལྔ་ལས་བྱུང་ངམ། འོན་ཏེ་ལུས་ཀྱི་ཆ་ལས་བྱུང༌། འོ་ན་བདག་དེ་གང་ལས་བྱུང་བརྟག་པར་བྱའོ། །དེ་ནས་ང་དང་ང་
XXX ཡིར་འཛིན་པ་ལས་འཁོར་བ་བྱུང་བ་མཐོང་ནས། ང་དང་ང་ཡིར་འཛིན་པ་འདས་པ་ཞིག་ཡིན་ནམ། འོན་ཏེ་མ་འོངས་པ་ཞིག་ཡིན་ནམ། འོན་ཏེ་ད་ལྟར་བྱུང་བ་ཞིག་ཡིན་ནམ་སྙམ་དུ་བརྟག་པར་བྱའོ། །དེ་ལས་འདས་པ་ནི། །འདས་ཟིན་ཏེ་བདག་མ་གྲུབ། མ་འོངས་པ་ནི་མ་སྐྱེས་པས་དམིགས་པའི་ཡུལ་དུ་བྱར་མེད། ད་ལྟ་བ་ནི་རིག་པ་སྐད་ཅིག་མའི་ངོ་བོར་ཡུད་ཙམ་དུ་ཡང་གྲུབ་པ་མེད་པས་སྟོང་པ་ཉིད་དོ། །དེས་ན་འཁོར་བའི་རྩ་བ་བདག་དང་བདག་གིར་འཛིན་པའི་རང་བཞིན་གྲུབ་པ་མེད་པར་ཤེས་པར་བྱའོ། །མ་གྲུབ་བཞིན་དུ་མར་སྣང་བ་སྒྱུ་མ་དང་རྨི་ལམ་སྤྲུལ་པ་ལྟ་བུ། རྐྱེན་ལས་སྐྱེས་པ་བྲག་ཅ་དང༌། ཆུ་ཟླ་མེ་ལོང་གི་གཟུགས་བརྙན་ལྟ་བུ། མི་རྟག་ཅིང་གཡོ་བ་ནམ་མཁའི་གློག་དང༌། ཟིལ་པ་ཆུ་བུར་དང་སྤྲིན་དང་ཁུ་རླངས་ལྟ་བུའོ། །སྣང་ལ་རང་བཞིན་མེད་པ་མིག་གཡོར་དང༌། འཇའ་ཚོན་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུའོ། །དེས་ན་མེད་བཞིན་དུ་ཕྱི་རོལ་གྱི་སྣང་བ་འདི་དག་ཐམས་ཅད་སེམས་ཀྱི་འཁྲུལ་སྣང་ཙམ་དུ་ཟད་དེ། དཔེར་ན་མི་འགའ་ཞིག་གཉིད་པའི་རྨི་ལམ་མི་འདྲ་བ་དུ་མ་བྱུང་ཡང༌། རྨི་ལམ་དེ་དག་ལ་རང་བཞིན་མེད་ཅིང་གྲུབ་པ་མེད་པར་ལྟར། ཆོས་ཐམས་ཅད་དེ་ལྟར་རྟོགས་པར་བྱའོ། །ཆོས་ཐམས་ཅད་དེ་ལྟ་བུར་རྟོགས་ནས། འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་པ་ལ་འབད་པར་བྱའོ། །དེས་སྒྱུ་མ་སྤྱིར་སྦྱང་བ་སོང་ནས། གསུམ་པ་བྱེ་བྲག་ཏུ་སྦྱང་་ལ་གསུམ་སྟེ། ལུས་སྣང་སྟོང་དུ་སྦྱང་བ་ནི། མདུན་དུ་མེ་ལོང་ཞིག་བཞག་ལ། རང་ཉིད་དེ་ལ་ཤར་དུ་བཅུག་ལ་དེ་ལ་བསྟོད་པ་སྨད་པ་བྱས་ཤིང༌། དགའ་བ་དང་མི་དགའ་བ་ཨེ་འདུག་ལྟ། མི་དགའ་ན་རང་ཉིད་དེ་ལྟ་བུར་སྒྱུ་ལུས་
XXX སྦྱང་ངོ༌། །གཞན་ཡང་རང་གི་གཡས་ནས་གཤིན་རྗེ་མི་སྡུག་པའི་གཟུགས་ཅན་གྱིས་སྟ་རེ་མེ་འབར་བས་གཞོག་པར་བསྒོམས་ལ། གཡོན་དུ་ལྷ་མོ་ཡིད་དུ་འོང་བས་ཙན་དན་གྱི་ལྡེ་གུས་བྱུགས་པར་བསྒོམས་ནས་ནི། དེ་ལ་དགའ་མི་དགའི་སེམས་འདུག་ན་སེམས་དེའི་ངོ་བོ་ལ་ལྟ་ཞིང༌། གཤིན་རྗེ་དང་ལྷ་མོ་ཡང་རང་གི་སེམས་སྣང་ཙམ་དུ་ཤེས་པར་བྱའོ། །སེམས་ལ་རང་བཞིན་མེད་པ་སྣང་བ་སྒྱུ་མ་དང༌། རྨི་ལམ་ལྟ་བུ་ལ་ཆགས་སྡང་གི་བློ་མཐའ་དག་རང་བཞིན་མེད་པས་མཉམ་པ་ཉིད་དུ་རྟོགས་པའི་སྒྱུ་ལུས་སྦྱང་ངོ༌། །གཉིས་པ་ངག་བྲག་ཅ་ལྟ་བུར་སྦྱང་བ་ནི་བྲག་ཅ་ཡོད་པའི་སར་ཕྱིན་ནས། བྲག་ཅ་ལ་བོས་པས། ཇི་ལྟར་བོས་པའི་སྐད་ལན་སྨྲ་བར་འགྱུར་ཏེ། དེ་ལ་རང་གིས་བོས་པས་སྒྲ་སྐད་ཕྱི་རོལ་ཏུ་སྣང་བ་ཙམ་ལས་ཕྱི་རོལ་ཏུ་གྲུབ་པ་མེད་པས། སྒྲ་ཐམས་ཅད་བྲག་ཅ་ལྟ་བུར་རོ་སྙོམས་པར་སྦྱང་ངོ༌། །གསུམ་པ་ཡིད་རྨི་ལམ་སྒྱུ་མ་སྨིག་རྒྱུ་ལྟ་བུར་མ་གྲུབ་པ་ཐམས་ཅད་འཁྲུལ་པའི་ཚེ། ཡོད་པ་ལྟར་སྣང་མོད་ཀྱི། དོན་ལ་རང་བཞིན་གྲུབ་པ་མེད་དེ། ངོ་བོ་ལ་བལྟས་ན་ནམ་མཁའ་ལྟ་བུ་སྟེ། རྣམ་རྟོག་གང་ཤར་བདག་མེད་འཛིན་མེད་གསལ་སྟོང་བློ་འདས་སུ་སྦྱང་བར་བྱའོ། །བཞི་པ་དག་པའི་སྒྱུ་ལུས་སྦྱང་བ་ནི། སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོར་བསྒོམ། སྒྲ་གྲགས་པ་ཐམས་ཅད་ཡི་གེ་དྲུག་པའི་སྒྲ་ཀུ་དི་རི་རི་བགྲང་བར་བསྒོམ། ལྷ་འདི་དག་ནི་གང་ནས་ཀྱང་མ་བྱུང༌། གང་དུ་ཡང་མི་འགྲོ། རང་གིས་སེམས་སྣང་ཙམ་དུ་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་བསྒོམ་ལ་སྤྲོས་བྲལ་དུ་བཞག་གོ །དེས་དག་པའི་སྒྱུ་ལུས་སྦྱང་བ་སོང༌། བཞི་པ་མཚན་
XXX མོའི་རྨི་ལམ་ལ་དོན་བཞི་སྟེ། དང་པོ་རྨི་ལམ་གྱི་སྔོན་འགྲོ་ནི། ཀུ་སུ་ལུའི་ཚོགས་གསོག་གོང་ལྟར་བྱའོ། །གཉིས་པ་རྨི་ལམ་སྦྱང་བ་ནི། སྤྱིར་སྦྱང་བ་དང་བྱེ་བྲག་ཏུ་སྦྱང་བའོ། །དང་པོ་ནི། ཕྱི་རོལ་གྱི་སྣང་བ་འདི་དག་རྨི་ལམ་གྱི་སྣང་བ་ཡིན། ལུས་འདི་ཡང་རྨི་ལམ་གྱི་ལུས་ཡིན། རྨི་ལམ་གྱི་ཡུལ་དང་ལུས་ལ་བདེན་པ་མེད། ཇི་ལྟར་སྤྲུལ་ཞིང་བསྒྱུར་ཡང་རུང་སྙམ་དུ་བསམ་ལ་སྤྲུལ་བསྒྱུར་བྱས་པར་བསྒོམ་མོ། །གཉིས་པ་བྱེ་བྲག་ཏུ་སྦྱང་བ་ནི། རང་གི་མདུན་དུ་སའི་འོབས་ཆེན་པོ་དང༌། རི་མཐོན་པོ་དང༌། བྲག་གཡང་ཆེན་པོའི་ཁ་ནས་རང་ཉིད་ལྷུང་བར་བསམ་ལ། དེའི་མོད་ལ། འདི་རྨི་ལམ་ཡིན་སྒྱུ་མ་ཡིན། རྨི་ལམ་ཡུལ་ལ་བདེན་པ་མེད། རྨི་ལམ་དང་སེམས་ལ་རང་བཞིན་གྲུབ་པ་མེད། བྲག་གཡང་འདི་ཡང་རྨི་ལམ་གྱི་བྲག་གཡང་ཡིན། སའི་རང་བཞིན་རིན་ཆེན་འབྱུང་ལྡན་ཡིན། དེ་ལས་སུ་ཞིག་འཇིགས་སྙམ་དུ་ས་དང་རང་གི་སེམས་བསྲེས་ནས་ས་ཐམས་ཅད་རིན་ཆེན་འབྱུང་ལྡན་དུ་གྱུར་པར་བསྒོམ། མཆོད་སྤྲིན་གྱིས་མཆོད་ནས། ཐམས་ཅད་ཆོས་སྒྲ་སྒྲོགས་པར་བསྒོམ་མོ། །ཡང་མདུན་དུ་མཚོ་ཆེན་པོ་དང༌། ཆུ་ཀླུང་ཆེན་པོའི་ནང་དུ་རང་ཉིད་ལྷུང་བར་བསམ། ང་གཉིད་པ་ཡིན། །འདི་རྨི་ལམ་གྱི་ལུས་དང་ཆུ་ཡིན། དེ་ལ་བདེན་པར་གྲུབ་པ་མེད། ཆུའི་རང་བཞིན་མི་བསྐྱོད་པ་ཡིན། དེ་ལས་སུ་ཞིག་འཇིགས་སྙམ་དུ། རང་གི་སེམས་དང་ཆུ་བསྲེས་ནས་ཆུ་ཐམས་ཅད་མི་བསྐྱོད་པར་བསྒོམ། ཡང་མདུན་དུ་མེའི་འོབས་དང་མེ་ཆེན་པོ་འབར་བའི་ནང་དུ། རང་ཉིད་ལྷུང་བར་བསྒོམ་ནས། ང་གཉིད་པ་ཡིན། འདི་རྨི་ལམ་གྱི་ལུས་དང་མེ་ཡིན།
XXX དེ་ལ་བདེན་པར་གྲུབ་པར་མེད། མེའི་རང་བཞིན་འོད་དཔག་མེད་ཡིན། དེ་ལ་སུ་ཞིག་འཇིགས་སྙམ་དུ་རང་གི་སེམས་དང་མེ་བསྲེས་ནས། མེ་ཐམས་ཅད་འོད་དཔག་མེད་བསྒོམ། ཡང་མདུན་དུ་རླུང་གི་དཀྱིལ་འཁོར་ནག་ངམ་མེ་བ་ཞིག་བསམ་ནས། དེའི་ནང་དུ་ཚུད་པས་ཚུབ་ཁྱིལ་ཁྱིལ་བྱེད་པར་བསྒོམ། ང་གཉིད་པ་ཡིན། འདི་རྨི་ལམ་གྱི་ལུས་དང་རླུང་ཡིན། དེ་ལ་བདེན་པར་གྲུབ་པ་མེད། རླུང་གི་རང་བཞིན་དོན་ཡོད་གྲུབ་པ་ཡིན། དེ་ལ་སུ་ཞིག་འཇིགས་སྙམ་དུ་རང་གི་སེམས་དང་རླུང་བསྲེས་ནས། རླུང་ཐམས་ཅད་དོན་ཡོད་གྲུབ་པར་བསྒོམ་པའོ། །ཡང་མདུན་དུ་བར་སྣང་སྟོང་པ་ལ་རང་ཉིད་ལྷུང་བར་བསམ། ང་གཉིད་པ་ཡིན། འདི་རྨི་ལམ་གྱི་ལུས་དང་ནམ་མཁའ་ཡིན། དེ་ལ་བདེན་པར་གྲུབ་པ་མེད། ནམ་མཁའི་རང་བཞིན་རྣམ་པར་སྣང་མཛད་ཡིན། དེ་ལ་སུ་ཞིག་འཇིགས་སྙམ་དུ་རང་གི་སེམས་ནམ་མཁའ་དང་བསྲེས་ནས། ནམ་མཁའ་རྣམ་པར་སྣང་མཛད་ཀྱིས་གང་བར་བསྒོམ་མོ། །དེ་ནི་བྱེ་བྲག་ཏུ་སྦྱང་བའོ། །གསུམ་པ་རྨི་ལམ་བཟུང་བ་ལ་དོན་གསུམ་སྟེ། རབ་མི་རྟོག་པ་ལ་འཛིན་པ་ནི། རང་གི་སྤྱི་བོར་ཐུགས་རྗེ་ཆེན་པོར་ཚོན་གང་བ་ཞིག་བསམ། གསང་གནས་སུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཚོན་གང་བ་ཞིག་བསམ། དེ་ནས་སྤྱི་བོའི་ཐུགས་རྗེ་ཆེན་པོ་ལས་ཐིག་ལེ་དཀར་པོ་ཞིག་ཆད་ནས་སྙིང་ཁར་བྱུང་བས་གཏི་མུག་དག །གསང་གནས་སུ་གསང་བ་ཡེ་ཤེས་ལས་ཐིག་ལེ་དམར་པོ་ཆད་ནས་སྙིང་ཁར་སླེབ་ནས་འདོད་ཆགས་དག །དེ་གཉིས་ཉེ་བར་གྱུར་པས་ཞེ་སྡང་དག །དེ་ནས་ཐིག་ལེ་འབྲོས་འདེད་གྱི་ཚུལ་དུ་འཁོར་པས་བུམ་
XXX དབང༌། རེག་པས་གསང་དབང༌། རེག་པ་ལས་བདེ་བ་བྱུང་བས་ཤེས་རབ་ཡེ་ཤེས་དབང༌། གཅིག་ལ་གཅིག་ཐིམ་ནས་འོད་དུ་ཡལ་བས་དབང་བཞི་པའོ། །སླར་ཡང་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ཡིན། རྨི་ལམ་སྒྱུ་མའི་རང་བཞིན་དམིགས་པ་མེད་པར་ཐག་བཅད་ནས། སེམས་མ་ཡེངས་པར་གསལ་སྟོང་གི་ངང་ལ་གཉིད་ལོག་གོ །དེ་ནི་མི་རྟོག་པ་ལ་བརྟེན་ནས་འཛིན་པའོ། །འབྲིང་འདུན་པས་འཛིན་པ་ནི། གོང་གི་སྦྱང་ཐབས་དེ་དག་བཅུ་ལ་དམིགས་པས་བཟུང༌། ཁྱད་པར་དུ་ཕྱི་རོལ་གྱི་སྣང་བ་འདི་དག་རྨི་ལམ་གྱི་སྣང་བ་ཡིན། རང་གི་ལུས་འདི་ཡང་རྨི་ལམ་གྱི་ལུས་ཡིན། རྨི་ལམ་གྱི་ཡུལ་དང་ལུས་ལ་བདེན་པ་མེད། ཅི་ལྟར་བསྒྱུར་བསྒྱུར་ཡིན་སྙམ་དུ་འདུན་པ་དྲག་པོ་བྱའོ། །དང་པོ་ཐུགས་ཀར་ཐིག་ལེ་ལ་རིག་པ་གཏད་ནས་འཛིན་པ་ནི། དེ་ནས་ནུབ་མོ་གཉིད་ལ་རབ་རིབ་འགྲོ་ཁར་འདུན་པ་མ་ཡེངས་པར་རྨི་ལམ་བཟུང་ལ། ལུས་གློད་ནས་དྲན་པ་མ་ཡེངས་ཙམ་བྱས་པས་ཟིན་པར་འགྱུར་རོ། །གསུམ་པ་དབང་པོ་ཐ་མ་དམིགས་པས་འཛིན་པ་ལ་གསུམ། བླ་མ་སྤྱི་བོར་བསྒོམ་ལ་ཏིང་ངེ་འཛིན་གྱིས་དབང་བླང༌། རྨི་ལམ་ཟིན་པར་གསོལ་བ་གདབ། དེ་ནས་རང་གི་མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཐིག་ལེ་དམར་པོ་འོད་ཟེར་བཅས་པ་ལ་སེམས་བཟུང་ལ་གཉིད་ཡོག་པས་ཟིན་ནོ། །གཉིས་པ་གསུང་ཡིག་འབྲུ་ལ་བརྟེན་ནས་འཛིན་པ་ནི། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདམར་པོ་འོད་ཟེར་དང་བཅས་པ་ལ་དམིགས་པ་གཏད་ན་ཟིན་པར་འགྱུར་རོ། །གསུམ་པ་རྨི་ལམ་སྐུ་ལ་བརྟེན་ནས་འཛིན་པ་ནི། མགྲིན་པར་པདྨ་དམར་
XXX པོ་འདབ་མ་བརྒྱད་པའི་ལྟེ་བར་ཐུགས་རྗེ་ཆེན་པོ་ཚོན་གང་པ་འོད་ཟེར་དང་བཅས་པ་ལ་དམིགས་པ་གཏད་ནས་འཛིན་པ་ཡིན་ནོ། །དེ་དག་ནི་རྨི་ལམ་འཛིན་པའི་རིམ་པ་སོང་ངོ༌། །འདི་ཡང་གེགས་སེལ་འབྱམ་གཅོད་དང་ལྡན་པ་དགོས་ཤེས་གསུངས། བཞི་པ་སྤྲུལ་ཞིང་བསྒྱུར་ནས་སྤེལ་བ་ནི། རྨི་ལམ་ཟིན་ནས་ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་འབྱུང་བ་ལྔར་སྤྲུལ་པ་དང༌། བརྒྱ་བྱིན་དང་འཁོར་ལོས་སྒྱུར་རྒྱལ་དང༌། ཅང་ཤེས་རྟ་དང༌། གླང་པོ་ཆེ་དང༌། ཁྱུང་དང༌། སེམས་ཅན་གྱི་རིགས་དུ་མར་སྤྲུལ་པར་བྱའོ། །དེ་ནས་བསྒྱུར་བ་ནི། ས་ཆུར་བསྒྱུར་བ། ཆུ་མེར་བསྒྱུར་བ། མེ་རླུང་དུ་བསྒྱུར་བ། རླུང་ནམ་མཁར་བསྒྱུར་བ། ནམ་མཁའ་རིགས་དྲུག་གི་སེམས་ཅན་དུ་བསྒྱུར་བ། རིགས་དྲུག་གི་སེམས་ཅན་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་ལྷར་བསྒྱུར་བར་བྱའོ། །རེས་འགའ་སྣང་བར་བསྒྱུར་བ་དང༌། རེས་འགའ་མི་སྣང་བར་བསྒྱུར་བ་དང༌། དེ་བཞིན་དུ། རགས་པ་ཕྲ་བར་སྤྲུལ་ཞིང་བསྒྱུར་བ་དང༌། ཕྲ་བ་རགས་པར་སྤྲུལ་ཞིང་བསྒྱུར་བ་དང༌། མང་པོ་གཅིག་ཏུ་སྤྲུལ་ཞིང་བསྒྱུར་བ་དང༌། གཅིག་མང་པོར་སྤྲུལ་ཞིང་བསྒྱུར་བ་ལ་སོགས་པ་ཤེས་པར་བྱའོ། །དེས་སྤྲུལ་ཞིང་བསྒྱུར་བ་སོང༌། དེ་ནས་སྤེལ་བ་ནི། སེམས་ཅན་དུ་མར་སྤྲུལ་ཞིང་བསྒྱུར་ནས་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང༌། སྟོང་ནས་ཁྲི། །འབུམ། བྱེ་བ། ས་ཡ། དེ་ནས་དུང་ཕྱུར་ལ་སོགས་ཀྱི་བར་དུ་སྤེལ་བར་བྱའོ། །དེ་བཞིན་ལྷ་བྱ་སྤྱོད་དང༌། རྣལ་འབྱོར་བླ་མེད་དུ་མ་དང༌། ཁྱད་པར་སྤྱན་རས་གཟིགས་སྐུ་རྐྱང་དང༌། བླ་མེད་ལ་སོགས་
XXX པར་སྤྲུལ་ཞིང་བསྒྱུར་བ་དང༌། གཅིག་ནས་དུང་ཕྱུར་གྱི་བར་དུ་སྤེལ་བར་བྱས་ནས་མ་ཎི་ལ་སོགས་སྔགས་འདྲེན་པར་བྱའོ། །ལྔ་པ་ཡུལ་སྣང་གཏན་ལ་འབེབས་པ་དང༌། ཞིང་སྦྱང་བ་དང༌། བགེགས་འདུལ་བ་གསུམ་ལས། དང་པོ་ནི། དབང་པོ་རབ་འོད་གསལ་རྟོགས་པ་དང་བྲལ་བའི་ངང་ནས་ཡུལ་སྣང་གཏན་ལ་ཕེབས་པར་འགྱུར་རོ། །དབང་པོ་འབྲིང་ཡིད་ལ་བསམ་པ་ཙམ་གྱིས་ཡུལ་སྣང་གཏན་ལ་ཕེབས་པར་འགྱུར་རོ། །དབང་པོ་ཐ་མ་བྱ་རྒོད་ལ་སོགས་པར་སྤྲུལ་ནས་ཕྱིན་པས་ཡུལ་སྣང་གཏན་ལ་ཕེབས་པར་འགྱུར་རོ། །དེ་ཡང་ཐོག་མར་རང་གི་ཁང་པ་དང༌། ཉལ་ས་ལ་ཡུལ་གསལ་བར་གཏན་ལ་ཕེབས་པར་གྱུར་ནས། གཞན་ཕྱི་རོལ་ཡང་ཕེབས་པར་འགྱུར་རོ་གསུངས་སོ། །གཉིས་པ་ཞིང་སྦྱོང་བ་ནི་ཁྱུང་ལ་སོགས་པར་སྤྲུལ་ནས། བདེ་བ་ཅན་དང༌། མངོན་དགའ་དང༌། བཻ་ཌཱུར་སྣང་བ་དང༌། དགའ་ལྡན་ལ་སོགས་པར་འགྲོ་ཞིང་ཞིང་ཁམས་དེ་དག་ལ་བཞུགས་པའི་སངས་རྒྱས་རྣམས་ལ་མཆོད་པ་དུ་མར་སྤྲུལ་ནས་མཆོད་པ་དང༌། ཆོས་ཞུ་བ་དང༌། དེ་བཞིན་དུ་རང་གིས་ཀྱང་སངས་རྒྱས་ཀྱི་ཞིང་དུ་མར་སྤྲུལ་ཞིང་མཆོད་པ་དཔག་ཏུ་མེད་པ་སྤྲུལ་ནས་མཆོད་པ་དང་ཆོས་ཉན་པར་བྱའོ། །དེས་ཞིང་སྦྱོང་བ་སོང་ནས། གསུམ་པ་བགེགས་འདུལ་བ་ནི། གདོན་རྒྱལ་པོ་ལྟ་བུ་ལ་རྟ་མགྲིན་ལྟ་བུར་སྤྲུལ་ནས་འདུལ། ཀླུ་ལ་ཁྱུང་དུ་སྤྲུལ་ནས་འདུལ། མ་མོ་ལ་ཕྱག་རྡོར་དང༌། ལྷ་འདྲེ་སྤྱི་ལ་འཇིགས་བྱེད་དུ་སྤྲུལ་ནས་འདུལ། གདོན་ཆུར་སྤྲུལ་ན་རང་ཉི་མ་སྟོང་དུ་སྤྲུལ་ནས་སྐེམས་པ་དང༌། གདོན་མེ་རུ་སྤྲུལ་པ་ལ། རང་ཆུར་སྤྲུལ་ནས་
XXX གསོད་པ་དང༌། གདོན་བྱ་རྒོད་ལ་སོགས་པ་ལ་རང་ཁྱུང་དུ་སྤྲུལ་ནས་འདུལ། གདོན་ཁྲ་རུ་སྤྲུལ་པ་ལ་རང་གླག་ཏུ་སྤྲུལ་ནས་འདུལ་བ། དེ་བཞིན་དུ་ཁྱི་ལ་སྟག་དང༌། བྱེའུ་ལ་ཁྲ་དང༌། རི་དྭགས་ལ་གཅན་གཟན་དང༌། གཅན་གཟན་ལ་སེང་གེ་དང༌། སེང་གེ་ལ་མེ་སྤུང་ལ་སོགས་པ་གང་གི་གཉེན་པོར་གང་ཡིན་པ་དེར་སྤྲུལ་ནས་འདུལ་ཞིང་སྲོག་སྔགས་འབུལ་དུ་འཇུག །མཐར་བྱམས་སྙིང་རྗེ་བྱང་ཆུབ་སེམས་བསྒོམ་ཞིང༌། སྟོང་ཉིད་ཀྱི་ངང་ལ་འཇོག་པའོ། །དེ་ནི་གདོན་འདུལ་བའོ། །གསུམ་པ་འོད་གསལ་གྱི་རིམ་པ་ལ་གསུམ་ཏེ། དང་པོ་གཞིའི་འོད་གསལ་ཆོས་ཉིད་གནས་ལུགས་ལ་ངོས་བཟུང་བ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ། སྐྱེ་གནས་འཇིག་གསུམ་དང་བྲལ་བ། སྤྲོས་བྲལ་མཐའ་བྲལ་དེ་ཉིད། སེམས་ཅན་རྣམས་ཀྱིས་རྟོགས་རུང་མ་རྟོགས་རུང༌། འགྲོ་བ་རྣམས་གདོད་ནས་ཀུན་ཁྱབ་ཀྱི་ངོ་བོ་གནས་པ་ཡིན་ཏེ། དེ་ཉིད་ཀྱི་དོན་མ་རྟོགས་ཤིང༌། བདག་མེད་ལ་བདག་ཏུ་བཟུང་བས། གཟུང་འཛིན་འཁྲུལ་པའི་དྲི་མས་སེམས་ཉིད་འོད་གསལ་བསྒྲིབས་ནས། །འཁོར་བར་འཁྱམས་ཀྱང་གཞིའི་འོད་གསལ་ཞེས་བྱ་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་ལྟ་བུ་དང༌། བར་སྣང་ལ་ཁུ་རླངས་ལྟ་བུའོ། །ཆུ་དང་ས་ལྟ་བུའོ། །མར་མེ་དང་བུམ་པ་ལྟ་བུའོ། །དབུལ་པོའི་ཁྱིམ་དུ་གཏེར་ཆེན་ལྟར་སྒྲིབ་པ་ལས་གྲོལ་རུང་མ་གྲོལ་རུང་རང་སེམས་རང་བཞིན་འོད་གསལ་བར་བཞུགས་སོ། །གཉིས་པ་ལམ་གྱི་འོད་གསལ་རྩལ་སྦྱང་བ་ལ་གཉིས་ཏེ། དང་པོ་ཉིན་པར་རྩ་ཐིག་རླུང་
XXX གསུམ་གནད་དུ་བསྣུན་པ་ལ་བརྟེན་ནས། འོད་གསལ་མངོན་དུ་བྱེད་པ་ལ་གསུམ་སྟེ། དང་པོ་ནི། མུན་ཁང་ཁྲ་སེང་མེད་པར་འབོལ་བའི་གདན་ལ། བསམ་གཏན་སྟེགས་བུ་བཅས་ལ། ལུས་གནད་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང༌། ལག་པ་རྡོ་རྗེ་ཁུ་ཚུར་བརླའི་སྟེང་དུ་འཇོག །དཔུང་མགོ་རྒོད་གཤོག་ལྟར་བརྒྱང༌། སྒལ་ཚིགས་མདའ་ལྟར་བསྲང༌། མགྲིན་པ་ལྕགས་ཀྱུ་ལྟར་བཀུག །བྱིང་ན་ལྟ་སྟངས་སྤྱི་བོའི་གཙུག་ན་སྣ་རྩེ། སྙོམས་ན་སྨིན་མཚམས་ཀྱི་ནམ་མཁའ་ལ། མིག་གཡོ་འགུལ་མེད་པར་ལྟ། གཉིས་པ་ངག་རླུང་བཅིང་པ་ནི། རླུང་བུམ་པ་ཅན་བཟུང་ངོ༌། །དེས་ཐིག་ལེ་རང་འཆིང་དུ་གྱུར་ནས། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་རྣམ་ཀུན་མཆོག་ལྡན། འོད་གསལ་རྟགས་བཅུ་དང༌། མ་ངེས་པའི་རྟགས་དུ་མ་འཆར་བར་འགྱུར་ཏེ་སེམས་ཀྱི་རང་འོད་རང་བཞིན་གྱིས་འོད་གསལ་བ། དབྱིངས་རིག་དབྱེར་མེད་ཆོས་སྐུ་རུ་ངོ་སྤྲོད་པར་བྱའོ། །གཉིས་པ་མཚན་མོའི་འོད་གསལ་ནི། རབ་སེམས་ཉིད་འོད་གསལ་གྱི་ངང་ལ་གཉིད་པས་འོད་གསལ་ཟིན་པར་འགྱུར་རོ། །དེས་མ་ཟིན་ན་དམིགས་པ་ལ་བརྟེན་ནས་འཛིན་པ་ནི། རང་ཐུགས་རྗེ་ཆེན་པོ་ཕྱི་གསལ་ནང་གསལ་དུ་བསྒོམ་པའི་ཐུགས་ཁར་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་ཚེགས་དྲག་དང་བཅས་པ་ལས་འོད་ཟེར་ཉི་མ་འབུམ་ལས་ལྷག་པར་འཕྲོས་པས། ལུས་ཀྱི་ཕྱི་ནང་དང་གླིང་བཞི་སྟོང་གསུམ་ཐམས་ཅད་ཕྱི་གསལ་ནང་གསལ་དུ་གྱུར་པ་ལ་དམིགས་པ་བཟུང་ནས་གཉིད་ལོག་པས་འོད་གསལ་ཟིན་པར་འགྱུར་རོ། །གསུམ་པ་འབྲས་བུའི་འོད་གསལ་མངོན་དུ་བྱེད་པ་ནི། སེམས་ཀྱི་རང་བཞིན་གཟུང་འཛིན་གཉིས་ལས་
XXX གྲོལ་བ། རང་གིས་རང་རིག་ཅིང་རང་བཞིན་གྱིས་འོད་གསལ་བ། ཤེས་བྱའི་ཡུལ་ཆོས་ཉིད་རྣམ་ཀུན་མཆོག་ལྡན་དང༌། ཤེས་པའི་ངོ་བོ་རང་རིག་ཡེ་ཤེས་གཉིས་དང་དབྱེར་མེད་པ། སྐྱེ་འགག་གནས་གསུམ་དང་བྲལ་བ། ཡོད་མེད་བདེན་རྫུན་རྟག་ཆད་ཀྱི་མཐའ་དང་བྲལ་བ་འདི་ཉིད་ཆོས་ཀྱི་སྐུའོ། །ཞེས་ངོ་སྤྲད་པར་བྱའོ། །དྲུག་པ་འཕོ་བ་ལ་གསུམ་སྟེ། དང་པོ་སྦྱང་བ་ནི། རང་ལུས་སྤྱན་རས་གཟིགས་མངོན་རྟོགས་ལྟར་དུ་སྟོང་སང་ངེ་བ་སྒོམ་པའི་ལུས་ཀྱི་དབུས་སུ། རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། མར་སྣ་གསང་གནས་སུ་གཏད་ནས་བུ་ག་ཕཊ་ཀྱིས་བཀག་པ། ཡར་སྣ་སྤྱི་གཙུག་ཏུ་ཟུག་པ་རྒྱ་མཐོང་ཁ་བྱེ་བ་ལྟ་བུ་སྟོང་སང་ངེ་བ་ཡོད་པར་བསྒོམ། བུ་ག་དགུ་པོ་ཧྲཱིཿདམར་པོ་རེ་རེས་བཀག་པར་བསྒོམ། དེ་ནས་འཕོ་ཡུལ་ནི་སྤྱི་གཙུག་སྟེང་གི་ནམ་མཁའ་འདོམ་གང་ཙམ་གྱི་ཆ་ལ། རིན་པོ་ཆེའི་ཁྲི་པདྨ་ཟླ་བ་བརྩེགས་པའི་གདན་གྱི་སྟེང་དུ་ཐུགས་རྗེ་ཆེན་པོ་སྐུ་རྣམ་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ལོངས་སྤྱོད་རྫོགས་པའི་ཆ་ལུགས་སུ་བསྒོམ་པར་བྱའོ། །དེ་ནས་འཕོ་བ་སྦྱང་བ་ལ་དོན་གསུམ། དང་པོ་ཐུགས་ཀྱི་སྒོ་ནས་འཕོ་བ་ནི། རང་གི་སྙིང་ཁར་པདྨ་ཟླ་བའི་སྟེང་དུ་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ། འོད་ཟེར་སྣ་ལྔ་འཕྲོ་བར་བསྒོམ་ལ། དེ་ནས་སྤྱི་བོའི་ཐུགས་རྗེ་ཆེན་པོས་ཡི་གེ་དྲུག་མ་བཏོན་ནས། རིགས་ཀྱི་བུ་ཁྱོད་བདག་གི་ཐུགས་ཁར་འཕོས་ཤིག །ཅེས་གསུངས་པའི་མོད་ལ། ཐིག་ལེ་དེ་ལས་ཐིག་ལེ་གཅིག་དཀར་ཙེར་གྱིས་ཆད་ནས། དབུ་མའི་ལམ་བརྒྱུད་དེ། ཐུགས་རྗེ་
XXX ཆེན་པོའི་ཐུགས་ཀར་ཅུང་ཟད་རེག་ནས་སླར་ཡང་མར་བབས་སྙིང་ཁའི་གཞིའི་ཐིག་ལེ་ལ་ཐིམ་པར་བསྒོམ། དེ་ལྟ་བུ་བརྒྱ་དང་ཉི་ཤུ་ལ་སོགས་པ་རྟགས་མ་བྱུང་གི་བར་དུ་སྦྱང་ངོ༌། །གཉིས་པ་གསུང་ཡིག་འབྲུའི་སྒོ་ནས་འཕོ་བ་ནི། རང་ཐུགས་རྗེ་ཆེན་པོ་གསལ་གདབ་པ་དང༌། ལུས་ཀྱི་དབུས་སུ་རྩ་གསལ་འདེབས། སྤྱི་བོར་བླ་མ་བསྒོམ་པའི་རིམ་པ་རྣམས་གོང་དང་མཚུངས། བྱེ་བྲག་ཏུ་སྙིང་ཁར་པད་ཟླའི་སྟེང་དུ་ཧྲཱིཿདམར་པོ་འོད་དང་བཅས་པ་བསྒོམ་ཞིང༌། ཧྲཱིཿལས་ཧྲཱིཿཆད་དེ། བླ་མའི་ཐུགས་ཀར་ཅུང་ཟད་རེ་གནས་པར་བསམ་ཞིང༌། སླར་གཞིའི་ཧྲཱིཿལ་ཐིམ་པར་བསྒོམ་པ་ནི། སྦྱོང་བ་གོང་དང་མཚུངས། གསུམ་པ་སྐུའི་སྒོ་ནས་འཕོ་བ་ནི། ལྷ་དང་རྩ་དབུ་མ་བླ་མ་གསལ་འདེབས་པ་གོང་དང་མཚུངས། བྱེ་བྲག་ཏུ་སྙིང་ཁར་ཟླ་བའི་སྟེང་དུ། ཐུགས་རྗེ་ཆེན་པོ་གསལ་ལ་དོད་པ་འོད་ཟེར་དང་བཅས་པ་ཚོན་གང་བ་ཞིག་བསམ་ལ། གཅིག་ལས་གཅིག་ཆད་སྤྱི་བོར་བླ་མའི་ཐུགས་ཁར་རེག་ནས་ཅུང་ཟད་གནས་ཤིང་བཞུགས། སླར་གཞིའི་ལྷ་ལ་ཐིམ་པར་བསམ་པ་ནི་སྦྱང་བའོ། །གཉིས་པ་ལས་ལ་སྦྱོར་བ་ནི། འཆི་བའི་རྟགས་ཚང་ནས། ཞེན་ཆགས་འཁྲི་བ་རྦད་ཀྱིས་བཅད་ལ། བྱམས་སྙིང་རྗེ་དང་མོས་གུས་ལ་གནས་པས། རང་ལུས་ལྷར་གསལ་འདེབས། དབུས་སུ་རྩ་དབུ་མ་བསྒོམ། སྤྱི་བོར་བླ་མ་གསལ་གདབ། སྙིང་ཁར་པད་ཟླའི་སྟེང་དུ་ཐིག་ལེ་ཧྲཱིཿཡི་གེ་སྐུ་གསུམ་རིམ་གྱིས་བསྒོམ་ནས་དེ་དག་གདན་དང་བཅས་པ་ཆད་པས། སྐར་མདའ་འཕངས་པ་ལྟར་བླ་མའི་ཐུགས་ཀར་ཐིམ་པར་བསམ་ཞིང༌། ནམ་འཕོ་མ་ནུས་ཀྱི་བར་དུ་བསྒོམ་པར་བྱའོ། །མཐར་བླ་མ་
XXX ཡང་བདེ་བ་ཅན་དུ་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ་མོ། །དེ་ནི་ལས་ལ་སྦྱར་བའོ། །བདུན་པ་བར་དོ་ལ་དོན་བཞི་སྟེ། དང་པོ་བར་དོ་སྦྱང་བ་ནི། བླ་མ་ལ་བར་དོ་འབྱོང་བའི་གསོལ་བ་གདབ། དེ་ནས་ཕྱི་རོལ་གྱི་སྣང་བ་འདི་རྣམས་ཐམས་ཅད་བར་དོའི་སྣང་བ་ཡིན། ངའི་ལུས་འདི་ཡང་བར་དོའི་ལུས་ཡིན། གཟུགས་ཐམས་ཅད་བར་དོའི་གཟུགས། སྒྲ་ཐམས་ཅད་བར་དོའི་སྒྲ། དྲི་དང༌། རོ་དང༌། རེག་བྱ་ཐམས་ཅད་བར་དོའོ། །བདེ་སྡུག་ཐམས་ཅད་བར་དོའི་སྣང་བ་ཡིན། དེ་སྒྱུ་མ་ཡིན། རྨི་ལམ་ཡིན། བར་དོའི་ལུས་ལ་རང་བཞིན་མེད་སྙམ་དུ་བསྒོམ་ལ། ཆོས་ཐམས་ཅད་ལ་བླང་དོར་མེད་པར་མཉམ་པ་ཉིད་དུ་ནམ་མཁའ་ལྟ་བུའི་ངང་ལ་སེམས་རང་གསལ་སྤྲོས་བྲལ་དུ་མཉམ་པར་འཇོག་པ་བར་དོ་ཆོས་སྐུར་སྦྱང་བའོ། །གཟུགས་སྣང་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུ། སྒྲ་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྒྲ། དྲན་རྟོག་ཐམས་ཅད་སྤྱན་རས་གཟིགས་ཀྱི་བསྐྱེད་རིམ་དུ་བསྒོམ་ནས། དེ་རྣམས་ཉམས་སུ་བླང་བ་ནི་ལོངས་སྐུ་བར་དོ་སྦྱང་བའོ། །ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་བདེ་བ་ཅན་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་སྤྲུལ་པའི་སྐུ། སྒྲ་ཐམས་ཅད་དམ་པའི་ཆོས་ཀྱི་སྒྲ། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་བསྒོམ་ལ། སྤྲུལ་པའི་སྐུའི་ཞིང་སྦྱང་པའོ། །གཉིས་པ་ཐིམ་སྡུད་བརྟག་པ་ནི། ཕྱི་རྟགས་ལ། ས་ཆུ་ལ་ཐིམ་པས། ལུས་ཀྱི་བཀྲག་མདངས་འཆོར། དྲི་མ་མི་ཐུབ། སྣང་བ་ལྗིད་ཐིབས་འབྱུང་བ་སྙམ་བྱེད། ནང་རྟགས་ལ་རླངས་པའམ། ཁ་རླངས་ལྟ་བུ་འབྱུང༌། ཆུ་མེ་ལ་
XXX ཐིམ་པའི་རྟགས་སུ་ཁ་སྣ་སྐམ། མཆུ་བརྫེས། ནང་རྟགས་རྡུལ་དང་སྨིག་རྒྱུ་ལྟ་བུ་འབྱུང༌། མེ་རླུང་ལ་ཐིམ་པའི་རྟགས་སུ། ཕྱི་རྟགས་དྲོད་མཐའ་ནས་སྡུད། དབུགས་ནང་དུ་སྡུད་མི་ཤེས། ནང་རྟགས་སུ་མར་མེ་བཏེགས་པའམ། སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང༌། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་རྟགས་སུ་ལྕེའི་ཐོག་ཏུ་ནག་ཐིག་དང་གླལ་བའོ། །ནང་རྟགས་སུ་ནམ་མཁའ་དྭངས་པ་ལྟ་བུའམ། ཁ་བ་བབས་པ་ལྟ་བུ་འབྱུང༌། རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པའི་རྟགས་སུ་ཕྱི་རྟགས་ནམ་མཁའ་སྤྲིན་མེད་པ་ལྟ་བུ་འབྱུང༌། ནང་རྟགས་སུ་ནམ་ལངས་པའི་སྟེང་དུ་ཉི་མ་ཤར་བ་ལྟ་བུ་འབྱུང༌། དེ་ནི་ཐིམ་སྡུད་བརྟག་པའོ། །གསུམ་པ་བར་དོ་སྐུ་གསུམ་དུ་ཉམས་སུ་ལེན་ཚུལ་ནི། བར་དོ་དང་པོ་ཆོས་ཉིད་ཀྱི་བར་དོར་ཆོས་སྐུའི་ངོ་བོར་སངས་རྒྱས་པའི་གདམས་ངག་ནི། དེ་ནས་འབྱུང་བ་ལྔ་ཐིམ་པས་རླུང་དབུ་མར་ཐིམ་ཚར་ནས། མ་ལས་ཐོབ་པའི་རཀྟ་གྱེན་དུ་འདྲིལ་བས་དམར་ལམ་འབྱུང་སྟེ། ཕ་ལས་ཐོབ་པའི་ཐིག་ལེ་ཐུར་དུ་ལྷུང་བས་དཀར་ལམ་པ་འབྱུང༌། དེ་ནས་ཁམས་དཀར་དམར་ནོར་རྒྱལ་གྱི་རླུང་རྣམ་པར་ཤེས་པ་དང་བཅས་པ་སྙིང་ཁའི་རྩ་བྷ་སནྟའི་ནང་དུ་འདུས་པ་ལས་བདེ་གསལ་མི་རྟོག་ནམ་མཁའ་ལྟར་མཐའ་དབུས་མེད་པའི་འོད་གསལ། རྣམ་ཀུན་མཆོག་ལྡན་འཆང་བར་འགྱུར། དེའི་ཚེ་གཟུགས་སུ་སྣང་བ་ཐམས་ཅད་འོད་གསལ་སེམས་ཉིད་ཆོས་སྐུའི་རང་གཟུགས། སྒྲ་གྲགས་པ་ཐམས་ཅད་སེམས་ཉིད་ཆོས་སྐུའི་རང་སྒྲ། དྲི་རོ་རེག་བྱ་རྣམ་ཤེས་དང་བཅས་པ་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་སེམས་རང་བཞིན་འོད་
XXX གསལ་ལ་རང་ངོ་རང་གིས་ཤེས་ནས་དེའི་ངང་ལ་མཉམ་པར་བཞག་པས་བར་དོ་འོད་གསལ་ཆོས་སྐུའི་དབྱིངས་སུ་སངས་རྒྱས་འགྲུབ་པར་འགྱུར་རོ། །གཉིས་པ་སྲིད་པ་བར་དོར་འཕོས་ནས་ལོངས་སྐུར་ཉམས་སུ་ལེན་པ་ནི། བར་དོའི་རྟགས་ཐམས་ཅད་མན་ངག་དང་ལྡན་པས། སྣང་བ་ཐམས་ཅད་བདེ་བ་ཅན་གྱི་ཞིང་དུ་བསམ། བདག་དང་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཡབ་ཡུམ་དུ་གསལ་གདབ། སྒྲ་ཐམས་ཅད་ཡི་གེ་དྲུག་པ། དྲན་རྟོག་ཐམས་ཅད་བསྐྱེེད་རིམ་ལ་མ་ཡེངས་པར་བྱས་པས། ལོངས་སྤྱོད་རྫོགས་པར་གྲོལ་བར་འགྱུར་རོ། །གསུམ་པ་བར་དོ་ཐ་མ་སྤྲུལ་སྐུར་ཉམས་སུ་ལེན་པ་ནི། ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་བདེ་བ་ཅན་དང༌། བདག་དང་སེམས་ཅན་ཐམས་ཅད་སངས་རྒྱས་སྤྲུལ་པའི་སྐུར་སྤྲུལ། སྒྲ་གྲགས་པ་ཐམས་ཅད་ཆོས་ཀྱི་སྒྲར་སྤྲུལ། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རོལ་བར་སྤྲུལ་ནས། སེམས་ཅན་ལ་ཆོས་སྟོན་པ་ལ་སོགས་བྱ། གཞན་ཡང་སྤྲུལ་པ་སྒྱུར་ལ་བརྟེན་ནས་བདེ་བ་ཅན་དང༌། དགའ་ལྡན་དང༌། མངོན་དགའ་ལ་སོགས་པའི་ཞིང་དུ་རྫུ་འཕྲུལ་གྱིས་ཕྱིན་ནས་ཆོས་ཉན་པ་དང༌། མཆོད་པ་དུ་མ་སྤྲུལ་ནས་མཆོད་པ་ལ་སོགས་པ་བྱའོ། དེས་ནི་བར་དོ་ཐ་མ་སྤྲུལ་སྐུའི་ཞིང་དུ་སངས་རྒྱས་པར་འགྱུར་རོ། །དེ་དག་གིས་བར་དོའི་གདམས་པ་སོང་ནས། བཞི་པ་མངལ་སྒོ་དགགས་པ་ནི། བར་དོ་གསུམ་དུ་གྲོལ་མ་ནུས་ན། ཐ་མ་མངལ་སྒོ་དགགས་པ་ནི། ཕོ་མོ་སྦྱོར་བ་བྱེད་པ་དང༌། གནས་ཁང་ལ་སོགས་པར་གནས་པའི་སྣང་བ་བྱུང་ན། ཕོ་ཐམས་ཅད་སྤྱན་རས་གཟིགས་སུ་བསྒོམ། མོ་ཐམས་
XXX ཅད་རྡོ་རྗེ་ཕག་མོར་བསྒོམ། སྒྲ་ཐམས་ཅད་ཡི་གེ་དྲུག་པར་བསྒོམ། དྲན་རྟོག་ཐམས་ཅད་ཆགས་འཛིན་དང་བྲལ་བའི་ངང་ནས་བསྐྱེད་རྫོགས་བསྒོམ་པས། མངལ་སྒོ་ཁེག་ཅིང་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཡོངས་སུ་འཛིན་པར་འགྱུར་རོ། །ལྔ་པ་རྗེས་ཀྱི་བཀའ་རྒྱ་ལ་བཞི་སྟེ། ཁྲིད་འདི་གཅིག་བརྒྱུད་དུ་སྟོན་པ་དང་གཅིག །ཚོགས་འཁོར་བཟང་པོ་གསེར་གྱི་མེ་ཏོག་དང་གཉིས། ཁྲིད་ལུང་བྱེད་དུ་མེད་པ་དང་གསུམ། འདི་ཞུས་ནས་སྒྲུབ་པ་བྱེད་པ་དང་བཞི་ཡིན་ཅེས་མི་ཏྲས་བཀའ་རྒྱ་བཏབ་པའོ། །ཚེ་གཅིག་བྱང་ཆུབ་བསྒྲུབ་པའི་ཚུལ་འདི་ནི། །སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ལ། །རྒྱ་གར་པཎ་ཆེན་ཤྲཱི་པུ་ཏྲས་ཞུས། །མན་ངག་སྙན་བརྒྱུད་གཱིརྟི་རཏྣ་ལ། །ཇི་ལྟར་གདམས་ངག་གནད་རྣམས་མ་འཕྱུག་པ། །བུམ་པ་གང་བྱོ་བདག་ལ་གནང་བ་ནི། །ཚིག་དོན་མ་འཕྱུག་ཡི་གེར་བཀོད་པ་ཡིན། །དགེ་བས་བདག་གིས་སྤྱན་རས་གཟིགས་མགོན་གྱི། །གོ་འཕང་ཐོབ་ནས་འགྲོ་ཀུན་འདྲེན་པར་ཤོག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལམ་གྱི་རིམ་པ་ཡོངས་སུ་སྡུད་པའི་ཁྲིད་བདུད་རྩིའི་དགའ་སྟོན་ཅེས་བྱ་བ། རྣལ་འབྱོར་པ་འོད་དཔག་རྡོ་རྗེ་ཞེས་བྱ་བས་ཡི་གེར་བཀོད་པའི་བསོད་ནམས་ཀྱི་ཕུང་པོ་དེས། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་མྱུར་དུ་འགོད་པར་གྱུར་ཅིག །ཅེས་བསྔོ་བའི་རིམ་པ་དང་བཅས་པ་རྫོགས་སོ། །དགེ་བས་འགྲོ་རྣམས་སངས་རྒྱས་ཐོབ་པར་ཤོག། །།དགེའོ། །

རྩ་རླུང་དྲྭ་མིག་འཁོར་ལོ་

༢༠༩ །རྒྱ་གར་སྐད་དུ། ཏྲྀ་ཎ་པྲ་ཎ་ཛཱ་ལ་ཙཀྲ། བོད་སྐད་དུ། རྩ་རླུང་དྲྭ་མིག་འཁོར་ལོ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་དྲོད་ལུས་འབར་ལུས་ཀྱི་དྭངས་མ་ཞུ། །དྷཱུ་ཏིའི་ལམ་སྦྱངས་འོད་གསལ་ནམ་མཁའ་བལྟ། །འཁོར་འདི་ལ་གསུམ། ཀླད། གཞུང་། མཇུག་གོ །དང་པོ་མཚན་ཕྱག་གཉིས་སོ། །གཉིས་ལ་སྦྱོར་དངོས་གཉིས་སོ། །དངོས་གཞི་སྟེང་འོག་གཉིས་སོ། །བར་འཁྲུལ་བཅད་ཐིག་ལེའི་ཆུ་ལུད་ཀྱིས། །བྱང་ཆུབ་མྱུ་གུ་རྡོ་རྗེ་ཅན་ལ་འདུད། །དབང་དང་དམ་་གང་ཟག ཚིག་ལྡན་པའི་རྣལ་འབྱོར་པས། །བདེན་པའི་སྤྱོད་ལམ་གནས་སུ་བདེ་བའི་སྙན་ལ་འདུག །མགོན་པོས་[293]མགོར་བརྒྱན་ཡི་
༢༡༠དམ་བསྒོམ་པ་ཡི། །ལུས་ལ་རྩ་གསུམ་འཁོར་ལོ་བཞིར་གནས་པའི། །དྷཱུ་ཏི་ལུས་ཀྱི་སྲོག་ཤིང་ཚུལ་དུ་གནས། །ཡར་སྣ་སྤྱི་བོའི་ཧཾ་ལ་རྣམ་པར་བལྟས། །མར་སྣའི་ཨ་ལས་གཡོས་པའི་རླུང་སྡིག་པས། །ཨ་ལས་མེ་འབར་སྤྱི་བོའ་ཧཾ་ཞུ་ལས། །བདུད་རྩིའི་རྒྱུན་བབས་གཏུམ་མོའ་གསོས་སུ་གྱུར། །དེ་[294]ལྟར་བསྒོམས་པའི་ཐུགས་རྗེས་ཐུན་རྗེས་ལ། །རྐེ་འཐེན་མགོ་དང་རོ་སྟོད་རྐེད་པ་དང་། །བསྐོར་ཞིང་གཅུས་ལ་ཡན་ལག་སྤྲུག་པར་བྱ། །མན་ངག་ཡིན་པས་དབུགས་ཐེབས་བདུན་པར་བྱ། །དེ་[295]ཡིས་རྩ་རླུང་ཐིག་ལེའི་སྐྱོན་རྣམས་སེལ། །དེ་ལྟར་བསྒོམས་པས་དང་པོ་དྲོད་སྐྱེ་སྟེ། །རྩ་ཁ་དྲོས་ནས་ཁམས་ཀྱི་དྭངས་མ་ཞུ། །ཉིན་མཚན་ངོ་མི་ཤེས་པའི་བདེ་བ་འབྱུང་། །གསུམ་པའི་དབང་བསྐུར་མཚན་ལྡན་ཕྱག་རྒྱ་གཏད། །ཕྱག་རྒྱ་དེ་དང་ལྡན་པ་ལྔ་ལྡན་གྱིས། །དལ[296]་བུས་བསྲུབ་ཅིང་དོན་གྱི་ནམ་མཁའ་བལྟ། །མཁས་པ་ལྔ་ཡི་སྒོ་ནས་ཉམས་སུ་བླང་། །དེ་ཡི་མྱོང་བ་ལྷན་སྐྱེས་ཡེ་ཤེས་ཡིན། །འོག་རླུང་གྱེན་ཏུ་གཟུགས་འོག་སྒོ་ལ་སྦྱོར་བ་དངོས་གཉིས་ལས། དང་པོ་ནི་དངོས་གཞི་དྲུག་ལས། དབང་གྱེན་ལ་བལྟ། །རྐང་པ་[297]མཐར་རྐྱང་རྐན་སོ་བཅོན་ཏུ་བཟུང་། །རྒྱ་མཚོ་རིར་སྦྱར་དྲི་འཛིན་གྱེན་ཏུ་བཟློག །རིག་པ་མཁར་གཏད་གནས་ལུགས་དོན་གཉིས་པ་འཛིན་པ་ལ་མཁས་པ། ལ་བལྟ། །དེ་ལྟར་གནད་ལྡན་ཧཱུྃ་རིང་ཧཱུྃ་ཐུང་གིས། །འཁོར་ལོ་བཞི་ཡི་གནས་སུ་དྲང་བ་ཡིན། །དགའ་བ་བཞི་ཡི་ཡེ་ཤེས་སྐྱེ་བར་འགྱུར། །གཅན་[298]གཟན་ཧཱུྃ་གི་སྣོམ་དང་ཝ་ཡི་བཞད། །སྟག་མོའ་སྐྱུག་སྟངས་སྟག་དང་སེང་གེའི་སྤྲུག །སྦྱོར་བ་དེ་ཡི་ལུས་ལ་ཁྱབ་པར་ཁྲེམ། །མགོ་བོ་ལན་[299]གསུམ་དྲིལ་ཞིང་རོ་སྟོད་གཅུ། །སྐེད་པ་ལན་གསུམ་གཅུ་ཞིང་རོ་སྨད་བརྡབ། །རྐང་ལག་ལན་གསུམ་སྤྲུག་པས་ཐིག་ལེ་ཡི། །ནད་མི་འཇུག་པའི་མན་ངག་སེམས་ལ་ཞོག །དེ་རྗེས་་དྲག་པ་དུང་ཡང་གནས་ལུགས་སོ། །ལྔ་པ་སེམས་ཉིད་མ་བཅོས་རང་སར་ཞོག །
༢༡༡ཉིན་མོ་སྟེང་སྒོ་སྦྱང་ཞིང་མཚན་མོ་འོག་སྒོ་སྦྱོང་། །སྟེང་འོག་[300]རྩ་རླུང་དྲ་མིག་འབྲེལ་པ་ལས། །སྐྱོན་སེལ་ཐབས་ཀྱི་འཁོར་ལོ་བསྐོར་བའོ། །འདི་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་པས། །ཞག་བདུན་སྦྱོར་བས་མཁའ་སྤྱོད་ངེས་པར་འགྲུབ། །རྩ་རླུང་དྲྭ་མིག་འཁོར་ལོ། །།།།། ༈ ན་མོ་གུ་རུ། །རྩ་རླུང་དྲྭ་མིག་འཁོར་ལོ་འདི་ལ་གཉིས་ཏེ། བདེ་དྲོད་ཀྱི་མེ་སྦར་ནས་ཁམས་ཀྱི་དྭངས་མ་བཞུ་སྟེ་དྷཱུ་ཏིའི་ལམ་སྦྱངས་ནས་འོད་གསལ་གྱི་ནམ་མཁའ་བལྟ་བ་དང་། འོག་འཁོར་བའི་རྒྱུ་འགྲུལ་བཅད་དེ་ཐིག་ལེའི་ཆུ་ལུད་ཀྱིས་རྩ་རླུང་གི་ལྗོན་ཤིང་བསྐྱེད་ནས་རྡོ་རྗེ་འཆང་གི་ས་ལ་འགོད་པར་བསྟན་པའོ། །སྟེང་སྒོ་ལ་གཉིས་ཏེ། གནད་རྣམ་པ་ལྔས་གདམས་པ་ཉམས་སུ་བླངས་བ་དང་། འཁྲུལ་འཁོར་རྣམ་པ་ལྔས་རླུང་གི་སྐྱོན་སེལ་བའོ། །དང་པོ་གནད་རྣམ་པ་ལྔ་ནི། རྟེན་པ་ལུས་ཀྱི་གནད། གནས་པ་རྩའི་གནད། གཡོ་བ་རླུང་གི་གནད། འཛིན་པ་སེམས་ཀྱི་གནད། གྲོལ་བ་ཆོས་ཉིད་ཀྱི་གནད་དོ། །དང་པོ་རྟེན་པ་ལུས་ཀྱི་གནད་ནི། བདེ་བའི་སྟན་ལ་འདུག་ལ་སྐྱིལ་ཀྲུང་ཙོག་པུ་བྱ། ཤ་ཆིང་ཚད་ལྡན་བཅིང་། མཉམ་བཞག་ལྟ་བའི་འོག་ཏུ་བཅིང་། རང་ལུས་ཡི་དམ་ལྷར་བསྐྱེད། སྤྱི་བོར་བླ་མ་བསྒོམ་ལ་གསོལ་བ་གདབ་བོ། །གནས་པ་རྩའི་གནད་ནི། ལུས་ལ་རྩ་གསུམ་འཁོར་ལོ་བཞི་གསལ་གདབ་སྟེ། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། །ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་ལ། རྩ་གསུམ་སྲོག་ཤིང་གི་ཚུལ་དུ་གནས་ཏེ། ལུས་ཀྱི་དབུས་རྩ་ཨ་ཝ་དྷཱུ་ཏིའི་ཡར་སྣ་སྤྱི་བོའ་ཧཾ་ལ་ཟུག །མར་སྣ་ལྟེ་འོག་སོར་བཞི་ན་ཆོས་འབྱུང་གྲུ་གསུམ་པ་ལ་ཟུག་པའོ། །རོ་མ་དང་རྐྱང་མ་སྣ་བུག་ནས་གྱེན་ལ་ལོག་སྟེ་ཀླད་པའི་སྟེང་ནས་མར་འཁྱོག་ནས་འཁོར་ལོ་བཞི་ལ་འཁྱུད་དེ། རྩ་དབུ་མའི་ནང་ནས་ཁ་གཏུགས་པ། སྦོམ་ཕྲ་
༢༡༢མདའ་སྨྱུག་ཙམ་ལུག་རྫུད་ཀྱི་རྒྱུ་མ་ལྟར་སྙོལ་ལེ་སྙིང་ངེ་གནས་སོ། །གཡོ་བ་རླུང་གི་གནད་ནི། དང་པོ་སྲོག་རྩོལ་གྱི་རླུང་མཉམ་དུ་རྒྱུའམ་མི་རྒྱུ་བརྟག །མ་རྒྱུ་ན་ཐབས་ཀྱིས་སྙམས་ནས། དང་པོ་རླུང་གྲང་མོ་ལན་གསུམ་ཕྱིར་བུས་པས་རླུང་ནང་མི་འཇུག །དེ་ནས་རླུང་དྲག་པོ་ལན་གསུམ་གྱིས་དགང་སྟེ། རྩ་གསུམ་རླུང་གིས་དགང་ནས་ལུག་རྫུད་ཀྱི་རྒྱུ་མ་ཕུས་བཏབ་པ་ལྟར་ཐིག་ལེས་གང་བར་བསམ། དེ་ནས་རྔུབ་སྟེང་རླུང་ཐུབ་ཚད་མནན། འོག་རླུང་དྲག་ཏུ་བསྡམ། སྟེང་རླུང་མི་ཐུབ་ཙ་ན་སྣ་བུག་ནས་ཞད་རེ་བཏང་ཞིང་ལྷག་མ་བསྡམ་མོ། །དེ་ལ་ཕོ་རླུང་དུ་འཇུག་ན་དྲག་པོ་ཤུགས་དང་ལྡན་པར་བསྡམ། མོ་རླུང་དུ་འཇུག་ན་འཇམ་པོར་གྲོགས་ཀྱིས་མི་ཚོར་ཙམ་དུ་མནན་ནོ། །འཛིན་པ་སེམས་ཀྱི་གནད་ནི། དེ་ལྟར་རླུང་འཇུག་པའི་ཚེ་ལྟེ་འོག་སོར་བཞི་རྩ་གསུམ་འདུས་པའི་མདོ་ན་རྩ་གཏུམ་མོ་ཨ་ཤད་ཀྱི་རྣམ་པ་མགལ་དུམ་མེ་ལ་བསྲེགས་པ་ལྟ་བུ་ཞིག་བསམ། དེ་ལ་རྩ་གཡས་གཡོན་གྱི་རླང་གི་ནུས་པས་འགལ་དུམ་ལ་ཕུས་བཏབ་པས་མེ་འབར་བ་བཞིན་དུ་རྩ་གཏུམ་མོ་ལ་མེ་འབར་ཏེ་དྷཱུ་ཏིའི་ནང་ན་ཡར་ལ་དམར་རྒྱང་རྒྱང་སོང་སྟེ། མེ་དེ་ཡང་ཚ་བ། གདུང་བ། རྣོ་བ། འབྲེལ་པར་འབར་བར་བསམ་མོ། །དེ་ལ་འཁོར་ལོ་བཞིའི་ཐིག་ལེ་རྣམས་རིམ་པས་བསྲོས་ཏེ། མེ་ལྕེ་དེ་ཇེ་རིང་ཇེ་རིང་ལ་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ཐིག་ལེ་བྱང་ཆུབ་སེམས་ཀྱི་རང་བཞིན་ཧཾ་དཀར་པོ་མགོ་མཐུར་ལ་བསྟན་པ་ལྟ་བུ་གཅིག་ཡོད་པ་དེ་ལ་མེ་ལྕེ་རེག་རེག་སོང་བས། ཧཾ་ལས་ཐིག་ལེ་འབབ་སྟེ་མེ་གསེབ་ཏུ་སར་སར་སོང་བས་བདེ་བ་ཆེན་པོ་ལྷང་ལྷང་སྐྱེས་པར་བསམ། དེ་ཡང་དང་པོ་ནས་མ་ཡིན་ཏེ། ལུས་ལ་གཏུམ་མོའ་དྲོད་སྐྱེས་པ་དང་། བདེ་བ་རིམ་གྱིས་འབེབས་པ་ཡིན་ནོ། །དེ་ཡང་ལུས་དྲོད་ཤས་ཆེ་ཞིང་བདེ་བ་ཤས་ཆུང་ན་ཐིག་ལེ་འབེབ་པའི་དམིགས་པ་གཙོ་བོར་གཏད། བདེ་བ་ཤས་ཆེ་ནས་ལུས་རབ་ཏུ་གཡོས་ན་མེ་འབར་བ་ལ་དམིགས་པ་གཏད། སྤྱིར་ན་རེས་འཇོག་ཏུ་བྱེད་པ་ཡིན་ནོ། །གྲོལ་བ་ཆོས་ཉིད་ཀྱི་གནད་ནི། དེ་ལྟར་ཐུན་བཞིའམ་ཅི་ནུས་སུ་ཉམས་
༢༡༣སུ་བླངས་ནས་ཐུན་མཚམས་སུ་བྱ་བ་གཞན་དང་མ་བསྲེ་བར་ཤེས་པ་ཁོ་ན་ལ་མ་བཅོས་པར་བཞག །གལ་ཏེ་རྟོག་པ་འཕྲོ་ན་སེམས་ལ་གཞིག་འགྲེལ་བཏང་། ཅིར་ཡང་མ་གྲུབ་པའི་ཤེས་པའི་ངང་ལ་མ་བཅོས་པར་གློད་ལ་བཞག་གོ། །དེ་ནི་གནད་རྣམ་པ་ལྔས་ཉམས་སུ་བླང་བ་ཡིན་ཏེ། དེ་ལྟར་བསྒོམས་པས་ལུས་ལ་དྲོད་སྐྱེ། དྲོད་ལས་བདེ་བ་སྐྱེ། བདེ་བ་ལས་མི་རྟོག་པ་སྐྱེ། དེ་ལས་ཕྱག་རྒྱ་ཆེན་པོའ་དོན་རྟོགས་པར་འགྱུར་རོ། །གཉིས་པ་འཁྲུལ་འཁོར་རྣམ་པ་ལྔས་རླུང་གི་སྐྱོན་བསལ་བ་ནི། ཐུན་ཞབས་ཉལ་བའི་དུས་སུ་སྟེང་འོག་གི་རླུང་བཟུང་བས་རྐེད་པ་ཡན་ཉིར་གཅིག་བསྐོར། མགོ་ལན་བདུན་སྤྲུག །རོ་སྟོད་ལན་བདུན་ཅུ། ལག་པ་ཤག་ལེན་བདུན་བྱ། སྐེད་པ་བྱ་མཉེད་ལན་བདུན་བྱ། དེས་ལུས་ལ་ནད་གང་ཡང་མི་འབྱུང་བ་ཡིན་ནོ། །དེ་ནས་ཕྱག་རྒྱ་ཆེན་པོའ་ངང་ལ་ཉིད་ཉལ་ནས་བསྡད་དོ། །གནད་ཀྱི་མན་ངག་དམ་པ་ཀུན་ལ་མེད་པའི་ཁྱད་ཆོས་ཡིན་ནོ། །།།།། ༈ ན་མོ་གུ་རུ། འོག་སྒོ་ལ་གཉིས་ཏེ། མཁས་པ་ལྔས་ཉམས་སུ་བླང་བ་དང་། སྤྲུག་ཐབས་རྣམ་པ་ལྔས་ཐིག་ལེའི་སྐྱོན་བསལ་བའོ། །མཁས་པ་ལྔ་ནི། དང་པོ་ཐིག་ལེ་འབེབས་པ་ལ་མཁས་པ་མགར་བ་མཁས་པས་མེ་ལོང་རྡུང་བ་ལྟ་བུ་དང་། འཛིན་པ་ལ་མཁས་པ་རྫིང་ཁུང་གི་འོར་བསྡུམ་པ་ལྟ་བུ་དང་། འདྲེན་པ་ལ་མཁས་པ་ཁྲོན་ཆུ་དབྱངས་ཐག་ལ་འདྲེན་པ་ལྟ་བུ་དང་། འགྲེམ་པ་ལ་མཁས་པ་འབྲས་ཞིང་ལ་ཆུ་ལུད་བཏད་དོ། །ལྟ་བུ་དང་། ཡེ་ཤེས་ཆེན་པོར་འགྲོ་བ་ལ་མཁས་པ་ནམ་མཁའ་ལ་སྤྲིན་དེངས་པ་ལྟ་བུའོ། །དང་པོ་ཐིག་ལེ་འབེབས་པ་ལ་མཁས་པ་མགར་བ་མཁས་པས་མེ་ལོང་བརྡུང་བ་ལྟ་བུ་ནི། མེ་ལོང་བརྡུང་བའི་ཚེ་ཚ་དྲག་ན་ཡང་འགོ་།གྲང་དྲག་ན་ཡང་འཆག་པས་སྨུག་ཏིང་བ་བཞིན་ཏུ། ཐིག་ལེ་ཡང་བསྲུབས་དྲག་ན་འཆོར། མ་བསྲུབས་ན་ན་ཡང་བདེ་བ་མི་སྐྱེ་བས་དལ་བུས་བསྲུབ་པ་ཡིན་ནོ། །དེ་ཡང་ལག་ལེན་ལ་སྦྱོར་བ་དབང་དང་གདམས་ངག་ལེགས་པར་ཐོབ་པའི་རྣལ་འབྱོར་པས་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བཙལ་སྟེ།
༢༡༤ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་དད་པ་བསྐྱེད། དབང་གིས་རྒྱུད་སྨིན་པར་བྱ། ཟབ་མོའ་ཆོས་ཀྱིས་ངེས་ཤེས་བསྐྱེད་དོ། །དེ་ནས་དབེན་པའི་གནས་སུ་མཐུན་པའི་ཆ་རྐྱེན་གསོག་ལ། ཡབ་ཡུམ་གཉིས་སྟན་གཅིག་ལ་འདུག་ལ། ཡབ་ཡུམ་གཉིས་ཀ་ལྷར་བསྐྱེད། མཁའ་གསང་རྡོ་རྗེ་པདྨར་བྱིན་གྱིས་བརླབ། ཁམས་ཐམས་ཅད་དཔའ་བོ་དང་དཔའ་མོར་བྱིན་གྱིས་བརླབས་ལ། དལ་གྱིས་སྙོམས་འཇུག་བྱའོ། །དེ་ཡང་བདེ་བ་མགོ་སྐྱེས་ཙམ་ན་འཕྲོ་བཅད་ལ་སེམས་གནས་ལུགས་ཀྱི་ངང་ལ་ལྷོད་ཀྱིས་བཞག །ཡང་བདེ་བ་རོ་ཡལ་ཙམ་ན་བསྲུབ་པོ། །དེ་ལྟར་ཡང་ནས་ཡང་དུ་བྱས་པས་མཇུག་ཏུ་བདེ་བ་རྒྱས་པས། རྩ་རླུང་ཐམས་ཅད་མེ་བཞིན་ཏུ་འབར། ཐིག་ལེ་ཐམས་ཅད་ཆུ་བཞིན་ཏུ་འབྲུབ་ནས། ཐིག་ལེ་འཆོར་སྙོམས་བྱེད་པའི་རྟོག་པ་འོང་ངོ་། །དེ་ལ་གཉིས། ཐིག་ལེ་འཛིན་པ་ལ་མཁས་པ་རྫིང་གི་འོར་ཁུང་བསྡོམས་པ་ལྟ་བུ་ནི། རྫིང་གི་འོར་ཁུང་མ་བསྡོམས་ན་ཆུ་མི་ཆགས་པ་བཞིན་ཏུ། ཐིག་ལེ་འཛིན་མ་ཤེས་ན་རྟེན་གྱི་ནུས་པ་ཉམས་ནས་ཐབས་ཀྱི་ཡོན་ཏན་མི་འཆར་རོ། །དེ་ལ་གནད་བཞི་སྟེ། གཟུགས་དབང་སྟེང་དུ་ལྟ་བ། དབྱངས་ཐག་གྱེན་ཏུ་དྲང་བ། རྒྱ་མཚོ་རི་རབ་ལ་སྦྱར་བ། རིག་པ་མཐའ་ལ་བརྒྱང་བའོ། །གཟུགས་དབང་གྱེན་ལ་ལྟ་བ་ནི། མིག་གྱེན་ལ་ལྟ་བའོ། །དཔྱངས་ཐག་གྱེན་ལ་དྲང་བ་ནི། སྟེང་རླུང་ཡན་བར་བཞག་ལ་འོག་རླུང་དྲག་པོ་ལན་གསུམ་དུ་ཐུབ་ཚད་ཡར་ལ་འཐེན་པའོ། །རྒྱ་མཚོ་རི་རབ་ལ་སྦྱར་བ་ནི། རྒྱུ་མ་རྒལ་པ་ལ་གཅར་གྱིས་སྦྱར་བའོ། །རིག་པ་མཐའ་ལ་བརྒྱང་བ་ནི། སེམས་ནམ་མཁའི་མཐའ་དང་མཉམ་པ་ལ་བརྒྱང་བའོ། །དེ་ལྟར་དྲག་པོ་ལན་གསུམ་གྱིས་ཟིན་ངེས་སོ། །དེ་ནས་སེམས་གནས་ལུགས་ཀྱི་ངང་ལ་བཞག་གོ་།དེ་ནས་ཡང་སྔར་བཞིན་ཏུ་སྦྱང་ངོ་། །དེ་ནས་འདྲེན་པ་ལ་མཁས་པ་ཁྲོན་ཆུ་གྱེན་ལ་འདྲེན་པ་ལྟ་བུ་ནི། གནད་བཞི་སྟེ། རླུང་གི་ལྕགས་ཀྱུས་བཟུང་བ། ཧཱུྃ་གི་ཐག་པ་འདོགས་པ། ཆུ་བོ་གྱེན་ལ་བཟློག་པ།
༢༡༥སྟེང་གི་ཡུར་བ་བསལ་བའོ། །རླུང་གི་ལྕགས་ཀྱུས་བཟུང་བ་ནི། འོག་རླུང་དྲག་ཏུ་གྱེན་ལ་འཐེན་པའོ། །ཧཱུྃ་གི་ཐག་པ་འདོགས་པ་ནི། རླུང་གྱེན་ལ་འཐེན་པའི་ཚེ། ཧཱུྃ་གི་སྒྲ་དང་བཅས་པའོ། །ཆུ་བོ་གྱེན་ལ་བཟློག་པ་ནི། རྒྱུ་ཞབས་རྒལ་པ་ལ་གཅར་ནས་གྱེན་ལ་བརྫངས་པའི་ཚུལ་གྱིས་འཕུལ་བའོ། །སྟེང་གི་ཡུར་བ་བསལ་བ་ནི། གནད་གསུམ་གཅིག་ཏུ་དྲིལ་ནས་ཐིག་ལེ་གསང་གནས་ན་དཀར་སྤུང་ངེ་ཡོད་པ་དེ་རླུང་དྲག་པོ་ལན་གསུམ་འཐེན་པས། སྨྱུག་སྦུབས་ཀྱིས་ཆུ་འཐུང་བའི་ཚུལ་གྱིས་ལྟེ་བ་སྤྲུལ་པའི་འཁོར་ལོར་དྲང་ངོ་། །ཡང་ལན་གསུམ་གྱིས་སྙིང་ག་ཆོས་ཀྱི་འཁོར་ལོར་དྲང་། ཡང་ལན་གསུམ་གྱིས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་དྲང་། ཡང་ལན་གསུམ་གྱིས་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར་དྲང་། དེ་ན་ཐིག་ལེ་སྐྱ་སྤུང་ངེ་འདུག་པར་བསམ་མོ། །དེ་ནས་འགྲེམ་པ་ལ་མཁས་པ་འབྲས་ཞིང་ལ་ཆུ་བཏང་བ་ལྟ་བུ་ནི། གཅན་གཟན་གྱི་འགྱུར་བ་ལྔས་བཀྲམ་སྟེ། རྒྱུ་བཞི་ལ་[301]བརྟེན་ལ་བཅིང་། སྟེང་འོག་གི་རླུང་དྲག་ཏུ་གཅུད་ལ། རི་དྭགས་ཀྱི་འདུག་སྟངས། གཅན་གཟན་གྱི་སྣོམ་ཚུལ། ཝ་མོའ་བཞད་ཚུལ། སེང་གེ་སྤྲུག་སྟངས། སྟག་མོའ་སྐྱུག་སྟངས་ཀྱིས་སྣམ་བུ་ཆུར་གཅིར་བ་བཞིན་ཏུ་ལུས་ཐམས་ཅད་ཐིག་ལེས་ཁྱབ་པར་བཀྲམ་མོ། བར་དེར་སྤྲུག་སྟངས་ལྔས་སྐྱོན་བསལ་བར་བྱ་སྟེ། མགོ་ལན་གསུམ་བསྒྲིལ། རོ་སྟོད་ལན་གསུམ་གཅུ། སྨད་ལན་གསུམ་བརྡབ། ལག་པ་ལན་གསུམ་སྤྲུག །རྐང་པ་ལན་གསུམ་སྤྲུག་གོ། །དེས་ཐིག་ལེའི་གེགས་འཇུག་མི་སྲིད་དོ། །ཐ་མ་ཡེ་ཤེས་ཆེན་པོར་འགྲོ་བ་ནམ་མཁའ་ལ་སྤྲིན་དེངས་པ་ལྟ་བུ་ནི། དེའི་རྗེས་ལ་སེམས་མ་བཅོས་པར་རང་སར་གློད་ལ་བཞག་པས། གནས་ལུགས་ཕྱག་རྒྱ་ཆེན་པོ་རྒྱུད་ལ་འཆར་བ་ཡིན་ནོ། །དེ་ལྟར་ཉིན་མོ་ནི་སྟེང་གནད་རྣམ་པ་ལྔ་ལ་བརྟེན་ནས་སྦྱོང་བ་དང་། མཚན་མོ་ཐིག་ལེ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྦྱོང་བ་ནི། སྟེང་འོག་རླུང་དྲྭ་མིག་ལྟར་འབྲེལ་བ་ཞེས་བྱའོ། །ཡང་སྐོར་ཐབས་གསུམ་གྱིས་སྟེང་རླུང་གི་སྐྱོན་བསལ་བ་དང་། སྤྲུག་
༢༡༦ཐབས་གསུམ་གྱིས་ཐིག་ལེའི་གེགས་སེལ་བ་ནི་འཁོར་ལོ་བསྐོར་བ་ཞེས་བྱའོ། །དེས་ན་རྩ་རླུང་དྲྭ་མིག་འཁོར་ལོ་ཞེས་བྱའོ། །འདི་ལྟར་ཉམས་སུ་ལེན་པའི་གང་ཟག་ནི། ཚེ་གཅིག་གིས་སངས་རྒྱས་ངེས་པ་ཡིན་ནོ། །གནད་ཀྱི་གདམས་པ་ཁྱད་པར་ཅན། །ཀུན་ལ་བསྟན་པའི་གནས་མེད་དོ། །བླ་མ་མར་པ་ལོ་ཙཱའི་ཤོག་དྲིལ་བཞིའི་གདམས་པ་ལས། འདི་རྩ་རླུང་དྲྭ་མིག་གི་ཞལ་གདམས་ཡིན་ཏེ། སྔ་མ་ཕན་ཆད་གཅིག་བརྒྱུད་ལས་མེད་དོ། །རབ་ཏུ་གསང་བའོ། ཨུ་པ་དེ་ཤའོ། །།།།།།

༄༅། །སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །

༣༥༨ ༄༅། །སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །འགྱུར་མེད་བདེ་བའི་ཐིག་ལེ་ནི། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །དངོས་པོ་ཀུན་གྱི་སྲོག་ཏུ་འགྲོ། །མངོན་སུམ་ཉིད་དུ་མཐོང་བས་འདུད། །དེ་ལ་འདིར་རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་པ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་རིམ་པ་མདོར་བསྡུས་པ་བརྗོད་པར་བྱ་སྟེ། དེའང་ཇོ་ནང་ཀུན་སྤང་ཆེན་པོ་ལ་སྦྱོར་དྲུག་བཀའ་སྲོལ་མི་འདྲ་བ་བཅུ་བདུན་གྱི་རྒྱུན་བཞུགས་ཤིང་ཐམས་ཅད་ཐུགས་ཉམས་སུ་བཞེས་པ་ལས་ཁྱད་པར་དུ་འཕགས་པ་འབྲོ་ལུགས་ཀྱི་མན་ངག་ལ། རི་ཁྲོད་ཞབས་ཀྱི་བཀའ་གསར་པ་བསྣན་པས་གདམས་ངག་གི་ཟབ་ཁྱད་དང་བྱིན་བརླབས་ཀྱི་དྲོད་ཚད་ཁྱད་པར་དུ་འཕགས་པ་རྗེ་བཙུན་སྒྲོལ་བའི་མགོན་པོའ་ཁྲིད་གཞུང་མ་བུ་རྣམས་སུ་གསལ་བར་གསུངས་པ་ཉིད་མྱོང་ཁྲིད་དུ་རྫོགས་པ་ཞིག་གི་དབང་དུ་བྱས་ཏེ། ཐུན་གཅིག་གི་ཁོང་ངམ། ཉིན་ཞག་གཅིག་ལ་རྫོགས་པར་ཉམས་སུ་ལེན་པར་སྤྲོ་བ་གང་གིས། ཐོག་མར་སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར། ལྷན་སྐྱེས་བདག་བསྐྱེད་བཅས་ཡུན་རིང་ཐུང་ལོང་ཁྱབ་དང་བསྟུན་ནས་རྫོགས་པར་བཏང་། གལ་ཏེ་སྔོན་འགྲོ་ཚད་མ་མ་འགྲུབ་ཚེ་སྐྱབས་སེམས། བླ་མའི་རྣལ་འབྱོར་བཅས་ངེས་པར་མེད་དུ་མི་རུང་བས་མོས་གུས་ཀྱིས་རྒྱུད་འཁུལ་ངེས་བྱ། དེ་ནས་ལུས་གནད་ལྟ་སྟངས་སོར་སྡུད་དངོས་གཞི་དང་མཚུངས་པར་བྱས་ནས། ལུས་བྱེད་རྩོལ། ངག་སྨྲ་བ། སེམས་
༣༥༩ དུས་གསུམ་སྤྲོས་པ། འཕོ་བའི་བག་ཆགས་འཛག་བདེའི་ཆགས་རྟོག་ལ་མི་ལྟོས་པའི་ལྟོས་མེད་བཞི་ལ་བརྟེན་ནས་ལུས་བྱ་བྱེད། ངག་སྨྲ་བརྗོད། སེམས་རྣམ་རྟོག་གི་སྤྲོས་པས་དབེན་པའི་དབེན་གསུམ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ན་ཆོས་སྤྱི་སྐད་དུ་ཞི་ལྷག་ཟུང་འབྲེལ་དང་། འདི་ཉིད་ཐུན་མོང་མིན་པའི་རང་སྐད་དུ་སོར་བསམ་གྱི་གཞི་ཐེངས་པ་ཡིན་པས་ཐོག་མར་གོམས་ཤུགཤུགས་ཆུང་བའི་སྐབས་ཐུན་གྱི་ཕྱེད་ཆ་ཙམ་དབེན་གསུམ་ཁོ་ན་ལ་བསྒྲིལ་བ་གནད་དུ་ཆེ་ཞིང་། དེ་ལྟ་ན་སོར་སྡུད་ཀྱི་ཉམས་མྱོང་རང་ཤུགས་སུ་འཆར་བར་འགྱུར། དངོས་གཞི་སོར་སྡུད་ལ། མཚན་མོའ་རྣལ་འབྱོར་ནི་འབྱོར་ན་མུན་ཁང་དུ། མ་འབྱོར་ན་ཤིན་ཏུ་གནག་པའི་མུན་པར། རྐང་པ་སྐྱིལ་ཀྲུང་བཅའ། ལག་པ་ཁུ་ཚུར་བརླར་བཞག །རྒལ་པ་མདུན་རྒྱབ་དགྱེ་རྒུ་མེད་པར་དྲང་པོར་བསྲང་། མགྲིན་པས་ཨོལ་མདུད་མནན། ལྕེ་ཡ་རྐན་ལ་སྦྱར། མིག་སྨིན་མཚམས་སོར་བཅུ་དྲུག་གི་ནམ་མཁར་ཧ་ཅང་འབྱེད་པ་དང་བཙུམ་པ་མ་ཡིན་པར་མུན་པ་ནག་ཐིང་དེ་ལ་གྱེན་དུ་བཟློག་པའི་ཚུལ་གྱིས་བལྟ། ཡུན་ཐུང་དུ་ལའང་དམ་པོ་གྲུབ་ན་ལེགས། ཐོག་མར་རླུང་རོ་ལན་གསུམ་འཇམ་པར་དབྱུང་། དེ་མཚམས་རང་བབ་རྒྱུ་རུ་གཞུག །སེམས་གནང་གང་ཡང་ཡིད་ལ་མི་བྱེད་པར་རྟོག་མེད་དུ་ཅི་གནས་བཞག །དབེན་གསུམ་གོམས་ཤུགས་ཆུང་བའི་དབང་གིས་བསམ་མེད་ཀྱི་རྣལ་འབྱོར་གནད་དུ་མ་སོང་བར་བྱིངས་རྒོད་ཀྱི་དབང་དུ་གྱུར་ན་རིག་པ་ཅུར་ཕྱུངས་ཏེ་ལྟ་སྟངས་ཀྱི་ལམ་ནས་ནམ་མཁའི་དབུས་སུ་ཤེས་པ་དྲག་ཏུ་གཏད། ད་ལྟར་བའི་ཤེས་པ་ལ་བཟོ་མ་བཅོས་པར་རྩོལ་མེད་དུ་བཞག་ཤེས་ན་མཉམ་བཞག་གི་སྐྱོན་འབྱུང་བའི་ཡུལ་
༣༦༠ མེད་པས་བཟོ་མེད་དུ་འཇོག་པ་ལ་རྩ་བར་བྱ། ལུས་གནད་དགྱེ་རྒུ་སོགས་དང་སེམས་གནད་བྱིངས་རྒོད་སོགས་ཀྱི་སྐྱོན་ཐེབས་པ་ལ་ཡུན་རིང་དུ་བསྒོམས་ཀྱང་མྱོང་རྟགས་མི་སྐྱེ་བ་མ་ཟད་གེགས་ལྡང་བ་མང་བས་ཐོག་མ་ནས་ལུས་སེམས་གནད་ལེགས་པར་བཅོས་ཤིང་བཏང་སྙོམས་དབང་དུ་མ་ཤོར་བ་ཤིན་ཏུ་གལ་ཆེ། གནད་དུ་སོང་ན་རིང་པོར་མི་ཐོགས་པར་རླུང་དབུ་མར་ཞུགས་པས་བདེ་གཤེགས་སྙིང་པོའ་རང་བཞིན་ཕྱོགས་ཙམ་མཐོང་བའི་མཚོན་བྱེད་དུ། དུ་བ། སྨྲིག་རྒྱུ། མཁའ་སྣང་། མར་མེ་བཅས་མཐོང་བར་འགྱུར་ཏེ་མཚན་མོའ་རྣལ་འབྱོར་རོ། །དེ་ཉིད་ཅུང་ཟད་འགྱངས་ནས་སྤྲིན་དང་སེར་བུ་མེད་པའི་སྐབས་ནམ་མཁའ་དྭངས་ཤིང་རྒྱ་ཆེ་བར་མཐོང་བའི་སར། རང་གི་ལུས་གྲིབ་མར་བསྡད་ནས་ཉི་འོད་མི་ཕོག་པར་བྱས། སྔ་གྲོདྲོ་ཁ་ནུབ། དགོངས་མོ་ཤར་དུ་ཕྱོགས་པས་མིག་ལའང་ཉི་འོད་དང་གངས་རི་སོགས་མ་ཕོག་པར་ཤིན་ཏུ་གདངས་ཏེ་འབྲུ་ཚུགས་སུ་ལྟ་བ་ཁྲོ་བོའ་ལྟ་སྟངས་ཀྱིས་སྤྲིན་མེད་ནམ་མཁའ་སྔོ་སང་ངེ་བ་ལ་བལྟས་ཏེ་རང་སེམས་གསལ་སྟོང་དང་དབྱེར་མེད་དུ་མཉམ་པར་བཞག་པས། འབར་བ། ཟླ་བ། ཉི་མ། རྡོ་རྗེ། མཆོག་གི་ཆ། ཐིག་ལེ་སྟེ་རྟགས་དྲུག་པོ་འཆར། སྔ་ཕྱི་བསྡམས་པའི་རྟགས་བཅུ་པོ་དེ་ངེས་པའི་རྟགས་ཡིན་ཞིང་། དབང་པོའ་ཁྱད་པར་གྱིས་མ་ངེས་པའི་རྟགས་སྣང་མཐའ་ཡས་པ་འཆར་ནའང་སོར་སྡུད་ཀྱི་རྟགས་སྣང་སྟོང་གཟུགས་མཐོང་བ་ལམ་རྟགས་ཉིད་ཡིན་གྱི་བཟང་ངན་གང་དུའང་རྟོག་པར་མི་བྱའོ། །འདི་སྐབས་སྟོང་གཟུགས་ཇི་ཙམ་མཐོང་རུང་དེ་ལ་མིག་དང་སེམས་མི་གཏོད་པར་ནམ་མཁའ་
༣༦༡ རྟོག་མེད་དུ་བཞག་པ་ཁོ་ན་ཆེད་དུ་དགོས་སོ། །བསམ་གཏན་ནི། ལུས་གནད་ངག་གནད་སྔ་མ་དང་འདྲ། སེམས་གནད་སྟོང་གཟུགས་ཀྱི་སྣང་བ་གང་གསལ་གཅིག་ལ་སེམས་བཟོ་མེད་གསལ་རིག་དང་ལྟ་སྟངས་བཅས་ཆེ་རེ་གཏད། ལྟ་མཁན་མཐོང་མཁན་གྱི་རིག་པ་རང་ངོ་ཤེས་ཙམ་ལ་དགག་སྒྲུབ་མེད་པར་བཞག་པས་ཤེས་པ་ནང་དུ་མ་ལུས། སྣང་བ་ཕྱི་རུ་མ་ལུས། བརྗོད་མེད་སྤྲོས་བྲལ་ལ་ངོ་ཤེས་ཀྱི་དྲན་པ་རྒྱུན་ཆགས་པ་ནི་ཤེས་རབ་ཀྱི་ཡན་ལག །སྟོང་གཟུགས་རང་སེམས་ཀྱི་སྣང་ཆར་མྱོང་བ་རྟོག་པའི་ཡན་ལག །དེའང་ཡུལ་ཡུལ་ཅན་སོགས་སྤྲོས་མཚན་ཐམས་ཅད་ལས་འདས་པར་ཤེས་པ་དཔྱོད་པའི་ཡན་ལག །ལུས་སེམས་ལ་སྔར་མེད་བདེ་བས་ཁྱབ་པ་བདེ་བའི་ཡན་ལག །ཏིང་ངེ་འཛིན་ཉིད་བདེ་བར་ཤར་བ་གཡོ་མེད་བདེ་བ་ཤིན་ཏུ་སྦྱངས་པའི་ཡན་ལག་སྟེ། ཡན་ལག་ལྔ་ཆར་ཡར་ལྡན་ཏུ་རྫོགས་པ་ན་བསམ་གཏན་གྱི་རྣལ་འབྱོར་རྫོགས་པ་ཡིན་ཞིང་། ཐུན་མོང་མ་ཡིན་པའི་རྟགས་ཀྱང་། འོད་འཕྲོ་བ། ཕྲ་བ། འཚེར་བ། འདར་བ། གཞིག་དཀའ་བ་སྟེ་ཆོས་ལྔ་ལྡན་གྱི་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་བརྙན་དུ་མ་ཅན་གྱིས་མཚན་པའི་གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེའི་སྣང་བརྙན་སྣ་ཚོགས་པ་འཆར་བས། ཀུན་རྫོབ་ལས་སྣང་སྒྱུ་མ་ལྟ་བུར་རང་ཤུགས་སུ་རྟོགས་པའོ། །འདི་སྐབས་ཐོག་མར་སྟོང་གཟུགས་གཏད་ས་དེར་མི་བརྟན་ཡལ་ཡོལ་བྱེད་ན་དེའི་རྗེས་སུ་མི་འབྲང་བར་ལྟ་སྟངས་རིག་པ་ཐོག་མར་གང་དུ་གཏད་པ་དེ་ཀར་གཟིར་བས་རིམ་གྱིས་སེམས་གཏད་པ་དེར་སྟོང་
༣༦༢ གཟུགས་འདུས་ཤིང་བརྟན་པ་ཐོབ་པ་འོང་བས་འདི་གལ་ཤིན་ཏུ་ཆེ། ཤེས་རབ་ཀྱི་ཡན་ལག་སྐྱེས་ནས་ཐོག་མར་རྡེའུ་ནག་པོ་ལྟ་བུ་མིག་ལམ་དུ་མི་གཟན་པའི་དངོས་པོ་ཆུང་ངུའི་ལས་སྣང་དང་བསྲེས་ལ་གོམས་ནས་ལས་སྣང་རྒྱ་ཇེ་ཆེར་བསྲེས་པས། མཐར་སྣང་བ་ཐམས་ཅད་སྟོང་གཟུགས་སུ་འཆར་བར་འགྱུར་བའི་སྒྲ་སོགས་ལའང་དེ་བཞིན་དུ་བསྲེའོ། །སྟོང་གཟུགས་ལ་བརྟན་པ་མ་ཐོབ་ན་མཉམ་བཞག་ཏུ་སོར་སྡུད་ཁོ་ན་ལ་གཟིར། རྗེས་ཐོབ་ཏུ་ལས་སྣང་གང་རུང་ལ་ཆེ་རེ་ལྟ་བའི་མཐོང་བྱ་མཐོང་བྱེད་དབྱེར་མེད་པའི་རང་བཞིན་གསལ་ལ་ངོས་བཟུང་མེད་པ་དེ་རང་ངོ་ཤེས་ཙམ་བྱས་ཏེ་བསྐྱང་བར་བྱའོ། །འདི་སྐབས་རྣམས་སུ་ཡེ་ཤེས་ཕེབ་པའི་ལུས་ཉམས་ངག་ཉམས་སེམས་ཉམས་བྱུང་ཚེ་སྨྱོ་བ་དང་རླུང་ནད་སོགས་སུ་བཟུང་ནས་བཅོས་བྱས་ན་གེགས་ཤིན་ཏུ་ཆེ་བས་ཉམས་བྱུང་རྒྱལ་དུ་བསྐྱང་ན་ལེགས་པའི་ཡོན་ཏན་ཡར་ངོའ་ཟླ་བ་ལྟར་འཕེལ་ལ། སྤྱིར་ཐུན་མཚམས་རྣམས་སུའང་ལྟ་སྟངས་མི་གཡོ་ཞིང་། དྲན་ཤེས་རྒྱུན་ཆགས་སུ་བརྟེན་ན་ལམ་གྱི་ཡོན་ཏན་མྱུར་དུ་སྐྱེ་བར་འགྱུར་ཏེ། དེ་དག་གི་སྐུ་རྡོ་རྗེ་སོར་བསམ་གྱི་བསྙེན་པ་ཐོག་མར་དགེ་བའི་རྒྱུ་དང་འབྲས་བུའི་ཡན་ལག་གཉིས་སོ། །སོར་བསམ་ལེགས་པར་མ་འབྱོངས་བར་དུ་ཡན་ལག་ཕྱི་མ་བསྒོམ་ཀྱང་གཞུང་མཐུན་གྱི་ཡོན་ཏན་རྒྱུད་ལ་མི་སྐྱེ་བས་ལག་ལེན་ལའང་དེ་འདྲའི་རྒྱུན་མེད་ཀྱང་ཐུན་གཅིག་གི་ཁོངས་སུ་དམིགས་པའི་རྣམ་གྲངས་ཙམ་ལ་དགའ་བས་འབྲེལ་འཇོག་ལྟ་བུ་བྱེད་པར་སྤྲོ་ན། བྱེད་བཅིངས་སྔ་མ་དང་འདྲ། ལྟ་སྟངས་ཐད་ཀ་ལས་གྱེན་དུ་ཅུང་ཟད་ཕྱོགས་པ་སྨིན་མཚམས་སུ་ཐད་ཀར་ཧྲིག་གེར་
༣༦༣ བལྟ། དངོས་གཞི་མན་ལུང་པའི་མཚན་བརྗོད་སྦྱོར་དྲུག་ལུགས་འདི་ལ་གནད་ཐམས་ཅད་ཚང་ཞིང་ལག་ལེན་བདེ་བས། ཐོག་མར་སྣ་གཡས་གཡོན་དབུས་གསུམ་ནས་རླུང་རོ་དལ་བ་དང་དྲག་པོ་དང་ཤིན་ཏུ་དྲག་པོ་གསུམ་གསུམ་སྟེ་དགུ་ཕྲུགས་སུ་འབུད་ལ་ཕྱི་འཛིན་ཅུང་ཟད་ཀྱི་ཚེ། འོག་སྒོ་བསྡམས་ལ་ཐུར་སེལ་ཤུགས་དྲག་པོས་ལྟེ་བར་འཐེན། སྟེང་རླུང་དལ་བུས་རྔུབ་པ་དེ་ཉིད་ༀ་གྱི་སྒྲར་མོས་ལ་ལྟེ་བར་མནན། སླར་འོག་རླུང་འཐེན་ཞིང་སྟེང་རླུང་མི་ཐུབ་ན་རྔུབ་ཆུང་དང་བཅས་ཁ་སྦྱོར་བུམ་ཅན་འཛིན་པ་དེ་ཧཱུྃ་གི་སྒྲ་གདངས་སུ་སེམས་གཏད། ཅིས་ཀྱང་མི་ཐུབ་ཚེ་དལ་བུས་རྒྱུ་བ་མི་མངོན་པ་ཙམ་ཕྲ་ལ་རེང་བར་ཨཱཿའི་ཡིད་བཟླས་བཅས་ཕྱིར་བཏང་། དེ་ལྟ་བུ་བརྒྱའམ་ཉེར་གཅིག་ལ་སོགས་པ་གང་འགྲུབ་བྱ། གོམས་པ་ནས་གནས་པ་ཇེ་རིང་ལ་འགྲོ་བས་ཚར་གྲངས་ཉུང་དུ་བྱ། གལ་ཏེ་སྟོང་གཟུགས་གསལ་ན། རླུང་ཕྱིར་བཏང་བའི་ཚེ་སྟོང་གཟུགས་ལ་སེམས་དྲག་ཏུ་གཏད། ནང་དུ་འཇུག་དུས་རླུང་གཟུགས་སེམས་གསུམ་མཉམ་ཉིད་དུ་བསྲེ། གནས་པའི་དུས་སུ་འདྲེས་པའི་མྱོང་བའམ་བཤིགས་ཏེ་ཚོར་མཁན་གྱི་ཤེས་པ་དབྱིངས་སུ་ཡལ་བ་ལ་མཉམ་པར་བཞག་པ་ཤིན་ཏུ་གལ་ཆེ་བའི་ཟབ་གནད་དོ། །ལག་ལེན་ཤེས་ན་ཐུན་མཚམས་སུ་འཕུར་མཉེ། རྩ་སྦྱོང་སོགས་འཁྲུལ་འཁོར་སྐབས་བསྟུན་བྱས་པས་དབུ་མར་རླུང་སེམས་རྣམས་ཆུག་ཅིང་ལྟེ་བའི་བུམ་པ་ཅན་འགྲུབ་པར་འགྱུར་རོ། །རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་གདབ་སྟེ་ཡས་རིམ་གྱིས་ལྟེ་བ་ལ་སོགས་པའི་འཁོར་ལོ་བཞིའི་མི་ཤིགས་པའི་ཐིག་ལེ་ལ་རླུང་རྣམས་ཐིམ་པར་མོས་ཏེ་བུམ་པ་ཅན་སྔ་མ་ལྟར་བསྒོམ་
༣༦༤ པ་ནི་འཛིན་པའི་མོས་བསྒོམ་རྗེས་མཐུན་པ་སྟེ་འདི་ལས་གཏུམ་མོའ་འབར་སྣང་སྟོབས་སུ་གྱུར་པས་བདེ་དྲོད་དང་གཞོམ་མེད་ཀྱི་སྒྲ་སོགས་འབྱུང་བ་ཡིན་ནོ། །དེ་དག་ནི་གསུང་རྡོ་རྗེ་ཉེ་བར་བསྙེན་པ་སྲོག་འཛིན་བར་དུ་དགེ་བའི་རྒྱུ་དང་འབྲས་བུའི་ཡན་ལག་གཉིས་སོ། །རྗེས་དྲན་ཀྱང་མོས་སློབ་ཀྱི་དབང་དུ་བྱས་ཏེ་ལུས་གནད་སྤྱི་ལྟར་ལ་ལག་པ་ཁུ་ཚུར་སྙིང་གར་བསྣོལ། ལྟ་སྟངས་ཐད་ཀར་གཡོ་མེད་དུ་བལྟ། བདག་ཉིད་དུས་ཀྱི་འཁོར་ལོར་གསལ་བ་དང་། ལས་རྒྱའམ་ཡེ་རྒྱ་གང་རུང་སྣ་ཚོགས་ཡུམ་དུ་གསལ། །གཉིས་ཀའང་སྟོང་གཟུགས་དང་རོ་གཅིག་ཏུ་བསྲེས་ནས་ཡིད་མི་གཡོ་བར་ཅུང་ཟད་བཞག །སྟོང་གཟུགས་ཀྱིས་རྒྱས་གདབ་མ་ནུས་ན་ལྷ་སྐུ་གསལ་སྟོང་ལ་སེམས་བཟུང་། སྤྱི་མགྲིན་སྙིང་ལྟེ་གསང་བ་གཙུག་ཏོར་དྲུག་ཏུ་ༀ་ཨཱཿཧཱུྃ་ཧོཿསྭཱ་ཧཾ་དཀར་དམར་ནག་སེར་སྔོ་ལྗང་གི་རྒྱས་བཏབ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཕྲ་མོས་མཚན་པ། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་སྟེ་བར་ཨཱཿལས་བྱུང་བའི་པདྨ་འདབ་བརྒྱད་དམར་པོ་ཕྲ་མོས་མཚན་པར་གསལ་བཏབ། རྗེས་ཆགས་ཀྱི་སྤྱོད་པ་དང་དབང་པོ་མཉམ་པར་སྦྱོར་བས་དགའ་བ་བཞི་རིམ་པར་སྐྱེ་བ་རེ་རེ་ལའང་བཟུང་བཟློག་ཁྱབ་པའི་གནད་དང་ལྡན་པའི་མཐར། ནོར་བུར་སླེབ་པ་ན་ཐུར་སེལ་དྲག་ཏུ་གློད་ཅིང་སྲོག་ཕྱིར་བསལ། མ་ནིང་གི་རླུང་ཤུགས་ལྡན། ནང་གི་གཏུན་བརྡུང་། སེམས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པ་སྟེ་སྒོ་གསུམ་ལ་གནད་བཞི་དང་ལྡན་པས་རྩ་ལྟེམས་རླུང་ལྡོག །རྦ་རླབས་བཞི་ནས་འཕོ་མེད་
༣༦༥ དུ་གནས་པ་ན་ཧཱུྃ་རིང་དང་ཐུལ་སེལ་བསྣོལ་མའི་ཁོང་འདྲེན་གྱིས་ལུག་ཟློག་ཏུ་བཟློག །འཁོར་ལ་དྲུག་པོ་རེ་རེར་བཟློག་པའི་མཐར་ཡང་སྟོང་གཟུགས་ལ་སེམས་བཞག་སྟེ་ལུས་ཀྱི་གནས་རྣམས་དྲག་ཏུ་གཅུད་ཅིང་སྤྲུགས་ལ་བཀྲམ་སྟེ་ཁྱབ་པར་བྱས། མཐར་བུམ་ཅན་བསྒོམ་ཞིང་ཞུ་བདེའི་ཉམས་དང་འོད་གསལ་སྟོང་གཟུགས་ལ་དམིགས་ནས་མི་གཡོ་གསུམ་ལྡན་གྱི་ངང་སྐྱོང་བས་འཛིན་འདྲེན་བཀྲམ་པ་གསུམ་པ་གསུམ་ཀ་རང་ཤུགས་སུ་འགྲུབ་བོ། །འདིའི་ཡན་ལག་ཏུ་གཏུམ་མོའ་དམིགས་པ་བསྒོམ་པར་འདོད་ན། རང་ལུས་ལྷ་སྐུ་ཁོངས་སྟོང་དུ་གསལ་བའི་དབུས་སུ་རྩ་དབུ་མ་མདའ་སྨྱུག་ཙམ་པ་ལྗང་གུ་གཡས་རོ་མ་དམར་མོ། །གཡོན་རྐྱང་མ་དཀར་པོ་དབུ་མ་ལས་ལྡབ་འགྱུར་ཕྲ་བ། དབུ་མའི་ཡར་སྣེ་ཚངས་བུག་དང་རོ་རྐྱང་སྣ་བུག་ལ་ཟུག་པ། ལྟེ་བ་མན་ཆད་དབུ་མའི་མར་སྣེ་སྔོན་པོ་གཡས་རོ་མ་ནག་པོ། །གཡོན་གྱི་ཆར་ཡོད་པ་ཉིས་གཤིབ་མར་སྣེ་ཅུང་ཟད་འཁྱོག་ནས་གསང་བར་ཟུག་པ། རྐྱང་མའི་མར་སྣེ་སེར་པོ་དབུས་ཀྱི་ཕྱོགས་བཟུང་ནས་བཤང་ལམ་དུ་ཟུག་པ། དབུ་མའི་ཡས་སྣ་ནས་སོར་གང་ཙམ་གྱི་འོག་གཙུག་ཏོར་གྱི་འཁོར་ལོ་ལྗང་གུ། དཔྲལ་བ་ནག །མགྲིན་པ་དམར། སྙིང་ག་དཀར། ལྟེ་བ་སེར་པོ་སྟེ་འཁོར་ལོ་ལྔ་པོ་རྩ་འདབས་བཞི་བཞི། རྒྱུ་ཞབས་ཕྱོགས་སུ་གསང་འཁོར་སྔོན་པོ་རྩ་འདབ་དྲུག་པ། འཁོར་ལོ་སོ་སོའ་ཐད་དུ་རོ་རྐྱང་གི་ལག་རེ་རེ་དབུ་མ་དང་སྦུབ་འབྲེལ་བ། འཁོར་ལོ་རྣམས་རྩ་གསུམ་ལ་སྐེད་དཀྲིས་བྱས་པ་ལས་ཡལ་ག་སྦུབ་ཅན་སྐྱེས་
༣༦༦ པ་ལྟ་བུ། གཙུག་སྤྱི་མགྲིན་གསུམ་ཁ་ཐུར་བསྟན། སྙིང་སྟེ་གྱེན་བསྟན་བསྒོམ། གཙུག་ཏོར་གྱི་དབུ་མའི་ནང་དུ་ཐིག་ལེ་དཀར་པོ་བའི་ནུ་མ་ལྟ་བུ། ལྟེ་བར་གཏུམ་མོ་དབྱུག་པའི་གཟུགས་ཅན་དམར་པོ་གཉིས་ཀའང་སོར་བཞི་པ་གསལ་བཏབ། རླུང་བུམ་ཅན་དགང་བས་གཏུམ་མོའ་མེ་འོད་རབ་ཏུ་རྒྱས་ཏེ། རྩ་འཁོར་དང་ལུས་ནད་ཐམས་ཅད་དམར་འུབ་ཁྱབ་ཅིང་དྲོད་ཚ་འུར་གྱིས་སྐྱེས། ཐིག་ལེ་ཞུ་བར་དབུ་མར་བབ་པའི་འོད་དཀར་ལམ་ཁྱབ་ཅིང་བདེ་ཁྲིལ་ཁྲིལ་བྱུང་བར་བསམ། ལན་ཁ་ཤས་བསྒོམ་མཐར་འབར་འཛག་གཏུམ་མོ་ལ་བསྟིམས་ནས་མི་རྟོག་པར་བཞག་གོ །འདི་དངོས་བསྐྱེད་རིམ་གྱི་ཕྱོགས་སུ་གཏོགས་ཀྱང་རྫོགས་རིམ་གྱི་བོག་འདོན་ཁྱད་པར་ཅན་ཡིན་པས་འདིའི་ཡན་ལག་ཏུ་བཞག་ཅིང་ལས་དང་པོ་པ་ལ་གལ་ཆེའོ། །འདི་དག་གིས་ཞུ་བདེ་འཛག་མེད་བསྒྲུབ་པ་ནི་ཡོན་ཏན་ནོ། །ཏིང་འཛིན་ནི། ལུས་གནད་གཞན་འདྲ་བ་ལས་ལག་པ་མཉམ་བཞག་བྱ། ལྟ་སྟངས་སྣ་རྩེར་དབབ། རྗེས་དྲན་ལྟར་ཡས་བརྟན་དགའ་བཞི་རྫོགས་ནས། མས་བརྟན་སྐབས་འཁོར་ལོ་སོ་སོར་བུམ་ཅན་བསྒོམ་ཞིང་། འཁོར་ལོ་རེ་རེར་ས་གཉིས་གཉིས་ཐོབ་ནས་གཙུག་ཏོར་དུ་བུམ་ཅན་བསྒོམ་པ་ན་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་མཐར་ཕྱིན་པར་མོས། བུམ་ཅན་ཚད་ལྡན་མ་གྲུབ་ན་རྩ་འཁོར་སོ་སོར་སྟོང་གཟུགས་དང་བདེ་བ་དབྱེར་མེད་པ་ལ་སེམས་འཇོག་སྟེ་ཁུ་རྡུལ་རླུང་སེམས་ཀྱི་ཚོགས་པ་དག་ནས་འཁོར་བའི་ལུས་ངག་ཡིད་གསུམ་འཛག་བདེའི་བག་
༣༦༧ ཆགས་བཅས་སྤངས་ཏེ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་རྡོ་རྗེའི་སེམས་དཔའི་གནས་ཐོབ་པའི་མོས་པ་བྱ་སྟེ། དེ་དག་ནི་ཐུགས་རྡོ་རྗེ་དྲན་ཏིང་གི་སྒྲུབ་པ་ཆེན་པོ་ཐ་མར་དགེ་བའི་རྒྱུ་དང་འབྲས་བུའི་ཡན་ལག་གོ །འདིར་མཁོ་བ་སོར་བསམ་སྐབས་བྱེད་བཅིངས་བཙན་ཐབས་དང་། སྲོག་རྩོལ་སྐབས་སྲོག་ཐུར་བསྲེ་བ་རླུང་གི་སྤོག་ཆོག །རྗེས་དྲན་འཁྲུལ་འཁོར་ཁྱད་པར་སོགས་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱི་གསུང་སྦྱོར་དྲུག་ཁྲིད་རྒྱས་པ་དང་སྟན་ཐོག་གཅིག་མར་གསལ་ཞིང་། །འོན་ཀྱང་ལས་དང་པོ་པའི་མོས་སློབ་ལ་ནི་འདི་ཙམ་ལས་ལག་ཏུ་ཐེབ་པར་དཀའ་བས་འདིར་ཡི་གེ་མང་གི་དོགས་པས་མ་བྲིས་སོ། །འགྲོ་འཆག་ཉལ་འདུག་སྐྱིད་སྡུག་བཟང་ངན་གང་གི་ཚེ་ཡང་མི་གཡོ་གསུམ་ལྡན་གྱི་དངངང་མ་ཤོར་བར་བསྐྱང་བ་ནི་ལམ་ཁྱེར་མཆོག་ཡིན་ལ་རྨི་ལམ་འོད་གསལ་འཕོ་བ་སོགས་ཀྱི་དམིགས་ཕྲན་གཞན་བསྒོམ་པར་འདོད་ཚེ་ཁྲིད་གཞུང་ཉིད་དུ་གསལ་ཞིང་། སྤྱིར་ཡན་ལག་དྲུག་པོ་སྔ་ཕྱི་རྒྱུ་འབྲས་ཀྱི་འབྲེལ་པར་གནས་པས་སྔ་མ་སྔ་མ་རྒྱུད་ལ་ཚད་ལྡན་སྐྱེས་ན་ཕྱི་མ་ལ་དཀའ་ཚེགས་མེད་པས་ཐོག་མར་སོར་སྡུད་གནད་དུ་སོང་ནས་བརྟན་པ་ཐོབ་ཚེ་རྨི་ལམ་སོགས་གདམས་པའི་ཡན་ལག་རྣམས་ཤུགས་ཀྱི་ཉམས་འོག་ཏུ་ཚུད་པར་འགྱུར། ལས་དང་པོ་པའི་མོས་སྒོམ་ཡལ་ཡོལ་ཙམ་ལ་ནི་གེགས་དང་བོག་གཉིས་ཀ་ཧ་ཅང་མི་འབྱུང་ལ། ལམ་རྟགས་གཞུང་ཚུགས་པ་ན་གེགས་སེལ་བོག་འདོན་ཏུ་མཁོ་བའི་གདམས་ངག་གཞན་ཏུ་གསལ་ཏེ་གལ་ཡང་ཆེའོ། །སྔོན་
༣༦༨ འགྲོ་དངོས་གཞིའི་གདམས་ངག །རང་གི་ཉམས་མྱོང་། བླ་མས་ངོ་སྤྲད་ཚུལ་རྣམས་ཤིན་ཏུ་གསང་ཞིང་གདམས་ངག་འདི་ཉིད་མ་ཐོབ་པ་ལ་དཔེ་ཡང་བསྟན་པར་མི་བྱ། གཉིད་སོགས་སྒྲིབ་པ་ལྔའི་དབང་དུ་མི་གཏོང་། ཁྱད་པར་བླ་མ་དང་ཆོས་ལ་ཐེ་ཚོམ་ཅུང་ཟད་ཀྱང་མི་བྱ། རྟགས་སྣང་གང་བྱུང་ལའང་དགའ་སྤྲོ་སྐྲག་འཇིགས་སོགས་སྤངས་ཏེ་གདམ་ངག་ངེས་ཤེས་བསྐྱེད། རྩ་བའི་དམ་ཚིག་མ་ཉམས་པར་བསྲུང་། ཡན་ལག་རྣམས་ཀྱང་ཅི་ནུས་ཀྱིས་བསྲུང་ཞིང་ཉམས་ཆགས་སུ་གྱུར་པ་ལ་ཡིག་བརྒྱ་བདག་འཇུག་ཚོགས་བསྐང་མེ་མཆོད་སོགས་ཀྱིས་ཕྱིར་བཅོས་ཤིང་བཤགས། དུས་རྟག་ཏུ་ཐུན་མོང་མིན་པའི་ཟབ་གསང་ལ་ཡིད་ཆེས་ཤིང་སྙིང་ནས་དད་པས་སྨོན་ལམ་ཟབ་མོ་རྣམས་ཡང་ནས་ཡང་དུ་བཏབ་པས་སྐྱེ་བ་འདིའམ་གཞན་ཏུ་མཆོག་ཏུ་མི་འགྱུར་བའི་བདེ་བ་དང་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་གདོན་མི་ཟ་བར་མངོན་ཏུ་བྱེད་པར་འགྱུར་རོ། །དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཐུགས་ཀྱི་བཅུད། །གྲུབ་བརྙེས་བྱེ་བའི་གཤེགས་ཤུལ་ཟླ་མེད་པ། །མཁས་གྲུབ་ཀུན་གྱིས་མགྲིན་གཅིག་གསལ་མཛད་པ། །རྨོངས་པའི་སླད་ཀྱིས་ཅི་བྱར་རང་མཉམ་ཕྱིར། །དམ་པའི་གསུང་བསྐུལ་མ་ལྡོག་ཙམ་བྲིས་པས། །ནོངས་པ་བཤགས་ཤིང་དགེ་བས་སྲིད་པ་གསུམ། །
༣༦༩ འཕོ་བའི་འཇིགས་བཅོམ་མི་འགྱུར་བདེ་ཐོབ་ཤོག །ཅེས་པའང་སེང་གེ་དང་ནཱ་དའི་སྒྲ་དབྱངས་ཅན་འོད་གསལ་ཕྱག་རྒྱ་ཆེན་པོས་འཁྱུད་པ་མཉྫུ་ཤྲཱིའི་བཀའ་ནན་ཕེབས་པ་མ་ལྡོག་ཙམ་དུ་རྣལ་འབྱོར་གྱི་གནས་ལ་མོས་པ་ལམ་དུ་བྱེད་པ་གུ་ཎས་བྲིས་པ་དགེ་ལེགས་འཕེལ།། །།

༄༅། པདྨ་བཛྲའི་ཟབ་པའི་ཚུལ་དགུའི་ཁྲིད་ཡིག་བཀྲ་ཤིས་ཡུངས་ཀར་གོང་བུ་བཞུགས། །

༡༥༡པདྨ་བཛྲའི་ཟབ་པའི་ཚུལ་དགུའི་ཁྲིད་ཡིག་བཀྲ་ཤིས་ཡུངས་ཀར་གོང་བུ་བཞུགས། །
༡༥༢།ན་མོ་གུ་རུ་བཛྲ་དྷ་ར་པཱ་དཱ་ཡ། གྲུབ་མཆོག་པདྨ་བཛྲ་དང་། །དབྱེར་མེད་རྗེ་བཙུན་གོང་མ་ལྔ། །གཅིག་བསྡུས་མཁྱེན་བརྩེའི་དབང་པོར་འདུད། །ཟབ་པའི་ཚུལ་དགུའི་ཁྲིད་རིམ་དགོད། །ལམ་སྐོར་ཕྱི་མ་བརྒྱད་ལས། གྲུབ་པའི་དབང་ཕྱུག་ཆེན་པོ་པདྨ་བཛྲས་མཛད་པའི་ཟབ་པའི་ཚུལ་དགུའི་ཁྲིད་རིམ་འཆད་པ་ལ་གཉིས། གང་ལས་བརྒྱུད་པའི་ཁུངས་སྨོས་པ། དེ་ལས་བྱུང་བའི་གདམས་ཁྲིད་དངོས་བཤད་པའོ། །དང་པོ་ནི། གསང་སྔགས་འབྱུང་བའི་གནས་དཔལ་ཨོ་ཌཱི་ཡ་ནའི་ཡུལ་དུ་བྱོན་པའི་སློབ་དཔོན་ཆེན་པོ་ས་རོ་རུ་ཧ་སྟེ་མཚོ་སྐྱེས་ཞབས་སམ་པདྨ་བཛྲ་ཆེན་པོའང་གྲགས་ཤིང་། དོ་ཧའི་ལོ་རྒྱུས་སོགས་ལས་ཡན་ལག་མེད་པའི་རྡོ་རྗེ་དང་སློབ་དཔོན་འདི་མཚན་གྱི་རྣམ་གྲངས་སུ་བཤད་ཀྱང་། བཀའ་སྲོལ་འདིའི་བཞེད་པར་དེ་གཉིས་ཐ་དད་པས་ཡན་ལག་མེད་པའི་རྡོ་རྗེའི་རྗེས་སུ་འབྲང་ནས་སློབ་དཔོན་འདི་ཉིད་ཀྱིས་གཞུང་འདི་རྣམས་མཛད་པར་གསུངས་ཏེ། དེའང་ཀྱེ་རྡོ་རྗེའི་རྩ་རྒྱུད་ལ་བརྟེན་ནས་སྨིན་བྱེད་དབང་གི་ཆོ་ག་ནས་གླིང་མ། བསྐྱེད་རིམ་གྱི་ཆོ་ག་སྒྲུབ་ཐབས་མཚོ་སྐྱེས། རྫོགས་རིམ་
༡༥༣ཟབ་པའི་ཚུལ་དགུ་དང་མར་མེའི་རྩེ་མོ་ལྟ་བུའི་གཞུང་དང་གདམས་ངག་སོགས་མཛད་པ་ལས། འདིར་ཕྱི་མ་གཉིས་འཆད་པར་བྱ་བ་སྟེ་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་འཆང་། བི་ལཱ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་སམ་པདྨ་བཛྲ། ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན་ཀར། ནག་པོ་པ། དཔལ་འཛིན། ག་ཡ་དྷ་ར། དེ་ལས་འབྲོག་མི་ལོ་ཙཱས་ཞུས། དེ་ནས་རིམ་བཞིན་སེ་སྟོན་ཀུན་རིག །ཞང་སྟོན་ཆོས་འབར། ས་སྐྱའི་རྗེ་བཙུན་གོང་མ་ལྔ་ནས་བརྒྱུད་སྲོལ་ཟམ་མ་ཆད་པར་བྱོན་ཏེ། རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའ་ཞལ་སྔ་ནས་བཀའ་དྲིན་ཆེན་པོས་སྩལ་བའོ། །གཉིས་པ་གདམས་ངག་དངོས་ལ་གཉིས། མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དེའང་གཞུང་འདི་ཉིད་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་སྒྲུབ་པའི་ཐབས་ལ་བརྟེན་ནས་སྐྱེ་གནས་རྣམ་པ་བཞིའི་གཉེན་པོར། བསྐྱེད་ཆོག་ཡན་ལག་རྣམ་པ་བཞི་བསྙེན་སྒྲུབ་ཀྱི་རིམ་པར་དབྲི་བ་དང་བཅས་པ་ཟབ་པའི་ཚུལ་དགུས་ལམ་ཡོངས་སུ་རྫོགས་པའི་མན་ངག་ཅེས་བྱ་ཞིང་། སྤྱིར་བསྐྱེད་
༡༥༤རྫོགས་ཀྱི་ལམ་གང་བསྒོམ་ཡང་ཐམས་ཅད་ཀྱང་རྣམ་པ་དེ་དང་དེར་སོ་སོར་སྣང་ཡང་ངོ་བོ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མ་འདས་པས་ལྟ་བ་འཁོར་འདས་དབྱེར་མེད་ཉིད་ལམ་དུ་བྱེད་པ་ཡིན་ཏེ། དེའི་དོན་ཡང་རྩ་རྒྱུད་བརྟགས་པ་གཉིས་པ་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་ཏུ་ནི། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཅེས་པ་ལ་སོགས་པའི་ལུང་དོན་ལ་བརྟེན་པའི་མན་ངག་ཡིན་པར་གསུངས་ཏེ། རྒྱུ་རང་བཞིན་གྱིས་གནས་པའི་སྐབས་གསལ་བ་སེམས་ཀྱི་རང་བཞིན་འཁོར་བ། སྟོང་པ་སེམས་ཀྱི་རང་བཞིན་མྱང་འདས། དེ་གཉིས་སེམས་ཀྱི་ངོ་བོ་དབྱེར་མེད་ཡིན་པས། སྒྲུབ་པ་པོས་ལམ་ཉམས་སུ་ལེན་པ་ནའང་སྦྱང་གཞི་འཁོར་བ། སྦྱོང་བྱེད་མྱང་འདས། སྦྱོང་གཞི་དེ་སྦྱོང་བྱེད་ཀྱི་ངོ་བོར་དག་པ་དབྱེར་མེད་ལམ་དུ་བྱས་པས་འབྲས་བུ་རྣམ་པར་དག་པ་ལྷུན་གྲུབ་འཁོར་བ། གནས་འགྱུར་མྱང་འདས། མི་འགལ་བར་དབྱེར་མེད་དུ་རྟོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་དེའི་དོན་རྒྱས་པར་བཤད་པ་ལ། ཐོག་མར་ལྟ་བ་འཁོར་འདས་དབྱེར་མེད་དུ་རྟོགས་པ། ལམ་སེམས་གནས་པའི་ཐབས་དགུས་ཞི་གནས་ཀྱི་ལམ་གྱི་ས་མཚམས་དང་བཅས་པ། ཕྱི་རོལ་གྱི་སྤྲོས་པ་ཐམས་ཅད་བཅད་པའི་ཚུལ་དགུས་ངེས་ཤེས་བསྐྱེད་པ་འབྲས་བུ་སྐུ་གསུམ་ལན་ལག་བདུན་ལྡན་དུ་བསྟན་པའོ། །དེ་ལ་ཐོག་མར་ལྟ་བ་སྟོན་དགོས་པའི་རྒྱུ་མཚན་ནི། །སྨིན་བྱེད་ཀྱི་དབང་བསྐུར་བ་ཐོབ་པའི་རྗེས་སུ་ལམ་བསྒོམ་དགོས་ཏེ་ཡེ་ཤེས་དེའི་རྒྱུན་བསྐྱང་བ་དང་། གང་ཟག་གི་བདག་ཏུ་ལོག་པར་རྟོག་པ་དགག་དགོས་པའི་ཕྱིར་ཏེ། རྒྱུད་ལས། །ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་རྟོག་པ་ལ། ཁྱད་པར་ཅུང་ཟད་ཡོད་མ་ཡིན། ཅེས་སོ། །དེ་ལ་གསུམ། རྒྱུ། ལམ། འབྲས་བུ་འཁོར་འདས་དབྱེར་མེད་དུ་སྟོན་པའོ། །དང་པོ་རྒྱུ་འཁོར་འདས་དབྱེར་མེད་ནི། རྩ་རྒྱུད་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་
༡༥༥འཁོར་བ་དག་པས་ན། །འཁོར་བ་མྱ་ངན་འདས་པར་འགྱུར། །ཅེས་གསུངས་ཏེ། ཁམས་གསུམ་གྱི་རྒྱུ་ཀུན་རྫོབ་བདེན་པས་བསྡུས་པའི་གཟུང་འཛིན་དང་ཆོས་ཅན་གཟུགས་ལ་སོགས་པ། མིག་སོགས་ཕྱི་ནང་གི་སྐྱེ་མཆེད་སོགས་སྣང་བ་སྣ་ཚོགས་པ། ཉོན་མོངས་དུག་གསུམ་སོགས་རྣམ་པར་རྟོག་པ་གློ་བུར་གྱི་སྡུག་བསྔལ་དུ་མ་རྣམས་འཁོར་བ། དེ་དག་བརྟགས་ཤིང་དཔྱད་པའི་བློ་རྨོངས་མེད་ཀྱི་ངོ་བོ་རང་བཞིན་གྱིས་སྐྱེ་བ་མེད་པ་ཆོས་ཉིད་མྱང་འདས་སུ་རྟོགས་པའི་ཚེ་ཆོས་ཉིད་ལས་གཞན་པའི་ཆོས་ཅན་འཁོར་བ་ཞེས་བྱ་བ་གྲུབ་པ་མེད་ཅིང་། འཁོར་བ་ལས་གཞན་པའི་མྱང་འདས་ཀྱང་མ་གྲུབ་པ་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་པ་ནི་མྱ་ངན་ལས་འདས་པ་སྟེ་འཁོར་འདས་དབྱེར་མེད་དམ། ཆོས་སྤྱི་སྐད་དུ་བདེན་གཉིས་ཟུང་འཇུག་ཅེས་བྱ་བ་ཡིན་ནོ། །དེས་འོག་མ་རྣམས་ལ་འགྲེས་སུ་ཤེས་པར་བྱ་སྟེ། སྣོད་དུ་སྣང་བ་རྣམས་གཞལ་ཡས་ཁང་ཡིན་ལ། བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དགུའི་ངོ་བོ་ཡིན་ཏེ། དཔེར་ན་གསེར་གཡའ་དང་བཅས་པ་ཡིན་ཀྱང་ངོ་བོ་ཉིད་ཀྱིས་སེར་པོར་སྣང་བ་བཞིན་ཏུ། ལུས་སེམས་རྟོག་བཅས་སུ་སྣང་ཡང་ངོ་བོ་རང་བཞིན་གྱིས་སྤྲོས་པ་དང་བྲལ་བར་ཤེས་པར་བྱའོ། །གཉིས་པ་ལམ་འཁོར་འདས་དབྱེར་མེད་ལ། བསྐྱེད་རིམ་གྱི་ཕྱོགས་སུ། ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་གི་རང་བཞིན་ཡིན་པས་དེར་སྣང་ལ། ནང་བཅུད་རིགས་དྲུག་གི་འགྲོ་བ་ཐམས་ཅད་ལྷ་དགུའི་རང་བཞིན་ཡིན་པས་དེར་སྣང་བའོ། །དེའང་ཆོས་ཅན་སྣོད་བཅུད་དང་ཆོས་ཉིད་ལྷའི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་ངོ་བོ་གཅིག་ཡིན་ཏེ། སྣོད་སྤངས་པའི་གཞལ་ཡས་ཁང་གཞན་དུ་མི་རྙེད་ལ། བཅུད་སྤངས་པའི་ལྷ་གུད་ན་མི་རྙེད་པས་འཁོར་འདས་དབྱེར་མེད་ཅེས་བྱའོ། །རྫོགས་རིམ་གྱི་ཕྱོགས་ལ། མ་དག་པ་ཁམས་གསུམ་གྱི་སྣང་བ་དང་དག་པ་དཀྱིལ་འཁོར་གྱི་འཁོར་
༡༥༦ལོའང་རིམ་གྱིས་ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་སུ་རོ་གཅིག་པར་བསྡུས་ཏེ་སེམས་ཉིད་ཡེ་ཤེས་བདེ་བ་ཆེན་པོར་རྟོགས་པ་ལ་འཁོར་འདས་དབྱེར་མེད་ཅེས་བྱ་སྟེ། རྒྱུད་ལས། དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པའང་མེད། །བདག་དང་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་པའི་དོན་ནོ། །གསུམ་པ་འབྲས་བུ་འཁོར་འདས་དབྱེར་མེད་ནི། ལམ་གོམས་པ་མཐར་ཕྱིན་པའི་སྐབས་སུ་འཁོར་བ་རང་བཞིན་གྱིས་མ་གྲུབ་པར་རྟོགས་པས་བ་སྤུའི་ཁུངས་བུ་གཅིག་ཏུའང་ཁམས་གསུམ་འཁོར་བ་ཐམས་ཅད་ཚུད་ལ། དེ་དག་ཀྱང་དག་པའི་ཞིང་ཁམས་མྱ་ངན་ལས་འདས་པར་ཤུགས་འབྱུང་དུ་བསྒྱུར་བ་ནི་གཟུགས་སྐུའི་འཁོར་འདས་དབྱེར་མེད་དོ། །འཁོར་འདས་ཐམས་ཅད་ཀྱང་རང་གི་དབྱིངས་ཟག་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་རྟོགས་པས་བླང་དོར་དུ་བྱ་བ་མེད། སྤང་ཐོབ་ཏུ་འཛིན་པ་མེད་དེ་གནས་གྱུར་པའི་ཡེ་ཤེས་ཞེས་བྱ་སྟེ། རྟེན་གྱི་གང་ཟག་གཅིག་གི་རྒྱུད་ལ་ལྟོས་ནས་སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་ཏུ་འདྲེས་པ་ཞེས་བྱ་སྟེ་ཆོས་སྐུའི་འཁོར་འདས་དབྱེར་མེད་དོ། །དེ་ལྟར་རྒྱུ་ལམ་འབྲས་བུའི་གནས་སྐབས་གསུམ་ཀ་འཁོར་འདས་དབྱེར་མེད་དུ་ཤེས་དགོས་པ་ནི་སློབ་དཔོན་འདི་ཉིད་བཞེད་པར་མ་ཟད། འཕགས་པ་ཀླུས་ཀྱང་། འཁོར་བ་མྱ་ངན་འདས་པ་ཞེས། །དེ་ཉིད་མ་མཐོང་བ་རྣམས་སྨྲ། །དེ་ཉིད་གཟིགས་རྣམས་འཁོར་བ་དང་། །མྱ་ངན་འདས་པ་གཉིས་མི་བཞེད། །ཅེས་གསུངས་པ་ཡིན་ནོ། །གཉིས་པ་ཉམས་སུ་བླང་བའི་རིམ་པ་ལའང་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྦྱང་གཞི་གང་ཟག་རིགས་བཞིའི་སྐྱེ་གནས་རྣམ་པ་བཞི་ཡོད་ཅིང་དེའི་ནང་ཚན་དྲོད་གཤེར་ལས་སྐྱེས་པ་གཉིས་སུ་ཕྱེས་ཏེ་ལྔ་ཡོད་པའི་སྦྱོང་བྱེད་བསྐྱེད་པའི་ཆོ་ག་རྣམ་པ་ལྔས་ཕྱི་དབྱིབས་ཀྱི་ལམ་རྫོགས་པར་བསྒོམས་
༡༥༧པས་ལམ་ཚོགས་སྦྱོར་གཉིས་མཐའ་རུ་ཕྱིན་པར་འགྱུར། དེ་ལས་འདས་པའི་གང་ཟག་རིམ་པ་གསུམ་ཡོད་པའི་དང་པོས། རྩ་ལུས་ཀྱི་དཀྱིལ་འཁོར་བརྟགས་པའི་ལམ་ལ་བརྟེན་ནས་ལུས་ལྷར་ཤར་ཏེ་མཐོང་ལམ་མཐར་ཕྱིན། །གཉིས་པ་བྷ་གའི་དཀྱིལ་འཁོར་ལྷན་སྐྱེས་ཀྱི་བདེ་ཆེན་གྱི་ལམ་ལ་བརྟེན་ཏེ་རྩ་ཡི་གེའི་དཀྱིལ་འཁོར་མཐོང་སྟེ་སྒོམ་ལམ་མཐར་ཕྱིན། གསུམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཐིག་ལེ་ཁ་དོག་སྣ་ཚོགས་མཐོང་ནས་མཐར་ཕྱིན་པའི་ལམ་མངོན་དུ་བྱེད་པའོ། །དེ་གསུམ་ནི་རྫོགས་པའི་རིམ་པ་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་གྱིས་ལམ་བགྲོད་པའི་ཚུལ་ལོ། །དེ་རྣམས་ཀྱི་དང་པོ་བསྐྱེད་རིམ་པའི་གང་ཟག །གཉིས་ནི་ལས་དང་པོ་པའི་རྟེན་གྱི་གང་ཟག་དང་། ལུས་དཀྱིལ་པ་ནི་བདེ་བ་ཅུང་ཟད་སྐྱེས་པའི་རྟེན་གྱི་གང་ཟག །བྷ་གའི་དཀྱིལ་འཁོར་པ་ནི་བདེ་སྟོང་གི་ཉམས་སྐྱེས་པའི་རྟེན་གྱི་གང་ཟག །བྱང་སེམས་ནི་ཉམས་ཆེར་སྐྱེས་པའི་གང་ཟག་ཅེས་བྱའོ། །ཡང་དེ་བཞི་ལ་རིམ་བཞིན་ཉོན་མོངས་པའི་བཅིང་བ་མཐའ་དག་དང་ལྡན་པའི་ཐ་མ། ཉོན་མོངས་པ་ལས་ཅུང་ཟད་གྲོལ་བའི་ཐ་མ། །ཕལ་ཆེར་གྲོལ་བའི་འབྲིང་། ཐམས་ཅད་གྲོལ་བའི་རབ་ཅེས་བྱའོ། །ཡང་གང་ཟག་དེ་བཞི་ལ་རིམ་པ་བཞིན་དུ་ལས་དང་པོ་དང་། ཡེ་ཤེས་ཕེབས་པ་དང་། ཡེ་ཤེས་ལ་ཅུང་ཟད་དབང་བ་དང་། ཡང་དག་པའི་ཡེ་ཤེས་ལ་དབང་བ་ཞེས་ཀྱང་བྱ་སྟེ། འདི་བཞིས་ལམ་ཚོགས་སྦྱོར་གཉིས་མཐར་ཕྱིན་པ་ཡིན་ནོ། །དེ་དག་བསྐྱེད་ཆོག་དང་སྦྱར་ན་གང་ཟག་དང་པོས་ལྷ་དྲོད་གཤེར་སྐྱེས་པ་དང་པོའ་བསྐྱེད་ཆོག །གང་ཟག་གཉིས་པས་དྲོད་གཤེར་ལས་སྐྱེས་པ་གཉིས་པའི་བསྐྱེད་ཆོག །གསུམ་པས་སྒོང་ང་ལས་སྐྱེས་པ། བཞི་པས་གཙོ་བོ་བརྫུས་སྐྱེས་དང་། འཁོར་མངལ་སྐྱེས་ཀྱི་མངོན་པར་རྟོགས་པ་བསྒོམ་པར་བྱ་སྟེ་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་གོ །དེ་ནས་ཡེ་ཤེས་པ་
༡༥༨གཞུག་པ་ནི་ཉེ་བར་སྒྲུབ་པའི་ཡན་ལག་དབང་བསྐུར་བའི་གནད་ཀྱིས་སྒྲུབ་པ་དང་སྒྲུབ་པ་ཆེན་པོའ་ཡན་ལག་ཀྱང་རྫོགས་པ་སྟེ་སློབ་དཔོན་འདི་ཉིད་ཀྱིས་བཞེད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། གང་ཟག་བཞིས་ཚོགས་སྦྱོར་གྱི་ལམ་བགྲོད་པའི་ཚུལ། དེ་ལས་འདས་པའི་གང་ཟག་བཞེས་མཐོང་སྒོམ་མཐར་ཕྱིན་གྱི་ལམ་བགྲོད་པའི་ཚུལ་ལོ། །དང་པོ་ལ་གང་ཟག་བཞིའི་ལས་དང་པོ་པའི་ཉམས་ལེན་གྱི་དབང་དུ་བྱས་ན། ཐོག་མར་བརྒྱུད་ལྡན་གྱི་བླ་མ་ལས་དབང་བཞི་རྫོགས་པར་ཞུ། སྒྲུབ་པའི་ལུང་ཡང་ཐོབ་པར་བྱས་ནས་ཐུན་བཞིའི་ངེས་པས་ཉམས་སུ་བླངས་དགོས་ཏེ། དེ་ལས་མཉམ་གཞག་གི་རྣལ་འབྱོར་དང་། རྗེས་སྤྱོད་ཀྱི་རྣལ་འབྱོར་གཉིས་སུ་ཡོད། དང་པོ་ལ་ནི་སྔོན་འགྲོ་དངོས་གཞི་བསྐྱེད་རིམ། སེམས་གནས་པའི་ཐབས་དགུ། རྫོགས་པའི་རིམ་པ་ལ་སེམས་བཟུང་བ་བཅས་རིམ་པར་བསྒོམ་དགོས་པའི་དགའ་དོན་རྣམས་འདི་ཉིད་ཀྱི་མངོན་རྟོགས་ལས་འབྱུང་བ་ལྟར་བྱ་སྟེ། ཐོག་མར་སྔོན་འགྲོ་ལ་སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བསྒོམ་བཟླས་རྣམས་ཐུན་དང་པོ་ལ་བཏང་། རྗེས་མ་རྣམས་ལ་མ་ལྕོགས་ཀྱང་ཆོག །དེ་ནས་བསོད་ནམས་ཀྱི་ཚོགས་བསགས་པ་ནི། རང་ཀྱཻ་རྡོ་རྗེ་ཡབ་ཡུམ་དུ་གསལ་བའི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་དཔལ་ཀྱཻ་རྡོ་རྗེ་བླ་མ་མི་བསྐྱོད་པའི་རྣམ་པ་ཅན་གྱིས་དབུ་བརྒྱན་པའི་ལྷ་དགུའི་དཀྱིལ་འཁོར་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་བཞེངས་པའི་ཚུལ་གྱིས་སྤྱན་དྲངས་ལ་ཕྱག་བྱ། སྙིང་ག་ནས་སྤྲུལ་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་ཀྱིས་མཆོད། རྟེན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་བའི་སྡིག་པ་བཤགས་པ། དགེ་བ་ལ་ཡི་རང་བ། དོན་དམ་བྱང་ཆུབ་ཀྱི་སེམས་བཟུང་བ། གསུམ་ལ་སྐྱབས་སུ་འགྲོ་བ། སྨོན་པའི་སེམས་བསྐྱེད་པ། འཇུག་པ་སེམས་བསྐྱེད་པ། དགེ་རྩ་
༡༥༩གཞན་དོན་ཏུ་བསྔོ་བ་བཅས་ཡན་ལག་བདུན་པ་བྱ་བ་ནི་ཡུལ་དག་པ་ལ་བརྟེན་ནས་ཚོགས་བསགས་པའོ། །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། བདེ་བ་དང་མི་འབྲལ་བའི་དགའ་བ། ཉེ་རིང་མེད་པའི་བཏང་སྙོམས་ཏེ་ཚད་མེད་པ་བཞི་རྒྱུད་ལ་འདྲེས་ངེས་པར་བསྒོམ་པ་ནི་ཡུལ་མ་དག་པ་ལ་བརྟེན་ནས་ཚོགས་བསགས་པའོ། །ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། ཆོས་ཀྱི་སྐུ་མངོན་དུ་བྱས་པ་ལས་གཟུགས་སྐུ་སྒྱུ་མ་ལྟ་བུར་བཞེངས་ཏེ་སེམས་ཅན་གྱི་དོན་བྱའོ་སྙམ་པའི་འདུན་པ་སྔོན་དུ་འགྲོ་བས། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཅིར་ཡང་མི་དམིགས་པའི་གནས་ལུགས་བརྗོད་བྲལ་གྱི་ངང་དུ་མཉམ་པར་བཞག །ཤཱུ་ནྱ་ཏའི་སྔགས་དོན་དྲན་པ་ནི། ཡུལ་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་ལ་ཡུལ་ཅན་ཡེ་ཤེས་དེས་གཉིས་མེད་དུ་རྟོགས་ནས་ཡུལ་དང་ཡུལ་ཅན་གཉིས་ཀའང་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ངའོ་སྙམ་པའོ། །དངོས་གཞི་བསྐྱེད་པའི་རིམ་པ་ལ། སྟོང་པ་ཉིད་དེའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར། ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བས་གང་བའི་སྲུང་འཁོར་ཐུན་མོང་བ་བསྒོམ། དེའི་ནང་དུ་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་ལཾ་བཾ་རཾ་ཡཾ་རྣམས་ལས་བྱུང་བའི་ས་ཆུ་མེ་རླུང་གི་དཀྱིལ་འཁོར་དབྱིབས་དང་ཁ་དོག་སྤྱི་མཐུན་སོ་སོའ་ས་བོན་གྱིས་མཚན་པ་བསྒོམ། དེ་རྣམས་དང་རང་གི་སེམས་ཀྱི་སྣང་བ་གཅིག་ཏུ་འདྲེས་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའ་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི། རྟ་བབས་བང་རིམ་བཞི་དང་ལྡན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་དང་བཀོད་པས་མཛེས་པའི་ཕྱི་
༡༦༠རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ལ། ཤིང་དང་མེ་དང་ཆུ་དང་སྤྲིན་དང་མཆོད་རྟེན་བརྒྱད། དེ་དག་ལ་གནས་པའི་ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་དང་རྣལ་འབྱོར་པ། གཞན་ཡང་དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པས་བསྐོར་བའི་གཞལ་ཡས་ཁང་གི་དབུས་དང་ཕྱོགས་མཚམས་བརྒྱད་དུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་པད་ཉིའི་སྟེང་དུ་བདུད་བཞིའི་ངོ་བོ་ཚངས་པ་ཉེ་དབང་དྲག་པོ་དབང་པོ་རྣམས་མཉམ་པར་བརྩེགས་པ། སྒོ་མཚམས་ཀྱི་པད་ཉིའི་སྟེང་དུ་འཇིག་རྟེན་གྱི་ཆེན་པོ་བརྒྱད་གན་རྐྱལ་དུ་བསྒྱེལ་བ། གདན་དགུ་པོའ་སྟེང་དུ་མཚན་བཟང་པོ་སོ་གཉིས་ཀྱི་ངོ་བོ་ཨཱ་ལི་བཅུ་དྲུག་ཉིས་འགྱུར་སྐར་མའི་ཕྲེང་བ་ལྟ་བུ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་དགུར་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེ་རྣམས་ཀྱི་སྟེང་དུ་དཔེ་བྱད་བརྒྱད་ཅུའི་ངོ་བོ་ཀཱ་ལི་སོ་བཞི་ལ་ཡ་ར་ལ་ཝ་ཌ་ཌྷ་དང་བཅས་པའི་བཞི་བཅུ་ཕྲག་གཉིས་ཉི་མའི་སྣང་བ་ལྟ་བུ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་བ་མཉམ་པ་ཉིད་ཀྱི་ཡེ་ཤེས། དབུས་ཀྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་ཧཱུྃ་ལས་ཐོད་པ་དཀར་པོ་དཔྲལ་བར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པ། དེའི་གཡོན་ཏུ་ཨཾ་ལས་གྲི་གུག་སྔོ་ནག་གི་ཡུ་བར་ཨཾ་གིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས་དབུས་ཀྱི་ཉི་ཟླ་ས་བོན་ཕྱག་མཚན་བཅས་རོ་གཅིག་ཏུ་འདྲེས་པ་ལས་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ་སྙམ་དུ་སོ་སོར་དྲན་ཙམ་རེ་བྱ། དེའང་ཟླ་བ་ནི་གཤིར། ཉི་མ་ནི་དྲོད། དེ་དག་རྒྱུ་ཡིན་ཅིང་དེའང་ཨཱ་ལི་ཀཱ་ལི་ལས་སྐྱེས་པ་སྟེ་དྲོད་གཤེར་ལས་སྐྱེས་པ་དང་པོ་ཞེས་བྱ་བའི་མིང་ཐོབ་པ་ཡིན་ནོ། །དེའང་བཅོམ་ལྡན་འདས་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཀྱི་རྩ་ཞལ་སྔོན་པོ། གཡས་དཀར་གཡོན་དམར་ལྷག་མ་གཉིས་གཉིས་གནག་ཅིང་སྟེང་ཞལ་དུད་ཀ་།སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་
༡༦༡ཚོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བསྣམས་པའི་གཡས་པ་བརྒྱད་ན་གླང་པོ་ཆེ། རྟ། བོང་བུ། གླང་པོ། རྔ་མོ། མི། ཁྱི། མ་ཧེ་རྣམས་དང་། གཡོན་པ་བརྒྱད་ནས། ཆུ། མེ། རླུང་། ཟླ་བ། ཉི་མའི་ལྷ་རྣམས་དང་། གཤིན་རྗེ། ནོར་འཛིན་རྣམས་བསྣམས་པ། ཐོད་སྐམ་དབུ་བརྒྱན། ཐོད་རློན་དོ་ཤལ། རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཡས་གཉིས་བརྐྱངས་པའི་བརླ་ལ་གཡོན་བསྐུམ་པའི་སོར་མོ་རྣམས་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་ཤིང་གར་གྱི་ཉམས་དགུ་དང་ལྡན་པ། ཡུམ་རྡོ་རྗེ་བདག་མེད་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་གསལ་གདབ། དེ་ནས་ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པ། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པར་དམིགས་ཏེ་སོ་སོའ་སྔགས་བརྗོད་པས་བྱིན་གྱིས་བརླབས། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའ་སྒྲས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་འོད་དུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པས་ཐིག་ལེ་ཆ་བརྒྱད་དུ་གྱུར། དེ་རྣམས་ཡུམ་གྱི་བྷ་ག་ནས་ཕྱིར་ཐོན་ཏེ་ཕྱོགས་མཚམས་བརྒྱད་ཀྱི་ཉི་ཟླའི་བར་དུ་སྤྲོས་པ་ལས། ས་བོན་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་བརྒྱད་དུ་གྱུར། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཤར་དུ་གྲི་གུག །ལྷོར་ཌཱ་མ་རུ།
༡༦༢ནུབ་ཏུ་རུས་སྦལ། བྱང་དུ་སྦྲུལ། བྱང་ཤར་དུ་སེང་གེ་།ཤར་ལྷོར་དགེ་སློང་། ལྷོ་ནུབ་ཏུ་འཁོར་ལོ། ནུབ་བྱང་དུ་རྡོ་རྗེ་ཁྲ་བོ་རྣམས་ཀྱི་ལྟེ་བར་སོ་སོའ་ས་བོན་གྱིས་མཚན་པ་དེ་ལས་སྐུ་ཡོངས་སུ་རྫོགས་པ་ཡེ་ཤེས་ལྔའི་ངོ་བོར་མོས། དེའང་ཤར་དུ་གཽ་རཱི་ནག་མོ་གཡས་གྲི་གུག་གཡོན་ཉ་རོ་ཧི་ཏ་བསྣམས་པ། ལྷོར་ཙཽ་རི་དམར་མོ་གཡས་ཅང་ཏེའུ་གཡོན་ཐོད་པ། ནུབ་ཏུ་བཻ་ཏཱ་ལི་སེར་མོ་གཡས་རུས་སྦལ། གཡོན་ཐོད་པ། བྱང་དུ་་རཱི་ལྗང་གུ་གཡས་སྦྲུལ་གཡོན་ཐོད་པ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ་གཡས་སེང་གེ་གཡོན་དགྲ་སྟྭ། ཤར་ལྷོ་ཤ་བ་རཱི་དཀར་མོ་གཡས་དགེ་སློང་གཡོན་གསིལ་བྱེད། ལྷོ་ནུབ་ཏུ་གདོལ་པ་མོ་སྔོན་མོ་གཡས་འཁོར་ལོ་གཡོན་ཐང་གཤོལ། ནུབ་བྱང་དུ་གཡུང་མོ་ཁ་དོག་སྣ་ཚོགས་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། ཐམས་ཅད་ཀྱང་ཆ་ལུགས་གཙོ་མོ་དང་མཚུངས་པར་བསྒོམ། དེ་ལྟར་ལྷ་དགུའི་རྣམ་པར་རྫོགས་པ་བདེ་ཆེན་ལ་ལོངས་སྤྱོད་རྫོགས་པའི་སྐུའོ་སྙམ་དུ་དྲན་པ་ཙམ་བྱ། སླར་ཡང་ཡབ་ཡུམ་སྙོམས་པ་བཞུགས་པས་རྩ་གནས་ཐམས་ཅད་བྱང་ཆུབ་སེམས་ཀྱི་དྭངས་མས་གང་། ཆགས་པའི་མེས་ཐིག་ལེ་རྣམས་ཞུ། ཟག་པ་མེད་པའི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་། རྗེས་ཆགས་བདེ་ཆེན་གྱི་མེས་ཡབ་ཡུམ་གཉིས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་འོད་དུ་ཞུ་བ་འོད་ཕུང་ཐིག་ལེའི་རྣམ་པར་གྱུར་པར་དམིགས། དོན་ཡབ་ཞུ་བ་ཡེ་ཤེས། ཡུམ་ཞུ་བ་ཐིག་ལེ་སྟེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཆོས་ཀྱི་སྐུའོ་སྙམ་དུ་མོས། དེ་ནས་ཏིང་ངེ་འཛིན་གྱི་རྒྱུན་མཚམས་ཀྱི་ལྷ་མོ་བཞི་ལ་གཏད་ནས་སེམས་ཅན་གྱི་དོན་མཛད་པ་དང་ཟག་མེད་བདེ་བ་ཆེན་པོའ་དོན་ཏུ་གཙོ་བོ་ཆོས་སྐུ་འོད་ཕུང་ཐིག་ལེ་ལས་བསླང་བར་བྱའོ་སྙམ་དུ་རྗེས་སུ་དྲན་པར་བྱས་ལ། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །ཅེས་སོགས་ཀྱི་རྡོ་རྗེའི་
༡༦༣གླུས་ཚད་མེད་པ་བཞིའི་རང་བཞིན་ལྷ་མོ་བཞི་བཞིས་རིམ་པར་བསྐུལ་བའི་ཐིག་ལེ་ཆ་གསུམ་དུ་གྱུར་ཏེ་འོག་གི་ཐིག་ལེ་ཨཱ་ལི་ལས་ཟླ་བ། སྟེང་གི་ཐིག་ལེ་ཀཱ་ལི་ལས་ཉི་མ། བར་གྱི་ཐིག་ལེ་ས་བོན་དང་ཕྱག་མཚན། དེ་དག་འདྲེས་པ་ལས་སྐུ་ཡོངས་སུ་རྫོགས་པ་ཡེ་ཤེས་ལྔའི་ངོ་བོ་གོང་གི་རྒྱུ་རྡོར་འཛིན་གྱི་སྐབས་བཞིན་འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞལ་ཕྱག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་གདབ། གཙོ་འཁོར་དགུ་སོ་སོའ་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་སོ་སོའ་ས་བོན་གྱིས་མཚན་པ་ལས་འོད་ཟེར་འཕྲོས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ལྷ་དགུའི་དཀྱིལ་འཁོར་དུ་གྱུར། འོད་ཟེར་རྣམས་སླར་འདུས་རང་ལ་ཐིམ་པར་བསྒོམ་པ་ནི་ཡན་ལག་དང་པོ་བསྙེན་པའི་ཡན་ལག་གོ །ཕྱི་ནས་ལམ་ལྔ་ལ་གོམས་ཏེ་ཕྱི་མ་ལ་འཇུག་རིམ་གྱིས་ཆོ་གའི་ཆ་དབྲི་བའི་བསྐྱེད་རིམ་གྱི་རྩ་བ་འདི་ཉིད་ཡིན་ནོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་ནི། གཙོ་བོའ་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཀྱེ་རྡོ་རྗེ་ལྔ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་མོས་ལ་རྡོ་རྗེ་བསྡུ་བའི་སྔགས་རྒྱ་བྱ། འོད་ཟེར་ཐུགས་ཀའི་ས་བོན་ལ་བསྡུ། སླར་འོད་ཟེར་འཕྲོས་པས་དམ་ཚིག་པ་དང་ཡེ་ཤེས་བའི་དཀྱིལ་འཁོར་ཤིན་ཏུ་གསལ་བར་བྱས་ནས་འོད་ཟེར་སླར་བསྡུ། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་རང་རང་གི་མཆོད་རྫས་ཐོགས་པ་དཔག་ཏུ་མེད་པ་སྤྲོས་པ་རྣམས་ཀྱིས་ཡེ་ཤེས་པ་ལ་མཆོད་ཅིང་བསྟོད་པ་བྱས་པར་དམིགས་ཏེ་རྒྱུད་ཚིག་གིས་མཆོད་བསྟོད་བྱ། ཐུགས་ཀ་ནས་འཕྲོས་པའི་གཽ་རཱི་ལྕགས་ཀྱུ་ཐོགས་པས་ཡེ་ཤེས་པའི་ཐུགས་ཀར་རེག་པས་སྲུང་འཁོར་གྱི་ནང་དུ་སྤྱན་དྲངས། ཙཽ་རཱི་ཞགས་པ་ཐོགས་པས་མགྲིན་པར་རེག་པས་དམ་ཚིག་པ་སོ་སོའ་སྨིན་མཚམས་ནས་ཐིམ། བཻ་ཏཱ་ལི་ལྕགས་སྒྲོག་
༡༦༤ཐོགས་པས་ཞབས་ལ་རེག་པས་དམ་ཡེ་བསྲེས། གྷས་མ་རཱི་དྲིལ་བུ་ཐོགས་པའི་སྒྲ་ཡིས་དམ་ཚིག་པ་ཡེ་ཤེས་པའི་ངོ་བོར་གྱུར་པར་མོས་ལ་སོ་སོའ་སྔགས་རྒྱ་བྱ་བ་ནི་ཡན་ལག་གཉིས་པ་ཉེ་བར་སྒྲུབ་པའོ། །དེ་ནས་གཙོ་འཁོར་ཐམས་ཅད་ཀྱི་མིག་རྣ་བ་སྣ་ལྕེ་དཔྲལ་བ་སྙིང་ག་དྲུག་དང་གནས་གསུམ་དུ་པད་ཉི་རོ་གདན་རེ་རེ་གསལ་བའི་སྟེང་དུ། མིག་ལ་མཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་དྭེཾ་ལས་ཞེ་སྡང་རྡོ་རྗེ་མ་སྔོན་མོ། སྣར་པཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེར་རཱཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་གུ། སྙིང་གར་ནྭེཾ་ལས་བདག་མེད་རྣལ་འབྱོར་མ་ནག་མོ། སྤྱི་བོར་ༀ་ལས་སྐུ་རྡོ་རྗེ་མཁའ་སྤྱོད་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་ས་སྤྱོད་མ་དམར་མོ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་ས་འོག་སྤྱོད་མ་ནག་མོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་པ་ཁ་ཊའྭཾ་ག་བསྣམས་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མེ་འབར་བའི་དབུས་ན་བཞུགས་པ་གསལ་གདབ་པ་ནི་ཡན་ལག་གསུམ་པ་སྒྲུབ་པའོ། །སླར་ཡང་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་ཡུམ་བཞི་སེམས་དཔའ་བརྒྱད་ལྷ་མོ་དྲུག་ཁྲོ་བོ་བཅུ་དང་བཅས་པ་སྤྱན་དྲངས་ལ་གཽ་རཱི་མ་བརྒྱད་ཀྱིས་མཆོད་ཅིང་བསྟོད། གསོལ་བ་བཏབ་པས་དབང་ལྷ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ནས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ་ཚིགས་སུ་བཅད་པའི་སྔགས་གསུང་བཞིན་པས་གཤེགས་པ་ལྔ་ཡིས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་རྫས་ཀྱིས་མཆོད། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་སྤྱི་གཙུག་ནས་སྨིན་མཚམས་ཡན་ཆད་གང་། རྡོ་རྗེ་སློབ་དཔོན་གྱིས་བུམ་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་
༡༦༥རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་བར་མོས། བསྐྱེད་རིམ་མཐར་ཐུག་ནི་དྲན་ཆ་མཐའ་དག་གསལ་བར་བྱ་བའི་ཕྱིར་གོ་ཆ་བཅིངས་པ་སྟེ་རྒྱན་དྲུག་གི་དག་པ་བསྒོམ་པ་དང་འབྲེལ་བའོ། །མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་བདག་བྱིན་རླབས་པའི་རིམ་པ་བསྒོམ་པ་ལ་དབང་བར་མོས། རང་བྱིན་རླབས་ཀྱི་མཐར་ཐུག་འཁོར་ལོ་བཞི་ལ་བརྟེན་པའི་ཙཎྜ་ལཱི་ཡིན་ལ་འཁོར་ལོ་བཞིའི་རྒྱས་འདེབས་རླུང་སེམས་ཀྱི་རྟེན་ཡིན་པས་སེམས་འཛིན་གྱི་དང་པོར་བསྒོམ་པ་དང་འབྲེལ་ལོ། །སྙིང་ག་ཡན་ཆད་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཕྱག་རྒྱ་བརྟེན་པ་ལ་དབང་བར་མོས། ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང་བས། རྣམ་ཤེས་དྲུག་ཡུལ་དྲུག་ལ་ལྷུག་པར་བཞག་པ་དང་། ལུས་ངག་ཡིད་གསུམ་ཞེན་པ་དང་བྲལ་བ་འབྲེལ་བས་དེའི་ཕྱི་རྟགས་སུ་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བསྒོམ་པ་སྟེ། འདི་ཉིད་བཤད་པའི་གོ་རིམ་སྔོན་དུ་འབྱུང་ཡང་བསྒོམ་པའི་གོ་རིམ་ཕྱི་ནས་བྱ་བ་ཡིན་ནོ། །ལྟེ་བ་ནས་གསང་གནས་ཀྱི་བར་དུ་གང་། མཆོག་ཏུ་བདེ་བ་ཆེན་པོ་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་བཅས་དག །ལམ་རྫོགས་པའི་རིམ་པ་བསྒོམ་པ་ལ་དབང་བར་མོས། དབང་དེ་ཐོབ་པས་འཁོར་འདས་ཀྱི་སྣང་བ་གཉིས་སུ་མི་དམིགས་པའི་བདེ་སྟོང་ཟུང་འཇུག་བསྒོམ་པ་དང་འབྲེལ་བའོ། །དེ་ནས་རིགས་བདག་གི་རྒྱས་འདེབས་པ་ནི། ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ། གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པ། ཙཽ་རཱི་དང་ཤ་བ་རཱི་ལ་རྣམ་པར་སྣང་མཛད་བེ་ཏཱ་ལཱི་དང་ཙཎྜ་ལཱི་ལ་རིན་ཆེན་འབྱུང་ལྡན། རཱི་དང་ཌོམྦི་ནཱི་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་མོས། དེ་དག་རྣམས་སྤྲུལ་པའི་སྐུའོ་སྙམ་དུ་མོས་པ་བྱའོ། །འདི་ཁོ་ན་ཉམས་སུ་ལེན་
༡༦༦པའི་ཚེ་ཡེ་ཤེས་གཞུག་པའི་རྗེས་སུ་དབང་བསྐུར་རྒྱས་གདབ་བྱ། དེ་ནས་བུམ་དབང་གི་ལམ་ཁྱེར་རྒྱན་དྲུག་གི་དག་པ་དྲན་ཅིང་གོ་ཆ་བཅིང་བ་ནི། སྤྱི་བོའ་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པར་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གྲུབ། །ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ལྟེ་བ་སྤྲུལ་པའི་འཁོར་ལོ་ཨཾ་ལས་ཀྱི་ཕྱག་རྒྱ། སྙིང་ག་ཆོས་ཀྱི་འཁོར་ལོ་ཧཱུྃ་ཆོས་ཀྱི་ཕྱག་རྒྱ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ༀ་ཕྱག་རྒྱ་ཆེན་པོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཧཾ་དམ་ཚིག་གི་ཕྱག་རྒྱ། ཞེས་མོས། གསང་དབང་གི་ལམ་ཁྱེར་དུ་གཏུམ་མོ་འཁོར་ལོ་བཞི་ལྡན་མན་ངག་ལྟར་བསྒོམ། ཤེར་དབང་གི་ཕྱི་རྟགས་སུ་གོང་སྨོས་ལྟར་སྐྱེ་མཆེད་དྲུག་དང་གནས་གསུམ་བྱིན་བརླབ། དབང་བཞི་པའི་དོན་གྱི་དག་དྲན་རྒྱས་པའམ་བསྡུ་ན། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་བསྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །དེ་ཉིད་གསུམ་ནི་སྤྱན་གསུམ་པོ། །ཤ་ནི་པུཀྐ་སཱི་རུ་བརྗོད། །དེ་བཞིན་ཁྲག་ནི་རི་ཁྲོད་མ། །གདོལ་པ་མོ་ནི་ཁུ་བར་བརྗོད། །གཡུང་མོ་རྐང་དང་ཚིལ་བུ་དག །པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་བཞི་པོ་ཉིད། །ཅེས་པ་ཙམ་བརྗོད་ཅིང་དོན་དྲན་པར་བྱའོ། །འོན་ཀྱང་སྐབས་འདིར་དཀྱུས་སུ་བཀོད་པ་ལྟར་རྒྱས་གདབ་ཡན་སོང་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ལ་སེམས་ཅི་གནས་སུ་བཞག །དེ་ནས་གསལ་མི་ཐེབས་པའམ་མི་བདེ་ན། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་
༡༦༧གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་ལ་ཐིམ། དུར་ཁྲོད་བརྒྱད་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་ལྷ་མོ་བརྒྱད་ལ་ཐིམ། ལྷ་མོ་བརྒྱད་ཞལ་བརྒྱད་ལ་ཐིམ་པར་དམིགས་ལ་འོག་གི་སེམས་གནས་པའི་ཏིང་ངེ་འཛིན་ལ་འཇུག་པར་བྱ་བ་ཡིན་ནོ། །གཉིས་པ་སེམས་གནས་པའི་ཐབས་དགུ་ལ་བརྟེན་ནས་སྔགས་ཀྱི་ཞི་གནས་བསྒྲུབ་པ་ནི། གང་ཟག་ལས་དང་པོ་པའི་མངོན་རྟོགས་ལྷ་དྲོད་གཤེར་ལས་སྐྱེ་བ་འདིའི་སྟེང་དུ་སེམས་གནས་པའི་ཐབས་དགུ་ལ་བརྟེན་སེམས་མ་ཟིན་པ་ཟིན་པ་དང་། ཟིན་པ་བརྟན་པར་བྱེད་པ་ཡིན་ལ་དེའང་ཐོག་མར་རྒྱུད་དོན་གོ་བར་བྱ་དགོས་པ་ནི། བསྐྱེད་རྫོགས་གཉིས་ཀའང་དག་པ་གསུམ་གྱིས་བསྡུས་པ་ཡིན་པས་འདིར་བསྐྱེད་རིམ་གྱི་དབང་དུ་བྱས་ན། ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་དེ་བཞིན་ཉིད་ཀྱི་དག་པ། བསྙེན་སྒྲུབ་བཞིའི་ལྷའི་རྣམ་པ་ཡོངས་སུ་རྫོགས་པ་ནི་ལྷ་སོ་སོའ་དག་པ། ཞི་གནས་ཀྱི་ཉམས་མྱོང་རྒྱུད་ལ་སྐྱེས་པ་ནི་རང་རིག་པའི་དག་པ་ཞེས་བྱ་བ་ཡིན་ནོ། །ལྷའི་རྣམ་པ་ནི་སེམས་འཛིན་པའི་གཞི་ཡིན་ཅིང་དེ་ལ་གཙོ་བོ་ཡབ་དང་། ཡུམ་དང་། ལྷ་དགུ་དང་། དཀྱིལ་འཁོར་ཁམས་གསུམ་དང་བཅས་པ་ལ་གསལ་སྣང་རིམ་གྱིས་བསྒྲུབ་པར་བྱ་དགོས་ཤིང་དེ་རེ་རེ་ལའང་འཇུག་པ་དང་། གནས་པ་དང་། ལྡང་བའི་རིམ་པ་གསུམ་གསུམ་གྱིས་ཉམས་སུ་བླང་བར་བྱ་དགོས་སོ། །དེ་ལ་འཇུག་པའི་རིམ་པས་སེམས་འཛིན་གྱི་བཞི་བསྐྱེད་རིམ་སྔོན་དུ་བསྒོམ། གནས་པའི་རིམ་པའི་སེམས་བཟུང་བའི་མན་ངག་སངས་རྒྱས་ཀྱི་མདོ་སྡེ་རྣམས་ལས་གསུངས་པའི་གདམས་ངག་རྒྱལ་ཚབ་བྱམས་པས་མདོ་སྡེ་རྒྱན་དུ་ཚིགས་བཅད་བཞིར་བསྡུས་པ་སློབ་དཔོན་དབྱིག་གཉེན་གྱིས་རྒྱས་པར་བཀྲལ་བའི་ཚུལ་བཞིན་ཉམས་སུ་ལེན་པ་སྟེ། ཁྲིད་ཡིག་རྩ་བ་ལས། འཇོག་དང་
༡༦༨རྒྱུན་འཇོག་བསླན་ཏེ་འཇོག །ཉེར་འཇོག་དུལ་དང་ཞི་བར་བྱེད། །ཉེར་ཞི་རྒྱུན་གཅིག་མཉམ་འཇོག་པ། །འཛིན་པའི་རིམ་པ་རྣམ་དགུ་ཡིན། །ཅེས་གསུངས་པའི་དང་པོ་སེམས་འཇོག་པ་ནི། ཕྱི་རོལ་གྱི་ཡུལ་སྣ་ཚོགས་ལ་སེམས་འཕྲོ་ཞིང་ཡེངས་ནས་མི་གནས་པ་དེ་ཉིད་ཡང་དག་པར་བསྡུས་ནས་དམིགས་པ་ལ་སེམས་གཏོད་པ་སྟེ། དེ་ལ་དམིགས་པ་གཏད་དེ་སེམས་ཅུང་ཟད་ཙམ་འཇོག །ལས་དང་པོ་པ་ལ་མྱུར་བ་གནད་ཆེ་བས་དངོས་གཞིའི་བསྐྱེད་རིམ་ཉིད་ཡང་ཡང་བསྐྱར་བའམ། མི་ལྕོགས་ན་དམིགས་པ་གསལ་འདེབས་ལ་སེམས་ཅུང་ཟད་འཇོག་པ་ཉིད་ཡེང་བས་བར་མ་ཆོད་པར་བསྒོམ་པའོ། །གཉིས་པ་ཀུན་ཏུའམ་རྒྱུན་ཏུ་འཇོག་པ་ནི། དང་པོར་དམིགས་པ་ལ་གཏད་པ་དེ་ཉིད་གཞན་ཏུ་མི་ཡེངས་པར་དེའི་རྒྱུན་མཐུད་ནས་འཇོག་པ་སྟེ། དཀྱིལ་འཁོར་བསྡུས་ཏེ་གཙོ་བོའ་ང་རྒྱལ་ལ་གནས་པའམ། མ་བསྡུས་ཀྱང་རུང་སྟེ་ཐོག་མར་སྤྱན་དབུས་མ་ལ་སེམས་གཏད། དེའང་གསལ་ན་གསལ་བའི་སྐབས་དེར་འཕྲོ་བཅད་ལ་ཅུང་ཟད་ཡེང་རུ་གཞུག་ནས་སླར་བསྒོམ། མི་གསལ་ན་མི་གསལ་བའི་སྐབས་དེར་འཕྲོ་བཅད་ནས་ཅུང་ཟད་ཡངས་ནས་སླར་བསྒོམ། འདི་མན་ཆད་ཀྱི་དམིགས་པ་རྣམས་གསལ་བ་ཤིན་ཏུ་གལ་ཆེ་ཞིང་འཕྲོ་བཅད་པ་ནི་བསམ་གཏན་གྱི་དུག་དབྱུང་བ་ཡིན་པས་ཚོད་ཤེས་པ་ཐམས་ཅད་དུ་གལ་ཆེའོ། །འཕྲོ་བཅད་པའི་ཚེ་སྔར་གྱི་བསྒོམ་པའི་རྣམ་པ་ཝལ་ཝལ་དུ་བྱུང་ནའང་། བསམ་གཏན་གྱི་དུག་ཡིན་པས་བུམ་པ་སོགས་དངོས་པོ་གཞན་ལ་ཡེང་དུ་བཅུག །དེ་མ་ཐག་སྔར་ལྟར་བསྒོམ་པ་ཡང་ཡང་བསྐྱར་བ་ན་བསྒོམ་པས་གསལ་གདབ་པའོ། །དེ་ལྟར་འབད་པས་དམིགས་པ་གསལ་བ་མ་བྱུང་ན་བརྗོད་པས་གསལ་གདབ་པ་བསྒོམ་སྟེ། དེ་ལའང་གཉིས་ལས་རང་གིས་བརྗོད་པས་གསལ་གདབ་པ་ནི། སྤྱན་དབུས་མ་དཀར་པོ་སྤྱན་འབྲས་གནག་
༡༦༩ལ་སྤྱན་རྩ་དམར་ཞིང་ཁྲོ་བ། ཞེས་བརྗོད་ལ་བསམ་གཏན་གྱི་དུག་འབྱུང་ཞིང་བསྒོམ། དེས་ཀྱང་མ་གསལ་ན་གཞན་གྱིས་གསལ་གདབ་པ་ནི། གཞན་གཅིག་ལ་སྔར་ལྟར་བརྗོད་དུ་གཅུག་ལ་དུག་དབྱུང་བྱ་བཞིན་པས་བསྒོམ། དེས་ཀྱང་མ་གསལ་ན་ལྟས་པས་གསལ་གདབ་པར་བྱ་སྟེ། སྤྱན་དབུས་མ་ཤིན་ཏུ་མཛེས་པ་ཞིག་བྲིས་པ་ལ་བལྟ་ཞིང་སེམས་བཟུང་ལ་དུག་དབྱུང་། འཕྲོ་བཅད་པའི་ཚེ་རྣམ་པ་ཝལ་ཝལ་བྱུང་ན་བསམ་གཏན་གྱི་དུག་ཡིན་པས་དངོས་པོ་གཞན་ལ་སེམས་གཏད་པ་སོགས་སྔར་ལྟར་བྱ། དེ་ལྟར་ཡང་ཡང་བསྒོམ་པས་གང་གསལ་བར་འདོད་པ་དེ་ཉིད་གསལ་སྣང་ལམ་ལམ་སྐྱེས་ན་ལྷ་སོ་སོའ་དག་པའི་ཐད་སོར་སླེབ། གསལ་འཕྲོ་ལ་མེད་པར་བྱ་འདོད་པས་མེད་པར་བྱ་ནུས་ན་དེ་བཞིན་ཉིད་ཀྱི་དག་པའི་ཐད་སོར་སླེབ། །དེ་ལ་བརྟེན་ནས་ཞི་གནས་ཀྱི་ཉམས་སྐྱེས་ན་རང་རིག་པའི་དག་པའི་ཐད་སོར་སླེབས་པ་ཡིན་ནོ། །མཐར་ལྡང་བའི་རིམ་པ་ནི་ཐུན་ནམ་འཇོག་ཙམ་ན་རྫོགས་རིམ་གྱིས་བསྡུ་བར་བྱ་སྟེ། སྣོད་བཅུད་ཐམས་ཅད་ཕྱི་རོལ་དུ་བསྒོམ་པའི་སྲུང་འཁོར་ལ་བསྡུ་བ་ནས་རིམ་བཞིན་ཐུགས་སྲོག་ཧཱུྃ་ཡིག་འོད་ཕུང་ཐིག་ལེར་ཞུ་བ་བསྒོམ་པ་ནི་རིགས་ལྔ་བསྡུས་པའི་ངོ་བོ་ཡིན་པས་རྫོགས་རིམ་གྱི་ལུགས་ཀྱི་ལྷ་སོ་སོའ་དག་པ། དེའང་མར་མེའི་རྩེ་མོ་ལྟར་དམར་ནག་གི་རྣམ་པར་གྱུར་པ་བསྒོམ་པ་ནི་བདེ་བ་ཆེན་པོའ་ངོ་བོ་ཡིན་པས་རང་རིག་པའི་དག་པ། དེའང་མི་དམིགས་པའི་ངང་དུ་འཛིན་པ་མེད་པར་བཞག་པ་ནི་དེ་བཞིན་ཉིད་ཀྱི་དག་པའོ། །གསུམ་པ་ངེས་པར་འཇོག་པའམ་བསླན་ཏེ་འཇོག་པ་ནི། གལ་ཏེ་བརྗེད་ངས་ཀྱི་དབང་གིས་གཞན་ཏུ་ཡེངས་ན་དེ་ཤེས་པར་བྱས་ནས་སླར་དམིགས་པ་དེ་ཉིད་ལ་སྦྱོར་བ་སྟེ། སྤྱན་ལྟ་བུ་ལ་དམིགས་པ་གཏད་ཀྱང་དེ་ཉིད་བརྗེད་ནས་ཤེས་པ་གཞན་དུ་འཕྲོ་ན་དེ་མ་ཐག་ཡེངས་འདུག་སྙམ་དུ་དྲན་པས་ཟིན་པར་བྱས་ཏེ་སྔར་གྱི་དམིགས་
༡༧༠པ་ལ་བློ་བཞག་པའོ། །བཞི་པ་ཉེ་བར་འཇོག་པ་ནི། སེམས་འཕྲོ་བའི་ཡུལ་རྒྱ་ཆེ་བར་སོང་ན་ཡང་ཡང་བསྡུས་ཏེ་ཕྲ་བར་བྱས་ནས་འཇོག་པ་སྟེ། སྐབས་འདིར་དམིགས་པ་སྣེ་གཅིག་གིས་སེམས་སྐྱོ་ནས་འཕྲོ་རྒོད་མང་དུ་སོང་ན་དབུའི་གཙུག་ཏོར་རམ། སྣ་ཚོགས་རྡོ་རྗེའམ། ཞལ་གྱི་མཆེ་བ་ལྟ་བུ་ལ་ཐུན་རེ་རེ་ཙམ་སེམས་གཏད་ལ་ཡང་སྔར་གྱི་དེ་བསྒོམ་པས་དབུགས་དབྱུང་བར་འགྱུར་རོ། །ལྔ་པ་དུལ་བར་བྱེད་པ་ནི། ཏིང་ངེ་འཛིན་བསྒོམ་པ་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་པའི་ཚུལ་བཀའ་དང་བསྟན་བཅོས་རྣམས་ལས་གསུངས་པའི་ཚུལ་དྲན་པར་བྱས་ལ་བློ་སྣ་མི་མང་བར། སྤྱོད་ལམ་རྣམ་བཞི་གང་གི་དུས་སུའང་ལྷའི་རྣམ་པ་གསལ་ན་རབ། མ་གསལ་ནའང་ལྷའི་རྣམ་པ་ཙམ་རྟག་ཏུ་དྲན་པར་བྱས་ལ་སེམས་གདུལ་བའོ། །དྲུག་པ་ཞི་བར་བྱེད་པ་ནི། རྣམ་པར་རྟོག་པ་འཕྲོ་བས་ཡིད་མི་དགའ་བར་གྱུར་བའི་ཚེ་རྣམ་གཡེང་གི་ཉེས་སྐྱོན་བསམ་ནས་མི་དགའ་བའི་སེམས་དེ་ཉིད་མི་དམིགས་པའི་སྟེང་དུ་སེམས་ཀློད་དེ་ཞི་བར་བྱེད་པའོ། །བདུན་པ་རྣམ་པར་ཞི་བར་བྱེད་པ་ནི། ཆགས་སེམས་དང་ཡིད་མི་བདེ་བ་དང་གཉིད་རྨུགས་པ་སོགས་ཏིང་ངེ་འཛིན་ལ་སྐྱོན་ཏུ་བྱུང་ན་སོ་སོའ་གཉེན་པོ་བརྟེན་ནས་བསལ་བའམ་དམིགས་པ་ཉིད་ལ་བརྟེན་ནས་དེ་དག་ཞི་བར་བྱེད་པའོ། །བརྒྱད་པ་རྩེ་གཅིག་ཏུ་བྱེད་པ་ནི། ཏིང་ངེ་འཛིན་དེ་ཉིད་མངོན་པར་འདུ་བྱེད་པ་དང་བཅས་པས་ཕྱིས་ནས་འབད་མེད་རྒྱུན་ཆགས་སུ་འབྱུང་བ་སྒོམ་པར་བྱེད་པ་སྟེ། སེམས་ཕྱིར་མི་འཕྲོ་བར་དམིགས་པ་ལ་གནས་པའི་ཚེ་དེ་ཉིད་ཀྱི་སྟེང་དུ་རྩེ་གཅིག་ཏུ་འཇོག་པའོ། །དགུ་པ་ཤིན་ཏུ་མཉམ་པར་འཇོག་པ་ནི། སྔ་མའི་དམིགས་པ་རྣམས་རིམ་གྱིས་གོམས་ཤིང་བརྟན་པ་ལས་ཆེད་དུ་མ་བསྒྲུབས་པར་ཡང་འབད་མེད་ལྷུན་གྲུབ་ཏུ་ཏིང་ངེ་འཛིན་ལ་རང་གི་ངང་གིས་འཇུག་ཅིང་རང་དབང་ཐོབ་པ་
༡༧༡ཡིན་ནོ། །དེ་ལྟར་སེམས་གནས་པའི་ཐབས་དགུ་ལ་བརྟེན་ནས་སྐུའི་ཆ་ཤས་གཅིག་ལ་སེམས་བརྟན་པོར་ཟིན་པ་ན། རིམ་པར་སྐུའི་ཆ་ཤས་གཞན་ལ་དམིགས་པ་སྤོ་ནས་སྦྱང་བར་བྱ་སྟེ། དེའང་ཐུན་དང་པོ་ལ། སྤྱན་དབུས་མ་བསྒོམ། ཐུན་གཉིས་པ་ལ་སྤྱན་གསུམ་གསལ་གདབ། གསུམ་པ་ལ་ཁྲོ་གཉེར། བཞི་པ་ལ་ཤངས། དེ་ཙམ་གསལ་བར་མ་ནུས་ན། ཡང་ཐུན་བཞི་ཀ་ལ་སྤྱན་གསལ་གདབ་པའམ། འོག་མ་རྣམས་ལ་ཡང་དེ་བཞིན་དུ་དམིགས་པ་བརྟན་བརྟན་གྱི་བར་དུ་བསྒོམ་པར་བྱའོ། །བློ་མྱུར་ན་ཉི་མ་གཉིས་པའི་ཐུན་དང་པོ་ལ་ཞལ་གྱི་མཆེ་བ་གསལ་གདབ། གཉིས་པ་ལ་སྙན། གསུམ་པ་ལ་རྩ་ཞལ། བཞི་པ་ལ་གཡས་དཀར་བ། ཉི་མ་གསུམ་པའི་ཐུན་དང་པོ་ལ། རྩ་ཞལ་དང་གཡས་དཀར་བ། གཉིས་པ་གཡོན་དམར་བ། གསུམ་པ་ལ་གཡས་པའི་ཞལ་གཉིས་གནག་པ། བཞི་པ་ལ་གཡོན་པའི་ཞལ་གཉིས་གནག་པ་དང་། སྟེང་གི་ཞལ་གསལ་གདབ། ཉི་མ་བཞི་པའི་ཐུན་དང་པོ་ལ་ཞལ་བརྒྱད། ཐུན་གཉིས་པ་ལ་དབུའི་གཙུག་ཏོར་དང་། དབུ་སྐྲ་དམར་སེར་སྣ་ཚོགས་རྡོ་རྗེ་དང་བཅས་པ་དང་། ཐུན་གསུམ་པ་ལ་རུས་པའི་འཁོར་ལོ་དང་རྣ་རྒྱན་ལ་སོགས་པའི་དབུ་རྒྱན་རྣམས། ཐུན་བཞི་པ་ལ་སྐུ་བྱིན་པོ་མགུལ་རྒྱན་ལ་སོགས་པ་དང་བཅས་པ་གསལ་གདབ། ཉི་མ་ལྔ་པའི་ཐུན་དང་པོ་ལ་དབུ་དང་སྐུ་བྱིན་པོ་གསལ་གདབ། གཉིས་པ་ལ་ཕྱག་གཡས་པ་བརྒྱད་ཕྱག་མཚན་དང་བཅས་པ། གསུམ་པ་ལ་གཡོན་ཕྱག་བརྒྱད་ཕྱག་མཚན་དང་བཅས་པ་དང་། མི་མགོ་ལ་སོགས་པ་སྐུའི་རྒྱན་མེ་རི་དང་བཅས་པ་གསལ་གདབ། བཞི་པ་ལ་བདུད་བཞི་མནན་པའི་ཞབས་གསལ་གདབ། ཉི་མ་དྲུག་པའི་ཐུན་དང་པོ་ལ་གཙོ་བོ་དང་། གཽ་རཱི་དང་། གཉིས་པ་ལ་ཙཽ་རཱི། གསུམ་པ་ལ་བཻ་ཏཱ་ལི། བཞི་པ་ལ་་རཱི།
༡༧༢ཉི་མ་བདུན་པའི་ཐུན་དང་པོ་ལ། གཙོ་འཁོར་ལྔའི་སྟེང་དུ་པུཀྐ་སཱི། གཉིས་པ་ལ་ཤ་བ་རཱི། གསུམ་པ་ལ་ཙཎྜ་ལཱི། བཞི་པ་ལ་གཡུང་མོ་གསལ་གདབ། ཉི་མ་བརྒྱད་པའི་ཐུན་དང་པོ་ལ་ལྷ་དགུ་གཞལ་ཡས་ཁང་དང་བཅས་པ། གཉིས་པ་ལ་དུར་ཁྲོད། གསུམ་པ་ལ་སྲུང་འཁོར། བཞི་པ་ལ་ཁམས་གསུམ་སྣོད་བཅུད་དཀྱིལ་འཁོར་གྱི་འཁོར་ལོར་གསལ་གདབ་པས་ཉི་མ་བརྒྱད་ཀྱི་ཐུན་སུམ་ཅུ་རྩ་གཉིས་ལ་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་གསལ་སྣང་ཐོབ་པར་འགྱུར་རོ། །གསུམ་པ་རྫོགས་པའི་རིམ་པ་ནི། མར་མེ་ལྟ་བུ་ལ་སེམས་བཟུང་བ་སྟེ། ཐུན་རྣམས་འཇོག་པའི་སྐབས་སུ་ཁམས་གསུམ་སྣོད་བཅུད་ཐམས་ཅད་སྲུང་འཁོར། དེ་དཀྱིལ་འཁོར་གྱི་འཁོར་ལོ། དེ་གཞལ་ཡས་ཁང་འཁོར་ལ། འཁོར་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེའང་ཐུགས་ཀའི་ཧཱུྃ་ལ་བསྡུ། དེ་ཉིད་འོད་ཀྱི་ཐིག་ལེར་ཞུ་བ་ལ་སེམས་གཏད། དེ་མར་མེའི་རྩེ་མོ་ལྟ་བུར་གྱུར་པ་ལ་སེམས་བཟུང་། དེའང་ཕྲ་བ་རྟ་རྔ། དེའང་ཇེ་ཆུང་རྟ་རྔ་བརྒྱར་གཤགས་པའི་ཚད་ཙམ་དུ་བསྒོམ། མཐར་མེ་ལོང་ལ་ཧས་བཏབ་པ་ལྟར་ཡལ་ནས་སྟོང་པ་ཉིད་ལ་ཅི་གནས་སུ་མཉམ་པར་བཞག་གོ །གཉིས་པ་རྗེས་སྤྱོད་ནི། དེ་ལས་ལྡང་བའི་ཚེ་སྟོང་པའི་ངང་ལས་གཙོ་བོ་ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་དང་གསལ་སྣང་བརྟན་པོའ་ངང་དུ་དག་པ་དྲན་པ་བརྗོད་པས་གསལ་གདབ། རྡོ་རྗེའི་གླུ་བླང་། ཐུན་མོང་མ་ཡིན་པའི་སྨོན་ལམ་བཏབ། འགྲོ་འཆག་ཁ་ཟས་ཉལ་བ་ལ་སོགས་པ་སྤྱོད་ལམ་གྱི་རྣལ་འབྱོར་སྤྱི་དང་མཐུན་པར་ལམ་ཁྱེར་དུ་བྱའོ། །གསུམ་པ་རྟགས་ཚད་ནི། བསྐྱེད་རིམ་སྒོམ་པའམ་རྫོགས་རིམ་སྒོམ་པའམ། མཉམ་གཞག་རྗེས་སྤྱོད་གང་གི་སྐབས་སུའང་རུང་སྟེ་ཤེས་ཉམས་ལ་དུ་བ་ལྟ་བུ་དང་། སྨྲིག་རྒྱུ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་ལྟ་བུ་འོད་ཙིག་ཙིག་པ་དང་།
༡༧༣མར་མེ་ལྟ་བུ་འོད་ལམ་ལམ་པ་དང་། ནམ་མཁའ་སྤྲིན་མེད་པ་ལྟ་བུའི་རྟགས་ལྔ་པོ་མཐོང་བར་འགྱུར་བ་ནི་གདམས་ངག་གི་གནད་ཀྱིས་ཟིན་པ་ལས་བྱུང་བས་ངེས་ཤེས་བསྐྱེད། །གདམས་ངག་མེད་པས་ཇི་ཙམ་སྒོམ་ཀྱང་རྟགས་དེ་དག་མཐོང་བར་མི་འགྱུར་རོ། །དེ་ལྟར་བརྩོན་འགྲུས་བསྐྱེད་ནས་བར་མ་ཆད་དུ་བསྒོམ་པས་རྟགས་ལྔ་མཐོང་ཞིང་བརྟན་པོར་གྱུར་ན་ལས་དང་པོ་པའི་གང་ཟག་ཚོགས་ཀྱི་ལམ་མཐར་ཕྱིན་པའོ། །གཉིས་པ་ནི། ཚོགས་ལམ་འབྱངས་པ་ནས་གང་ཟག་གཉིས་པར་ན་འཕོས་པ་ཡིན་ཏེ། འདི་སྐབས་ཀྱི་ཉམས་ལེན་ནི། ཚོགས་ཀྱི་ཞིང་སྤྱན་དྲངས་པ་ནས་བཟུང་སྟེ། གཞལ་ཡས་ཁང་བསྐྱེད་པའི་བར་སྔ་མ་དང་འདྲ་ལ། བསྙེན་པའི་བསྐྱེད་ཆོག་ཆ་དབྲི་བ་ནི་དྲོད་གཤེར་ལས་སྐྱེ་བ་གཉིས་པ་ཞེས་བྱ་བ་ཡིན་ཏེ། རྒྱུ་རྡོ་རྗེ་འཆང་དང་། འཁོར་གྱི་ལྷ་ཐམས་ཅད་དང་། འབྲས་བུ་རྡོ་རྗེ་འཆང་བསྐྱེད་པ་གསུམ་ཀ་ལས་ཟླ་བ་དང་ཉི་མ་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པར་སྐད་ཅིག་ཙམ་གྱིས་བསྐྱེད་པ་ཡིན་ནོ། །མངོན་པར་བྱང་ཆུབ་པ་ལྷག་མ་གསུམ་དང་། ཡེ་ཤེས་པ་གཞུག་པ། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་རྣམས་མངོན་པར་རྟོགས་པ་སྔ་མ་དང་འདྲ་བ་ཡིན་ནོ། །དེ་ལྟར་གོམས་པའི་སྟོབས་ཀྱིས་སེམས་ཆེར་བརྟན་ཞིང་རླུང་སེམས་ཀྱི་འཕྲོ་འདུ་འཕེལ་བའི་སྟོབས་ཀྱིས། བསོད་ནམས་ཀྱི་ཚོགས་ཀྱི་སྐབས་སུ་ལུས་ལ་བདེ་བ་འབར། ཡེ་ཤེས་ཀྱི་དུས་སུ་སེམས་ལ་བདེ་སྟོང་ཤས་ཆེར་སྐྱེ། བསྐྱེད་རྫོགས་ཀྱི་དངོས་གཞིའི་དུས་སུ་ལུས་སེམས་བདེ་སྟོང་ཟུང་དུ་ཆུད། སྐབས་སྐབས་སུ་ལྷའི་སྣང་བ་སྟོང་ཞིང་འགྲོ། རྨི་ལམ་མངོན་ཤེས་དང་འདྲ་བ་འབྱུང་བ་ཡིན་ཏེ། བདེ་བ་ཅུང་ཟད་ཙམ་ཐོབ་པའི་ཡེ་ཤེས་ལ་ཅུང་ཟད་དབང་བ་ཞེས་སྦྱོར་ལམ་དྲོད་ཀྱི་ཐད་སོར་སླེབ་པ་ཡིན་ནོ། །གསུམ་པ་ནི། དེ་ལས་གོང་དུ་སོན་པ་ན། གང་ཟག་གསུམ་པར་ན་འཕོས་
༡༧༤པ་སྟེ། འདི་སྐབས་ཀྱི་ཉམས་ལེན་བསྐྱེད་ཆོག་ལ་ཆ་དབྲི་བ་ནི། ཚོགས་ཀྱི་ཞིང་སྤྱན་དྲངས་པ་ནས་གཞལ་ཡས་ཁང་གི་བར་དུ་སྔ་མ་དང་འདྲ་ལ་སྐད་ཅིག་གིས་གཙོ་བོའ་གདན་གྱི་སྟེང་དུ་ༀ་ཧཱུྃ་བསམ། དེ་ལ་ཨཱ་ལི་ཀཱ་ལི་བརྗོད་པས་བསྐུལ་བའམ། མ་བརྗོད་ཀྱང་རུང་སྟེ་ས་བོན་ཞུ་བ་ཙམ་ལས་བསྐྱེད། མཁའ་གསང་བྱིན་གྱིས་བརླབས་ཏེ། ལྷ་མོ་རྣམས་ཀྱང་ས་བོན་སྤྲོས་པ་ལས་སྔ་མའི་ཚུལ་གྱིས་བསྐྱེད། འབྲས་བུ་རྡོ་རྗེ་འཛིན་པ་ཡང་ཐིག་ལེ་ལས་ༀ་ཧཱུྃ་དུ་གྱུར་པ་ལས་བསྐྱེད། སྒྲུབ་པ་ལ་སོགས་པ་ཡན་ལག་གསུམ་ནི་སྔ་མ་དང་འདྲའོ། །དེ་ལྟར་གོམས་པ་ན་ལྷའི་སྣང་བ་ཡང་རྫོགས་རིམ་ཤས་ཆེ། སྐབས་སུ་ལྷའི་རྣམ་པ་མི་གསལ། དགྱེས་པ་རྡོ་རྗེ་བསྒོམས་ཀྱང་འཁོར་ལོ་བདེ་མཆོག་ལ་སོགས་པ་སྣང་བ་དུ་མ་འགྱུར་ཞིང་མཐོང་བ་འབྱུང་། རིགས་དྲུག་གི་གྲོང་ཁྱེར་ལ་སོགས་པ་འཁྲུལ་སྣང་སྣ་ཚོགས་ཀྱང་མཐོང་། དཀྱིལ་འཁོར་གྱི་འཁོར་ལོ་དུ་བ་ལ་སོགས་པ་བན་བུན་དུ་ཡལ་ཞིང་འགྲོ་བ་སྟེ། བདེ་བ་ཐོབ་པའམ་ཡེ་ཤེས་ལ་དབང་བ་ཞེས་སྦྱོར་ལམ་རྩེ་མོའ་ཐད་ཀར་ཕྱིན་པ་ཡིན་ནོ། །བཞི་པ་ནི། དེ་ལས་ཀྱང་གོང་དུ་སོན་པ་ན། གང་ཟག་བཞི་པ་ནར་འཕོས་པ་སྟེ་དེས་བསྒོམ་པར་བྱ་བ་ནི་ཚོགས་གཉིས་བསགས་པའི་ཚུལ་སྔ་མ་དང་འདྲ། སྲུང་བའི་འཁོར་ལོ་གཞལ་ཡས་ཁང་དང་བཅས་པ་སྐད་ཅིག་གིས་བསྒོམ། དེར་གཙོ་བོ་ཡང་སྐད་ཅིག་མས་བསྐྱེད། སྐད་ཅིག་ཙམ་གྱིས་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞགས་པས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ་ཞལ་དུ་ཞུགས། སྙིང་གར་ཞུ་བ་ལས་དབང་གི་གནས་སུ་ལྷ་མོ་བརྒྱད་དུ་བསྐྱེད་ལ་ཕྱོགས་མཚམས་བརྒྱད་དུ་དབྱུང་། ཡན་ལག་ལྷག་མ་གསུམ་ནི་སྔ་མ་དང་འདྲའོ། །འདི་ནི་གཙོ་བོ་རྫུས་སྐྱེས་ལ་འཁོར་མངལ་སྐྱེས་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་
༡༧༥བསྒོམ་པའི་སྟོབས་ཀྱིས་འཁོར་བ་རིགས་དྲུག་ཀྱང་རང་གི་ཉམས་ཀྱི་སྣང་བ་ལ་མཐོང་དུ་རུང་། མྱ་ངན་འདས་པ་སྤྲུལ་སྐུའི་ཞིང་ཁམས་ཀྱང་མཐོང་དུ་རུང་། དེ་ཙམ་ན་མཉམ་རྗེས་མེད། ལུས་སེམས་ལ་བདེ་སྟོང་བརྟན་པ་ཟུང་དུ་ཆུད། དེ་ཙམ་ན་མཁའ་འགྲོ་མའི་བར་ཆད་ཀྱི་རྩོལ་བ་ནམ་མཁའ་ཐམས་ཅད་མཁའ་འགྲོ་མས་གང་ནས། དངོས་གྲུབ་སྦྱིན་ཅེས་ཟེར་བ་དང་། མཚོན་ཆའི་ཆར་འབེབས་པ་དང་། མེས་བསྲེག་ཏུ་འོང་བ་དང་། རྒྱ་མཚོར་བསྐྱུར་དུ་འོང་བ་ལ་སོགས་པ་བྱུང་ན་བརྡ་བསྟན་ཏེ་བཟློག །བརྡ་ཤེས་ཤིང་རང་གཟུགས་སྟོན་པའི་ཌཱ་ཀི་ནཱི་བྱུང་ན། དེ་དང་སྙོམས་པར་ཞུགས་པས་སྐད་ཅིག་ལ་བདེན་པ་མཐོང་བར་འགྱུར་རོ། །སྙོམས་འཇུག་མ་བྱས་ཀྱང་སྤྲུལ་སྐུ་ལས་དབང་ལེན་ཏེ་སྦྱོར་ལམ་བཟོད་པའི་ཐད་ཀར་སླེབ་པ་ཡིན་ནོ། །ལྔ་པ་ནི། དེ་ལས་ཀྱང་གོང་དུ་སོན་པའི་གང་ཟག་གིས་ཚོགས་གཉིས་བསགས་པ་སྐད་ཅིག་མས་བྱ། སེ་གོལ་གཏོགས་པ་ཙམ་གྱིས་ནི། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་འབྱུང་བས་ན། དམ་ཚིག་གི་འཁོར་ལོ་སྐད་ཅིག་གིས་བསྐྱེད། རང་གི་སེམས་ཉིད་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དོར། དེ་ལས་འདས་པའི་གང་ཟག་གིས་གོ་ཆ་བཅིངས་པ་ལ་སོགས་པ་དབང་གསུམ་གྱི་རྒྱས་གདབ་དོར། དེ་ལས་འདས་པའི་གང་ཟག་གིས་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་དོར། དེ་དག་ཀྱང་མི་བསྒོམ་པ་ནི་མ་ཡིན་ཏེ། རང་གི་ངང་གིས་ཆོ་ག་མི་དམིགས་པར་འགྱུར་བ་ཡིན། ལམ་བསྐྱེད་རྫོགས་གཉིས་ལས་ཀྱང་། བསྐྱེད་པའི་རིམ་པའི་ཆ་དོར་བ་ཞེས་བྱ་བར་བསྒོམ་རྒྱུ་མེད་པར་འགྲོ་བ་ཡིན། དམ་ཚིག་ཉི་ཤུ་རྩ་གཉིས་ལས་ཀྱང་གྲོལ་ཏེ། དེ་རྣམས་ནི་བདེ་བ་ཆེར་ཐོབ་པའམ་ཡེ་ཤེས་ལ་ཆེར་དབང་བ་ཞེས་སྦྱོར་ལམ་ཆོས་མཆོག་མཐར་ཕྱིན་པ་ཡིན་
༡༧༦ནོ། །རྩ་བའི་གཉིས་པ་གང་ཟག་བཞིས་མཐོང་སྒོམ་སོགས་ཀྱི་ལམ་བགྲོད་པའི་ཚུལ་ནི། སྦྱོར་ལམ་བཞི་པོ་མཐར་ཕྱིན་པ་དེའི་སྐད་ཅིག་ལ་ལུས་ཀྱི་དཀྱིལ་འཁོར་རྩ་སོགས་མངོན་ཏུ་འགྱུར་ཏེ་རྩ་རྣམས་ཉིད་ལས་ལྷར་མཐོང་བའི་ཕྱིར་ཕྱི་རོལ་ཏུ་ལྷའི་དཀྱིལ་འཁོར་བསྒོམ་མི་དགོས་ཏེ་ལུས་ཉིད་ལྷར་འཆར། ལུས་ཀྱི་དཀྱིལ་འཁོར་ལ་ཡང་ནས་ཡང་དུ་བརྟགས་ཤིང་བསྒོམས་པས་སྔོན་བླ་མས་བསྟན་པའི་དོན་ལུས་ཀྱི་དཀྱིལ་འཁོར་མངོན་ཏུ་གྱུར། དངོས་གྲུབ་ཐོབ་ཅེས་མིང་ཐོབ། དེ་ཙམ་ན་བདེན་པ་མཐོང་བ་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་དོན་རྟོགས། མཐོང་བའི་ལམ་གྱི་ཐད་སོའོ། །དེ་རྟོགས་ནས་སྒོམ་ལམ་གྱི་མགོ་རྩོམ་པ་ཡིན་ཏེ། དེ་ཡང་དེ་ལས་འདས་པའི་གང་ཟག་གིས་བྷ་གའི་དཀྱིལ་འཁོར་མངོན་ཏུ་འགྱུར་ཏེ། ཨཱ་ལི་ཀཱ་ལི་ལ་སོགས་པ་རྩ་ཡི་གེ་ཐམས་ཅད་མངོན་ཏུ་མཐོང་ངོ་། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་མཁའ་འགྲོ་དང་། རིགས་ལྔ་ལ་སོགས་པའི་རྩ་ཡི་གེ་རྣམས། བདག་གི་སྙིང་གའི་བྷྲཱུཾ་ༀ་ལ་སོགས་པ་དང་ཐ་མི་དད་དུ་མཐོང་། ཏིང་ངེ་འཛིན་བརྟན་པར་བྱ་བའི་ཕྱིར་བྷ་གའི་དཀྱིལ་འཁོར་ལོ་ཡང་ནས་ཡང་དུ་བརྟགས་ཤིང་བསྒོམ་མོ། །དེ་ལས་འདས་པའི་གང་ཟག་གིས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་ཏུ་འགྱུར་ཏེ། བདུད་རྩི་ལྔ་དང་རླུང་ལྔ་སྟེ། ཁམས་བཅུ་འདུས་པས་རང་གང་འདོད་པའི་རྩ་དང་རྩ་ཡིག་རྣམས་སུ་དབབ་པ་དང་བཟློག་པ་ལ་དབང་ཐོབ། རང་གི་ཁམས་བཅུ་དང་ཕྱོགས་བཅུའི་སངས་རྒྱས་ཐ་མི་དད་མངོན་ཏུ་གྱུར། ཐིག་ལེ་གཅིག་ལ་དེ་བཞིན་གཤེགས་པ་དུ་མ་ཉིད་དང་རོ་གཅིག་པར་མི་འགལ། གང་ཟག་དེས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་ཡང་ནས་ཡང་དུ་བརྟག་ཅིང་བསྒོམ་མོ། །བྷ་ག་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཉིས་ནི་སྒོམ་ལམ་གྱི་ཐད་སོ་དང་སྦྱར་རོ། །དེ་
༡༧༧ལས་འདས་པའི་གང་ཟག་གིས་དཀྱིལ་འཁོར་གསུམ་ཆར་ལ་དབང་ཐོབ་པའི་ཕྱིར། སྤྱོད་པའི་མཐར་སླེབ་པ་ཡིན་པས། ཕྱག་རྒྱ་བསྟེན་ཏེ་སེམས་ཉམས་དང་སྦྱར་ལ། བྲམ་ཟེ་མོ་ལ་སོགས་པ་རིགས་ལྔ་ལ་མཉམ་པར་ལོངས་སྤྱོད་པའམ། སྤྱན་ལ་སོགས་པ་ཕྱག་རྒྱ་བཞི་ལ་ལོངས་སྤྱད་པའམ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིར་ཝ་པ་བཞིན་དུ། པདྨ་ཅན་ལ་བརྟེན་ནས་མཚན་གཅིག་གིས་གྲོལ་བར་བཞེད་དོ། །མཐར་ཕྱིན་གྱི་ལམ་གྱི་ཐད་སོའོ། །དེའི་མཐར་རྒྱུད་གཉིས་དུས་གཅིག་ཏུ་གྲོལ་བའི་ཚེ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་འགྲུབ་པར་འགྱུར་བ་ཡིན་ནོ། །སྤྱི་དོན་གསུམ་པ་ཟབ་པའི་ཚུལ་དགུས་ངེས་ཤེས་བསྐྱེད་པ་ནི། དེ་ལྟར་བསྟན་པའི་ལམ་གྱི་མངོན་པར་རྟོགས་པ་དེར་རྒྱུད་སྡེ་བཞི་ལ་སོགས་པའི་ལམ་ཐམས་ཅད་ཀྱང་ཚང་ཞིང་དེ་དག་གུད་དུ་བསླབ་མི་དགོས་པར་འདི་ལ་ཡིད་ཆེས་པར་བྱས་ནས་བསྒོམས་པས་ཐམས་ཅད་ཀྱི་དོན་ཚང་བར་ཤེས་པའི་ཆེད་དུ་ཟབ་པའི་ཚུལ་དགུ་དང་ལྡན་པས་ཟབ་པར་བསྟན་པ་སྟེ། དེ་ལ་དང་པོ་ཐབས་འདི་མང་བ་ཡིན་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གཅིག་ལ། རྒོད་པ་དང་ལྟ་བ་ལ་སོགས་པ་རྒྱུད་སྡེ་བཞིའི་ལམ་འདི་ལ་ཚང་བའི་དབང་དུ་བྱས་ནས་སོ། །གཉིས་པ་ཐབས་འདི་མ་ཚང་བ་མེད་པ་ནི། དབང་བསྐུར་བའི་དུས་ཀྱི་དགའ་བ་བཞི་ལས། དགའ་བས་ཉན་ཐོས་ཀྱི་ལམ་ཆོད། མཆོག་ཏུ་དགའ་བས་རང་རྒྱལ་གྱི་ལམ་ཆོད། དགའ་བྲལ་གྱིས་བྱང་ཆུབ་སེམས་དཔའི་ལམ་ཆོད་དེ་ཐེག་པ་གསུམ་ཀའི་ལམ་ཚང་བའི་དབང་དུ་བྱས་པའོ། །གསུམ་པ་ཐབས་འདི་རྒྱ་ཆེ་བ་ནི། མྱ་ངན་ལས་འདས་པ་ལམ་དུ་འགྱུར་བ་བཞིན། ཉོན་མོངས་པའང་ལམ་དུ་འགྱུར་བའི་དབང་དུ་བྱས་ཏེ་གོང་དུ་བཤད་པའི་འཁོར་འདས་དབྱེར་མེད་ཀྱི་དོན་ལས་ཤེས་པར་བྱའོ། །བཞི་པ་ཐབས་འདི་སླ་བ་ནི། ལམ་བདེ་བ་འདོད་པའི་ཡོན་ཏན་ལྔ་མ་སྤངས་པ་ལ་བརྟེན་ནས་འབྲས་བུ་བདེ་བ་ཆེན་པོ་འགྲུབ་པ་སྟེ། འདི་ནི་བླང་
༡༧༨བྱའི་ངོས་ནས་བསྟན་པ་ཡིན་ནོ། །ཡང་ན་འཁོར་འདས་ཀྱི་ཆོས་དཀྱིལ་འཁོར་གཅིག་བསྒོམས་པས་བསྒོམས་པར་འགྱུར་བའི་ཕྱིར་སླ་བ་ཡིན་ནོ། །ལྔ་པ་ཐབས་འདི་ཟབ་པ་ནི། བསོད་ནམས་ཀྱི་ཚོགས་བསགས་པ་ནས་བཟུང་སྟེ་བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་གི་ངོ་བོར་ཤེས་པར་བྱས་ཏེ། ཉམས་སུ་བླངས་པས་སྦྱང་བྱ་དང་སྦྱོང་བྱེད་གུད་དུ་མེད་པར་གྲོལ་ནས་འགྲོ་བ་ཡིན་ནོ། །དྲུག་པ་ཐབས་འདི་དཀའ་བ་མེད་པ་ནི། ཕྱི་རོལ་གྱི་དཀའ་ཐུབ་དང་དཀའ་སྤྱད་ལ་སོགས་སྡུག་བསྔལ་ལམ་དུ་བྱ་བ་མེད་པར། ཁ་ཟས་ཀྱི་རྣལ་འབྱོར་གྱིས་ཟས་ལ་བག་ཡངས་སུ་སྤྱོད། སྤྱོད་ལམ་གྱི་རྣལ་འབྱོར་གྱིས་འདོད་ཡོན་ལྔ་ལ་བག་ཡངས་སུ་སྤྱོད། རྗེས་ཆགས་ཀྱི་རྣལ་འབྱོར་གྱིས་ཕྱག་རྒྱ་བརྟེན་པ་སྟེ་ལམ་བདེ་བ་ལ་བསྟེན་ནས་སྡུག་བསྔལ་སྤོང་བས་ན་འདི་ནི་སྤང་བྱའི་ངོས་ནས་མིང་བཏགས་པ་ཡིན་ནོ། །དེ་ལྟར་དྲུག་ནི་ལམ་གྱི་ཟབ་པ་ཞེས་བྱ་བའི་མིང་ཐོབ་པ་ཡིན་ནོ། །བདུན་པ་ཐབས་འདི་མཆོག་ཏུ་གྱུར་པ་ནི། གནས་ཀྱི་ངེས་པ་སྟན་གཅིག་ཏུ། ཐུན་གྱི་ངེས་པ་ཐུན་གཅིག་ལ་རིམ་པ་གཉིས་རྫོགས་པར་བསྒོམས་ལ། དུས་ཀྱི་ངེས་པ་བརྩོན་འགྲུས་ཅན་གྱིས་ཚེ་གཅིག་ལ་འགྲུབ་ལ། བརྩོན་འགྲུས་དང་བྲལ་བས་ཀྱང་སྐྱེ་བ་བཅུ་དྲུག་ལས་ཐོགས་མི་སྲིད་པའི་ངོས་ནས་བསྟན་པ་ཡིན་ནོ། །བརྒྱད་པ་ཐབས་འདི་ཕུན་སུམ་ཚོགས་པ་ཡིན་པ་ནི། ལམ་གཅིག་ལ་བརྟེན་ནས་འབྲས་བུ་མཆོག་གི་དངོས་གྲུབ་འགྲུབ་པར་མ་ཟད། འབྲིང་གྲུབ་ཆེན་བརྒྱད་དང་། དམན་པ་ཞི་སོགས་ཀྱི་དངོས་གྲུབ་མ་ལུས་པ་ཡང་འབྱུང་བའི་ངོས་ནས་བསྟན་པ་ཡིན་ནོ། །དགུ་པ་ཐབས་བསམ་གྱིས་མི་ཁྱབ་པ་ནི། མཆོག་ཐུན་མོང་གི་འབྲས་བུ་ཐམས་ཅད་ཀྱང་།
༡༧༩རང་གི་ལུས་ངག་ཡིད་གསུམ་ལ་ངོ་བོ་ཉིད་ཀྱིས་གནས་པ་དཀྱིལ་འཁོར་འཁོར་ལོའ་རྟེན་འབྲེལ་གྱིས་གྲུབ་པ་ལས་མ་གཏོགས་པ། རྫས་ལ་སོགས་པ་རྒྱུ་གཞན་གང་ཡང་མི་དགོས་པའི་ངོས་ནས་བསྟན་པ་ཡིན་ནོ། །ཕྱི་མ་དེ་གསུམ་ནི་འབྲས་བུ་ཟབ་པ་ཞེས་བྱ་བའི་མིང་ཐོབ་སྟེ་བསྡུ་ན་ལམ་གྱི་ཟབ་པ་དང་འབྲས་བུའི་ཟབ་པ་གཉིས་སུ་འདུའོ། །སྤྱི་དོན་བཞི་པ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ཐོབ་པའི་ཚུལ་ནི། དེ་ལྟར་ཟབ་པའི་ཚུལ་དགུ་དང་ལྡན་པའི་ལམ་གྱི་རྣལ་འབྱོར་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་མཐར་ཕྱིན་པ་ལ་བརྟེན་ནས་འབྲས་བུ་ཡན་ལག་བདུན་དང་ལྡན་པའི་གོ་འཕང་མངོན་དུ་འགྱུར་བ་ཡིན་ཏེ། དེ་ལ་སྐུ་གསུམ་ནི། རང་དོན་མཐར་ཕྱིན་པ་ཆོས་ཀྱི་སྐུ། གཞན་དོན་འབད་མེད་དུ་བྱུང་བ་རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུ། རྒྱུན་མི་འཆད་པ་སྤྲུལ་པའི་སྐུ། སྐུ་གསུམ་པོ་དེ་ལ་ཡན་ལག་བདུན་དང་ལྡན་པ་སྟེ་ཆོས་སྐུའི་ཡན་ལག་གསུམ་ནི། ངོ་བོ་ཉིད་ཀྱིས་རང་བཞིན་མེད་པ་སྟེ་དབྱིངས་ཀྱི་ཡན་ལག་གི་ཆ་རང་བཞིན་ལས་འགོགས་པ་མེད་པ་སྟེ་ཡེ་ཤེས་ཀྱི་ཡན་ལག་གི་ཆ་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ཡན་ལག་གི་ཆའོ། །ལོངས་སྐུའི་ཡན་ལག་གསུམ་ནི། རང་འོད་ཀྱི་ཡུམ་དང་འདུ་འབྲལ་མེད་པ་ནི་ཁ་སྦྱོར་གྱི་ཡན་ལག །ཟག་མེད་ཀྱི་བདེ་བ་ཆེན་པོས་རྒྱུད་ཚིམས་པ་ནི་བདེ་ཆེན་གྱི་ཡན་ལག །མཚན་དང་དཔེ་བྱད་ཁྱད་པར་དུ་རྫོགས་པ་ནི་ལོངས་སྤྱོད་རྫོགས་པའི་ཡན་ལག་གོ །སྤྲུལ་སྐུ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ངེས་པར་གང་བའི་ཡན་ལག་གཅིག་དང་ལྡན་པར་གསུངས་ཏེ། དེ་དག་ཀྱང་སྐལ་པ་དང་བརྩོན་འགྲུས་རབ་འབྲིང་ཐ་མ་གསུམ་གྱི་དབང་གིས་ཚེ་འདིའམ་བར་དོ་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ལ་ངེས་པར་འགྲུབ་པར་གདོན་མི་ཟ་བ་ནི་རྡོ་རྗེ་ཐེག་པའི་ངེས་པའོ། །འདི་ཉིད་ཀྱི་རྫོགས་
༡༨༠རིམ་མར་མེའི་རྩེ་མོ་ལྟ་བུ་གཅིག་ཚུགས་སུ་བསྒོམ་པའི་གདམས་ངག་ཀྱང་ཡོད་པ་ནི་གཞན་ལས་ཤེས་པར་བྱའོ། །པདྨ་བཛྲའི་གདམས་ངག་གི་།འཕྲུལ་ཐབས་གར་གྱིས་ནང་གི་ལམ། །འབད་མེད་བགྲོད་ནས་རིགས་ཀུན་གྱི། །དབང་ཕྱུག་རྡོ་རྗེ་འཛིན་བརྙེས་ཤོག །རྗེ་བཙུན་སྙིང་རྗེ་ཆེན་པོ་པདྨ་བཛྲའི་བཞེད་གཞུང་ཟབ་པའི་ཚུལ་དགུའི་ཁྲིད་ཡིག་གི་ལེ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།

༄༅། ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང་ཟབ་གསལ་དབྱེར་མེད་ཟུང་དུ་འཇུག་པའི་སྔོན་འགྲོའི་ངག་འདོན་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ། །

༩༩ ཀུན་མཁྱེན་བོ་དོང་བའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང་ཟབ་གསལ་དབྱེར་མེད་ཟུང་དུ་འཇུག་པའི་སྔོན་འགྲོའི་ངག་འདོན་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ། །
༡༠༠ ༀ་སྭ་སྟི་སིདྷཾ། །དཔལ་དེ་ཁོ་ན་ཉིད་འདུས་པའི་རྒྱ་མཚོའ་གསུང་རབ་ཐམས་ཅད་ཀྱི་སྙིང་པོའ་བཅུད་ཕྱུངས་པ། ཟབ་ཁྲིད་ཆོས་སྐོར་དགུ་ལས། ཤིན་ཏུ་མྱུར་ལམ་ཚེ་གཅིག་གིས་སངས་རྒྱས་སྒྲུབ་བར་བྱེད་པའི་གདམས་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོ་ངག་འདོན་གསུམ་སྦྱོར་གྱི་རིམ་པ་ལ་འབད་བར་བྱེད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་གྱི་དང་པོ་སྐྱབས་སུ་འགྲོ་བ་ནི། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ ཞེས་ལོང་སྐབས་དང་བསྟུན་ནས་ཚར་གང་མང་བརྗོད། སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཆོས་ལམ་དུ་ལོངས་བར་ལམ་འཁྲུལ་བ་སེལ་བར །འཁྲུལ་པ་ཡེ་ཤེས་སུ་འཆར་བར །རྟོགས་པས་
༡༠༡ བདག་གྲོལ་བར །ཐུག་རྗེས་གཞན་གྲོལ་བར །རྟེན་འབྲེལ་ཐབས་ལ་མཁས་པར །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་རློབས། །སེམས་བསྐྱེད་པ་ནི། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །དེངས་ནས་བྱང་ཆུབ་བར་དུ་སྐབས་སུ་མཆི། །མ་གྱུར་སེམས་ཅན་རྣམས་ནི་བསྒྲལ་བའི་ཕྱིར། །ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་རྣམས་ཚད་མེད་བཞི་ལ་གནས་པར་ཤོག །ཞེས་པའི་རྗེས་སུ་སྔོན་འགྲོ་འབུམ་ཐེར་བསགས་སྐབས་ཡིན་ན། ཕྱག་རེ་དང་སྐྱབས་འགྲོ་ཚར་རེ་སྦྲགས་པའི་འབུམ་འགྲོ་བ་བྱེད་པའི་ངག་འདོན་ནི། །ན་མོ། །བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །བླ་མ་སངས་རྒྱས་དམ་པའི་ཆོས། །ཚོགས་མཆོག་ཡི་དམ་དཀྱིལ་འཁོར་ལྟ། །སྲུང་མའི་ཚོགས་ལ་སྐྱབས་སུ་མཆི། །ཞེས་པ་འདི་ཉིད་ལ་གྲངས་འཛིན་བས་བསགས། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། །རང་གི་སྤྱི་བོར་པད་ཟླའི་གདན་སྟེང་དུ། །ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། །ལྟེ་བར་ཧཱུྃ་གིས་མཚན་
༡༠༢ ལས་འོད་ཟེར་འཕྲོས། །འཕགས་པ་མཆོད་ཅིང་སེམས་ཅན་དོན་རབ་བྱས། །འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། །རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ལ་འཚེར། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །བདེ་བའི་ཉམས་ལྡན་རྡོ་རྗེ་སྙེམས་མ་དཀར། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པས་འཁྱུད། །ཞབས་གཉིས་པདྨའི་སྐྱིལ་ཀྲུང་ཡབ་ལ་འཁྲིལ། །ཡབ་ཡུམ་གཉིས་ཀའང་མཚན་བཟང་སོ་གཉིས་དང་། །དཔེ་བྱེད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས། །རིན་ཆེན་རུས་པ་སྣ་ཚོགས་རྒྱན་གྱིས་མཛེས། །གནས་གསུམ་དག་ཏུ་ༀ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་རྣམས། །རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས་ནས། །ཡེ་ཤེས་དམ་ཚིགས་དང་དབྱེར་མེད་གྱུར། །རྡོ་རྗེ་སེམས་དཔའི་ཐུགས་ཀར་ཧཱུྃ་ཡིག་མཐར། །ཡིག་བརྒྱས་གཡས་བསྐོར་ཡབ་ཡུམ་སྦྱོར་མཚམས་ནས། །བདུད་རྩིའི་རྒྱུན་བབས་བདག་གི་ཚངས་བུག་ཞུགས། །ཐོག་མཐར་མེད་ནས་བསགས་པའི་སྡིག་སྒྲིབ་ཀུན། །སྒྱུ་ལུས་ཤེལ་གོང་ཕྱིས་པ་ལྟ་བུར་གྱུར། །ༀ་བཛྲ་ས་ཏྭ་ས་མ་ཡ་ནས། ས་མ་ཡ་ས་ཏྭ་ཨཱཿ ཞེས་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་མ་ཤེས་རྨོངས་པ་སྟེ། །དམ་ཚིག་ལ་ནི་འགལ་ཞིངས་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའ་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པས། །རང་གི་ལུས་ངག་ཡིད་གསུམ་དང་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་དམ་གཅིག་ཏུ་འདྲེས་།།།་
༡༠༣ པར་གྱུར། །ཞེས་ཅི་གནས་ཀྱི་བར་དུ་མཉམ་པ་བཞག་པའི་མཐར། །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཁྱེད་ཀྱི་ས་ལ་བགོད་པར་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། དེ་ནས་བླ་མའི་རྣལ་འབྱོར་བསྒོམ་པ་ནི། །བདག་ཉིད་སྣང་སྟོང་སྒྱུ་མར་གསལ་བ་ཡི། །མཐོ་ལ་ཡངས་པ་མདུན་གྱི་ནམ་མཁའི་དབྱིངས། །བྷྲཱུཾ་ལས་སེང་ཆེན་བརྒྱད་ཀྱིས་བཏེགས་པ་ཡི། །རིན་ཆེན་ཁྲི་ཉིད་ཡངས་ཤིང་རྒྱ་ཆེ་བ། །དེ་སྟེང་པདྨ་ཉི་ཟླའི་གདན་སྟེང་དུ། །ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། །ལྟེ་བར་ཧཱུྃ་གིས་མཚན་ལས་འོད་ཟེར་འཕྲོས། །འཕགས་པ་མཆོད་ཅིང་སེམས་ཅན་དོན་རབ་བྱས། །འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ནི། །སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན། །ཡུམ་ནི་གཟུགས་དང་ལང་ཚོ་དར་ལ་བབས། །བྷ་ག་རུབ་ཅིང་བདེ་བའི་ནུ་འབུར་རྒྱས། །བདེ་བའི་ཉམས་ལྡན་རེག་བྱ་རྡོ་རྗེ་མ། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པས་འཁྱུད། །ཞབས་གཉིས་པདྨའི་སྐྱིལ་ཀྲུང་ཡབ་ལ་འཁྲིལ། །ཡབ་ཡུམ་གཉིས་ཀའང་མཚན་བཟང་སོ་གཉིས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས། །རིན་ཆེན་རུས་པ་སྣ་ཚོགས་རྒྱན་གྱིས་མཛེས། །ལྷབ་ལྷུབ་དར་གྱི་ན་བཟའ་སྐུ་ལ་གསོལ། །ཐབས་ཤེས་ཟུང་འཇུག་བདེ་སྟོང་དབྱིངས་ན་རོལ། །ལྷན་སྐྱེས་ཡེ་ཤེས་རོལ་པའི་ངང་ཉིད་ལས། །ཞལ་འཛུམ་དགྱེས་པའི་སྤྱན་གཉིས་བདག་ལ་གཟིགས། །དཔྲལ་མགྲིན་སྙིང་གར་ༀ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་རྣམས། །
༡༠༤ ཆོས་དབྱིངས་དག་པའི་གནས་ནས་སྤྱན་དྲངས་ཏེ། །ཡེ་ཤེས་དམ་ཚིག་པ་དང་དབྱེར་མེད་གྱུར། །འགྲོ་མགོན་ཐུགས་རྗེ་ཆེ་ལྡན་པ། །ཆོས་སྐུ་སྤྲོས་དང་བྲལ་བ་ལས། །གཟུགས་སྐུའི་རྣམ་པར་བཞེངས་ནས་ཀྱང་། །འགྲོ་བའི་དོན་དུ་བཞུགས་སུ་གསོལ། །ཞེས་ཚོགས་ཞིང་གསལ་བཏབ་ལ། །དེ་ནས་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་བཞིན་བས་རང་དང་སེམས་ཅན་ཐམས་ཅད་ཕྱག་འཚལ་ཞིང་གསོལ་བ་འདེབས་པ་སོགས་ཡན་ལག་བདུན་པའི་རིམ་པ་ལ་འཇུག་པར་མོས་པས། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །འགགས་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་ལོག་ལྟ་འཇོམས་མཛད་པ། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་དང་ཚུལ་ཅན། །རྣམ་ཐར་གསུམ་ལ་ལེགས་གནས་པ། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་རྩ་བ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕ་མཁྱེན་པས་གཟིགས་ཤིག་སྒྲིབ་མེད་ཡེ་ཤེས་ཅན། །བརྩེ་བས་དགོངས་མཛད་བྱམས་མགོན་ཆོས་ཀྱི་རྗེ། །མཁྱེན་བརྩེའི་མངའ་བདག་ཕྱོགས་ལས་རྣམ་རྒྱལ་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་དང་། ཁྱད་པར་དུ། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རིན་པོ་ཆེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་འཛིན། །ཡིད་འཕྲོག་རབ་མཛེས་
༡༠༥ དབྱངས་ཅན་དགའ་བའི་དཔལ། །འཇིགས་མེད་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་ཚར་ཅི་མང་དང་། །རང་གི་རྩ་བའི་བླ་མའི་གསོལ་འདེབས་རྒྱས་བསྡུས་གང་རིགས་ཀྱི་མཐར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱི་རློབས། །དེས་གཞན་ན་མེད་དོ་ཆོས་ཀྱི་རྗེ། །ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་སྩོལ། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱི་རློབས། །ལས་ངན་སྡིག་སྒྲིབ་དག་པར །ཚེ་དང་བསོད་ནམས་རྒྱས་པར །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་ཅིང་། ཡན་ལག་བདུན་པ་མདོར་བསྡུས་སུ་འབུལ་བ་ནི། །མཆོད་འོས་ཀུན་འདུས་དྲིན་ཅན་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོས་མཆོད། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་མཐོལ་ལོ་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང་། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ། ཁམས་གསུམ་འགྲོ་བའི་དོན་དུ་བཞུགས་སུ་གསོལ། །དགེ་བས་འགྲོ་ཀུན་སྐུ་གསུམ་མྱུར་ཐོབ་ཤོག །དེ་ནས་ཚོགས་གསོག་མཆོད་པའི་མཎྜལ་འབུལ་བ་ནི། ཕྱི་ནང་གསང་གསུམ་གྱི་དམིགས་པ་དང་ལྡན་པས། སྭ་བྷཱ་ཝ་སོགས །ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་མུ་ཁྱུད་ཀྱིས་བསྐོར་བའི་དབུས་སུ། ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ཤར་དུ་ལུས་དང་ལུས་འཕགས། ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། །དཔག་བསམ་གྱི་ཤིང་། འདོད་འཇོའ་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ།
༡༠༦ བཙུན་མོ་རིན་པོ་ཆེ། བློན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའ་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱ་མཚན། དབུས་སུ་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་མཚང་བ་མེད་པ་ཚང་ཞིང་ཡིད་དུ་འོང་བ་དང་བཅས་པའི་ཞིང་ཁམས་རྣམ་པར་དག་པ་འདི་ཉིད། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རིན་པོ་ཆེའི་ཞབས་དྲུང་དུ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་ཤིང་། སྒྲིབ་གཉིས་བྱང་བའི་ཆེད་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བདག་ལ་བྱིན་གྱི་རླབ་ཏུ་གསོལ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བར་བགྱི། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་པར། །ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བ་དང་། །མཁའ་དང་མཉམ་པའི་སེམས་ཅན་སྨིན་པར་ཤོག །ༀ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃཿ། ཞེས་བརྗོད། དེ་ནས་བརྒྱུད་པའི་གསོལ་འདེབས་ལྷན་ཅིག་སྐྱེས་སྦྱོར་གཙོ་བོར་བཏོན་པའི་གསོལ་འདེབས་ནི། །ན་མོ་གུ་རུ་བྷྱཿགནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །སེམས་གསལ་སྟོང་འཛིན་མེད་དུ་འཆར་བ་དང་། །ཡུལ་སྣང་སྟོང་བདེན་མེད་དུ་རྟོགས་པ་རུ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཤར་སྒྱུ་མ་སྤྲུལ་པའི་གྲོང་ཁྱེར་དུ། །ཏེ་ལོ་ཤེས་
༡༠༧ རབ་བཟང་པོ་ལ །བྱང་ཕུལླ་ཧ་རིའི་དགོན་པ་རུ། །མཁས་པ་ན་རོ་པཎ་ཆེན་ལ །ལྷོ་གྲོ་བོ་ལུང་གི་དགོན་པ་རུ། །སྒྲ་བསྒྱུར་མར་པ་ལོ་ཙཱ་ལ །ནུབ་ལ་ཕྱི་གངས་ཀྱི་རུ་བ་རུ། །དབང་ཕྱུག་མི་ལ་རས་པ་ལ །ཤར་དྭགས་ལ་སྒམ་པོའ་དགོན་པ་རུ། །བཀའ་བརྒྱུད་དྭགས་པོ་ལྷ་རྗེ་ལ། །དཔལ་ཕག་མོ་གྲུ་ཡི་མཐའ་རྩ་རུ། །བདེ་གཤེགས་ཁམས་པ་རྡོར་རྒྱལ་ལ །གནས་རྣ་ཕུ་ཆོས་ལུང་གི་དགོན་པ་རུ། །གྲུབ་ཐོབ་གླིང་ཆེན་རས་པ་ལ །འབྲུག་ར་ལུང་གཉིས་ཀྱི་གདན་ས་རུ། །འགྲོ་མགོན་གཙང་པ་རྒྱ་རས་ལ །གནས་ཤྲཱི་རྒོད་ཚང་གི་དབེན་གནས་སུ། །རྒོད་ཚང་མགོན་པོ་རྡོ་རྗེ་ལ །གནས་ལྷ་གདོང་དཔལ་གྱི་དགོན་པ་རུ། །རྒྱལ་བ་ཡང་དགོན་ཆོས་རྗེ་ལ །གནས་ཕྱོགས་མེད་དབེན་པའི་རི་ཁྲོད་དུ། །ཐུགས་སྲས་སྤྱན་སྔ་རིན་ལྡན་ལ །གནས་ཤྲཱི་ཟུར་ཕུག་གི་དགོན་པ་རུ། །ཀུན་མཁྱེན་ཟུར་ཕུག་ཆོས་རྗེ་ལ །མུས་མཐའ་གང་དཔལ་གྱི་དགོན་པ་རུ། །བླ་མ་གཉགས་སྟོན་ཆེན་པོ་ལ །མུས་ཤུག་གུ་ཚལ་གྱི་དགོན་པ་རུ། །བླ་མ་ཤེས་རབ་འབུམ་པ་ལ །གནས་དངུལ་ཆུ་ཆོས་རྫོང་གི་དགོན་པ་རུ། །སྐྱེས་མཆོག་རྒྱལ་སྲས་ཐོགས་མེད་ལ །གྱ་བསམ་གཏན་གླིང་གི་དགོན་པ་རུ། །འཁྲུལ་ཞིག་ལོ་ཆེན་བྱང་རྩེ་ལ །གནས་བོ་དོང་ཨེ་ཡི་ཆོས་གྲྭ་རུ། །པཎ་ཆེན་གྲགས་པ་རྒྱལ་མཚན་ལ །གནས་དཔལ་མོ་ཆོས་སྡིངས་ཀྱི་དགོན་པ་རུ། །འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ལ །གནས་སྟག་ལུང་ཆོས་ཀྱི་དགོན་པ་རུ། །སྟག་ལུང་ངག་དབང་གྲགས་པ་ལ །གནས་མངོན་དགའ་ཆོས་སྡིངས་ཀྱི་ཆོས་གྲྭ་རུ། །སྤྲུལ་སྐུ་འཆི་མེད་དཔལ་བཟང་ལ །གནས་བསམ་སྡིངས་ཌཱ་ཀིའི་ཕྲོ་བྲང་དུ། །རྗེ་བཙུན་མཁའ་སྤྱོད་དབང་མོ་ལ །གནས་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་གྲྭ་རུ། །འཇམ་དབྱངས་བསྟན་འཛིན་
༡༠༨ གྲགས་པ་ལ །གནས་བཤད་སྒྲུབ་ཆོས་འཁོར་གྱི་ཆོས་གྲྭ་རུ། །ཀུན་མཁྱེན་ཕྲིན་ལས་རྣམས་རྒྱལ་ལ །གནས་ཆོས་འཁོར་རྩེ་ཡི་དབེན་གནས་སུ། །རྒྱལ་མཆོག་ཕྲིན་ལས་རྒྱ་མཚོ་ལ །གནས་ཐུབ་བསྟན་ཆོས་འཁོར་ཆོས་གྲྭ་རུ། །འགྲོ་མགོན་རྡོ་རྗེ་སྙིང་པོ་ལ །གནས་བདེ་ཆེན་དག་པའི་ཕོ་བྲང་དུ། །དྲིན་ཆེན་འདུས་ཆེན་རབ་རྒྱས་ལ །གནས་ཟབ་གསལ་སྐྱིད་པའི་ཡང་རྩེ་རུ། །སྐྱབས་མགོན་སྐུ་མཆེད་རྣམ་གཉིས་ལ །གནས་ཡིད་དགའ་ཆོས་འཛིན་གྱི་དབེན་གནས་སུ། །བརྟུལ་ཞུགས་ནམ་མཁའི་རྣལ་འབྱོར་ལ །གནས་ལྷ་རྩེ་བླ་མའི་གདན་སུ་རུ། །སྐལ་བཟང་འཇམ་དབྱངས་རྣམ་རྒྱལ་ལ །གནས་སྦྱོར་རྩེ་བླ་མའི་གདན་ས་རུ། །བཀའ་དྲིན་འཁོར་མེད་རྣམ་གཉིས་ལ་གནས་བསམ་འགྲུབ་ཆོས་སྡིངས་ཕོ་བྲང་དུ། །རྗེ་བཙུན་རྡོ་རྗེ་བཙུན་མོ་ལ །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ལ །སྣང་སྟོང་དབྱེར་མེད་ཀྱི་གཞལ་ཡས་སུ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ །ཕྲིན་ལས་རྣམ་བཞིའི་གཞལ་ཡས་སུ། །དཔའ་བོ་མཁའ་འགྲོ་ལ །བར་ཆད་ཀུན་སེལ་གྱི་གཞལ་ཡས་སུ། །མ་མགོན་ལྕམ་དྲལ་ལ །དག་སྣང་ཕྱོགས་མེད་གཞལ་ཡས་སུ། །རྡོ་རྗེའི་སྤུན་གྲོགས་ལ་གསོལ་བ་འདེབས། །སེམས་གསལ་སྟོང་འཛིན་མེད་དུ་འཆར་བ་དང་། །ཡུལ་སྣང་སྟོང་བདེན་མེད་དུ་རྟོགས་པ་རུ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡང་བརྒྱུད་པ་ལུགས་གཅིག་ལ། འཇིགས་བྲལ་ཡན་གོང་དང་འདྲ་བ་ལ། འཇིགས་བྲལ་ནས་ཤངས་པ་ལ་བརྒྱུད་པ་དང་། བོ་དོང་ལྕོག་གྲྭ་ཡབ་སྲས་ལ་བརྒྱུད་པ་རྡོ་རྗེ་འཆང་ཆེན་སོགས་དང་། །ཟབ་གསལ་བརྒྱུད་པ་ཟུང་འཇུག་མཁའ་དབྱིངས་མ་སོགས་ལེ་ཚན་མང་བར་མཆིས་ཀྱང་། རྒྱུན་དུ་སྐབས་འདིར་ཀུན་མཁྱེན་བོ་དོང་པར་བཀའ་བབས་པའི་ཕྱག་ཆེན་ཟབ་གསལ་ཉེ་བརྒྱུད་ཀྱི་གསོལ་འདེབས་ནི། །ན་མོ་མ་ཧཱ་མུ་དྲྭ་ཡ། གནས་འོག་མིན་རྡུལ་བྲལ་ཕོ་བྲང་དུ། །
༡༠༩ རྗེ་གདོད་མའི་མགོན་པོ་རྡོ་རྗེ་འཆང་། །དབྱིངས་ཁྱབ་གདལ་ཆེན་པོ་ཆོས་ཀྱི་སྐུ། །སེམས་བློ་འདས་རྗེན་པར་གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གནས་རང་བྱུང་མཁའ་སྤྱོད་ཕོ་བྲང་དུ། །མ་དྭངས་གསལ་ལྷུན་འགྲུབ་བདག་མེ་དམ། །ཁྱེད་བདེ་སྟོང་སྒྱུ་མའི་གར་གྱིས་རོལ། །སེམས་གཉིས་མེད་ལྷན་ཅིག །གནས་དག་པའི་ཕོ་བྲང་ན་ལེནྟྲར། །རྗེ་མུ་སྟེགས་ཚར་གཅོད་བི་པ། །ཁྱེད་བརྟུལ་ཞུགས་ནུས་པས་མཁའ་ལ་གཤེགས། །སེམས་རང་རིག་གཉུག་མར །གནས་གསང་འདུས་ཆོས་ཀྱི་ཕོ་བྲང་དུ། །རྗེ་མདོ་རྒྱུད་རྒྱ་མཚོ་བོ་དོང་པ། །ཁྱེད་སྐུ་བཞིའི་བདག་ཉིད་བཀའ་དྲིན་ཅན། །སེམས་གང་ཤར་ལྷན་ཅིག །གནས་འཁོར་འདས་རྟེན་འབྲེལ་ཕོ་བྲང་དུ། །རྗེ་འཇའ་ལུས་སྐུ་མཉེས་བསོད་ནམས་མཆོག །ཁྱེད་ཟག་མེད་བདེ་ཆེན་ཐུགས་མཆོག་སྐུ། །སེམས་འགགས་མེད་རོལ་པར །གནས་རྫུ་འཕྲུལ་བཀོད་པས་མཛེས་པ་ན། །རྗེ་དུས་གསུམ་རྣམ་མཁྱེན་མཻ་ཏྲིའི་མཚན། །ཁྱེད་འགྲོས་བཞིའི་དབང་ཕྱུག་ཌཱ་ཀིས་བསྐོར། །སེམས་ཟབ་གསལ་དབྱེར་མེད །གནས་མེ་ལོང་ཆོས་ཀྱི་ཕོ་བྲང་དུ། །རྗེ་འདོད་དགུའི་དབང་བསྒྱུར་པདྨ་གར། །ཁྱེད་ལྷ་མིའི་གཙུག་རྒྱན་སྲིད་ཞིའི་མགོན། །སེམས་འཁོར་འདས་དབྱེར་མེད །གནས་མཁའ་འགྲོའི་ཕོ་བྲང་ཤུགས་གསེབ་ཏུ། །རྗེ་སྐྱབས་གནས་ཀུན་འདུས་ལྕགས་ནང་པ། །ཁྱེད་རླུང་སེམས་དབྱེར་མེད་དྭངས་མའི་སྐུ། །སེམས་དག་པ་རྩེ་གཅིག །གནས་ཤེལ་དཀར་ལྕོག་པུའི་ཕོ་བྲང་དུ། །རྗེ་སྣང་སེམས་དབྱེར་མེད་འཇམ་དཔལ་དབྱངས། །ཁྱེད་ཅི་མཛད་དཔག་མེད་འགྲོ་བའི་མགོན། །ཡིད་བཅོས་མ་ཡིན་པར །གནས་ཡང་དག་ངེས་དོན་ཕོ་བྲང་དུ། །རྗེ་མོས་གུས་མཐར་ཕྱིན་རཏྣའི་མཚན། །ཁྱེད་སྔོན་བསགས་སྨོན་ལམ་མཐར་ཕྱིན་པར། །སེམས་ཡེངས་མེད་རྩེ་གཅིག །གནས་སྤྱི་
༡༡༠ གཙུག་ཉི་ཟླའི་གདན་སྟེང་དུ། །རྗེ་སྣང་སྲིད་དབང་སྡུད་འདུས་ཆེན་པ། །ཁྱེད་ཁྱབ་བརྡལ་མི་ཤིགས་ཆེན་པོའ་སྐུ། །སེམས་རྩེ་གཅིག་གདུང་བས །གནས་བདེ་ཆེན་ལྷུན་འགྲུབ་ཕོ་བྲང་དུ། །རྗེ་མཐོང་བ་དོན་ལྡན་སྐུ་མཆེད་ཟུང་། །ཁྱེད་སྐལ་ལྡན་ཡོངས་ཀྱི་དཔལ་དུ་ཤར། །སེམས་རྩེ་གཅིག་གདུང་བས །གནས་ཐུགས་ཀྱི་རྟེན་མཆོག་ཕོ་བྲང་དུ། །རྗེ་སྐྱབས་གསུམ་གཅིག་འདུས་ཕྲིན་ལས་དབང་། །ཁྱེད་འགྲོ་བ་ཡོངས་ཀྱི་མགོན་དུ་གྱུར། །སེམས་བདེ་གསལ་མི་རྟོག །གནས་རི་ཁྲོད་བསམ་གཏན་ཕོ་བྲང་དུ། །རྗེ་བཀའ་དྲིན་འཁོར་མེད་འཇམ་དབྱངས་ཞབས། །ཁྱེད་སྒྲུབ་བརྒྱུད་ཡོངས་ཀྱི་མགོན་དུ་ཤར། །སེམས་མོས་གདུང་གཡོ་མེད །གནས་བདེ་ཆེན་འཁོར་ལོའ་ཡང་སྟེང་ན། །རྗེ་འགྲན་གྱི་དོ་མེད་རོལ་པ་སྩལ། །ཁྱེད་ཡང་གསང་འདུས་རྟེན་མགོན་གཅིག་པོ། །སེམས་ཁ་ཞེ་བྲལ་བར །གནས་ཌཱ་ཀིའི་གནས་མཆོག་བསམ་སྡེངས་སུ། །མ་ཡེ་ཤེས་མཁའ་འགྲོ་བཟང་སྐྱོང་མ། །ཁྱེད་ལྷན་སྐྱེས་ཡེ་ཤེས་དོན་སྟོན་མ། །ཡིད་གཉིས་འཛིན་སྤངས་ཏེ །གནས་སྤྱི་གཙུག་ཉི་ཟླ་པདྨའི་སྟེང་། །མགོན་དྲིན་ཅན་རྩ་བའི་བླ་མ་མཆོག །ཁྱེད་སྐྱབས་ཀུན་འདུས་ཞལ་རིན་པོ་ཆེར། །ཡིད་མོས་གུས་དྲག་པོས །རྗེ་ཁྱེད་དང་མཉམ་པར་བྱིན །གནས་ཟབ་གསལ་ལྷུན་འགྲུབ་ཕོ་བྲང་དུ། །དཔལ་དགྱེས་པ་རྡོ་རྗེ་ཡི་དམ་ལྷ། །ཁྱེད་ཟུང་འཇུག་དོན་ལྡན་ལོང་སྤྱོད་རྫོགས། །སེམས་ཤར་གྲོལ་དབྱེར་མེད །བདག་སྟོང་ཉིད་སྙིང་རྗེར་བྱིན །གནས་ཕྱོགས་མེད་དབེན་པའི་རི་ཁྲོད་དུ། །ཡིད་གཉིས་འཛིན་བྲལ་བའི་རྡོ་རྗེའི་སྤུན། །གྲོགས་མཐའ་བྲལ་དབྱེར་མེད་ཆོས་མཛད་ལ། །སེམས་དག་སྣང་ཕྱོགས་མེད །ཞིང་དག་པ་རབ་འབྱམས་བྱིན །ཆོས་སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །ཆོས་སྣང་སྟོང་དབྱེར་མེད་བླ་མའི་སྐུ། །
༡༡༡ ཕ་བླ་མའི་སྐུ་ལ །སྐུ་ཟབ་གསལ་རྟོགས་པར །དྭངས་མ་སྐུ་ཡི་ངོ་བོར་བྱིན །ཆོས་གྲགས་ཤིང་སྟོང་ལ་སྟོང་ཞིང་གྲགས། །ཆོས་གྲགས་སྟོང་དབྱེར་མེད་བླ་མའི་གསུང་། །ཕ་བླ་མའི་གསུང་ལ་གསུང་ཟབ་གསལ་རྟོགས་པར །དྭངས་མ་གསུང་གི་ངོ་བོར་བྱིན །ཆོས་བདེ་ཞིང་སྟོང་ལ་སྟོང་ཞིང་བདེ། །ཆོས་བདེ་སྟོང་དབྱེར་མེད་བླ་མའི་ཐུགས། །ཕ་བླ་མའི་ཐུགས་ལ །ཐུགས་ཟབ་གསལ་རྟོགས་པར་བྱིན་གྱིས་རློབས། །དྭངས་མ་ཐུགས་ཀྱི་ངོ་བོར་བྱིན་གྱིས་རློབས། །འཁོར་བའི་རང་བཞིན་གདོད་ནས་ཡོད་མ་ཡིན། །དེ་བཞིན་མྱང་འདས་ཆོས་ཀྱང་སྟོང་པ་ཉིད། །འཁོར་འདས་དབྱེར་མེད་ཁྱབ་གདབ་རོ་གཅིག་ཏུ། །གཟུང་འཛིན་རང་གྲོལ་རྡོ་རྗེ་འཆང་ཐོབ་ཤོག །ཟབ་གསལ་གསོལ་འདེབས་པདྨ་གར་གྱི་དབང་ཕྱུག་གིས་མཛད་པའོ། །དེ་ནས་མཇུག་ཏུ་དབང་བླང་བ་ནི། །དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་སྐུ་ལ་གསོལ་བ །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་བས། །བླ་མའི་དཔྲལ་བའི་ༀ་དཀར་པོ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་དཔྲལ་བར་ཐིམ། སྐུ་ལས་ཀྱང་སྐུ་བསམ་གྱིས་མི་ཁྱབ་པ་འཕྲོས། ལུས་ལ་ཐིམ་པས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །སྐུ་བུམ་པའི་དབང་ཐོབ། ལུས་རྡོ་རྗེའི་རང་བཞིན་དུ་གྱུར། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། །དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །
༡༡༢ སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་གསུང་ལ་གསོལ །ངག་ལ་ནུས་པ་ཐོན་པར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས་བླ་མའི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་མགྲིན་པར་ཐིམ། ཞལ་ནས་ཀྱང་ཨཱ་ལི་ཀཱ་ལི་ལ་སོགས་པའི་སྔགས་ཀྱི་ཕྲེང་བ་བསམ་མི་ཁྱབ་པ་འཕྲོས། ངག་ལ་ཐིམ་པས་སྐྱེ་བ་ཚེ་རབས་ཐམས་ཅད་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །གསུང་གསང་བའི་དབང་ཐོབ། ངག་རྡོ་རྗེའི་རང་བཞིན་དུ་གྱུར། ལམ་གཏུམ་མོ་བསྒོམ་པ་ལ་དབང་འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་ཐུགས་ལ་གསོལ །སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། །བླ་མའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྙིང་གར་ཐིམ། གཞན་ཡང་ཕྱག་མཚན་རྡོ་རྗེ་དྲིལ་བུ་ཌཱ་མ་རུ་གྲི་ཁུག་ཐོད་པ་ཁ་ཊཱཾ་ག་ལ་སོགས་པའི་ཕྱག་མཚན་བསམ་གྱིས་མི་ཁྱབ་པ་འཕྲོས། ཡིད་ལ་ཐིམ་པས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་རྡོ་རྗེའི་རང་བཞིན་དུ་གྱུར། ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། །དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞིན་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་གསུང་ལ་གསོལ །སྐུ་གསུམ་
༡༡༣ དབྱེར་མེད་རྟོགས་པར་བྱིན །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། བླ་མ་ཡབ་ཡུམ་འོད་དུ་མེར་ཞུ་ཐམས་ཅད་རང་ལ་ཐིམ་པས། རང་ཡང་འོད་དུ་ཡལ། ཚིག་དབང་རིན་པོ་ཆེ་བཞི་པ་ཐོབ། །ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་གྱུར། །ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། །བསྔོ་སྨོན་ནི། །དཔལ་ལྡན་བླ་མ་སྐུ་བཞིའི་དབང་ཕྱུག་གི །དཀྱིལ་འཁོར་རྣམ་བཞིར་དབང་མཆོག་བཞི་ཞུས་ནས། །དྲི་མ་རྣམ་བཞི་དག་ནས་རྒྱུད་བཞི་སྨིན། །འབྲས་བུ་སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །དགེ་བ་གང་བསགས་ཆེན་པོའ་ནུས་མཐུ་དང་། །འོད་གསལ་ཕྱག་རྒྱ་ཆེན་པོའ་བྱིན་རླབས་ཀྱིས། །བདག་གིས་དབང་བཞི་བླངས་པ་འདི་དག་རྣམས། །ཐམས་ཅད་ཡིད་བཞིན་དུ་ནི་འགྲུབ་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག །རྩ་བརྒྱུད་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་མཛད་དང་ཞིང་ཁམས་སོགས། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་རྣམས་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། དེ་ལྟར་ཀུན་མཁྱེན་བོ་དོང་བ་ནས་བརྒྱུད་པའི་གདམས་པ་ཁྱད་པར་ཅན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར། །ཟབ་གསལ་དབྱེར་མེད་ཟུང་དུ་འཇུག་པའི་སྔོན་འགྲོའི་ངག་འདོན་འདིའང་། བླ་མ་བརྒྱུད་པའི་ཕྱག་གཞེས་ལས་ཇི་ལྟར་འབྱུང་བ་བཞིན་དག་པར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །མངྒ་ལམ། །

གྲུབ་ཆེན་ན་རོ་པའི་གདམས་ངག་ཆོས་དྲུག་སྐོར་གྱི་བཀའ་དཔེ་ཚིགས་སུ་བཅད་པ་བཞུགས་སོ།

༩༥ །གྲུབ་ཆེན་ན་རོ་པའི་གདམས་ངག་ཆོས་དྲུག་སྐོར་གྱི་བཀའ་དཔེ་ཚིགས་སུ་བཅད་པ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིམ་གྱིས་པ་དང་གཅིག་ཅར་བ། །རིམ་གྱིས་པ་ཡི་སྨན་ཆེན་འདི། །གཅིག་ཅར་བ་ཡི་དུག་ཆེན་ཡིན། །གཅིག་ཅར་བ་ཡི་སྨན་ཆེན་དེ། །རིམ་གྱིས་པ་།།།་ཟུར་མང་སྙན་བརྒྱུད་།།།་ཡི་དུག་ཏུ་འགྱུར། །དེས་ན་སྦྱངས་པའི་འཕྲོ་ཅན་ལ། །གཅིག་ཅར་པ་ནི་བསྟན་པར་བྱ། །སེམས་ཅན་དང་པོའ་ལས་ཅན་ལ། །རིམ་གྱིས་པ་ནི་བསྟན་པར་བྱ། །དང་པོའ་ཉོན་མོངས་འདུལ་བ་ནི། ཁམས་ཀྱིས་རབ་ཏུ་དབྱེ་བར་བྱ། །ཕུང་པོ་གཞིག་གྲོལ་བསྒོམ་པར་བྱ། །བསྐྱེད་རིམ་གཞུང་ལ་སྦྱར་བར་བྱ། །ངག་དབེན་རླུང་ནི་བསྒོམ་པའི་ཐབས། །བླ་མའི་ཞལ་ལས་ཤེས་པར་བྱ། །ཕྱག་རྒྱ་ཆེན་པོའ་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །སྒྱུ་མ་ལྟ་བུའི་ལུས་བསྒོམས་པ། །སློབ་པ་དང་ནི་མི་སློབ་གཉིས། །སློབ་པ་ལ་ཡང་རྣམ་གཉིས་ཏེ། །མངོན་པར་རྟོགས་པའི་རིམ་པ་དང་། །རང་གིས་ལྷག་པར་གནས་པའོ། །མངོན་པར་རྟོགས་པའི་རིམ་པ་ལ། །གསང་བའི་དབང་གི་དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །ཞེས་བྱ་བ་སྒྱུ་མའི་དཔེ་བཅུ་གཉིས་ལ་སོགས་ཀྱིས་རྟོགས་པར་བྱའོ། །ད་ནི་ལྷག་པར་གནས་པ་ལ། །གྲོང་དུ་འཇུག་དང་འཕོ་བ་དང་། །རྨི་ལམ་བར་དོ་རྣམ་པ་བཞི། །དེ་ལ་གྲོང་དུ་འཇུག་པ་ནི། །མདུན་དུ་དམིགས་པ་གསལ་བྱས་ལ། །དབུགས་དང་སེམས་ནི་མ་ཡེངས་པར། །གཏད་ནས་ཡུན་ཏུ་གོམས་བྱས་ན། །ཤེས་པ་བྱང་ནས་ཇེ་གསལ་འགྱུར། །དེ་ལ་ཡུན་
༩༦དུ་གོམས་བྱས་ན། །རང་གི་ཕུང་པོ་དོར་བྱས་ནས། །བསོད་ནམས་ཅན་གྱི་ལུས་བླངས་ཏེ། །སེམས་ཅན་དོན་ནི་མ་ལུས་བྱས། །གྲོང་དུ་འཕོ་བ་རྣམ་གསུམ་སྟེ། །བསྐྱེད་པའི་རིམ་པའི་ཚུལ་དང་ནི། །སྒྱུ་མ་དངོས་དང་འོད་གསལ་ལོ། །བསྐྱེད་པའི་རིམ་པའི་ཚུལ་ལ་ནི། །ཀྵཾཨུ་ལ་སོགས་པའི་ཡི་གེ་ཡིས། །བུ་ག་དག་ཀྱང་དགག་བྱས་ཏེ། །རང་གི་སེམས་ནི་ལྷ་ཡི་སྐུ། །འཇའ་ཚོན་ལྟ་བུར་བསྒོམ་པའམ། །ཡང་ན་ཧཱུྃ་ལ་བསྡུ་བྱ་སྟེ། །ཚངས་པའི་བུ་ག་ནས་བཏོན་ཏེ། །འོག་མིན་གནས་སུ་ཡང་དང་ཡང་། །རྒྱུན་མི་འཆད་པར་གནས་པར་བྱ། །དེ་ལྟར་གོམས་པ་བརྟན་གྱུར་ནས། །དུས་དང་རྟགས་རྣམས་ཤེས་བྱ་སྟེ། །འཕོ་ཀར་ཤེས་པ་གནས་སུ་བསྐྱལ། །དེ་ལྟར་བྱས་པས་ཐོབ་པར་འགྱུར། །སྒྱུ་མ་དངོས་ཀྱི་འཕོ་བ་ནི། །འོག་ནས་འབྱུང་བའི་རྨི་ལམ་ལ། །གོམས་པར་བྱ་སྟེ་སུམ་ཅུ་ནི། །རྩ་གསུམ་གནས་སུ་འཕོ་བྱ་སྟེ། །དེ་རུ་སྔར་དུ་གང་གོམས་པའི། །གོམས་པས་ཁྲིད་དེ་གོམས་གྱུར་ན། །བདེ་བ་སྐྱེད་པའི་གནས་ཡིན་པས། །མི་རྟོག་ཡེ་ཤེས་ཐོབ་ནས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་ན། །འཐབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྔགས་པའི་འགྲོ་ས་མཆོག་ཡིན་ནོ། །མཚན་ཉིད་པ་ནི་ལྟུང་བར་འགྱུར། །འོད་གསལ་བར་ནི་འཕོ་བ་ལ། །འཆི་བའི་དུས་ནི་ཤེས་བྱས་ལ། །མེ་ཏོག་པ་ལ་སེམས་གནས་ན། །ལུས་ཀྱི་རྩོལ་བ་དག་གིས་ནི། །འོད་གསལ་བར་ནི་འཇུག་པ་སྟེ། །བར་དོར་མྱ་ངན་འདས་པ་ཡིན། །བསླབ་ནས་འཕོ་བ་དེ་རྣམས་ཡིན། །མ་བསླབས་པར་ཡང་འཕོ་བ་ཡོད། །།།། ༈ །གཏུམ་མོའ་བཀའ་དཔེའོ། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་ཆེན་པོ་ནཱ་རོ་པས། །བདེ་མཆོག་འཁོར་ལོའ་གསང་སྔགས་ནི། །འབུམ་ཕྲག་བདུན་ནི་བཟླས་པ་ཡིས། །ས་རྣམས་གཡོས་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་ངོས་ཀྱི་ཏེ་ལོ་པའི། །ཞལ་སྔར་གདམས་ངག་མནོས་པ་ནི། །དངོས་པོའ་
༩༧གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དེ་ལ་དངོས་པོའ་གནས་ལུགས་ནི། །ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །དེ་ལ་གནད་ནི་རྣམ་པ་གསུམ། །ལུས་དང་ཡུལ་དང་དབང་པོ་གསུམ། །དེ་ལ་ལུས་ཀྱི་གནད་བཤད་པ། །རིན་ཆེན་རྩར་ལ་བརྒྱུས་པ་ལྟར། །ཤིན་ཏུ་བསྲང་ལ་དགུགས་པར་བྱེད། །ལི་རི་བཞིན་ཏུ་ཁོང་བསྒྲིམ་བྱ། །རྒྱ་མདུད་ལྟ་བུའི་ཚུལ་དུ་གནས། །འཕེལ་ཀ་ཤིན་ཏུ་བསྐྱེད་པར་བྱ། །མཉམ་བཞག་རྒྱ་ཡིས་བཙིར་བྱ་ཞིང་། །རེའུ་མིག་ལྟར་ནི་བསྣོལ་བར་བྱ། །རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་བཞིའོ། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །དེ་ནི་ལུས་ཀྱི་གནད་དུ་གསུངས། །ཡུལ་གྱི་གནད་ནི་རྣམ་གཉིས་ཏེ། །ཕྱི་ནང་གཉིས་སུ་བཤད་པར་བྱ། །ཕྱི་ཡི་དཀར་དམར་རྣམ་པ་ཅན། །ནང་དུ་འཁོར་ལོ་རྣམ་པ་བཞི། །དེ་ལ་ཐབས་ལམ་བགྲང་མི་ལང་། །དེ་ནི་ཡུལ་གྱི་གནད་ཡིན་ནོ། །ད་ནི་དུས་ཀྱི་གནད་བཤད་པ། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །དེ་ལ་དུས་བཞིའི་ཉམས་ལེན་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །དེ་ལ་དུས་ཀྱི་གནད་བརྟག་གོ །ཐབས་ལམ་ཁྱད་པར་འཕགས་པ་སྟེ། །གཡས་གཡོན་འཕོ་དུས་ཟེར་བའང་ཡོད་།།།་མཆན་།།།་དེ་ལས་འབྲས་བུ་རིམ་གྱིས་འབྱུང་། །འབྲས་བུ་འབྱུང་བའི་འབྱུང་ཚུལ་ནི། །ལུས་དང་མན་ངག་ཉམས་དང་གསུམ། །རིམ་པ་གྲངས་ཀྱིས་འབྱུང་བར་གསུངས། །དཔེར་ན་སེང་གེའི་འོ་མ་འདི། བླ་མ་ཏཻ་ལོ་པས་།།།་བླ་མ་ནཱ་རོ་པ་ལ་གནང་དེས་མར་པ་ལ་གནང་དེས་གུང་ཐར་གི་མི་ལ་ཐོས་པ་དགའ་ལ་གནང་། །གསེར་སྣོད་དངུལ་སྣོད་མ་ཡིན་པ། །སྣོད་ངན་ཕལ་ལ་བྱིན་པ་ན། །དམ་ཚིག་ཉམས་ནས་དམྱལ་བར་འགྲོ། །དེས་ན་གསང་བ་ཐུབ་པར་གྱིས། །གྲུབ་ཐོབ་བརྒྱུད་པའི་མན་ངག་འདི། །རང་གིས་ཉམས་སུ་བླང་བར་བྱ། །རྒྱ་མཚོའ་གཏིང་གི་རྡོ་
༩༨བ་བཞིན། །ཁ་རུ་དབྱུང་ཕ་མ་ཡིན་ནོ། །།།།་༈ །རྨི་ལམ་བཀའ་དཔེའོ། །ན་མོ་གུ་རུ། །རྨི་ལམ་ལ་ཡང་རྣམ་ལྔ་སྟེ། །དྲན་དང་སྒྱུ་མར་ཤེས་པ་དང་། །སྦྱང་དང་གོམས་པར་བྱ་བ་དང་། །གོང་དུ་འཕོ་བར་ཤེས་པར་བྱ། །དྲན་པ་ཞེས་བྱ་བསྒོམ་པ་ནི། །གཉིད་མ་ལོག་པའི་དུས་སུ་ཡང་། །འདུན་པ་དག་ནི་སྔོན་བཏང་སྟེ། །ལོག་ཀ་མ་ཡི་ཤེས་པ་ནི། །དྲན་པས་སང་ཡང་བསྐུལ་བྱས་ལ། །བསྐུལ་བར་ལོག་རེར་ལན་རེ་འཛིན། །རབ་རིབ་ཡད་ཡུད་འབྱང་བར་འགྱུར། །དེ་ལྟར་དྲན་པ་བརྟན་གྱུར་ན། །སྒྱུ་མ་དག་ཏུ་ཤེས་བྱས་ཏེ། །མ་ལོག་པ་ཡི་དུས་སུ་ཡང་། །སྣང་སྲིད་སྒྱུ་མར་ཤེས་བྱ་སྟེ། །སྒྱུ་མ་དངོས་ནི་རྨི་ལམ་ཡིན། །དེ་ཉིད་སྒྱུ་མར་མ་ཤེས་པས། །བར་དོ་སྒྱུ་མར་མི་ཤེས་ནས། །བར་དོའ་སྲིད་པ་མི་ཁེགས་པས། །སྐྱེ་བ་ཡང་དང་ཡང་བླང་སྟེ། །ཁམས་གསུམ་འཁོར་བར་འཁྱམས་པ་ཡིན། །དེ་ལྟར་རྨི་ལམ་དངོས་དག་ལས། །བློ་ནི་འཇུག་ཏུ་མ་བཏུབ་ན། །སྔོན་དུ་འགྲོ་བ་དག་བྱས་ཏེ། །བསྐྱེད་རིམ་བཟླས་པའི་རྟགས་དག་དང་། །འདུ་འཛི་ཤིན་ཏུ་ཉུང་བ་དང་། །སྔར་གྱི་གོམས་པ་དཀྲི་བ་དང་། །མོས་པ་ཤིན་ཏུ་དྲགས་པ་དང་། །བསྐུལ་བའི་དུས་དག་ཤེས་པའོ། །གཉིད་མ་ལོག་པའི་དུས་སུ་ཡང་། །དྲན་པ་དེ་ཉིད་སྒྱུ་མ་རུ། །ཤེས་བྱའི་བསམ་པ་སྔོན་བཏང་ལ། །ནན་ཏན་དུ་ནི་སྦྱང་བར་བྱ། །དེ་ལྟར་དུ་ནི་བསྒོམ་པ་དང་། །ཕན་ཚུན་དག་ཏུ་ཕྱིན་པ་དང་། །ངལ་དུབ་དག་ནི་ངལ་དུབ་མེད། །འགྲངས་ལྟོག་དག་ནི་འོང་བ་དང་། །ཆོ་འཕྲུལ་དག་ནི་བསྟན་པ་དང་། །དེ་ལ་སོགས་པའི་མཚན་མ་རྣམས། །གཉིད་མ་ལོག་པའི་དུས་སུ་ཡང་། །གོམས་པར་བྱ་ཡི་བར་ཆད་ཀྱིས། །ལོག་ཀ་མ་ཡི་དུས་སུ་ཡང་། །མཚན་མ་དྲན་པ་དེ་རྙེད་ལ། །བག་མི་ཚ་བར་སྤྱད་པར་བྱ། །དེ་ལྟར་སྒྱུ་མར་ཡང་དང་ཡང་། །ཉིན་མཚན་གཏན་ཏུ་བསམ་ནས་ཀྱང་། །སྒྱུ་མར་ཤེས་པའི་མཚན་མ་ནི། །ཡ་མི་ང་དང་བག་མི་ཚ། །དམ་དུམ་ཀེམ་ཀེཾཨཱམ་འབྱུང་བར་འགྱུར། །དེ་ལྟར་
༩༩བརྟན་པར་གོམས་པར་བྱ། །དེ་ལྟར་བརྟན་པར་གྱུར་ན་ནི། །འཕོ་བ་དག་ནི་བྱ་བར་བཤད། །གཉིད་མ་ལོག་པའི་དུས་སུ་ཡང་། །རང་བཞིན་གང་དགར་བཏང་བར་བྱ། །འགྲོ་སར་སེམས་ནི་བཏང་བྱས་ནས། །ལོག་ཀ་མ་ཡི་དུས་སུ་ཡང་། །དེར་ནི་བག་ཆགས་དྲན་བྱས་ཏེ། །དེ་ལྟར་རང་གི་རིག་པ་ཡིས། །དཔྱད་ཅིང་གོང་ལྟར་རིག་པ་འཕོ། །འཕོ་བ་བརྟན་པར་གྱུར་ནས་ནི། །སྒྱུ་མ་སྦྱངས་པའི་མཚན་ཉིད་ཀྱིས། །སྔར་གྱི་གོམས་པ་དཀྲི་བར་བྱ། །ད་ལྟར་སྔ་མ་ཅི་བཞིན་བསྒོམ། །ལོག་ཀར་ཡང་དང་ཡང་དུ་བསྒོམ། །དེ་ལྟར་རྨི་ལམ་དུས་སུ་ནི། །དམ་དུམ་ཡད་ཡུད་འབྱུང་བར་འགྱུར། །གང་ལའང་བཟང་ངན་མི་བལྟ་སྟེ། །རྨི་ལམ་འོད་གསལ་འཕོ་ནུས་པ། །རྟགས་མ་བྱུང་བར་འཕྱངས་པ་ཡོད། །རང་གིས་རིག་པས་རྟོགས་བྱས་པ། །མ་རྟོགས་ན་ཡང་འབད་ཅིང་བརྟགས། །རྩོལ་བ་དག་ནི་བསྐྱེད་བྱས་ལ། །ཤེས་པ་ཚར་ནི་བཅད་པར་བྱ། །དེ་ལྟར་ཡང་དང་ཡང་བྱས་པས། །མོད་དུ་ཟིན་པ་དག་ཀྱང་ཡོད། །ཟླ་བས་ཟིན་པ་དག་ཀྱང་ཡོད། །ལོ་ཡིས་ཟིན་པ་དག་ཀྱང་ཡོད། །ཡང་དང་ཡང་དུ་གོམས་བྱས་པས། །རྨི་ལམ་བྱིན་གྱིས་རློབས་པ་ཡིན། །དེ་ཡིས་བར་དོ་བསླང་བར་འགྱུར། །གོང་མའི་རྨི་ལམ་གོམས་པ་ཡིས། །འཆི་ཁའི་ཤེས་པ་གསལ་བྱས་ཏེ། །འཆི་བའི་རྟགས་རྣམས་ཚང་བ་དང་། །སྔར་གོམས་པ་ལའང་སེམས་བཞག་སྟེ། །འོད་གསལ་བ་ལ་འཇུག་པའམ། །ཡང་ན་གསལ་བ་ལ་མི་འཇུག །འཆི་ཀར་གཉིད་ནི་ལོག་པ་ན། །དྲན་པ་དག་ནི་སྔོན་བཏང་ནས། །ས་བོན་སྐྱེས་ནས་རིམ་ཁྱབ་བོ། །གཞི་དང་ཁང་པ་ཉིད་དག་དང་། །ལས་དང་ཕ་རོལ་སྦྱོར་བ་དང་། །རང་ལུས་ངོ་བོ་ཐིག་ལེ་བཅས། །བཅུ་གཉིས་མཐའ་ཡི་ཚིག་གི་དོན། །གང་གིས་རྟག་ཏུ་བསྒོམ་གྱུར་ན། །དེ་ཡི་དངོས་གྲུབ་བདེ་བ་ཡི། །རྡོ་རྗེ་འཛིན་པ་རང་ཉིད་འགྱུར། །རྫོགས་སོ།། །།
༡༠༠༈ །འོད་གསལ་གྱི་བཀའ་དཔེའོ། །ནཱ་རོ་པའི་གདམས་པ་ལ། །ཕུང་པོ་ཁམས་དང་སྐྱེ་མཆེད་དབང་པོ་ལ། །ཤེས་པ་གཉིས་པོ་འདི་ལྟར་བསྡུས་བྱས་པས། །སྟོང་ཆེན་འགྱུར་བས་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་སད་པས་བྱེ་བྲག་གཞན་མེད་པས། །ཀུན་ཏུ་རྟོག་པས་རྨི་ལམ་ཕྲལ་འདོད་པས། །འགྲོ་བ་ཉིན་མཚན་ཉེ་བར་གཉིད་ལོག་ཅིང་། །ས་སྡུག་གྱུར་པས་རབ་ཏུ་རང་གཉིད་ལོག །སེམས་དང་སེམས་ལས་འབྱུང་བའི་རྟོག་ཚོགས་ནི། །རང་གྲོལ་བདེ་བ་ཆེན་པོའ་ཏིང་འཛིན་ནོ། །དེ་ནི་སྒྱུ་མའི་དཔེ་ཡིས་ཉེ་བར་མཚོན་ཏེ། །དེ་བས་ན་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སྒྱུ་མ་ལྟ་བུ་དང་། །འཇའ་ཚོན་ལྟ་བུའི་ལུས་ངག་ནི། །དེ་ཉིད་བསྒོམས་པས་འཐོབ་པར་འགྱུར། །མ་རིག་པ་དང་གིས་འགགས་ཤིང་། །འོད་གསལ་བ་ལ་འགྲོའོ། །ཕྱི་ནས་ལངས་ནས་རླུང་གིས་འཁོར་བར་འགྱུར་བ་སྟེ། །དེས་ལུས་གྲུབ་ནས་མིག་ལ་སོགས་པའི་དབང་པོ་ཡུལ་དམིགས་པ་དེ་སྲིད་དུ། །དེ་ཉིད་དུ་མི་དམིགས་པར་མི་འགྱུར་སྟེ། །ཐོག་མེད་དུས་ནས་གོམ་ཕྱིར་རོ། །ཕུང་པོ་ལ་སོགས་ཁམས་ཕ་བ་ལ་གཞུག་གོ །ཁམས་ནི་སེམས་ཕྲ་བ་ལ་གཞུག་གོ །སེམས་ཡང་མ་རིག་པ་ལ་གཞུག་སྟེ། །དེ་ལྟར་གཉིད་ལོག་པར་བྱའོ། །ཕྱིས་ནི་ཡེ་ཤེས་ཀྱི་རང་བཞིན་འོད་གསལ་བའོ། །མ་རིག་པ་དེ་ལྕགས་ཀྱུ་དང་འདྲ། །རྣམ་པར་ཤེས་པ་གང་ལའང་འདྲེ་བར་མི་བྱེད་དོ། །འོད་གསལ་བའི་ངོ་བོ་ཉིད་མངོན་སུམ་དུ་བྱེད་དོ། །སྐྱེ་བ་འདིས་སངས་རྒྱའོ། །བཅས་རང་གར་འདོད་པའི་ཞིང་ཁམས་ཁྱད་པར་ཅན་དུ་འགྲོ་ན་ཡང་འགྲོའོ། ཏཻ་ལོ་པས་གསུངས། དེས་ནཱ་རོ་པ་ལ། དེས་མར་པ་ལ། དེས་མི་ལ་ལ། དེས་རིན་པོ་ཆེ་ལ་གནང་བའོ། །གཉིད་དང་འདྲེས་པའི་བསམ་གཏན་རྫོགས་སོ།། ༈ །།བར་དོའ་བཀའ་དཔེའོ། །བླ་མ་གྲུབ་ཐོབ་རྣམས་
༡༠༡ལ་ཕྱག་འཚལ་ལོ། །རིམ་གྱིས་འཇུག་པའི་གང་ཟག་ནི། །ཤེས་པའི་སྐྱེ་ལུགས་འདི་ལྟ་སྟེ། །སྣང་བ་ཐིམ་དང་རྟོག་པ་ཐིམ། །རགས་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་རྗེས་ལ་ནི་གོམས་པ་དང་། །རང་བཞིན་གྱིས་ནི་འོད་གསལ་འབྱུང་། །དེ་ཡི་རྗེས་ལ་ཟུང་འཇུག་གི་།སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། །སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་དུ་གྱུར་ཅེ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །གོང་དུ་བསྟན་པ་དེ་དག་ནི། །ཞིབ་ཏུ་བྱས་ན་འདི་ལྟ་སྟེ། །དང་པོ་ལུང་རིགས་མན་ངག་གིས། །རྒྱུད་ལ་རྟོག་པ་ཤར་ཙམ་ན། །སྣང་བ་འགགས་པའི་འགགས་ལུགས་ནི། །གཟུགས་སྒྲ་ལ་ཐིམ་དེ་བཞིན་དུ། །དྲི་དང་རོ་དང་རེག་བྱ་དང་། །ས་དང་ཆུ་དང་མེ་དང་རླུང་། །དེ་རྣམས་རིམ་གྱིས་སྣང་བར་ཐིམ། །སྣང་བའི་དུས་ན་ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། །ནང་རྟགས་ནི་ཤེས་པ་དུ་བ་ལྟ་བུའོ། །སྣང་བ་མཆེད་པ་ལ་ཐིམ་ཙམ་ན། །ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། །ནང་ཤེས་པ་སྲིན་བུ་མེ་ཁྱེར་བ་ལྟ་བུའོ། །མཆེད་པ་ཐོབ་པ་ལ་ཐིམ་ཙམ་ན། །ཕྱི་རྟགས་མུན་པ་ལྟ་བུ། ནང་ཤེས་པ་མར་མེ་ལྟ་བུའོ། །ཐོབ་པ་འོད་གསལ་ལ་ཐིམ་ཙམ་ན། །ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་ཤེས་པ་ནམ་མཁའ་སྤྲིན་དག་པ་ལྟ་བུའོ། །འོད་གསལ་ལས་ལྡང་བའི་ཟུང་འཇུག་གི་སྐུ་དེ་ངོ་ཤེས་པར་བྱས་ཏེ། །ངོ་ཤེས་པ་ནི་གསུམ་སྟེ། རང་བཞིན་གྱིས་འོད་གསལ་བ་དང་། ཟུང་འཇུག་གི་སྐུ་དང་། མངལ་གྱི་སྐྱེ་གནས་དགག་པའོ། །འོད་གསལ་བ་དེ་ངོས་ཟིན་ནས་འོད་གསལ་གྱི་མེས་བག་ཆགས་ཐམས་ཅད་སྦྱོང་བའི་དུས་ན། །སློབ་པའི་ཟུང་འཇུག་ཞེས་བྱའོ། །དེ་སྦྱང་གཞི་དང་སྦྱོང་བྱེད་མེད་པར་གོམས་པ་མཐར་ཕྱིན་ཙམ་ན། མི་སློབ་པའི་ཟུང་འཇུག་ཞེས་བྱ་སྟེ་འབྲས་བུ་ཐོབ་པའོ། །ཟུང་འཇུག་དེ་ངོས་ཟིན་ན་བར་དོ་སྒྱུ་མའི་ལུས་ཡིན་ཏེ། །དེའི་མཚན་ཉིད་ནི། །དབང་པོ་ཀུན་ཚངས་ཐོགས་མེད་ལྡན། །ལ་སོགས་པ་གཞན་ནས་བཤད་པ་དང་མཐུན་ཏེ། ཆུ་ལས་ཉ་ལྡང་བ་བཞིན་བྱུང་ནས། སྐྱེ་བ་གཞན་ལེན་པ་ལ་སོགས་པ་སྡུག་
༡༠༢བསྔལ་གྱི་རྒྱུར་འགྱུར་རོ། །།།། །བར་དོ་ལམ་དུ་བྱེད་པ་འཆི་ཀ་མའི་དུས་སུ་བསླབ་པ་ནི་འབྱུང་བ་བཞི་རིམ་གྱིས་ཐིམ་པར་ཤེས་པར་བྱས་ལ། རང་གི་སེམས་ལ་བལྟས་ཤིང་བར་དོ་ལ་བར་དོ་ངོ་ཤེས་པར་བྱའོ་སྙམ་པའི་འདུ་ཤེས་དྲག་ཏུ་བྱ་ཞིང་། བར་དོ་དེ་ཉིད་ཀྱང་སྒྱུ་མར་ཤེས་པར་བྱས་ཤིང་དེ་ཁོ་ན་ཉིད་བསྒོམ་སྟེ། སྐྱེ་བའི་རྐྱེན་པ་མ་ལ་ཆགས་སྡང་སྐྱེ་བ་ཡིན་པས། དེ་ཟློག་ཅིང་འོད་གསལ་དུ་གནས་པར་བྱའོ། །དེའི་དུས་སུ་དེ་ཁོ་ན་བསྒོམ་པར་མི་ནུས་ཤིང་སྐྱེ་བ་ལེན་ནའང་། རང་དབང་གིས་བདེ་བ་ཅན་ཏུ་འགྲོ་བར་བྱ་སྟེ་རང་དབང་ཡོད་པར་ལུས་ལེན་པའོ། །དེ་ནི་བར་དོ་ལམ་དུ་ཁྱེར་བ་སྟེ། ཤེས་བཞིན་ཏུ་འཇུག་པའི་གང་ཟག་གོ །།།། རྡོ་རྗེ་འཆང་གིས་ཕྱག་ན་རྡོ་རྗེ་ལ། དེས་ཏཻ་ལོ་པ་ལ། དེས་ནཱ་རོ་པ་ལ། དེས་རྗེ་བཙུན་མར་པ་ལ། དེས་གུང་ཐང་གི་མི་ལ་ཐོས་པ་དགའ་བ་དེས་རིན་པོ་ཆེ་ལ་གནང་། སྙན་ནས་སྙན། ཞལ་ནས་ཞལ། ཐུགས་ནས་ཐུགས་སུ་བརྒྱུད་པའོ། །ཀུན་གྱི་ཐུན་མོང་མ་ཡིན་པའོ། །རིན་པོ་ཆེའི་གདམས་པའོ། །རྫོགས་སོ། ༈ །གྲོང་འཇུག་གི་བཀའ་དཔེའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་སེམས་ཀྱི་འཕོ་བ་གྲོང་ཁྱེར་ལ་འཇུག་པའི་མན་ངག་ནི། འདི་ལྟར་ཤེས་པར་བྱ་སྟེ། དང་པོ་རྣལ་འབྱོར་པས་ཆོས་ཐམས་ཅད་སྒྱུ་མ་དང་ཁྱད་མེད་པའི་དོན་ལ་མོས་པ་དྲག་པོ་བྱ། དེ་ནས་རང་གི་ཁྱིམ་དུ་མཎྜལ་ལེགས་པར་བྱུགས་ཏེ། ཐོད་པའམ། །གཡམ་པ་རྩེ་ནི་ལ་ཆང་བྱུགས་ཏེ། དབུས་སུ་ཧཱུྃ་དཀར་པོ་གསལ་བར་བྲིས་ཏེ་མཎྜལ་གྱི་ཐོག་ཏུ་བཞག་ལ། རང་གི་ཤེས་པ་སྙིང་གར་ཧཱུྃ་ལ་གཏད་པར་བྱས་ལ། རང་གི་དབུགས་དང་ཤེས་པ་ཧཱུྃ་ལ་གཏད་དེ་དྲག་ཏུ་བཟུང་ངོ་། །དེ་ནས་ཟིན་པའི་རྟགས་ནི་ཐོད་པ་དྲོ་བའམ། འགུལ་བའམ། །འཕང་བའམ། དུ་བའི་རྟགས་འོང་སྟེ། དེའི་རྗེས་ལ་མི་ཤི་ནས་རིང་པོ་མ་ལོན་པ། རོ་མ་རུལ་བ་རྨ་མེད་པ་བླངས་ལ་ཁྲུས་བྱས་ཏེ། རྒྱན་བཏགས་ལ་ཡིད་གཞུང་བར་བྱ་སྟེ། མཎྜལ་གྱི་ཐོག་ཏུ་བཞག །རོའ་སྙིང་གར་ཧཱུྃ་བསམ་ལ་དེ་ལ་ཤེས་པ་གཏད་ལ་
༡༠༣དབུགས་ཐུབ་ཚད་བཟུང་ངོ་། །དེ་ནས་རླུང་དང་ཤེས་པ་རོ་ལ་ཟིན་ནས་དགའ་བ་སྐྱེས་ཤིང་འདུག་ཙམ་ན། ཤེས་པ་རོའ་སྙིང་གར་ཧྲིལ་ཏེ་གཏད་དེ་བཅུག་ལ། ཚུར་མི་དྲང་བར། དེ་ལངས་ལ་ལུས་སྔ་མ་བོར་རོ། །གྲོང་དུ་འཇུག་པ་སློབ་པའོ། །།།།། ༈ །འཕོ་བའི་བཀའ་དཔེའོ། །འཕོ་བ་ནི་དེ་ཁོ་ན་ཉིད་དང་། གྲོང་ཁྱེར་དུ་འཕོ་བ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་འཕོ་བ་ནི། རང་ཉིད་ལྷར་བསྒོམ་པའི་སྙིང་གའམ། ལྟེ་བར་པདྨ་དང་ཟླ་བ་དང་ཧཱུྃ་བསམ་སྟེ། དེའི་འོད་ཀྱིས་སྣང་སྲིད་ཐམས་ཅད་རང་སྐུ་ལ་བསྡུ། སྐུ་ཡང་ཧཱུྃ་དང་ཟླ་བ་ལ་བསྡུ། ཟླ་བ་ཡང་ཧཱུྃ་ལ་བསྡུ། ཧཱུྃ་ཞབས་ཀྱུ་ནས་ནཱ་དའི་བར་བསྡུས་ལ་མཐར་དབུགས་ཆད་པ་དང་དུས་མཉམ་དུ་ནཱ་དའང་མི་དམིགས་པར་བྱའོ། །དེས་ནི་རང་གི་རླུང་གཙོ་བོར་གྱུར་པ་དང་། མོས་པ་དང་རྩོལ་བ་དྲག་པོ་དང་། སྣང་སྲིད་སྒྱུ་མ་ཙམ་དུ་ཡིད་ཆེས་པས། ཅི་ལྟར་ཡང་བཏུབ་སྙམས་པས་འབྱུང་བ་ཡིན་ནོ། །།།།། །དེ་ལ་གྲོང་དུ་འཕོ་བར་བྱེད་ན་ཡང་། བར་དོ་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བ་ལ་ཡིད་ཆེས་པར་བྱའོ། །དེ་ཡང་གོང་དུ་འཕོ་བའི་མན་ངག་ལ་གསུམ་ཏེ། ཏིང་ངེ་འཛིན་གྱིས་དང་། རྩོལ་བ་དང་། བཙན་ཐབས་སོ། །དེ་ལ་ཏིང་ངེ་འཛིན་གྱིས་འཕོ་བ་བྱེད་ན། དང་པོ་རླུང་ལ་སྦྱང་སྟེ། དེ་ཡང་། རང་གི་སྙིང་གར་ཡི་གེ་ཧཾ་ཡིག་ཟེར་བའི་ཐིག་ལེ་ཡུངས་འབྲུ་ཙམ་ལ་ཤེས་པ་གཏད་ཡུན་ཐུབ་ཚད་དུ་བཟུང་། དབུགས་ངལ་ན་ཡང་སྣ་རྩེ་ལ་ཕར་ལ་རླུང་དྲང་ངོ། །དེ་ནས་སྙིང་གར་བཟུང་ཞིང་ཡང་དང་ཡང་དུ་ནན་ཏན་དུ་གོམས་པར་བྱས་པས་ཅི་ཙམ་འདོད་པར་ཟིན་ཅིང་། རང་དབང་ཡོད་པ་སྙམ་བྱེད་པ་འོང་ངོ་། །པུས་མོ་བསྐོར་ཞིང་སེ་གོལ་བརྡབ། །བརྒྱ་རྩ་བརྒྱད་ཟིན་པའི་ཆད་ཅེས་གསུངས་སོ། །སྙིང་གར་ཟིན་ནས་ལྐོག་མར་བཟུང་བར་བྱའོ། །དེ་ལྟར་དབུགས་ངལ་ན་སྣ་སྒོར་ངལ་གསོ། དེར་ནི་གང་འདོད་ཟིན་གྱུར་ན། །བདེ་བའི་འཁོར་ལོ་དྲངས་བྱས་ཏེ། །ཤེས་པ་བདེ་བ་ཅན་དུ་གཏད་ལ་ཚངས་པའི་སྒོ་ནས་འཕོ་
༡༠༤བར་བྱ། །།།། རྩོལ་བས་འཕོ་བ་འདི་ལྟར་བྱ་སྟེ། དང་པོ་འཆི་རྟགས་བྱུང་ནས་མི་ཐར་པར་ཤེས་ནས་དང་པོར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་ཡིད་ཆེས་པར་བྱས་ལ། ལུས་ཀྱི་འཁྲུལ་འཁོར་བཅའ་བའོ། །དེ་ཡང་ངག་ཏུ་ཨཱ་ལི་བཟླས་ཏེ་ངག་གི་འཁྲུལ་འཁོར་བཅས་པའོ། །དེ་ནས་ཤེས་པ་བདེ་བ་ཅན་དུ་གཏད་དེ་བསམ་པ་དེར་བཏང་ལ་རང་གི་ཤེས་པ་སྙིང་གར་ཧཱུྃ་ལ་བསྡུས་ཏེ། ལག་པ་ལྟད་པར་སྤྲེལ་ཏེ་པུས་མོ་བཙུགས་ལ། སྙིང་གྱེན་ལ་ལོག་པར་བསམས་ལ། ལུས་དབྱུག་པ་ལ་བརྟེན་ཏེ། ངག་ཏུ་ཡང་ཧི་ཀ་བྱས་པས་ཁ་ནས་འཕོ་བར་བྱ། །འཆི་རྟགས་ངེས་ན་འཕོ་བྱ་སྟེ། །འཆི་རྟགས་མེད་ན་སངས་རྒྱས་གསོད། །འཕོ་བ་བོ། །དེ་ལ་བཙན་ཐབས་ཀྱི་འཕོ་བ་ནི། །རྐང་པ་གཡོན་པའི་ཕྱི་རྟིང་གིས་བཤང་སྒོ་དགག །ལོང་བུས་རྩ་སྒོ་མནན་ནས་དེ་ལ། སེང་གེ་རྣམ་འགྱིང་གི་ཕྱག་རྒྱས་རྩེའུ་ཆུང་གཉིས་དང་མིག་ལ་སོགས་པ་མནན། འོག་སྒོ་བསྡམ་ཞིང་རླུང་བུམ་པ་ཅན་ཏུ་བྱའོ། །དེ་ནས་དབུགས་མ་ཐུབ་ན་གྲུ་མོ་གཉིས་ཀྱིས་མཆན་ཁུང་འོག་གི་རྩིབས་ལོག་བསྡམ་ལ། སྐེད་པ་ཉེག་པར་བྱས་ཏེ། རླུང་དྲག་པོར་གྱེན་དུ་དྲངས་ཏེ་ཕུལ་ནས་ཡར་རླུང་དང་ཤེས་པ་གཉིས་ཁྲོག་གིས་ཕྱུར་གྱིས་ཚངས་པའི་བུ་ག་ནས་འཕོས་ཏེ་མཁའ་སྤྱོད་དུ་འགྲོ་བའོ། །འཕོ་བ་འདི་གར་དགར་དགར་བྱ་མི་རུང་སྟེ། རང་གི་ལུས་ཀྱི་ལྷ་བསད་ན་མཚམས་མེད་རྩ་ལྟུང་འབྱུང་ནས་ངན་སོང་དུ་འགྲོའོ། །འཆི་ངེས་ན་གོང་རོལ་དུ་བྱའོ། །ཁྱད་པར་དུ་བཙན་ཐབས་ཀྱི་འཕོ་བ་འདི་ནི་སྡིག་པོ་ཆེ་ཚོགས་མ་བསགས་པས་བྱའོ། །གཞན་ཏུ་མི་རུང་ངོ་། །།།།། །དང་པོ་རང་ཉིད་སྐྱིལ་མོ་ཀྲུང་དང་མཉམ་བཞག་བཅས་ཏེ། །མིག་སྣ་རྩེར་ཕབ་ལ། སྐད་ཅིག་གིས་ཡི་དམ་ལྷར་བསྒོམ་ལ། རླུང་དྲག་པོ་ནང་དུ་རྔུབ་ཅིང་དྲངས་ནས་བུམ་པ་ཅན་ལྟ་བུར་བྱའོ། །འོག་སྒོ་དང་སྟེང་སྒོ་གཉིས་ཆར་གྱིས་བསྡབ། དེ་ནས་ལྟེ་བ་ཨ་སྙིང་གར་ཧཱུྃ་བསམ་ལ། དེ་ནས་ཤེས་པ་སྙིང་ལས་ཞུགས་
༡༠༥ཏེ། ཧཱུྃ་གྱེན་ཏུ་སོང་ནས་ཚངས་པའི་སྲུབས་འབྱེད་བཞིན་འབྱེད་པར་བསམ། །དེ་ལ་དབུགས་ཤིན་ཏུ་མ་ཐུབ་ན། །སྣ་གཡོན་པ་ནས་བག་ཙམ་བཏང་ཞིང་དེ་ཉིད་ལ་བསྒོམ། །དེ་ལ་འཕོ་བར་ནུས་པའི་ཚད་ནི། །དབུགས་རེ་ལ་ལག་པ་པུས་མོའ་འཁོར་གསུམ་བསྐོར་ཞིང་སེ་གོལ་ལན་གསུམ་གསུམ་བརྡབ། །བརྒྱ་རྩ་བརྒྱད་ནུས་ན་འཕོ་བར་ནུས་སོ། །ན་མཐུན་གཏོང་ཙམ་ན། །ཡི་གེ་གཉིས་གནས་སུ་སོང་བར་བསམ་འཆི་ངེས་ན་གོང་རོལ་དུ་འཕོའོ། །དེ་ལ་འཕོ་བའི་དུས་སུ་གོང་དུ་བསྒོམ་པ་ལྟར་བྱས་ཏེ། །སྐེད་པ་ཅུང་ཟད་ཉེག་ཉེག་པོར་བྱས་ནས། །གྲུ་མོས་རྩིབས་ལོགས་གཉིས་ཅུང་ཞིག་མནན་ཏེ། །རླུང་དྲག་པོ་གྱེན་དུ་དྲངས་ཏེ། །ཚངས་པའི་སྲུབ་ཕྱེས་ཏེ་འཕོས་པས། །ཤེས་པ་རླུང་དང་གཉིས་ཁྲོག་ཐེར་གྱིས་འགྲོའོ། །འཕོ་བའི་མན་ངག་གོ །ཏཻ་ལོ་པ། དེས་ནཱ་རོ་པ། དེས་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས། །དེས་གུང་ཐང་གི་མི་ལ་ཐོས་པ་དགའ་ལ། །དེས་རིན་པོ་ཆེ་སྒམ་པོ་པ་ལ་གནང་བའོ། །གྲུབ་པ་ནུས་པ་ཐོབ་པའི་ཉམས་ལེན་རྒྱུན་མ་ཆད་པ་ཡིན་ནོ། །རྗེ་བཙུན་རས་པ་ནི་མཁའ་འགྲོ་མས་ཀྱང་བྱིན་གྱིས་བརླབས་པ་ཡིན་གསུངས་སོ། །།།།། ༈ །གདམས་ངག་གནད་ཀྱི་བཀའ་དཔེའོ། །སྲོག་རྩོལ་གནད་དུ་བསྡམས་བྱས་ཏེ། །རྩ་རླུང་ཐིག་ལེ་མཚན་ལྡན་དང་། །འོད་གསལ་རྗེས་སུ་གནང་བ་བསྒོམ། །སྲོག་རྩོལ་དག་ལ་དབང་ཐོབ་ན། །རླུང་ནི་གཡས་གཡོན་འཕོ་དུས་དང་། །ཁ་དོག་བྱེ་བྲག་ཚོར་བ་དང་། །བསྡམ་གདོད་མེད་ཅིང་ཕྱི་ནང་བསྲེ། །ཚ་གྲང་འདྲེས་པའི་རྟགས་བྱུང་ནས། །དགོས་དགུ་ཐམས་ཅད་འབྱུང་བར་གསུངས། །བླ་མ་དམ་པའི་གདམས་ངག་ལ། །ཆུ་བོའ་རྒྱུན་བཞིན་ཉམས་བླངས་ན། །དམ་ཚིག་དེ་ཡིས་སྐོང་བར་གསུངས། །རྨི་ལམ་མངོན་སུམ་གང་ལ་ཡང་། །ཆོ་འཕྲུལ་སྣ་ཚོགས་འབྱུང་བ་ལ། །སྒྱུ་མར་ཤེས་ན་ལམ་དུ་འགྱུར། །བདེན་པར་བཟུང་ན་བར་ཆོད་ཡིན། །ཉིན་རེ་བྲམ་ཟེ་བརྒྱ་གསོད་དང་། །མཚམས་མེད་ལྔ་དག་བྱེད་པ་དང་། །རྐུ་དང་འདོད་པའི་ལོངས་སྤྱོད་རྣམས། །
༡༠༦འདི་ཡི་ལམ་གྱིས་འགགས་པར་འགྱུར། །སྡིག་གིས་གོས་པར་མི་འགྱུར་ཏེ། །སྲིད་པའི་དངོས་པོར་རེངས་པར་འགྱུར། །ཇི་ལྟར་འདམ་ནས་སྐྱེས་པ་ཡི། །པདྨའི་མདངས་ནི་མཛེས་པར་འགྱུར། །དེ་བཞིན་རྒས་པའི་ལུས་དག་ལ། །ཡེ་ཤེས་སྐུ་ནི་རང་དགར་འབྱུང་། །རྡོ་རྗེ་སྦྱོར་བའི་སྦྱོར་བས་ན། །རྡོ་རྗེ་དྲིལ་བུ་མི་ལྡན་པའི། །གསང་བའི་འབྲས་བུ་ཅི་ལྟར་འབྱུང་། །རྡོ་རྗེ་དྲིལ་བུ་མི་ལྡན་པའི། །རྡོ་རྗེ་བསྒྲུབ་པ་རེངས་པར་འགྱུར། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །སྦྱངས་ནས་ཕ་རོལ་དགའ་བར་འགྱུར། །མཚན་མོ་ཟླ་བ་མེད་པ་ཡི། །ཉིན་མོ་ཟླ་བ་ཇི་ལྟར་སྣང་། །།།།། །ཅེས་ནཱ་རོ་པའི་བཀའ་དཔེ་རྣམས་རྫོགས་སོ། །ཀ་དཔེ་ཚིག་ལྷུག་པ་གཅིག་ཀྱང་ཡོད་དོ། །ཚིག་བཅད་འདི་གཙོ་བོར་མཛད་དོ། །མངྒ་ལཾ།

༄༅། །ཤངས་ལུགས་རྒྱུད་སྡེ་ལྷ་ལྔའི་བརྒྱུད་འདེབས།

༦༢༄༅། །ཤངས་ལུགས་རྒྱུད་སྡེ་ལྷ་ལྔའི་བརྒྱུད་འདེབས།
༦༣ རྒྱལ་བ་ཀུན་གྱི་བདག་པོ་རྡོ་རྗེ་འཆང་། །དཀྱིལ་འཁོར་འཁོར་ལོའ་ཡུམ་གཅིག་བདག་མེད་མ། །གྲུབ་པའི་དབང་ཕྱུག་ཌཱོཾ་བྷི་ཧེ་རུ་ཀ །དེ་ཡིས་རྗེས་བཟུང་ངོ་མཚར་རྡོ་རྗེ་དང་། །གསང་སྤྱོད་མཐར་ཕྱིན་གརྦ་རི་པའི་ཞབས། །རིག་པའི་གནས་ལྔ་མཁྱེན་པ་རྒྱལ་བ་དཔལ། །མཁའ་འགྲོ་མ་མགོན་རྒྱལ་དཀའ་ཟླ་བའི་ཞབས། །རྩོད་དུས་ཀུན་མཁྱེན་རཏྣ་ཨཱ་ཀ་ར། །བློ་གྲོས་མི་ཟད་རྡོ་རྗེ་གདན་པ་སྟེ། །དགྱེས་མཛད་བརྒྱུད་པ་རྣམས་ལ །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། །ཨུ་རྒྱན་གནས་ཀྱི་ཀླུ་ཡི་རྣལ་འབྱོར་མ། །རྒྱལ་རིགས་སྐལ་ལྡན་བི་སུ་ཀལྤའི་ཞབས། །རྟོགས་པ་དོན་གྱི་མངའ་བདག་ས་ར་ཧ། །རབ་དགའི་ས་གྲུབ་སློབ་དཔོན་ཀླུ་སྒྲུབ་ཞབས། །འོད་གསལ་སྒྱུ་མའི་གར་མཛད་འཕགས་པ་ལྷ། །བཅུད་ལེན་གྲུབ་པའི་དབང་ཕྱུག་བཀྲ་ཤིས་མ། །གདོལ་པའི་རིགས་ལས་གྲུབ་བརྙེས་མ་ཏངྒི། །མཁའ་འགྲོས་བྱིན་བརླབས་ཤར་ཕྱོགས་ཏིལླི་པ། །བླ་མས་བྱིན་བརླབས་མཆོག་བརྙེས་ནཱ་རོ་པ། །སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏ། །གསང་འདུས་བླ་མ་རྣམས་ལ་རྒྱལ་བའི་ཡུམ་གཅིག་རྡོ་རྗེ་རྣལ་འབྱོར་མ། །དཀའ་བ་སྤྱད་པས་གྲུབ་བརྙེས་ལཱུ་ཧི་པ། །ཆང་ཚོང་མཁའ་འགྲོས་རྗེས་བཟུང་ཌིངྒི་པ། །བུད་མེད་གསུམ་བཅས་གྲུབ་བརྙེས་དྲིལ་བུ་པ། །སྒྱུ་མའི་དོན་གཟིགས་གཱ་ཡ་ལ་པའི་ཞབས། །ཡེ་ཤེས་མཆོག་གིས་རྣམ་རོལ་འབར་བ་འཛིན། །རིག་པའི་བརྟུལ་ཞུགས་སྤྱོད་མཛད་ནག་པོ་པ། །མངོན་ཤེས་དྲུག་ལྡན་དགེ་བའི་མགོན་པོ་དང་། །གྲུབ་ཆེན་ཏེ་ལོ་པ་དང་ནཱ་རོ་པ། །མཁས་པ་བློ་གྲོས་བཟང་པོའ་ཞལ་སྔ་ནས། །བདེ་མཆོག་བླ་མ་རྣམས་ལ་ཟག་མེད་བདེ་སྟེར་རྣམ་ལྔའི་མཁའ་འགྲོ་མ། །འབྱུང་པོ་འདུལ་མཛད་ཀུ་ཀུ་རི་པའི་ཞབས། །འོ་གསལ་རྡོ་རྗེའི་རྣམ་རོལ་པདྨ་པ། །མ་རྒྱུད་རྒྱ་མཚོའ་མཐར་སོན་ཞི་བ་བཟང་། །ཤཱནྟི་པ་དང་རྡོ་རྗེ་གདན་པ་སྟེ། །སྒྱུ་འཕྲུལ་བླ་མ་རྣམས་ལ་རྣལ་འབྱོར་མ་དཔལ་སྐལ་པབ་
༦༤ བཟང་མོའ་ཞབས། །མངོན་སྤྱོད་དྲག་པོའ་ལས་མཛད་ལ་ལི་ཏ། །མི་བདག་ཨིནྡྲ་བྷུ་ཏི་ཆུང་བ་དང་། །སྒྱུ་འཕྲུལ་མ་ཧེའི་ཞལ་ཅན་དཔལ་འཛིན་དང་། །བདེ་ཆེན་རང་བཞིན་རྣམ་སྣང་སྲུང་བའི་ཞབས། །ནུས་མཐུས་བསྟན་པ་སྐྱོང་མཛད་པདྨ་སྲུང་། །འཇིགས་བྱེད་བླ་མ་རྣམས་ལ་རྡོ་རྗེ་འཆང་ཆེན་རྡོ་རྗེ་སྙིང་པོའ་ཞབས། །ཡེ་ཤེས་མཁའ་འགྲོ་ཨིནྡྲ་བྷུ་ཏི་དང་། །ལྷ་ལྕམ་དཔལ་མོས་མནྟ་བཛྲ། །ཛ་ཡ་དེ་ཝ་རྡོ་རྗེ་གདན་པ་དང་། །རྡོ་རྗེ་འཆང་ཆེན་བློ་གྲོས་རིན་ཆེན་དང་། །ཤ་བ་རི་པ་མངའ་བདག་མེ་ཏྲིའི་ཞབས། །མན་ངག་རྒྱ་མཚོའ་མཐར་སོན་དྷ་ཆེན་པོ། །རྡོ་རྗེ་འཆང་ཆེན་གྲུབ་པའི་དཔའ་བོ་དང་། །རཏྣ་ཀ་ར་ཨ་ཏ་ཡ་བཛྲ། །སྒྲ་གཅན་འཛིན་སྦས་རྡོ་རྗེའི་ཞལ་སྔ་ནས། །ཉེ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱུད་སྡེ་ལྔའི་བརྒྱུད་པའི་བླ་མ་རྒྱ་གར་པ་རྣམས་ལ་གསོལ་བ་འདེབས་པ་སྟེ། བརྒྱུད་པའི་ཁྱད་པར་གཞན་མན་ངག་གཙོ་བོར་གྱུར་པ་ལ་ཁོ་བོས་བཀའ་བབས་བརྒྱུད་འདེབས་སུ་སྦྱར་ཟིན་ལ། འདི་ནི་གཞུང་གི་བརྒྱུད་པ་གཙོ་ཆེ་བ་ཡིན་ཏེ་ཏཱ་ར་ནཱ་ཐས་སོ།། །།

།བློ་སྦྱོང་ཐུན་བརྒྱད་མ་ལགས་སོ།

༈ །བློ་སྦྱོང་ཐུན་བརྒྱད་མ་ལགས་སོ།

༡༡༣ ༈ །བློ་སྦྱོང་ཐུན་བརྒྱད་མ་ལགས་སོ། །ཐེག་ཆེན་དགེ་བའི་བཤེས་གཉེན་ལ་ཕྱག་འཚལ་ལོ། །སྤྱིར་ཇོ་བོ་ལ་སྔགས་ཕ་རོལ་ཏུ་ཕྱིན་པ་གསན་པའི་བླ་མ་བདུན་ཅུ་རྩ་གཉིས་ཡོད། ཁྱད་པར་གྱིས་ཀྱང་བྱང་ཆུབ་སེམས་སྟོན་པའི་བླ་མ་གསུམ་ཡོད། བྱམས་པའི་རྣལ་འབྱོར་པ། རཀྵི་ཏ། གསེར་གླིང་པ་དང་གསུམ་ཡིན། དེ་རྣམས་ཀྱི་ནང་ནས་བླ་མ་གསེར་གླིང་པ་ལ་གུས་པའི་རྒྱུ་མཚན་བླ་མ་གཞན་ལ་གདུང་ཁང་མེད་དེ། གསེར་གླིང་པ་ལ་གདུང་ཁང་དངུལ་གདུགས་ཅན་ཡོད། བླ་མ་གཞན་ལ་ཟླ་མཆོད་མེད་དེ། གསེར་གླིང་པ་ལ་ཟླ་མཆོད་ཡོད། བླ་མ་གཞན་གྱི་མཚན་ཐོས་ཙམ་གྱིས་ཐལ་མོ་ཐུགས་ཀར་སྦྱོར་ཏེ། མཉམ་མེད་གསེར་གླིང་པའི་མཚན་ཐོས་ཙམ་ན་ཐལ་མོ་སྤྱི་བོར་སྦྱོར། བླ་མ་གཞན་དྲན་ཀྱང་སྤྱན་ཆབ་མི་འོང་སྟེ། བླ་མ་གསེར་གླིང་པ་དྲན་ཙམ་ནས་སྤྱན་ཆབ་ཡོད་སྐད། ཨ་ཏི་ཤ་ལ་བླ་མ་མང་དུ་ཡོད་པ་ལ་གསེར་གླིང་པ་ལ་དེ་ཙམ་གུས་པའི་རྒྱུ་མཚན་ཅི་ལགས་ཞུས་པས། ཇོ་བོའ་ཞལ་ནས། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་འདི་བླ་མ་གསེར་གླིང་པ་མིན་པ་ལ་མ་བྱུང་བ་ཡིན་གསུངས། བླ་མ་གསེར་གླིང་པ་དེའི་བརྒྱུད་པའི་དབང་དུ་བྱས་ན། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་
༡༡༤པ་རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ། དེས་མཆོག་གི་སྡེ། དེས་དུལའདུལ་བའི་སྡེ། དེས་མཁན་པོ་ཡང་དག་རྣམ་སྣང་མཛད། དེས་སེང་གེ་བཟང་པོ། །དེས་རིན་ཆེན་མདོ། དེས་བླ་མ་གསེར་གླིང་པ། དེས་དཔལ་ལྡན་ཨ་ཏི་ཤ་།དེས་དགེ་བཤེས་སྟོན་པ། དེས་སྐུ་མཆེད་གསུམ་ལ། ཁྱད་པར་དུ་སྤྱན་སྔ་བ་ལ་གནང་། དེས་གླང་ཐང་པ་དང་། ཤ་བོ་སྒང་པ་གཉིས་ལ། གླང་ཐང་པས་ཞང་ཞུང་དང་ལུ་གུར་གཉིས་ལ། དེ་གཉིས་ཀྱིས་ཕྱིས་ཇོ་བོ་ལ། དེས་ལུང་ནང་པ་མཁན་པོ་རིན་པོ་ཆེ། དེས་སློབ་དཔོན་བྲག་སྟོན་ཤེས་རབ་རིན་ཆེན། བསྟན་པའི་བདག་པོ་སློབ་དཔོན་གཞོན་ནུ་བསམ་གཏན། དེས་བུདྡྷ་རཏྣ། དེས་ཀཱིརྟྟི་ཤཱི་ལ་ལ། དེས་རྒྱལ་བའི་མཚན། དེས་པུ་ཎྱེ་རཏྣ་ལ། དེས་གཞོན་ནུ་རྒྱལ་མཆོག །དེ་ཡན་ཆད་བླ་མ་བརྒྱུད་པའི་རིམ་པ་ཡིན་ཏེ། དེ་རྣམས་ཆོས་འདི་ལ་བརྟེན་ནས་གྲུབ་པ་ཐོབ། རྟོགས་པ་ཁྱད་པར་ཅན་འཁྲུངས་པ་ཡིན་གསུངས། ཐེག་པ་ཆེན་པོ་བློ་སྦྱོང་ཞེས་བྱ་བ་སྤྱིར་དུ་ཡང་བཀའ་སྡེ་སྣོད་ཀྱི་ཆོས་ཐམས་ཅད་ནས་གསུངས། ཁྱད་པར་གྱིས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསམ་གཏན་ལེའུ་ནས། བདག་ཉིད་སྐྱོན་བཅས་གཞན་ལ་ཡང་། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང་། །གཞན་བླང་བ་ཡང་བསྒོམ་པར་བྱ། །ཞེས་གསུངས། དེ་ལ་སོགས་པའི་ཚིགས་སུ་བཅད་པ་དེ་རྣམས་ཀྱི་དོན་གོ་ཧྲིལ་གྱིས་དྲིལ་བ་ལ་སྤྱིར་འཁོར་བར་འཁྱམས་པར་བྱེད་པའི་རྒྱུ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དེ་ཚུར་བསྡུ་ན། དྲུག་རྩ་བའི་ཉོན་མོངས་པ། ཉི་ཤུ་ཉེ་བའི་ཉོན་མོངས་པ་དེའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན། རང་བཞིན་གྲུབ་པ་མེད་པ་གཅིག་ལ་ང་བདག་ཏུ་བཟུང་ནས་འདིའི་ཁ་འཛིན་ཤག་འདེབས་བྱས་པས་ཚེ་འདི་ལ་དགེ་རྒྱུའི་ལས་མི་དགེ་བར་སོང་ནས་མི་
༡༡༥དགེའི་རྒྱུའི་ལས་སྡུག་བསྔལ་དུ་སོང་ནས་རང་ས་རང་གིས་ཁ་འཛིན་ཤག་འདེབས་བྱས་པས་ལན། དེ་འོག་མན་ཆད་དུ་ཡང་བདག་ཏུ་འཛིན་པ་འདི་མ་སྤངས་ན་དེ་ཁོ་ན་བཞིན་དུ་འཁྱམས་པ་འདས་མ་འོངས་ད་ལྟ་དུས་གསུམ་དུ་སྡུག་ཏུ་འཇུག་མཁན་རང་གཅེས་པར་འཛིན་པའི་འགོང་པོ་ང་བདག་བྱ་བ་འདི་ཡིན་མིན་ལ་ཐེ་ཚོམ་མི་ཟ། འདི་ཡི་ཁ་འཛིན་ཤག་འདེབས་བྱས་པས་ལན། མཐོང་བ་ཐོས་པ་ཡིད་ལ་འགྱུས་པ་རྣམས་ལག་ལེན་ལ་མ་བཏབ་པ་གཅིག་ཀྱང་མེད་དེ། འཁོར་བ་ལ་སྔ་འདྲིས་གང་ཡང་རིང་དུ་མ་སོང་བས་ད་ཡང་གང་ལེགས་ཐོང་བྱུག་ལེགས་ལ་ཐོང་སྙམ་དུ་བྱས་ནས་རང་གཞན་ལིང་བསྐྱུར་ལ་ཐོང་ལྷོད་དེ་ཀློད་ལ་ཐོང་། ཤིགས་ཀྱིས་ཤིག་ལ་ཐོང་། སེམས་ཅན་སྤྱིར་མི་ཡོང་བ་མིན་ཕ་མ་དྲིན་ཅན་ཤ་དགསྟག་ཡིན་པས་སེམས་ཅན་རྣམས་ཀྱི་རྒྱུའི་དུས་ཀྱི་སྡིག་པ། འབྲས་བུའི་དུས་ཀྱི་སྡུག་བསྔལ་ཀོ་བ་སྤྱི་གྲིས་བཞར་བ་བཞིན་དུ་བླངས་ནས་རང་གི་ལུས་པོ་འདིའི་སྟེང་དུ་ཧྲིལ་ཧྲིལ་སྨིན་པར་བསམ། རང་གི་བདེ་བ་དང་དགེ་བ་སེམས་ཅན་ལ་སྨིན་པར་བསམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། ཐེག་པ་ཆེན་པོའ་བློ་སྦྱོང་ཞེས་བྱ་བའི་དོན་གོ་དེ་ལྟ་བུ་གཅིག་ཡིན་གསུངས། མཁན་པོ་བའི་གསུང་ནས་བློ་སྦྱོང་ཞེས་བྱ་བ་བདག་ཁྱད་དུ་བསད་ནས་སེམས་ཅན་ལ་གུས། བདག་ཁྱད་པར་དུ་བསད་པ་བྱ་བ་འཁོར་བ་ཐོག་མ་མེད་པ་ནས་སྡུག་ཏུ་འཇུག་མཁན་རང་གཅེས་པར་འཛིན་པའི་འགོང་པོ་འདི་ཡིན་པས་གཞི་འདི་བརླག་ན་ཡང་བརླག་གཞུག་གསུངས། དོན་དུ་མ་ལ་འཇུག་གསུངས། སེམས་ཅན་ལ་གུས་པར་བསྒོམ་པ་ནི་གཞན་ཁམས་གསུམ་འཁོར་བའི་སེམས་ཅན་འདི་རྣམས་ཅིར་
༡༡༦མི་ཡོང་བ་མ་ཡིན། ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་སེམས་ཅན་ལ་གུས་པར་བསྒོམ་ལུས་ངག་ཡིད་གསུམ་གྱི་ཞོ་ཤ་མི་བསྲི་བར་ཕན་འདོགས་གསུང་ངོ་། ༈ །ཟས་ལ་བརྟེན་པའི་བློ་སྦྱོང་། །ཡང་དགེ་བཤེས་སྟོན་པའི་གདམས་ངག་ལག་ལེན་དུ་བྱེད་ན། སྦྱིན་བདག་གི་བསོད་ནམས་ཀྱི་ཚོགས་རྫོགས་པའམ་གཞན་གྱི་དད་ཟས་འཇུ་བར་བྱ་བའི་ཆེད་དུ་ཟས་ལ་བརྟེན་པའི་བློ་སྦྱོང་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། ཁྱད་པར་གྱིས་ཀྱང་རང་གི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་ཡོད་པས་དེ་རྣམས་ད་ལྟ་ཟང་ཟིང་གིས་སྡུད་ལ་མ་འོངས་པ་ན་ཆོས་ཀྱིས་སྡུད་སྙམ་དུ་བསམ། །ཟས་ནང་དུ་མིད་པའི་དུས་སུ་སེམས་ཅན་རྣམས་ཀྱི་རྒྱུའི་དུས་ཀྱི་སྡིག་པ་འབྲས་བུའི་དུས་ཀྱི་སྡུག་བསྔལ་ཐམས་ཅད་ཀོ་བ་སྤྱི་གྲིས་བཞར་བ་བཞིན་དུ་རང་གི་ལུས་འདིའི་སྟེང་དུ་ཧྲིལ་གྱིས་སྨིན་པར་བསྒོམ། དབུགས་ཕྱིར་རྒྱུ་བའི་དུས་སུ་རང་གི་བདེ་བ་དང་དགེ་བ་སེམས་ཅན་ལ་བསྔོ་བར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་རྣམས་ཀྱི་རྒྱུ་དུས་ཀྱི་སྡིག་པ་འབྲས་བུའི་དུས་ཀྱི་སྡུག་བསྔལ་བྲལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚོགས་གཉིས་རྫོགས་ནས་སངས་རྒྱས་ཐོབ་པར་བསྒོམ། ཡང་རྒྱུའི་དུས་ཀྱི་སྡིག་པ་འབྲས་བུའི་དུས་ཀྱི་སྡུག་བསྔལ་དང་བྲལ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚོགས་གཉིས་རྫོགས་ནས་བཅོམ་ལྡན་འདས་མི་གཡོ་བར་ཀྲོང་ངེ་གྱུར་བར་བསྒོམ། དེ་ནས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མི་གཡོ་བ་ཡེ་ཤེས་སེམས་དཔའ་ཚོན་གང་བ་གཅིག་སྤྱི་བོའ་གཙུག་ཏུ་བྱོན་པར་བསྒོམ། དེ་ལ་ཡིད་ཀྱི་སྒོ་ནས་དད་པ་གུས་པ་བྱེད། ངག་གི་སྒོ་ནས་
༡༡༧བསྟོད་པ་བྱེད་མཆོད་པ་འབུལ་གསོལ་བ་གདབ། དེ་ནས་ཚངས་པའི་བུ་ག་ནས་མར་ཐིམ་ཐིམ་སོང་ནས་སྟོང་པ་ཉིད་དུ་ཆམ་ཆམ་སྙིང་གི་ཐད་ཀར་སླེབས་ཙམ་ན་སྟོང་པ་ཉིད་དུ་ཆམ་གྱུར་པར་བསྒོམ། དེའི་ངང་དུ་འབོལ་ལེ་ཤིགས་སེ་ལྷོད་དེ་ཁྲིལ་ལེ་བཞག །དེའི་འཕྲོ་ལ་སེམས་གནས་ན་གནས་སུ་གཞུག །དེའི་འཕྲོ་ལ་གཉིད་དུ་སོང་ན་གཉིད་ཆོས་ཉིད་དུ་ཁྱེར་བའི་མན་ངག་ཡིན། དེའི་འཕྲོ་ལ་ཤིནཤི་ན་འཆི་ཁ་མའི་མན་ངག་ཡིན་ཏེ་བར་དོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་གསུང་ངོ་། །དེའི་འཕྲོ་ལ་བཟླས་པ་བྱེད་ན་བྱིན་རླབས་ཤིན་ཏུ་ཆེ་སྟེ། སྐུ་གསུང་ཐུགས་ཀྱི་བཟླས་པ་འགྲོ་བ་མ་ལུས་ཡི་དམ་ལྷ་བསྒོམ་པ་དེ་སྐུའི་བཟླས་པ། སྙིང་པོ་བཟླས་པ་དེ་གསུང་གི་བཟླས་པ་ཡིན། སྟོང་པ་ཉིད་བསྒོམ་པ་དེ་ཐུགས་ཀྱི་བཟླས་པ་ཡིན་གསུངས། དེ་ལས་ལྡང་བར་འདོད་ན་ནམ་མཁའ་ལ་འཇའ་ཚོན་ཆགས་པ་བཞིན་དུ་སྟོང་པ་ཉིད་ཀྱི་ངང་ལས་བཅོམ་ལྡན་འདས་མི་གཡོ་བ་ལམ་སྟེ་བསྐྱེད། སྔར་བསྟིམས་པའི་སེམས་དཔའ་ཚོན་གང་པ་དེ་སྤྱི་བོའ་གཙུག་ཏུ་བཞུགས་པར་བསམས་ལ། ཡིད་ཀྱི་སྒོ་ནས་དད་པ་དང་གུས་པ་བྱ། ངག་གི་སྒོ་ནས་བསྟོད་པ་བྱ་མཆོད་པ་འབུལ་གསོལ་བ་གདབ། དེ་ནས་རས་བྲིས་ཡོད་ན་དེ་ལ་བསྟིམ། མེད་ན་ལུགས་མའམ་གདུང་རྟེན་ལ་བསྟིམ། དེ་ལྟ་བུ་མི་བཞུགས་ན་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་པའི་སྐྱབས་འགྲོ་སེམས་བསྐྱེད་ཀྱི་བསྔོ་བ་ལན་གསུམ་བྱ། ད་ལྟའི་སྣང་བ་འདི་རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ་གསུངས། ཟས་ལ་བརྟེན་པའི་ལེའུ་སྟེ་དང་པོའོ། ༈ །དབུགས་ལ་བརྟེན་པའི་བློ་སྦྱོང་། གཉིས་པ་དབུགས་ལ་བརྟེན་པའི་བློ་སྦྱོང་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་དབུགས་ལ་བརྟེན་པའི་
༡༡༨བློ་སྦྱོང་བསྒོམ་སྙམ་དུ་བསམ་ནས་དབུགས་ནང་དུ་རྒྱུ་བའི་དུས་སུ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རང་ལ་སྨིན་པར་བསྒོམ། དབུགས་ཕྱིར་རྒྱུ་བའི་དུས་སུ་རང་གི་བདེ་བ་དང་དགེ་བ་སེམས་ཅན་རྣམས་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་རང་ཡང་སྡིག་སྡུག་དང་བྲལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་ཡི་དམ་གྱི་བསྒོམ་བཟླས་སྔར་བཞིན་བྱས། དབུགས་ལ་བསྟེན་པའི་ལེའུ་སྟེ་གཉིས་པའོ། །གསུམ་པ་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་པའི་བློ་སྦྱོང་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ལུས་གངྒཱ་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྡིག་སྡུག་ཐམས་ཅད་རང་གི་ལུས་པོ་དེ་རྣམས་ཀྱི་ཐོག་ཏུ་ཧྲིལ་ཧྲིལ་སྨིན་པར་བསྒོམ། རང་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་དམྱལ་བ་རྣམས་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་དམྱལ་བ་པ་རྣམས་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་དམྱལ་བ་པ་རྣམས་སྡིག་སྡུག་དང་བྲལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚོགས་གཉིས་རྫོགས་ནས་མཐོ་རིས་ལྷ་མི་ཐོབ་པར་བསྒོམ། །དེ་ལྟར་ཡི་དྭགས་དུད་འགྲོ་ལྷ་མ་ཡིན་རྣམས་ཀྱིས་ཀྱང་ལྷ་མིའི་ལུས་ཐོབ་པར་བསྒོམ། །མིའི་གནས་སུ་ལུས་གངྒཱ་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་མི་རྣམས་ཀྱི་སྡིག་སྡུག་ཐམས་ཅད་རང་གི་ལུས་པོ་དེ་རྣམས་ཀྱི་སྟེང་དུ་ཧྲིལ་ཧྲིལ་སྨིན་པར་བསྒོམ། །རང་གི་བདེ་དགེ་མི་རྣམས་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་
༡༡༩བ་རྣམས་ཀྱང་བློས་བླངས་ནས་སེམས་ཅན་རྣམས་ལ་སྨིན་པར་བསྒོམ། དེ་ལྟར་མི་རྣམས་སྡིག་སྡུག་དང་བྲལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚོགས་གཉིས་རྫོགས་ནས་སངས་རྒྱས་པར་བསྒོམ། དེ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་འདི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་བསྒོམ། རང་གི་ལུས་དུམ་བུར་གཏུབས་ལ་ཤ་ཁྲག་གིས་ཁེངས་པར་བསྒོམ། དེ་ལ་དམིགས་ལ་ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་གྱུར་པར་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབབབས་པས་ཀྱང་ཁེངས་པར་བསྒོམ། སུམ་ཅུ་རྩ་གསུམ་དང་། བྱང་སྒྲ་མི་སྙན་དང་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་དང་བཅུད་ཀྱིས་ཁེངས་པར་བསྒོམ། དེ་ནས་བདུད་རྩི་རྣམས་དང་པོ་བླ་མ་ཡི་དམ་གྱི་ལྷ་ལ་འབུལ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ། དེ་ནས་རིགས་དྲུག་རྣམས་ལ་ཕུལ་བས། དེ་རྣམས་ཐམས་ཅད་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་སྐུ་བརྙེས་པར་བསམ། དེ་ལྟར་ལུས་ནི་སེམས་ཅན་ལ་དྲངས་ནས་མེད། སེམས་ལ་ནི་རང་བཞིན་གྲུབ་པ་མེད་པའི་ངང་ལ་ལྷན་གྱིས་བཞག །ཡི་དམ་གྱི་བསྒོམ་བཟླས་སྔར་བཞིན་བྱ། དགེ་བའི་རྩ་བ་བསྔོ། ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་པའི་ལེའུ་སྟེ་གསུམ་པའོ། །བཞི་པ་ཤ་ཁྲག་ལ་བརྟེན་པའི་བློ་སྦྱོང་ཞེས་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཤ་ཁྲག་ལ་བསྟེན་པའི་བློ་སྦྱོང་སྙམ་དུ་བསམས་ནས། དེ་ནས་རང་གི་ཁང་པ་ཤ་ཁྲག་གིས་ཁེངས་པར་བསམས་ལ། ཡི་དྭགས་ཤ་ཁྲག་ལ་དགའ་བ་ཐམས་ཅད་འདུས་འདུས་བྱས་པས་འདུས་པར་བསྒོམ། དེ་ནས་ཤ་ལ་དགའ་བས་ཤ་ཟོ། ཁྲག་ལ་དགའ་བས་ཁྲག་འཐུང་། མགོ་ཡ་བདུད་རྒྱལ་པོས་ཁྱེར། རྐང་པ་མ་བདུད་
༡༢༠རྒྱལ་མོས་ཁྱེར། བར་རྣམས་ལྷ་འདྲེ་གཉེན་དགུས་ཁྱེར། རིངས་པ་ན་རྗེན་པར་ཟོ། མི་རིང་པ་ན་ཚོས་ལ་ཟོ། ཐབས་ཇི་ལྟར་ལེགས་པ་བཞིན་དུ་གྱིས་བྱས་ནས་བྱིན་པས་ཤ་ཟོས་ཁྲག་འཐུང་རུས་པ་ཀུན་ཡང་མུར་བར་བསམ། དེ་ལྟར་ལུས་ནི་ཁོང་རྣམས་ལ་བྱིན་ནས་མེད་སེམས་ལ་ནི་རང་བཞིན་མེད་པའི་ངང་དུ་ལྷན་ནེ་འཇོག་པ་ཡིན། དེ་ནས་བློ་རྒྱ་ཆེར་སོང་ནས་ལྕགས་རིའི་ནང་གང་ཙམ། ལུང་པ་གང་ཙམ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཤ་ཁྲག་གིས་ཁེངཁེངས་པར་བསྒོམ་པ་ཡིན་གསུངས། དེ་ནས་ལྡང་བར་འདོད་ན་དགེ་བ་བསྔོ། རྨི་ལམ་ལྟ་བུར་བསྒོམ། ཤ་ཁྲག་གཏོང་བའི་ལེའུ་སྟེ་བཞི་པའོ། །ལྔ་པ་གཏོར་མ་ལ་བརྟེན་པའི་བློ་སྦྱོང་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་གཏོར་མ་ལ་བརྟེན་པའི་བློ་སྦྱོང་བྱ་སྙམ་དུ་བསམས་ནས། ཕྱི་སྣོད་ཀྱི་འཇིག་རྟེན་འདི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་བསྒོམ། རང་གི་ལུས་དུམ་བུར་གཏུབས་ལ་སྣོད་ཁེངས་པར་བསྒོམས་ནས་ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་གྱུར་བར་བསྒོམ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་སོགས་པ་བཞིའི་མཚན་བརྗོད་བྱས་པས་དམ་པ་ཆོས་སྐྱོང་བའི་སྲུང་མ་དཔལ་མགོན་དང་ལྷ་མོ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པ་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས་བསྐོར་ནས་གསོལ་བ་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་སམ་བྷ་ར་སམ་བྷ་ར་ཧཱུྃ་ལན་གསུམ་བརྗོད་པས་སངས་རྒྱས་བསྟན་སྲུང་རྣམས་ཀྱིས་གསོལ་བར་བསམ། རིགས་དྲུག་གི་སེམས་ཅན་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་པར་གྱུར་ཅིག་ཅེས་བརྗོད། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་པའི་ཚིག་བརྗོད། དེ་ལྟར་ལུས་ནི་
༡༢༡དྲངས་ནས་མེད། སེམས་ལ་ནི་རང་བཞིན་མེད་པས་རང་བཞིན་མེད་པའི་ངང་དུ་ལྷན་གྱིས་བཞག །དེ་ནས་ལྡང་བར་འདོད་ན་དགེ་བ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། གཏོར་མ་ལ་བརྟེན་པའི་ལེའུ་སྟེ་ལྔ་པའོ། །དྲུག་པ་འབྱུང་བ་ལ་བརྟེན་པའི་བློ་སྦྱོང་བགྱི་བ། སྤྱོད་འཇུག་ལས། ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའ་རྒྱུར་ཡང་ཤོག །ཅེས་གསུངས་པས། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འབྱུང་བ་ལ་བསྟེན་པའི་བློ་སྦྱོང་བསྒོམ་སྙམ་དུ་བསམས་ནས། རང་གི་ལུས་པོ་འདི་ཤ་དང་རུས་པ་རྣམས་ཕྱིའི་འབྱུང་བ་ས་ལ་ཐིམ་པར་བསྒོམ། ཁྲག་དང་ཆུ་སེར་རྣམས་ཆུ་ལ་ཐིམ་པར་བསྒོམ། དབུགས་རྣམས་རླུང་ལ་ཐིམ་པར་བསྒོམ། དྲོད་རྣམས་མེ་ལ་ཐིམ་པར་བསྒོམ། ལུས་འབྱུང་བ་བཞིར་གྱུར་པ་འདིས་སས་སྲ་ཞིང་བརྟན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། ཆུས་བརླན་ཅིང་གཤེར་བའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། མེས་ཚ་ཞིང་སྲེག་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། རླུང་གིས་ཡང་ཞིང་གཡོ་བའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། ཉི་མ་དང་ཟླ་བ་གཉིས་མིག་གཉིས་སུ་བྱས་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ་སེམས་ཅན་ཟས་ཟ་བ་རྣམས་རང་གི་ཤ་ཟ་བར་བསྒོམ། གོས་གྱོན་པ་རྣམས་རང་གི་པགས་པ་གྱོན་པར་བསྒོམ། སྐོམ་འཐུང་བ་རྣམས་རང་གི་ཁྲག་འཐུང་བར་བསྒོམ། དེ་ནས་སེམས་ཅན་རྣམས་ཀྱི་སྡིག་སྡུག་རང་ལ་སྨིན་པར་བསྒོམ། རང་གི་བདེ་དགེ་ཐམས་ཅད་སེམས་ཅན་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་སེམས་
༡༢༢ཅན་རྣམས་སྡིག་སྡུག་དང་བྲལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚོགས་གཉིས་རྫོགས་སྒྲིབ་གཉིས་དག་ནས་སངས་རྒྱས་པར་བསྒོམ། འབྱུང་བ་བཞིའི་ལུས་ལ་ༀ་ཨཱཿཧཱུྃ་ལན་བདུན་བརྗོད་པས་བདུད་རྩིར་གྱུར་བར་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཀྱང་ཁེངས་པར་བསྒོམ། སུམ་ཅུ་རྩ་གསུམ་དང་བྱང་སྒྲ་མི་སྙན་དང་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་དང་བཅུད་དུ་གྱུར་པ་ཐམས་ཅད་ཀྱིས་ཀྱང་ཁེངས་པར་བསྒོམ། དེ་དང་པོ་བླ་མ་དང་ཡི་དམ་ལ་དབུལ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ། དེ་ནས་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕུལ་བས་དེ་རྣམས་ཀྱི་བདུད་རྩི་རྣམས་མ་ལུས་པར་སངས་ཀྱིས་གསོལ་བར་བསམ། དེ་རྣམས་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་པར་བསྒོམ། དེ་ལྟར་ལུས་ནི་བླ་མ་དང་ཡི་དམ་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་དྲུག་རྣམས་ལ་ཕུལ་ནས་མེད། སེམས་ནི་རང་བཞིན་གྱིས་གྲུབ་པ་མེད་པའི་ངང་ནས་ལྷན་གྱིས་འཇོག་པ་ཡིན་གསུངས། ཡི་དམ་གྱི་བསྒོམ་བཟླས་སྔར་བཞིན་བྱ། དགེ་བའི་རྩ་བ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། འབྱུང་བ་ལ་བརྟེན་པའི་བློ་སྦྱོང་གི་ལེའུ་སྟེ་དྲུག་པའོ།། །།བདུན་པ་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་བའི་བློ་སྦྱོང་ཞེས་བགྱི་བ། སྤྱོད་འཇུག་ལས། །ཡིད་བཞིན་ནོར་བུ་བུམ་པ་བཟང་། །རིག་སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ཞེས་གསུངས་པས། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་སྤྲུལ་པའི་བློ་སྦྱོང་བསྒོམ་སྙམ་དུ་བསམས་ནས། དེ་ནས་རང་གི་ལུས་པོ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཁ་དོག་སྔོན་པོ་དབྱིབས་བརྒྱད་
༡༢༣གཞོག་ཆེ་ཆུང་མི་འབྲིང་པོའ་བརླ་ཙམ་གཅིག་ཏུ་གྱུར་པར་བསྒོམ། དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་པས་མི་མཉམ་པའི་ཆར་གཅིག་བབས། དེས་ས་གཞི་ལ་ཆག་ཆག་བཏབ་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་མི་མཉམ་པའི་རླུང་གཅིག་ལངས། དེས་ས་གཞི་ལ་ཕྱག་དར་བྱས་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་བདུད་རྩིའི་ཆར་བབས་པས་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་དང་ཐ་མལ་གྱི་ཤ་ཁྲག་ཐུག་པར་སྦྱོང་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚོགས་གཉིས་རྫོགས་ནས་སངས་རྒྱས་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་རིན་པོ་ཆེའི་ཆར་བབས་པས་དེ་རྣམས་ལ་རིན་པོ་ཆེའི་རྒྱན་གདགས་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་ལྷའི་ན་བཟའ་པཉྩ་ལི་ཀཱའི་ཆར་བབབབས་པས་དེ་རྣམས་ལ་ན་བཟའ་གསོལ་བར་བསམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་ཟག་མེད་ཀྱི་བདུད་རྩིའི་ཆར་བབས་པས་འཇིག་རྟེན་གྱི་ཁམས་ཁེངས་པར་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་བབས་པས་ཀྱང་ཁེངས་པར་བསྒོམ། སུམ་ཅུ་རྩ་གསུམ་དང་སྒྲ་མི་སྙན་དང་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་དང་བཅུད་དུ་གྱུར་པ་ཐམས་ཅད་ཀྱིས་ཁེངས་པར་བསྒོམ། དེ་ཡང་དང་པོ་དེ་བླ་མ་དང་ཡི་དམ་གྱི་ལྷ་ལ་འབུལ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ། དེ་ནས་རིགས་དྲུག་སངས་རྒྱས་པ་དེ་རྣམས་ལ་ཕུལ་བས་དེ་རྣམས་ཀྱི་བདུད་རྩི་ལྷག་མ་མ་ལུས་པར་སངས་ཀྱིས་གསོལ་བས་དེ་ཐམས་ཅད་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་པར་བསྒོམ། དེ་ལྟར་ལུས་ནི་བླ་མ་དང་ཡི་དམ་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིགས་དྲུག་སངས་རྒྱས་པ་རྣམས་
༡༢༤ལ་དབུལ། སེམས་ལ་ནི་རང་བཞིན་གྲུབ་པ་མེད་པས་རང་བཞིན་མ་གྲུབ་པའི་ངང་ལ་ལྷན་གྱིས་འཇོག །དེ་ནས་ལྡང་བར་འདོད་ན་དགེ་བའི་རྩ་བ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་བའི་ལེའུ་སྟེ་བདུན་པའོ། །བརྒྱད་པ་བློ་སྦྱོང་འཆི་ཁ་མའི་མན་ངག་བགྱི་བ། འཆི་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་འཆི་དགོས་པ་ཡིན། འཆི་བའི་དུས་སུ་ཡོ་བྱད་སུམ་ཆ་གསུམ་དུ་བགོས་ལ་ཆ་གཅིག་བླ་མ་དང་དཀོན་མཆོག་གསུམ་ལ་འབུལ། ཆ་གཅིག་ཚོགས་སོག་བྱེད། ཆ་གཅིག་ལ་བཀྱེ་བཀང་ལ་སོགས་པ་ཅི་རིགས་སུ་བྱེད་པ་ཡིན་གསུངས། དེ་སྦྱིན་པ་ཡིན། ཚུལ་ཁྲིམས་ལ་སོ་སོར་ཐར་པའི་ལྟུང་བ་བཤགས་སྡོམ་བྱེད། སྨོན་འཇུག་གི་སེམས་བསྐྱེད་སོར་འཇུག་བྱེད། དེ་ཚུལ་ཁྲིམས་ཡིན། བཟོད་པ་སྔར་མཁོན་ཡོད་ན་བཟོད་གསོལ་བྱེད། རྩ་ན་མེད་ན་ཀ་ཆ་རྣ་ཆ་གཅིག་ཙམ་བསྔོས་ནས་འོ་ཅག་གཉིས་འདི་ལྟ་བུ་གཅིག་ཡོད་པས་བཟོད་པ་མཛོད་ཟེར། ཁོས་བཟོད་པ་ལེན་དུ་མ་བཏུབ་ན་རང་གི་སེམས་ལ་མི་བདེ་བ་མེད་པར་བྱེད་པ་ཡིན། བརྩོན་འགྲུས་དེ་རྣམས་བྱེད་པ་ཐམས་ཅད་དགའ་སྤྲོ་དང་བཅས་པས་བྱེད་པ་ཡིན། བསམ་གཏན་དང་ཤེས་རབ་གཉིས་འདིའི་ཁོག་ན་ཡོད། དེ་ནས་དཀོན་མཆོག་གི་སྤྱན་སྔར་མཆོད་པ་གྲུབ་ན་རྒྱས་པར་བྱེད། ཡན་ལག་བདུན་པ་རྒྱས་པར་བྱེད། བདག་གི་རྒྱུད་ལ་ཐེག་པ་ཆེན་པོའ་བློ་སྦྱོང་གི་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བློ་སྦྱོང་བརྗེད་པའི་གནས་བཞིར་མི་བརྗེད་པར་བྱིན་གྱིས་བརླབ་ཏུ་གསོལ། འཆོར་བའི་གནས་བཞིར་མི་འཆོར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་དཀོན་མཆོག་གི་སྤྱན་སྔར་ཡི་གེ་བཾ་དམར་སེར་གཅིག་བསྒོམ། དེ་འོད་དུ་ཞུ་བས་པདྨའི་སྡོང་པོ་གཅིག་ཏུ་གྱུར་པར་བསྒོམ། པདྨའི་ཟེའུ་འབྲུ་རིན་པོ་ཆེ་དར་ཟབ་ཀྱིས་བརྒྱན་པ་ལ་
༡༢༥བླ་མ་དང་ཡི་དམ་གྱི་ལྷ་ཐམས་ཅད་པར་བསྒོམ་ལ། སྔར་གྱི་མཆོད་པ་དེ་རྣམས་བློས་བླངས་ནས་དབུལ། ཡན་ལག་བདུན་པ་བྱ། སྔར་བཞིན་གསོལ་བ་གདབ། དེ་ནས་ས་ཕྱོགས་དབེན་པར་འབོལ་བའི་གདན་ལ་ལུས་རྣམ་སྣང་ཆོས་བདུན་ནམ་བསམ་གཏན་གྱི་ཆོས་དྲུག་ལ་བསླབ་ཟེར་ནས་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། རྒལ་ཚིག་གསེར་གྱི་དོང་རྩེ་བརྩེགས་པ་བཞིན་དུ་དྲང་ཏིག་སྟེ་བསྲང་། ལག་པ་གཉིས་ལྟེ་བའི་ཐད་ནས་སོར་བཞི་ཙམ་གཞལ་བའི་སར་མཉམ་པར་བཞག །མགྲིན་པ་ལྕགས་ཀྱུ་ལྟར་བཀུག་ཅིང་རྒྱབ་མདུད་གཏམ་གསུངས། གཡོན་ཕྱོགས་སུ་ཆུས་ཆུས་པ་ལན་གསུམ་ཙམ་བྱས་པའི་སྣ་ཆུ་ཐིག་པ་ལྟེ་བའི་ཐད་ཀར་ཡོང་ཙམ་བྱེད། མིག་སྣ་རྩེ་ལ་གཏད། སོ་བར་རྟ་རྔ་ཤོང་བ་ཙམ་བྱེད། །ལྕེ་ཡ་རྐན་ལ་སྦྱོར། མིག་བཙུམ་པའང་མིན་བཙུམ་ན་བྱིང་ནས་འགྲོ། བསྒྲད་པའང་མིན་བསྒྲད་ན་ཡེངས་ནས་འགྲོ། ལྷའི་སྤྱན་ལྟར་ཟིམ་ཟིམ་དུ་བྱ། དེ་ནས་ཤེས་པ་དེ་ལྟེ་བའི་ཐད་ཀར་ཆིལ་ཆིལ་བ་ལན་གསུམ་བྱེད་པ་ཡིན་གསུངས། དེ་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའ་བློ་སྦྱོང་འཆི་ཁ་མའི་གདམས་ངག་བསྒོམ་སྙམ་དུ་བསམས་ནས་འཁོར་བའི་སྡུག་བསྔལ་འདི་ཐམས་ཅད་ལས་དགེ་མི་དགེ་མི་གཡོ་བའི་ལས་གསུམ་ལས་འབྱུང་། དེ་ཉོན་མོངས་པ་ཀུན་ནས་བླངས་པ་ལས་བྱུང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དེའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན་པས་རང་བཞིན་གྲུབ་པ་མེད་པ་གཅིག་ལ་ང་བདག་ཏུ་བཟུང་ནས་འདིའི་ཁ་འཛིན་ཤག་འདེབས་བྱེད་བྱེད་ནས་ལས་བསགས། ལས་ཀྱིས་འཁོར་བར་འཁྱམས་ནས་འཁོར་བའི་སྡུག་བསྔལ་ལ་ཐུག་པ་མེད་ཅིང་མཐའ་མི་མངོན་པ་གཅིག་ཉམས་སུ་མྱོང་། ཚེ་འདི་ལ་ཡང་ཁ་འཛིན་ཤག་འདེབས་བྱས་པ་དེ་རྒྱུ་ལས་སྡུག་བསྔལ་དུ་སོང་བའམ། དགེ་རྒྱུ་ལས་མི་དགེ་བར་སོང་བས་རང་ས་རང་གི་
༡༢༦ཁ་འཛིན་དང་ཤག་འདེབས་བྱས་པས་ལན། དེ་མན་ཆད་དུ་ཡང་བདག་ཏུ་འཛིན་པ་འདི་མ་སྤངས་ན་སྔ་མཁོན་བཞིན་དུ་འཁོར་བར་འཁྱམས་པས་འདས་མ་འོངས་ད་ལྟ་དུས་གསུམ་དུ་སྡུག་ཏུ་འཇུག་མཁན་རང་ལ་གཅེས་པར་འཛིན་པའི་འགོང་པོ་ང་བདག་བྱ་བ་འདི་ཡིན་མིན་ལ་ཐེ་ཚོམ་མི་ཟ། འདིའི་ཁ་འཛིན་ཤག་འདེབས་པས་པས་ཕན་ན་མཐོང་བ་ཐོས་པ་ཡིད་ལ་འགྱུ་བ་རྣམས་ལག་ལེན་དུ་མ་བཏབ་པ་གཅིག་ཀྱང་མེད་དེ་འཁོར་བ་ལས་སྔར་འདྲེས་གང་ཡང་རིང་དུ་མ་སོང་བས་ད་གང་ལེགས་ལེགས་ལ་ཐོང་དབྱུག་ལེགས་ལ་ཐོང་སྙམ་དུ་བགྱིས་ལ་རང་བཞིན་ལིང་བསྐྱུར་ལྷོད་དེ་ཀློད། ཤིགས་ཀྱིས་བཤིག་ལ་ཞོག །གཞན་ཁམས་གསུམ་འཁོར་བའི་སེམས་ཅན་འདི་རྣམས་སྤྱིར་མི་ཡོང་བ་མིན་དྲིན་ཅན་གྱི་ཕ་མ་ཤ་སྟག་ཀྱང་ཡིན་པས་སེམས་ཅན་གྱི་སྡུག་བསྔལ་རང་ལ་སྨིན་པར་བསྒོམ། རང་གི་བདེ་བ་དང་དགེ་བ་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་སྡིག་སྡུག་དང་བྲལ་ནས་སངས་རྒྱས་པར་བསྒོམ། རང་ཡང་སྡིག་སྡུག་བྲལ་ནས་ཡི་དམ་གྱི་ལྷའི་བསྒོམ་བཟླས་གོང་དང་མཐུན། དེ་ནས་དཀོན་མཆོག་གི་སྤྱན་སྔར་མཆོད་པ་གྲུབ་ན་རྒྱས་པར་བྱེད། ཡན་ལག་བདུན་པ་གྲུབ་ན་རྒྱས་པར་བྱེད། བདག་གི་རྒྱུད་ལ་ཐེག་པ་ཆེན་པོ་བློ་སྦྱང་གི་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བློ་སྦྱོང་བརྗེད་པའི་གནས་བཞིར་མི་བརྗེད་པར་བྱིན་གྱིས་བརླབ་ཏུ་གསོལ། འཆོར་བའི་གནས་བཞིར་མི་འཆོར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་འཆི་བ་རང་གི་དུས་སུ་ཕྱི་དབུགས་ཆད་པའི་དུས་སུ་སེམས་གསལ་ལ་རྟོག་པ་མེད་པ་སྟོན་ཀའི་ནམ་མཁའ་སྤྲིན་བྲལ་བ་ལྟ་བུ་སེམས་ཅན་ཐམས་ཅད་ལ་ཡང་། དེ་དང་སྔར་གྱི་དེ་གཉིས་གུང་བསྒྲིགས་པ་ཡིན། གུང་འགྲིགས་ན་ཆུ་སྣ་དང་བྲེང་འཕྲད་པ་བཞིན་དུ་སོང་ནས་དེ་ལ་ལོའམ་ཟླ་བ་ཙམ་དུ་གནས་ནས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བ་ཡིན་ཏེ་བརྩོན་འགྲུས་ཅན་མཐོང་ཆོས་ལ་སངས་རྒྱ་བ་ཡིན་གསུངས། དེར་མ་ཟིན་ན་བར་དོའ་ཆོས་ལུས་སུ་ལྡང་བ་ཡིན་ཏེ་བར་དོ་བྱིས་པ་ལོ་ལྔ་ལོན་པའི་ཚོད་ཙམ་གཅིག་འོངས། ཁ་
༡༢༧དོགསདོག་རྣམ་པ་ལྔའི་ཚུལ་དུ་ཡོད་དེ་སྒྱུ་མའི་དཔེ་བརྒྱད་དང་གཉིས་སུ་མེད་པར་ཤེས་ན་དུག་ལྔ་ཡེ་ཤེས་ལྔར་གྱུར་ནས་འགྲོ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་མཉམ་ཉིད་ཡེ་ཤེས་གཉིས་ཆོས་ཀྱི་སྐུ། མེ་ལོང་ལྟ་བུ་ལོངས་སྐུ། བྱ་བ་གྲུབ་པའི་ཡེ་ཤེས་དང་སོ་སོར་རྟོག་པའི་ཡེ་ཤེས་གཉིས་སྤྲུལ་པའི་སྐུའོ། །འོད་ཁ་དོག་ལྔ་པོ་དེ་ལ་ཆགས་ཤིང་མངོན་པར་ཞེན་ན་དུག་ལྔར་གནས་གྱུར་ནས་རྒྱུ་དྲག་ཏུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་སྐྱེ་བ་ལེན་པ་ཡིན་གསུང་ངོ་། །ལར་སྐྱེ་བ་འདིའམ་བདུན་ནམ་བཅུ་དྲུག་ཐུག་པས་སངས་རྒྱས་པ་ཡིན་གསུང་སྟེ་འཁོར་བ་ཐོག་མཐའ་མེད་པ་ལ་ལྟོས་ན་སང་གནང་གི་ཚོད་ཙམ་ཡིན་གསུངས། ཤིན་ཏུ་ལེ་ལོ་ཅན་སྐྱེ་བ་བརྒྱུད་ནས་སངས་རྒྱས་པར་བྱ་བ་ཡིན་གསུངས། ཐུན་བརྒྱད་མའི་མན་ངག་དགེ་ལེགས་སུ་གྱུར་ཅིག ༈ །མངྒ་ལཾ།

༄༅། །དཔལ་ཀརྨ་པ་ཆེན་པོ་ལ་བརྟེན་པའི་ཐུན་བཞིའི་བླ་མའི་རྣལ་འབྱོར་དམིགས་ཁྲིད་དང་བཅས་པ་བཞུགས་སོ༎ ༎

༢༧༧ དཔལ་ཀརྨ་པ་ཆེན་པོ་ལ་བརྟེན་པའི་ཐུན་བཞིའི་བླ་མའི་རྣལ་འབྱོར་དམིགས་ཁྲིད་དང་བཅས་པ་བཞུགས་སོ།། །།
༢༧༨ ན་མོ་གུ་རུ་བྷྱཿ དེ་ནས་དུས་ཐམས་ཅད་དང་ཁྱད་པར་ཐུན་ཆེན་པོ་བཞིར་བྱ་བའི་བླ་མའི་རྣལ་འབྱོར་ནི། ད་ནི་ཁོ་བོ་མི་བསྐྱོད་རྡོ་རྗེ་ཁོ་ན་མིན་པ་བསམ་རྒྱུ་མེད་པ་ཀུན་རང་གི་ལུས་ཡེ་ཤེས་ཀྱི་མཁའ་འགྲོ་གཅེར་བུ་ལང་ཚོ་ཕུན་སུམ་ཚོགས་པ། དབུ་སྐྲ་སིལ་མས་རྒྱབ་ནོན་པ། འོད་ཕུང་གི་དབུས་ན་འཆི་མེད་བདུད་རྩིས་གང་བའི་ཀ་པཱ་ལ་ཐོགས་པ། མེ་ཏོག་དམར་པོའ་རྒྱན་ཅན། གཞན་རྒྱན་སྤངས་པ། དེའི་མདུན་དུ་རྗེ་བཙུན་མི་བསྐྱོད་རྡོ་རྗེ་སྟག་ལྤགས་ཀྱི་ཤམ་ཐབས་གླང་ཆེན་པགས་པའི་བླ་གོས་ཅན། ཕྱག་རྒྱ་དྲུག་གིས་སྤྲས་པ། དབུ་སྐྲ་ཐོར་ཚུགས་སྣ་ཚོགས་རྡོ་རྗེ་བླ་བས་བརྒྱན་པ། ཕྱག་གཉིས་ཆོས་འབྱུང་གི་ཕྱག་རྒྱ་སྤྱི་བོར་བཀོད་པ། ཞབས་གཡོན་སྐྱིལ་ཀྲུང་ཕྱེད་པ། གཡས་བརྐྱངས་པས་ཡེ་ཤེས་ཀྱི་མེ་ཕུང་གི་དབུས་ན་བཞུགས་པ། དེ་ལ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོས་བདུད་རྩི་སྟབ་པ་ཙམ་གྱིས་ཡེ་ཤེས་ཀྱི་མེ་དམར་འུར་གྱིས་འབར་བ། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོའི་བྷ་ག་ནས་སྤྱན་དྲངས། ཐུགས་ཀར་ཞུགས་པར་མོས་ལ། རླུང་དྲག་སྦྱོར་གྱི་ངང་ནས་གསོལ་བ་ཐོབ་ཅིག་དང་། ཁོ་བོ་མི་བསྐྱོད་རྡོ་རྗེས་བྱིན་གྱིས་རློབ་པ་ཡིན་ནོ་ཞེས་བྱིན་དབབ་པར་བྱའོ། །ན་མོ་གུ་རུ། སྤྱི་བོའ་གཙུག་ན་ཡེ་ཤེས་མཁའ་འགྲོ་མ། །གཅེར་བུ་བྷ་ག་ནུ་མ་རབ་ཏུ་རྒྱས། །སྐྲ་གྲོལ་
༢༧༩ སྤྱན་གསུམ་ནམ་མཁའི་མཐོང་ལ་གཟིགས། །བདེ་བ་མི་བཟོད་འགྱུར་བའི་གར་སྟབས་སྟོན། །དེ་འདྲ་གྲངས་མེད་གཞལ་མེད་བུན་ལོང་ནང་། །རྩ་བའི་བླ་མ་མི་བསྐྱོད་རྡོ་རྗེ་ནི། །དགེ་སློང་ཆ་ལུགས་ཞྭ་ནག་གསེར་མདོངས་ཅན། །ཐབས་ཤེས་དབྱེར་མེད་རྡོ་རྗེ་དྲིལ་བུ་འཛིན། །བདེ་སྟོང་དབྱེ་བ་མེད་པའི་ལྟ་སྟངས་མཛད། །གསོལ་བ་བཏབ་པ་ཙམ་གྱིས་མོས་གུས་འབར། །མོས་གུས་འབར་བ་ཙམ་གྱིས་བྱིན་རླབས་འུར། །བྱིན་རླབས་འུར་བ་ཙམ་གྱིས་ཐུན་མོང་དང་། །མཆོག་གི་དངོས་གྲུབ་ནོར་བུ་འབར་བ་བསྣམས། །གནམ་ས་བླ་འོག་མེད་པར་ཆར་ལྟར་འབབ། །ད་ནི་སྙིང་ནས་གསོལ་བ་འདེབས་པའི་དུས། །ཀྱཻ། སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །སྣང་སྟོང་དབྱེར་མེད་བླ་མའི་སྐུ་།བླ་མའི་སྐུ་ལ་གསོལ་བ་འདེབས། །བླ་མའི་སྐུ་ཡིས་བྱིན་གྱིས་རློབས། །གྲག་ཅིང་སྟོང་ལ་སྟོང་ཞིང་གྲགས། །གྲག་སྟོང་དབྱེར་མེད་བླ་མའི་གསུང་། །བླ་མའི་གསུང་ལ་གསོལ་བ་འདེབས། །བླ་མའི་གསུང་གིས་བྱིན་གྱིས་རློབས། །བདེ་ཞིང་སྟོང་ལ་སྟོང་ཞིང་བདེ། །བདེ་སྟོང་དབྱེར་མེད་བླ་མའི་ཐུགས། །བླ་མའི་ཐུགས་ལ་གསོལ་བ་འདེབས། །བླ་མའི་ཐུགས་ཀྱིས་བྱིན་གྱིས་རློབས། །
༢༨༠ ཀྱེ། །གུ་རུ་རཏྣ་བྱོན་པའི་ཚེ། །ནམ་མཁའ་འཇའ་དང་འོད་ཀྱིས་གང་། །སྤྲུལ་པའི་ཕོ་ཉ་འགྱེད་མཛད་ཅིང་། །བྱིན་རླབས་མེ་དཔུང་འུ་རུ་རུ། །ཉམས་དང་རྟོག་པ་ཤ་ར་ར། །ཀྱཻ། །བླ་མ་ཆེན་པོ་ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་དང་བར་ཆད་སོལ། །དགྲ་བགེགས་མ་ལུས་ཞི་བར་མཛོད། །ཡེ་ཤེས་མཁའ་འགྲོ་ལྗང་གུ་མཁའ་ལ་ཤར། །ནད་གནོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་སེར་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་དམར་མོ་མཁའ་ལ་ཤར། །ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ། །སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས། །རྣལ་འབྱོར་མ་དཔལ་མདུན་དུ༴ །ཡེ་ཤེས་མཁའ་འགྲོ་དཀར་མོ༴ །ནད་གདོན་དྲི་མའི་ཚོགས་རྣམས༴ །སྡིག་སྒྲིབ་ཉེས་པ་རྒྱུད་དུ༴ །རྣལ་འབྱོར་མ་དཔལ༴ །ཡེ་ཤེས་མཁའ་འགྲོ་ནག་མོ༴ །ནད་གདོན་དྲི་མའི་ཚོགས༴ །སྡིག་སྒྲིབ་ཉེས་པ་རྒྱུད༴ །རྣལ་འབྱོར་མ༴ །ཡེ་ཤེས་མཁའ་འགྲོ་སྔོན་མོ༴ །ནད་གདོན་དྲི་།སྡིག་སྒྲིབ་ཉེས༴ །རྣལ་འབྱོར་མ༴ །ཡེ་ཤེས་མཁའ་འགྲོ་ཁྲ་མོ༴ །ནད་གདོན་དྲི༴ །སྡིག་སྒྲིབ་ཉེས༴ །རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས། །ནམ་མཁའ་གང་བའི་མི་བསྐྱོད་རྡོ་རྗེ་ཨཱཿ །འོད་ཟེར་འགྱེད་པའི་རྡོ་རྗེ་དགའ་བ་ཧོཿ །ཕོ་ཉ་འབར་བའི་དབྱངས་ཅན་ནུས་པ་ཧཱུྃ། །དྲི་མ་སེལ་བའི་ཕྲིན་ལས་དྲག་པོ་ༀ། །རྗེ་བཙུན་དམ་པ་སྐུ་བཞིའི་
༢༨༡ དབང་ཕྱུག །ཅི་མཛད་ཡེ་ཤེས་ཀྱི་རོལ་པར་འཆར་བ། །ཁྱབ་བདག་རྒྱལ་དབང་ཀརྨ་པ་ཆེན་པོ། །སངས་རྒྱས་བྱིན་རླབས་ཀྱི་རྒྱ་མཚོ་མཁྱེན་ནོ། །ཡོན་ཏན་གྱི་ཕུང་པོ་ཉེས་པ་ཀུན་ཟད། །སངས་རྒྱས་ཀྱི་སྙིང་པོ་བླ་མར་སྣང་བ། །ཐུགས་རྗེའི་དབང་པོ་མཆོག་གི་སྤྲུལ་སྐུ། །རྗེ་བཙུན་རྡོ་རྗེའི་དབྱངས་ཅན་མཁྱེན་ནོ། །ནམ་གཞག་གཏན་གྱི་འདུན་མའི་རེས། །སྐུ་བཞིའི་བདག་ཉིད་དྭགས་པོ་བཀའ་བརྒྱུད། །སྐལ་ལྡན་གྱི་སེམས་རྒྱུད་བྱིན་གྱིས་རློབས་པ། །འགྲན་ཟླ་དང་བྲལ་བའི་བརྒྱུད་པ་མཁྱེན་ནོ། །ཐ་མལ་གྱི་འཁྲུལ་པ་རང་གལ་ཞིག་སྟེ། །ཆོས་དབྱིངས་དྲི་མེད་ཀྱི་རང་གཟུགས་གསལ་བ། །ཕྲིན་ལས་ཀྱི་མངའ་བདག་དུས་གསུམ་མཁྱེན་པ། །བརྩེ་བ་ཆེན་པོའ་བདག་ཉིད་མཁྱེན་ནོ། །སྙིགས་མའི་དུས་འདིར་སྣ་ཚོགས་ཚུལ་གྱིས། །སེམས་ཅན་འདུལ་མཛད་རྒྱལ་བའི་དབང་པོ། །རེ་ས་ལྟོས་ས་དང་བཅས་པ་ཡིན་པས། །དངོས་གྲུབ་ཀྱི་འབྱུང་ཁུང་དམ་པ་མཁྱེན་ནོ། །རྗེ་རྒྱལ་བ་ཐམས་ཅད་གཅིག་ཏུ་བསྡུས་ནས། །སྐལ་ལྡན་སྨིན་པར་མཛད་པའི་ནུས་ཅན། །བདེ་བར་གཤེགས་པ་ཀརྨ་པའི་ཀཾ་ཚང་། །སྒྲིབ་གཉིས་རྙོགས་པ་དང་བྲལ་བ་མཁྱེན་ནོ། །རྗེ་ཕྲིན་ལས་བཞི་ལ་རང་དབང་ཐོབ་ནས། །ཡེ་ཤེས་གཏད་ཙམ་གྱིས་བྱིན་རླབས་འཕོ་བ། །སྒྲུབ་བརྒྱུད་གཅིག་བསྡུས་རྡོ་རྗེའི་དབྱངས་ཅན། །དཔལ་ལྡན་ཀརྨ་པ་ཆེན་པོ་མཁྱེན་ནོ། །རྡོ་རྗེ་འཆང་ཆེན་ཡོན་ཏན་བརྒྱད་ལྡན། །ཧེ་རུ་ཀ་དཔལ་ནི་ཡན་ལག་བདུན་ལྡན། །རྒྱལ་བའི་དབང་པོ་སངས་རྒྱས་འདུས་པའི་སྐུ། །རྗེ་རྒྱལ་དབང་མི་བསྐྱོད་རྡོ་རྗེ་མཁྱེན་ནོ། །རྒྱལ་བ་གཅིག་བསྡུས་ཀརྨ་པ་མཁྱེན་ནོ། །སངས་རྒྱས་གཅིག་བསྡུས་ཀརྨ་པ་མཁྱེན་ནོ། །བདེ་གཤེགས་གཅིག་བསྡུས་ཀརྨ་པ་མཁྱེན་ནོ། །ཐམས་ཅད་མཁྱེན་པ་ཀརྨ་པ་མཁྱེན་ནོ། །ཀརྨ་པ་མཁྱེན་ནོ། །ཞེས་གྲངས་མེད་བརྗོད། ཐུགས་རྗེ་གཅིག་བསྡུས་མཁྱེན་ནོ། །སངས་རྒྱས་གཅིག་བསྡུས་མཁྱེན་ནོ། །ཀུན་འདུས་ཆོས་རྗེ་མཁྱེན་ནོ། །མི་བསྐྱོད་
༢༨༢ རྡོ་རྗེ་ལ་གསོལ་བ་འདེབས་སོ། །ཆོས་གྲགས་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །དྭགས་པོ་བཀའ་བརྒྱུད་ལ་གསོལ་བ་འདེབས་སོ། །ཀརྨ་ཀཾ་ཚང་ལ་གསོལ་བ་འདེབས་སོ། །རྗེ་བཙུན་ཁྱེད་རང་ལྟ་བུར་ཤོག་ཅིག །ཆོས་རྗེ་ཁྱེད་རང་ལྟ་བུར་ཤོག་ཅིག །བླ་མ་ཁྱེད་རང་ལྟ་བུར་ཤོག་ཅིག །འགྲོ་མགོན་ཁྱེད་རང་ལྟ་བུར་ཤོག་ཅིག །ཕ་གཅིག་ཐམས་ཅད་མཁྱེན་པ། །སངས་རྒྱས་མཉན་པ་གྲུབ་ཐོབ། །རྒྱལ་དབང་མི་བསྐྱོད་རྡོ་རྗེ། །གསོལ་བ་ང་ཡིས་མི་འདེབས་ན་སུ་ཡིས་འདེབས། །ཐུགས་རྗེས་ཁྱོད་ཀྱིས་མི་གཟིགས་ན་སུ་ཡིས་གཟིགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྤྱིར་དུ་སེམས་ཅན་ཐམས་ཅད། །སྒོས་སུ་སྙིགས་མའི་གདུལ་བྱ། །ལྷག་པར་རེ་སྟོས་གཅིག་ཆོག་ཏུ་བཅས་པའི། །བློ་གཏད་འགྱུར་བ་མེད་པ། །ཕྱག་རྒྱ་ཆེན་པོའ་དངོས་གྲུབ་སྩོལ་ཅིག །བྱིན་རླབས་ཁྱོད་ལ་མེད་ན་སུ་ལ་ཡོད། །བྱམས་པས་བདག་ལ་མི་སྐྱོང་ན་སུ་ལ་སྐྱོང་། །སྐུ་དྲིན་ང་ཡིས་མི་གཞལ་ན་སུ་ཡིས་གཞལ། །གདུལ་བྱ་ཁྱོད་ཀྱིས་མི་འདུལ་ན་སུ་ཡིས་འདུལ། །ལས་ངན་ང་རྗེ་ལ་མི་རེ་ན་སུ་ལ་རེ། །མཐུ་སྟོབས་ཅན་ཁྱོད་བདག་མི་སྐྱོབས་ན་སུ་ལ་སྐྱོབ་པ། །བདག་གི་གཏན་འདུན་སྐྱེ་བ་ཀུན་གྱི་སྐྱེལ་མ། །ཐེ་ཚོམ་རྩད་ནས་ཟད་པའི་གཏན་ནོར། །བློ་གཏད་ལིངས་བསྐྱུར་ཐུབ་པའི་མགོན་པོ། །སྲིད་མཚོ་གཏན་སྐྱེམས་སུ་གནས་པའི་སངས་རྒྱས། །ཡོན་ཏན་གཞལ་བར་མི་ནུས་པའི་རྒྱ་མཚོ། །མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་མ་གཅིག །ཐུགས་རྗེ་གཏུགས་པ་མེད་པའི་གཏེར་ཆེན། སྙིགས་དུས་འགྲོ་བ་མི་དགོངས་སུ་ལ་དགོངས། བརྩེ་བས་ད་ལྟ་མི་སྐྱོང་ན་ནམ་སྐྱོང་། དངོས་གྲུབ་དེང་སང་མི་སྩོལ་ན་ནམ་སྩོལ། ཐུགས་ཡིད་གཅིག་འདྲེས་སུ་ཐོང་ལ། །འཁྲུལ་གྲོལ་མདུད་པ་ཤིག་དང་། མཁའ་ཁྱབ་སྨིག་རྒྱུའི་འགྲོ་བ། ད་ལྟར་གཏན་གྲོལ་དུ་མཛོད་ཅིག །བླ་མ་དམ་པ། མཐའ་མེད་སེམས་ཅན་ལ་གཟིགས་དང་། གསོལ་བ་འདེབས་
༢༨༣ པོ་ལ་སྐྱོབས་དང་། མི་བཟད་གདུངས་བའི་དུས་འདིར། ཅི་བྱ་ཚང་བརླག་སྐབས་ན། མྱ་ངན་འཇིགས་སྔངས་ཀྱི་དུས་སུ་གཟིགས་ཤིང་། །བླ་མ་རིན་པོ་ཆེ། དོན་གྱི་བརྒྱུད་པ་ཅན། བྱིན་རླབས་ཀྱི་འཕོ་བ་མཁན། རྟོགས་པའི་གདིང་ཚད་ཅན། མངོན་ཤེས་སྤྱན་དང་ལྡན་པ། རྫུ་འཕྲུལ་བཀོད་པ་བསྟན་ཏེ། བཟོད་མེད་བཀའ་དྲིན་སྩོལ་བ། སངས་རྒྱས་ལག་བཅངས་སུ་གཏོད་པ། ཐ་མལ་སྣང་བ་བསྒྱུར་ཏེ། དག་པ་རབ་འབྱམས་སྟོན་པ། འཕགས་པ་འཇིག་རྟེན་དབང་ཕྱུག །སྙིང་ཁོང་རུས་པའི་གཏིང་ནས། གཅིག་ཐུབ་གསོལ་བ་འདེབས་སོ། །ཐུགས་རྗེས་འཛིན་པར་ཞུ་དང་། དངོས་གྲུབ་ཀྱི་ཚན་ཁ་ཅན། བཀའ་བརྒྱུད་རྩོད་པ་མེད་པ། དམུ་རྒོད་འདུལ་བར་ནུས་པའི། ཕྲིན་ལས་འགྲན་ཟླ་བྲལ་བ། རྫོགས་པའི་སངས་རྒྱས་དམ་པ། སྒོ་གསུམ་དགེ་རྩ་དང་བཅས་པ། མཐའ་མེད་སེམས་ཅན་དོན་དུ། ད་ལྟ་ཉིད་དུ་འབུལ་ལོ། །བརྩེ་བ་ཆེན་པོས་བཞེས་ཤིང་། །བཞེས་ནས་འགྲོ་བ་ཀུན་གྱི། གཏན་སྐྱབས་ཐུབ་པའི་བླ་མ། རྗེ་བཙུན་ཁྱེད་རང་ལྟ་བུར། སྙིང་ནས་བྱིན་གྱིས་རློབས་ཤིག །དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །ཅི་མཛད་ལེགས་པར་མཐོང་བར་བྱིན་གྱིས་རློབས་ཤིག །ཅི་གསུང་ཚད་མར་འཛིན་པར་བྱིན༴ ཐུགས་ཡིད་གཅིག་ཏུ་འདྲེ་བར༴ སྐྱེ་བ་ནས་སྐྱེ་བ་ཚེ་རབས་ཚེ་རབས་ཐམས་ཅད་དུ་དཔལ་ལྡན་བླ་མ་དམ་པ་དགྱེས་པའི་བྱ་བ་དང་མི་འབྲལ་བར་བྱིན་གྱིས་རློབས་ཤིག །མི་དགྱེས་པའི་བྱ་བ་རྣམ་པ་ཐམས་ཅད་དུ་མི་འབྱུང་བར༴ སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་བློ་གཏད་བླ་མ་ལ་བཅས་ནས་ཆོས་བཞིན་གྱི་བཀའ་སྩལ་གང་གནང་བ་དེ་ལག་ཐོག་ཏུ་ལེན་ནུས་པར། ལྟོ་གོས་ཀྱི་ངོ་བསྲུང་དང་ཆོས་བརྒྱད་ཀྱི་འབྲེལ་ཐག་ཆོད་པར་བྱིན༴ སྙིང་ལ་རུས་པ་དུམ་བུ་རེ་ཡོད་པར་བྱིན་གྱིས་རློབས་ཤིག །ངེས་པར་འཆི་བ་སྙིང་ནས་དྲན་པ་དང་། མོས་གུས་རྣལ་མ་རྒྱུད་
༢༨༤ ལ་སྐྱེ་བ་ནས། །ཞེན་ལོག་མཐའ་རུ་ཕྱིན་པའི་ངེས་འབྱུང་གིས། །མི་བསྐྱོད་དགའ་བའི་བྱིན་རླབས་འཇུག་གྱུར་ཅིག །སྐྱེ་བ་ཀུན་ཏུ་དཔལ་ལྡན་ཀརྨ་པ། །མི་བསྐྱོད་རྡོ་རྗེ་བླ་མར་བསྟེན་བྱས་ནས། །གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ཀྱི། །བསྐྱེད་རྫོགས་ལམ་གྱི་ཟུང་འཇུག་སྐུ་འགྲུབ་ཤོག །སྐྱེ་བ་ཀུན་ཏུ་ཡོངས་འཛིན་དམ་པ་མཆོག །ཞྭ་ནག་ཅོད་པན་འཛིན་པ་ཁོ་ན་དང་། །ཡི་དམ་སྙིང་པོ་དཔལ་ལྡན་བདེ་བ་མཆོག །འཁོར་ལོ་སྡོམ་པས་རྗེས་སུ་འཛིན་གྱུར་ཅིག །ལམ་གྱི་སྙིང་པོ་མོས་གུས་ཕྱག་རྒྱ་ཆེ། །ཞེན་ལོག་ངོ་བོ་དཔལ་ལྡན་བླ་མའི་སྐུ། །ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཉིད། །རྣལ་འབྱོར་འདན་མ་གྲུབ་ཐོབ་སངས་རྒྱས་རྗེའི། །གོ་འཕང་བདེ་བླག་སེམས་ཅན་ཐམས་ཅད་ཀྱིས། །འགྲུབ་ཕྱིར་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དགེ་ཚོགས་འབད་པ་དེ་ཡི་ཕྱིར་དུ་བསྔོ། །དཔལ་ལྡན་སངས་རྒྱས་མཉན་པ་ཡབ་སྲས་དང་། །སྐྱེ་དང་ཚེ་རབས་ཀུན་ཏུ་མི་འབྲལ་ཤོག །མཉམ་མེད་དྭགས་པོ་བཀའ་བརྒྱུད་ལ་གསོལ་བ་འདེབས་སོ། །མི་མཆོག་དུས་གསུམ་མཁྱེན་པ་ལ་གསོལ་བ་འདེབས་སོ། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ༴ །ཐུགས་རྗེ་ཅན་རང་བྱུང་ཀུན་མཁྱེན་ལ༴ །ནུས་པ་ཅན་སངས་རྒྱས་མཉན་པ་ལ༴ །བྱིན་རླབས་ཅན་དགའ་བའི་དབྱངས་ཅན་ལ་གསོལ་བ་འདེབས་སོ། །རྗེ་བཙུན་རྡོ་རྗེ་དབྱངས་ཅན་ལ༴ །མཚུངས་མེད་རྡོ་རྗེ་དགའ་བ་ལ༴ །ཟླ་མེད་དབྱངས་ཅན་བཟང་པོ་ལ༴ །འགྲན་མེད་མི་བསྐྱོད་བཟང་པོ་ལ༴ །མཁྱེན་རབ་མཚུངས་མེད་ལ༴ །ཐུགས་རྗེ་མཚུངས་མེད་ལ༴ །ནུས་པ་མཚུངས་མེད་ལ༴ །འཆི་བ་སྙིང་ནས་གཟེར་བར་བྱིན་གྱིས་རློབས། །ཞེན་པ་གཏིང་ནས་ལོག་པར༴ །ཅིས་ཀྱང་དགོས་མེད་རྟོགས་པར༴ །མི་རྟག་ངེས་ཤེས་སྐྱེ་བར་བྱིན༴ །ཉེ་རིང་མེད་པའི་ཐུགས་རྗེ་ཅན་ལ་གསོལ་བ་འདེབས་སོ། །ཕྱོགས་ལྷུང་མེད་པའི་ཕྲིན་ལས་ཅན་ལ༴ །སྔ་ཕྱི་མེད་པའི་བྱིན་རླབས་ཅན་ལ༴ །མཐོང་
༢༨༥ ཐོས་དོན་ལྡན་གྱི་མཛད་པ་ཅན་ལ༴ །རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ལ༴ །ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་ལ་གསོལ༴ །རྒྱལ་བ་དཀོན་མཆོག་ཡན་ལག༴ །རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ༴ །གར་དབང་ཆོས་ཀྱི་དབང་ཕྱུག༴ །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་ལ༴ །དཔལ་ལྡན་ཡེ་ཤེས་སྙིང་པོ་ལ༴ །མཚུངས་མེད་ཡེ་ཤེས་རྡོ་རྗེ་ལ༴ །དཔལ་ཆེན་ཆོས་ཀྱི་དོན་གྲུབ་ལ༴ །རྒྱལ་དབང་བྱང་ཆུབ་རྡོ་རྗེ་ལ༴ །སི་ཏུ་ཆོས་ཀྱི་འབྱུང་གནས་ལ༴ །རྗེ་བཙུན་བདུད་འདུལ་རྡོ་རྗེ་ལ༴ །མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ༴ །པདྨ་ཉིན་བྱེད་དབང་པོ་ལ༴ །ཐེག་པ་མཆོག་གི་རྡོ་རྗེ་ལ༴ །དྲིན་ཅན་རྩ་བའི་བླ་མ་ལ༴ །ཞིང་ཁམས་སྤྲུལ་པས་ཁྱབ་པ་ལ་།རབ་འབྱམས་ཞིང་གི་བདག་པོ་ལ༴ །བསམ་བརྗོད་རེ་བ་ལས་འདས་པ་ལ་གསོལ་བ་འདེབས་སོ། །ཞེས་བྱ་བ་འདི་ནི་འབྲེལ་པ་ཐོགས་ཆོག་མའི་གསོལ་འདེབས་སུ་གྲགས་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་ཆུད་པའི་རྣ་ལམ་དུ་ལན་ཅིག་བསྒྲགས་ཀྱང་ངན་སོང་གི་སྐྱེ་སྒོ་དུ་མ་ཆོད་ནས། མཐར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན་རྗེ་བཙུན་རྡོ་རྗེའི་དབྱངས་ཅན་དེ་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤིན་ཏུ་དཀར་བའི་འོད་ཟེར་གྱི་ཕྱག་རིང་པོ་བརྐྱངས་ནས། སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་ལ་འདྲེན་པར་ཞལ་གྱིས་བཞེས་པ་ཡིན་ནོ། །མི་འཇིགས་པའི་དབུགས་ཆེན་པོ་འབྱིན་པའི་ཆོས་རྗེ་སྟོབས་པོ་ཆེ་ལ་གསོལ་བ་འདེབས་སོ། །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
༢༨༦ ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག

༄༅། །དགེ་སྦྱོར་བདུན་པའི་ཉམས་ལེན་སྒང་དུ་བསྒྲིལ་བ་བཞུགས་སོ༎ །

༢༠༩ དགེ་སྦྱོར་བདུན་པའི་ཉམས་ལེན་སྒང་དུ་བསྒྲིལ་བ་བཞུགས་སོ།། །
༢༡༠ བཀྲ་ཤིས་ཚོན་གྱིས་རབ་སྦགས་ཞབས་མཐིལ་ལ། །མཆོད་དེ་འཇིག་རྟེན་ཆོས་ལ་གུས་ཐལ་ནས། །ཞེན་ལོག་སྒྲུབ་པའི་ཕྱོགས་སུ་ལྷུང་བའི་ཕྱིར། །མཚན་ལྡན་བླ་མར་ངེས་པ་འབྲུག་པ་ཁོང་། །གསུང་གི་ཟླ་ཉ་ལས་འཛག་བདུད་རྩིའི་རྒྱུན། །སུས་འཐུངས་དྲང་དོན་བསྙད་པའི་ཆང་གི་རོར། །མ་ཆགས་ཞི་ལ་རེག་ནས་བདེར་འཚོ་བས། །འབྲེལ་ཚད་དོན་ལྡན་ཁོང་ལས་གཞན་པ་སུ། །ཡིད་ཀྱི་ངོས་གཙང་གང་གི་རྣམ་ཐར་གྱི། །རི་ངོས་འགེངས་དེར་ངེས་ལེགས་ཡོན་ཏན་ཚོགས། །མ་བོས་ལྟད་མོ་ལྟ་བཞིན་འདུ་བས་ཀྱང་། །ཤེས་ལྡན་གཏན་གྱི་སྐྱབས་སུ་ཁོང་གི་འོས། །འདིར་གང་ཐོས་པས་ཉམས་ལེན་དུ་བསྒྲིལ་བ། །ཆོས་ཆོས་བརྒྱད་ཀྱི་གྲོགས་སུ་མི་གཏང་བ། །ཁ་དང་ཞེ་ཕུགས་སུ་བསྟུན་པ། །སྒོ་གསུམ་དགེ་སྦྱོར་གྱི་སྲང་དུ་བཅུག་ནས། །ཚེ་འདི་ལ་ཞེན་པའི་འཕྲི་བ་གཅད་དེ། །མཚོར་བར་ཐར་པའི་གོ་འཕང་དུ་འཛེགས་པ། ཆོས་རྗེ་འབྲུག་པའི་ཁྱད་པར་གྱི་གདམས་ངག་འདི་ལ། སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ལས། །དང་པོ་ནི། །སེམས་ཅན་གྱི་ཁམས་ཐམས་ཅད་ལ་དམིགས་
༢༡༡ ཏེ། བདེ་བ་དང་ལྡན་པར་འདོད་པའི་བྱམས་པ་དང་། །སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་དང་། བདེ་སྡུག་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་བསྒོམ་པར་བྱའོ། །ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་ཀྱི་ངང་ལས་བྷྲཱུཾ་ལས་རྡོ་རྗེའི་ས་གཞི་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལས་གྲུབ་པ། ཕྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན། །མཚམས་བྱང་ཆུབ་ཤིང་གིས་ལེགས་པར་བརྒྱན་པ། །ནང་རྡོ་རྗེའི་གདན་གྱི་གཞལ་མེད་ཁང་། །བྲེ་ཡན་ལ་རྩ་བའི་བླ་མ་དཀར་བརྒྱུད་དང་བཅས་པ་ཐོ་བརྩེགས་སུ་བཞུགས་པ། །བུམ་ནང་དུ་རྣལ་འབྱོར་བླ་མེད་དང་བང་རིམ་ལ་རྣལ་འབྱོར་དང་། །སྤྱོད་པ་དང་། བྱ་བའི་རྒྱུད་ཀྱི་དུས་གསུམ་གྱི་སངས་རྒྱས་དཔའ་བོ་མཁའ་འགྲོ་དགེ་འདུན་དང་བཅས་པ། ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་པ་དང་། འཇིག་རྟེན་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་རྣམས་རིམ་པ་བཞིན་འཁོད་པ་སེང་ཁྲིར་གཞི་བདག་གིས་གཙོས་
༢༡༢ པའི་སྡེ་བརྒྱད་རིགས་དྲུག་གི་ཚོགས་ཐམས་ཅད་མཆོད་རྟེན་འདེགས་པའི་ཚུལ་དུ་ཡོད་པའི་བུམ་ནང་གི་དབུས་སུ་རང་ཉིད་ཀྱི་ལུས་སྐུའི་ཁྲོ་བོ་འཇམ་དཔལ་གཤིན་རྗེ་གཤེད་དཀར་པོ་བེ་ཅོན་འཕྱར་བ། །དེའི་སྙིང་གར་རང་གི་ངག་གསུང་གི་ཁྲོ་བོ་ཧ་ཡ་གྲཱི་བ་དམར་པོ་དབྱུག་ཐོ་འཕྱར་བ། དེའི་ཐུགས་ཀར་རང་གི་ཡིད་ཐུགས་ཀྱི་ཁྲོ་བོ་ཕྱག་ན་རྡོ་རྗེ་མཐིང་ནག་རྡོ་རྗེ་འཕྱར་བ། གཡོན་རྣམས་ཐུགས་ཀར་སྡིགས་མཛུབ་མཛད་ཅིང་། ཤིན་ཏུ་ཁྲོས་པའི་ཞལ་མཆེ་བ་བཞི་གཙིགས་ཤིང་། སྤྱན་གསུམ་བགྲད་དེ་སྡང་མིག་ཏུ་གཟིགས་པ། སྨིན་མ་དང་ཨག་ཚོམ་མེར་སྣང་ཞིང་། །རལ་པ་གཤོར་པོ་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པའི་སྐུ་ཐུང་ལ་གེལ་ཞིང་ལྷུ་ལག་རགས་པ། གཡས་བརྐྱང་གིས་ཉིན་མོར་བྱེད་པ་ལ་བཞུགས་པ། བ་སྤུའི་ཁུངས་ནས་ཁྲོ་བོ་དང་ཁྲོ་མོ་དང་། གནམ་ལྕགས་ཀྱི་ཐོག་སེར་དང་། །རྡོ་རྗེ་དང་། རལ་གྲི་ལ་སོགས་པའི་མཚོན་རྣོན་པོ་དང་བཅས་པའི་རབ་ཏུ་འབར་བའི་མེ་ལྕེ་འཕྲོ་བས་ཀུན་ནས་བསྐོར་བར་གསལ་བཏབ་སྟེ། ༀ་ཨཱཿཧཱུྃ། བརྒྱ་རྩ་བརྒྱད་འཛབ་ཏུ་བཟླའོ།། །།གཉིས་པ་དངོས་གཞི་ལ། དང་པོ་སེམས་བསྐྱེད་གསོལ་བ་གདབ། །དགོས་མེད་བསྒོམ་ཞིང་ཟློག་བསྒོམ་བྱ། །ཞིང་ཁམས་སྦྱང་ཞིང་སྙིང་རྗེ་བསྒོམ། །ཆིག་ཆོག་བསྒོམ་ཞིང་རྩལ་རྫོགས་བསྒོམ། ལས་འབྲེལ་གཞག་ཅིང་སྤེལ་སྦྱངས་བྱ། །དབང་བཞི་བསྐུར་ཞིང་གདམས་ངག་བསྒོམ། །རྟེན་འབྲེལ་བསྒྲིག་ཅིང་སྨོན་ལམ་གདབ། །ཅེས་བཅུ་བཞི་ཡོད་པ་ལས། དང་པོ་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་མི་བཟད་པའི་འཁོར་བ་ལས་བསྒྲལ་ནས་བདེ་བ་ཆེན་པོའི་ས་ལ་གཞག་པའི་ཕྱིར། རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ། །ཞེས་སྨོན་པ་དང་། དེའི་ཆེད་དུ་དགེ་སྦྱོར་བདུན་པ་ཉམས་སུ་བླང་བ་ནི་འཇུག་པ་ཡིན་ཏེ། ངག་ཏུ་ཕྱོགས་བཅུ་དུས་གསུམ་
༢༡༣ གྱི་ཞེས་པ་ནས། བདག་གི་དགེ་སྦྱོར་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཅེས་པའི་བར་ལན་གསུམ་བརྗོད་དོ། །གཉིས་པ་གསོལ་བ་གདབ་པ་ནི། རང་གི་སྤྱི་བོའི་ཐད། བྲེའི་ནང་གྱད་དང་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲིར། །པདྨ་ཟླ་ཉི་བརྩེགས་པའི་གདན་ལ་བཞུགས་པའི་རྩ་བའི་བླ་མ་རང་ལ་དགྱེས་པས་གཟིགས་པ། ཞལ་འཛུམ་བག་བལྟས་ཀྱིན་ངོམས་པ་མེད་པའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་སྤྲུལ་སྐུ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོངས་སྐུ། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆོས་སྐུ། དེ་གསུམ་ཐ་དད་དུ་ཕྱེའམ་གཉིས་མིན་དུ་རོ་གཅིག་པའི་སྤྱི་གཟུགས་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐུ་གཞི་ཡེ་ཤེས་ལྔའི་ངང་བཞིན་རིགས་ཐམས་ཅད་ཀྱི་བདག་པོ། །དཀྱིལ་འཁོར་ཀུན་གྱི་གཙོ་བོ། །དཀོན་མཆོག་གསུམ་གྱི་འདུས་པ་ཡིན་པར་ཐེ་ཚོམ་དང་སོམ་ཉི་ཡོད་རི་སྙམ་པས་སྙིང་ཁོང་རུས་པའི་གཏིང་ནས། འདི་དང་བར་དོ་ཕྱི་མ་ཐམས་ཅད་ཀྱི་སྐྱབས་མགོན་རེ་ས་གཏད་ནས། ཕར་ཐིམ་འགྲོ་བ་ལྟ་བུ། ཚུར་འབྲལ་མི་ཕོད་པ་ལྟ་བུར་དཀར་བརྒྱུད་དང་བཅས་པ་ལ་དམིགས་ཏེ། བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཆེན་པོར་དམིགས་ཏེ་ཡན་ལག་བདུན་པས་ཕུལ། མ་ནམ་བཞི་སྐོར་སོགས་ཀྱིས་གསོལ་བ་དྲག་པོ་མཆི་མ་ཐུལ་ཐུལ་དུས་དང་རྣམ་པ་ཐམས་ཅད་དུ་གདབ་པར་བྱའོ། །དེ་ཡང་། ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་དེ་ལ་བསྟིམས་ནས་གསོལ་བ་བཏབ་ན་བླ་མ་ཐམས་ཅད་ལ་གསོལ་བ་བཏབ་པར་འགྲོ་ཞིང་། །དེ་བཞིན་དུ་ཡི་དམ་ཐམས་ཅད་བསྟིམ་ཞིང་གསོལ་བ་འདེབས་ཀྱིས་ངག་ལ་སྔགས་བསྟིམས་པས་ལྷ་ཐམས་ཅད་བསྙེན་པར་འགྲོ། ཆོས་སྐྱོང་
༢༡༤ ཐམས་ཅད་བསྟིམས་ཏེ་གསོལ་བ་བཏབ་ན་འགལ་རྐྱེན་ཐམས་ཅད་སེལ་ཞིང་། མཐུན་རྐྱེན་ཐམས་ཅད་སྒྲུབ་པས་མཚོན་ཏེ། ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་བླ་མ་ལ་བསྒྲིག་ཤེས་ན་ཆོས་ཀྱི་དགོས་པ་ཐམས་ཅད་དེའི་ལག་པའི་རྩེན་སྣང་ངོ་། །གསུམ་པ་དགོས་མེད་སྒོམ་པ་ནི། ཕྱི་སྐྱེས་པའི་ཡུལ། བྱམས་པའི་གཉེན། བསགས་པའི་ནོར། གཅེས་པའི་ལུས། འཇིག་རྟེན་མི་ཆོས་ཀྱི་བླང་བ་དང་དོར་བར་བྱ་བ་ཐམས་ཅད་ལ་ཞེན་པ་གཏིང་ནས་མ་ལོག་གི་བར་དུ། གང་ལ་ཆགས་པ་དང་། ཞེན་པ་དང་། སྲེད་པ་སྐྱེ་བ་དེ་བློས་རྒྱང་གིས་བསྐྱུར་ནས། དངོས་སུའང་དེ་སྦྲུལ་ནག་པོའི་དུག་ལྟ་བུར་བལྟས་ལ་དོར་ཏེ། ཅིས་ཀྱང་དགོས་པ་མེད་ཅེས་ངག་ཏུ་བརྗོད་ཅིང་། ཡིད་ཀྱིས་ཞེ་ཐག་པ་ནས་བསྒོམ་མོ། །འཇིག་རྟེན་མིག་ཉེའི་དབང་དུ་མ་ཤོར་བར། ཆགས་ཞེན་སྲེད་པ་སྐྱེ་བའི་རྐྱེན་ངན་དང་ནམ་འཕྲད་པའི་དུས་དེ་ཉིད་དུ་གཉེན་པོ་དེ་ལྟ་བུའི་ཐོག་བརྫིས་སུ་བྱའོ། །དེ་བཞིན་དུ། ནང་ཆོས་ཀྱི་ཐོས་པ་དང་བསམ་པ་དང་། གསང་བ་སྒོམ་པའི་ཉམས་མྱོང་ཡོན་ཏན་ལའང་མ་ཆགས་མ་ཞེན་མི་སྲེད། བློས་ཆིལ་གཏད་ནས་དགོས་མེད་ཀྱི་དྲག་སྔགས་དྲག་པོས་གཅུད་ལ་འབོར་རོ།། །།བཞི་པ་ཟློག་བསྒོམ་བྱ་བ་ལ། གཉན་ས་རི་ཁྲོད་འགྲིམ་པ་ཕྱིའི་སྤྱོད། །ཕུང་པོ་གཟན་དུ་བསྒྱུར་བ་ནད་གི་སྤྱོད། །གཟུང་འཛིན་སྙེམས་ཐག་གཅོད་པ་གསང་བའི་སྤྱོད་པ་གསུམ་ལས། དང་པོ་ནི། གནས་གང་གཉན་ཅིང་འཚུབས་པ། ཡང་བ། སྐྱིན་བུན་པ། སྐྱེ་བོའི་རྒྱུ་འགྲུལ་གྱིས་དབེན་པ། མི་མ་ཡིན་དང་། གཅན་གཟན་གཏུམ་པོ་འགྲིམ་པ། ཟོས་ཀྱིས་དགོས་པ། ཁྱེར་གྱིས་དོགས་པ། སྲོག་བཅད་ཀྱིས་དོགས་པ་དེར་ཕྱིན་ནས། ཅིས་ཀྱང་དགོས་པ་མེད་ཅེས་བརྗོད་ཅིང་། ཡིད་ལ་བསྒོམས་པས་རེ་བའི་འཕྲང་ཐམས་ཅད་བཀབ། །ཅི་འོང་བ་ཤོག་
༢༡༥ གང་ལྟར་འགྲོ་བ་སོགས་ཞེས་བརྗོད་ཅིང་བསྒོམས་པས། དོག་པའི་གཡང་གང་ཟ་བ་ལ་བསྒྱུར། མདོར་ན་སྐྱིད་སྡུག་གཉིས་ཀྱི་སྐྱིད་པ་རྒྱབ་ཏུ་བསྐྱུར། སྡུག་པ་དང་དུ་ལེན་པས་མཚོན་ནས་གང་མི་ཕོད་པ་ལ་ཐོག་བརྫིས་བྱས་ནས་འཇོག་པས། གཞན་དག་མི་འདོད་པའི་སྤང་བྱར་བྱེད་པ་ཐམས་ཅད་འདིར་བསྒྲུབ་བྱར་བྱེད་པ་སྟེ། སྙིང་པོའི་མིང་ཟློག་པའི་སྒོམ་པ་ཞེས་བྱའོ། །ཚུལ་དེ་ལུས་སེམས་ལ་གཟན་ཆ་ནམ་བྱུང་གི་དུས་སུ་བྱས་ལ། དེ་དུས་ཕན་དུ་རེ་བའི་རྐུན་བུས་མ་ཁྱེར་བ་གལ་ཆེའོ། །གཉིས་པ་ནི། དེར་ལྷ་འདྲེ་ལ་སོགས་པའི་ཆོ་འཕྲུལ་བྱུང་བའམ། གཞན་དུའང་སེམས་ཅན་ཐམས་ཅད་ཕ་མ་ཡིན་པས། དེ་རྣམས་ལ་ལེན་ཆགས་ལེན་ཅིང་། ཤ་འཁོན་གཉེར་བ་ཡོད་པས། དེ་རྣམས་ཀྱི་གླུད་དུ་ད་ལྟ་ཁོ་བོའི་ལུས་འདི་གཏོང་ངོ་སྙམ་དུ་བསམས་ནས། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་མདུན་དུ་བོས་ཏེ། ལུས་ཀྱི་ལྷུ་བཅུ་གཉིས། མགོ་དང་བཅུ་གསུམ། དབང་པོ་ལྔ། དོན་སྙིང་ལྔ། ནང་ཁྲོལ་དྲུག །ཤ་རུས། རྐང་དང་ཚིལ། ཀླད་པ་དང་ཀླད་རྒྱ། ཞག་དང་ཁྲག །སྐྲ་དང་སེན་མོ། །པགས་པ་དང་དྲི་མ། དབུགས་དང་ཚེ་སྲོག །མདངས་དང་བཀྲག་ལ་སོགས་པ་སོ་སོའི་ཡིད་ལ་གང་འདོད་པ་རྣམས་ད་ལྟ་ཉིད་དུ་ཁྱེར་ཅིག་ཅེས་བརྗོད་དེ། ལུས་ལ་གཅེས་འཛིན་དོར་བས། དེ་དག་གིས་ཧབ་ཤར་བྱས་ནས་ཟོས་པས་ཚིམས་པར་བསམ་ལ། ཤ་ཁྲག་ལུས་ཀྱི་མཆོད་སྦྱིན་འདི་ལ་བརྟེན་ནས། ད་ཕྱིན་ཆད་ལྷ་འདྲེ་འདིར་འཚོགས་པ་རྣམས་ཞེ་སྡང་གདུག་རྩུབ་ཀྱི་བསམ་པ་ཞི་ནས། སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་རྣམས་ལ་གནོད་ཅིང་འཚེ་བ་ལས་ལོག་སྟེ་ཟག་པ་མེད་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་གང་ནས་ཕན་འདོགས་པའི་བྱང་ཆུབ་ཀྱི་སེམས་ལ་གནས་པས་རྣམ་པ་ཐམས་
༢༡༦ ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པར་གྱུར་ཅིག །ཅེས་བརྗོད། དེ་ལྟར་ལུས་ནི་ལྷ་འདྲེ་ལ་སྦྱིན་ཟིན། སེམས་སྟོང་པ་ཉིད་ལ་ནི་ཚངས་པའི་འཇིག་རྟེན་མན་ཆད་དགྲར་ལངས་ཀྱང་བར་དུ་གཅོད་མི་ནུས་པར་ཤེས་པར་བྱས་ལ། ཕྱི་འཁྲུལ་པ་གདོན་གྱི་བར་ཆད་ཐམས་ཅད་ནད་རྣམ་པར་རྟོག་པའི་ཉེར་ལེན་ལས་བྱུང་བ་ཡིན་པས། ཡིད་འགྱུ་བ་ཕྱི་ནང་གི་འཕྲང་བཅད་ནས་སེམས་མ་བཅོས་པའི་ངང་དུ་གློད་ལ་གཞག་གོ། །།གསུམ་པ་ནི། གཟུང་བའམ་འཛིན་པ་ཏོལ་སྐྱེས་པའི་རྟོག་པ་ཐམས་ཅད་སྐད་ཅིག་མ་དང་པོ་ལ་ངོས་བཟུང་ལ། ཕཊ་དྲག་པོ་གཅིག་བརྒྱབ་ལ་གནས་ལུགས་ཀྱི་ངང་དུ་གཅུད་ལ་བོར། དེ་ལ་མི་གནས་པར་ཤེས་པ་ཡུལ་ཕྱིར་འབྲང་ན། ཕཊ་ཅེས་བརྗོད་ནས་རྣམ་པར་རྟོག་པ་འཐོར་བ་བསྡུའོ། །དམིགས་པ་བརྗེད་པའི་དུས་སུ་ཕཊ་ཅེས་བརྗོད་པས་རིག་པ་བྱིང་བ་བསང་ངོ་། །ཚུལ་དེ་ལྟ་བུས་སེམས་ཡེངས་སུ་མི་འཇུག་གོ །ལྔ་པ་ཞིང་ཁམས་སྦྱོང་བ་ནི། ཅིར་སྣང་ཐམས་ཅད་སྣ་ཚོགས་གཟུགས་བརྙན་བླ་མའི་སྐུ་རྣམ་པ་ཐམས་ཅད་པ་ཡིན་པས། ནམ་མཇལ་བའི་དུས་དེར་མོས་གུས་གྱིས་ཐུགས་ཡིད་བསྲེས་ནས་མཉམ་པར་གཞག་པས་སྣང་སྟོང་ཟུང་འཇུག་ཏུ་འཆར་ཏེ། སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཅེས་བྱའོ། །ཅི་ཐོས་པ་ཐམས་ཅད་གཞོམ་དུ་མེད་པའི་སྒྲ་བརྙན་བླ་མའི་གསུང་རྣམ་པ་ཐམས་ཅད་པ་ཡིན་པས། གང་ཐོས་པའི་དུས་དེ་ཉིད་དུ་གྲགས་སྟོང་དུ་ཉན་པས་གསལ་སྟོང་ཟུང་འཇུག་ཏུ་འཆར་ཏེ། གསུང་རྡོ་རྗེའི་ཏིང་ངེ་འཛིན་ནོ། །གང་དྲན་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བླ་མའི་ཐུགས་རྣམ་པ་ཐམས་ཅད་པ་ཡིན་པས། ནམ་ཤར་དེ་ཉིད་དུ་སོ་སོ་རང་གིས་རིག་པར་བྱས་ན་བདེ་སྟོང་ཟུང་འཇུག་ཏུ་འཆར་ཏེ། ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ནོ། །ཚུལ་འདིས་སྣང་སྲིད་འཁོར་
༢༡༧ འདས་ཀྱི་ཆོས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་དུ་ཤེས། རྐྱེན་སྣང་གང་ཤར་ཐམས་ཅད་བྱིན་རླབས་དང་ཐུགས་རྗེའི་རྩེལ་ཁར་རྟོགས་པས་བླ་མ་སྐུ་གསུམ་གྱི་རང་བཞིན་དུ་སངས་རྒྱའོ། །དྲུག་པ་སྙིང་རྗེ་བསྒོམ་པ་ནི། སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པ་གང་ལ་རང་གི་རྒྱུད་ཚོད་དང་མཐུན་པར་ཞུགས་ཏེ། སེམས་ཅན་ཕ་མ། ཕ་མ་ཐམས་ཅད་དྲིན་ཅན། དྲིན་ཅན་འདི་དག་ཁམས་གསུམ་དུ་འཁོར། རིགས་དྲུག་ཏུ་འཁྱམ། སྡུག་བསྔལ་དྲག་པོས་མནར། ཐར་པའི་དུས་ནི་མེད་པས། འདི་དག་སྡུག་བསྔལ་དེ་དང་བྲལ་ན་ཅི་མ་རུང་སྙམ་དུ་བསྒོམ་མོ། །དེས་སེམས་ཅན་ཐམས་ཅད་འཁུ་གཅིག་པུ་སྙིང་དུ་སྡུག་པ་ལ་དེའི་མས་བཞིན་དུ་མཐོང་ནས། བདག་གཞན་མཉམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པར་མཉམ་པས་ན། བདག་དང་སེམས་ཅན་འདི་དག་མཉམ་པ་ཉིད་ཡིན་པས། བདག་གིས་གཞན་གྱིས་སྡུག་བསྔལ་ཐམས་ཅད་བསལ་བར་བྱ་སྟེ། བདག་གི་སྡུག་བསྔལ་བ་བཞིན་ནོ། །བདག་གིས་གཞན་ལ་ཕན་པ་ཐམས་ཅད་བསྒྲུབ་པར་བྱ་སྟེ། བདག་གི་ཕན་པ་བཞིན་ནོ་ཞེས་བསྒོམ་མོ། །དེ་ནས་བདག་ལས་སེམས་ཅན་ལྷག་པར་བསྒོམ་སྟེ། བདག་ལ་ནད་དང་ཡིད་མི་བདེ་བ་ལྟ་བུ་གཅིག་བྱུང་དུས་སུ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །ཅེས་དམ་བཅས་ནས། དེ་དག་གིས་སྡུག་བསྔལ་ཇི་ཙམ་འཁུར་དགོས་པ་དེ་ཙམ་དུ། དེ་ལ་སྤོང་བློ་མ་ཞུགས་པར་བྱེད་ཅིང་། བདག་གི་ལེགས་པའམ་དགེ་བ་ནམ་འབྱོར་བའི་དུས་བདག་གིར་མི་བྱ་བར་གཞན་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །དེ་
༢༡༨ ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །མཐར་སྡུག་བསྔལ་གྱི་རང་ཞལ་བལྟས་པས་སྡུག་བསྔལ་གྱི་དམིགས་པ་ཉེ་བར་ཞི་ནས་གཉུག་མའི་ངང་དུ་གནས་པར་འགྱུར་ཏེ། དོན་དམ་པའི་སེམས་སྒོམ་པའོ། །ཚུལ་འདི་ལ་སློབ་པ་ན་དངོས་སུ་བདག་གི་ཕུན་སུམ་ཚོགས་པ་གཞན་ལ་སྦྱིན་ཞིང་། གཞན་གྱི་དུཿཁ་བ་རང་གིས་བདག་གིར་ལེན་པ་ལ་པདྨའི་མཚོ་ལ་ངང་པ་བཞིན་དུ་འཇུག་པར་བྱའོ། །བདུན་པ་ཆིག་ཆོག་སྒོམ་པ་ནི། བྱར་མེད་བློ་ལས་འདས་པའི་དོན་ཏེ། བྱས་ཆོས་བློའི་དྲི་མས་མི་སྤགས་པར་བསྒོམ་དུ་མེད་ཅིང་། ཡེངས་སུ་མེད་པའི་སེམས་ཀྱི་རང་བཞིན་ཉིད་དུ་རང་བབས་སུ་ཁྲེས་སེ་འཇོག་པའོ། །འདི་ནི་སངས་རྒྱས་པའི་ལམ་རྣལ་མ་དེ་ཀ་ཡིན་པའི་ཕྱིར་ཆིག་ཆོག་མ་ཞེས་བྱའོ། །འོ་ན་སངས་རྒྱས་པ་ལ་ཐབས་ཤེས་ཟུང་འཇུག་གི་ཉམས་ལེན་དགོས་པ་མ་ཡིན་ནམ་ཞེ་ན་བདེན་མོད། འདིར་སྟོང་པར་མ་བསྒོམས་པས་སྣང་བ་མ་སྤངས། དེས་ན་སྣང་བ་མི་དགག་པ་ཐབས་ཀྱི་ཆ། དངོས་པོར་མ་བཟུང་པས་སྟོང་པ་མ་སྤངས་ལ། སྟོང་པ་མ་བོར་པས་ཤེས་རབ་ཀྱི་ཆ། དེ་གཉིས་ཆུ་ལ་ཆུ་བཞག་པ་ལྟ་བུར་ངོ་བོ་ཉིད་ཀྱི་དབྱེར་མེད་དུ་གནས་པ་ལ་དབྱེར་མེད་དུ་ཉམས་སུ་བསྟར་བས་ཐབས་ཤེས་ཟུང་འཇུག་ཅེས་བྱ་སྟེ། ཕྱོགས་རེ་རེ་བར་ལྷུང་པའི་སྐྱོན་མེད་དོ། །དེས་ཁ་ཕྱིར་ལྟའི་ཤེས་པ་ཐམས་ཅད་སོ་སོ་རང་གི་རིགས་པའི་དབང་དུ་འདུ་བའི་ཕྱིར་གཞན་སྣང་དབང་དུ་སྡུད་པ་ཞེས་བྱའོ། །བརྒྱད་པ་རྩལ་རྫོགས་སྒོམ་པ་ནི། དལ་འགྲོའམ། འདུག་གམ། ཟའམ། ཉལ་བའི་དུས་གར་ཡང་དེའི་རྐྱེན་རྟོག་ཤར་པའི་དུས་སུ་དེ་ལ་སྐྱོན་དུ་མི་འཛིན་ཅིང་། སྤོང་བློ་མི་བྱ། རྟོག་པ་དེ་ཉིད་རང་བཞིན་སྟོང་པ་ཡིན་པས་བློས་སྟོང་བར་མི་སྒོམ། རྟོག་པ་ལྟར་སྣང་ཡང་ངོས་གཟུང་མེད་པས། དངོས་པོར་ཡང་མི་གཟུང་བར། དེ་ཉིད་ངོས་ཚིར་གྱིས་ཟིན་པའི་ངང་དེར་
༢༡༩ ཀར་མ་བཅོས་པར་གློད་པས། དེར་སྣང་གི་དམིགས་པ་ཞིག་ནས་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་འཇུག་པ་ཡིན་ནོ། །འདིའི་གནད་ཀྱིས་ཟིན་ན། འགྲོ་འདུག་སྐོར་བ། ཟས་གང་ཟོས་ཚོགས་འཁོར། གཉིད་དམ་ཉལ་འོད་གསལ། སྤྱོད་ལམ་གང་བྱས་ཆོས་སུ་འགྲོ་བ་ཡིན་ནོ། །དགུ་པ་ལས་འབྲེལ་གཞག་པ་ནི། དུས་དང་རྣམ་པ་ཐམས་ཅད་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཅི་བྱེད་ཐམས་ཅད་གཞན་དོན་འབའ་ཞིག་ཏུ་སྤྱད་ནས་རང་འདོད་ཀྱི་འཁྲིས་ཡེ་མ་ཞུགས་པས། ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་ལ་མ་ཆགས་མ་ཞེན་པར་སེམས་ཅན་ཐམས་ཅད་ལ་ལྟོས་མེད་དུ་སྦྱིན་པར་བྱའོ། །རང་ལ་ལོག་པར་སྒྲུབ་པ་བྱུང་ན། དེ་ལ་དེའི་རྐྱེན་གྱིས་ལྷག་པར་བརྩེ་བས། གནོད་པར་བྱས་པའི་རྒྱུ་འདིས་འདི་སྡུག་བསྔལ་བར་མི་འགྱུར་བར་བདག་གིས་ཚེ་རབས་ཐམས་ཅད་དུ་འདི་ལ་ཕན་པ་དང་བདེ་བ་ཐམས་ཅད་བསྒྲུབ་སྟེ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་འཇུག་པར་བྱའོ་སྙམ་དུ་དམ་བཅའོ། །དགེ་བའི་རྩ་བ་དེ་ལ་སྦྱིན་པར་བྱའོ། །གལ་ཏེ་མཐུ་དང་ལྡན་ན་མ་རུངས་པ་དག་དྲག་པོའི་ལས་ལ་སོགས་པས་ཀྱང་རྗེས་སུ་འཛིན་པར་གསུངས་སོ།། །།བཅུ་པ་སྤེལ་སྦྱོང་ནི། སྡིག་པའམ་དགེ་བའི་རྟོག་པ་སྐད་ཅིག་འགྱུས་པ་ཡན་ཆད་སྟོང་ཉིད་དུ་སྦྱངས་ཤིང་། རྗེས་ལ་སྡིག་པ་སྟོབས་བཞིས་བཤགས་པ་དང་། དགེ་བ་དོན་གཉིས་ལྡན་པའི་རྒྱུ་རུ་བསྔོས་པས། ལུས་ངག་ཡིད་གསུམ་ཐ་མ་ལ་དུ་མི་ལུས་པར་སྒྲིབ་གཉིས་འདག་ཅིང་། ཚོགས་གཉིས་ངམ་ངམ་གྱིས་རྫོགས་པར་འགྱུར་རོ། །བཅུ་གཅིག་པ་དབང་བཞི་བསྐུར་བ་ནི། བླ་མ་ཡི་དམ་གྱི་ཚོགས་ལ་གསོལ་བ་བཏབ་པས། ཐུགས་ཀ་ནས་ཡུམ་ལྔས་རིན་པོ་ཆེའི་བུམ་པ་ཧེ་རུ་ཀ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་
༢༢༠ བས། བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱིས་ལྷ་རྣམས་ཀྱི་སྤྱི་བོ་ནས་རིམ་པས་ཞུགས་པས་ལུས་ངག་ཡིད་བཞི་པའི་དྲི་མ་ཐམས་ཅད་ནག་འདུར་འདུར་ཞབས་ཀྱི་མཐེ་བོང་ནས་ཟགས་པས་དྲི་མ་མེད་པར་གྱུར་པའི་སྐུ་ལུས་བདུད་རྩིས་གང་བར་བསམ་པ་ཕྱིའི་དབང་ངོ་། །དེས་ཕུང་ཁམས་སྐྱེ་མཆེད་ལྷར་རིག །རླུང་སྔགས་ཟུང་འཇུག་ཏུ་རིག །ཐིག་ལེ་བདེ་བའི་ངོ་བོར་རིག །བདེ་བའང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཟུང་འཇུག་ཏུ་རིག་པས་ནང་གི་དབང་། བདག་གི་ལུས་དང་སངས་རྒྱས་ཀྱི་སྐུ་རྡོ་རྗེ། ངག་དང་གསུང་རྡོ་རྗེ། ཡིད་དང་ཐུགས་རྡོ་རྗེ། ཡེ་ཤེས་དང་ཡེ་ཤེས་རྡོ་རྗེ་དབྱེར་མི་ཕྱེད་པ་ཆུ་དང་འཁྱག་རོམ་ལྟར་བྱིན་གྱིས་བརླབས་པ་དོན་གྱི་དབང་ངོ་། །བཅུ་གཉིས་པ་གདམས་ངག་སྒོམ་པ་ནི། ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱི་ལྷ་ཡིན་པས་རྣམ་པའི་བསྒྱུར་སྒོམ་མི་དགོས། རང་ངོ་ཤེས་པར་བྱས་པས་བཅོས་མའི་ཟོལ་རྡིབ་སྟ། ཀུན་ཁྱབ་སྒྱུ་འཕྲུལ་གྱི་སྣང་བ་འཆར་བ་ལྷའི་དེ་ཁོ་ན་ཉིད་དོ། །རླུང་སྔགས་ཟུང་འཇུག་ཡིན་པས་བགྲང་འདྲེན་གྱི་བཟླས་བརྗོད་མི་དགོས། རང་ངོ་ཤེས་པར་བྱས་པས་ལས་རླུང་དག་སྟེ། གཞོམ་དུ་མེད་པའི་སྐད་དུ་འཆར་འཆར་བ་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དྲན་རྟོག་སྟོང་ཉིད་ཀྱི་རང་མདངས་ཡིན་པས་བཅོས་མའི་རྒྱས་བཏབ་མི་དགོས། རང་ངོ་ཤེས་པར་བྱས་པས་འཁྲུལ་པའི་གཟུང་འཛིན་ཞིག་སྟེ། འཁྲུལ་མེད་ཀྱི་བདེ་བར་ཤར་བས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་གསུམ་ཡང་ཐ་དད་དུ་བཤད་ཀྱང་ཟུང་འཇུག་ཏུ་གནས་པས་བློས་བརྟགས་ནས་བསྲེ་མི་དགོས། ཁྱབ་གདལ་དུ་བསྐྱངས་པས་གཞི་ཐོག་ཏུ་ཐིམ་པ་བདག་གི་དེ་ཁོ་ན་ཉིད་དོ། །བཅུ་གསུམ་པ་རྟེན་འབྲེལ་བསྒྲིག་པ་ནི། ཕྱིར་ལུས་ཀྱིས་བཟང་ངན་འབྲིང་གསུམ་སྤྱི་བོར་ཁུར། །ངག་གིས་ཐམས་ཅད་ལ་སྙན་པར་འབའ་ཞིག་བརྗོད། ཡིད་ཀྱིས་ལོག་སྒྲུབ་བཟོད་པའི་དག་སྣང་ལ་སྦྱང་། ནང་དུ་ལུས་ཐོག་ཏུ་སྐུ་རྡོ་རྗེའི་རྟེན་འབྲེལ་བསྒྲིགས་པས་འབྲས་བུ་སྤྲུལ་པའི་སྐུར་འཆར། ངག་ཐོག་ཏུ་གསུང་རྡོ་རྗེ་ལོངས་སྐུ། ཡིད་ཐོག་ཏུ་ཐུགས་རྡོ་རྗེ་ཆོས་སྐུ། གསང་
༢༢༡ བར་བདེ་སྟོང་མཉམ་པ་ཉིད་ཀྱི་རྟེན་འབྲེལ་བསྒྲིགས་པས་ནང་གིས་གསལ་སྟོང་རོ་མཉམ། དེ་ལས་ཕྱིའི་སྣང་སྟོང་རོ་མཉམ་ཞིང་། དེས་འབྲས་དུས་སུ་ཐུགས་ལས་གསུང་དུ་སྣང་། གསུང་ལས་སྐུ་སྟེ། བདག་གཞན་གྱི་དོན་གཉིས་འབྲུབ་པ་ཡིན་ནོ། །བཅུ་བཞི་པ་སྨོན་ལམ་གདབ་པ་ནི། ལྷག་པའི་བསམ་པས་དགེ་བ་ཐམས་ཅད་ཀྱི་མཇུག་ཏུ། འདི་ཉིད་ནས་བཤད་བའི་སྨོན་ལམ་རིང་མོའམ་བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་ཡོངས་སུ་བསྔོ་བར་བྱའོ། །གསུམ་པ་རྗེས་ནི། རྟེན་བརྟེན་པར་བཅས་པའི་ལྷ་ཚོགས་ཐམས་ཅད་དང་། རང་གི་ལུས་ངག་ཡིད་གསུམ་ལན་ཚྭ་ཆུ་ལ་སིམ་པ་ལྟར་མི་ཕྱེད་པར་བསྒོམས་ལ་མཉམ་པར་གཞག་ཅིང་། མཐར་བྱ་བ་ཐམས་ཅད་གཞན་དོན་དུ་མོས་པས་ལྡང་བར་བྱའོ། །དེ་ལྟར་ཐུགས་དམ་དགེ་སྦྱོར་བདུན་པའི་ཁྲིད། ཉམས་སུ་བླང་བྱའི་སྙིང་པོར་བསྒྲིལ་བ་འདིའང་། གཞུང་ལུགས་རབ་འབྱམས་སྨྲ་བའི་སྟོན་སྒོམ་གཡའ་བཟང་པ་དཔལ་འབྱོར་གྲགས་པའི་ངོར་དགེ་སློང་པདྨ་དཀར་པོས་སྲོང་གཙན་བང་སོའི་རྒྱལ་པོའི་ཁབ་ཏུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །འཇིག་རྟེན་མིག་ངོར་སུ་འཕྱོར་འཁྱེར་ལེགས་པ། །དེང་སོང་ཀུན་གྱིས་ཆོས་ལ་བཟང་པོར་བྱས། །སྙེམས་ཆུད་ཉོན་མོངས་ཐུལ་དེ་བཙུན་པ་ཞེས། །ཟས་གཙང་སྲས་ཀྱི་གླེགས་གམ་ཁོ་ནར་གྲགས། །ཐམས་ཅད་གཟིགས་དེས་འདོད་པ་ཉེས་དམིགས་རྒྱུར། །དགོངས་ནས་རང་གི་སློབ་མར་སྤོངས་ཞེས་གསུངས། །ལྷག་པའི་ནོར་མེད་ད་དུས་ཆོས་པའི་ཁྲོད། །མ་ཚུད་དོགས་ནས་ཐེ་ཚོམ་འཁྱོག་ལ་བརྟེན། །སྙིགས་དུས་སྐྱེ་དགུ་དགའ་བའི་ཟོལ་མ་མཁྱེན། །ཚེ་འདིའི་ཞེན་པ་དང་ཡང་མ་འདྲིས་པས། །མི་ཁྱུར་མ་ཚུད་ཁོ་བོའི་བླ་མ་དག །དབེན་པའི་རིར་གབ་ཆགས་མེད་ཞི་ལ་སེམས།། །།

གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་ལྡན་གྱི་དམིགས་རིམ་བླ་མའི་གསུང་རྒྱུན་གྱི་ཟིན་བྲིས་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་སོ།

༢༠༡ ༄༅། གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་ལྡན་གྱི་དམིགས་རིམ་བླ་མའི་གསུང་རྒྱུན་གྱི་ཟིན་བྲིས་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་སོ། །
༢༠༢ ༄༅། །གང་གི་མཚན་ཙམ་དྲན་པས་ཀྱང་། །སྲིད་ཞིའི་འཆིང་བ་ཀུན་སྒྲོལ་ནས། །ཡང་དག་ས་ལ་འགོད་མཛད་པའི། །བླ་མ་རྒྱལ་བའི་ཡུམ་ལ་འདུད། །འདིར་དམ་པ་བདུད་ཀྱི་གཅོད་ཡུལ་གྱི་དྲ་བ་དོན་ཉམས་སུ་ལེན་པའི་མན་ངག་སྙིང་པོར་དྲིལ་བ་ལ། ཕུང་པོ་གཟན་བསྐྱུར་དང་ཚོགས་ལས་ཀྱི་རིམ་པ་གཉིས་ཀྱི་དམིགས་རིམ་ཞལ་གདམས་རྗེ་བཙུན་ཀུན་དགའ་རྣམ་རྒྱལ་གྱི་ཕྱག་བཞེས་ཀྱི་རིམ་བཞལ་རྒྱུན་ལྟར་བྲི་བ་ལ་བླ་མ་མཁའ་འགྲོས་བཀའི་གནང་བ་སྩལ་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ཡང་གོང་དུ་ཕུག་གཏོར་སོགས་ཚོགས་འཁོར་གཏོར་འབུལ་མཆོད་བཤམས་རྣམས་གྲུབ་ནས་བདུད་རྩི་བྱིན་རླབས་སྔོན་འགྲོ་གཏོར་མ་མཆོད་པ་བྱིན་རླབས་སོང་ནས། དེ་ནས་དངོས་གཞི་ལ། དང་པོ་སེམས་བསྐྱེད་པ་ནི། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དམ་པ་བདུད་ཀྱི་གཅོད་ཡུལ་ཉམས་སུ་ལེན་པར་བྱ་བསམ་པ་ནི་སྨོན་པ་དང་། དེ་ནས་དངོས་གཞི་ཉམས་སུ་ལེན་པ་ནི་འཇུག་པ་སྟེ། དེ་ཡང་དང་པོ་
༢༠༣ རང་ཉིད་སངས་རྒྱས་ནས་སེམས་ཅན་རྣམས་དེའི་ས་ལ་བཀོད་སྙམ་པ་རྒྱལ་པོ་ལྟ་བུ་དང་། རང་གཞན་གཉིས་ཀ་དུས་མཉམ་དུ་སངས་རྒྱ་སྙམ་པ་མཉན་པ་ལྟ་བུ་དང་། སྔོན་དུ་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་བཀོད་ནས་སླར་རང་སངས་རྒྱ་བར་འདོད་པ་ཕྱུགས་རྫི་ལྟ་བུ་སྟེ། རང་ཉིད་ཀྱི་བློ་ཡིས་གང་ལྕོགས་ཀྱི་སེམས་བསྐྱེད་དེ་ལྟ་བུའི་ངང་ནས་འདིར་གདོན་བརྒྱད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་བླ་ན་མེད་པ་ཡུམ་ཆེན་མོའ་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་གཅོད་ཡུལ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའོ། །དེ་ལ་གདོན་བརྒྱད་ནི། སྡང་བའི་དགྲ་ཞེས་པ་རང་ཉིད་གསོད་གཅོད་བརྡུང་རྡེག་སོགས་དང་ནོར་རྫས་འཕྲོག་པ་གྱོད་དང་མི་ཁ་གཏམ་ངན་སོགས་དངོས་སུ་མ་རུངས་པའི་བསམ་ངན་དང་ལྡན་པ་དང་། གནོད་པའི་བགེགས་ཞེས་པ། རང་གི་ཚེ་སྲོག་ལུས་དང་ལོངས་སྤྱོད་སོགས་དངོས་མེད་ཀྱི་སྒོ་ནས་འཕྲོག་པར་བྱེད་པ་དང་། བར་དུ་གཅོད་པའི་རྐྱེན་ཞེས་པ། གནས་སྐབས་མཐར་ཐུག་གི་དོན་བྱ་བ་ཆེ་ཕྲ་
༢༠༤ གང་བསྒྲུབ་ཀྱང་ལམ་དུ་འགྲོ་མི་སྟེར་བའི་བར་ཆད་བྱེད་དུ་འཇུག་པ་དང་། ལས་ཀྱི་གདོན་ཞེས་པ། འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་སྐད་ཅིག་མའི་དུས་བར་གྱི་རང་ངོ་རང་གིས་མ་ཤེས་པའི་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་རང་གཟུགས་རིགས་དྲུག་སོ་སོའ་ལས་སྣང་བདེ་སྡུག་སྣ་ཚོགས་ཀྱི་ཚོར་བ་ཉམས་སུ་མྱོང་བའི་ཡུལ་ཡུལ་ཅན་གྱི་མཚན་འཛིན་ཅན་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་འཁོར་བའི་ལྷན་སྐྱེས་ཀྱི་མ་རིག་པའམ་བདུད་བཞིའི་ངོ་བོ་གཉིས་སྣང་འཁྲུལ་པའི་བག་ཆགས་དེ་ལ་ཟེར། ལུས་ཀྱི་གདོན་ནི། དེ་ལྟར་གཉིས་སྣང་འཁྲུལ་པའི་བག་ཆགས་དཀར་ནག་གིས་བསྐྱེད་པའི་ཤ་ཁྲག་གི་ཕུང་པོ་འདིའི་སྐྲ་རྩེ་ནས་རྐང་སེན་གྱི་བར་དུ་གནས་པའི་རླུང་མཁྲིས་བད་ཀན་འདུས་པའི་ནད་ཀྱི་རྣམ་པར་སྣང་བ་དེ་ལ་ཟེར། གནས་ཀྱི་གདོན་ནི། དེ་ལྟར་ཡུལ་ཡུལ་ཅན་དུ་འཁྲུལ་པའི་ཕྱི་རོལ་ཡུལ་གྱི་བཀོད་པ་འབྱུང་བ་ལྔས་བསྡུས་པའི་འཇིག་རྟེན་ཁམས་ཀྱི་བཀོད་པ་གླིང་བཞི་རི་རབ་སོགས་ནས་སོ་སོའ་ཡུལ་གྲུ་རི་ཀླུང་ནགས་ཚལ་དུར་ཁྲོད་ཆུ་བོ་རྒྱ་མཚོ་ལྷ་ཁང་མཆོད་རྟེན་སོགས་དངོས་པོར་སྣང་བའི་རང་གི་གནས་མལ་དང་བཅས་པ་ལ་གནས་པའི་ཕན་གནོད་བྱེད་མཁན་སྤྱི་དང་བྱེ་བྲག་གི་བདག་པོའ་ལྷ་འདྲེ་རྣམས་ལ་ཟེར། གཙོ་བོར་ལུས་སྲོག་གི་ས་བོན་བསྐྱེད་པར་བྱེད་པའི་ཕ་དང་། དེའི་རྒྱུ་རྐྱེན་འབྲེལ་ཕུན་སུམ་ཚོགས་པར་བྱེད་པའི་མའོ། །དེ་ནས་གོང་གི་སེམས་བསྐྱེད་དང་ལྡན་པའི་ངང་ནས་རང་ཉིད་གདོད་མའི་ཆོས་སྐུ་ཡུམ་ཆེན་མོ་རྒྱན་ཆ་ལུགས་རྫོགས་པར་གསལ་བའི་ང་རྒྱལ་དང་ལྡན་པའི་ངང་ནས་རྐང་གླིང་གི་ཁ་ལག་གཡོན་པའི་མཐིལ་དུ་ལན་གསུམ་བརྡབ་སྟེ་དང་པོས་མ་འཇིགས་ཤིག །གཉིས་པས་མ་སྐྲག་ཅིག །གསུམ་པས་ཤིན་ཏུ་མ་སྐྲག་ཅིག་ཟེར་བའི་སྒྲ་ཐོས་པར་བསམ། དེ་ནས་རྐང་
༢༠༥ གླིང་དང་ཕཊ་སྒྲ་ལན་གསུམ་བྱས་ཏེ། དང་པོས་མགྲོན་དེ་རྣམས་ཀྱིས་ཡུམ་ཆེན་མོའ་ཆོས་སྐུའི་རང་སྒྲ། ཀྱེ་ཉོན་ཅིག་ཟེར་བའི་སྒྲ་དེ་ཉིད་ཐོས་མ་ཐག་ཏུ་མགྲོན་དེ་རྣམས་སོ་སོ་རང་རང་གི་ལས་སྤྱོད་བྱ་བ་རྣམས་བཞག་སྟེ་དུང་ངེ་ཉན་པར་བསམ། གཉིས་པས་འདུས་ཤིག་ཟེར་བའི་སྒྲ་ཐོས་པས་ཉམ་ཐག་པ་སྐྱབས་དང་འཕྲད་པ་ལྟ་བུའི་དགའ་བས་འདུས་པར་བསམ། གསུམ་པས་མྱུར་དུ་འདུས་ཤིག་ཅེས་པར་ཐོས་ཏེ་རི་ན་བུན་གྱིས་གཡོགས་པ་ལྟ་བུ། བྱ་ཆེན་ཐེད་ལ་རུབ་པ་ལྟ་བུ་དང་། ཤ་རུལ་ལ་སྦྲང་བུ་འཚུབས་པ་ལྟ་བུ། སྟོན་མོ་བ་ཤིད་ཝ་འདུས་པ་ལྟར་རང་གི་ཉེ་འཁོར་དུ་འུབ་ཀྱིས་འདུས་པར་བསམ། དེ་ལྟར་འདུས་ནས་རང་གི་གཡས་སུ་ཕ། གཡོན་དུ་མ་དང་། དེ་གཉིས་ཀྱི་འཁོར་དུ་རིགས་དྲུག་གི་མགྲོན་རྣམས་དང་། རང་གི་མདུན་འོག་ལྟ་བུར་གནས་ལུས་གཙོ་གང་ཆེའི་གདོན་དང་། སྡང་དགྲ་གནོད་བྱེད་བར་ཆད་ཀྱི་རྐྱེན་ལ་སོགས་པ་སྔར་བཤད་པའི་མགྲོན་རིགས་ཐམས་ཅད་འཁོད་ནས་ལུས་སེམས་བག་ཕེབས་པའི་ངང་ནས་གཅིག་གིས་གཅིག་ལ་གནོད་པ་མེད་པར་བདེ་ཏིང་ངེ་གནས་པར་བསམ། དུས་རྒྱུན་ཉམས་ལེན་སྐབས་ལས་གདོན་ལ་ལན་ཆགས་ཀྱིས་བསྐོར་བ་ནང་། ལུས་གདོན་ལ་གནོད་བྱེད་ཀྱིས་བསྐོར་བ་བར། གནས་གདོན་ལ་གཟུགས་ཅན་དགྲ་ཡིས་བསྐོར་བ་ཕྱི། དམིགས་བསལ་རང་གཞན་གྱི་ནད་གདོན་འདུལ་བའི་ཕྱིར་ཡིན་ན་ལུས་གདོན་འཁོར་བཅས་ནང་། གནས་གདོན་འཁོར་བཅས་བར། ལས་གདོན་འཁོར་བཅས་ཕྱི། རི་འགྲིམ་དུར་ཁྲོད་སོགས་ཀྱི་སྐབས་གནས་གདོན་འཁོར་བཅས་ནང་། ལུས་གདོན་འཁོར་བཅས་བར། ལས་གདོན་འཁོར་བཅས་ཕྱི་ན་བསྒོམ། །གཉིས་པ་སྐྱབས་ཡུལ་བསྒོམ་པ་ནི། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་སྐྱབས་
༢༠༦ གནས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་པའི་ཆོས་སྐུ་ཡུམ་ཆེན་མོ་གསེར་བཙོ་མའི་མདོག་ཅན་ཞལ་གཅིག་ཕྱག་བཞི་གཡས་གཉིས་རྡོ་རྗེ་དང་ས་གནོན། གཡོན་གཉིས་པུ་སྟི་དང་མཉམ་གཞག་གི་ཕྱག་རྒྱ་མཛད་པ། མཚན་དང་དཔེ་བྱད་རྒྱན་རྣམས་ཡོངས་སུ་རྫོགས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། འོག་གི་ཆ་ལ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུར་བཞུགས་པར་བསྒོམ། དེ་ནས་རང་ཉིད་ཀྱིས་གཙོར་བྱས་པའི་མགྲོན་རིགས་ཐམས་ཅད་ཀྱིས་ཁ་ཙམ་ཚིག་ཙམ་མིན་པར་སྙིང་ཁུངཁོང་རུས་པའི་གཏིང་ནས་ད་ལྟ་སྐད་ཅིག་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་འདི་རྣམས་མཐོར་བཏང་དམར་བཏང་བདེ་སྡུག་ཅི་ལྟར་བྱུང་རུང་ཁྱེད་རྣམས་ཀྱི་གོ་འཕང་མངོན་ཏུདུ་ཐོབ་པ་ཞིག་སྐྱབས་ཡུལ་ཁྱེད་རྣམས་མཁྱེན་སྙམ་པའི་ངང་ནས་རང་གཞིན་ཐམས་ཅད་ཀྱི་ངག་ཏུ་སྐྱབས་འགྲོ་འུ་རུ་རུ་འདྲེན་པར་དམིགས་ལ་བདག་གཞན་སེམས་ཅན་ཐམས་ཅད་སོགས་ནས། རང་སེམས་སྟོང་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ་བར་སྐྱབས་འགྲོ་དང་། དཀོན་མཆོག་གསུམ་ལ་འཕྲལ་ཡུན་གྱི་བློ་བཀལ་ནས་ལུས་ངག་ཡིད་གསུམ་བྱང་ཆུབ་ཀྱི་ལམ་ཡང་དག་པར་འཇུག་ཅིང་གཉིས་སྣང་འཁྲུལ་པའི་ནད་གདོན་ཡེ་འགྲོགས་བར་ཆད་ཀྱི་བགེགས་ལ་སོགས་པ་བགེགས་ཀྱི་རྣམ་པ་ཇི་སྙེད་པ་ཐམས་ཅད་རང་རིག་འོད་གསལ་ཆོས་སྐུའི་ཀློང་དུ་ཞི་ཞིང་དག་ནས་སྟོང་པར་གྱུར་ཏེ་མཉམ་ཉིད་ཆེན་པོའ་ཀློང་དུ་གྱུར་བའི་བར་དང་། དེ་ནས་སེམས་བསྐྱེད་ནི། ཚོགས་
༢༠༧ ཞིང་ལ་ཡན་ལག་བདུན་པ་ཕུལ་ནས་བདག་གཞན་མཁའ་ཁྱབ་ཀྱི་མགྲོན་རིགས་ཐམས་ཅད་ཕ་མར་མ་གྱུར་བ་མེད་པ་འདི་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཆོས་སྐུ་ཡུམ་ཆེན་མོའ་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་བླངས་ནས་དེ་རྣམས་སངས་རྒྱས་ཀྱི་ས་ལ་བཀོད་སྙམ་པའི་འདུན་པ་དྲག་པོས་ཇི་ལྟར་དུས་གསུམ་སོགས་གྱེར་བསྒོམ་ལྟར་ཚིག་དོན་ཡིད་ལ་དྲན་བཞིན་བྱའོ། །དེ་ནས་ཚོགས་ཞིང་དེ་རྣམས་མི་དམིགས་པར་བཞག །དེ་ནས་སྐྱབས་གནས་ལྔ་བརྩེགས་བསྒོམ་པ་ནི། མདུན་གྱི་ནམ་མཁར་འཇའ་འོད་ཟེར་གསུམ་གྱི་ཀློང་དུ་ཏྲཱཾ་སེར་པོ་ཞུ་བ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་པྃ་དཀར་པོ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་ཟེའུ་འབྲུའི་སྟེང་དུ་མཱུཾ་དམར་སེང་ལས་ཉི་མའི་གདན། དེའི་སྟེང་དུ་ཨཱཿདཀར་པོ་ལས་ཟླ་བའི་གདན། དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཞུ་བ་ལས་རྩ་བའི་བླ་མ་དང་དབྱེར་མེད་པའི་མ་གཅིག་ལབ་ཀྱི་སྒྲོལ་མ་སྐུ་མདོག་དཀར་མོ་སོགས་གཞུང་ལྟར་གྱེར་ཞིང་དེའི་སྙན་གོང་གཡས་ཕྱོགས་སུ་པད་ཟླའི་སྟེང་དུ་ཕ་དམ་པ་གཞུང་ལྟར་ལ་རྒྱ་བོད་གྲུབ་ཐོབ་རྒྱ་མཚོས་བསྐོར་བ། མ་གཅིག་གི་སྙན་གོང་གཡོན་ཐད་དུ་པད་ཉི་རོའ་སྟེང་དུ་རྗེ་བཙུན་མ་ལྷ་ལྔ་གཞུང་ལྟར་བསྒོམ་པ་ལ་གནས་གསུམ་གྱི་མཁའ་འགྲོས་བསྐོར་བ། མ་གཅིག་གི་དབུ་ཐོག་ཏུ་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་སྟོང་། རྒྱབ་ཏུ་རྒྱལ་བའི་གསུང་རབས་དམ་ཆོས་པུ་སྟི་གླེགས་བམ་ཚུལ་དུ་བརྩེགས་པ། གཡོན་དུ་ཉེ་བའི་སྲས་ཆེན་བརྒྱད་གནས་བརྟན་བཅུ་དྲུག་སོགས་ལ་འཕགས་པ་བྱང་སེམས་ཉན་རང་གི་ཚོགས་རྣམས་རབ་ཏུ་བྱུང་བའི་ཆ་
༢༠༨ ལུགས་སོགས་དང་ལྡན་པས་བསྐོར་བར་བསྐྱེད། ཐུབ་པའི་དབུ་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ་ཡུམ་ཆེན་མོ་རྒྱན་ཆ་ལུགས་གཞུང་ལྟར་ལ་འབུམ་གྱི་གླེང་གཞི་ལས་བྱུང་བའི་ཕྱོགས་བཅུའི་སངས་རྒྱས་དང་དེའི་བྱང་སེམས་ཉན་རང་གི་ཚོགས་དང་བཅས་པས་བསྐོར་བར་དམིགས། ཡུམ་ཆེན་གྱི་དབུ་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ་རྣམ་པར་སྣང་མཛད་དཀར་པོ་སོགས་གཞུང་ལྟར་ལ། མི་བསྐྱོད་པ། རིན་འབྱུང་། འོད་དཔག །དོན་གྲུབ་ལ་སོགས་ལོངས་སྐུའི་ཆ་བྱད་ཅན། དེ་དག་གི་གཡས་ཕྱོགས་སུ་བདེ་དགྱེས་གསང་གསུམ་སོགས་ཡི་དམ་ཕ་རྒྱུད་ཀྱི་དཀྱིལ་འཁོར་ལ་དཔའ་བོ་ཐོད་པའི་དུམ་བུ་སོགས་དཔའ་བོ་རྒྱ་མཚོའ་ཚོགས་ཀྱིས་བསྐོར་བ། དེ་དག་གི་གཡོན་ཕྱོགས་སུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་བདག་མེད་མ་སྒྲོལ་མ་བླ་མེད་སོགས་མ་རྒྱུད་ཀྱི་དཀྱིལ་འཁོར་ལ་དཔའ་མོ་རབ་གཏུམ་མ་ལ་སོགས་དཔའ་མོ་རྒྱ་མཚོའ་ཚོགས་ཀྱིས་བསྐོར་བར་བསྐྱེད། དེ་དག་གི་མདུན་ཕྱོགས་སུ་པད་ཟླའི་སྟེང་དུ་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་སྔོན་གཡས་མཆོག་སྦྱིན་དང་གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་པ་མཚན་དཔེའི་རྒྱན་རྣམས་རྫོགས་པར་བསྒོམ། རྒྱབ་ཕྱོགས་སུ་སེང་ཁྲི་པད་ཟླའི་གདན་ལ་ཐུབ་པ་གངས་ཅན་མཚོ་རྒྱལ་དཀར་པོ་ཕྱག་མཉམ་གཞག་ན་ལྷུང་བཟེད་སྤོས་ཆུས་གང་བ་བསྣམས་པ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་དང་ལྡན་པར་བསྒོམ། རྣམ་སྣང་གི་དབུ་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་དབུས་སུ་ཆོས་སྐུ་རྡོ་རྗེ་འཆང་མཐིང་ནག་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་ཞབས་རྡོར་སྐྱིལ་གྱིས་བཞུགས་པ་འཁོར་ལོས་བསྒྱུར་བའི་ཆ་བྱད་ཅན་ལ་བཀའ་བབས་བཞི་དྲུག་གི་བླ་མ་དང་ཏཻ་ལོ་ནཱ་རོ་སོགས་ནས་རྩ་བའི་བླ་མའི་བར་གྱི་བཀའ་བརྒྱུད་
༢༠༩ ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མ་གཅིག་གི་གདན་མཚམས་གཡས་ཕྱོགས་སུ་པད་ཉི་རུ་དྲ་ཕོ་མོ་བསྣོལ་བའི་སྟེང་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། བེར་ནག་ཅན། ཕྱག་དྲུག་པ། གུར་མགོན་སོགས་ལ་གཞན་ཆོས་སྐྱོང་ཕོ་རྒྱུད་ཚོགས་ཀྱིས་བསྐོར་བ། གདན་མཚམས་གཡོན་ཕྱོགས་སུ་པད་ཉི་རོ་གདན་ཁྲག་མཚོ་རླུང་ནག་སོགས་སོ་སོའ་གཞུང་དང་མཐུན་པའི་གནས་དང་གདན་གྱི་སྟེང་དུ་དཔལ་ལྡན་ལྷ་མོ་དུད་སོལ་མ། རང་བྱུང་རྒྱལ་མོ། ཨེ་ཀ་ཛཱ་ཊི། རེ་ཏི་མཆེད་བཞི་སོགས་ལ་གཞན་ཆོས་སྐྱོང་མོ་རྒྱུད་ཀྱི་ཚོགས་ཀྱིས་བསྐོར་བ། དེ་རྣམས་ཀྱི་གདན་མཚམས་ན་གནོད་སྦྱིན་ནོར་ལྷའི་ཚོགས་དང་། འཇིག་རྟེན་དྲེགས་པའི་བསྟན་སྲུང་མཐུ་བོ་ཆེ་རྣམས་ཀྱང་ཕྱི་རྒྱུད་ཀྱི་དང་ལ་མགོན་བདུན་ཅུ་རྩ་གཉིས་ལ་སོགས་པ་བསྟན་པ་གཉན་པོ་བསྲུང་བའི་མཐུ་བོ་ཆེ་དེ་རྣམས་ཀྱང་སོ་སོའ་ཆ་ལུགས་རྒྱན་དང་ཕྱག་མཚན་རང་རང་གི་ཞོན་པ་དང་བཅས་པ་འཁོར་ཚོགས་དུ་མས་བསྐོར་ཞིང་བསྟན་པ་སྲུང་བའི་ལས་ལ་བརྩོན་པར་བསྒོམ། དེ་རྣམས་ཀྱི་འོག་གིས་གཞི་ལ་སྔར་གྱི་གདོན་རྣམས་གཙོ་བོར་གྱུར་པའི་མགྲོན་དེ་རྣམས་ཀྱིས་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྙིང་ནས་སྐྱབས་ཚོལ་ཏེ་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་གནས་པར་བསམ། གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། དེ་ལྟར་བསྐྱེད་པའི་སྐྱབས་གནས་ཀྱི་གཙོ་བོ་ལྔའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་དབུས་ཀྱི་ཡུམ་ཆེན་མོ་ལ་ཕོག །དེ་ལས་འོད་ཟེར་འཕྲོས་པས་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ཞིང་འོད་ཟེར་ཡུམ་ཆེན་གྱི་ཐུགས་ཀར་འདུས། སླར་ཡང་ཡུམ་ཆེན་མོའ་ཐུགས་ཀ་ནས་འོད་ཟེར་སྟེང་འོག་ཕྱོགས་
༢༡༠ མཚམས་ཀུན་ཏུ་ཁྱབ་པར་འཕྲོས་པས་རང་བཞིན་རྣམ་པར་དག་པ་འོག་མིན་གྱི་ཞིང་ནས་ཡུམ་ཆེན་མ་གཅིག་ལ་སོགས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་ནམ་མཁའ་ལ་སྤྲིན་ལྡང་བ་ལྟ་བུར་སྐད་ཅིག་གིས་སྤྱན་དྲངས་ཏེ་འཇའ་འོད་སྤོས་དུད་རོལ་མོའ་སྒྲ་དང་བཅས་ནས་བྱོན་པར་བསམ་ཞིང་། ཧཱུྃ། མ་ལུས་སེམས་ཅན་སོགས་གྱེར་བསྒོམ་བྱས་ལ་མཆོད་ཅིང་ཅི་བདེ་བར་ནི་བཞུགས་སུ་གསོལ་ཞེས་པས་དམ་ཚིག་པ་ལ་ཡེ་ཤེས་པ་རྣམས་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མེད་དུ་ཐིམ་པར་བསམ། རང་ཉིད་དང་མདུན་དུ་བཤམས་པའི་མཆོད་པ་གཉིས་ལས་མཆོད་པའི་ལྷ་མོ་ཁྲུས་ཆབ་མ་དཀར་མོ་བུམ་པ་དཀར་པོའ་ཡུ་བ་ནས་བཟུང་ཞིང་ཁྲུས་གསོལ་བ་དང་། རས་དཀར་འཛིན་པས་སྐུ་ཕྱི་བ་དང་། གཞན་ཡང་མཆོད་པའི་ལྷ་མོ་སྣ་ཚོགས་པས་མེ་ཏོག་བདུག་སྤོས་སོགས་འདོད་ཡོན་རྣམ་ལྔ། རྒྱལ་སྲིད་སྣ་བདུན། སྒེག་སོགས་བརྒྱད། གཞན་ཡང་གླིང་བཞི་རི་རབ་ཉི་ཟླས་བརྒྱན་པ་སོགས་སྐད་ཅིག་ལ་དཔག་ཏུ་མེད་པ་སྤྲུལ་ཏེ་མདུན་གྱི་སྐྱབས་ཡུལ་རྣམས་ལ་ཕུལ་བར་བསམ་ལ་འདོན་བསྒོམ་བྱའོ། །དེ་ནས་རང་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གང་གི་དྲིན་གྱིས་སོགས་ཀྱིས་བསྟོད་པར་བསམ་ལ་གྱེར་བསྒོམ་བྱ། དེ་ནས་བཟླས་པ་བྱ་བ་ནི། མ་གཅིག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ངང་ཀྱི་ལེའི་དབུས་སུ་ཧཱུྃ་ཡིག་དཀར་པོ་སྟན་ལ་ཁབ་བཙུགས་པ་ལྟར་འགྲེང་སྟེ་གནས་པའི་མདུན་ངོས་ནས་བརྩམས་ཏེ་གཡས་བསྐོར་དུ་ༀ་ག་ཏེ་སོགས་ཀྱི་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟར་དཀར་ཧྲམ་མེར་བསྐོར་བར་དམིགས། དེ་ནས་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས་སྐུ་གསུང་ཐུགས་ཀྱི་མཐུ་དང་ནུས་པ་
༢༡༡ ཐམས་ཅད་བསྡུས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕོག །ལྷ་ཚོགས་རྣམས་ཀྱི་བྱིན་རླབས་འོད་ཟེར་སྣ་ཚོགས་ཀྱི་ཚུལ་དུ་འདུས་ཏེ་མ་གཅིག་ལ་ཐིམ། མ་གཅིག་གི་མཐེ་བོང་ནས་ཆང་གི་ཐེམ་བུ་ཕུད་པ་ལྟར་བྱུང་ནས་བདག་དང་འཁོར་དུ་འདུས་པའི་རིགས་དྲུག་སོགས་མགྲོན་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་ངག་ཡིད་གསུམ་ལ་ཕོག་པས་ཐོག་མེད་ཀྱི་དུས་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པ་བ་སྤུ་དང་རྐང་མཐེབ་དང་འོག་སྒོའི་རྒྱུད་ནས་ཐོན་ཏེ་གདན་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ་པར་བསམ། ཡང་དྲག་དམིགས་འདོད་ན། རང་རང་གི་གཉིས་སྣང་འཁྲུལ་པའི་མ་རིག་པའི་ངང་གཟུགས་ལྷན་ཅིག་སྐྱེས་པའི་བདུད་ཆུ་སྲིན་གྱི་གདོང་པ་ཅན་ཁ་ཡར་གདངས་པའི་ནང་དུ་སོང་བས་ཚིམ་ཞིང་དགྱེས་ནས་བུ་ལོན་ལན་ཆགས་ཐམས་ཅད་བྱང་བར་བསྒོམ་པ་ནི་ནག་འགྱེད་ཟེར་རོ། །དེ་ནས་མཆོད་པ་ནི། རང་གི་ཚོགས་དྲུག་གི་སྣང་བ་ཕྱི་རོལ་དུ་བཟུང་བའི་ཡུལ་སྣང་གི་ངོ་བོར་རང་ལུས་ཤེལ་ལྟར་དག་པའི་སྙིང་གནས་སྤྲུལ་པའི་གཟུགས་ཀྱི་ལྷ་མོ་མེ་ལོང་ཐོགས་པ། སྒྲ་ཡི་ལྷ་མོ་པི་ཝཾ་ཐོགས་པ། ཡིད་ཀྱི་ལྷ་མོ་ཆོས་འབྱུང་ཐོགས་པ་སོགས་མཆོད་རྫས་སྣ་ཚོགས་ཐོགས་པའི་ལྷ་མོ་དཔག་ཏུ་མེད་པས་སྐྱབས་ཡུལ་འཁོར་དང་བཅས་པ་མཆོད་པར་བསམ་ལ་སྟོང་གསུམ་རབ་འབྱམས་འཇིག་རྟེན་སོགས་བྱའོ། །བཞི་པ་ལུས་སེམས་ཕྲལ་ཞིང་མཎྜལ་འབུལ་བ་ནི། རང་ལུས་གཟུགས་ཀྱི་ཕུང་པོ་དཀར་དམར་མདངས་ལྡན་ལང་ཚོ་རྒྱས་པ། དེའི་ལུས་ཀྱི་ནང་དབུས་སུ་རྩ་དབུ་མ་ཁ་དོག་ཕྱི་དཀར་ལ་ནང་དམར་བ། གསལ་ལ་དྭངས་པ། ནང་སྟོང་པ་ཤེལ་གྱི་སྦུ་གུ་ལྟ་བུ་ཤིན་ཏུ་དྲང་བ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣེ་སྤྱི་གཙུག་ཚངས་པའི་བུ་གར་ཟངས་དུང་ཁ་ཕྱེས་པ་བཞིན་
༢༡༢ དུ་ཟུག་པ། མར་སྣེ་གསང་གནས་སུ་ཟུག་པའི་རྩ་སྣེ་ཁ་དབྲག་གཉིས་སུ་གྱུར་ཏེ་བརླ་ཡི་རྐང་གཉིས་ནས་བརྒྱུད་དེ་མར་སྣེ་གཉིས་རྐང་ཞབས་སུ་ཕུག་རྡུག་ཏུ་གྱུར་པའི་ནང་དུ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ། གཡོན་དུ་མ་ལས་ཐོབ་པའི་ཐིག་ལེ་དམར་པོ་གཉིས་བསམ། དེ་གཉིས་ཀྱི་སྟེང་དུ་དམྱལ་བའི་ས་བོན་ཐིག་ལེ་ནག་པོ་ཏྲི་ནག་པོས་མཚན་པ། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་ཐིག་ལེ་སེར་པོ་པྲེ་སེར་པོས་མཚན་པ། དེ་བཞིན་དུ་ལྟེ་བར་དུད་འགྲོའི་ས་བོན་ཐིག་ལེ་དང་དུ་སྐྱ་བོ། སྙིང་གར་མིའི་ས་བོན་ཐིག་ལེ་དང་ནྲྀ་ལྗང་གུ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་ཐིག་ལེ་དང་ཨ་དམར་པོ། སྤྱི་བོར་ལྷ་ཡི་ས་བོན་ཐིག་ལེ་དཀར་པོ་ༀ་དཀར་པོས་མཚན་པ་རྣམས་གསལ་གདབ། ཡི་གེ་དྲུག་ལས་འོད་ཟེར་འཕྲོས། རིགས་དྲུག་སོ་སོའ་ཞིང་ཁམས་ལས་འབྲས་དང་བཅས་པ་ཡི་གེ་རྣམས་ལ་ཐིམ། ཕཊཿརྐང་མཐིལ་གྱི་ཐིག་ལེ་དཀར་དམར་གཉིས་འཕར་ནས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ས་བོན་དང་བཅས་པ་ཐིག་ལེར་ཐིམ། གསང་གནས་སུ་འདུས། བྱ་མ་སར་གྱི་སྒོ་ང་ཙམ་དུ་གྱུར། ཡི་དྭགས་ཀྱི་ས་བོན་བཀྲེས་སྐོམ་དང་བཅས་པ་ཐིག་ལེར་ཐིམ་ལྟེ་བར་འཕོས། དུད་འགྲོའི་ས་བོན་གླེན་ལྕུགལྐུགས་དང་བཅས་པ་ཐིག་ལེར་ཐིམ་སྙིང་གར་འཕོས། མིའི་ས་བོན་དབུལ་ཕོངས་དང་བཅས་པ་ཐིག་ལེར་ཐིམ། མགྲིན་པར་འཕོས། ལྷ་མིན་འཐབ་རྩོད་དང་བཅས་པ་ཐིག་ལེར་ཐིམ། སྤྱི་བོར་འཕོས། ལྷ་འཕོ་ལྟུང་དང་བཅས་པ་ཐིག་ལེར་ཐིམ། དེ་དག་རིམ་བཞིན་ཐིག་ལེ་ཇེ་ཆེར་སོང་ནས་བྱ་ཆེན་གྱི་སྒོ་ང་ཙམ་ཡར་ལ་ཁད་པ་དེ་ཕཊ་དྲག་ཏུ་བརྗོད་པས་མ་གཅིག་གི་ཐུགས་ཀར་སིབ་ཀྱིས་ཐིམ་པར་བསམ་ལ་མཉམ་པར་བཞག །ཡང་ལུགས་གཅིག་ལ། རང་ལུས་དབུ་མ་རྐང་ཞབས་ཀྱི་ཐིག་ལེ་དཀར་དམར་གཉིས་སྔར་ལྟར་གསལ་
༢༡༣ བཏབ་ནས་རིགས་དྲུག་གི་ས་བོན་མི་བསྒོམས་པར་ཕཊ་ཀྱིས་ཐིག་ལེ་གཉིས་གསང་གནས་སུ་འདྲེས། ཡང་ཕཊ་ཀྱིས་སྙིང་ག་ནས་རྣམ་ཤེས་ཐིག་ལེ་དང་བཅས་པ་སྤྱི་བོ་ནས་སོང་སྟེ་མ་གཅིག་གི་ཐུགས་ཀར་ཐིམ་པ་དང་། ཡང་བསྡུས་པ་གཅིག་ལ། སྙིང་ག་ཕྱིན་ཕུག་རྡུག་ཏུ་ཡོད་པའི་སྙིང་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པའི་དབུས་སུ་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་བསྒོམ་ནས་ཕཊ་ཀྱིས་མ་གཅིག་གི་ཐུགས་ཀར་ཐིམ་པ་སོགས་འཕོ་ལུགས་དེ་གསུམ་གང་ལྕོགས་བྱ་བ་ནི་ནམ་མཁའ་སྒོ་འབྱེད་ཅེས་བྱའོ། །དེ་ནས་སླར་ཡང་མ་གཅིག་གི་ཐུགས་ཀ་ནས་རང་གཞན་རིག་པའི་ངོ་བོ་དེ་ཡི་གེ་ཧྲཱིཿདམར་པོ་ཞིག་ཏུ་གྱུར་ནས་ཕྱིར་འཕྲོས་མ་ཐག་ཏུ་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་སྐུར་གྱུར་ནས་སྒྱུ་ལུས་གཟུགས་ཀྱི་ཕུང་པོ་གན་རྐྱལ་དུ་འགྱེལ་བ་དེ་ཉིད་གྲི་གུག་ཚད་ཙམ་བྱས་པས་ཤག་གིས་བཤག །ཤུབས་ཀྱིས་བཤུས། ཕྱལ་གྱིས་སྟེང་ནས་པགས་པ་དབང་ཆེན་གསེར་གྱི་ས་གཞིར་གྱུར་པའི་སྟེང་དུ་ངོ་བོ་ཤ་ཁྲག་ལ་རྣམ་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མཎྜལ་ཁྲག་དང་སྤོས་ཆུ་ཐ་དད་མེད་པས་ཆག་ཆག་བཏབ་པའི་སྟེང་དུ། བྱང་ཁོག་དབུས་ཀྱི་རི་བོ་མཆོག་རབ། སྟོད་སྡེབ་གཡས་པ་ལག་པ་དང་བཅས་པ་ཤར་ལུས་འཕགས་པོ། སྟོད་སྡེབ་གཡོན་པ་ལག་པ་དང་བཅས་པ་ལྷོ་འཛམ་བུ་གླིང་། སྨད་སྡེབ་གཡས་པ་རྐང་པ་དང་བཅས་པ་ནུབ་བ་ལང་སྤྱོད། སྨད་སྡེབ་གཡོན་པ་རྐང་པ་དང་བཅས་པ་བྱང་སྒྲ་མི་སྙན། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་མ་དང་ཟླ་བ། རྣ་བ་གཉིས་གདུགས་དང་རྒྱལ་མཚན། ཉིང་ལག་བརྒྱད་ནི་གླིང་ཕྲན་བརྒྱད། སྙིང་ཡིད་བཞིན་གྱི་ནོར་བུ།
༢༡༤ སྲོག་རྩ་དཔག་བསམ་གྱི་ལྗོན་ཤིང་། གློ་བ་ཅང་ཤེས་ཀྱི་རྟ་ཕོ། མཆིན་པ་ཨ་མོ་ལི་ཀའི་རྡོ་ལེབ། མཆིན་ཁྲི་དར་དཀར་གྱི་ཡོལ་བ། མཁལ་མ་ལྷ་ཕྲུག་ཀླུ་ཕྲུག །ཁྲག་དང་ཆུ་སེར་རོལ་པའི་མཚོ་བདུན། ཚིལ་ནི་གཏེར་ཆེན་པོའ་བུམ་པ། ཕོ་བ་མ་རྨོས་པའི་ལོ་ཏོག །ནུ་མ་འདོད་འཇོའ་བ། སོ་རིན་པོ་ཆེའི་ཕྲེང་བ། སེན་མཛུབ་ཐམས་ཅད་བཀྲ་ཤིས་རྟགས་བརྒྱད། རྒྱུ་མ་མཐའི་ལྕགས་རི། སྐྲ་དང་བ་སྤུ་ཐམས་ཅད་ཙནྡན་གྱི་ནགས་རི་དང་གུར་གུམ་གྱི་སྤང་རི། ནང་རོལ་ཐམས་ཅད་ན་བ་དང་ནེའུ་སེང་ལ་སོགས་པའི་བཀོད་པ་དང་། གཞན་ཡང་རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཀ་དང་བ་སྤུའི་བུ་ག་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་མཆོད་རྫས་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་དང་། མཎྜལ་ཡང་དེ་འདྲ་བའི་བཀོད་པ་དཔག་ཏུ་མེད་པ་སྤྲུལ་ནས་སྐྱབས་ཡུལ་རེ་རེ་ལ་ཡང་མཎྜལ་གྱི་བཀོད་པ་དེ་འདྲ་བ་རེ་སོ་སོར་ཕུལ་ནས་རང་རང་གིས་བདག་ཏུ་བཟུང་ནས་བཞེས་ཏེ་བཞུགས་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་དང་། ཆོས་སྐྱོང་སྲུང་མ་རྣམས་ལའང་སོ་སོའ་བཞུགས་གནས་མཆོད་རྫས་སོགས་ཡིད་དང་མཐུན་པ་དང་། ཕྱི་རྒྱུད་དཔལ་མགོན་བདུན་ཅུ་སོགས་བསྟན་སྲུང་མཐུ་ཆེན་རྣམས་ལའང་རང་རང་གི་ཡིད་དང་མཐུན་པའི་གདན་ལ་སོགས་པ་བཀོད་པ་ཕུན་སུམ་ཚོགས་པ་དཔག་ཏུ་མེད་པར་གྱུར་པ་བདག་ཏུ་བཟུང་ནས་སོ་སོའ་གདན་ལ་གནས་ཤིང་ལོངས་སྤྱོད་པར་བསམ། དེ་ལྟར་ཕུལ་བའི་དགེ་བས་བླ་མ་ཡི་དམ་མཁའ་འགྲོ་སོགས་སྐྱབས་ཡུལ་རྣམས་ཀྱི་སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་རྒྱུ་ཚོགས་གཉིས་རྫོགས་ལམ་སྒྲིབ་པ་གཉིས་བྱང་ནས་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་བར་བསམ། ཆོས་སྐྱོང་སྲུང་མ་དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕུལ་བས་སངས་རྒྱས་ཀྱི་བསྟན་པ་
༢༡༥ སྲུང་བ་དང་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་མོས་ལ་པགས་པ་གསེར་གྱི་ས་གཞི་སོགས་གྱེར་ཞིང་མཉམ་པར་བཞག་གོ །ལྔ་པ་གསོལ་འདེབས་བྱིན་འབེབས་ནི་འོག་ཏུ་སྨོས་ལ། དྲུག་པ་མཆོད་སྦྱིན་གྱི་རིམ་པ་ནི། རང་ལུས་གཟུགས་ཀྱི་ཕུང་པོ་ཆེ་བ་ཚོ་བ། སྣུམ་ལ་སྤྲེ་བ། དཀར་ལ་དམར་བའི་མདངས་ཆགས་པ་ཅིག་གསལ་བཏབ་ལ། དེའི་སྙིང་ག་ནས་རྣམ་ཤེས་གོང་ལྟར་སྤར་ལ། མ་གཅིག་གི་ཐུགས་ཀ་ནས་རང་རིག་རྡོ་རྗེ་རྣལ་འབྱོར་མ་སོགས་གོང་ལྟར་གསལ་བའི་ངང་ནས་བེམ་པོ་བཤས་བཤུས་པགས་པ་གསེར་གྱི་ས་གཞིར་གྱུར་པའི་སྟེང་དུ་ལག་པ་གཉིས་དང་རྐང་པ་གཡས་གསུམ་ཕྱོགས་སོ་སོར་བཙུགས་པ་དེ་ཉིད་ཐོད་པ་སྐམ་པོའ་སྒྱེད་བུ་རི་རབ་ཙམ་གསུམ་དུ་གྱུར་པའི་སྟེང་དུ་བེམ་པོའ་ཀ་པཱ་ལ་སྒར་གྱིས་དྲས་ནས་བཙུགས་པ་རྒྱ་ཆེ་བ་སྟོང་གསུམ་ཙམ་དུ་གྱུར་པའི་ནང་དུ་བེམ་པོའ་ཤ་ཁྲག་གི་ལྷག་རོལ་རྣམས་བཏབ་སྟེ་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་ཕྱག་གི་གྲི་གུག་གིས་བཤས་གསེས་བཏུབ་སྤུངས་བསྙིལ་ཤ་ཁྲག་གི་རྒྱ་མཚོར་གྱུར་པར་བསམ། ཐོད་སྒྱེད་ཀྱི་ནང་དུ་ཡཾ་ལྗང་ཁུ་དང་། དེའི་སྟེང་དུ་རྃ་དམར་པོས་མཚན་པར་བསྒོམ། ཤ་ཁྲག་གི་རྒྱ་མཚོའ་སྟེང་དུ་ཁྃ་དཀར་པོ་དང་། དེ་སྟེང་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་རྣམས་བརྩེགས་མར་ཡོད་པར་བསྒོམ། རང་རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་ལྗང་ཁུ་འཕྲོས་ཡྃ་ལ་ཕོག་པས་རླུང་གཡོས། དེ་སྟེང་དུ་རཾ་ལ་ཕོག་པས་མེ་སྦར་ཐོད་པ་དྲོས་ནས་ཤ་ཁྲག་གི་རྒྱ་མཚོ་ཁོལ་ཞིང་མི་གཙང་བའི་དངོས་པོ་རྣམས་འོ་མའི་སྤྲིས་མ་ཕྱུར་བ་བཞིན་ཕྱིར་ལུད་ཁཾ་དཀར་པོ་ཞུ་བ་ཆུའི་རྒྱུན་དུ་གྱུར་ཏེ་མི་གཙང་བའི་དྲི་མ་རྣམས་བཀྲུས་ནས་དག །ༀ་ཨཱཿཧཱུྃ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས། ཕྱོགས་
༢༡༦ བཅུའི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་གྱུར་ནས་ཡི་གེ་གསུམ་ལ་ཐིམ། དེ་གསུམ་རིམ་བཞིན་ཞུ་བས་ཐོད་ནང་གི་བདུད་རྩི་ལ་ཐིམ་པས་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་དཀར་ལ་དམར་བའི་མདངས་ཆགས་པ་ཅུང་ཟད་སྔོ་བའི་དབྱིབས་ཅན་རོ་བརྒྱ་ནུས་མཐུ་ཕུན་སུམ་ཚོགས་པ་སྟོང་གསུམ་ཙམ་དུ་མེ་རེ་རེ་འཁྱིལ་བར་བསམ། རང་རྣལ་འབྱོར་མའི་ཐུགས་ཀ་དང་བ་སྤུའི་བུ་ག་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་ཁ་དོག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ནས་བདུད་རྩིའི་རྒྱ་མཚོ་ནས་ཐོད་པའི་སྣོད་ཀྱིས་བཅུས་ཏེ་ཀ་པཱ་ལ་བདུད་རྩིས་གང་བ་དང་། གཟུགས་སྒྲ་དྲི་རོ་ལ་སོགས་པའི་མཆོད་པ་དཔག་ཏུ་མེད་པ་བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་སྤྱན་སྔར་འབུལ། དེ་ཡང་དཀོན་མཆོག་སྲི་ཞུའི་མགྲོན་རྡོ་རྗེ་འཆང་། གྲུབ་ཆེན་བརྒྱ་དང་བརྒྱད་ཅུ་སོགས་ཧེ་རུ་ཀའི་ཆ་ལུགས་ཅན་དང་། དེ་བཞིན་དུ་རིག་འཛིན་སྔགས་ཀྱི་སྤྱོད་པ་འཆང་བའི་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཤ་ལྔ་བདུད་རྩི་ལྔ་རུས་པའི་རྒྱན་དྲུག་རིགས་ལྔའི་ཕྱག་མཚན། འཁོར་རིག་མ་ཁ་དོག་སྣ་ཚོགས་པ་གཞོན་མཛེས་ཕུན་སུམ་ཚོགས་པའི་ལུས་ཅན་མང་པོ་སྤྲུལ་ནས་ཕུལ་བར་བསམ། སྤྲུལ་སྐུ་རབ་བྱུང་གི་ཆ་ལུགས་ཅན་རྣམས་ལ་ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་དཀར་གསུམ་མངར་གསུམ་འཁོར་རབ་ཏུ་བྱུང་བའི་ཆ་ལུགས་ཅན་དཔག་ཏུ་མེད་པར་བཅས་ཏེ་ཕུལ་བར་བསམ། གཞན་ཡང་སོ་སོའ་བཞུགས་གནས་མངོན་པར་དགའ་བ་དང་། བདེ་བ་ཅན་དང་། སྟུག་པོ་བཀོད་པའི་ཞིང་ཁམས་ལྟ་བུའི་བཀོད་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་བཞུགས་ཁང་ཡང་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་ཟླུམ་པོ་གཉིས་བརྩེགས་སོགས་སྒོ་རྟ་བབ་རྒྱན་དུ་
༢༡༧ མས་བརྒྱན་པ། གཞན་ཡང་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་ལ་སོགས་པ་ཡིད་ཀྱིས་སྤྲུལ་ཞིང་མཆོད་ནས་ཕཊ་ཀྱིས་མཚམས་སྦྱར་རོ། །དེ་བཞིན་དུ་བདེ་དགྱེས་གསང་གསུམ་ལ་སོགས་པ་གསར་རྙིང་བླ་མེད་རྒྱུད་སྔའི་ལྷ་ཚོགས་རྣམས་ལ་གོང་ལྟར་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་མཆོད་རྫས་དང་བགོ་བའི་གོས་དང་སྐུ་ཡི་རྒྱན་ལ་སོགས་པ་གོང་ལྟར་བླ་མེད་སྔགས་དང་མཐུན་པར་ཕུལ། ཡོ་ག་དང་བྱ་སྤྱོད་སོགས་རྒྱུད་སྡེ་འོག་མ་རྣམས་ལའང་ཞལ་ཟས་དཀར་གསུམ་མངར་གསུམ་ལྷའི་བདུད་རྩི་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་སྙན་ཆ་མགུལ་དོ་དཔུང་རྒྱན་ཕྱག་ཞབས་སོར་མོའ་གདུ་བུལ་སོགས་པའི་རྒྱན་སྣ་ཚོགས། རིན་པོ་ཆེའི་གདུགས་དང་དར་སྣ་ཚོགས་ཀྱི་སྟོད་གཡོགས་སྨད་དཀྲིས་བླ་བྲེ་རྒྱལ་མཚན་བ་དན་ལྔ་ལྡི་རྔ་ཡབ་གཟིམ་ཆ་སེང་ཁྲི་པདྨ་ཟླ་གདན་ལ་སོགས་མཁོ་བའི་ཡོ་བྱད། བཞུགས་གནས་ཀྱི་གཞལ་ཡས་ཁང་མི་འདྲ་བ་སྣ་ཚོགས་འཁོར་ལྷའི་བུ་དང་བུ་མོ་ལ་སོགས་པ་ལག་ན་འདོད་པའི་ཡོན་ཏན་སྣ་ཚོགས་ཐོགས་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ཏེ་ཕུལ་བར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །རྡོ་རྗེ་ཕག་མོ་རིགས་བཞི་མཁའ་འགྲོ་ལ་སོགས་པ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ལ་དམ་རྫས་ཚོགས་ཀྱི་འཁོར་ལོ་ཤ་སྣ་ཚོགས་ཆང་སྣ་ཚོགས་འབྲུ་སྣ་ཚོགས་བཟའ་བཅའི་ཚོགས་མ་ཚང་བ་མེད་པ་རུས་པའི་རྒྱན་དྲུག་ལ་སོགས་པ་དཔལ་དང་དུར་ཁྲོད་ཀྱི་ཆས་དང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་རལ་གྲི་ལ་སོགས་རིགས་ལྔའི་ཕྱག་མཚན། ཌཱ་དྲིལ་གྲི་ཐོད་ཁ་ཾ་རིན་པོ་ཆེ་སྣ་ཚོགས་དང་མེ་ལོང་མེ་ཏོག་གི་ཕྲེང་བ་སོགས་རྒྱན་གོས་ཡོ་བྱད་མ་ཚང་བ་མེད་པ་སོ་སོའ་ཡིད་དང་མཐུན་པའི་འཁོར་དཔའ་བོ་དང་མཚན་ལྡན་རིག་མ་སོགས་རང་རང་གི་སྐལ་པབ་དང་འཚམས་པ་མང་པོ་ཕུལ་བར་བསམ་སྟེ་ཕཊ་ཀྱིས་མཚམས་
༢༡༨ སྦྱར་རོ། །ཁྱད་པར་དུ་མ་གཅིག་ལབ་སྒྲོན་ལ་སོགས་པའི་སྐྱབས་གནས་ཀྱི་གཙོ་བོ་རྣམས་ལ་ལན་གྲངས་བསམ་གྱིས་མི་ཁྱབ་པ་ཡང་ཡང་ཕུལ་བར་བསམ་ཞིང་ཕུལ་མཁན་གྱི་ལས་བྱེད་རྣམས་ཀྱང་གཙོ་ཆེར་བླ་མའི་ཚོགས་རྣམས་ལ་དཀར་མོ་དང་། ཡི་དམ་མཁའ་འགྲོ་ལ་སེར་མོ་གཙོ་ཆེ་བར་གསུངས་སོ། །དེ་ལྟར་དཀོན་མཆོག་སྲི་ཞུ་རྣམས་ལ་ཕུལ་བས་སྐུ་གསུང་ཐུགས་མཉེས་ནས་རྒྱུ་ཚོགས་རྫོགས་ལམ་སྒྲིབ་པ་བྱང་། །འབྲས་བུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་སྩོལ་བར་བསམ། གཉིས་པ་ཡེ་ཤེས་དང་འཇིག་རྟེན་པའི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་བཀའ་ཉན་དྲེགས་བྱེད་ཡང་འཁོར་ཕོ་ཉའི་ཚོགས་དང་བཅས་པ་རྣམས་ལ་དམར་ཆེན་ཁྲག་གི་རྒྱ་མཚོ། །དབང་པོ་ལྔའི་མེ་ཏོག །ཤ་ཆེན་གསུར་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། ཤ་རུས་ཀྱི་བཟའ་བཅའ་སྣ་ཚོགས། དམར་ཆེན་གྱི་གཏོར་མ་རི་རབ་ཙམ་དང་། རྐང་གླིང་ཐོད་རྔ་ལ་སོགས་པའི་རོལ་མོ་སྣ་ཚོགས། རང་རང་གི་ཡིད་དང་མཐུན་པའི་ཤ་ཁྲག་དོན་སྙིང་པགས་པ་སོགས། བསྟེན་རྫས་སྒྲུབ་རྫས་བསྐང་རྫས་དར་ནག་འཇོལ་བེར་རེ་ལྡེའི་ཤམ་བུ་མི་ལྤགས་སྟག་ཤམ་གླང་གོས་ལ་སོགས་པའི་གོས་སྣ་ཚོགས། ཐོད་པ་སྐམ་རློན་རྒྱན་དྲུག་སྦྲུལ་ཆུན་རྒྱུ་ཞགས་ལ་སོགས་པའི་རྒྱན་སྣ་ཚོགས། གྲི་གུག་རལ་གྲི་ཤོ་རྡེལ་ནད་རྐྱལ་ཚོན་གྲུག་ལ་སོགས་པའི་ཕྱག་མཚན་སྣ་ཚོགས་བྱ་ནག་ཁྱི་ནག་རྟ་ནག་གཡག་ནག་གཞན་ཡང་བྱ་རིགས་གཅན་གཟན་དུག་སྦྲུལ་ལ་སོགས་པའི་སོགསྲོག་ཆགས་ཀྱི་རིགས་གྱུར་སྤྱན་གཟིགས་སྣ་ཚོགས། དུར་ཁྲོད་ཀྱི་བཀོད་པ་མེ་རླུང་དམར་ནག་ཁྲག་མཚོ་ཐོད་མཁར་སོགས་བཞུགས་ཡུལ་གྱི་བཀོད་པ་འཇིགས་ཤིང་ཡ་ང་བ་བསམ་གྱིས་མི་ཁྱབ་པ་སྤྲུལ་ནས་ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། གཞན་ཡང་རིན་པོ་ཆེ་སྣ་
༢༡༩ ཚོགས་དར་ཟབ་གོ་མཚོན་གཏེར་གྱི་སྒྲོམ་བུ་བཀྲ་ཤིས་རྫས་རྟགས་ནོར་བུ་ཆ་བདུན་འདོད་འཇོའ་བ་དཔག་བསམ་གྱི་ཤིང་ལ་སོགས་པའི་འདོད་དགུ་འབྱུང་བའི་མཆོད་སྤྲིན་མང་པོས་ནོར་ལྷ་གནོད་སྦྱིན་གྱི་རིགས་རྣམས་ལ་མཆོད། ཡང་མེ་ཏོག་ཤིང་ཐོག་འབྲུ་སྨན་དར་ཟབ་རྒྱན་ཕྲེང་ལྷའི་ཁང་བཟང་། ཁྲུས་ཀྱི་རྫིང་བུ་ལ་སོགས་པའི་རང་རང་གི་སྤྱོད་ཡུལ་དང་མཐུན་པའི་མཆོད་པའི་སྤྲིན་དཔག་ཏུ་མེད་པས་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བའི་དཔལ་མགོན་བདུན་ཅུ་སོགས་ཕྱི་རྒྱུད་ཀྱི་སྲུང་མ་རྣམས་ལ་ཕུལ་བར་བསམ། དེ་ལྟར་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཐུགས་མཉེས་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། དཀར་ཕྱོགས་སྐྱོང་ཞིང་ནག་ཕྱོགས་འཇོམས་པའི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་ཐོགས་མེད་དུ་སྒྲུབ་པར་བསམ། ཡང་མཆོད་པའི་ལྷ་མོ་སྣ་ཚོགས་དང་ཁྱད་པར་དཀར་མོ་གྲངས་མེད་པས་ཐོད་པ་བདུད་རྩིས་གང་བ་དང་མཆོད་རྫས་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་ཕ་མས་གཙོར་བྱས་རིགས་དྲུག་གི་སེམས་ཅན་རྣམས་ལ་སོ་སོར་ཕུལ་ཞིང་དེ་ཡང་ཚ་དམྱལ་རྣམས་བསིལ་བ། གྲང་དམྱལ་རྣམས་དྲོ་བ་གསོད་གཅོད་གཏུབ་པ་སོགས་མི་བྱེད་ཅིང་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་ལྷའི་བདུད་རྩི་ཁ་དོག་སྣ་ཚོགས་པ་བྱིན་པར་བསམ། ཡི་དྭགས་རྣམས་ལ་བཀྲེས་སྐོམ་སེལ་བའི་རྫས་བཟའ་བཏུང་སྣ་ཚོགས་པ་ལྷའི་བདུད་རྩིའི་ཆར་ཕབས་པས་གཟུགས་བཟང་ཕུན་སུམ་ཚོགས་པར་བསམ། དུད་འགྲོ་རྣམས་ལ་ཤེས་རབ་བསྐྱེད་པའི་རྫས་བདུད་རྩི་ཁ་དོག་སྣ་ཚོགས་པ་དང་རང་རང་གི་ཡིད་དང་མཐུན་པའི་བཟའ་བཏུང་གནས་དང་བཅས་པ་ཕུལ་བས་མ་རིག་པའི་སྒྲིབ་པ་དག་ནས་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ། མི་རྣམས་ལ་ང་དར་གོས་གསུམ་གསེར་དངུལ་དར་ཟབ་བང་མཛོད་རྟ་དྲེལ་ནོར་ཕྱུགས་སོགས་གང་ལ་གང་
༢༢༠ འདོད་ཀྱི་ལོངས་སྤྱོད་ནམ་མཁའི་མཛོད་བཞིན་ཕུལ་བས་འདོད་དགུ་ལྷུན་གྱིས་གྲུབ་པར་བསམ། ལྷ་མ་ཡིན་རྣམས་ལ་རྡོ་རྗེའི་གོ་མཚོན་དང་འཆི་མེད་ཀྱི་བདུད་རྩི་སོགས་ལོངས་སྤྱོད་སྣ་ཚོགས་ཕུལ་བར་བསམ། ལྷ་རྣམས་ལ་བདུད་རྩི་ཁ་དོག་སྣ་ཚོགས་ཅང་ཤེས་ཀྱི་རྟ་དང་ཁྲུས་ཀྱི་རྫིང་བུ་མ་རྨོས་པའི་ལོ་ཏོག་མེ་ཏོག་སྣ་ཚོགས་ཀྱི་རྒྱན་དང་ཕྲེང་བ། ལྷའི་བུ་དང་བུ་མོ་རྣམས་ཀྱི་རྩེད་འཇོ་ལ་སོགས་པའི་དགའ་བདེའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བསམ། མདོར་ན་རིགས་དྲུག་སྙིང་རྗེའི་མགྲོན་དེ་རྣམས་ལ་གང་འདོད་ཀྱི་ལོངས་སྤྱོད་དང་བདུད་རྩི་ཕུལ་བས་སོ་སོའ་སྡུག་བསྔལ་དང་ཉེས་དམིགས་ཅི་ཡོད་པ་ལས་གྲོལ་ནས་སངས་རྒྱས་ཐོབ་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །ཡང་རིགས་དྲུག་དེ་རྣམས་ཀྱི་ནང་ནས་ཀྱང་བདག་གིས་སྔོན་བསྐལ་པ་གྲངས་མེད་པ་ནས་ཕན་ཚུན་བསད་ཅིང་གཏུབས་པས་ཚེ་ཐུང་བའི་ལན་ཆགས། རྐུ་འཕྲོག་བཅོམ་གསུམ་བྱས་པས་ནོར་འབུལ་བའི་ལན་ཆགས། བརྡུང་བརྡེག་བཅིངས་པ་དབང་པོ་འབྲོག་པ་སོགས་ནད་མང་ཞིང་ལུས་སྡུག་བསྔལ་བའི་ལན་ཆགས། ཡུལ་ཁམས་ཕོ་བྲང་བུ་དང་ཆུང་མ་ལུས་སྲོག་འཕྲོག་པ་སོགས་ལན་ཤིན་ཏུ་ཆེ་བའི་ལན་ཆགས། རྫས་དང་ཡོ་བྱད་ཤ་ཁྲག་ལ་ལོངས་སྤྱོད་པ་ལ་སོགས་ལན་ཆགས་ཕྲ་མོའ་རིགས་གྱུར་གྱིས་ད་ལྟ་རང་ལ་དེ་ལྟ་བུའི་ལན་ཆགས་བསྙེག་ཅིང་གདུག་པའི་བསམ་སྦྱོར་དང་ལྡན་པ་དེ་རྣམས་ལ་ངོ་བོ་གོང་གི་བདུད་རྩི་ལ་རྣམ་པ་ཤ་རི་ཁྲག་མཚོ་རུས་པའི་གྲོམ་ཁྲོད་ཁྲ་ཤིག་གེ་བ། རླངས་པ་ཕ་ལེ་བ་ངོ་བོ་ཡག་པ་ཡིད་དུ་འོང་བ་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ཁྲག་ལྟ་བུ་ཁར་བཏུང་བ་རེག་པ་དྲི་ཚོར་བ་ཙམ་གྱིས་གནས་སྐབས་མཐར་ཐུག་གི་སྡུག་བསྔལ་ཐམས་ཅད་ཞི་ཞིང་བདེ་བའི་མཆོག་ཐོབ་པར་བྱེད་པ་དང་། གཞན་ཡང་ལན་ཆགས་འཇལ་གང་དགོས་ཀྱི་
༢༢༡ ཡུལ་མཁར་རྟ་ནོར་གསེར་དངུལ་རིན་པོ་ཆེའི་རིགས་དང་སྐྱེས་པ་བུད་མེད་གཟུགས་བཟང་ཕུན་སུམ་ཚོགས་པ་གོས་རྒྱན་སྣ་ཚོགས་མདོར་ན་ལན་ཆགས་འཇལ་གང་དགོས་དངོས་པོའ་རྫས་དེ་རྣམས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཆེ་བ་འདོད་དགུ་ཆར་ལྟར་འབེབས་པར་སྤྲུལ་ནས་བྱིན་པས་ལན་ཆགས་ཤ་མཁོན་ཐམས་ཅད་བྱང་ནས་བྱང་ཆུབ་ཐོབ་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །དེ་ཡན་ཆད་དཀར་ཚོགས་ལམ་ཁྱེར་སྐོར་གསུམ་གྱི་རིམ་པའོ། །ཡང་རང་གི་ཐུགས་ཀ་ནས་ལྷ་མོ་དཀར་མོ་གྲངས་མེད་པ་ཐོད་པ་བདུད་རྩིས་གང་བ་ཐོགས་ཏེ། རིགས་དྲུག་གི་གནས་སོ་སོར་བྱོན་ནས་བདུད་རྩི་དྲངས་པས་རང་རང་གི་སྡུག་བསྔལ་ལས་གྲོལ་ཏེ་བྱང་ཆུབ་ཐོབ་ནས་རིགས་དྲུག་གི་གནས་སྟོང་སྟེ། སླར་ཡང་ལྷ་མོ་དེ་རྣམས་ལས་འོད་འཕྲོས་གནས་སྟོང་པ་རྣམས་ལ་ཁྱབ་པས་དམྱལ་བའི་གནས་བཻ་ཌཱུ་ལྟར་དག་པ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ། དེ་བཞིན་ཡི་དྭགས་ཀྱི་གནས་པདྨ་རཱ་ག་ལྟར་དག་པ་པདྨའི་རང་བཞིན། བྱོལ་སོང་གི་གནས་ཤེལ་ལྟར་དག་པ་འཁོར་ལོའ་རང་བཞིན། མིའི་གནས་གསེར་ལྟར་དག་པ་རིན་པོ་ཆེའི་རང་བཞིན། ལྷ་མ་ཡིན་གྱི་གནས་མར་གད་ལྟར་དག་པ་རྒྱ་གྲམ་གྱི་རང་བཞིན། ལྷའི་གནས་དག་པ་སྟོང་གསལ་འོད་ལྔའི་ངོ་བོ་ཡེ་ཤེས་ཆེན་པོའ་རང་བཞིན་དུ་གྱུར་པར་བསམ། མཐར་ལྷ་མོ་རང་ལ་བསྡུས་ནས་མི་དམིགས་པར་བཞག་གོ །སླར་ཡང་བདུད་རྩིའི་ལྷག་མ་དེ་ཉིད་དཀར་གསུམ་མངར་གསུམ། སྨན་སྣ་ཚོགས་དར་ཟབ་རིན་པོ་ཆེ་འབྲུ་སྣ་ཚོགས། རྟ་ནོར་སོགས་གཡུང་དྭགས་སྣ་ཚོགས་འབྲང་དང་ཤ་བ་སོགས་རི་དྭགས་སྣ་ཚོགས། བྱ་རིགས་གཅན་གཟན་ཉ་སྲམ་རུ་སྦལ་སོགས་སྐྱེ་འགྲོའི་གཟུགས་བརྙན་དེ་རྣམས་ལུས་ཆེ་ཞིང་སྟོབས་དང་ལྡན་པ་བ་སྤུ་ཉག་མ་རེ་རེ་ལས་ཀྱང་དེ་འདྲ་
༢༢༢ གྲངས་མེད་འཕྲོ་བ། རྫ་དང་གངས་རི་སྤང་ལྗང་ནགས་ཚལ་མཚོ་དང་ནེའུ་གསེང་ཆུ་མིག་མེ་ཏོག་གི་ཚལ་ཆེན་སོགས་བཀོད་པ་ངོ་མཚར་ཅན་དུ་མ་དང་། རིན་པོ་ཆེའི་སྣོད་སྣ་ཚོགས་པ་རྣམས་ཀྱི་ནང་དུ་ཇ་ཆང་གསེར་སྐྱེམས་ཕུད་སྣ་ཚོགས། མདའ་མདུང་གོ་མཚོན་དང་སྣ་ཚོགས་ཀྱིས་བརྒྱན་པ་དང་། བལ་ཚོན་སྣ་ཚོགས། འདོད་ཡོན་གྱི་བཀོད་པ་གྲངས་མེད་པ་སྤྲུལ་ནས་གཞི་བདག་རྣམས་ལ་ཕུལ་བས་རང་རང་གི་གནས་ཡུལ་རྒྱན་གོས་བཟའ་བཏུང་ཆ་བྱད་སོགས་ཕུན་སུམ་ཚོགས་པར་གྱུར་ནས་གཞི་བདག་ཕོ་རིགས་རྣམས་སྟག་གཟིག་རྟ་སྤྱང་ལ་ཞོན་པ་ཁྲི་ལ་སྡོད་པ་སོགས་སྤྱོད་ལམ་བག་ཕེབས་པའི་རྣམ་འགྱུར་དང་། མོ་རིགས་རྣམས་ཀྱང་དར་ཟབ་གོས་དང་རྒྱན་ཕྲེང་སོགས་ཀྱིས་བརྒྱན་ཅིང་ལག་ཏུ་ཏོང་སྐུད་དམར་དཀར་གྱི་གྲུ་གུ་བཞུ་བ་སོགས་སོ་སོར་ལོངས་སྤྱོད་འདོད་དགུའི་དཔལ་འབྱོར་དང་ལྡན་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །ཡང་བདུད་རྩིའི་ལྷག་མ་དེ་ཉིད་ཞོ་དང་འོ་མ་སོགས་དཀར་གསུམ། ཀ་ར་བུ་རམ་སོགས་མངར་གསུམ་ཁྲག་རྣམས་འོ་མའི་རྒྱ་མཚོ་ཆེན་པོ་དང་ནང་ཁྲོལ་རྣམས་ཀླུ་སྨན་སྣ་ཚོགས་པ་དང་། ཀླུ་རྣམས་དགྱེས་པའི་ཡོ་བྱད་དུ་མ་བསམ་ལ། ཀླུ་རྣམས་ཀྱང་ཁོག་སྟོད་ལྷའི་སྐྱེས་བུ་ལྟ་བུ་ལ་སྐུ་སྨད་སྦྲུལ་མཇུག་དང་ལྡན་པ་མགོ་ལ་སྦྲུལ་མགོ་ལྔ་བདུན་དགུ་ལ་སོགས་པའི་གདེངས་ཀ་ཡོད་པ། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་དེ་རྣམས་ཀླུའི་ཡོ་བྱད་ལ་ལོངས་སྤྱོད་པས་གནོད་སེམས་ཞི་ནས་བདེ་སྐྱིད་ཕུན་སུམ་ཚོགས་པར་བསམ། ཡང་དེའི་ཕྱི་མཚམས་དར་སྣ་ཚོགས་ཀྱི་ཡོལ་བས་བཅད་པའི་ཕྱི་རོལ་དུ་ཤ་ཁྲག་གི་རྒྱ་མཚོ་ལ་ཀླུ་གདོལ་པ་སོགས་ནག་ཕྱོགས་ཤ་ཁྲག་ལ་དགྱེས་པ་རྣམས་ཀྱིས་ལོངས་སྤྱོད་པས་གདུག་སེམས་ཞི་ནས་བྱང་ཆུབ་ཀྱི་སེམས་
༢༢༣ རྒྱུད་ལ་སྐྱེས་པར་བསམ་མཐར་མཆོད་ལྷ་བསྡུ། མཉམ་པར་བཞག །འདིར་གཞི་བདག་དང་ཀླུ་གཉིས་བྱེ་བྲག་སོ་སོར་འབུལ་དགོས་པ་ནི་གཅོད་ཀྱི་ཉམས་ལེན་གྱི་ཁྱད་ཆོས་ཕྱི་འཇིགས་ཡུལ་ལ་བརྟེན་ནས་ནང་འཇིགས་མཁན་གྱི་ཤེས་རིག་གཏན་ལ་འབེབས་པའི་ཕྱིར་དུ་གཉན་ས་རི་ཁྲོད་འགྲིམས་པ་གཙོ་བོར་སྟོན་པའི་ཕྱིར་དང་གནས་སྐབས་སུ་ཕྲིན་ལས་གང་འདོད་བཅོལ་པའི་དོན་དུ་ཕུལ་བ་ཡིན་ནོ། །དོན་ལ་རིགས་དྲུག་གི་ནང་དུ་མ་འདུས་པ་ནི་མིན་ཏེ་གཞི་བདག་ནི་མི་མ་ཡིན་མིའི་འགྲོ་བ་ལ་འདུས་པ་དང་། ཀླུ་རྣམས་དུད་འགྲོའི་འགྲོ་བ་ལ་འདུས་པ་ཡིན་ནོ། །དེ་ལྟར་ཕུལ་ཚེ་མཆོད་མཁན་གྱི་ལྷ་མོ་སྤྱིར་མདོག་སྣ་ཚོགས་ཡིན་ཀྱང་གཙོ་ཆེར་ཆོས་སྐྱོང་རྣམས་ལ་དམར་མོ་དང་ཕྱི་རྒྱུད་རིགས་དྲུག་སོགས་ལ་དཀར་མོ་ཡིན་པར་གསུངས་སོ། །དེ་ནས་དམར་འགྱེད་བྱེད་པ་ནི། རྣམ་ཤེས་གོང་ལྟར་སྤར་ལ་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ལས་ཁྲོས་མ་ནག་མོ་གཡས་མི་ལྤགས་དང་གཡོན་མི་རྐང་འཛིན་པ་སོགས་གཞུང་ལྟར་མཐུན་པར་བསྐྱེད་པའི་ཐུགས་ཀ་ནས་ལས་བྱེད་སྒོ་མ་བཞི་དང་ཁྲོས་མ་གྲངས་མེད་སྤྲུལ་ནས་གོང་གི་འགྱེད་དེ་རྣམས་ཀྱིས་མི་ཚིམ་པའི་ཕོ་གདོན་མོ་གདོན་ཀླུ་གདོན་སོགས་གདུག་པའི་བསམ་སྦྱོར་དང་ལྡན་པ་དེ་རྣམས་བཀུག་ནས་བེམ་པོ་ཤ་རི་ཁྲག་མཚོ་འཇིག་རྟེན་གྱི་ཁམས་དང་མཉམ་པར་སྤེལ་བ་དེ། གདོན་དེ་རྣམས་ཀྱིས་ཤ་ཟ་ཁྲག་འཐུང་རུས་པ་མུར་འཁོར་བ་མ་སྟོང་གི་བར་དུ་ལོངས་སྤྱོད་རྒྱུན་མི་འཆད་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་ལ་རྐང་གླིང་འབུད་ཅིང་། ན་མོ་གནས་གཉན་ས་སོགས་བྱའོ། །ཡང་འགྱེད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པ་ལས་བདུད་རྩི་བུམ་འགྱེད་མ་ནི། རང་གཞན་གྱི་རྣམ་ཤེས་འཕོ་བ་གང་འདོད་ལྟར་མ་གཅིག་གི་ཐུགས་ཀར་སྤར། མ་
༢༢༤ གཅིག་གི་ཐུགས་ཀ་ནས་རིག་པའི་ངོ་བོ་ཧ་ཡིག་དཀར་པོ་ལས་གྲུབ་པའི་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་མོ་གཡས་གྲི་གུག་དང་གཡོན་བདུད་རྩིས་གང་བའི་བུམ་པ་ཐོགས་པ་རྒྱན་ཆ་ལུགས་དང་ལྡན་པ་གཅིག་ཏུ་གྱུར་ནས་བེམ་པོ་དེའི་སྤྱི་གཙུག་ནས་ཕྱག་གི་བུམ་པའི་བདུད་རྩི་བླུགས་པས་བེམ་པོ་དེ་ཉིད་རྒྱལ་གྲོད་འོ་མས་གང་བ་ལྟ་བུར་གྱུར་པར་བསམ་ལ་ཕྱག་གཡས་ཀྱི་གྲི་གུག་བཤགས་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ནས་ཁོག་ཟམ་ལ་ཐིམ་འོད་དུ་ཞུ་ནས་བདུད་རྩིར་འདྲེས་པས་ཁ་དོག་སྣ་ཚོགས་པའི་མཆོད་སྤྲིན་དུ་དམིགས་ནས་ས་གཞི་ཤེལ་ལྟར་དག་པར་བདུད་རྩིས་གང་བར་བསམ་ལ་རང་གི་ཐུགས་ཀ་ནས་ལྷ་མོ་དཀར་མོ་ཕྱག་གཉིས་བུམ་པ་བདུད་རྩིས་གང་བ་ཐོགས་པ་དཔག་ཏུ་མེད་པས་བླ་མ་ཡི་དམ་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་མཆོད། ཡང་བདུད་རྩི་དེ་ཉིད་ཐོད་རློན་ཤས་གང་བ་མང་པོར་གྱུར་ཏེ་ཆོས་སྐྱོང་བའི་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་མཆོད། དེ་ཕྱིན་གྱི་སྲུང་མ་དང་རིགས་དྲག་ལན་ཆགས་བགེགས་རིགས་གཞི་བདག་ཀླུ་དང་བཅས་པ་རྣམས་ལ་བདུད་རྩིས་མཆོད་པས་ཚིམ་པར་བྱེད་པའོ། །ཡང་རྣམ་ཤེས་སྤར་བ་སོགས་གོང་ལྟར་ལམ་གཅིག་གི་ཐུགས་ཀ་ནས་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་ལས་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་མོ་གྲི་གུག་དང་ཐོད་ཁྲག་ཐོགས་པ་གཅིག་ཏུ་བསྐྱེད་ལ་གྲི་གུག་གིས་བེམ་པོའ་སྨིན་མཚམས་ཡན་སྒར་གྱིས་གྲས་པའི་ནང་དུ་བེམ་པོའ་ཤ་ཁྲག་རྣམས་བླུགས་ནས་བཀང་སྟེ་སྔར་ལྟར་རླུང་གཡོས་མེ་སྤར་ཐོད་པ་དྲོས་ཤིང་བདུད་རྩི་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད་པར་བསམ། ཡང་ཕྱོགས་བཅུའི་སངས་རྒྱས་
༢༢༥ དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཐམས་ཅད་རང་གི་ཕྱག་གི་ཐོད་པའི་ནང་དུ་བ་བཅིང་ཞུ་བས་ཐོད་པ་གང་། ཐོད་པའི་ཚངས་བུག་ནས་ཆད་ཟམ་གྱི་ཐེམ་བུ་བུད་པ་ལྟར་བདུད་རྩི་བབ་ནས་མདུན་གྱི་ཐོད་ནང་གི་བདུད་རྩིར་ཐིམ་པས་དམ་ཡེ་གཉིས་སུ་མེད་པར་འདྲེས། ཁོལ་བའི་རླངས་པ་འོད་ཟེར་དཀར་པོའ་རྣམ་པ་སྟེང་དུ་འཕྲོས། ཁུ་བ་བདུད་རྩིའི་རང་བཞིན་རོ་མཆོག་བརྒྱ་དང་ལྡན་པ་བར་ན་འཁྱིལ་བ། སྙིགས་མ་འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་འོག་ན་གནས་པར་བསམ། ལས་བྱེད་དཀར་མོ་ཐོད་པ་ཐོགས་པ་མང་པོས་དཀོན་མཆོག་སྲི་ཞུ་ནས་བཟུང་སྟེ་གཞི་བདག་ཀླུ་དང་བཅས་པ་ལ་འབུལ་བ་ནི་ཐོད་ཞལ་མའོ། །ཡང་རྣམ་ཤེས་སྤར་བ་ནས་བཟུང་སྟེ་ལས་བྱེད་དཀར་མོའ་སྤེལ་སྦྱངས་ཐོད་ཞལ་མ་ལྟར་བྱས་ནས་ལས་བྱེད་མདོག་སྣ་ཚོགས་སྤྲོས་ནས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ་མགྲོན་ཐམས་ཅད་ལ་སྔར་ཐོད་སྒྱེད་མའི་སྐབས་ལྟར་འབུལ་བ་ནི་འདོད་ཡོན་ལྔ་མཆོད་མའོ། །དེ་ལྟ་བུའི་འགྱེད་ཚུལ་དེ་རྣམས་ཀྱང་ངོ་བོ་རང་གི་ཤ་ཁྲག་ལ་རྣམ་པ་གང་འདོད་ཀྱི་མཆོད་རྫས་བདུད་རྩི་སོགས་སུ་སྤེལ་ཞིང་འགྱེད་ཡུལ་གྱི་མགྲོན་རྣམས་ནི། དཀོན་མཆོག་སྲི་ཞུ། མགོན་པོ་ཡོན་ཏན། རིགས་དྲུག་སྙིང་རྗེ། གདོན་བགེགས་ལན་ཆགས་ཀྱི་མགྲོན་རྣམས་ལ་ཡིན་ཞིང་། དེ་ལྟར་འགྱེད་པའི་འབྲས་བུ་བྱིན་རླབས་དངོས་གྲུབ། ཕྲིན་ལས་མཐུ་རྩལ། ལན་ཆགས་སྡུག་བསྔལ་སོགས་བདེ་སྡུག་གི་སྣང་བ་ཅི་ལྟར་ཤར་ཡང་གདོད་མའི་ཆོས་སྐུ་སྐྱེ་འགག་གནས་གསུམ་བྲལ་བ་བསམ་བརྗོད་དང་བྲལ་བའི་ཡུམ་དོན་ལ་མཉམ་པར་བཞག་ཅིང་གནས་སྐབས་ཀྱི་བདེ་སྡུག་ཅི་བྱུང་ཡང་དེ་ཉིད་ཀྱི་ངོ་བོར་རང་བཞིན་གདོད་ནས་དག་པའི་ངང་དུ་ལམ་དུ་ཁྱེར་བ་སྟེ། དཀར་འགྱེད་མགྲོན་བཞི་མ་དང་། དཀར་ཚོགས་ལམ་ཁྱེར་སྐོར་གསུམ་
༢༢༦ ཟེར་བའི་དོན་འདི་རྣམས་ལ་འདུས་སོ། །ཡང་ཡིག་ཆ་འགའ་ཞིག་ལས་འདི་སྐབས་འགྱེད་ཚུལ་བདུན་དུ་བཤད་པ་དང་། དེ་སྐབས་ནང་གསེས་ཀྱི་ས་བཅད་བསྒྲིགས་པ་སོགས་མི་མཚུངས་པ་འགའ་རེ་འདུག་ཀྱང་འདི་ནི་སློབ་དཔོན་གྱིས་བདག་ལ་གསུངས་པའི་བཤད་རྒྱུན་ངེས་པ་ཅན་ཡིན་པ་དང་། དྲུང་རིན་པོ་ཆེ་ཞལ་བཞུགས་སྐབས་ཀྱི་ཕྱག་དཔེ་ཡིད་ཆེས་ཅན་འགའ་ལའང་འདི་ལྟར་འདུག་པ་དེ་གཉིས་ལ་དབང་པོ་བྱས་པའོ། །དེ་ནས་དམར་འགྱེད་ནི། རྣམ་ཤེས་སྤར་བ་དང་ཧྲཱིཿཡིག་དམར་པོ་ལས་རིག་པ་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པ་གོང་ལྟར་ལ། བེམ་པོའ་ཡན་ལག་བཞི་གྲི་གུག་གིས་བཅད་ནས་ཕྱོགས་བཞིར་བཙུགས་པའི་སྟེང་དུ་པགས་པ་སྐྱོན་ནས་བརྒྱངས་བའི་སྟེང་དུ་བེམ་པོ་ཤ་ཁྲག་རུས་གསུམ་གྱི་ཕུང་པོ་ཆེན་པོར་བསམ་ལ་རང་རྣལ་འབྱོར་མའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར། སེར། དམར། ལྗང་བཞི་སྤྲོས་ནས་གཡང་གཞིའི་རྩ་བཞི་ནས་འཇུས་ཏེ་མགྲོན་རྣམས་ལ་བསྟབ་པ་ནི་མཆོག་ཕུར་མ་དང་། ཡང་རྣམ་ཤེས་སྤར་བ་དང་རིག་པ་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པ་གོང་ལྟར་ལ་ཡན་ལག་བཞི་ལ་མི་སྐྱོན་པར་པགས་པ་ས་གཞིར་བཏིང་བའི་སྟེང་དུ་ཤ་ཁྲག་རུས་གསུམ་ཕྱུར་བུར་སྤུངས་ཏེ་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་བཞི་སྤྲོས་ཏེ་གོང་ལྟར་མགྲོན་རྣམས་ལ་བསྟབས་པ་ནི་གཡང་གཞི་མའོ། །དེ་ལྟར་དཀར་འགྱེད་དམར་འགྱེད་བྱ་རྒྱུའི་ཤ་ཁྲག་དེ་ཉིད་མགྲོན་རིགས་ཐམས་ཅད་ལ་བསྔོས་མ་ཐག་ཏུ་དཀོན་མཆོག་སྲི་ཞུ་རྣམས་ཀྱང་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་རྫོགས། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཀྱིས་ཕྲིན་ལས་སྣ་ཚོགས་ཐོགས་པ་མེད་པར་བསྒྲུབས། རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱང་གནས་སྐབས་མཐར་ཐུག་གི་སྒྲིབ་གསུམ་ལས་གྲོལ་ཏེ་མངོན་སངས་རྒྱས། ཁྱད་པར་དམར་འགྱེད་ཀྱི་དུས་སུ་གདོན་
༢༢༧ བགེགས་ལན་ཆགས་འབྱུང་པོ་རྣམས་ཀྱི་ཁར་སོང་བ། དྲི་ཚོར་བ་ཙམ་གྱིས་སྡུག་བསྔལ་ལས་གྲོལ་ཞིང་མཐར་ཐུག་ཀུན་ཀྱང་བྱང་ཆུབ་ཆེན་པོའ་གོ་འཕང་ཐོབ་པར་བསམ། སྤྱིར་ཡང་སྒྱུ་ལུས་མཆོད་སྦྱིན་གྱི་རིམ་པ་གང་བྱེད་ཀྱང་གནད་དུ་ཆེ་བ་ནི་འདི་ལྟར་གོ་དགོས་ཏེ། གཞི་གདོད་མའི་འོད་གསལ་བདེ་གཤེགས་སྙིང་པོ་འཁོར་འདས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པར་གནས་པ་དེ་ཉིད་མངོན་སུམ་དུ་མ་བྱས་ཀྱི་བར་དུ་གཉིས་སྣང་འཁྲུལ་རྟོག་གིས་བསྡུས་པའི་བཟང་ངན་གཙང་བཙོག །ལྷ་འདྲེ་ལ་རེ་དོགས་ཀྱིས་ཕན་གནོད་སོགས་མིང་གི་སྒྲོ་བཏགས་ཙམ་ལ་ཞེན་པའི་ཀུན་བཏགས་དང་། སྐྱེ་ཤི་ན་ཚ་འཁོར་འདས་སོགས་གཉིས་སྣང་གིས་བསྡུས་པའི་གཟུང་འཛིན་གྱི་སྣང་བ་ལ་ཨ་འཐས་སུ་ཞེན་པའི་གཞན་དབང་དང་། དེ་གཉིས་ཀྱིས་བསྡུས་པའི་རྟོག་ཚོགས་ཀྱི་དྲི་མ་ཐམས་ཅད་རང་སར་དག །རང་སར་སྟོང་ཞིང་འོད་གསལ་བདེ་གཤེགས་སྙིང་པོ་དེ་ཉིད་རྟག་ཆད་འགྲོ་འོང་སྐྱེ་འགག་གཅིག་དང་ཐ་དད་སོགས་ཐམས་ཅད་ཀྱི་དྲི་མས་ཡེ་ནས་མ་གོས་ཤིང་སྤྲོས་མེད་ནམ་མཁའི་དཀྱིལ་ལྟ་བུ་དེ་ཡང་བེམ་སྟོང་སོགས་མ་ཡིན་པ་སྐུ་བཞི་ཡེ་ཤེས་ལྔའི་བདག་དམ་པ་གཙང་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མོས་པ་ལམ་དུ་བྱེད་པ་ནས་མངོན་དུ་མ་གྱུར་པར་དེ་ལྟ་བུ་ཉམས་སུ་བླང་བ་ལ་བདག་འཛིན་ལུས་སྲོག་ལ་གཅེས་པར་འཛིན་པའི་དབང་གིས་ན་ཚ་སྡུག་བསྔལ་སོགས་མི་བཟོད་པའི་ཚོར་བ་ཉམས་སུ་མྱོང་བ་ལ་ཨ་འཐས་སུ་ཞེན་པའི་བདག་འཛིན་འདི་ཉིད་ལུས་བེམ་པོ་འཁོར་ལོངས་སྤྱོད་སོགས་གཟུགས་སུ་སྣང་བ་འདི་ཉིད་གཉིས་སྣང་གིས་བསྡུས་པའི་མགོན་རིགས་རྣམས་ཀྱིས་ཅི་ལྟར་འཚམས་པ་བཞིན་དུ་ལོངས་སྤྱོད་པར་བསམ་ནས་མཆོད་པར་བྱ་བ་དང་། ཡང་བདག་ཏུ་བཟུང་བའི་སྒྱུ་ལུས་སོགས་དངོས་
༢༢༨ པོ་ལ་ཞེན་པའི་ཨ་འཐས་སུ་ཞེན་པ་དང་། སྦྱིན་ཡུལ་འཁོར་འདས་ཀྱི་མགྲོན་རྣམས་དང་སྦྱིན་བྱེད་གཉིས་སུ་འཛིན་པའི་རྟོག་ཚོགས་དེ་རྣམས་རང་རིག་འོད་གསལ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་བློའི་ཡུལ་ལས་འདས་ཤིང་བསམ་བརྗོད་དང་བྲལ་བ་དེ་ཉིད་ཀྱི་ངང་ལ་དག་དགོས་པ་ནི་གལ་ཆེ་སྟེ། ཀ་ཚོམས་ཡང་ཚོམས་ལེ་ལག་ཟབ་དོན་ཐུགས་ཀྱི་སྙིང་པོའ་རྩ་འགྲེལ་འབྲུག་པ་ཀུན་སྤངས་ཆེན་པོའ་གསང་གཅོད་སོགས་མ་ཡི་གཅོད་སྐོར་གྱི་གནད་རྣམས་གོ་ཉམས་རྟོགས་གསུམ་གྱིས་གཏན་ལ་ཕེབ་པ་ཞིག་དགོས་རྒྱུར་སྣང་ངོ་། །དེ་ལྟར་དམིགས་སྐོར་རྣམས་རྒྱས་པར་ན་གསོལ་འདེབས་སོ་སོའ་མཚམས་སུ་རེ་རེ་སྦྱར་ཞིང་ཕཊ་བརྒྱ་མར་གྲགས་པ་དང་། ཡང་གནས་གཉན་ས་མའི་མགོར་དཀར་འགྱེད་མགྲོན་བཞི་མ་དང་། གཞི་བདག་ཀླུ་དང་གདོན་ལ་དམར་འགྱེད་སོགས་རྒྱས་པར་བཏང་ནས་དེ་ཕྱིན་གྱི་མཚམས་རྣམས་སུ་འགྱེད་ཚུལ་རེ་ཟུང་བཏང་བ་དང་། ཡང་གནས་གཉན་ས་མའི་མགོར་དཀར་འགྱེད་མགྲོན་བཞི་མ་སོགས་འགྱེད་ཚུལ་གང་འདོད་རྒྱས་པར་བཏང་ནས། དེ་ཕྱིན་གྱི་གསོལ་འདེབས་ཀྱི་མཚམས་རྣམས་སུ་བྱིན་འབེབས་དང་དམིགས་མེད་ལ་བཞག་པ་སྟེ་དེ་རྣམས་ལོང་སྐབས་རིང་ཐུང་དང་བསྟུན་པ་ནི་སྔར་གྱི་ཞལ་རྒྱུན་ལགས་སོ། །དེ་ནས་གསོལ་བ་འདེབས་ཤིང་བྱིན་འབེབས་པ་ནི། བཀའ་བརྒྱུད་ཉམས་བརྒྱུད་ཕ་བརྒྱུད་མ་བརྒྱུད་སྲས་བརྒྱུད་འདི་རྣམས་ལ་གསོལ་བ་གདབ་པའི་ཚེ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུ་མ་རིག་པ་ལས་བྱུང་བའི་ཁམས་གསུམ་གྱི་འཁོར་བའི་རྒྱུར་གྱུར་པའི་སྡིག་ལྟུང་གི་བློ་ཐམས་ཅད་སྐད་ཅིག་ལ་ལྡོག་ཅིང་གཉིས་སྣང་འཁྲུལ་པའི་བག་ཆགས་ཐམས་ཅད་རང་སར་ཞི་ནས་གདོད་མའི་ཆོས་སྐུ་ཡུམ་ཆེན་མོའ་དགོངས་པ་མངོན་སུམ་དུ་རྟོགས་ནས་སངས་རྒྱས། གཞན་དོན་
༢༢༩ གཟུགས་སྐུ་གཉིས་ཀྱིས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་ཕྲིན་ལས་རྣམ་བཞིའི་དོན་རྒྱ་ཆེན་པོ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཞིག་སྐྱབས་ཡུལ་ཁྱེད་རྣམས་མཁྱེན་སྙམ་པའི་མོས་གུས་དྲག་པོ་སྙིང་ནས་འབར་བ་ཞིག་གལ་ཆེའོ། །དེའི་ཚེ་དམིགས་ཐུན་ནི། ཕྱི་སྣོད་ཐམས་ཅད་རིན་པོ་ཆེའི་སྣོད། ནང་བཅུད་ཐམས་ཅད་གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་སྣ་ཚོགས་འབུལ་ལོ། །དེ་ནས་ཌཱ་ཀི་འབུམ་བསྐུལ་གྱི་ཚེ། མ་གཅིག་དང་ཕག་མོ་ལྷ་ལྔ་ངོ་བོ་གཅིག་ཀྱང་རྣམ་པ་སོ་སོར་སྣང་ཞིང་། རྡོ་རྗེ་ཕག་མོའ་སྐུའི་ཆས་རྒྱན་དང་ཕྱག་མཚན་གདན་བཞུགས་ཡུལ་སོགས་ལ་མཁའ་འགྲོ་འབུམ་ཚོ་རེ་རེ་འདོན་བསྒོམ་བཞིན་གནས་པ་སྟེ། མདོར་ན་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ལ་གསོལ་བ་བཏབ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་སྩོལ་བར་བསམ། དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་བསང་ཆུས་བྲན་ལ་བཀའ་བརྒྱུད་ཚོགས་ལས་འདོན་པར་སྤྲོ་ཚེ་དེའི་དམིགས་སྐོར་ཟུང་མང་སྔར་ལུགས་ལ་གསལ་བར་མ་གསུངས་ཀྱང་། ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་གསུང་རྒྱུན་ལྟར་ན་འདོན་བསྒོམ་ལྟར་ཡུམ་ཆེན་མོ་ནས་རྩ་བའི་བླ་མའི་བར་གྱི་བླ་མ་རྣམས་ཀྱང་དཔལ་ཧེ་རུ་ཀའི་ཆ་ལུགས་སུ་གྱུར་པ་ལ་འཁོར་དཔའ་བོ་དཔའ་མོ་འབུམ་སྡེའི་ཚོགས་དང་བཅས་ཏེ་སྤྱན་དྲངས་ནས་སྐྱབས་ཡུལ་རྣམས་དང་གོ་ས་གཅིག་པ་མདུན་གྱི་ནམ་མཁར་བཞུགས་པའི་སྐུ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས། ཕྱི་གནས་ཡུལ་ལ་ཕོག་པས་ཨོ་རྒྱན་མཁའ་སྤྱོད་ཀྱི་ཞིང་ཁམས། གནས་ཁང་ལ་ཕོག་པས་ཨོ་རྒྱན་རང་བྱུང་གི་གཞལ་ཡས་ཁང་ཐོད་པ་སྐམ་རློན་ལས་གྲུབ་པ། སྣོད་ཐམས་ཅད་ཐོང་པའི་སྣོད། བཅུད་ཐམས་ཅད་ཤ་ལྔ་བདུད་རྩི་ལྔ། མགྲོན་ཐམས་ཅད་དཔའ་བོ་
༢༣༠ དང་མཁའ་འགྲོ་མ་ཁོ་ནར་གྱུར་པར་བསམ། དེ་ནས་མ་བརྒྱུད་ཚོགས་ལས་ཀྱི་སྐབས་ཚོགས་ལྷ་སྤྱན་དྲངས་ཤིང་བྱིན་ཕབ་པ་ནི། སྐྱབས་ཡུལ་སྤྱི་དང་མ་གཅིག་ཕག་མོ་རིགས་ལྔ་ཐ་དད་མེད་པའི་སྐུ་ལས་འོད་ཟེར་འཕྲོས་པས་དབུས་ཕྱོགས་གསང་ཆེན་རོལ་པའི་དུར་ཁྲོད་ནས་སངས་རྒྱས་མཁའ་འགྲོ་སྐུ་མདོག་ནག་མོ་ཕྱག་གཡས་འཁོར་ལོ་རྩིབས་བརྒྱད་དང་། གཡོན་པད་སྣོད་བཟའ་བཏུང་སྣ་ཚོགས་ཀྱིས་གང་བ་བསྣམས་པ་གྲངས་མེད་དང་། གཞན་ཡང་མཆོད་རྫས་སྣ་ཚོགས། རོལ་མོའ་རིགས་བྱེད་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་སྐྱབས་ཡུལ་གྱི་འཁོར་དུ་ནམ་མཁར་བཞུགས་པར་བསམ་ལ། སྐད་ཅིག་གིས་ཏིང་ངེ་འཛིན་གྱིས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་ནས་མཆོད་ཕྱག་བྱས་ཤིང་། དེ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་འཇིག་རྟེན་ལ་ཕོག་པས་ཨོ་རྒྱན་གྱི་དུར་ཁྲོད་དམ། དབུས་ཕྱོགས་གསང་ཆེན་རོལ་པའི་དུར་ཁྲོད་མི་རོ་རྟ་རོ་ཁྲལ་ཁྲོལ་དུ་འདུག་པ། རྩི་ཤིང་ཐམས་ཅད་མདའ་དང་མདུང་དུ་འདུག་པ། ཆུ་རྣམས་ཐམས་ཅད་ཁྲག་དང་རྣག་ཏུ་འདུག་པ། སྒྲ་སྐད་ཐམས་ཅད་དུར་མོའ་སྐད་དུ་འདུག་པ། ཉིན་བཞིན་དུ་མེ་འབར་བ། མཚན་བཞིན་དུ་རླུང་འཚུབས་པ། རི་བོ་ཧེ་རུ་ཀ་ཕོ་མོ་ལྟར་བྲོ་ཁྲིག་ཁྲིག་གར་ཁྱུག་ཁྱུག་ཏུ་འདུག་པ། ནང་གི་གནས་ཁང་ལ་ཕོག་པས་གནས་ཁང་དེ་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་པ། ཕྱི་དཀར་བ་ཐབས་ཀྱི་རང་བཞིན། ནང་དམར་བ་ཤེས་རབ་ཀྱི་རང་བཞིན། བར་དུར་ཁྲོད་ཀྱི་རུས་པ་དུམ་བུ། ཤ་རིགས་ཀྱི་ཁྲོག་བྱས་པ། སྟེང་དུ་མི་ལྤགས་ཀྱི་གཡང་གཞིའི་བླ་རེ། མི་རྒྱུ་རློན་པའི་ལྡ་ལྡི། ཚིལ་ཆེན་གྱི་འཕན་གདུགས། ས་གཞི་ཆུ་སེར་དང་ཁྲག་གིས་ཞལ་ཞལ་བྱས་ཤིང་བར་མཚམས་ཐམས་ཅད་དྲི་ཆུའི་ཞལ་བ་དང་། མི་
༢༣༡ ཆེ་ཆུང་སྣ་ཚོགས་ཀྱི་ཀེང་རུས་ཀྱིས་ཀ་གདུང་སྣ་ཚོགས་བྱས་པ། འཇིགས་ཤིང་ཡ་ང་བ། སྟེང་ན་འཇའ་ཚོན་སྣ་ལྔའི་སྤྲིན་འཁྲིགས་པ། བར་ན་མེ་ཏོག་སྣ་ཚོགས་ཀྱི་ཆར་འབབ་པ། ས་གཞི་སྤོས་ཀྱི་དྲི་ངད་དང་ལྡན་པར་བསམ། ནང་ཡོན་བདག་ཕོ་མོ་དང་སྣང་ཞིང་སྲིད་པའི་རིགས་ཐམས་ཅད་ལ་ཕོག་པས། ཕོ་ཐམས་ཅད་རང་བྱུང་གདོད་ནས་དག་པའི་དཔལ་ཧེ་རུ་ཀའི་སྐུ་དང་། མོ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་གདོད་མའི་རང་བྱུང་གི་རྣལ་འབྱོར་མའི་སྐུ་ཡིན་ལ་ཡིན་བཞིན་དུ་མངོན་སུམ་དུ་གནས་པར་བསམ། སྣོད་ཐམས་ཅད་བྷནྡྷ་སྐམ་རློན་དང་རིན་པོ་ཆེའི་སྣོང་སྣ་ཚོགས་སུ་གྱུར་པར་བསམ། བཅུད་ཐམས་ཅད་ཤ་ལྔ་བདུད་རྩི་ལྔ་གཉིས་སྣང་གི་རྟོག་པ་འཇོམས་པའི་རྫས་སུ་གྱུར་པར་བསམ། དེ་བཞིན་མཆོད་རྫས་ཇི་སྙེད་པ་ཐམས་ཅད་རང་བྱུང་བདེ་བ་ཆེན་པོ་མེད་བཞིན་དུ་སྣང་། སྣང་བཞིན་དུ་སྟོང་པ་མགྲོན་རྣམས་ཀྱི་ཚོགས་དྲུག་གི་ཤེས་པ་ལ་འབད་མེད་ལྷུན་གྲུབ་ཏུ་ལོངས་སྤྱོད་པའི་རྫས་སུ་བསམ་ལ་ཕཊ་བྱ་ཞིང་། ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། ཞེས་པ་ནས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། ཞེས་པའི་བར་གྱི་ཚིག་རྣམས་གྱེར་བསྒོམ་བྱའོ། །དེ་བཞིན་དུ་ཤར་ཕྱོགས་རྡོ་རྗེ་མཁའ་འགྲོས་རྡོ་རྗེ་པད་སྣོད། ལྷོ་ཕྱོགས་རིན་ཆེན་མཁའ་འགྲོས་རིན་ཆེན་པད་སྣོད། ནུབ་ཕྱོགས་པདྨ་མཁའ་འགྲོས་པདྨའི་པད་སྣོད། བྱང་ཕྱོགས་ལས་ཀྱི་མཁའ་འགྲོས་རྒྱ་གྲམ་པད་སྣོད་སོགས་ཐོགས་པ་དང་། འཁོར་མཁའ་འགྲོ་གྲངས་མེད་གོང་ལྟར་སྤྱན་དྲངས་ཤིང་ས་གཞི་བྱིན་གྱིས་བརླབས། ཡོན་བདག་སྣོད་བཅུད་མཆོད་རྫས་སོགས་བཤད་མ་ཐག་པ་ལྟར་བྱིན་གྱིས་བརླབས་པར་བྱ་ཞིང་། དེ་ཡང་ཤར་ཕྱོགས་ཐམས་ཅད་གཏུམ་དྲག་དུར་ཁྲོད་བདེ་ཆེན་དཀར་
༢༣༢ མོའ་ཚོགས་ཁང་། ལྷོ་ཕྱོགས་གད་རྒྱངས་སྒྲོག་པའི་དུར་ཁྲོད་སེར་མོ་དོན་གྲུབ་ཀྱི་ཚོགས་ཁང་། ནུབ་ཕྱོགས་པདྨ་འཁྱིལ་པའི་དུར་ཁྲོད་དམར་མོ་སྒྲ་སྒྲོགས་ཀྱི་ཚོགས་ཁང་། བྱང་ཕྱོགས་ཀི་ལ་སྒྲོགས་པའི་དུར་ཁྲོད་སྣ་ཚོགས་མཐར་ཕྱིན་གྱི་ཚོགས་ཁང་དུ་གྱུར་ནས་གོང་ལྟར་བྱིན་གྱིས་བརླབ་བོ། །འདི་རྣམས་རིགས་བཞི་མཁའ་འགྲོ་དང་དོན་གཅིག་ཅིང་བྱིན་འབེབས་ཀྱི་དམིགས་པ་གསལ་བ་ཤིན་ཏུ་གལ་ཆེའོ། །དེ་ནས་ཚོགས་རྫས་བདུད་རྩིས་བྲན་ལ་གཞན་རིག་དང་རང་རིག་བསྲེ་བ། རང་རིག་དང་དབྱིངས་རིག་བསྲེ་བ། ཕུང་པོའ་ཤ་ཁྲག་ཚོགས་སུ་བསྲེ་བ་རྣམས་གཅོད་མཁན་རང་ཉིད་ཀྱི་ཉམས་རྟོགས་དང་བསྟུན་པར་དགོས་ཤིང་། འདིའི་བཤད་སྲོལ་འགའ་ཞིག་སྨྲས་ཀྱང་ཆོག་མོད་ཀྱི་ཡི་གེ་མང་དོགས་ནས་མ་སྤྲོས་སོ། །དེ་ལྟར་ཕུང་པོ་ཚོགས་གཏོར་གཅིག་ཏུ་གྱུར་པའི་ངོ་བོ་ཤ་ཁྲག་ལ་རྣམ་པ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཡར་སྣེ་ༀ་དཀར་པོས་མཚན་པ། ལྟེ་བར་ཨཱཿདམར་པོས་མཚན་པ། མར་སྣེ་ཧཱུྃ་སྔོན་པོས་མཚན་པ་ཉི་མའི་གདན་ལ་ཟུག་པ། ཡར་སྣེ་ཟླ་བའི་དཀྱིལ་འཁོར་གྱིས་བཀབ་པ། ཚོགས་གཞོང་དེ་ཉིད་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་གྱི་ཚད་དང་མཉམ་པར་བསམ། དེ་ནས་ༀ་མ་གཅིག་མ་སོགས་འབྲུ་གསུམ་གྱིས་གསོལ་བ་བཏབ་པས། རང་རྣལ་འབྱོར་མར་གསལ་བའི་དཔྲལ་བ་ནས་འོད་ཟེར་དཀར་པོ་གཅིག་འཕྲོས་མ་གཅིག་གི་དཔྲལ་བའི་ༀ་ལ་ཕོག །ༀ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་ལ་ཕོག །སྐུའི་བྱིན་རླབས་ཐམས་ཅད་བསྡུས་ནས་མ་གཅིག་གི་དཔྲལ་བར་ཐིམ། ༀ་དེ་ལས་འོད་ཟེར་དཀར་པོ་ༀ་གྱི་རྣམ་པར་བྱུང་ནས་རྡོ་རྗེའི་མར་སྣེ་ཟླ་བའི་ཁ་ཆོད་ༀ་ལ་ཕོག །ཨཱཿཡན་ཆད་འོད་དུ་ཞུ། དེ་བཞིན་དུ་
༢༣༣ མགྲིན་པའི་ཨཱཿདང་ཐུགས་ཀའི་ཧཱུྃ་སོགས་གོང་ལྟར་སྤྲོ་བསྡུའི་སྦྱོར་བས་ཉི་ཟླ་རྡོ་རྗེ་ཡི་གེ་རྣམས་འོད་དུ་ཞུ་བས་ཚོགས་གཞོང་དེ་ཉིད་ལྟེམས་སེ་གང་བས་ཟག་མེད་ཚོགས་ཀྱི་འཁོར་ལོ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དཀར་ལ་དམར་བའི་མདངས་ཆགས་པ་ཅུང་ཟད་སྔོ་བའི་འོད་དང་ལྡན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་མེར་གྱིས་གང་བར་བསམ་མོ། །དེ་ནས་བསྟབ་པ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྐུ་དང་བ་སྤུ་ཐམས་ཅད་ལས་མཁའ་འགྲོ་མ་མདོག་སྣ་ཚོགས་པ་ཕྱག་ན་ཐོད་སྣོད་གཡང་གཞི་སོགས་སྣོད་སྣ་ཚོགས་ཐོགས་པ་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་སྤྲོས་ནས་ཚོགས་གཏོར་དེ་ཉིད་བཅུས་ཏེ། རང་རང་གི་དབང་པོ་དང་འཚམས་པའི་ཕྱི་ནང་གསང་བའི་མཆོད་རྫས་དཔག་ཏུ་མེད་པར་གྱུར་ནས་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་མཆོད་པ་དང་། དཀྱིལ་འཁོར་གྱི་གཙོ་བོ་འཁོར་ལོ་བདེ་མཆོག་ལྟ་བུ་ལ་མཐའ་དཔའ་བོ་དཔའ་མོའ་བར་དུ་ཡི་དམ་ལྷ་ཚོགས་རྣམས་ལ་མཆོད་པ་དང་། རྡོ་རྗེ་ཕག་མོ་ནས་རིགས་ལྔའི་ཁོངས་སུ་གཏོགས་པའི་མཁའ་སྤྱོད་ས་སྤྱོད་ས་འོག་ན་སྤྱོད་པའི་མཁའ་འགྲོ་མ་རྣམས་ལ་མཆོད་པ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་དང་ལྷ་མོ་ནས་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་དཀྱིལ་འཁོར་གྱི་མཐའ་སྐྱོང་དྲེགས་ཚོགས་སྤྲིན་བཞིན་གཏིབས་པ་རྣམས་ལ་མཆོད་པ་དང་། རྒྱལ་བ་ཤཱཀྱ་ཐུབ་པ་ནས་དམྱལ་ཁམས་བཅོ་བརྒྱད་ཡན་ཆད་རིགས་དྲུག་གི་ཚོགས་རྣམས་ལ་མཆོད་པ་དང་། སྟོང་གསུམ་གཞི་བདག་ནས་རང་ཉིད་ཉལ་མལ་གྱི་ལྷ་འདྲེ་ཡན་ཆད་ལ་མཆོད་པ་དང་། རིགས་དྲུག་མགྲོན་རིགས་ནས་ཁྱད་པར་ལན་ཆགས་པའི་གཟུགས་ཅན་གཟུགས་མེད་རྣམས་ལ་བསྟབ་པའོ། །ཡང་ནད་པ་སོགས་ལ་སྦར་བསྟབ་བྱེད་པའི་ཚེ། གཡས་ཀྱི་སོར་མོ་ལྔ་མཁའ་འགྲོ་ལྔ།
༢༣༤ གཡོན་གྱི་སོར་མོ་ལྔ་ཤུགས་འགྲོ་ལྔར་བསྐྱེད་ལ་དེ་ལས་སྤྲོས་པའི་མཁའ་འགྲོ་མ་གྲངས་མེད་པས་རང་རང་གིས་ཟ་ཞིང་གཞན་ལ་སྦྱིན་པ་དང་། ནད་པའི་མགོ་ནས་རྐང་པའི་བར་དུ་ཟོས་ནས་ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པར་བསམ། མཐའ་དམར་འགྱེད་ཅུང་ཟད་རེ་དང་། རྗེས་ལ་འཁོར་གསུམ་དམིགས་མེད་དུ་བཞག་སྟེ་དགེ་ཚོགས་རྒྱས་གདབ་བོ། །དེ་ནས་འཁོར་འདས་ཀྱི་མགྲོན་རྣམས་མདོག་མ་སྒྱུར་གཟུགས་མ་རྗེས་རྣམ་པ་མ་བཅོས་པ་རང་སར་སོ་སོར་ཅི་འདོད་དུ་འབུལ་བ་ནི་ཕྱོགས་རིས་མེད་པའི་མཆོད་སྦྱིན་འཁོར་འདས་མཉམ་ཉིད་ཀྱི་སྟོན་མོ་བདག་ཉིད་ཆེན་པོའ་ཚོགས་འཁོར་ཞེས་བྱ་བ་མདོ་ལུགས་ཀྱི་མཆོད་པ་ལས་ཁྱད་པར་འཕགས་ཤིང་། སྔགས་ཀྱི་ཚོགས་འཁོར་དང་ཚུལ་མཚུངས་པ་ཙམ་ལས་ཅི་ལྟ་བ་བཞིན་ཁྱད་པར་མེད་པ་ནི་མ་ཡིན་ཏེ་གང་ཟག་བློ་གྲོས་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཞེས་སྔར་གྱི་གསུང་རྒྱུན་དང་། སྔགས་དངོས་དང་མཚུངས་པ་ནི་ཚོགས་མགྲོན་དེ་རྣམས་ཡེ་གདོད་མ་ནས་ལྷན་སྐྱེས་བདེ་བ་ཆེན་པོའ་ཡེ་ཤེས་རྡོ་རྗེ་འཆང་དངོས་ཡིན་ཀྱང་། ད་ལྟ་གཉིས་སྣང་གློ་བུར་གྱི་འཁྲུལ་པའི་དྲི་མས་དབང་བསྒྱུར་ཞིང་འཁྲུལ་པའི་རང་གཟུགས་སྣ་ཚོགས་སུ་སྣང་ཡང་ཡེ་གདོད་མ་ཉིད་ནས་ཡིད་བཞིན་གྱི་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་གཙོ་འཁོར་སོགས་བརྡ་དོན་རྟགས་ཀྱི་ཡེ་ཤེས་ཀྱི་རང་གཟུགས་བདེ་དགྱེས་གསང་གསུམ། སྒྱུ་ཐོད་གདན་གསུམ་དུས་ཀྱི་འཁོར་ལོ་བཀའ་བརྒྱད་དགོངས་འདུས་སོགས་དཔལ་ཧེ་རུ་ཀ་ཡིན་ལ་ཡིན་བཞིན་དུ་དེའི་སྐུ་བསྒོམ་པ་དང་། ཚོགས་འཁོར་མཆོད་རྫས་རྣམས་ཤ་ལྔ་བདུད་རྩི་ལྔ་སོགས་ཕྱི་ནང་སྣོད་བཅུད་ཐམས་ཅད་གདོད་མའི་བདེ་བ་ཆེན་པོའ་དཀྱིལ་འཁོར་དུ་བསྒོམ་པ་འདི་ནི། བླ་མེད་སྔགས་ཀྱི་ཚོགས་འཁོར་དངོས་ཡིན་ཅིངཞིང་ཐུན་མོང་གི་མཆོད་པ་གཞན་ལས་ཁྱད་པར་དུ་
༢༣༥ འཕགས་པའོ། །དེ་ལྟར་གང་ལ་གང་འདོད་ཅི་ལ་ཅི་དགྱེས་ཀྱི་ཚོགས་འཁོར་ཕུལ་བའི་ཚེ་ཕྱི་ཡི་ཚོགས་རང་རང་གི་ཞིང་ཁམས་ཕོ་བྲང་བཞུགས་གནས་གོས་རྒྱན་ཡོ་བྱད་དང་། ནང་གི་ཚོགས་བཟའ་བཏུང་གི་རིགས་ལུས་འཚོ་བར་བྱེད་པའི་རྫས། གསང་བའི་ཚོགས་ཕོ་མོ་སྙོམས་འཇུག་གི་བདེ་བ་དགའ་བ་སྐྱེད་པར་བྱེད་པ། དེ་ཁོ་ན་ཉིད་ཀྱི་ཚོགས་གཉིས་སྣང་འཁྲུལ་པའི་དྲི་མ་རང་སར་དག་ནས་གཉིས་མེད་བདེ་བ་ཆེན་པོ་རང་རིག་འོད་གསལ་དུ་གནས་པ་དེ་རྣམས་ལ་ལོངས་སྤྱོད་པའོ། །རྗེ་དྲུང་པ་རིན་པོ་ཆེ་ནས། ཕྱི་བདག་པོས་ཡོངས་སུ་མ་བཟུང་བའི་དངོས་པོ་འབྱོར་ཚད་སོགས་དང་། ནང་ཁ་རྗེ་ཆུས་སྲིད་སོགས་དང་། གསང་བ་ཡབ་ཡུམ་སྙོམས་འཇུག་སོགས་དང་། དེ་ཁོ་ན་ཉིད་འཁོར་གསུམ་དམིགས་མེད་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ཞེས་གསུངས་པ་དང་དོན་གཅིག་ཅིང་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ་སོགས་ཤ་སྣ་ཁྲག་སྣ་ཆང་སྣ་འབྲུ་སྣ་སོགས་རྫས་ཐམས་ཅད་གཅིག་ཏུ་ཚོགས་པར་བསགས་ནས་བྱིན་གྱིས་བརླབས་ཏེ། འཇིག་རྟེན་གྱི་ཁམས་ན་རིན་ཐང་དང་བྲལ་བའི་རྫས་ཁྱད་པར་ཅན་དེ་འཁོར་འདས་ཀྱི་མགྲོན་རིགས་ཐམས་ཅད་ལ་སྤེལ་བས་གོང་མ་ས་ལམ་ལ་གནས་པ་རྣམས་ཀྱང་ཡེ་ཤེས་གོང་ནས་གོང་དུ་འཕེལ་བ་དང་། དམ་ཚིག་ལ་གནས་པ་རྣམས་ཀྱང་ཐེ་ཚོམ་མེད་པར་རོལ་པས་བཟང་ངན་གཙང་བཅོག་སོགས་སྣང་གྲགས་ཀྱི་དངོས་པོ་ཀུན་བརྟགས་དང་། དེ་ལ་མངོན་པར་ཞེན་པའི་བདེ་སྡུག་འཁོར་འདས་སུ་འཛིན་པའི་གཞན་དབང་གི་དྲི་མ་ཐམས་ཅད་དག་ནས་གདོད་མའི་ཡོངས་གྲུབ་ཟུང་འཇུག་བདེ་བ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་བྱེད་པ་ནི་བླ་མེད་ཚོགས་ཀྱི་འཁོར་ལོའ་དགོངས་པ་ཡིན་པས་གོ་ཉམས་རྟོགས་གསུམ་གྱིས་འདི་ལ་ནན་ཏན་དུ་བྱའོ། །དེ་ནས་ཚོགས་ཀྱིས་ཕུག་གཏོར་
༢༣༦ གསོས་ལ་བདུད་རྩི་བྲན་ཞིང་རྒྱས་པར་ན་གསང་སྔགས་ནང་གཏོར་རམ་ཚོགས་གཞུང་གི་ཕྱི་སྣོད་འཇིག་རྟེན་སོགས་དང་། ཤིན་ཏུ་བསྡུ་ན། ཕྱི་སྣོད་འཇིག་རྟེན་ཉུང་བས་ཀྱང་ཆོག་གོ །དེ་ནས་བསྐང་གཏོར་བདུད་རྩིས་བྲན་ལ་བསྐང་བསྐྱེད་དམིགས་པ་འདོན་བསྒོམ་བཞིན་བྱས་ལ་འོག་མིན་ལ་སོགས་གཅོད་བསྐང་རྣམས་གང་མོས་བཏང་ངོ་། །མཐར་དཔོན་སློབ་རྣམས་ཚོགས་ལ་རོལ་ཞིང་ལྷག་མ་བསྡུ་ནས་བཏེགས་ལ་བདུད་རྩིས་བྲན་ཞིང་། དམིགས་པ་ནི་རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཀ་ནས་ཀེང་རུས་ཀྱི་མཁའ་འགྲོ་མ་བཞིའམ་ཡང་ན་གཅིག་སྟེ་ཕྱི་ན་ཤ་དང་པགས་པ་མེད་པ། ནང་ན་ཁྲག་དང་དོན་སྙིང་མེད་པ་སྐྱ་ཟིང་ངེར་འདུག་པ་གཅིག་གིས་ཕྱག་ན་བྷནྡྷའི་སྣོད་སྟོང་གསུམ་གྱི་ཚད་དང་མཉམ་པའི་ནང་དུ་ལྷག་མའི་གཏོར་མ་ཤ་ཁྲག་གི་རྒྱ་མཚོ་བཟང་ཞིང་རྒྱ་ཆེ་ལ་ཟད་མི་ཤེས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཐོགས་ནས་འཇིག་རྟེན་ལས་འདས་ཀྱང་མ་འདས་པའི་ཚུལ་བཟུང་བའི་རིགས་ལྔ་མཁའ་འགྲོ་དཀར་སེར་དམར་ལྗང་མཐིང་ནག་གི་རལ་པ་ཅན། དེའི་འཁོར་དུ་གཏོགས་པའི་བསམ་པ་ཙམ་གྱིས་གང་འདོད་ཀྱི་གནས་སུ་ཕྱིན་པའི་ནམ་མཁའི་ལུས་ཅན་ལྟ་བུའི་མཁའ་འགྲོ་མ་རྣམས་དང་། གར་འདོད་ཀྱི་གནས་སུ་བྱ་རྒོད་པོ་གནམ་འཕང་བཅད་ནས་ཤུགས་ཀྱིས་འགྲོ་བ་ལྟ་བུའི་ཤུགས་འགྲོ་མ་རྣམས་དང་། གཞན་ཡང་ལྷག་མ་ལ་དབང་བའི་དབང་ཕྱུག་ཉེར་བརྒྱད། ཞིང་སྐྱོང་གི་དཔའ་བོ་མཁའ་འགྲོ་དྲེགས་པའི་སྡེ་དཔོན་ཕྱི་འབྲང་གི་འདྲེ་འཚུབས་སྤྲིན་བཞིན་དུ་གཏིབས་པ་དང་། གོང་མའི་སྟོན་མོ་མ་ཐོབ་པའི་ཁས་ཉན་དབང་ཆུང་སོགས་མདོར་ན་ལྷག་མ་ལ་དབང་བ་རྣམས་ལ་བྱིན་པས་སོ་སོས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བར་བསམ་ལ་ཕྱི་རོལ་དུ་དོར། འདིར་ལྷག་གཏོར་ནི་གཅོད་ཚོགས་གཞུང་བསྲང་མཁན་ཐམས་ཅད་ལ་དགོས་པའི་
༢༣༧ ངེས་པ་མེད་ཀྱང་གྲུབ་ཆེན་རྨ་སེ་རིན་པོ་ཆེའི་ཕྱག་ལེན་བརྒྱུད་འཛིན་རྣམས་ལ་རྗེས་སུ་གདམས་པར་མཛད་པས་རྡོ་རྗེ་ཕག་མོ་དང་དབྱིངས་ཀྱི་མཁའ་འགྲོ་གནས་མཆོག་ཉེར་བཞི་ལ་སོགས་ལྷག་གཏོར་བདུན་པོ་རྣམས་འདིར་མཛད་པ་ཡིན་ནོ། །དེ་ནས་གཅོད་ཀྱི་གཏོར་འབུལ་ནི། ཚོགས་ལྷག་གཏོར་མ་བདུད་རྩིའི་རྒྱ་མཚོ་མཁོ་དགུའི་ལོངས་སྤྱོད་དུ་བསམ་ལ། འཇིག་རྟེན་གྱི་མཁའ་འགྲོ་སྡེ་ལྔ། སྦྱང་ཞོན་མཆེད་གསུམ། མཚན་མོ་སྒྲ་སྒྲོག །ཡར་ལྷ་ཤམ་པོ། ཟངས་རི་བཙན་རྒོད་ལ་སོགས་མ་གཅིག་གི་བཀའ་སྲུང་རྣམས་སྤྱན་དྲངས་ཏེ་གཏོར་མ་བཞེས་ནས་ཕྲིན་ལས་ཐམས་ཅད་བསྒྲུབ་པར་བསམ་ལ། ཀྱེ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ་སོགས་ནས། ལན་ཆགས་ཤ་མཁོན་བྱང་གྱུར་ཅིག །བར་བརྗོད་ལ་ཕྱི་རོལ་ཏུ་དོར། དྲག་ལས་ཀྱི་སྐབས་འགར་རྟ་བྲོ་ཡང་འདིར་བྱེད་སྲོལ་སྣང་ཡང་ཚོགས་ལས་སྐབས་སུ་མི་དགོས་སོ། །དེ་ནས་མཆོད་གཏོར་རྣམས་ཁ་གསོས་ལ། ༀ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཨརྒྷཾ་སོགས་དང་། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་སོགས་ཀྱིས་མཆོད་ཅིང་། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད། མ་འབྱོར་པབ་སོགས་ནས། ཆོས་སྐུ་ཡུམ་ཆེན་མོའ་ཆོ་ག་ལ་སོགས་ཀྱི་མཐར། ན་མོ་གུ་རུ་བདེ་བ་ལེགས་པ་སོགས་ནས། མི་ལྡོག་བདེ་ཆེན་གྱི་ས་ལ་འགོད་གྱུར་ཅིག །ཅེས་པའི་བར་བརྗོད། ཡིག་བརྒྱ་ལན་གསུམ། དེ་ནས་རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའི་ཡུམ་ཆེན་མོ་ལ་ཕོག །ཡུམ་ཆེན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནམ་མཁའི་ལྷ་ཚོགས་རྣམས་ལ་ཕོག་པས་ཡེ་ཤེས་པ་རྣམས་རང་གནས་སུ་གཤེགས་པར་བསམ། ༀ་ཁྱེད་ཀྱི་སེམས་ཅན་དོན་ཀུན་
༢༣༨ སོགས་ཤློ་ཀ་དང་། བཛྲ་མུཿའི་མཐར་ཕཊ་ཀྱིས་མཚམས་སྦྱར་ཞིང་། དམ་ཚིག་པ་གཡས་ཀྱི་བྱང་སེམས་རྣམས་རྒྱབ་ཀྱི་དམ་ཆོས་ལ་ཐིམ། དམ་ཆོས་གཡོན་གྱི་ཉན་ཐོས་ལ་ཐིམ། ཉན་ཐོས་ཕྱོགས་བཅུའི་སངས་རྒྱས་ལ་ཐིམ། དེ་དག་འདས་མ་འོངས་ད་ལྟའི་སངས་རྒྱས་ལ་ཐིམ། སངས་རྒྱས་གསུམ་ཡང་ཡུམ་ཆེན་མོ་ལ་ཐིམ། སྟེང་བཀའ་བརྒྱུད་བླ་མ། བར་ཡི་དམ་ལྷ་ཚོགས། དེ་ཐམས་ཅད་ཀྱང་ཡུམ་ཆེན་མོ་ལ། ཡུམ་ཆེན་མོའང་མདུན་གྱི་མ་གཅིག་ལ་ཐིམ། གཞན་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་མ་གཅིག་ལ་ཐིམ། མ་གཅིག་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དྲིན་ཆེན་རྩ་བའི་བླ་མ་དང་དབྱེར་མི་ཕྱེད་པར་རང་གི་སྤྱི་བོའ་མདའ་གང་ཙམ་དུ་བཞུགས་པར་བསམ་ལ། ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་ཐུགས་ཀྱི་སྲས། སོགས་དང་། ཤར་ནས་གོམ་གསུམ་བྱོན་ཙ་ན། སོགས་ནས། དབུས་ཀྱི་མཐར་འཕེལ་བ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། ཞེས་པ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་མ་གཅིག་ལ་འཕྲོས་པས་འོད་དུ་ཞུ། འོད་ཟེར་ངང་པའི་སྒོ་ང་ཙམ་དུ་གྱུར་པ་རང་གི་སྤྱི་བོ་ནས་མར་བྱོན་པས་ཕོ་ཐམས་ཅད་སྤྱན་རས་གཟིགས་མོ་ཐམས་ཅད་འཕགས་མ་སྒྲོལ་མའི་སྐུར་གྱུར་པར་བསམ་ལ། ཡིག་དྲུག་མང་དུ་བཟླས་ལ་ཕཊ་བྱས་པས་མགྲོན་རྣམས་ཞི་དུལ་དགའ་མགུ་ཡི་རངས་དང་ལྡན་པའི་སྒོ་ནས་རང་གནས་སུ་སོང་བར་བསམ་ཞིང་རང་ཡང་གོང་གི་མཁའ་འགྲོ་དཀར་མོར་བསྒྱུར་ནས་སྤྱོད་ལམ་ལ་འཇུག་ཅིང་སྟོང་ཉིད་ནམ་མཁའི་དཀྱིལ་ལྟར་བཞག་པར་བྱའོ། །ཡང་ལུགས་གཅིག་ལ་གོང་གི་མ་གཅིག་སྤྱི་བོར་བསྒོམ་སྐབས་སུ་དབུས་མཐིང་ག །ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུ་སྟེ་རིགས་ལྔར་བསམ་ནས་གསོལ་འདེབས་མཐར་བཞི་ཀ་དབུས་ཀྱི་གཙོ་མོར་ཐིམ་པར་བསྒོམ་པའང་ཡོད།
༢༣༩ དེའང་རྒྱུན་མར་གྱི་ཉམས་ལེན་དུ་ལེགས་ཤིང་ཚོགས་ལས་དང་འབྲེལ་བའམ། གཞན་གྱི་སྲུང་འཁོར་སོགས་ཀྱི་སྐབས་སུ་བབ་ན་པདྨ་ཁ་ཟླུམ་གྱི་མན་ངག་བྱ་བ་ལ་གཉིས་ཏེ། དང་པོ་ཞི་ཟླུམ་ནི། དེའང་གོང་གི་གསོལ་འདེབས་ཀྱི་མཐར་མ་གཅིག་འོད་དུ་ཞུ་བ་དང་། སྔར་གྱི་གསུང་རྒྱུན་ལ་མ་གཅིག་སྐུ་ཤིན་ཏུ་ཆུང་བ་ཞལ་ཕྱག་རྒྱན་ཆ་ལུགས་སོགས་རྣམ་པར་བཀྲ་བ་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་ཞིག་ཏུ་གྱུར་ནས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་དབུ་མའི་ལམ་ནས་མར་བབ་སྟེ་སྙིང་པདྨ་དཀར་པོ་འདབ་མ་བརྒྱད་པར་ཟེའུ་འབྲུ་འོད་ཟེར་ཁ་དོག་ལྔ་འཕྲོ་བའི་དབུས་སུ་ཞབས་སྐྱིལ་ཀྲུང་གིས་བཞུགས་པར་བསམ་ལ། ཕྱོགས་མཚམས་ཀྱི་པད་འདབ་རྣམས་མེ་ཏོག་ཁ་ཟུམ་པ་ལྟར་རམ། ཀྱེ་རྡོར་བུམ་སྐུ་ལྟ་བུར་བསྒོམ་པ་ནི་པདྨ་ཞི་ཟླུམ་ཡིན་ལ། དྲག་ཟླུམ་ནི། གོང་གི་པདྨ་དེ་དོར་ནས་རང་གི་སྙིང་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གུར་ཐབས་སུ་གནས་པའི་དབུས་སུ་དགྲ་བགེགས་ཀྱི་བླ་སྲོག་རྣམ་པར་ཤེས་པའི་ངོ་བོ་དང་། རང་གཞན་གྱི་རིག་པའི་ངོ་བོ་གཅིག་ཏུ་བསྲེས་ལ་དེ་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་མི་བཏང་ཨང་སྙམས་པ་ནི་པདྨ་དྲག་ཟླུམ་ཞེས་བྱའོ། །འདི་སྐབས་སུ་གོང་གི་སྐུ་དེ་མི་བྱ་བར་ཐིག་ལེ་བྱ་བར་བཞེད་དོ། །དེ་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བྱའོ། །དེས་ནི་ཚོགས་གཞུང་དང་ལུས་སྦྱིན་སོགས་ཀྱི་དམིགས་ཟིན་དྲུང་རིན་པོ་ཆེའི་དགོངས་བཞེད་ཀྱི་ཞལ་རྒྱུན་བརྗོད་ཟིན་ལ། གཉིས་པ་ལུས་སྦྱིན་དང་དྲག་ལས་སོགས་ཀྱི་སྐབས་དབང་སྡུད་དྲག་པོ་དང་དམར་འགྱེད་ཀྱི་རིམ་པ་ནི། བསྲེ་བ་སྐོར་གསུམ་བྱས་མཐར་རྣམ་ཤེས་ཧཱུྃ་ཡིག་མཐིང་ནག་ཏུ་བསྒྱུར་ཏེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་བདག་ཉིད་དུར་ཁྲོད་བདག་མོ་ཁྲོས་མ་ནག་མོ་སོགས་གཞུང་ལྟར་འདོན་བསྒོམ་བྱེད་ཅིང་སྐུ་ཆེ་བའི་ཚད་ནི་དབུ་སུམ་ཅུ་རྩ་གསུམ་
༢༤༠ ལྷའི་གནས་སུ་སླེབས་པ་སོགས། དེ་བཞིན་དུ་སྐུ་སྟོང་ཀྱིསགིས་ལྷ་ཁམས་དབང་དུ་སྡུད་པ་སོགས་ཆེ་བའི་ང་རྒྱལ་བསྐྱེད་ལ། སྡུད་བྱེད་ལས་ཀྱི་ཕོ་ཉ་དེའི་ཐུགས་ཀ་ནས་སྤྲུལ་པའི་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་མ་དཀར་མོ་སོགས་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡོངས་སུ་གསལ་བར་གྱུར་པར་འདོན་བསྒོམ་བྱ་ཞིང་བདེན་སྟོབས་བརྗོད་ལ། བསྡུ་བར་བྱ་བའི་གདོན་ནི་བདག་འཛིན་རྣམ་པར་རྟོག་པའི་དགྲ་བོ་སོགས་ནས་གདོན་སྣ་འདྲེན་དང་བཅས་པའི་བར་གྱི་གདོན་ཐམས་ཅད་སྟེང་འོག་ཕྱོགས་མཚམས་ཀུན་ནས་ལྕགས་ཀྱུས་བཟུང་། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་ལུས་སེམས་མྱོས་པར་བྱས། གཞན་ཁྲོས་མ་རྣམས་ཀྱིས་གཡས་མི་ལྤགས་ཀྱི་གཡང་གཞིས་བྲབ། གཡོན་མི་རྐང་གླིང་བུ་དྲག་ཏུ་བུས་པས་བསྔངས་ཤིང་འདར་རང་དབང་མེད་པར་རླུང་ཆེན་གྱིས་སྦུར་མ་བསྡུས་པ་བཞིན་དུ་རང་གི་མདུན་དུ་བཀུག་ལ། སྔར་གྱི་བེམ་པོ་དེ་ཉིད་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་ཆེན་པོར་བསམ་ལ། གདོན་དེ་རྣམས་ཀྱིས་ཤ་ཐམས་ཅད་སྟག་དར་མས་ཤ་ལ་རོལ་པ་ལྟར། ཁྲག་ཐམས་ཅད་བེའུ་རྐན་དྲག་གིས་ནུ་མ་ནུ་བ་ལྟ་བུ། རུས་པ་ཐམས་ཅད་སོ་རྣོན་གྱིས་ཡོས་འཆོས་པ་ལྟ་བུ། པགས་པ་ཐམས་ཅད་ཅི་ལྟར་འཚམས་པ་བཞིན་དུ་གྱོན་ནས་དགའ་མགུ་ཡི་རངས་དང་ལྡན་པར་བསམ་ཞིང་། ཀྱེ་འདུས་ཤིག་སོགས་འདོན་བསྒོམ་བྱའོ། །ཡང་འདི་སྐབས་དམར་འགྱེད་སྣ་ཚོགས་འདོད་ན་འོག་ཏུ་གསལ་ལྟར་ལ། དེ་ནས་རང་ཉིད་ཁྲོས་མར་གསལ་བའི་མདུན་དུ་རང་ལ་བྱང་གཏད་སོགས་བསམ་ངན་འཆང་བའི་བནྡེ་བོན་པོ་སྔགས་པ་གཅོད་མཁན་སོགས་རང་རང་གི་གོས་རྒྱན་དང་བཅས་པ་ལག་ན་ཐུན་ཟོར་སོགས་འབྱུང་བཞི་གང་ལ་བཅོལ་བའི་ལག་ཆ་
༢༤༡ ཐོགས་པ་རྦད་རྒྱུའི་ལྷ་སྲུང་དང་བཅས་པ། རྔམ་རྔམ་རྫིགས་རྫིགས་ཀྱི་ཚུལ་དུ་གསལ་བར་བསྐྱེད། དེའི་གཡས་སུ་ཕོ་གདོན་རྒྱལ་པོ་བནྡེ་དང་མི་དཔོན་གྱི་གཟུགས་ཅན་ལ་རྒྱལ་འགོང་སེར་གཟུགས་ཧོར་འདྲ་ལྟ་བུའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། གཡོན་དུ་འདྲེ་མོའ་གཙོ་མོ་ནམ་གྲུ་མ་གཡུའི་རལ་པ་གསེར་གྱི་སྨིན་མ་དུང་གི་མཆེ་བ་ཅན་ལ་མཛེས་ཤིང་ཡིད་འཕྲོག་པར་བྱེད་པའི་བུད་མེད་གཞོན་ནུ་མ་ལྟ་བུ་དང་། བསེན་མོ་སྒ་བཤའ་ཤ་རིད་མི་སྡུག་གཟུགས་ཅན་ལ། རེ་གོས་མི་ལྤགས་སོགས་གྱོན་པའི་འདྲེ་མོའ་ཚོགས་ཆེན་པོས་བསྐོར་བ། མདུན་དུ་ས་བདག་གི་རྒྱལ་པོ་སྦལ་ནག་མགོ་དགུ་པ་ལ་ས་བདག་རྗེ་བློན་བཅུ་བདུན་སོགས་ས་བདག་གཞི་བདག་གི་དམག་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་དགེ་བསྙེན་ཉའི་མགོ་ཅན་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་ལ། རང་འདྲའི་འཁོར་དུ་མ་དང་བཅས་པ་ལ་གཞན་ཡང་མ་ངེས་པའི་མགོ་བརྙན་ཅན་དུ་མས་བསྐོར་བ། བྱད་མའི་འོག་ཏུ་ཀླུ་བདུད་སྤྲུལ་མགོ་དགུ་པ་གཡས་སྤྲུལ་ཞགས་དང་། གཡོན་ནད་རྐྱལ་ཐོགས་པ་སྐུ་སྨད་སྦྲུལ་ནག་ཏུ་འཁྱིལ་བ་ལ། འཁོར་དུ་ཀླུ་བདུད་ནག་པོ་དེ་འདྲ་བ་དང་གཞན་ཡང་མ་ངེས་པའི་གཟུགས་ཅན་སྣ་ཚོགས་ཀྱིས་བསྐོར་ནས། རྒྱ་མཚོའ་ཁར་སྤྲིན་དང་ན་བུན་གྱི་ནང་དུ་གནས་པར་བསྒོམ། བྱད་མའི་སྟེང་གི་ནམ་མཁར་སྤྲིན་ནག་འཇའ་འོད་འཁྲུགས་པའི་དབུས་སུ་གཟའ་བདུད་རཱ་ཧུ་ལ་མཐིང་ནག་མངོན་རྟོགས་དང་མཚུངས་པ་ལ་གཟའ་དང་རྒྱུ་སྐར་གྱི་དམག་ཚོགས་ཀྱིས་བསྐོར་བ། དེ་རྣམས་ཀྱི་གཡས་གཡོན་མདུན་རྒྱབ་རྣམས་སུ་བདུད་མི་ནག་རྟ་ནག་ཅན་གྱི་དམག་ཚོགས་དཔག་ཏུ་མེད་པ། དེ་བཞིན་དུ་བཙན་མི་དམར་རྟ་དམར་རྐྱ་རྐང་སྣ་ཚོགས་པ་བྱ་དམར་ཁྱི་དམར་དང་བཅས་པ། དརདམ་སྲི་ཕོ་མོའ་ངོ་བོ་སྐྱེས་པ་བུད་མེད་གཞོན་མཛེས་
༢༤༢ དང་མི་སྡུག་པའི་གཟུགས་སྣ་ཚོགས་ཐོགས་པ། ཆུང་སྲི་བྱིས་པ་ཕོ་ཐེར་ཅན་གྱི་རྣམ་པ། དམ་སྲི་བནྡེ་སྔགས་པ་གཅོད་པའི་རྣམ་པ་ཅན་གྱི་ཚོགས་དང་། ཐེའུ་རང་ཕོ་མོ་ནི་རྐང་པ་གཅིག་པ་དང་བྱིས་པ་ར་སླག་ཅན་དང་ར་ཞོན་སོགས་ཀྱི་རྣམ་པ་ཅན་དང་། གཞན་ཡང་སྣང་ཞིང་སྲིད་པས་བསྡུས་པའི་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་རང་གཟུགས་ལྷ་འདྲེ་མདོག་དབྱིབས་རྒྱན་ཆ། ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་འཁོར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་འཇིག་རྟེན་གྱི་ཁམས་གང་བ་ཙམ་དུ་བསྐྱེད་ལ། གོང་ལྟར་རང་ཉིད་ཁྲོས་མའི་ང་རྒྱལ་གྱིས་བདེན་སྟོབས་བརྗོད་ཅིང་། གདོན་དེ་རྣམས་གོང་ལྟར་བཀུག་ལ་གཟུགས་དེ་རྣམས་ལ་བསྟིམ་མོ། །དེ་ནས་བེམ་པོ་སྟོང་གསུམ་གྱི་ཚད་དང་མཉམ་པ་དེ་རང་ཉིད་ཁྲོས་མའམ་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ང་རྒྱལ་གྱིས་རྐང་པ་ནས་བཟུང་སྟེ་གདོན་དེ་རྣམས་ཀྱི་ཁར་གཡུགས་པས་ཤ་ཁྲག་རུས་གསུམ་སྐྱིན་འདོད་དྲག་ཏུ་བབས་པ་ལྟར་གྱུར་ནས་གདོན་རང་རང་སོ་སོས་ཟ་ཞིང་དགའ་མགུ་ཡི་རངས་དང་ལྡན་པར་བསམ་ལ། ཧཱུྃ། མ་བན་ཆེན་སོགས་བྱ། ཡང་ན་རྡེབ་པ་མ་དང་ཁྲོ་ཆུ་ཞིང་ལྤགས་དང་གཟན་འགྱེད་མ་སོགས་བྱས་ཀྱང་ལེགས་ཤིང་ཆང་བུ་དང་། ཁྲུས་ཆུ་གཏོར་བའི་ཚེ་རོ་འགྱེད་མ་ཕྱག་ལེན་མཛད་པ་ཡིན་ནོ། །ཡང་འདི་སྐབས་དང་གོང་གི་ཤ་ཟ་འདུས་སོགས་ཀྱི་སྐབས་སུ་ནད་པ་ལ་སྔར་བསྟབ་བྱེད་པའི་ཚེ་གཡས་ཀྱི་སོར་མོ་ལྔ་ལྕགས་ཀྱི་སྤྱང་ཀི་ལྔ་དང་། གཡོན་གྱི་སོར་མོ་ལྔ་ཟངས་ཀྱི་འཕར་བ་ལྔར་གྱུར་ཅིང་དེ་ལས་དེ་འདྲ་གྲངས་མེད་སྤྲུལ་ནས་རང་གིས་ཟ་ཞིང་གཞན་ལ་བཀྱེ་བའང་བྱའོ། །ཡང་རང་ལ་གང་གནོད་ཀྱི་གདོན་ལ་གྲངས་མང་དུ་གསོག་ཀྱང་རུང་ངོ་། །དེ་མཐར་ཤ་ཁྲག་རུས་གསུམ་གདོན་དེ་རྣམས་ཀྱིས་ཤ་ཟན་གྱི་ཅབ་སྒྲ་དི་རི་རི། ཁྲག་འཐུང་གི་རྔུབ་སྒྲ་ཀྱུ་རུ་རུ། རུས་མུར་གྱི་
༢༤༣ ལྷ་བ་ལྗིབས་སེ་ལྗིབ་སོགས་གཞུང་ལྟར་དམིགས་པ་གསལ་བཞིན་པའི་འདོན་བསྒོམ་བྱའོ། །དེ་ནས་སྔར་ཚོགས་གཞུང་གི་སྐབས་སུ་བཤད་མ་ཐག་པ་ལྟར། དེ་ལྟར་ཐུགས་ཀ་ནས་ལས་བྱེད་ཀྱི་ཀེང་རུས་སྤྲོ་བ་སོགས་ལྷག་མའི་དམིགས་པའི་མཐར། སྲིད་གསུམ་བྷནྡྷ་སོགས་འདོན་བསྒོམ་དང་། ཐམས་ཅད་ནམ་མཁའ་མཛོད་སོགས་དང་། གཅོད་ཡུལ་ཉམས་སུ་ལེན་པའི་སོགས་ཀྱིས་བསྔོ་སྨོན་དང་། གཅོད་དོན་རྒྱུད་ལ་འབྱོར་བའི་དོན་དྲན་པར་བྱས་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །དེ་ནས་ཚོགས་གཞུང་གི་སྐབས་ལྟར་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ་བ་པདྨ་ཞི་ཟླུམ་དྲག་ཟླུམ་གང་འདོད་དང་། མགྲོན་གཤེགས་པ། མཐར་སྟོང་ཉིད་ངང་ལ་བཞག་པ་སོགས་གོང་ལྟར་བྱའོ། །ད་ནི་གོང་དུ་སྨོས་པའི་ཁ་སྐོང་གི་རིམ་པ་རྣམས་ལ། སྔར་གྱི་ཞལ་རྒྱུན་རྙིང་པ་གོང་དུ་མ་འཐུས་པ་རྣམས་འདིར་ཅུང་ཟད་སྤྲོ་བ་ནི། དམར་འགྱེད་སྐབས་སུ་བེམ་རིག་ཕྲལ་བའི་བེམ་པོ་དེ་ལུས་ཆེ་བ་ཚོ་བ་དཀར་ལ་སྣུམ་པ་སྙི་ལ་འབོལ་བ་སྤྲོ་ལ་ཞིམ་པ། གཞོན་ཤ་རྒྱས་ཤིང་བཀྲག་མདངས་དང་ལྡན་པ། ལྟ་ན་སྡུག་པ། མཛེས་ཤིང་ཡིད་དུ་འོང་བ། དྲི་ངད་བཟང་པོ་སྣ་ཚོགས་བྲོ་བ། བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་སེལ་ནུས་པའི་རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་སྟོང་གསུམ་ཁྱབ་པར་དམིགས་ལ། ལན་ཆགས་ཀྱི་བདག་པོ་ལ་སོགས་པའི་ལྷ་འདྲེ་རྣམས་ཀྱིས་ཧབ་སྒྲ་དི་རི་རི་གཅན་གཟན་ཤ་ལ་རུབས་པ་བཞིན་རོལ་པར་བསམ་སྟེ། དཔེར་ན་རྟ་རོ་ལུང་སྟོང་དུ་བསྐྱུར་བ་བྱ་རྒོད་ཀྱི་ཟོས་པ་ལྟ་བུར་བསམ་པ་ནི་བེམ་བསྐྱུར་མ་དང་། ཡང་བེམ་པོ་དེ་རང་ཉིད་རྡོ་རྗེ་རྣལ་འབྱོར་མས་སྟོད་སྨད་དུམ་བུ་བཞིར་བཅད་ནས་ཕྱོགས་བཞིར་འཕངས་པས་ཕྱོགས་མཚམས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱི་ཧབ་
༢༤༤ ཐོབ་ཏུ་ཟོས་པར་བསམ་པ་ནི་གླིང་བཞི་མ་དང་། ཡང་བེམ་པོ་དེ་རང་ཉིད་རྗེ་བཙུན་མའི་ཕྱག་གི་གྲི་གུག་གིས་བཤས་གཏུབ་བྱས་པས་ཁྲག་རྣམས་རྒྱ་མཚོ་ཆེན་པོར་གྱུར་པའི་ནང་དུ་རུས་པའི་ཚོགས་རྣམས་གཙང་ཕུར་བཙུག་པ་ལྟར་གྱུར་པའི་རྩེ་མོར་ཤ་རྣམས་བ་དན་ནམ། འཕན་དར་ཕྱར་བ་ལྟར་གྱུར་པ་ལས་ཤ་ཁྲག་རུས་གསུམ་གྱི་རྒྱུན་ཆེན་པོ་བབས་པས་གདོན་རྣམས་ཀྱིས་འཁོར་བ་ཇི་སྲིད་བར་དུ་ལོངས་སྤྱོད་པར་བསམ་པ་ནི་བ་དན་མ་དང་། ཡང་ཁྲོས་མའམ་རྡོ་རྗེ་རྣལ་འབྱོར་མས་བེམ་པོའ་རྐང་པ་ནས་བཟུང་སྟེ་གདོན་རྣམས་ཀྱི་ནམ་མཁར་གཡུགས་པས་ཉ་རོ་ཚོས་པ་སྤྲུག་པ་ལྟར་ཤ་ཁྲག་རུས་གསུམ་བར་མཚམས་མེད་པར་རྒྱ་ཆེ་རྒྱུན་མི་འཆད་དུ་བབས་པ་ལྷ་འདྲེ་རྣམས་ཀྱི་ཁར་སོང་བས་གང་ལ་གང་འདོད་ཀྱི་ལོངས་སྤྱོད་པ་ནི་རུས་སྤྲུགས་མ་དང་། ཡང་བེམ་པོ་དེ་ལས་རོ་སྐམ་རློན་རྙིད་པ་བྱིས་པ་དར་མ་རྒན་པོ་སོགས་ཀྱི་རོ་ཡི་ཚོགས་རབ་འབྱམས་རྒྱ་མཚོའ་རྡུལ་གྱི་གྲངས་དང་མཉམ་པར་སྤྲོས་ནས་ཡུལ་ཡུལ་ཅན་ལྟར་སྣང་བའི་གནས་རྣམས་ཁེངས་ནས། མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་གདོན་དེ་རྣམས་ལ་བཀྱེས་པས་ཟ་ཞིང་ཚིམ་པར་བསམ་པ་ནི་རོ་འགྱེད་མ་དང་། ཡང་ཁྲོས་མའམ་རྡོ་རྗེ་རྣལ་འབྱོར་མས་བེམ་པོའ་རྐང་པ་གཉིས་ནས་བཟུང་སྟེ་ནམ་མཁའི་དབྱིངས་སུ་ཁྱེར་ཏེ། ལྷ་འདྲེ་དཔག་ཏུ་མེད་པ་རྣམས་འོག་ནས་ཁ་ཡར་ཟེད་དེ་དཔེར་ན་ནས་བརྔས་པའི་སོག་དེ་བྲག་ལྟ་བུ་ཁ་ནག་སག་སག་བྱེད་པ་དེ་རྣམས་ཀྱི་ཁར་བྱིན་བར་དམིགས་ལ་བརྡེབ། ཡང་ན་མདུན་ཏུ་བེམ་པོའ་མགོ་བོ་ཆད་པ་ཁྲོ་ཆུའི་ཕ་ཝཾ་ཆེན་པོ་སྟོང་གསུམ་དང་མཉམ་པར་གྱུར་པའི་སྟེང་དུ་བརྡབས་པས་ཤ་ཁྲག་རུས་པ་རྣམས་སོ་སོར་ཞིག་ནས་དམར་ཐར་ཐར་སོང་བས་ལྷ་འདྲེ་རྣམས་ཀྱིས་ཟོས་པར་དམིགས་པ་ནི་བརྡེབ་པ་མའོ། །ཡང་དམར་འགྱེད་ཀུན་གྱི་རྩ་བར་གྱུར་པ་ལ་གཟན་འགྱེད་
༢༤༥ མ་ནི། བསྲེ་འཕོ་སོགས་གཞུང་ལྟར་ལ་རིག་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མས་བེམ་པོ་བཤའ་གཏུབས་གསྲེསྲེག་གསུམ་བྱ་བ་དང་། ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར་ནས། རང་གི་སྐུ་དང་བ་སྤུ་ལས་རང་འདྲ་བའི་རྣལ་འབྱོར་མ་འབྱུང་བཞིའི་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ནས་གནས་ཡུལ་གྱི་གདོན་བགེགས་ལ་སོགས་པ་ལ་བྱིན་པས་ཤ་ཟོས་ཁྲག་འཐུང་རུས་པ་མུར། པགས་པ་གྱོན་ནས་བགྱེས་པའི་གད་མོ་ཧ་སྒྲ་དང་བཞད་པའི་གླུ་དང་བཅས་ཏེ་ཚིམ་པར་བསམ་པ་དང་། ཡང་མཁའ་འགྲོ་དེ་ལས་ཉུང་ཙམ་གྱིས་སྟོང་གསུམ་ཙམ་དུ་བཀྱེ་བར་བསམ་པ་དང་། ཡང་འབུམ་ཕྲག་མང་ཙམ་གྱིས་དེ་ལས་ས་ཁྱོན་ཆུང་ཙམ་དུ་བཀྱེ་བར་བསམ་པ་དང་། ཡང་ཕྱོགས་བཅུར་འབུམ་ཕྲག་བཅུས་བཀྱེས་ནས་ཕཊ་བཅུ་བརྗོད་པ་དང་། ཡང་ཤ་ཁྲག་གིས་འཇིག་རྟེན་ཐམས་ཅད་ཕྱུར་བུར་བཀང་ནས་གདོན་དེ་རྣམས་ཀྱིས་གང་ལ་གང་འདོད་ཀྱི་ཚུལ་དུ་ཧབ་ཐོབ་ཀྱིས་ཟོས་པར་བསམ་མོ། །ཡང་དཀར་འགྱེད་དང་ཁྲ་འགྱེད་དང་ཚོགས་འཁོར་གྱི་འཕྲོས་ལ་ཤ་ཁྲག་གི་རྒྱ་མཚོར་བསྒྱུར་ནས་དེ་ལྟར་དམིགས་ཀྱང་རུང་ངོ་། །གཉིས་པ་སྔར་གྱི་གཅོད་རྒན་རྣམས་ཀྱི་ཞལ་རྒྱུན་གྱི་འཕྲོས་ནི། སྐྱབས་འགྲོའི་སྐབས་མ་གཅིག་ཐུབ་པ་ཡུམ་ཆེན་རྣམས་སུམ་བརྩེགས་སོགས་ཟིན་བྲིས་མང་བའི་ལུགས་བསྒོམ་པ་དང་། ལྷ་བསྐྱེད་སྐབས་གདན་མས་རིམ་ཞེས་པད་ཉི་ཟླ་བ་སོགས་མ་གཅིག་གི་གདན་དང་མཉམ་དུ་དེ་ལས་མཐོ་བའི་གཡས་ཕྱོགས་སུ་པད་ཟླའི་གདན་དང་། དེ་ཐད་གཡོན་ཕྱོགས་སུ་ཆོས་འབྱུང་ཉི་རོའ་གདན་དང་། དེ་གཉིས་ཀྱི་དབུས་ཀྱི་ཆར་ཤིན་ཏུ་མཐོ་བའི་སར་སེང་ཁྲི་རྒྱན་དྲུག་ཅན་གཅིག་ལས་གཅིག་མཐོ་བའི་ཚར་བཞི་བསྒོམ་ཞིང་དེ་ལ་གདན་མས་རིམ་ཞེས་པ་དང་། སེང་ཁྲི་སྟེང་མའི་དབུས་སུ་ཧཱུྃ་
༢༤༦ མཐིང་ཀ་དང་། དེ་འོག་ཁྲི་སྟེང་དབུས་སུ་ༀ་དཀར་པོ་ལ་ཧཱུྃ་སྔོན་པོ། ཏྲཱཾ་སེར་པོ། ཧྲཱིཿདམར་པོ། ཨཱཿལྗང་གུ་བཞིས་བསྐོར་བ་དང་། དེ་འོག་ཁྲི་སྟེང་དུ་མཱུཾ་ཡིག་དམར་སེར། དེ་འོག་ཁྲི་སྟེང་དུ་ཨ་དཀར་པོའམ་སེར་པོ་བསྒོམ་པའང་འདུག་གོ །དེ་འོག་པད་གདན་གྱི་སྟེང་དུ་ཧཱུྃ་དཀར་པོ་བསྒོམ་སྟེ་འདི་ས་བོན་མས་རིམ་ཡིན་གསུང་། དབུས་ཀྱི་ཧཱུྃ་ཡིག་དེ་མ་གཅིག་ཏུ་བསྒོམ་པ་ནས་བཟུང་སྟེ་སྟེང་དུ་ཧཱུྃ་ཡིག་སྔོན་པོ་དེ་རྡོ་རྗེ་འཆང་གི་བར་དུ་བསྒོམ་པ་ནི་ལྷ་ཡས་རིམ་ཡིན་གསུངས། གཞན་རྣམས་སྔ་མ་དང་མཚུངས། ཡང་སྡིག་སྦྱོང་སྐབས་མ་གཅིག་གི་ཐུགས་སྲོག་ཧཱུྃ་ལ་ག་ཏེའི་སྔགས་ཕྲེང་དང་། ཡུམ་ཆེན་མོ་ལའང་དེ་བཞིན་ག་ཏེ་སོགས། གཞན་ལྷ་རྣམས་དེའི་རིགས་འགྲེས་པའི་རང་སྔགས་བཀོད་ཅིང་བསྐོར་བའི་ལུགས་ཀྱང་གསུང་རྒྱུན་འགའ་རེ་ལ་འདུག །འདི་ལ་འགའ་ཞིག་གིས་དགག་པ་མཛད་འདུག་ཀྱང་བདག་གིས་ནི་སྤང་བླངས་མེད་པར་གསུང་རྒྱུན་ནི་ཡིན་འདུག་པས་ཁམས་དྭངས་ཤིང་དལ་བའི་སྐབས་རྣམས་སུ་དེ་ལྟར་དམིགས་པ་དང་། དུས་རྒྱུན་གཙོ་ཆེར་དྲུང་རིན་པོ་ཆེའི་ཟིན་བྲིས་གོང་དུ་སྨོས་པ་དམིགས་པ་ཡིན་ནོ། །ཡང་འགྱེད་ཀྱི་སྐབས་སུ་གསུང་རྒྱུན་ལ་འགྱེད་ཚུལ་དྲུག་ཏུ་གསུངས་པ་དང་། དྲུང་རིན་པོ་ཆེའི་ཟིན་བྲིས་ལའང་དེ་ལྟར་གནང་འདུག་པ། འདི་གཉིས་གནད་ཤིན་ཏུ་གཅིག་པས་བདག་ཀྱང་དེའི་རྗེས་སུ་འབྲང་བའོ། །ཡང་དྲུང་གི་ཟིན་བྲིས་དང་གསུང་རྒྱུན་རྣམས་སུ་གཅོད་ཚོགས་ཀྱི་སྤྱི་ཆིངས་སུ་ཐོག་མར་སེམས་བསྐྱེད་ཅིང་མགྲོན་བསྡུ་བ་དང་གཅིག །སྐྱབས་ཡུལ་བསྒོམ་ཞིང་ཚད་མེད་བཞི་ལ་བློ་སྦྱོང་ཞིང་ཚོགས་ཞིང་སྤྱན་འདྲེན་པ་དང་གཉིས། ཡན་ལག་བརྒྱད་པས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་གསུམ། ལུས་སེམས་ཕྲལ་ཞིང་མཎྜལ་འབུལ་བ་དང་བཞི། ལུས་མཆོད་པ་
༢༤༧ འབུལ་བའི་སྦྱིན་པ་བཏང་བ་དང་ལྔ། གསོལ་བ་འདེབས་ཤིང་བྱིན་ཕབ་པ་དང་དྲུག །བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུ་བ་དང་བདུན་ན་སྔོན་དངོས་རྗེས་གསུམ་གྱི་ཆོ་གའི་གོ་རིམ་ཐམས་ཅད་ཚང་བར་བསྟན་པ་ཡིན་ལ། འགྱེད་ཚུལ་བདུན་དུ་གསུངས་པའི་རྒྱུན་དང་ཡིད་གཏད་ཕེར་བའི་ཡིག་ཆའང་རྙེད་དཀའ་བ་དང་། དེར་མ་ཟད་འགྱེད་ཚུལ་གྱི་ས་བཅད་དེའང་དཀར་འགྱེད་མགོན་བཞི་མའི་སྐབས་གོང་གི་བདུན་པོའ་ས་བཅད་དང་འགྲིགས་དཀའ་བ་སོགས་འདི་ཡིན་གྱི་ངོས་བཟུང་མི་འདུག་པས་བཏང་སྙོམས་སུ་བཞག་གོ །ཡང་ཌཱ་ཀི་བྱིན་འབེབས་ཀྱི་སྐབས་སུ་རྡོ་རྗེ་ཕག་མོ་རིགས་བཞི་མཁའ་འགྲོ་དང་སྐུ་དང་ཕྱག་མཚན་སོགས་ལས་སྤྲུལ་པའི་རིགས་ལྔའི་མཁའ་འགྲོ་གྲངས་མེད་དང་ཕྱོགས་བཞི་དབུས་དང་ལྔ་ལས་དེ་འདྲ་བའི་རིགས་ལྔ་འབུམ་ཕྲག་མང་པོ་སྤྱན་དྲངས་ནས་སྐྱབས་ཡུལ་གྱི་འཁོར་དུ་བཞུགས་པ་ལ། དད་མོས་དྲག་པོས་གསོལ་བ་བཏབ་པས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་དེ་རྣམས་ས་གཞིར་བཞུགས་པས་ཕྱི་ནང་སྣོད་བཅུད་བྱིན་གྱིས་བརླབས་པ་སོགས་དང་། རང་རྣལ་འབྱོར་མའི་ཐུགས་ཀ་ནས་རིགས་ལྔ་ཌཱ་ཀི་འབུམ་ཕྲག་བཅུ་སྤྲོས་ནས་ཐོད་པ་བདུད་རྩིས་གང་བ་ཐོགས་ཏེ་སྔར་གྱི་ཌཱ་ཀི་དེ་རྣམས་མཆོད་པར་དམིགས་པ་དང་། ཌཱ་ཀི་འབུམ་ཕྲག་བཅུ་པོ་ཡང་འབུམ་ཕྲག་གཅིག་ཏུ་བསྡུས་ནས་རང་རྣལ་འབྱོར་མ་དང་དབྱེར་མེད་དུ་བྱས་ཏེ་འོག་གི་མཆོད་སྦྱིན་སྐབས་སུ་སླར་ཡང་རང་ལས་དེ་འདྲ་གྲངས་མེད་དུ་སྤྲུལ་ནས་མཆོད་པ་བྱེད་པའི་ལུགས་ཀྱང་འདུག་གོ །ཡང་རྣམ་ཤེས་སྤར་བ་དང་བསྲེ་བའི་སྐབས་བསྲེ་བ་མི་བྱ་བ་ནི། སྨྱོན་པའི་རྣམ་ཤེས་མི་སྤར། སྦྲུམ་མའི་རྣམ་ཤེས་མི་སྤར། མཛེ་ཕོ་དང་ནད་ངན་སོགས་ཀྱི་རྣམ་ཤེས་མི་བསྲེ་བའི་གསུང་རྒྱུན་ཀྱང་འདུག་གོ །དེ་ལྟར་ཚོགས་ལས་གཞུང་
༢༤༨ གི་དམིགས་ཐུན་ནི་དྲུང་རིན་པོ་ཆེའི་ཟིན་བྲིས་དང་སྔར་ནས་དཔར་གྱི་ཁྲིད་རྒྱུན་ཡོད་པ་གཉིས་གཞིར་བཞག་ཡིན་པ་བདག་གི་སློབ་དཔོན་གྱིས་སྔར་ཀུན་མཁྱེན་སི་ཏུ་རིན་པོ་ཆེར་གཅོད་སྐོར་སྣ་ཚོགས་བེ་བུམ་གྱི་ལུང་དང་། ལྕགས་རྡོར་མ་རི་སྐོར་སོགས་ཀྱི་ཁྲིད་ལུང་ཕུལ་སྐབས་སུ་སྐུ་ཞབས་ཀུན་མཁྱེན་ཆེན་པོའ་ཞལ་སྔ་ནས་གཅོད་སྐོར་འདི་ལ་དྲུང་ཀུན་དགའ་རྣམ་རྒྱལ་གྱི་གསུང་རྒྱུན་དང་ཟིན་བྲིས་འདི་རྣམས་གཙོ་བོར་བཏོན་དགོས་ཤིང་འཆད་ཉན་ཀྱང་འདི་ལ་བྱེད་དགོས། གཞན་གཅོད་ཀྱི་ཟིན་བྲིས་ཀྱི་ཡིག་ཆ་མང་དུ་ཡོད་ཀྱང་ཕལ་ཆེར་ལ་ངེས་ཤེས་འདྲོངས་དཀའ་གསུང་ལྟར་བདག་གི་སློབ་དཔོན་གྱིས་ཀྱང་དེ་ཕྱིན་ཆད་ནས་དེ་ལྟར་དུ་མཛད་པས་འདི་དེའི་ལུགས་ཡིན་ལ། དམར་འགྱེད་སྣ་ཚོགས་ཀྱང་བན་སྒར་བའི་གསུང་དང་གཞན་ལུགས་འགའ་ལའང་མང་དུ་ཡོད་འདུག་པ་དང་། གསུང་རྒྱུན་ལའང་ལུས་སྦྱིན་སོགས་དྲག་ལས་ཀྱི་སྐབས་འདིར་ཁ་འཕང་མཛད་འདུག་པ་དེ་ལྟར་ཡིན་ལགས། ཡང་ལམ་མཆོག་བདུད་ཀྱི་གཅོད་ཡུལ་ཟིན་བྲིས་རྒྱས་པར་བཀྲལ་བ་ཞེས་བྱ་བ་དེའི་ལུང་ཁྲིད་སོགས་ཀྱི་རྒྱུན་ཡོད་བཞིན་དེ་ལུགས་མ་བཅོས་པར་ཉམས་སུ་བླངས་པས་འཐུས་ཤིང་། གཞན་ཁ་འཕང་གང་ཡང་མི་དགོས་སོ། །སྤྱིར་གདམས་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་འདི་ཉིད་ཉན་རང་སོགས་ཐེག་པ་འོག་མ་རྣམས་ཀྱིས་ཀྱང་གང་ཟག་བདག་མེད་ཀྱི་དོན་ཕྱོགས་མཚོན་ཙམ་རྟོགས་ཤིང་། བར་བ་མཚན་ཉིད་མེད་པའི་འཁོར་ལོ་ཤེར་ཕྱིན་གྱི་མདོ་རྣམས་ནས་ཆོས་དང་གང་ཟག་གཉིས་ཀའི་བདག་འཛིན་བཟློག་ནས་ཟབ་མོ་སྟོང་པ་ཉིད་ནམ་མཁའ་ལྟ་བུའི་དོན་སྟོན་ཅིང་བྱང་སེམས་འཕགས་པ་རྣམས་ཀྱི་ཐུགས་ལ་འཁྲུངས་ཤིང་། ཐ་མ་ངེས་དོན་གཏན་ལ་འབེབས་པའི་མདོ་སྡེ་རྣམས་ལས་བདེ་གཤེགས་སྙིང་པོ་གཞོམ་གཞིག་བྲི་
༢༤༩ གང་དང་བྲལ་བའི་ཡེ་ཤེས་སྙིང་པོ་མངོན་སུམ་དུ་བསྟན་པའི་འཕགས་བཞི་སྐྱེད་བྱེད་ཡུམ་ཆེན་མོའ་དགོངས་དོན་དེ་བཞིན་ཏུ་སྔགས་གསར་རྙིང་གི་རྒྱུད་སྡེ་རྣམས་ནས་ཀྱང་གདོད་མའི་ཟུང་འཇུག་བདེ་བ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་བྱེད་པའི་དོན་དང་། དེའི་ཐབས་གསང་སྤྱོད་རིག་སྤྱོད་སོགས་ཐབས་ཤེས་ལམ་གྱི་ཆ་ཐམས་ཅད་ཀྱང་རྫོགས་པར་བསྟན་པའི་ཟབ་མོའ་དོན་འདི་ཉིད་ཡིན་ལ་ཡིན་བཞིན་ཤེས་པའི་སྒོ་ནས་སྙིང་ནས་ཉམས་སུ་བླང་བར་བྱ་དགོས་ཤིང་། དེ་ལྟར་མ་ཡིན་པའི་ཚེ་འདིའི་ནད་གདོན་རྐྱེན་ངན་ཞི་བ་ཙམ་དང་རྙེད་བཀུར་འདོད་ཡོན་སོགས་ཀྱི་དོན་ཡིན་པར་རློམ་ནས་ཉམས་ལེན་ཕྲན་བུ་བྱས་ཀྱང་གཅོད་ཀྱི་གོལ་ས་གསུམ་གྱི་ལམ་དུ་སོང་ཞིང་བདག་འཛིན་བདུད་བཞི་སོགས་ལྷ་འདྲེ་དྲུག་ལམ་དུ་མི་སློང་བས་དེ་ལྟར་མ་ཡིན་པར་དང་པོ་ཚེ་འདིའི་འདོད་ཡོན་བདེ་སྐྱིད་སོགས་བདུད་བཞིའི་རྒྱུར་གྱུར་བའི་ཆགས་ཞེན་གྱི་འཁྲི་བ་ཀུན་གཅོད་ཅི་ཐུབ་དང་། བར་དུ་ལས་ཉོན་འཁྲུལ་པའི་རྣམ་རྟོག་ཀུན་གཅོད་ཅི་ནུས་དང་། ཐ་མ་སྙེམས་བྱེད་གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན་དབྱིངས་སུ་བཅད་ནས། འོད་གསལ་ཆོས་སྐུ་སྐྱེ་བ་མེད་པ་ཡུམ་ཆེན་མོའ་དགོངས་པ་མངོན་སུམ་དུ་རྟོགས་ནས་མངོན་པར་རྫོགས་པ་སངས་རྒྱས་པ་དང་། གནས་སྐབས་སུའང་ཕྲིན་ལས་རྣམ་བཞིས་འགྲོ་དོན་དཔག་མེད་འབྱུང་བ་ཞིག་དགོས་པར་གསུངས་པས་དེ་བཞིན་ཉམས་སུ་བླང་བར་བྱའོ། །དེ་ལྟར་གཅོད་ཀྱི་ཟིན་བྲིས་རྣམ་གསལ་འདིའང་བསྟན་འགྲོའི་དཔལ་མགོན་དམ་པ་སྙིང་པོ་དོན་གྱི་སྒྲུབ་བརྒྱུད་ཟུར་མང་བཀའ་བརྒྱུད་ཀྱི་གཙུག་རྒྱན་འདྲེན་མཆོག་གར་དབང་མཆོག་གི་སྤྲུལ་སྐུའི་ཞལ་སྔ་ནས་འདི་ལྟར་བགྱིད་དགོས་པའི་བཀའ་གནང་ཡིད་བཞིན་དབང་གི་རྒྱལ་པོ་སྤྱི་བོའ་རྒྱན་
༢༥༠ དུ་བཀོད་ནས་བན་རྒན་བསྟན་འཛིན་རྣམ་དག་གིས་བགྱིས་ཤིང་། ན་ཚོད་དང་མིག་དབང་མི་གསལ་བས་ངག་ནས་རིམ་པར་སྨྲས་རིམ་བཞིན་ཤཱཀྱའི་བཙུན་ཆུང་ཡེ་ཤེས་དབང་ལྡན་གྱིས་ཡི་གེར་བྲིས་ཤིང་འདུ་བགྱིས་པའི་དགེ་བས་རྒྱལ་བསྟན་སྤྱི་དང་སྙིང་པོ་དོན་གྱི་བསྟན་པ་དར་ཞིང་། བསྟན་འཛིན་རྣམས་ཞབས་པད་ཡུན་དུ་བརྟན་ཅིང་ཁྱད་པར་མཆོག་གི་བླ་མ་དམ་པ་འདི་ཉིད་འགྱུར་མེད་རྡོ་རྗེའི་ཁྲི་ལ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཕྲིན་ལས་རྣམ་བཞིས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་རྒྱས་ཤིང་། སྒྲུབ་བརྒྱུད་སྙིང་པོའ་བསྟན་པ་ནམ་མཁའི་མཐའ་ཀླས་སུ་འཕེལ་པའི་རྒྱུར་གྱུར་ཅིག། །།དགེའོ།། །།

གཅོད་ཁྲིད་ཟབ་མོ་འདོད་དགུའི་ཆར་འབེབས་

༢༥༡ ༄༅། །གཅོད་ཁྲིད་ཟབ་མོ་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །
༢༥༢ ༄༅། །སྤྲོས་དང་བྲལ་བའི་ངོ་བོ་ཉིད། །མཚུངས་མེད་བླ་མའི་སྐུ་གསུང་ཐུགས། །ཡུམ་ཆེན་ཤེར་ཕྱིན་ལ་བཏུད་ནས། །གཅོད་ཀྱི་ཁྲིད་རིམ་འབྲི་བར་བྱ། དེ་ལ་གང་གཅོད་བྱའི་བདུད་ཀྱི་ངོས་འཛིན། །དེ་ཚུལ་ཅི་ལྟར་གཅོད་པའི་ཚུལ་གཉིས། དང་པོ་ནི་མ་གཅིག་གི་ཞལ་ནས། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། ཅེས་གསུངས་པ་ལྟར་བཞིའི་དང་པོ་ནི། དབང་པོ་ལྔའི་ཡུལ་དུ་སྣང་བའི་མེ་ཆུ་དུག་མཚོན་གཅན་གཟན་སོགས་སོ། །ཐོགས་མེད་བདུད་ནི། ཕྱིའི་དབང་དུ་ལྷ་འདྲེ་མིའི་མིག་ལམ་དུ་སྣང་བའི་མཁའ་ལ་རྒྱུ་བ་རྣམས་སོ། །ནང་གི་དབང་དུ་ན། ཉོན་མོངས་པ་ན་ཚ་སྡུག་བསྔལ་ལ་སོགས་པའོ། །དགའ་བྲོད་བདུད་ནི་འབྲས་བུ་དང་ཕན་ཡོན་ལ་ཐོབ་ཏུ་རེ་བའི་འདུན་པ་བྱེད་པའོ། །སྙེམས་བྱེད་བདུད་ནི་རྣམ་རྟོག་སྣ་ཚོགས་པ་འཕྲོ་བའོ། །གཉིས་པ་མ་ལྷོངས་པ་ལྷོང་བར་བྱེད་པའི་ཐབས། ལྷོངས་པ་ནོན་པར་བྱེད་པའི་ཐབས། ནོན་ནས་སྦྱིན་པ་གཏོང་བ་རྗེས་གཅོད་ཞོར་
༢༥༣ བྱུང་བསྟན་པ་དང་བཞིའི་དང་པོ་ལ། གཅོད་བྱེད་པའི་གང་ཟག་བསྟན་པ། མཁོ་བའི་ཡོ་བྱད་བསྟན་པ། འགྲོ་བའི་གཉན་ས་དང་དེར་གང་གནས་བསྟན་པ། དེར་འགྲོ་ལུགས་བསྟན་པ། ཇི་ལྟར་ལྷོང་བའི་ཚུལ་གྱི་དམིགས་པའི་རིམ་པ། ལྷོང་ཚད་ཚར་ཚད་བསྟན་པ་དྲུག་ལས། དང་པོ་ནི། གང་ཟག་རབ་འོག་ནས་འབྱུང་བའི་ཆེ་བ་རྣམ་བཞི་དང་ལྡན་པ། འབྲིང་བ་དད་པ་ཆེ་ཞིང་དམིགས་རིམ་མི་འཆོར་བ། ཐ་མ་ཡང་བརྩོན་པ་དང་ལྡན་ཞིང་ཆགས་ཞེན་ཆུང་བ་ཞིག་དགོས། གཉིས་པ་ནི། རྐང་དུང་ཐོད་པ་ཌཱ་མ་རུ་ཙོག་པུ་མི་ལྤགས་ལ་སོགས་པའི་གདན་ཆུང་དོམ་ར་སོར་བཞི་པ་རྣམས་སོ། །གསུམ་པ་ནི། སྒང་གི་གཤོད་དང་སྐམ་ཆེ་བའི་ཀླུང་དང་སྣུམ་ཆེ་བའི་སྐེམ་དང་གད་རྩེའི་གྲིབ་མ་གང་ཕོག་པའི་ས་དང་བྲག་རིའི་རྩེ་དང་། དུར་ཁྲོད། ལུང་སྟོང་། ཁང་སྟོང་། ཤིང་གཅིག །ཆུ་མིག་མགོ་དགུ་པ་བདུན་པ། ལྔ་པ། གསུམ་པ། ཆུ་མིག །ཆུ་བྲན། ཆུ་འཁྱིལ་སོགས་ཉི་མ་མི་འཕོག་པ་
༢༥༤ རྣམས་ཏེ། མདོར་ན་གང་འཇིགས་པ་གཉན་ས་ཡིན་པ་ལ། ཆུ་མིག་མགོ་དགུ་པ་ལ་ཀླུ་གདོལ་པ། བདུན་པ་ལ་བྲམ་ཟེ། ལྔ་པ་ལ་རྒྱལ་རིགས། གསུམ་པ་ལ་རྗེས་རིགས་དང་དམངས་རིགས་གནས། ཆུ་ཉི་མ་མི་འཕོག་པ་ལ་ཀླུ་བྲན་གནས། མཚོ་དྲུང་སྤ་མ་ཤིང་གཅིག་བྲ་མ། ཆུ་འཇིགས་རྣམས་སུ་གཉན་གནས། ཕ་བོང་སྟག་སྦྲུལ་སྦལ་པ་བྱ་ཕག་སོགས་འདྲ་བ་ན་ས་བདག་གནས། བྲག་གདོང་དང་། རི་སུལ་སྦལ་པ་སྡིགས་པ་སྡོམ་གཡག་རྔ་མོང་མ་ཧེ་འདྲ་བ་ན་ས་བདག་ཀླུ་གཉན་ཆེན་པོ་གནས། བྲག་གདོང་མི་རིང་རལ་གྲི་འདྲ་བ་དང་། རི་སྣ་དང་གད་པའི་གདོང་། ས་ཕྱོགས་ཁྲག་ཟེར་རལ་པ་འདྲ་བ་ན་བཙན་གནས། ནགས་ཚལ་ཚིང་བུ་བདུད་གནས། བྲག་སྐྱིབས་གཅོང་རོང་གད་ཕུག་བྲག་ཕུག་རྣམས་སུ་དམ་སྲི་དང་ཐེའུ་རང་དང་སྲིན་མོ་གནས། བྱང་སྟོད་ཕུང་ཤུལ་འབྲོག་པའི་མཚེར་ཤུལ་སྲང་མདོ་ཚོང་དུས་རྣམས་ལ་བསེ་རག་དང་གྲི་བོ་གྲི་མོ་གནས། དུར་ཁྲོད་རོ་ཁང་བཙན་ཁང་ཤི་ཤུལ་དཔའ་བོ་གཡུལ་དུ་བསད་པའི་ཤུལ་རྣམས་སུ་མ་མོ་དང་གཤིན་རྗེ་སྲོག་བདག་གནས། ལྷ་ཁང་གི་ཁྱམས་དཀོར་ཁང་གི་ཁྱམས་དགོན་རྙིང་ཁང་རྒོག་སྒྲུབ་ཁང་དབེན་པ་རྣམས་སུ་རྒྱལ་པོ་དང་སྲོག་བདག་པེ་ཀར་སོགས་གནས་སོ། །བཞི་པ་ནི། རྣལ་འབྱོར་ལྡིང་འགྲོས་ཞེས་པ་ལྟར་ལྟ་སྟངས་བྱས་ནས་འགྲོ། མཁའ་འགྲོའི་བརྡའ་འགྲོས་ཞེས་པ་གར་སྟབས་ཀྱིས་འགྲོ། སྦྲུལ་ནག་འཁྱུགས་འགྲོས་ཞེས་པ་ཕར་འཁྱོགས་ཚུར་འཁྱོགས་སུ་འགྲོ། གླང་ཆེན་སྨྱོ་འགྲོས་ཞེས་པ་རེས་མགྱོགས་རེས་བུལ་བར་འགྲོ། འགྲོ་བའི་དུས་ནི། གཉན་སར་སྡོད་དམ་ཕར་འགྲོ་དུས་ནམ་གུང་ལ་འགྲོ། ཚུར་ལོག་དུས་ཐོ་རངས་ཡོང་བར་ཕྱག་ལེན་ཡིན་སྐད་དོ། །ལྔ་པ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། སྤྱིར་གཉན་ས་གཅོད་ནུས་པ་ཆེ་བ་རྣམ་བཞི་དང་
༢༥༥ ལྡན་པ་ཞིག་དགོས་པ་ཡིན། རྟོགས་པ་ནམ་མཁའ་དང་མཉམ་པ། སྟོང་ཉིད་ཀྱི་རྒྱས་ཚན་ཆེ་བ། སྙིང་རྗེ་ཆེ་ཞིང་ཆགས་པ་ཆུང་བས་གཏོང་ཕོད་ཀྱི་བློ་དཀྱུས་ཆེ་བ། དམ་པའི་ཆོས་ཀྱི་གནད་མ་ལུས་པ་གོ་བ། གདམས་ངག་གི་ཐོབ་རྒྱ་ཆེ་བ། བརྩོན་འགྲུས་ལེ་ལོ་མེད་པས་ཉམས་ལེན་གྱི་ཞེན་ཕུལ་ཆེ་བ་ཞིག་དགོས་སོ། །གཉིས་པ་ཟིལ་གནོན་གྱི་དམིགས་རིམ་དང་། ལྷོང་བའི་དམིགས་པ་དངོས་གཉིས། དང་པོ་ལའང་དངོས་དང་ཞར་བྱུང་གཉིས། དང་པོ་ནི། མི་འགྲོ་བའི་སྔ་རོལ་དུཏུ་ཕཊ། རང་གི་སྙིང་ག་ནས་གསེར་གྱི་རྡོ་རྗེ་ཞིག་བྱ་ལྟར་འཕུར་ནས་གཉན་སའི་དཀྱིལ་དུ་བབས། དེ་ལས་ལྕགས་ཀྱུའི་ཚོགས་སྤྲོས་ནས་ས་དེར་གནས་པའི་གདོན་ཚོགས་རབ་ཏུ་བཀུག་སྟེ་ལྕགས་སྒྲོག་འབར་བས་རབ་ཏུ་བསྡམས་པར་གྱུར། འགྲོ་བར་ཞུགས་པ་ནི་རྐང་དུང་བུས་ནས། ཕཊ། གཡས་གཡོན་མདུན་རྒྱབ་སྟེང་འོག་ཕྱོགས་བཅུ་ཡི། །རི་དང་ཆུ་མིག་ལྗོན་པ་ལ་སོགས་པར། །གནས་པའི་གདོན་གྱི་ཚོགས་རྣམས་ང་ཕྱིར་ཤོག །ང་ཡིས་ཁྱོད་ཀྱི་འདོད་པ་ཚིམ་པར་བྱ། གཉན་སར་སླེབ་པ་དང་ཕྱོགས་བཞིར་གར་སྟབས་ཀྱིས་འགྲོ། རྐང་དུང་བུས་ནས། ཕཊ། དེ་རིང་བདུད་བཞིའི་དཔུང་རྣམས་འཇོམས་པའི་ཕྱིར། །རྣལ་འབྱོར་བདག་གིས་ཕྱོགས་བཞིར་དགའ་ཞིང་འཁྲབ། །མཁའ་འགྲོ་སྡེ་བཞིའི་གར་འདི་ཁྱུགས་སེ་ཁྱུག །བདུད་དང་རྣམ་རྟོག་འཇོམས་པ་ཨ་ལ་ལ། གཉིས་པ་ཅོག་པུ་ཕུབ་པ་དང་སྟན་འདིང་བ་ལ་སོགས་པའི་ཚེ། ཕཊ། མཁའ་འགྲོ་སྡེ་བཞིར་ཅོག་བུའི་ཕུར་པ་ཁྱེར། གླིང་བཞི་གླིང་ཕྲན་རྣམས་སུ་བཏབ་པར་གྱུར། །མི་ལྤགས་གཡང་གཞིའི་གདན་འདིས་ས་སྟེང་ཁྱབ། །འོག་ཏུ་གདོན་བགེགས་ཐམས་ཅད་ནོན་པར་གྱུར། ཅེས་པ་འདི་དག་ནི། ཟིལ་གནོན་སྡེ་བདུན་གྱི་དམིགས་པ་མདོར་བསྡུས་བྱས་པ་ཡིན་ཏེ། ཐ་གཅིག་གི་རྡོ་རྗེའི་ཚིག་རྐང་ལས། སྔ་མས་སྔ་རུ་མ་ནོན་ན། དགྲ་ངན་དག་ལ་བྱ་
༢༥༦ ཤོར་འདྲ། །དེ་ལ་ཟིལ་གནོན་སྡེ་བདུན་དགོས། ཞེས་གསུངས་པའི་དོན་ནོ། །གཉིས་པ་ལྷོང་བའི་དམིགས་པ་དངོས་ནི། མཚུངས་མེད་ཆོས་རྗེས་མཛད་པའི་གཅོད་ཚེགས་བཅད་མར་འབྱུང་བ་ལྟར་བྱ་བ་ལ། སྐྱབས་གསུམ་གསལ་བཏབ་ནས་ཕྱི་མཆོད་འབུལ་བ་དང་། ལུས་མཎྜལ་དུ་འབུལ་ནས་བརྒྱུད་པ་ལ་གསོལ་བ་བཏབ་པ་གཉིས། དང་པོ་གདན་སྟེང་ལུས་གནད་ལྡན་པས་འཁོད་ནས། ན་མོ་གུ་རུ། དེང་ནས་བཟུང་སྟེ་བླ་མ་དཀོན་མཆོག་གསུམ། སོགས་ནས། སྤྲོས་བྲལ་མ་བཅོས་དང་དེར་རྗེན་པར་བུད། ཅེས་པའི་བར་འདི་རྣམས་འདོན་བསྒོམ་དྲག་ཏུ་བྱའོ། །དྲུག་པ་ལ་གཉིས། དང་པོ་ལྷོང་ཚད་ནི། ཕྱིའི་ལྷོང་ཚད་ལྷ་འདྲེའི་ཆོ་འཕྲུལ་ལྷ་འདྲེའི་གཟུགས་སྟོན་སྒྲ་འབྱིན་པ་དང་། བརྔན་བགྲང་བ་དང་། །བློ་བྲིང་ནས་དམ་པའི་ཆོས་ལས་བཟློག་པ་རྣམས་སོ། །ནང་ལྷོང་ནི་ལུས་ཀྱི་ན་ཚ་རྣམས་སོ། །གསང་ལྷོང་ནི་སེམས་ཀྱི་ཟུག་རྔུ་རྣམས་སོ། །གཉིས་པ་ཚར་ཚད་ལ། ཐུན་མོང་གི་ཚར་ཚད། དམར་པོའ་རིགས་མ་གཏོགས་ཟས་དང་དངོས་པོ་སྟེར་བ་རྣམས་སོ། །ཐུན་མོང་མིན་པའི་ཚར་ཚད་ལ་རྨི་ལམ་དུ་ཉི་མ་ཤར་བ་དང་། གོས་དཀར་པོ་གྱོན་པ་ལུས་བཀྲུ་བ་དང་། ཁྲག་འཛག་པ་དང་ལུད་པ་དོར་བ་རྣམས་རྨིའོ། །གཞན་ཡང་ཚར་ཚད་འདྲ་བའི་ཆོ་འཕྲུལ་འབྱུང་སྟེ། རྨི་ལམ་དུ་གོས་དམར་པོ། །ཁྲག་སྟེར་བ་དང་ཤ་དམར་སྟེར་བ་སོགས་སོ། །ཆོ་འཕྲུལ་འདྲ་བའི་ཚར་ཚད་ནི། རང་གཞན་གྱིས་མཚོན་ལ་སོགས་པ་བརྒྱབ་པས་ཁྲག་བྱུང་བ་རྣམས་སོ། །ཚར་ཚད་འདྲ་བའི་ཆོ་འཕྲུལ་དེ་རྣམས་རྨི་ལམ་ཁོ་ནར་མ་ཟད་ཉམས་སྣང་སོགས་ལ་འབྱུང་བའོ། །གཉིས་པ་ལྷོང་པ་ནོན་པར་བྱེད་པའི་ཐབས་ལ་ནོན་དཀའ་སླ་སྟོན་པ། ལྷོངས་པ་ནོན་བྱེད་ཀྱི་དམིགས་རིམ་དངོས་གཉིས། དང་པོ་ནི། གནས་ཀྱི་དབང་དུ་ན་དུར་ཁྲོད་ལྷ་ཁང་གོག་པོ་དང་། མི་ཕོ་ཤི་ཤུལ་རྣམས་འཕྲལ་འཇིགས་ཀྱང་ཕུགས་མི་འཇིགས། །
༢༥༧ གནས་བདག་གི་དབང་དུ་ན། པེ་ཀར་སོགས་རྒྱལ་པོ་དང་འདྲེ་མོ་རྣམས་ཀྱིས་ཤེས་པ་འཚུབས་རིག་པ་མཐོ་དམན་ཆེ། འཕྲལ་རྩུབ་ཀྱང་ལྷོང་སླ་བྱིངས་ཆུང་བས་ནོན་སླ་བ་ཡིན། དམ་སྲི་དང་སྲིན་མོ་དང་མ་མོ་རྣམས་སེམས་ལ་ཆགས་པ་སྐྱེ། ཐིག་ལེ་འཕྲོག །འགྲོ་སྙིང་འདོད། སེམས་མི་ཆགས། ལྷོངས་ས་ནོན་ས་སླ། ཕྱིས་ནས་འཕྲོས་མི་གཙང་བས་རྗེས་གཅོད་དཀའ། ཀླུ་བདུད་དང་གཉན་དང་ས་བདག་དང་ས་སྲིན་རྣམས་གཉིད་ཆེ། ཤེས་པ་ལྗི། །རིག་པ་མི་གསལ། བྱིང་རྨུགས་བྱེ་བྲག་མི་འབྱེད། བྱིངས་ཆེ་ལྷོངས་པ་ནོན་སོགས་དཀའ། གདིང་ཞེ་ནག་ཆེ། བཙན་ཐེའུ་རང་སོགས་ཟང་ཟིང་རྨི་ལམ་གཏད་མེད་མང་པོ་སྟོན། མིང་ནས་འབོད། བཤུག་པ་འདེབས། འོ་དོད་འབོད། རྒྱུད་འཁྲུགས། ལྷོང་ནོན་དཀའ། སྤྱིར་མ་ལྷོངས་པ་དང་མ་ནོན་པ་ཐམས་ཅད་རྒྱུན་བསྲིང་བ་གལ་ཆེའོ། །གཉིས་པ་ལ་མདོ་ལུགས་ཀྱི་དོན་བསྡུས་ནས་མཚན་མོའ་དབང་དུ་བྱ་བ་དམར་འགྱེད་བསྟན་པ་དང་། སྔགས་ལུགས་ཀྱི་དོན་བསྡུས་ནས་ཉིན་མོའ་དབང་དུ་བྱས་པ་ཁྲ་འགྱེད་བསྟན་པ་གཉིས། དང་པོ་ནི། མཚུངས་མེད་བླ་མས་མཛད་པ་ལྟར་བྱ་སྟེ། འགྲོ་བ་རིགས་དྲུག་ཐམས་ཅད་རྫོགས་སངས་རྒྱས་ཀྱི་རྒྱུར་ལུས་ཅི་འདོད་དུ་སྦྱིན་པ་བཏང་བ། ཉམ་ཆུང་བ་ལ་སླར་གཏོང་བ་གཉིས་སུ་ཡོད། དང་པོ་ནི། ཕཊ། རང་རིག་རྡོ་རྗེ་རྣལ་འབྱོར་མ་རུ་ཤར། །རང་ལུས་གཡང་གཞི་སྟོང་གསུམ་ཚད་དུ་གྲུབ། སོགས་ནས། དགེ་བ་འདི་སེམས་ཅན་གྱི་དོན་དུ་བསྔོ། །གཉིས་པ་ནི་མཚུངས་མེད་ཆོས་རྗེས་གསུངས་པ་ལྟར། རང་ལུས་ཚོགས་ཀྱི་འཁོར་ལོ་དམ་རྫས་སུ་བྱིན་གྱིས་བརླབས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་དུ་མཆོད་པ་འབུལ་བ་དང་། མ་རྒན་འཁྲུལ་པ་གནོད་བྱེད་དུ་འཁྲུལ་པ་སྨྱོ་སངས་ནས་མ་རྒན་ཐམས་ཅད་
༢༥༨ སངས་རྒྱས་ཀྱི་སར་འཇོག་ཅི་ཐུབ་ཀྱི་བསམ་པ་དང་སྦྱོར་བས་བློ་སྦྱོང་བའི་དང་པོ་ནི། ཕཊ། རང་རིག་ཡེ་ཤེས་མཁའ་འགྲོ་མ་རུ་ཤར། ཅེས་པ་ནས། རྒྱུད་བྱང་ཆུབ་སེམས་སུ་འགྱུར་བར་ཤོག །ཅེསྤའི་བར་རོ། །གསུམ་པ་སྔོན་ནས་སྦྱིན་པ་གཏོང་བ་ནི། སྔ་མ་དེ་དག་ཟང་ཟིང་གི་སྦྱིན་པ་ཡིན་མོད་ཀྱི་མཆོག་ཏུ་གྱུར་པ་ནི་མཚུངས་མེད་ཆོས་རྗེས་མཛད་པའི། གནོད་བྱ་གནོད་བྱེད་སྟོང་པ་ལ། ཞེས་པ་ནས། །བྱང་ཆུབ་མཆོག་གི་རྒྱུར་གྱུར་ཅིག །ཕཊ། ཅེས་གསུངས་པའི་བར་འདི་ནི་འདོན་བསྒོམ་དྲག་པོ་ཡང་ཡང་བྱའོ། །དེ་དག་སྤྲུལ་ཆིངས་ཀྱི་དམིགས་པའི་སྐོར་ཏེ། མ་ཅིག་གི་རྡོ་རྗེའི་ཚིག་རྐང་ལས། བར་ས་བར་དུ་མ་ནོན་ན། །དཔའ་བོའ་ལག་གི་མཚོན་ཤོར་འདྲ། །དེ་ལ་རྡོ་རྗེའི་སྦྲུལ་ཆིངས་དགོས། །ཞེས་གསུངས་སོ། །བཞི་པ་ལ་གཉིས། དང་པོ་རྗེས་གཅོད་ནི། གཉན་ས་ཆོད་ནས་འགྲོ་བའི་ཚེ་རང་གི་མལ་ས་དང་ཐབ་ཀའི་ཤུལ་ཡང་མི་མངོན་པར་བྱའོ། །རང་གི་ཡོ་བྱད་གང་ཡང་མ་ལུས་པར་བྱས་ནས། ཕཊ། རང་གི་ལུས་འདི་སྤྱན་རས་གཟིགས་སུ་གྱུར། དེ་ལས་ཟག་མེད་བདུད་རྩིའི་རྒྱུན་བབས་པས། །ས་ཕྱོགས་ཐམས་ཅད་མེར་གྱིས་གང་བ་ལ། །འགྲོ་རྣམས་ཟག་མེད་བདུད་རྩིས་ཚིམ་པར་གྱུར། ཅེས་བརྗོད། དེ་ནས་གཉན་ས་ཁྲོལ་གང་དང་སའི་སྒང་སྒལ་དགུ། དེའི་བར་དུ་ཐང་ཆུང་དགུ་དེའི་བར་དུ་ཆུ་དགུའི་རྣམ་པ་བཅོས་ལ། འཻ། ལ་ཆེན་དགུ་དང་ཆུ་བོ་ཆེན་པོ་དགུ། །ཐང་ཆེན་དགུ་ཡིས་བར་དུ་ཆོད་ཟིན་པས། །ཁྱེད་རྣམས་ང་ཕྱིར་མ་འོངས་གནས་དེར་སྡོད། །ཟག་མེད་བདུད་རྩི་དེ་ལ་སྤྱོད་པར་གྱིས། །འདི་ནི་རྡོ་རྗེའི་ཚིག་རྐང་ལས། །ཕྱི་མ་ཕྱི་རུ་མ་ནོན་ན། ནོར་ངན་ཤོར་བའི་རྗེས་བསྙག་འདྲ། །དེ་ལ་དམག་དཔོན་ཁྱུང་ནག་དགོས། ཞེས་གསུངས་པའི་དོན་ནོ། །གཉིས་པ་ཞོར་བྱུང་བསྟན་པ་ནི། གཞན་ལ་ཕན་འདོགས་ནད་པ་གསོ་བའི་ཐབས། ཐོག་དང་སེ་ར་བསྲུང་བའི་ཚུལ། ནག་
༢༥༩ འགྱེད་ཀྱི་རིམ་པ། ཉེ་བར་མཁོ་བའི་དམིགས་ཕྲན་བསྟན་པ་དང་བཞིའི། །དང་པོ་ནི། མཚུངས་མེད་བླ་མས་མཛད་པ་ལས། ནང་པ་སོགས་མ་རྒན་སྡུག་བསྔལ་གྱིས་ཉེ་བར་འཚེ་བས་མནར་བ་ལས། སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་དུ་ནན་ཆེར་དམིགས་སུ་བཀར་ནས་དྲན་བསྒོམ་བྱེད་པ་ནི། ཕཊ། འཇིག་རྟེན་ན་ནད་གདོན་གྱིས་ནོན་པ་དང་། །སྔོན་ལས་ངན་གྱི་འབྲས་བུར་སྤྱོད་པ་ཡི། ཅེས་པ་ནས། སེམས་ཅན་ཀུན་གཏན་དུ་ཐར་གྱུར་ཅིག །ཅེས་པའི་བར་འདི་ནི་ནད་པ་ལྟ་བུ་ལ་གཉན་སར་འཁྲིད་ན་འདི་ཁོ་ནས་ཆོག་པས་ཐུན་རེ་ལ་ལྔ་བཅུ་ཙམ་དུ་བྱས་ལ་ནན་ཏན་བྱའོ། །ཞེས་གསུངས་སོ། །འདི་མ་ཅིག་རྡོ་རྗེའི་ཚིག་རྐང་ལས། འདྲེ་དང་ནད་དང་གདོན་དང་གསུམ། །གཉིས་མེད་གཅིག་ཏུ་བསྲེ་བ་གཅེས། ཞེས་པའི་དོན་ནོ། །གཉིས་པ་ནི། ཐོག་ཡོད་པའི་ལྟས་ནི། ལྷོ་ཕྱོགས་སུ་སྤྲིན་ནག་པོ་ཁུ་ཚུར་ཙམ་མགོ་དགུ་པ་སྐབས་སུ་འཐོར་ཞིང་སྐབས་སུ་འདུས་པར་འབྱུང་བ་དང་། རྨི་ལམ་དུ་མགར་བ་མང་པོས་མདེའུ་བརྡུང་བ་སོགས་ལྕགས་བཟོ་བྱེད་པ་རྨིས་པ་དང་། འབྲུག་གི་སྒྲ་སྐད་ཁྲོལ་ཆོམ་མེད་པར་གཟེར་ལྷང་ལྕགས་འབྱུང་བ་དང་། ཉམས་སྣང་དུ་ལྕགས་བརྡུང་བའི་སྐད་སེད་སྒྲ་འཁང་སྒྲ་ཡོད་པ་འབྱུང་སྙམ་བྱེད་པ་ཐོག་སེར་དྲག་པོ་འབྱུང་བའི་ལྟས་སོ། དེ་ནས་ཐོག་སེར་བྱུང་བ་ན་རང་ཉིད་བཅོམ་ལྡན་འདས་སུ་གསལ་བའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་འཕྲོས། ཐོག་དང་ཐོག་བདག་འབྲུག་རྣམས་ལ་ཕོག །དེ་རྣམས་རྒྱ་མཚོ་ཕ་རིར་རྒྱངས་བཏང་པར་བསྒོམས་ནས་ནམ་མཁའ་ལ་སྡིགས་མཛུབ་དང་ཕུ་ཤར་དང་ཕཊ་སྒྲ་དྲག་ཏུ་བརྗོད་དོ། །གསུམ་པ་ནི། བག་ཆགས་དྲི་མ་འཁྲུད་པ་ལ། དེ་ལ་སྡིག་སྦྱང་ནག་འགྱེད་དགོས། ཞེས་རྡོ་རྗེའི་ཚིག་རྐང་ལས་གསུངས་པ་ལྟར་ཏེ། དམིགས་པ་ནི། རང་ཐོད་པའི་ནང་དུ་གནས་པའི་མདུན་དུ། མ་གཅིག་བཞེངས་ནས་ཕྱག་གི་ཐོད་པ་ནས་
༢༦༠ ཟག་མེད་ཀྱི་བདུད་རྩི་བབ་པས་རང་གི་སྤྱི་བོ་ནས་ཞུགས་ནད་གདོན་ཐམས་ཅད་དག་པའི་ཁྲུས་ཁུ་བདུད་རྩིར་བསྒྱུར་ལ་ལྷ་འདྲེ་ལ་སྦྱིན་པར་བསམ་མོ། །དེ་འཇམ་ལུགས་ཡིན་ལ། རྩུབ་ལུགས་ལྟར་ན་བདུད་རྩིར་མ་བསྒྱུར་བ་སྦྱིན་ནོ། །བཞི་པ་ནི། རྡོ་རྗེའི་ཚིག་རྐང་ལས། ཚར་ཚད་སྔོན་ནས་འབྱུང་། ལྷོང་ཚད་ཕྱི་ནས་འབྱུང་ན། མགོ་བསྐོར་ཡིན་པས་དམིགས་པ་འདི་བྱའོ། ཕཊ། སྐད་ཅིག་གིས་རང་ཉིད་རྗེ་བཙུན་མར་བསྐྱེད་ལ་བསྒྱུར། རྗེ་བཙུན་མས་ཐོད་པ་ཕྲལ། ལུས་ཐོད་པའི་ནང་དུ་བཅུག །གནས་དེ་དང་གཞན་དུ་གནས་པའི་ལྷ་འདྲེ་ཐམས་ཅད་ལ་སྦྱིན་པར་བསམ་མོ། །མགྲོན་རྣམས་གཞན་དུ་ཕྲོས་གྱུར་ན། འགུགས་བྱེད་དམར་མོའ་དམིགས་པ་དགོས། ཞེས་གསུངས་པས། རྨི་ལམ་དུ་མི་མང་པོ་གྱེས་འགྲོ་བ་རྨིས་ན་མགྲོན་རྣམས་གྱེས་འགྲོ་བ་ཡིན་པས་དམིགས་པ་འདི་བྱ་སྟེ། རང་ལུས་ལས་འོད་ཟེར་དཔག་མེད་འཕྲོས་པས་ལྷ་འདྲེ་རྣམས་རང་དབང་མེད་པར་བཀུག་པར་བསམ་མོ། །མགྲོན་རྣམས་སྐྱུགས་བྲོ་བ་ལྟར་བྱུང་ན་སྤེལ་སྦྱོང་གཉིས་ཀྱི་དམིགས་པ་དགོས་ཞེས་གསུངས་པས། རྨི་ལམ་དུ་མི་སོགས་ལ་ཟས་སྦྱིན་པ་མི་ཟ་ན་སྐྱུགས་བྲོ་བ་ཡིན་པས། སྟེར་རྒྱུའི་ཟས་མང་པོ་དང་ཞིམ་པོ་རོ་བྲོ་བ་རྣམས་ལེགས་པོ་སོགས་སུ་བསྒྱུར་ནས་སྦྱིན་ནོ། །ཆོ་འཕྲུལ་ཆེ་ཞིང་ཚར་ཚད་དཀོན། །དེ་ལ་ཕྱུགས་པོ་ཐིབ་ནོན་དགོས། ཞེས་གསུངས་པས། ཚར་ཚད་མི་འོང་ཆོ་འཕྲུལ་ཆེ་ན། རང་ལུས་བེམ་པོ་དེ་རྗེ་བཙུན་མའི་ཕྱག་གཡས་ཀྱིས་ཁྱེར། སྲིད་རྩེའི་བར་གསོར། ས་ལ་བརྡབ་པས་ལུས་ལྷ་འདྲེ་ས་རྡོ་ཐམས་ཅད་འདྲེས་ནས་དབང་མེད་དུ་སྲོག་སྙིང་ཕུལ་བར་བསམ་མོ། །དེ་ལྟར་མཚུངས་མེད་བླ་མས་མཛད་པའི་གཅོད་ཚིགས་བཅད་མ་དེ་ལས་འཕྲལ་མཁོ་ལྷན་ཐབས་སུ་བྱས་པ་ཡིན་ཅིང་ཞིང། འདིར་མ་འཐུས་པའི་དཀར་འགྱེད་མགྲོན་བཞི་མ་ནི་ཐམས་ཅད་མཁྱེན་པ་རང་བྱུང་བས་མཛད་པ་ལྟར་ལུས་པོ་རོ་བརྒྱ་དང་ལྡན་པའི་དཀར་
༢༦༡ ཟླུམ་རི་རབ་ཙམ་དུ་བསམས་ནས་བླ་མ་དཀོན་མཆོག་དང་ཆོས་སྐྱོང་སྲུང་མ་དང་། ལྷ་སྲིན་སྡེ་བརྒྱད་དང་། ལན་ཆགས་བུ་ལོན་ཏེ་མགྲོན་རྣམས་ལ་སྦྱིན་ནོ། །ཞེས་པ་འདི་ཤཱཀྱའི་དགེ་སློང་དཀོན་མཆོག་འབངས་ཀྱིས་སྦྱར་བའོ།

རྡོ་རྗེ་རྣལ་འབྱོར་མ་ནང་སྒྲུབ་ཞལ་གཅིག་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་

༢༢༠ །ༀ་སྭ་སྟི། རྡོ་རྗེ་རྣལ་འབྱོར་མ་ནང་སྒྲུབ་ཞལ་གཅིག་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། བཤམས་བཀོད་ནི་སྟེགས་གཙང་མར་དཀྱིལ་འཁོར་རྒྱས་པར་སྒོ་རྫོགས་ཀྱི་དབུས་སམ། བསྡུ་ན་མེ་འོད་དང་རྡོ་རའི་དབུས་སུ་ཆོས་འབྱུང་རྐྱང་པའི་ལྟེ་བར་གྲི་ཐོད་དམ་བཾ་ཡིག་དམར་པོ་བྲི། མེ་ལོང་གི་སིནྡྷཱུ་རའི་དཀྱིལ་འཁོར་ཡང་ཆོས་འབྱུང་རྐྱང་པའི་བའིདབུས་སུ་བཾ་ཡིག་རྩ་སྔགས་ཀྱིས་བསྐོར་བ་བྲི། བཅས་གཞན་རྣམས་ལྷ་དགུ་དང་འདྲའོ། །དེ་ནས་སྒྲུབ་མཆོད་ནི། སྔོན་གཏོར་ནས་བཟུང་ཡེ་ཤེས་ཚོགས་གསོག་གི་བར་ལྷ་དགུ་ལྟར་བ་ཞིང་། བདག་བསྐྱེད་དངོས་གཞི་ནི། སྟོང་པའི་ངང་ལས་རང་ལུས་དག་པའི་གཞལ་ཡས་ཁང་ལྟེ་བར་ཆོས་འབྱུང་གི་ནང་དུ་པད་ཉི་དུས་མཚན་གྱི་སྟེང་ན་ངག་དག་པ་བཾ་ཡིག་དམར་པོ། །དེ་ཡོངས་སུ་གྱུར་པ་བལས། སེམས་དག་པ་རྗེ་བཙུན་མའི་སྐུར་གྱུར་པ་བནི། རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཁྲོ་
༢༢༡ ཆགས་འདྲེས་པའི་ཉམས་ཅན། ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའི་མཆན་ན་ཁ་ཾ་ག་བསྣམས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔ་སོགས་དུར་ཁྲོད་ཀྱི་ཆས་ཅན། གར་གྱི་ཉམས་དགུ་དང་ལྡན་ཞིང་། ཞབས་གཡས་བསྐུམ་པའི་མཐིལ་གཡོན་པའི་བརླ་ལ་སྦྱར་བའི་གར་སྟབས་ཀྱིས་དུས་མཚན་མ་བརྫིས་པའོ། །དེ་ནས་ལྟེ་བར་བཾ་ཡིག་དམར་པོ་གནས་པ་ལས་འོད་ཟེར་འཕྲོས་ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་བའིཞིང་ཁམས་ནས་རང་འདྲ་བའི་ཡེ་ཤེས་པ་ཕཻཾ་ཞེས་འབར་རྒྱ་དང་བཅས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་ལྟེ་བར་ༀ་བཾ་དམར་མོ། །སྙིང་གར་ཧོཾ་ཡོཾ་སྔོན་མོ། །མགྲིན་པར་ཧྲིཾ་མཾ་དཀར་མོ། །དཔྲལ་བར་ཧྲེཾ་ཧྲེཾ་སེར་མོ། སྤྱི་བོར་ཧཱུྃ་ཧཱུྃ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་རྣམས་གོ་ཆའི་དཔའ་མོ་དྲུག་གི་ངོ་བོར་གྱུར། ཡང་བཾ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་དབང་གི་ལྷ་ཕཻཾ་ཞེས་སྤྱན་དྲངས། བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པའི་ངོ་བོ་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར། དབང་ལྷ་བཛྲ་མུཿས་གཤེགས་སུ་གསོལ། དེ་ནས་ལྟེ་བའི་བཾ་ལས་མཆོད་པའི་ལྷ་མོ་དཔག་མེད་བྱུང་ནས་རྗེ་བཙུན་མ་གོ་ཆའི་དཔའ་མོ་དྲུག་དང་བཅས་པ་ལ་མཆོད་ཅིང་བསྟོད་པར་མོས་ལ། སོ་སོའ་ཕྱག་རྒྱ་དང་བཅས། ༀ་ཤྲཱི་བཛྲ་ཡོ་གཱི་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ཤབྡའི་བར་དང་། འབྲུ་གསུམ་གྱིས་ནང་མཆོད་ཕུལ་ལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་
༢༢༢ སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་ལེན་ཞིང་བཾ་ལ་ཐིམ་པར་གྱུར། དེ་ནས་ལྟེ་བར་ཉི་མ་ལ་གནས་པའི་བཾ་ཡིག་གི་མཐར་བཟླ་བྱའི་སྔགས་ཀྱིས་སུ་མ་རིམ་དུ་བསྐོར་བ་ལས་འོད་ཟེར་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པར་མོས་ལ། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡཻ། བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ངག་བཟླས་དང་ཡིད་བཟླས་ཅི་རིགས་པར་བྱའོ། །དེ་ནས་རྫོགས་རིམ་བསྒོམ་པ་ནི། སྐུ་དེ་ཉིད་ལས་མ་གཡོས་པར་གནས་བཞིར་འཁོར་བཞིའི་མཁའ་འགྲོ་རྣམས་ལ་གསལ་བཏབ་ལ་འཇམ་རླུང་འཛིན། ཡང་དེ་ལྟར་གསལ་བའི་ངང་ནས་སྤྱི་བོར་བླ་མ་སྒོམ་ལ་མོས་གུས་དྲག་ཏུ་བྱ། བསྒོམ་བློ་བསམ་གཏན་གྱི་འཆིང་བ་དང་ཐ་མལ་གྱི་རྣམ་རྟོག་སྤངས་ཏེ་རང་སེམས་མ་བཅོས་པར་བཞག་གོ །དེ་ནས་མདུན་གྱི་དཀྱིལ་འཁོར་དང་བུམ་པ་སྟབས་གཅིག་ཏུ་བསང་སྦྱངས། སྟོང་པའི་ངང་ལས་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པ་ལྟེ་བ་ཆོས་འབྱུང་གི་ནང་དང་རྣམ་རྒྱལ་བུམ་པའི་དབུས་སུ་པད་ཉི་དུས་མཚན་གྱི་གདན་ལ་བཾ་ཡིག་ཡོངས་སུ་གྱུར་བ་ལས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཞེས་པ་ནས། དེ་སྙེད་རྣམས་ཕྱག་འཚལ་ལོ། །ཞེས་བསྟོད་པའི་བར་བདག་བསྐྱེད་དང་འདྲ་བ་ལས། ལས་བུམ་སྒྲུབ་ན་དུས་མཚན་མ་བརྫིས་པའོ། །ཞེས་པའི་མཇུག་ཏུ་ལས་བུམ་དུ་ཁྲོ་བོ་བགེགས་མཐར་བྱེད་གསལ་བར་གྱུར། ཞེས་སྦྲེལ་ལོ། །བསྟོད་པ་སོང་བ་དང་། མདུན་བསྐྱེད་ལ་དམིགས་ནས། ལྟེ་བའི་བཾ་ཡིག །སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་
༢༢༣ བཾ་ཡིག་ལ་ཐིམ་པར་མོས་ནས། ༀ་གསུམ་མ་ཅི་འགྲུབ་བཟླ། བུམ་པར་གཟུངས་ཐག་གཏད་ལ། རང་གི་སྙིང་ག་ནས་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ཐུགས་དམ་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་མོས་ལ། རྣམ་བུམ་ལ་ༀ་གསུམ་མ་དང་། ལས་བུམ་སུམྦྷ་བཟླས་ལ། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་ཞུགསནས་བུམ་ཆུ་ནུས་ལྡན་དུ་གྱུར། དེ་ནས་གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ། ཧཱུྃ་གསུམ་ལས་ཐོད་པའི་སྒྱེད་པུ་ལ་གནས་པའི་ཨཱ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པ། ཡེ་ཤེས་ཞེས་བརྗོད་པས་རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་འཕར་བས་ལུད་པའི་ལྦུ་བ་ཁ་ཾ་གར་གྱུར་པ་བལས་ༀ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད་པས་དགྱེས་པ་ཆེན་པོས་མཉམ་པར་སྦྱོར་བའི་བྱང་སེམས་བབས་པ་འབྲུ་གསུམ་ཁ་ཾ་ག་དང་བཅས་པ་ལ་ཐིམ་ནས་རིམ་པར་ཞུ་བ་བདུད་རྩི་དང་གཅིག་ཏུ་འདྲེས་པས་སྣང་སྲིད་ཐམས་ཅད་བདུད་རྩིའི་རང་བཞིན་དུ་གྱུར། ༀ་ཨཱཿཧཱུྃ་ལན་གསུམ་མམ་བདུན་བརྗོད། ༀ་ཨཱ་རལླི་ཧོཿཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། དྲྀ་ཤྱཱ་ཧོཿཧཱུྃ་ཧཱུྃ། ཧེ་ཧེ་ཧ་ཧ་ཧི་ཧི། ཕེཾ་ཕེཾ་ཕེཾ། ཞེས་འབར་བའི་རྒྱ་དང་བཅས་པས་གཏོར་མགྲོན་རྣམས་མདུན་གྱི་ནམ་མཁའ་ལ་ཐིབས་ཀྱིས་བྱོན་པར་གྱུར། དེ་ནས་རྡོར་ཐལ་ཕྱེ་བའི་རྒྱ་དང་བཅས། ༀ་ན་མོ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི། ཀཱ་ལ་རུ་པཱི་ནཱི། ཛྭ་ལ་མུ་ཁི་ནཱི་ཧྲི། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་གསུམ་མམ་བདུན་གྱིས་གཙོ་བོ་ལ་ཕུལ། ༀ་བུདྡྷ་ཌཱ་ཀི་ནཱི། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། བི་ཤྲ་ཌཱ་ཀི་ནཱི། ས་མ་ཡ་ཌཱ་ཀི་ནཱི། ལོ་ཀ་སརྦ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་འཁོར་རྣམས་ལ་ཕུལ་།
༢༢༤ ༀ་ཨིནྡྲ་ཡ། ཨགྣི་ཡ། ཡ་མཱ་ཡ། རཀྵ་ས་ཡེ། ནཱི། ནཱ་ག་ཡ། ཝཱ་ཡ་ཝེ། ཀུ་བེ་རཱ་ཡ། ཨཱི་ཤྭ་ནཱ་ཡ། དེ་བ་ནི། སུ་ནི། ཙནྡྲ་ནི། ལོ་ཀ་དེ་བ། སརྦ་ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ཕྱོགས་སྐྱོང་དང་། ཞིང་སྐྱོང་རྣམས་ལ་ཕུལ་ནས། བསྟོད་པ་དང་ཕྲིན་ལས་བཅོལ་བ་ནི། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ནི། འཇིག་རྟེན་གསུམ་སོགས་རྒོལ་བས་མི་ཚུགས་ཤིང་། །འབྱུང་པོ་མ་ལུས་གྲི་གུག་ཆེན་པོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་དབང་ཐོད་པ་འཛིན། །ཁྲོ་མོའ་གཟུགས་བརྙན་ཤིན་ཏུ་དྲག་སྙེམས་མ། །རྨུགས་བྱེད་རེངས་བྱེད་རྨོངས་པས་རབ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་སྙེམས་ཤིང་ཞི་བར་མཛད། །རྣལ་འབྱོར་འདོད་པའི་དབང་ཕྱུག་ཁྱོད་ལ་འདུད། །བླ་མ་རྡོ་རྗེ་སློབ་དཔོན་དང་། །དུས་གསུམ་བདེ་གཤེགས་ཡི་དམ་ལྷ། །མ་དང་མཁའ་འགྲོའི་ཚོགས་རྣམས་དང་། །ཆོས་སྐྱོང་སྲུང་མའི་ཚོགས་བཅས་ལ། །མཆོད་སྦྱིན་གཏོར་མ་འདི་ཕུལ་བས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ་ལོ། །དེ་ནས་ཚོགས་མཆོད་དང་། སློབ་དཔོན་བདག་འཇུག་སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་རྣམས་ལྷ་དགུ་ལྟར་ལས། དབང་བཤད་སྐབས་ཕྱི་སྒྲུབ་ཞལ་གཉིས་མའི་ཞེས་པ་ནང་སྒྲུབ་དམར་ཆུང་མའི་ཞེས་དང་། ཡི་དམ་བསྟོད་པའི་སྐབས་པདྨ་མི་རོ་ཉི་མའི་ཞེས་པ་པད་ཉི་དུས་མཚན་མའི་ཞེས་དང་རྩ་ཞལ་ཁྲོ་བོ། གཡས་ཞལ་ཕག་གདོང་ཞེས་པ་གཉིས་སུ། ཞལ་གཅིག་ཕྱག་གཉིས་མ་ཞེས་བསྒྱུར་བ་ཁྱད་པར་རོ། །མཇུག་ཆོག་ནི་གཏོང་རག་མཆོད་བསྟོད། འདོད་གསོལ། དཀྱིལ་འཁོར་གཤེགས་བསྡུ་རྣམས་ཀྱང་ལྷ་དགུ་ལྟར་བྱའོ། །བསྔོ་སྨོན་ནི། སྐྱེ་ཞིང་སྐྱེ་བདག་ནི་ཐམས་ཅད་དུ། །བློ་ལྡན་རིགས་
༢༢༥ བཟང་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །རྡོ་རྗེ་ཕག་མོའ་འབྲས་བུ་མྱུར་ཐོབ་ཤོག །བཀྲ་ཤིས་ནི། རྡོ་རྗེ་ཌཱ་ཀིས་ལེགས་བྱིན་པའི། །ཐོགས་པ་མེད་པའི་བཀྲ་ཤིས་ཤོག །རིན་ཆེན་ཌཱ་ཀིས་ལེགས་བྱིན་པའི། །དབང་བསྐུར་མཆོག་གི་བཀྲ་ཤིས་ཤོག །པདྨ་ཌཱ་ཀིས་ལེགས །ཤེས་རབ་མཆོག་གི །ལས་ཀྱི་ཌཱ་ཀིས །ལས་རྣམས་གྲུབ་པའི །ཕྲིན་ལས་རྨད་དུ་བྱུང་བ་ཡི། །བདེ་ཆེན་དག་པའི་བཀྲ །བླ་མ་དམ་པས་ལེགས་བྱིན་པའི། །ཐུགས་རྗེ་གྲུབ་པའི །སྒྲུབ་ན་དངོས་གྲུབ་ལེགས་བྱིན་པའི། །རྣལ་འབྱོར་མ་ཡི །གང་ལ་སེམས་ཀྱི་དབང་ཐོབ་པའི། །འོད་གསལ་རྟོགས་པའི །སྐུ་གསུང་ཐུགས་ནི་དག་པ་ཡི། །ཕྱག་རྒྱ་ཆེན་པོའ་བཀྲ་ཤིས་ཤོག །ཅེས་ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། །དམར་ཆུང་མ་འདི་ནི་བརྒྱུད་པ་དང་པོའ་ལུགས་གཙོ་ཆེ་ཡང་། བརྒྱུད་པ་ཕྱི་མའི་ནང་ནའང་འདིའི་སྒྲུབ་ཐབས་བཞུགས་པ་ལྟར་དེ་ཉིད་དབང་བཙན་དུ་མཛད་ནས་བླ་མ་རྣམས་ཀྱིས་བཀའ་ཕྱི་མའི་ཆོས་སྡེའི་ཁོག་ཏུ་བསྡེབས་པར་མཛད་དོ། །ཤུ་བྷཾ།།

རྫོགས་ཆེན་པོ་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ཀྱི་སྙིང་པོ།

༣༨༠རྒྱ་གར་སྐད་དུ། མཱ་ཧཱ་སནྡྷི་མ་ཧཱ་ཨཱ་བ་རྟ་པྲ་སཱ་ར་ཎི་རཱ་ཛ་ཏནྟྲ་གརྦྷ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་རྒྱལ་པོའ་རྒྱུད་ཀྱི་སྙིང་པོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་དགོངས་པ་མ་ནོར་བར་གསུང་པ། འདི་ལ་གསུམ། གཞི་འཁོར་འདས་གྲུབ་པ་མེད་པའི་ཀློང་གི་དགོངས་པ་དང་། ལམ་ལྷ་སྒོམ་སྦྱོད་འབྲས་མ་བཅོས་ལྷུན་གྱིས་རྫོགས་པའི་ཀློང་གི་དགོངས་བ་དང་། འབྲས་བུ་མཐར་ཐུག་སྐུ་གསུམ་དབྱེར་མེད་ཀློང་གི་དགོངས་པའོ། །དང་པོ་ནི། ཐིག་ལེ་གཅིག་གི་ངོ་བོ་ལ། །སངས་རྒྱས་མ་རྒྱས་མེད་པར་གཅིག །སངས་རྒྱས་འབྲས་བུར་བཏགས་པ་ཡང་། །ཐོབ་པའི་ཡོན་ཏན་གཞན་ན་མེད། །སེམས་ཉིད་ཀློང་ཆེན་དེ་ཡི་མཐུ། །སེམས་ཅན་རྒྱུ་རུ་སྣང་བ་ཡང་། །འཁོར་བའི་ཉེས་དམིགས་ལོགས་ན་མེད། །བྱ་བྲལ་ཀློང་ཆེན་དེ་ཡི་རྩལ། །རྒྱུ་འབྲས་མེད་པའི་ཆོས་ཉིད་ལ། །སངས་རྒྱས་སེམས་ཅན་དབྱེར་མེད་དེ། །དེ་ལ་རང་གིས་བཅོས་སུ་མེད། །རྒྱུ་རྐྱེན་འབྲས་བུར་བཏགས་པ་ཡང་། །དཀྲི་དྲང་དོན་གྱིས་བསྟན་པ་ཟད། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །
༣༨༡དང་པོ་ནི། མ་ནོར་བ་ཡི་ཆོས་ཉིད་ལ། །མ་བཅོས་གནས་ཤིང་མ་བྱས་གསལ། །མ་འགགས་པ་ཉིད་ཡེ་ཤེས་ཀློང་། །དེ་བཞིན་ཉིད་ཀྱི་གནས་འདི་ལ། །ཡེངས་དང་མ་ཡེངས་མེད་པ་དང་། །གཡོ་དང་མི་གཡོ་མེད་པའི་ཕྱིར། །རྒྱལ་བའི་དགོངས་པ་འདི་ལས་མེད། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། མ་ནོར་ལྟ་བས་ཐག་བཅད་པའི་ཀློང་། མ་བཅོས་སྒོམ་པས་ཉམས་སུ་བླང་པའི་ཀློང་། མ་བྱས་སྤྱོད་པས་བོགས་དབྱུང་བའི་ཀློང་། །མ་འགགས་འབྲས་བུ་ཉམས་སུ་མྱོང་བའི་ཀློང་གི་དགོངས་པའོ། །དང་པོ་ནི། རྣམ་པར་དག་པའི་ཆོས་ཉིད་ལ། །རྒྱུ་འབྲས་རྫས་སུ་རྟོག་པ་ནི། །གྲུབ་མཐའ་ངན་པས་བཅིངས་པ་སྟེ། །འཁྲུལ་པས་དོན་ལས་གོལ་བའི་ཕྱིར། །བསྟན་ཞིང་བརྗོད་པ་རབ་ཏུ་དཀའ། །ཀློང་ཆེན་འཁྱིལ་པའི་མཁའ་དབྱིངས་ནི། །ཀུན་གྱི་གནས་ཆེན་ཡིན་པའི་ཕྱིར། །ཡུལ་ལ་སྤྱོད་ཅིང་རྣམ་པར་ཡན། །འཁྲུལ་པས་དོན་ལ་གོལ་བའི་ཕྱིར། །ཚད་མས་བཤིགས་པས་མི་ཤིགས་ཏེ། །ཀློང་ཆེན་རང་གི་མཐུ་ཡིས་གྲོལ། །རྟོག་མཐའ་བཅད་པས་མི་ཆོད་དེ། །ཀློང་ཆེན་རང་གི་སྟོབས་ཀྱིས་གཅོད། །རང་སེམས་ཚད་མའི་གདིང་ལྡན་པའི། །འགྱུར་མེད་
༣༨༢དོན་གྱི་གཡུང་དྲུང་ཡིན། །ལུང་རིག་དོན་གྱི་བྱ་ར་བས། །ལོག་རྟོག་ལྐུགས་པ་རྡུལ་དུ་བརླག །གཉིས་པ་ནི། ཕྱིར་མི་ལྡོག་པ་དོན་གྱི་ལུང་། །མཐའ་རུ་མི་སྟོང་འཛིན་པར་བྱེད། །ཤེས་རབ་མཚུངས་མེད་རིག་པའི་ཚད། །ཡུལ་དུ་མི་གཅོད་མཉམ་པའི་ཀློང་། །ཀུན་གྱིས་ཐུན་མོང་མ་ཡིན་པས། །འདི་ལ་བཙལ་ཞིང་བསྒྲུབ་ཏུ་མེད། །འདི་ལ་ཅིའང་བྱ་མི་དགོས། །དཀའ་ཐུབ་དཀའ་སྤྱོད་མི་དགོས་ཏེ། །འདི་ལ་སྦྱང་ཞིང་བགྲོད་དུ་མེད། །མ་བཅོས་རང་ས་ཉིད་དུ་གསལ། །སྟོབས་ལྡན་ཆགས་པའི་ཡུལ་མེད་པས། །ལམ་སྟེགས་འབྲས་བུ་ཐོབ་ཏུ་མེད། །གསུམ་པ་ནི། བྱར་མེད་ཡེ་ཀློང་དོན་འདི་ལ། །ཚིག་ཏུ་མཚོན་དུ་གདགས་གཞི་མེད། །ཡུལ་དུ་བྱ་རུ་དམིགས་གཏད་མེད། །ཏིང་འཛིན་བཟླས་པ་བྱ་མི་དགོས། །ཅི་ཞིག་བསྒྲུབ་ཅིང་གང་ལ་གནས། །བྱར་མེད་དོན་ལ་སྔགས་སུ་མེད། །ཇི་ལྟར་སྣང་ཞིང་གྲགས་པའི་ཆོས། །རང་ལས་བྱུང་བས་རང་གི་རྒྱན། །གཞན་དུ་འཛིན་པ་རྟོག་པའི་བློ། །དེ་ལ་ཞེན་པ་འཁྲུལ་པའི་སེམས། །གཟུང་འཛིན་མེད་ན་གྲོལ་བའི་ལམ། །རང་སེམས་དེ་རུ་མ་ཤེས་ན། །ཐབས་ཆེན་གཞན་དུ་བཙལ་དུ་མེད། །སྟོན་པ་རང་དུ་མ་ཤེས་ན། །ཀུན་ཏུ་བཟང་པོ་ལོགས་ན་མེད། །བསྟན་པ་རང་དུ་མ་ཤེས་ན། །ཐེག་པའི་རྣམ་གྲངས་གཞན་ན་མེད། །འཁོར་རྣམས་རང་དུ་མ་ཤེས་ན། །ཡུལ་གཞན་འདུ་ཤེས་སྐྱེ་བར་འགྱུར། །དུས་རྣམས་རང་དུ་མ་ཤེས་ན། །རེ་བའི་ཐག་པ་ཆོད་མི་འགྱུར། །དེ་ལྟར་གནས་པའི་དོན་འདི་ལ། །འཆིང་དང་གྲོལ་བ་གཉིས་སུ་མེད། །གཞལ་བྱ་འཇལ་བྱེད་ཚིག་གི་མཐའ། །དམིགས་པའི་ཡུལ་ལ་རྟོག་དཔྱོད་བྱེད། །ཡིད་དཔྱོད་ཤེས་པ་དོན་དུ་འཛིན། །བསྐལ་པ་བྱེ་བ་བརྒྱར་བགྲངས་ཀྱང་། །བྱར་མེད་དོན་དང་འཕྲད་མི་འགྱུར། །བཞི་པ་ནི། །རྣམ་དག་ལམ་ཆེན་ཀུན་འབྱུང་ཕྱིར། །སྐྱེ་བའི་སྒོ་ཡང་དགག་ཏུ་མེད། །མ་བཀག་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་སྐྱེ་བ་མེད། །
༣༨༣འཆི་བའི་ལམ་ཡང་བཅད་དུ་མེད། །མ་བཅད་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་འཆི་བ་མེད། །སྐྱེ་ཤི་མེད་པའི་བདུད་རྩི་འདི། །རང་ལ་གནས་པས་བཙལ་མི་དགོས། །གསུམ་པ་འབྲས་བུ་མཐར་ཐུག་སྐུ་གསུམ་དབྱེར་མེད་ཀློང་གི་དགོངས་པ་ནི། ཡོད་དང་མེད་པའི་ཁྱད་པར་ལས། །རྟག་དང་ཆད་པའི་གོལ་སར་བྱུང་། །མཐའ་གཉིས་དབྱིངས་ལ་མི་གནས་ཕྱིར། །མི་རྟོག་ཡེ་ཤེས་ཀློང་དུ་ཐིམ། །རང་བྱུང་ཡེ་ཤེས་སྐུ་བརྙེས་པས། །མཐའ་རྣམས་ཀུན་གྱི་མི་ནུབ་ཕྱིར། །རྒྱལ་མཚན་ནོར་བུ་རིན་པོ་ཆེ། །ཁྱད་པར་འཕགས་པ་མཆོག་གི་ལམ། །བླ་མེད་བདེ་གཤེགས་རྣམས་ཀྱི་ཐུགས། །ས་བཅུ་བྱང་ཆུབ་སེམས་དཔའི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་ལུས། །གཏེར་ཆེན་འདི་ལས་གཞན་མེད་པས། །ཀུན་གྱི་རང་བཞིན་འདི་རུ་གཅིག །གཅིག་པོ་མ་ངེས་ཕྱོགས་དང་བྲལ། །ནམ་མཁའ་ལ་བུར་ཁྱབ་པའི་ཀློང་། །མཚན་མ་མེད་པའི་དབྱིངས་སུ་ཐིམ། །ཆོས་ཀྱི་སྙིང་པོ་དབྱིངས་ཀྱི་ཀློང་། །ཀུན་འབྱུང་ནོར་བུ་རིན་པོ་ཆེ། །བགྲོད་མེད་རྩོལ་བྲལ་རིག་པའི་ཀློང་། །གཞི་རྩ་མེད་པའི་སེམས་ཉིད་ལ། །ཁ་དོག་དབྱིབས་ཀྱང་གཟུང་དུ་མེད། །ཡུལ་དང་གནས་ཀྱང་བསྟན་དུ་མེད། །ཐམས་ཅད་དེ་ཡིས་བསྐྱེད་པའི་ཕྱིར། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཡུམ། །ཐམས་ཅད་གནས་སུ་མེད་ལ་གནས། །ཀུན་ཀྱང་བསྟེན་དུ་མེད་ལ་བརྟེན། །ཕུ་བགྲོད་མདའ་བགྲོད་གར་ཕྱིན་ཀྱང་། །སེམས་ཉིད་ཀློང་ལས་མ་གཡོས་པས། །ཀུན་གྱི་དུར་ཁྲོད་ཆེན་པོའ་དབྱིངས། །མཚན་མ་དབྱིངས་སུ་དག་པའི་ཕྱིར། །རྣམ་དག་ཆེན་པོ་ཉམས་དགའི་ཀློང་། །ཡོན་ཏན་ཐམས་ཅད་འདུས་པའི་ཕྱིར། །ནོར་བུ་རིན་ཆེན་སྤུངས་པའི་ཁྲོད། །ཡུལ་དང་ཡུལ་ཅན་མེད་པའི་ཕྱིར། །བསམ་གྱིས་མི་ཁྱབ་སྐུ་གསུང་ཐུགས། །རྒྱལ་བ་ཀུན་གྱིས་རྟོགས་པའི་ཕྱིར། །དགོངས་པ་མ་ལུས་ཕུལ་དུ་ཕྱིན། །འགྲོ་དྲུག་
༣༨༤འཁྲུལ་པས་མ་རྟོགས་པས། །ལྷན་ཅིག་སྐྱེས་ཀྱང་ངོ་མ་ཤེས། །བློ་ཆུང་རྣམས་ཀྱིས་མ་གོ་བས། །བརྟགས་དང་དཔྱད་པའི་མཐའ་ལས་གྲོལ། །དེ་ནི་བློ་ལྡན་གང་ཞིག་གིས། །གཞན་དུ་མི་བལྟ་རང་དུ་བལྟ། །བལྟས་པས་མཐོང་བ་མེད་པ་དེ། མཉམ་པ་ཉིད་ཀྱི་དོན་མཐོང་ཡིན། །སྐུ་གསུམ་མཆོག་ཏུ་གྱུར་པས་ན། །ཆོས་ཀྱི་སྐུ་ཡི་ངང་ལ་གནས། །བླང་དོར་མེད་དང་སྐྱེ་འགག་མེད། །རྣལ་འབྱོར་ཆེན་པོ་ཞི་བའི་ས། །སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །མེད་པའི་སྙིང་པོ་ནམ་མཁའི་རྫོང་། །ཡོད་པའི་སྙིང་པོ་རྡོ་རྗེའི་སྐུ། །གཉིས་མེད་སྙིང་པོ་ཕྱོགས་དང་བྲལ། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཅིར་ཡང་མཚོན་དུ་མེད་པའི་ཕྱིར། །བསམ་ཞིང་བརྟགས་ཏེ་གང་ལ་དམིགས། །དམིགས་མེད་ཆོས་སྐུ་མཐའ་དང་བྲལ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའ་རྒྱུད་ལས། དོན་གྱི་སྙིང་པོ་བསྟན་བའི་ལེའུའོ། །དེ་ལྟར་རྫོགས་པ་ཆེན་པོ་ནང་ཀློང་སྡེ་ལ། ཀློང་དགུ་བམ་པོ་ཉེ་ཁྲི་ཆིག་སྟོང་དུ་གྲགས་པའི་རྒྱུད་སྡེ་རྒྱ་མཚོའ་མཐར་ཐུག་པ་ནི་ཀློང་ཆེན་རབ་འབྱམས་རྒྱལ་པོའ་རྒྱུད་ཡིན་ལ། དེའི་སྙིང་པོར་གྱུར་པ་ནི་དོན་གྱི་སྙིང་པོ་བསྟན་པའི་ལེའུ་བཞི་པ་འདི་ཡིན་པར་གསུངས་པས་ཁོལ་དུ་ཕྱུངས་ནས་ཡིག་རྙིང་ལྟར་ས་བཅད་མདོ་ཙམ་མཆན་དུ་བགྱིས་པ་སྟེ། རྒྱས་པར་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་འགྲེལ་བ་རིན་པོ་ཆེའི་ཕྲ་བཀོད་ལྟར་ཤེས་པར་བྱའོ།

༄༅། །ལྔ་ཚན་ལྔའི་མཎྜ་ལ་འབུལ་བའི་ཆོ་ག་ཡིད་བཞིན་དྲྭ་བ་བཞུགས་སོ༎

༡༠༡ལྔ་ཚན་ལྔའི་མཎྜལ་འབུལ་བའི་ཆོ་ག་ཡིད་བཞིན་དྲྭ་བ་བཞུགས་སོ།། །རབ་ཏུ་སྤྲོས་པ་མེད་པའི་དབང་གི་ཚེ་ལྔ་ཚན་ལྔའི་མཎྜལ་རིམ་པས་འབུལ་ཞིང་མགྲིན་གཅིག་ཏུ། ༀ་ཨཱཿཧཱུྃ། ཕྱོགས་བཅུའི་ཞིང་ཁམས་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་རིན་པོ་ཆེ་སྣ་ཚོགས་ཀྱི་ས་གཞི་ལ་དྲི་དང་། སྨན་དང་། སྤོས་དང་། འབྲུ་དང་། མེ་ཏོག་གི་ཚོགས་དཔག་ཏུ་མེད་པ་བཀྲམ་ཞིང་། ནོར་བུ་སྣ་ཚོགས་ཀྱི་རི་དང་། ཤིང་དང་། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང་། གདུག་དང་། རྒྱལ་མཚན་དང་། བ་དན་དང་། བླ་བྲེ་དང་། རོལ་མོའ་ཚོགས་དཔག་ཏུ་མེད་པའི་སྤྲིན་ཕུང་གཏིབས་ཤིང་། ལྷ་དང་མིའི་འབྱོར་པ་ཚད་མེད་པའི་མངའ་ཐང་ཆེན་པོས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལེགས་པར་བཀོད་དེ། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའ་ཚོགས་དང་བཅས་པ་རྣམས་ལ། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟག་པ་རྒྱུན་གྱི་འཁོར་ལོར་འབུལ་ལོ། །རིན་ཆེན་ས་གཞི་མེ་ཏོག་གིས་བཀྲམ་དྲི་ཞིམ་སྨན་གྱི་སྐྱེད་མོས་ཚལ། །སྤོས་དང་འབྲུ་མང་ནོར་བུའི་ཕུང་པོས་དཔག་ཡས་ནམ་མཁའི་དབྱིངས་བཀང་སྟེ། ཏིང་འཛིན་རོལ་མོ་ཤིན་ཏུ་མཐའ་ཡས་འཇུག་པའི་སྤྲིན་གྱི་ཚོགས་ཆེན་གྱིས། །ཕྱི་མའི་མུ་མཐར་འགྲོ་སྒྲོལ་སླད་དུ་ཀུན་ནས་དགེ་བའི་སེམས་ཀྱིས་མཆོད། །སྣ་ཚོགས་ནོར་བུ་འབར་བའི་སྤྲིན་ལ་སོགས། །ལྔ་ཚན་ལྔ་ལྡན་མཎྜལ་འདི་འབུལ་བས། །གནས་སྐབས་ལྷ་མིའི་འབྱོར་པས་མངོན་མཐོ་ཞིང་། །མཐར་ཐུག་ཀུན་བཟང་ཞིང་ལ་སྤྱོད་པར་ཤོག །སེམས་གཙང་དགེ་བའི་མཆོད་སྤྲིན་དམ་པ་འདིས། །དཔག་ཡས་ཞིང་དུ་མཆོད་པའི་ཆར་འབེབས་ཤིང་། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཏེ། །འགྲོ་བའི་བསམ་དགུ་ཡིད་བཞིན་འགྲུབ་པར་
༡༠༢ཤོག །ཞིང་རྣམས་རྒྱལ་སྲས་འབྱོར་པས་ཡོངས་བཀང་ཞིང་། །འགྲོ་ཀུན་རྟག་ཏུ་དགེ་བའི་ཆོས་ལ་སྤྱོད། །ཐར་པའི་གྲོང་དུ་ཕྱམ་ཅིག་ཡོངས་བགྲོད་དེ། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་པར་བྱའོ། །མཎྜལ་འབུལ་བའི་ཆོ་ག་ཡིད་བཞིན་དྲ་བ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

༈ །ཐུན་བཞིའི་དམིགས་རིམ་ཟིན་བྲིས་བཞུགས་སོ༎ ༎

༢༨༦ ༈ །ཐུན་བཞིའི་དམིགས་རིམ་ཟིན་བྲིས་བཞུགས་སོ། །ན་མོ་གུ་རུ་ཀརྨ་ཀཱ་ཡེ། ངོ་བོ་སྤྱན་རས་གཟིགས་དབང་དངོས་ཡིན་ཞིང་། །གུ་རུ་མཚན་བརྒྱད་ཞང་གི་སྐུ་བརྒྱད་དང་། །ཀརྨ་རབས་བརྒྱད་ངོ་བོ་གཅིག་པར་བཤད། །དེ་ཕྱིར་ཞང་གི་བཀའ་འབུམ་བཀའ་རྒྱ་ལས། །བཏུས་ཤིང་ཅུང་ཟད་བསྣོན་ཁ་བཏབ་ནས་ཀྱང་། །མི་བསྐྱོད་རྡོ་རྗེས་ཐུན་བཞི་འདི་ཉིད་མཛད། །འདི་ཡི་དམིགས་རིམ་དབང་ཕྱུག་རྡོ་རྗེ་ལ། །ཡང་རི་དྲུང་པོ་བསོད་ནམས་བཟང་པོ་ཡིས། །ཞུས་ནས་མཛད་པའི་རྒྱས་པ་ཡོད་མོད་ཀྱང་། །གཞུང་འདིའི་དམིགས་རིམ་ཁོ་ན་མ་ཡིན་ཞིང་། །ཕྱག་ཆེན་ཆོས་དྲུག་མོས་གུས་ཕྱག་ཆེན་གསུམ། །དོན་བསྡུས་དམིགས་རིམ་ཧ་ཅང་མང་དྲག་ཅིང་། །བར་སྐབས་འདོན་ཆ་སབ་རྒྱུ་མང་བའི་ཕྱིར། །འདི་ཉིད་འདོན་པའི་སྲོག་ནི་མ་བྱུང་ངོ་། །མགོ་འདི་མ་ནམ་བཞི་བསྐོར་འདོན་སྲོལ་སྣང་། །འདི་ཡི་གཞུང་ཚིག་ཉིད་ཀྱི་བསྒོམ་བྱ་ནི། །རང་ཉིད་ཐ་མལ་གནས་པའི་སྤྱི་བོའི་ཐད། །མཁའ་འགྲོ་དམར་མོ་མཛེས་ཤིང་ཡིད་དུ་འོང་། །དབུ་སྐྲ་སིལ་བུ་སྤྱན་གསུམ་ནམ་མཁར་གཟིགས། །སེང་ལྡེང་ཌཱ་རུ་བྷནྡྷ་བདུད་རྩི་བསྣམས། །རྒྱན་མེད་གཅེར་བུ་གཟི་མདངས་འོད་ཟེར་འབར། །ཟག་མེད་བདེ་བ་ཆེན་པོ་རྒྱས་པའི་ཕྱིར། །གར་སྟབས་རྣམ་འགྱུར་སྣ་ཚོགས་ཅིར་ཡང་སྟོན། །དཀར་མོ་སེར་མོ་དམར་མོ་ལྗང་མོ་དང་། །སྔོན་མོ་ནག་མོ་ཁྲ་མོའི་སྐུ་མདོག་ཅན། །དེ་འདྲ་གྲངས་མེད་བྱེ་བ་དུང་ཕྱུར་རྣམས། །ནམ་མཁའ་བར་སྣང་གང་བར་རྡུལ་བཞིན་འཚུབས། །དེ་དབུས་སྤྱི་གཙུག་ཐད་ནས་ཀྱི་ནམ་མཁའ་ལ། །འཇའ་གུར་འོད་ཕུང་འཁྲིགས་པའི་གུར་ཁང་ན། །པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །མི་བསྐྱོད་རྡོ་རྗེ་ཆོས་དབྱིངས་རྡོ་རྗེ་སོགས། །རང་གི་གང་མོས་རྒྱལ་བ་ཀརྨ་པ། །ཆོས་གོས་ངུར་སྨྲིག་ཞྭ་ནག་གསེར་མདངས་ཅན། །
༢༨༧ ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསྒོམ། །ན་མོ་གུ་རུ་ཞེས་བྱ་ནས་བཟུང་སྟེ། །གསོལ་བ་འདེབས་པའི་དུས་བར་དམིགས་པ་ཡིན། །དེ་ནས་སྣང་ཞིང་སྟོང་ལ་ཞེས་པ་ནས། །ཐུགས་ཀྱི་བྱིན་གྱིས་རློབས་ཤིག་བྱ་བའི་བྱར། །སྐུ་གསུང་ཐུགས་ལ་རྩེ་གཅིག་གསོལ་བཏབ་པས། །བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་ནི། ཁ་དོག་སྣ་ཚོགས་ནམ་མཁའ་ཁྱབ་པར་འཕྲོས། །སྟོང་གསུམ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ནི། །ཀརྨ་པ་ཉིད་བྱེ་བ་ཕྲག་བརྒྱ་སོགས། །ཞིང་ཁམས་ཐམས་ཅད་སྤྲུལ་པས་ཁྱབ་རྣམས་དང་། །སངས་རྒྱས་བྱང་སེམས་ཀུན་གྱི་ཐུགས་རྗེ་བསྐུལ། །ཐམས་ཅད་ཀརྨ་པ་ཡི་སྐུར་གྱུར་ཏེ། །དགེ་སློང་ཆ་ལུགས་ཞྭ་ནག་གསེར་མདངས་ཅན། །ཕྱག་ཞབས་བཞི་པོ་བྱིན་རློབས་ཕྱག་རྒྱ་མཛད། །འཇའ་འོད་མེ་ཏོག་ཆར་དང་སྤོས་དྲིར་བཅས། །ནམ་མཁའ་བར་སྣང་གང་བར་བྱོན་ནས་ཀྱང་། །ཐམས་ཅད་སྤྱི་བོའ་ཀརྨ་པ་ལ་ཐིམ། །དེ་ལྟར་བསྒོམ་ཞིང་གུ་རུ་རཏྣ་ནས། །ཞི་བར་མཛོད་པར་དབྱངས་དང་བཅས་པས་འདོན། །འདི་རྣམས་སྤྱན་འདྲེན་བྱིན་འབེབས་གཉིས་ཀ་ཡིན། །འདི་ལྟར་དངོས་སུ་བྱོན་པས་སི་ཏུ་པའི། །ཞལ་གཟིགས་ཐང་ཀ་ཡང་ནི་བྲི་སྲོལ་བྱུང་། །དེ་ནས་ནམ་མཁའ་བར་སྣང་གང་བ་ཡི། །མཁའ་འགྲོ་ཐམས་ཅད་གཅིག་ལ་གཅིག་ཐིམ་ནས། ཁ་དོག་ལྔ་དང་ནག་མོ་ཁྲ་མོ་བདུན། །སྤྱི་བོའ་ཀརྨ་པ་ལ་བསྐོར་ནས་བཞུགས། །ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་མོ་ལས། །འོད་ཟེར་ལྗང་གུ་བདག་དང་བསྲུང་བྱ་ལ། །ཕོག་པས་ཕྲག་དོག་ལས་གྱུར་ནད་གདོན་གྲིབ། །ཐམས་ཅད་བ་མོར་ཉི་ཟེར་ཕོག་ལྟར་བསལ། །ཚེ་རབས་ཐོག་མ་མེད་ནས་ད་ལྟ་ཡན། །ཕྲག་དོག་ལས་གྱུར་སྡིག་སྒྲིབ་ཉེས་ལྟུང་ཀུན། །ལས་ཀྱི་མཁའ་འགྲོའི་དྲུང་དུ་བཤགས་
༢༨༨ པར་བསྒོམ། །དེ་བཞིན་རིན་ཆེན་མཁའ་འགྲོ་སེར་མོ་ལས། །འོད་ཟེར་གསེར་མདོག་འཕྲོས་པས་ང་རྒྱལ་ལས། །གྱུར་པའི་ནད་གདོན་གྲིབ་སོགས་བསལ་བ་དང་། །དེའི་དྲུང་དུ་ང་རྒྱལ་སྡིག་སྒྲིབ་བཤགས། །པདྨ་མཁའ་འགྲོ་དམར་མོའ་འོད་ཟེར་གྱིས། །འདོད་ཆགས་ལས་གྱུར་ནད་གདོན་གྲིབ་སོགས་བསལ། །ནད་གདོན་སྡིག་སྒྲིབ་དེའི་དྲུང་དུ་བཤགས། །སངས་རྒྱས་མཁའ་འགྲོ་དཀར་མོའ་འོད་ཟེར་གྱིས། །གཏི་མུག་ལས་གྱུར་ནད་གདོན་གྲིབ་རྣམས་བསལ། །དེ་ཡིས་དྲུང་དུ་གཏི་མུག་ཉེས་ཀུན་བཤགས། །དམ་ཚིག་མཁའ་འགྲོ་ནག་མོའ་འོད་ཟེར་ནི། །མཐིང་ནག་འཕྲོས་པས་དམ་ཚིག་ཆགས་ཉམས་བསལ། །ནག་མོ་འདི་ནི་དཔལ་ལྡན་ལྷ་མོར་གཅིག །དེ་ཡི་དྲུང་དུ་དམ་ཚིག་ཉམས་ཆགས་བཤགས། །རྡོ་རྗེ་མཁའ་འགྲོ་སྔོན་མོའ་འོད་ཟེར་གྱིས། །ཞེ་སྡང་ལས་གྱུར་ནད་གདོན་གྲིབ་སོགས་བསལ། །དེའི་དྲུང་དུ་ཞེ་སྡང་སྡིག་སྒྲིབ་བཤགས། །སྣ་ཚོགས་མཁའ་འགྲོ་སྐུ་མདོག་ཁྲ་མོ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པ་ཡིས། །དུས་གསུམ་ཆ་མཉམ་སྒོ་ནས་བསགས་པ་ཡི། །ནད་གདོན་གྲིབ་སོགས་མ་ལུས་ཐམས་ཅད་བསལ། །འགལ་འཁྲུལ་ཉེས་ལྟུང་ཐམས་ཅད་དེ་ལ་བཤགས། །འདི་ནི་སྒྲིབ་སྦྱོང་མཆོག་ཏུ་གྱུར་པ་སྟེ། །སྤྲོས་མེད་དམིགས་པའི་མཁའ་འགྲོ་གྲིབ་སེལ་ཡིན། །འདི་ཉིད་འདི་རུ་དགོས་དོན་ཅི་ཞེ་ན། །ཆགས་ཉམས་སྡིག་སྒྲིབ་ལྡན་པའི་མི་དེ་ལ། །བླ་མའི་བྱིན་རླབས་འཇུག་པར་དཀའ་བ་སྟེ། །བྱིན་རླབས་མ་ཞུགས་ཉམས་རྟོགས་སྐྱེ་མི་སྲིད། །དེ་ཕྱིར་ཐོག་མར་སྡིག་སྒྲིབ་སྦྱོང་ཕྱིར་ཡིན། །ནད་པ་སོགས་ལ་གྲིབ་སེལ་བྱེད་ན་ཡང་། །དཔལ་འབར་གཙང་མ་མཐོ་ཚད་བདུན་བྱས་ལ། །དགེ་འདུན་པ་རྣམས་ཞྭ་ཁྲ་ཆོས་གོས་བྱས། །བླ་མས་ཕྱག་གཉིས་རྡོ་རྗེ་རྩེ་གཅིག་གིས། །ཕྱག་རྒྱས་དཔལ་འབར་ནད་པའི་སྟེང་དུ་བཟུང་། །དེ་
༢༨༩ ཉིད་གོང་ལྟར་མཁའ་འགྲོ་མར་བསྒོམ་སྟེ། །དེ་ཡི་འོད་ཀྱིས་ནད་གདོན་གྲིབ་བསལ་བསྒོམ། །མཁའ་འགྲོ་རེ་རེའི་ཤོ་ལོ་ཀ་རེ་ལ། །མེ་རུ་ཟད་ལ་ཁད་བར་ཝོར་ལ་འདོན། །མེ་རུ་ཟད་ནས་དེ་ཉིད་ཕྱིར་ལ་དོར། །དེ་འདྲ་དཔལ་འབར་བདུན་པོ་རིམ་བཞིན་བྱ། །གོང་འོག་ཐུན་བཞིའི་གཞུང་བཞིན་ཚང་མ་འདོན། །མཇུག་ཏུ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར། །འདི་ཡི་ལུགས་ཀྱི་མཁའ་འགྲོ་གྲིབ་སེལ་གྱི། །ཕྱག་ལེན་ཡིན་ཞེས་སློབ་དཔོན་རྣམས་ཀྱིས་གསུངས། །དེ་ནི་ཞོར་བྱུང་ཙམ་གྱིས་བཤད་པ་ཡིན། །དངོས་གཞི་མཁའ་འགྲོ་གསོལ་འདེབས་ཚར་བའི་མཇུག །མཁའ་འགྲོ་བདུན་པོ་མཁའ་འགྲོ་དམར་མོར་ཐིམ། །དེ་ཉིད་འོད་ཞུ་རང་ལ་ཐིམ་པ་ཡི། །རང་ལུས་ཐ་མལ་ལུས་འདི་གནས་འགྱུར་ནས། །རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ལ། །གཅེར་བུ་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན། །རྒྱན་ཆ་གཞན་མེད་མེ་ཏོག་དམར་པོས་བརྒྱན། །གྲི་གུག་བདུད་རྩིས་གང་བའི་་ཐོགས། །ཕག་ཞག་མེད་ཅིང་སྤྱན་གསུམ་ནམ་མཁར་གཟིགས། ཁ་ཊྭཱཾ་མེད་ཅིང་གཡས་བརྐྱང་གཡོན་བསྐུམ་གྱིས། །འོད་ཕུང་དཀྱིལ་དུ་པད་ཉིའི་གདན་ལ་བཞུགས། །དེ་ནས་སྤྱི་གཙུག་བཞུགས་པའི་ཀརྨ་པ། །མདུན་དུ་བྱོན་ནས་བདེ་མཆོག་སྐུར་གྱུར་ཏེ། །སྐུ་མདོག་སྔོན་པོ་སྤྱན་གསུམ་ཁྲོ་ཞིང་མཛུམ། །དབུ་སྐྲ་ཐོར་ཚུགས་ཟླ་ཕྱེད་རྡོ་རྗེས་མཚན། །སྟག་ལྤགས་ཤམ་ཐབས་གླང་ཆེན་ཀོ་རློན་གསོལ། །རུས་པའི་རྒྱན་དྲུག་གསོལ་ཞིང་མེ་ཕུང་འབར། །ཕྱག་གཉིས་ཆོས་འབྱུང་ཕྱག་རྒྱ་སྤྱི་བོར་མཛད། །ཞབས་གཡས་བརྐྱང་ཞིང་གཡོན་པས་གར་སྟབས་མཛད། །དེ་ལ་རང་ཉིད་མཁའ་འགྲོའི་ཕྱག་གཡོན་གྱིས། །བདུད་རྩི་དྲངས་པས་ཡེ་ཤེས་མེ་རབ་འབར། །དེ་ནས་རང་ཉིད་མཁའ་འགྲོའི་འོད་ཟེར་གྱིས། །དེ་ཉིད་བྷ་གའི་ནང་ནས་སྤྱན་དྲངས་ཏེ། །རང་ཉིད་མཁའ་འགྲོའི་ཐུགས་ཀར་པད་ཉིར་བཞུགས། །
༢༩༠ སྐབས་འདིར་རང་ཉིད་གཅིག་པུ་ཡིན་ན་ནི། །བུམ་ཅན་རླུང་ནི་དྲག་ཏུ་གང་བར་བྱ། །གཅིག་པུ་མིན་ན་བར་རླུང་བཟུང་བས་འཐུས། །དེ་ནས་སྙིང་གའི་ཧེ་རུ་ཀ་དེ་ཡི། །དཔྲལ་བར་ༀ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་ལྟེ་བར་ཧོཿསེར་པོ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་དང་ནི། །ཡེ་ཤེས་བཞི་ཡི་ངོ་བོ་ཡིན་པར་བསྒོམ། །ནམ་མཁའ་གང་ནས་ༀ་ཞེས་བྱ་བའི་བར། །ཚིག་འབྲུ་བཞི་དེ་ལན་གསུམ་གྱེར་བར་བྱ། །དེ་ནས་སྙིང་གི་སངས་རྒྱས་ཀུན་འདུས་པའི། །ཧེ་རུ་ཀ་དཔལ་ཀརྨ་པ་དེ་ལ། །བཟོད་བླག་མེད་པའི་དད་གུས་རྩེ་གཅིག་པས། །རྗེ་བཙུན་དམ་པ་ཞེས་པ་ནས་བཟུང་སྟེ། །ཐམས་ཅད་མཁྱེན་པའི་བར་དུ་ཚར་གཅིག་འདོན། །ཀརྨ་པ་མཁྱེན་དེ་ལ་བསྙེན་པ་བྱ། །སྙིང་ནས་བྱིན་གྱིས་རློབས་ཤིག་ཟེར་སྐབས་དེར། །སྙིང་གའི་ཀརྨ་པ་དེ་འོད་དུ་ཞུ། །ཀརྨ་པ་ཡི་སྐུ་གསུང་ཐུགས་དང་ནི། །རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་འདྲེས། །རང་ཉིད་མཁའ་འགྲོ་མ་ཡང་འོད་དུ་ཞུ། །དེ་ཡང་ནམ་མཁར་འཇའ་ཚོན་ཡལ་བཞིན་ལ། །ཅི་ཡང་མི་དམིགས་ཕྱག་ཆེན་ཉམས་ལེན་ངང་། །དཔལ་ལྡན་བླ་མ་དམ་པ་ཞེས་ཞེས་པ་ནས། །མི་འབྲལ་ཤོག་ཅེས་བར་དུ་བརྗོད་པ་ཡིས། །འཁོར་གསུམ་ཡོངས་དག་དམིགས་མེད་བསྔོ་བ་ཡི། །མོས་གུས་གསོལ་འདེབས་བྱིན་རླབས་ལ་བརྟེན་ནས། །འཕྲལ་དུ་གང་ཤར་ངོ་བོ་སྐྱོང་དེ་ལ། །གེགས་དང་གྲོལ་ས་གཅིག་ཀྱང་མི་འབྱུང་བ། །མོས་གུས་ཕྱག་ཆེན་གསང་སྔགས་ཉེ་ལམ་ཡིན། །སྐྱེ་བ་ཀུན་ཏུ་དཔལ་ལྡན་ཀརྨ་པ། །ཞེས་སོགས་སྨོན་ལམ་འདི་ལ་འཇུག་སྒོ་གཉིས། །གལ་ཏེ་མི་ནས་མི་རུ་སྐྱེས་ན་ནི། །སངས་རྒྱས་སྟོང་གིས་བསྟན་པ་མ་རྫོགས་པར། །ཀརྨ་པ་ཡི་སྤྲུལ་པ་མི་རྫོགས་པས། །དེ་དག་བླ་མར་བསྟན་པའི་སྨོན་ལམ་ཡིན། །གལ་ཏེ་བདེ་བ་ཅན་དུ་སྐྱེ་འདོད་ན། །ཀརྨ་པ་དངོས་འཕགས་པ་སྤྱན་རས་གཟིགས། །འོད་དཔག་མེད་པའི་ཉེ་གནས་ཚུལ་དུ་བཞུགས། །དེ་ཉིད་བླ་མར་བསྟེན་པའི་སྨོན་ལམ་ཡིན། །དེ་དོན་འབྲེལ་པ་ཐོགས་ཆོག་འཇུག་ན་གསལ། །ཐུན་བཞི་
༢༩༡ འདི་ནི་བླ་སྒྲུབ་མཆོག་ཡིན་ཏེ། །རྫོགས་རིམ་བསྐལ་བ་དུ་མའི་བར་དག་ཏུ། །འདུ་འཛི་རྣམ་གཡེང་སྤངས་ནས་སྒོམ་པ་དང་། །ཡི་དམ་དཀྱིལ་འཁོར་བྱེ་བ་སྒོམ་པ་ལས། །བླ་མ་ལན་གཅིག་སྒོམ་པ་ལྷག་པ་དང་། །ཡི་དམ་བསྙེན་སྒྲུབ་ས་ཡ་བྱས་པ་བས། །བླ་མའི་གསོལ་འདེབས་གཅིག་ནི་ལྷག་པའི་ཚུལ། །གསང་སྔགས་རྒྱུད་སྡེ་རྣམས་ལས་གསུངས་པའི་ཕྱིར། །ཡང་ཟུར་གྲྭ་གསུམ་སྒོམ་གྲྭ་ལ་སོགས་སུ། །ཉིན་གསུམ་མཚན་གསུམ་འདི་ལ་ཐུན་བཟུང་སྟེ། །གསོལ་འདེབས་ཚིགས་བཅད་ལ་སོགས་འདོན་སྲོལ་ཡོད། །སྲོད་དང་ཐོ་རངས་ནམ་ཕྱེད་ལེན་གསུམ་དུ། །འཁར་རྔ་བཏང་རྗེས་ཆོས་ཁྲིམས་པ་དེ་ཡིས། །སྒར་པ་བསྐོར་ཞིང་ཅོག་པུ་ཐམས་ཅད་ཉུག །མ་བཏོན་གཉིད་ནི་བསྡད་ན་ཆད་པ་ཡོད། །ཀཾ་ཚང་ཉམས་ལེན་རྩ་བ་འདི་རང་ཡིན། །འདི་ལྟར་གསོལ་བ་འདེབས་པར་བྱེད་པའི་ཡུལ། །གསོལ་བ་ཁྱི་བཏབ་ཕག་བཏབ་སངས་མི་རྒྱ། །བླ་མ་མིན་པ་བླ་མར་མ་བཅོས་པ། །བླ་མ་ཡིན་པར་བླ་མར་བྱོན་པ་ཡི། །སངས་རྒྱས་མཉན་པ་འདྲ་ཞིག་དགོས་ཞེས་གསུངས། །དེ་དོན་་ཐུབ་པས་ལུང་བསྟན་ཅིང་། །ཨུ་རྒྱན་པདྨས་མཚན་རྣམས་བཏགས་པ་ཡི། །དྭགས་པོ་དུས་གསུམ་མཁྱེན་པ་ནས་བཟུང་སྟེ། །ཆོས་དབྱིངས་རྡོ་རྗེ་ཡེ་ཤེས་རྡོ་རྗེ་དང་། །བྱང་ཆུབ་རྡོ་རྗེ་བདུད་འདུལ་རྡོ་རྗེ་སྟེ། །བཅུ་གསུམ་འདི་དག་སྤྱན་རས་གཟིགས་དབང་དངོས། །དེ་དག་ནོར་འཁྲུལ་འོང་བའི་སྐབས་མེད་དེ། །གོང་མས་རྒྱབ་མ་གང་འཁྲུངས་བཀའ་ཤོག་བཞག །མཆོག་གི་སྤྲུལ་སྐུ་ཙཱ་རི་མཚོ་དཀར་དུ། །སྐུ་མཚམས་མཛད་ཅིང་ཐུགས་དམ་བརྟག་པ་སྲོལ། །དེ་ཚེ་ཡི་དམ་མཁའ་འགྲོའི་ལུང་བསྟན་གསལ། །དེ་ཕྱིར་བརྒྱུད་པ་འདི་རུ་ཞུགས་ཕྱི་ནས། །དམ་ཆོས་ཚུལ་བཞིན་ཉམས་སུ་མ་ལོན་ཀྱང་། །བླ་མའི་ཕྱོགས་སུ་མགོ་བོ་བསྟན་བྱས་ཏེ། །ཉལ་ནས་བསྡོད་ཀྱང་དོན་ཆེན་འགྲུབ་བོ་གསུངས། །ཞེས་པ་གྲྭ་སློབ་རྣམས་ལ་ཕན་པའི་ཕྱིར། །རཱ་ག་ཨ་སྱས་ཚིག་ཉུང་དོན་འདུས་སྨྲས། །བཤེས་གཉེན་མཐར་ཕྱིན་ཞེས་བྱས་ཡི་གེར་བཀོད། །འདི་ལ་འགལ་འཁྲུལ་ཉེས་པ་གང་མཆིས་བཤགས། །དགེ་བས་འདི་ཉིད་མཐོང་ཐོས་དྲན་རེག་རྣམས། །མོས་གུས་ཕྱག་ཆེན་ཡེ་ཤེས་འབར་བར་ཤོག །

༄༅། །བརྡའ་དོན་གསལ་བའི་ཁྲིད་ཡིག་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ་བཞུགས་སོ༎

༤༣༣བརྡའ་དོན་གསལ་བའི་ཁྲིད་ཡིག་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ་བཞུགས་སོ། །
༤༣༤རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །འདིར་ཤིན་ཏུ་ཉེ་བརྒྱུད་ལས་འོངས་ཤིང་མཚོན་བྱེད་བརྡའི་མཎྜལ་གྱི་སྒོ་ནས་མཚོན་བྱ་ལམ་འབྲས་བུ་དང་བཅས་པའི་དོན་གཏན་ལ་འབབས་པའི་འཁྲིད་ཡིག་ཀྱི་རིམ་པ་ནི། གཞུང་འཁྲིད་རྒྱས་པ་ཐོབ་ཅིང་འདིའི་བྱིན་རླབས་ཐོབ་པའི་རྣལ་འབྱོར་པས་ཉམས་སུ་བླང་བ་ལ་གཉིས་ཀྱི་དང་པོ་སྔོན་འགྲོ་ལ་བསགས་སྦྱངས་གཉིས། སྦྱང་བ་རྣམ་གསུམ་རྒྱས་པ་བཞིན་ནོ། །གཉིས་པ་ཐུན་གྱི་སྔོན་འགྲོ་ལ། སྒོམ་པ་གསུམ་དང་གནད་ལ་དབབ་པ་གསུམ་རྒྱས་པ་བཞིན་ལ་སྒོམ་པ་སྔོན་ལ་བྱེད། གཉིས་པ་དངོས་གཞི་ལ་གཉིས་ཀྱི་དང་པོ་ཤེས་རབ་ལྟ་བས་ཐག་བཅད་པ་ནི། ཆུ་ཟླ་ལྟ་བུ་གཅིག་གི་སྟེང་དུ་སྣང་བ་སེམས། དེ་སྒྱུ་མ། དེ་རྟེན་འབྲེལ་དང་བརྗོད་བྲལ་དུ་གཏན་ལ་དབབ་ཚུལ་རྒྱས་པ་བཞིན་ནོ། །གཉིས་པ་ཐབས་དེ་ཉམས་སུ་བླང་བ་ལ་བཞིའི་དང་པོ་བུམ་དབང་གི་ལམ་ལ། དྲུག་གི་དང་པོ་ལམ་བསྐྱེད་རིམ་ལ་གཉིས་ཀྱི་
༤༣༥དང་པོ་ཕྱི་བསྐྱེད་རིམ་ནི། སྭ་བྷཱ་ཝས། སྟོང་བའི་ངང་ལས་བྷྲཱུཾ་ལས་གཞལ་ཡས་ཁང་བསྡུས་པའི་དབུས་རང་ཉིད་སྐད་ཅིག་གིས་ཀྱེ་རྡོ་རྗེ་ཡབ་ཡུམ་དུ་བསྐྱེད། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཕོག་ལྷ་དང་གཞལ་ཡས་ཁང་དུ་གྱུར། ཡང་ཧཱུྃ་ལས་འོད་འཕྲོས་དབང་ལྷ་སྤྱན་དྲངས། མཆོད་བསྟོད་དབང་འབྲིང་པོ་བཞིན་བླང་། རྒྱས་གདབ་མི་བྱ། དེ་ནས་སྣོད་ལྷ་དང་གཞལ་ཡས་ཁང་དུ་གསལ་བ་ལ་སེམས་འཛིན་པའམ། རང་གི་སྤྱན་དབུས་མ་ལ་སེམས་འཛིན་ནོ། ༈ གཉིས་པ་བསྐྱེད་རིམ་ནི། ཕྱི་གསལ་འདེབས་སྔོན་དུ་སོང་ནས། ཡང་ཧཱུྃ་ལས་འོད་འཕྲོས། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པ་སྤྱན་དྲངས་རང་ལ་ཐིམ། སྙིང་གར་ཐུགས་རྡོ་རྗེ་གསལ་གདབ་པ་ལ་སེམས་འཛིན་པའམ། དེའི་སྤྱན་དབུ་མ་ལ་སེམས་འཛིན་ནམ། གཉིས་པ་ལྟ་བ་ངོ་བོ་ཉིད་གསུམ་དང་། གསུམ་པ་གྲུབ་མཐའ་འཁོར་འདས་དབྱེར་མེད་ནི་རྒྱས་
༤༣༦པ་བཞིན་ནོ། །བཞི་པ་འདའ་ཁ་མ་གོང་དུ་འཕོ་བ་གཉིས་ཀྱི་དང་པོ་འཆི་ལྟས་བརྟགས་ཏེ་འཆི་བསླུ་བསྟན་པ་ནི། འཆི་བའི་རྐྱེན་ངན་པ་ལངས་ན་རིམ་གྲོ་དང་སྤྱོད་ལམ་གཟབ་པས་བཟློག །ཚེ་ཟད་ན་ཚེ་བསྲིངས། བསོད་ནམས་ཟད་ན་བསོད་ནམས་བསོག །ལས་ཟད་ན་མར་མེ་སྣུམ་ཟད་པ་དང་འདྲ་སྟེ། ལས་ཀྱི་རྣམ་སྨིན་གང་ལའང་མ་ལྟོས་པའི་ཕྱིར་སྤྱིར་འཆི་ལྟས་མང་དུ་གསུངས་ཀྱང་ཕྱི་ནང་གསང་གསུམ་གྱི་རྟགས་འཛོམ་ན་ངེས་པར་འཆིའོ། །དེའང་ཕྱི་ནང་རྩ་ཐིག་རླུང་གསུམ་གྱི་ནུས་པ་ཉམས་པས་དེ་རིམ་བཞིན་སྤྱན་གཟིགས་ནང་དུ་བ་མེད་པ། མིག་རྩིར་ན་འོང་མེད་པ། རྣ་བ་བཀག་ན་འུར་སྒྲ་མེད་པ་གསུམ་འཛོམ་ན་ངེས་པའོ། །ཅུང་ཞིག་མི་གསལ་ན་ནད་དྲག་པོ་འབྱུང་བའི་ལྟས་སོ། །ནང་རྟགས་ནི་རླུང་ཁ་ཕྱོགས་གཅིག་ཏུ་འབྱམས་པ་ལས་རླུང་གྱེན་ལ་ཅུང་ཟད་ལོག །རྩོལ་བ་འབའ་ཞིག་ནས་རྒྱུ་བ་དང་། སྤྱི་གཙུག་གི་ཐིག་ལེ་ཅུང་ཟད་གཡོ་ཞིང་། རྩ་ཁ་ཀློད་པས་ཐུར་བསལ་ནུས་པ་ཉམས་པ་དང་། མ་ཉམས་པས་རྐྱེན་མེད་པར་ས་བོན་རྫོགས་པར་འབྱུང་ཞིང་། དེ་ཡང་དཀར་པོའ་གསེབ་ན་ནག་ཐོར་ཐོར་ཡོང་བ་ནི་འཆི་ལྟས་ཀྱི་མཇུག །གསང་རྟགས་ནི། འཆི་དུས་སུ་བསོད་ནམས་བྲི་ཞིང་ཟད་པར་འགྱུར་བས། དགེ་སྦྱོར་དྭངས་པ་དེ་འགྲིབ་ཅིང་མཉམ་པར་འཇོག་མི་ནུས་པ་དང་། རྐྱེན་མེད་པར་བློ་ལས་སུ་མི་རུང་བ། ཡུལ་དང་གྲོང་ལ་སྐྱོ་ཞིང་སྔར་བས་མིག་རྩ་ལོག་པ་དང་། ཤིས་པ་སྤྱོད་ལམ་འགྱུར་བའོ། །དེ་ལྟར་ཀུན་ཚང་ནས་འཆི་བའི་རྣལ་འབྱོར་ལ་འཇུག་པ་རེ་རེ་གཉིས་འཆོལ་ན་འཆི་བསླུ་རླུང་སྦྱོར་ལས་ལྷག་པ་མེད་པས་རླུང་བུམ་པ་ཅན་བརྒྱ་རྩ་རེ་ཙམ་བཟུང་བ་དང་། ཉིན་ཞག་གཅིག་གི་ནང་དུ་སྲོག་རྩོལ་སྟོང་ཕྲག་བཅོ་ལྔ་བགྲངས་བ། ནམ་མཁའ་ཟས་
༤༣༧སུ་ཟ་བ་དང་བ་འཇོ་བའི་བསམ་གཏན་བྱ་བ་དང་། ལྟ་བ་འཁོར་འདས་དབྱེར་མེད་ལ་སེམས་རྩེ་གཅིག་ཏུ་འཇོག་པ་དང་། ཐུན་འཚམས་ཀྱི་འཆི་བསླུ་འཁོར་གསུམ་ཡོངས་སུ་དག་པའི་སྤང་ཐག་བྱེད་པ་དང་། སྡོམ་གསུམ་ཉམས་པ་ཕྱིར་བཅོས་བྱས་ཤིང་། སེམས་བསྐྱེད་དབང་ཞུ་བ་དང་། རང་གིས་བླང་བ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེང་བ་ལ་སོགས་པ་བྱ་སྟེ། འཆི་ལྟས་རྣམས་ལ་བརྟགས་པས་སོར་ཆུད་ནས་འཆི་བ་བསླུ་བའོ། །གཉིས་པ་འཆི་བ་མ་བསླུས་ན་འཕོ་བ་བྱ་བ་ལ་བཞིའི། དང་པོ་ཕྱི་འབྱུང་བ་དང་། དབང་པོ་ཇི་ལྟར་ཐིམ་པ་ནི། འགའ་ཞིག་ལ་རྟགས་འདི་རྣམས་རིམ་གྱིས་ཡོད་པས་དེ་ལྟར་ན་དང་པོར་རྡོ་རྗེའི་ལུས་གྲུབ་པའི་ཚེ་སྤྲུལ་པའི་འཁོར་ལོ་ཐོག་མར་ཆགས་ཤིང་། དེ་ལ་བརྟེན་ནས་རིམ་གྱིས་འཁོར་ལོ་ལྔ་དང་། དྭངས་མའི་ཡི་གེའི་གཟུགས་སུ་གནས་པ་རྣམས་བཅུའི་བར་དུ་རྫོགས་པར་ཆགས་ནས་ལོ་ཉི་ཤུ་རྩ་ལྔའི་བར་ལ་ནུས་པ་ཆེར་འགྲོ་ཞིང་། ཞེ་ལྔའི་བར་ལ་སོར་གནས། དེ་ནས་རིམ་གྱིས་འབྲི་བ་ལས། འཆི་བའི་དུས་སུ་ལས་རླུང་གྱེན་ལ་ལོག་པས་རླུང་ཐམས་ཅད་དབང་དུ་བྱས། འཁོར་ལོ་ལྔའི་རྩ་མདུད་འཇིག །རླུང་ལྔའི་མལ་འཆུགས། ཁམས་དངས་མ་རྣམས་བསྡུད་པ་སྟེ། དེའང་མཉམ་གནས་འཆུགས་པས་ཟས་མི་འཇུ། སྲོག་འཛིན་འཆུག་པས་ཤེས་པ་མི་གསལ་ཞིང་འཚུབས། ཐུར་སེལ་འཆུག་པས་རྩ་ཆུ་རྣམས་རང་ལུགས་སུ་འོང་། གྱེན་དུ་འཆུགས་པས་ནང་དུ་ཟས་མི་འབུལ། དབུགས་ཐུང་། ཁྱབ་བྱེད་འཆུགས་པས་ཡན་ལག་ལས་སུ་མི་རུང་རྩ་འཐུལ་བའོ། །འཇིག་དུས་ཀྱང་ཐོག་མར་ཆགས་པའི་ལྟེ་བའི་རྩ་མདུད་ཀྱི་ཡིག་གཟུགས་འཇིག །ས་ཆུ་མལ་འཆུགས་ཤིང་དབུ་མར་ཅུང་ཟད་རྒྱུ་བས་ཕྱི་རྟགས་
༤༣༨སུ་ས་མཁར་ཞིག་ནས་འོག་ཏུ་ནོད་པ་སྙམ་བྱེད་པ་དང་། ལུས་ཀྱི་མགོ་མི་ཐེག །རྐང་པས་ལུས་མི་ཐེག་ལག་པས་ཟས་སྣོད་མི་ཐེག་ཅིང་། ལུས་འོད་དུ་ལྷུང་བྱད་རུད་ཅིང་ཧམ། སོ་ལ་ནི་དྲེག་ནག་ཆག །ཁ་ཆུ་སྣ་ཆུ་ལ་སོགས་པ་འབྱུང་ངོ་། །ནང་རྟགས་སུ་ལུས་ལྕི། ཤེས་པ་འཐིབ་ཅིང་མི་གསལ། ས་འོག་བྱིང་བྱིང་འགྲོ་བ་སྙམ་བྱེད་པས་སློང་ཐིག་ཟེར། གོས་གསོལ་ལག་པ་ཕྱིར་འཐེན། མིག་མཐོང་ཀར་བལྟའོ། །གསང་རྟགས་སུ་དུ་བ་བན་བོན་གྱི་སྣང་བ་འབྱུང་ངོ་། །སྙིང་གའི་རྩ་མདུད་འཇིག །ཆུ་རླུང་མལ་འཆུགས་ཤིང་། དྭངས་མ་ནང་དུ་སྡུད་པའི་དུས་སུ་ཕྱི་རྟ་ཁ་སྣ་སྐམ། ལྕེ་གྱོང་། ལྕེ་རྩེ་མི་མཐོང་། སྣ་བུག་ཚ། སྣ་ཞམ། ནང་རྟགས་ཤེས་པ་འཚུབ་ཅིང་ཚིག་པ་ཟ། གསང་རྟགས་སྨིག་རྒྱུ་ལྟ་བུ་ཧྲབ་ཧྲིབ་འབྱུང་ངོ་། །མགྲིན་པའི་རྩ་མདུད་འཇིག །གྱེན་རྒྱུ་མལ་འཆུགས་ཤིང་། དྭངས་མ་སྡུད་པས། ཕྱི་རྟགས་སུ་དྲོད་མཐའ་ནས་སྡུད། ནང་གི་དྲོད་ཕྱིར་གཤེར་གྱི་རླངས་ཐོལ་འབྱུང་། མེ་རླུང་ལ་ཐིམ་པས་ཁ་སྣའི་རླུང་དྲང་སིབ་འགྲོ། ནང་རྟགས་སྣང་བ་འདི་རེས་གསལ་རེས་མི་གསལ་ཞིང་ངོ་མི་ཤེས་པ་འབྱུང་ངོ་། །གསང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཁྱེམ་ཁྱེམ་ཡོང་། གསང་གནས་ཀྱི་རྩ་མདུད་འཇིག །རླུང་གི་རླུང་མལ་འཆུགས་ཤིང་དྭངས་མ་སྡུད་པས། ཕྱི་རྟགས་སུ་དབུགས་ཕྱིར་རྒྱུ་བ་རིང་། ནང་དུ་སྡུད་མི་ཤེས། །དབུགས་རྩེགས་ཤིང་ཤང་ཤང་ཟེར། སྒྲ་ངར་ངར་པོ་འདྲེན་ཅིང་མིག་གྱེན་དུ་ལྡོག་པའོ། །ནང་རྟགས་ཤེས་པར་འགྱུར། རྩ་མདུད་ཞིག་པའི་མཐོང་སྣང་མང་དུ་འབྱུང་། ཁྱད་པར་སྡིག་ཅན་ལ་གཤིན་རྗེའི་བང་ཕྱིན་འོངས་ཏེ་ཁ་གདབས། མཆེ་བ་གཙིགས་ཤིང་འཇིགས་པའི་གཟུགས་སྟོན། མི་
༤༣༩མཚམས་པ་དུ་མ་བྱེད་དོ། །རྣལ་འབྱོར་པ་ལ་དཔའ་བོ་དང་མཁའ་འགྲོའི་བསུ་མ་ཡོང་ངོ་། །གསང་རྟགས་མར་མེ་འབར་བ་ལྟ་བུ་ཡལ་ཡལ་འབྱུང་ངོ་། །དེ་དག་ཐིམ་པ་ན་དེ་དང་དུས་མཚུངས་པར་དབང་པོ་རྣམས་ཀྱང་ཐིམ་པར་འགྱུར་ཏེ། དེ་ཡང་ཡན་ལག་གི་རླུང་ལྔ་མལ་འཆུགས། རྩ་ཁམས་རྣམས་ནུས་པ་ཉམས་པ་ལ་མིག་དབང་ཐིམ་པས་མི་ངོ་མི་ཤེས། གཟུགས་ཕྲ་མོ་མི་མཐོང་། རྣ་དབང་ཐིམ་པས་སྒྲ་ཆུང་ངུ་མི་ཐོས། སྣ་དབང་ཐིམ་པས་དྲི་མི་ཚོར། ལྕེ་དབང་ཐིམ་པས་རོ་མི་ཚོར། ལུས་དབང་ཐིམ་པས་མལ་བདེ་མི་བདེ་མི་ཚོར་ཏེ། དེ་ལྟར་རླུང་བཅུའི་མལ་འཆུགས་པས་འབྱུང་བཞི་དང་དབང་པོ་ཐིམ་པའོ། །འབྱུང་བཞིའི་རླུང་འགགས། ནམ་མཁའི་རླུང་སྤྱི་བོ་ནས་མལ་འཆུགས་པ་རླུང་མལ་དུ་མི་སློབ་པར་ཕྱི་རོལ་ཏུ་ཤ་ཤ་འགྲོ་བའོ། །དེ་རྣམས་ཐུན་མོང་གི་འཆི་ལྟས་ཏེ། ཁ་ཅིག་ལ་ནད་གདོན་གྱི་བྱེད་པས་མཚམས་ཅིག་ནས་ཚུར་ལྡོག་པའང་སྲིད་གསུངས། གཉིས་པ་ན་སྣང་བ་གསུམ་གྱི་རྟོག་པ་ཇི་ལྟར་འགགས་པ་ནི། དེ་ལྟར་རྟེན་བརྟེན་པའི་མལ་འཆུགས་པ་ལས་སྣང་རྟོག་ཐིམ་པ་སྟེ། འདི་ཕན་ཆད་བཟློག་མི་སྲིད་པས་ཐུན་མོང་མ་ཡིན་པའི་འཆི་ལྟས་སོ། །དེའང་རྒྱུད་ལས། ལུས་ཅན་རྣམས་ནི་འཆི་བས་ན། །ཟླ་བ་བདུད་རྩི་མཐུར་དུ་འཛག །ཉི་རྡུལ་གྱེན་ལ་གཤེགས་པར་འགྱུར། །ཞེས་པས་དབུ་མའི་ཡས་སྣ་སྤྱི་བོ་ནས་ཕ་ལས་ཐོབ་པའི་ཀུནྡའི་དངས་མ་ཧཾ་གི་གཟུགས་སུ་ཡོད་པ་དེ་རྐྱང་མའི་ནུས་པ་ཉམས་ཏེ། སྟོད་རླུང་མ་ལུས་པར་རྫོགས་པས་མལ་འཆུགས་ཏེ་འཐུར་དུ་འགྲོ་བ་ལས་དཀར་ལམ་ཞེས་པ་སྣང་བ་ཐམས་ཅད་དཀར་ལམ་མེ་འགྲོ། དེ་ཉིད་སྣང་བ་ཐིམ་པ་ཡིན། དེའི་ཚེ་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་སོ་
༤༤༠གསུམ་འགགས། དབུ་མའི་མས་སྣ་ལྟེ་བ་ན་མ་ལས་ཐོབ་པའི་འི་དངས་མ་ཨ་ཤད་ཀྱི་གཟུགས་སུ་ཡོད་པ་དེ་རོ་མའི་ནུས་པ་ཉམས་ཏེ་འོག་རླུང་མ་ལུས་པ་རྫོགས་པས་མལ་འཆུགས་ནས་གྱེན་དུ་འགྲོ་བས་ནི་དམར་ལམ་ཞེས་བྱ་བ་སྣང་བ་ཐམས་ཅད་དམར་ལམ་འབྱུང་ཏེ། དེས་སྣང་བ་མཆེད་པ་ཐམས་ཅད་ཐིམ་པ་ཡིན། དེའི་ཚེ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས། དེ་ནས་སྤྱི་བོ་ནས་ཁྱབ་བྱེད་རླུང་མལ་འཆུགས་པས། རང་རིག་སེམས་ཀྱི་རྒྱལ་པོ་ཁྱབ་བྱེད་ལས་ཀྱི་རླུང་གིས་བསྡུས་ཏེ་མལ་འཆུགས་པས་ནག་ལམ་ཞེས་བྱ་བ་སྣང་བ་ཐམས་ཅད་ནག་པོར་འབྱུང་སྟེ། དེ་སྣང་བ་ཉེར་ཐོབ་ལ་ཐིམ་པ་ཡིན། དེའི་ཚེ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས། དེ་ལྟར་ན་ནམ་མཁའི་རླུང་འགགས་པས་ཕྱི་དབུགས་ཆད། དེའི་ཚེ་བེམ་རིག །འབྲལ་བའི་མནར་གཅོད་ཀྱི་སྡུག་བསྔལ་མྱོང་བར་འགྱུར་རོ། །གསུམ་པ་གསང་བ་འོད་གསལ་ཆོས་སྐུའི་སུན་མ་ཇི་ལྟར་འཆར་བ་ནི། ནང་དབུགས་མ་ཆད་པའི་དུས་དེར་ཉི་མ་ཡས་བྱོན་པ་དང་ཟླ་བ་མས་བྱོན་པ་གཉིས་དབུ་མར་བྱོན་པ་གཉིས་དབུ་མར་འཛོམས་ནས་དེའི་དུས་སུ་རླུང་སེམས་ཚུད་དེ་དེ་གསུམ་དབུ་མར་ཚུད་དེ། དེ་གསུམ་དབུ་མར་གནས་པའི་དུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དགའ་བ་ཉམས་སུ་མྱོངས་ཏེ། འདི་ཉིད་ནི་འཆི་བ་དོན་དམ་པ་རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་རྗེན་ལྷང་བ་ཅིག་འཆར་སྟེ། སེམས་ཅན་གྱི་བསོད་ནམས་ཀྱི་ཁྱད་པར་གྱིས་ཁ་ཅིག་ཡུན་རིང་དུ་གནས། ཁ་ཅིག་ཡུན་ཐུང་སྟེ། ལག་པ་རྐྱང་བསྐུམ་ཙམ་ཅིག་ནི་འཇག་མའི་སིན་བུ་ཚུན་ཆད་ལ་འཆར་ཏེ། ཤར་ཡང་སྔར་མ་འཕྲོད་པས་ངོ་མི་ཤེས། གོམས་འདྲིས་ཆུང་བས་གནས་མི་ནུས། དེའི་
༤༤༡དུས་སུ་རོ་མདངས་ཡལ་འོང་ངོ་། །དེ་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་སྡིག །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཟད། སྙིང་ག་ཆོས་ཀྱི་འཁོར་ལོ་རལ། ལྟེ་བ་སྤྲུལ་པའི་འཁོར་ལོ་འཆོལ་བའི་དུས་སུ་ཨ་དང་ཧཾ་གི་བར་དུ་རླུང་རྒྱུ་བའི་ནད་དབུགས་ཆད། ཧཾ་མར་སོང་བས་གསང་གནས་སུ་ཐིག་ལེ་འབྱུང་། ཨ་ཡར་བྱུང་བས་ཁྲག་གམ་ཆུ་སེར་ཁ་སྣ་སོགས་ནས་འཐོན་ཏེ། རྣམ་ཤེས་ནམ་མཁའི་རླུང་དང་ཐ་མི་དད་པར་སྒོ་དགུ་གང་རུང་ནས་ཐོན་འགྲོའོ། །བཞི་པ་འཕོ་བ་དངོས་ལ་གསུམ་གྱི་དང་པོ་འོད་ཀྱི་གོང་བུའི་འཕོ་བ་ལ་དང་པོ་སྦྱོང་གཞི་གོམས་པ་ནི། མདུན་དུ་བླ་མ་ཡི་དམ་དབྱེར་མེད་སྤྱན་དྲངས་མོས་གུས་དྲག་པོས་རྒྱུན་བཤགས་དང་། གསོལ་བ་བཏབ་ནས་ལུས་ཙོག་པུར་བྱ། རྟིང་པ་གཉིས་ཀྱིས་བཤངས་ཅིའི་སྒོ་བཀག །ལག་མཐིལ་བསྣོལ་བ་བལྟག་པའི་ཕྱོགས་སུ་བགག །རང་ཉིད་ལྷའམ་ཐ་མ་ལ་གང་རུང་། ལུས་སྒོ་ང་སྟོང་པ་ལྟ་བུའི་སྙིང་གར་ཐིག་ལེ་མཐེ་བོང་ཙམ་ཅིག་བསམ་ལ། དེ་ལས་དེ་འདྲ་བ་རེ་རེ་ཆད་ནས་བཤང་ལྕི་གཉིས། ལྟེ་བ། ཁ། སྣ། མིག་གཉིས། སྤྱི་གཙུག་རྣམས་སུ་དགག་གོ །དེ་ནས་ལྟེ་བའི་ཐད་ཀར་རླུང་གི་དལ་གཞུའི་དབྱིབས་ཅན་གྱི་སྟེང་། ཟླ་བ་དེའི་སྟེང་དུ་སེམས་ཉིད་ཧཱུྃ་ནག་པོར་བསམ། མིག་གྱེན་དུ་ལྟ་ཞིང་། འོག་རླུང་རྒྱུ་མཇུག་གཉིས་པོ་གྱེན་ལ་འཐེན། སྟོབས་ཀྱི་ཧཱུྃ་དྲག་པོའ་ཧིག་ཉི་ཤུས་རླུང་ཟླ་ཧཱུྃ་གསུམ་མགྲིན་པའི་བར་དུ་དྲངས། ཡང་ཀ་ཧིས་ལྟེ་བའི་བར་དུ་ཕབ་བཞག །འཕོ་གྲབས་སོགས་གེགས་བྱུང་ན་རྐང་མཐིལ་དུ་ཕབ་པའམ། ཡང་ན་རྐང་མཐིལ་དུ་ཐིག་ལེ་ནག་པོ་སྲན་མ་ཙམ་ལ་སེམས་གཏད་དོ། །གཉིས་པ་ལས་ལ་སྦྱར་བ་ནི། འཆི་བའི་ཚེ་དབེན་པར་དུས་
༤༤༢གསུམ་གྱི་སྤྲོས་པ་ཐམས་ཅད་བཅད་དེ། ནོར་རྫས། ཁང་པ། འཁོར། སློབ་དཔོན། སློབ་མ། ཡི་དམ། རང་ལུས་སོགས་ལ་སྐད་ཅིག་ཀྱང་མ་ཆགས་པར་ཚེ་འདིའི་སྣང་ཞེན་སྐད་ཅིག་ཀྱང་མེད་པར་བྱས། དམ་ཉམས། ཚུལ་འཆལ། གྲིབ་ཅན། མི་སྐྱ་སོགས་ཙར་མི་བཞག །བླ་མ་བཞུགས་ན་དབང་ཞུ། མི་བཞུགས་ན་གྲོགས་སམ། སློབ་མ་ཉམས་མྱོང་ཅན་ལ་ཡང་ཞུ། དགེ་སྦྱོང་གསོལ་འདེབས་སུ་འཇུག །བླ་མ་ཡི་དམ་གྱི་སྐུའི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་དང་། ཆོས་སྐྱོང་ལ་གཏོར་མ་ཕུལ། ལམ་གྱི་བར་ཆད་མི་འབྱུང་བར་གསོལ་བ་གདབ་བོ། །དེ་ནས་བླ་མ་སྤྱན་འདྲེན་སོགས་སྦྱང་བའི་སྐབས་དང་འདྲ་བ་ལས་སྤྱི་གཙུག་མི་བགག་ཧཱུྃ་ཉེར་གཅིག་གིས་ཕུག་རོན་སྐར་ཁུང་ནས་ཐར་བ་བཞིན་རྣམ་ཤེས་འཕངས་ཏེ་བླ་མའི་ཐུགས་ཀར་བསྟིམ་མོ། །ལག་པ་ཕྲལ་ཞིང་ལྟག་པ་དགྱེད། ཡང་མིའི་རྒྱལ་པོ་སོགས་སུ་སྐྱེ་བར་འདོད་ན་མིག་གཡས་མི་བསྒག་ཅིང་། མངལ་སྒོ་ཡིད་ལ་བྱ། བདེ་བ་ཅན་དུ་སྐྱེ་བར་འདོད་ན་པདྨ་ཡིད་ལ་བྱའོ། །གཉིས་པ་སྣང་བ་སྒྱུར་བའི་འཕོ་བ་ལ་སྔ་མ་ལྟར་གཉིས་ཀྱི་དང་པོ་ནི། ལུས་སྐྱིལ་ཀྲུང་སོགས་གང་བདེ་བྱས། མདུན་དུ་བླ་མ་ལ་གསོལ་འདེབས་པར་འདྲ། དེ་ནས་སྐུ་གཟུགས་དང་གཤིན་རྗེ་ལ་སོགས་པ་བདག་ལ་མི་འཚམས་བ་དུ་མ་བྱེད་པ་དང་། འབྱུང་བཞིའི་ཐིམ་སྡུད་བྱེད་པའི་རྟགས་རྣམས་ཀྱང་དྲན་པར་བྱས་ནས། ཅི་སྣང་ཐམས་ཅད་ལྟ་བ་བདེན་མེད་ཀྱིས་རྒྱས་བཏབ་ནས་ཡི་དམ་དུ་བསྒྱུར་ནས་རང་སེམས་དང་བསྲེས་ཏེ་རྩེ་གཅིག་ཏུ་མཉམ་པར་བཞག་པའོ། །གཉིས་པ་ནི། སྔ་མ་བཞིན་ལ་འཇིགས་པའི་དགྲ་བཞི་ལ་སོགས་པ་འཁྲུལ་སྣང་མང་དུ་འབྱུང་བ་ཐམས་ཅད་ཀྱང་ཉམས་ལེན་གྱིས་ཟིན་ནས་ཉམས་པ་
༤༤༣མེད་པ་གཅེས་སོ། །གསུམ་པ་སྒྲས་འཕོ་བ་འདིར་མི་གསུངས་སོ། །ལྔ་པ་བར་དོ་ཡི་དམ་ལྷ་དང་སྣང་སེམས་བསྲེ་བ་ལ་གསུམ་གྱིས། དང་པོ་སྐྱེ་ཤི་བར་དོ་ནི། རྣལ་འབྱོར་པ་ཉིན་བར་གྱི་དུས་ད་ལྟར་བར་དོའ་གནས་སྐབས་ཡིན་སྙམ་དུ་བསམ་སྟེ། ལུས་ཀྱང་ཡིད་ལུས། ཅི་སྣང་ཐམས་ཅད་ཀྱང་བར་དོའ་སྣང་བ། གཞན་ཡང་འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ་ཕྱོགས་ལ་རིགས་དྲུག་ཏུ་སྐྱེ་བའི་རྟགས་དང་། རྣམ་བྱང་ལྔ་ལ་སོགས་པའི་རྣམ་བཞག་འོག་ཏུ་འཆད་པ་རྣམས་འདིར་ཡང་དྲན་པར་བྱས་ལ། ཐམས་ཅད་ཀྱང་ལྟ་བས་ཟིན་ཞིང་བདེ་ཆེན་ལྷའི་ངོ་བོར་བསྒྱུར་ནས་རང་སེམས་དང་རྩེ་གཅིག་ཏུ་བཞག །ཡང་ཕྱི་སྒྲོ་འདོགས་སྤྱོད་པའི་བླ་མ་དྲན། དེས་བསྟན་པའི་ལྷ་རྗེས་སུ་དྲན། ལྷ་ལས་དྲས་པའི་གསང་མཚན་རྗེས་སུ་དྲན་པར་བྱའོ། །གཉིས་པ་རྨི་ལམ་བར་དོ་ནི། རྨི་ལམ་བཟུང་། སྦྱང་། སྤེལ་གསུམ་ནུས་པ་དང་། རྨི་ལམ་དུ་ད་ལྟ་བར་དོའ་གནས་སྐབས་ཡིན་སྙམ་དུ་བསམ། གནས་ལུས་སོགས་ཐམས་ཅད་ཀྱང་བར་དོའ་གནས་ལུས་སུ་བསམ། འཇིགས་པའི་སྒྲ་སོགས་བར་དོའ་སྣང་བ་ཐམས་ཅད་དྲན་པར་བྱས་ལ་ལྟ་བའི་ངང་ནས་ལྷར་བསྒྱུར་ནས་རང་སེམས་དང་བསྲེས་ཏེ་རྩེ་ཅིག་ཏུ་དྲན་པ་རྣམ་པ་གསུམ་དྲན་པར་བྱའོ། །གསུམ་པ་སྲིད་པ་བར་དོ་ལ་གཉིས་ཀྱི་དང་པོ་རང་བཞིན་བསྟན་པ་ནི། བར་དོའ་ཤེས་པ་དེ་ཤིན་ཏུ་གསལ་ཞིང་དྲིམ་པ་ལ། མི་བརྟན་ཅིང་རྣ་བ། གཏད་སེམས་མེད་པ་སྣ་ཚོགས་སུ་འཆར་བ། བག་ཆགས་གསོ་སླ་བ་ཡིན་ནོ། །དེ་སྐད་དུ། སྔོན་བྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོག་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་
༤༤༤གོང་དུ་སྐྱེ་འགྱུར་གྱི་བྱད་གཟུགས་སུ་འཆར་བར་གསུངས་སོ། །འདིར་ཚེ་ཚད་ཞག་བདུན་གྱི་ཚེ། ཕྱེད་བཞིར་བག་ཆགས་དང་འབྲེལ་བའི་ལུས་ཀྱི་སྣང་བ་འཆར། ཕྱེད་བཞིར་རྣམ་སྨིན་དང་འབྲེལ་པའི་ལུས་ཀྱི་སྣང་བ་འཆར་སྟེ། གོང་གི་ནར་འགྱུར་གྱི་བྱད་གཟུགས་སུ་འཆར་རོ། །དེའང་དང་པོ་རང་ཉིད་ཤི་བར་མི་ཤེས་པས། ཉེ་དུ་སོགས་ལ་ཕར་གཏམ་སྨྲས་ཀྱང་ཚུར་ལེན་མི་ཡོང་། ཟས་སྐོམ་གྱིས་སྐལ་བ་གཅོད། འདུག་གནས་སོགས་ཕྲོག་དོག་པས་རང་གི་ནོར་རྫས་ལ་ཆགས་སྡང་སྐྱེ་ཞིང་གཉེན་ལ་ཡི་ཆད་པ་འོང་། དེ་ནས་རང་ཤི་བར་ཤེས་ནས། ཐོག་མར་གཉེན་དང་བྲལ་བའི་སྡུག་བསྔལ། མི་འཚམས་པ་དུ་མ་བྱེད་པའི་གཤིན་རྗེ་ལ་སོགས་པ་རྣམས་ཀྱིས་དེད་ཅིང་བདས་པའི་སྡུག་བསྔལ་སོགས་བཟོད་ཐབས་མེད་པ་འབྱུང་། དེའི་ཚེ་ཉེ་དུ་དོར་ནས་གོས་བསྐྱུར། སྐྲ་འབལ་བ་མཐོང་ནས་མུན་པའི་སྣང་བ་འབྱུང་། མཆི་མ་བཏང་བས་སེར་དྲག་དང་། ཁྲག་གི་ཆར་པ་འབབ། འོ་དོད་བྱས་པས་གཤིན་རྗེ་ལ་སོགས་པ་རྣམས་ཀྱིས་རྒྱོབ་སོད་ཅེས་པའི་སྒྲར་སྣང་ཞིང་རི་བོ་གྲུམས་པའི་དང་། རྒྱ་མཚོ་འཆོལ་བའི་དང་། བསྐལ་པའི་མེ་འབར་བའི་དང་། དུས་མཐའི་རླུང་གཡོས་པ་ལྟ་བུའི་སྒྲ་འབྱུང་ལ། དེའང་འབྱུང་བཞི་ཐིམ་པའི་བག་ཆགས་ཀྱི་དབང་གིས་ཡིན་ནོ། །ཡ་ང་བའི་གཡང་ས་གསུམ་ནི། ངན་སོང་གསུམ་གྱི་གནས་མཐོང་ནས་དེར་སྐྱེས་ཀྱིས་དོགས་པའི་སྡུག་བསྔལ་ཡང་མྱོང་ངོ་། །རིགས་དྲུག་གང་དུ་སྐྱེ་བའི་རྟགས་རྣམས་དང་རྣམ་བྱ་རྣམ་པ་ལྔ་ཡང་འཆར་སྟེ། དམྱལ་བར་སྐྱེ་ན་ཁ་དོག་ནག་པོ་ལ་སེམས་ཟིན་ཅིང་། སྐྱེ་གནས་དེ་རེ་རུལ་ལམ་སོལ་བའི་ཕུང་པོར་སྣང་། ཡི་དྭགས་སུ་སྐྱེ་ན་སེར་པོ་ལ་ཟིན་ཅིང་། གནས་དེ་སྡོང་རུལ་ལམ་རྩ་
༤༤༥སྤྱིལ་དུ་སྣང་། དུད་འགྲོར་སྐྱེ་ན་སྔོན་པོ་ལ་ཟིན་ཅིང་། གནས་དེ་ཁོང་རུལ་ལམ་ས་ཕུག་ཏུ་སྣང་། ལྷ་མིན་དུ་སྐྱེས་ན་ལྗང་གུ་ལ་ཟིན་ཅིང་། གནས་དེ་ནགས་ཚལ་ཉམས་དགའ་བར་སྣང་། ལྷར་སྐྱེས་ན་དཀར་པོའམ་དམར་པོ་ལ་ཟིན་ཅིང་གནས་དེ་རིན་པོ་ཆེའི་གཞལ་ཡས་ཁང་ངམ། གུར་དཀར་དུ་སྣང་། མིར་སྐྱེས་ན་ཁ་དོག་སྣ་ཚོགས་པར་སེམས་ཤིང་སྐྱེ་གནས་དེ་ལྷ་ཁང་དུ་སྣང་ངོ་། །དེ་ཡང་གླིང་བཞི་དབུས་དང་ལྔ་ལས། དབུས་སུ་སྐྱེ་ན་སེང་གེ་ཕོ་མོའ་འཁྲིག་པ་སྤྱོད་པ་དང་དེས་བརྒྱན་པའི་མཚོར་སྣང་། ཤར་དུ་སྐྱེ་ན་གླང་པོ་དེ་ལྟ་བུ་དང་། དེས་སོགས། ལྷོར་སྐྱེས་ན་རྟ་དེ་ལྟ་བུ་དང་། དེས་སོགས། ནུབ་ཏུ་རྨ་བྱ་དེ་ལྟ་བུ་དང་། དེས་སོགས། བྱང་དུ་སྐྱེ་ན་ཤང་ཤང་ཕོ་མོ་འཁྲིག་པ་སྤྱོད་པ་དང་དེས་བརྒྱན་པའི་མཚོར་སྣང་ངོ་། །རང་གིས་ཡིད་དེ་ཡང་གང་དུ་སྐྱེ་འགྱུར་གྱི་རྣམ་བྱ་དེའི་ཁ་དོག་ཏུ་ཡོང་ངོ་། །བརྫུས་ཏེ་སྐྱེས་ན་མེ་ཏོག་ལ་སེམས་ཟིན། དྲོད་གཤེར་ལ་སྐྱེ་ན་དྲི་རོ་ལ་ཤིན་ཏུ་སྲེད་པར་འགྱུར། ལྷུན་པོ། སྐུ་གཟུགས། རྡོ་རྗེ་གདན། མའི་མངལ་དང་བཞི་མ་གཏོགས་ཐམས་ཅད་ལ་ཐོགས་པ་མེད་དེ། ལས་དབང་གིས་རྫུ་འཕྲུལ་དང་མངོན་ཤེས་ཅུང་ཟད་ཡོད། བར་དོ་ནང་ཕན་ཚུན་དང་ལྷའི་མིག་དག་པས་མཐོང་། དེ་ཡང་ངེས་མེད་དུ་འགྲོ་སྟེ། བརྟེན་པ་ལ་ཤེས་པ་མེད་དེ། མཆོད་རྟེན་དང་ལྗོན་ཤིང་སོགས་ཀུན་ལ་བརྟེན། གནས་ལ་ངེས་པ་མེད་དེ། ཅང་རོང་དང་། ཚེར་མ་དང་། ལྷ་ཁང་ལ་སོགས་པ་ཀུན་ལ་བརྟེན། གྲོགས་ངེས་མེད། ཕན་སྐྱེལ་བ་དང་། གནོད་སྐྱེལ་བའི་གྲོགས་ཀུན་དང་འགྲོགས། ཟས་ངེས་མེད་དྲི་ཟ་བ་ལས། རེས་འགའ་དྲི་ཞིམ་པ་དང་། ཕལ་ཆེར་མི་ཞིམ་པ་ཟ་བའོ། །སྤྱོད་ལམ་ངེས་མེད་མི་བརྟེན་པའི་
༤༤༦སྤྱོད་ལམ་སྣ་ཚོགས་བྱད་དོ། །ཚེ་ངེས་མེད་ཚེ་ཟད་ཞག་བདུན་ཡིན་ཡང་ཞག་གཅིག་དང་གཉིས་ལ་སོགས་པ་ཡུད་ཀྱིས་ཀྱང་འཆིའོ། །གཞན་ཡང་ལུས་ལ་འོད་ཀྱི་རྣམ་པ་ཅུང་ཟད་ཡོད། བྱང་སེམས་དཀར་དམར་དང་རྩ་ཕྲན་མེད་པས་ཉི་ཟླ་དཀར་གསུམ་གྱི་སྣང་བ་མེད། གྲིབ་མ་དང་རྐང་རྗེས་མེད། ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ་གཉིས་ཀྱིས་ཆོས་རྒྱལ་གྱི་མདུན་དུ་ཁྲིད་དེ་རྡེའུ་དཀར་ནག་བཞག་ནས། དགེ་སྡིག་མང་ཉུང་བལྟ་བའི་ཚེ་ནག་པོ་མང་བ་དང་དཀར་པོ་ཉུང་གིས་དོགས་པའི་སྡུག་བསྔལ་བསམ་ལས་འདས་སོ། །གཉིས་པ་ལམ་དུ་སློང་བའི་ཚུལ་ནི། རིགས་དྲུག་ཏུ་སྐྱེ་བའི་རྟགས་དང་རྣམ་བྱ་ལྔ་ལ་ཞེན་མེད། ཕྱོགས་ལྔར་སྐྱེ་བའི་རྟགས་ལ་མི་ཆགས། སྒྲ་བཞི་དང་གཡང་ས་བཞི་ལ་མི་འཇིགས་ཤིང་། གཤིན་རྗེས་མི་འཚམས་པ་དུ་མ་སྟོན་ནའང་འདི་ལྟར་བར་དོར་གདོས་བཅས་ཀྱི་ལུས་ནི་མེད། ཡིད་ལུས་སྟོང་པ་འདི་ལ་གནོད་པར་བྱར་མེད་དོ། །འཇིག་རྟེན་ཐམས་ཅད་དང་དགྲར་ལངས་ཀྱང་གནོད་མི་ནུས་སྙམ་དུ་བསམ་ཞིང་། དྲན་པ་གསུམ་ཡང་དྲན་ནོ། །དགའ་མི་དགའི་སྣང་བ་ཅི་ཤར་ཡང་། ཕྱི་རོལ་དུ་ཁ་བཞིན་དུ་ནང་རླུང་སེམས་ཀྱི་འཕྲོ་འདུ་ལས་བྱུང་བའི་འཁྲུལ་སྣང་དུ་ཤེས་པར་བྱས། བལྟ་བའི་རྩིས་བཟུང་། བདེ་ཆེན་ལྷའི་འཁོར་ལོ་བསྒྱུར་ནས་རང་སེམས་དང་བསྲེས་ལ་རྩེ་གཅིག་ཏུ་བཞག་གོ །ཡང་གཉེན་པོ་གསུམ་གྱིས་མངལ་སྒོ་བགག་ཏེ། ལྟ་བ་དང་། ལྷ་དང་། མངལ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་སྤང་བའོ། །མ་ཁོག་ན་མངལ་འདམས་པ་ནི། ངན་སོང་ལ་སོགས་པར་སྐྱེ་བའི་རྟགས་བྱུང་ན་ཡང་རྒྱལ་རིགས་སུ་སྐྱེ་བ་བླངས། བདེ་བ་ཅན་ལ་སོགས་པར་འགྲོ་སྙམ་དུ་འདུན་པ་དྲག་ཏུ་བཏང་བས་དེར་སྐྱེ་བའི་རྟེན་འབྲེལ་ཡིན་ནོ། །དེའང་ད་ལྟར་གོམས་ཤིང་འདྲིས་དགོས། ད་ལྟ་མ་
༤༤༧གོམས་ན་དེའི་དུས་མི་འབྱུང་། དེས་ན་ད་ལྟ་ཉིན་པར་སྐྱེ་ཤི་བར་དོ་སྦྱོང་། མཚན་མོ་རྨི་ལམ་བར་དོ་སྦྱང་། འཆི་ཁར་དྲན་འདུན་དྲག་པོ་དུང་ངེ་བ་བྱ། བར་དོའ་ཚིག་དོན་འདི་རྣམས་ཁྱིས་བདས་ཀྱང་ཐོན་ཅིང་ཡིད་ལ་འཇག་ན་བར་དོ་གང་ཤར་ཉམས་སུ་ལོངས་ནས་གྲུབ་མཐའ་སྙོགས་གསུངས། དྲུག་པ་རྨི་ལམ་ལ་བཞིའི་དང་པོ་བཟུང་བ་གསུམ་གྱི་དང་པོ་བཟུང་བ་དངོས་ལ་གཉིས་ཀྱིས་དང་པོ་སྔོན་འགྲོ་ནི། །དབེན་པའི་གནས་སུ་ཁ་ཟས་མཉམ་ཞིང་སྤྱོད་ལམ་དལ་ལ་སྨྲ་བ་ཉུང་བར་བྱའོ། །གཉིས་པ་དངོས་གཞི་ནི། སྔ་དྲོ་ནས་ཕྱི་མ་རེད་ཀྱི་བར་དུ་བདག་གི་དོ་ནུབ་རྨི་ལམ་བཟུང་བར་བྱ། རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་དུ་འདུན་པ་དྲག་པོ་བཏང་ངོ་། །ཕྱི་མ་རེད་ནས་ཉལ་ཁའི་བར་འདུན་པ་མི་བཏང་། ཉལ་ཁར་དྲག་ཏུ་བཏང་། གཉིད་ཁར་མགྲིན་པའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི། ལྟེ་བར་ༀ་དཀར་པོ། ཕྱོགས་བཞིར། ཨ། ནུ་ཏ་ར་དཀར་པོའམ་དམར་པོ་མདུན་ནས་གཡོན་སྐོར་དུ་བཀོད། ཨ་ནས་རིམ་གྱིས་སེམས་བཟུང་བའི་མཐར། ༀ་ལ་དམིགས་པ་གཏད་དེ་གཉིད་ལོག །རྨི་ལམ་ཟིན་པའི་རྟགས་སུ་གཡང་ས་དང་རི་རྩེར་གནས་པ་སོགས་འཇིགས་སྐྲག་སྣ་ཚོགས་འབྱུང་ངོ་། །གཉིས་པ་འབྱམས་པ་བཅད་པ་ནི། གལ་ཏེ་རྨི་ལམ་མ་ཟིན་ན་འདུན་པ་དྲག་ཏུ་བཏང་ལ་གཉིད་ཁར་སྨིན་འཚམས་སུ་ཐིག་ལེ་ནག་པོ་སྲན་མ་ཙམ་ཅིག་གསལ། དེས་ཀྱང་མ་ཟིན་ན། སྨིན་འཚམས་ཀྱི་ནང་དུ་ཐིག་ལེ་དཀར་པོ་དང་། ཕྱིར་གོང་བཞིན་བསམ། དེས་ཀྱང་མ་ཟིན་པར་ཆེར་འབྱམས་ན་གསུམ་པ་གོལ་ས་སྤང་བ་ནི། ལུང་སྟོང་སོགས་སུ་གཅེར་བུར་འཕྱང་རྒྱུག་དང་འོ་དོད་དང་གླུ་དབྱངས་སྣ་ཚོགས་དང་། འཇིགས་སྐྲག་འབྱུང་བའི་གཡང་ས་མཐོན་པོར་བསྡད་
༤༤༨ལ་སྐྲག་ཏུ་གཞུག །དེ་ནས་འདོན་པ་སྔོན་བཞིན་ལ་ལུས་ཕྱིར་བསྒྱུར་བ་གཉིད་ཁར་བྱས་ལ། སྨིན་འཚམས་སུ་ཐིག་ལེ་དཀར་པོ་ཡུངས་ཀར་ཙམ་གསལ་ལ་གཉིད་ལོག་པས་ངེས་པར་ཟིན། གཏན་ནས་མ་ཟིན་ན་བླ་མ་ལ་དབང་ཞུ་དཔའ་བོའ་སྟོན་མོ་དང་མ་སོགས་བྱ། ཟིན་འཕྲོ་ལ་མ་ཟིན་ན་ཡིག་བརྒྱ་དང་། སྒྲིབ་སེལ་གྱི་གདམས་པ་བྱའོ། །གཉིས་པ་སྦྱང་བ་ལ་གཉིས་ཀྱི་དང་པོ་སྔོན་འགྲོ་ནི། ཉིན་པར་གྱི་དུས་སུ་རྨི་ལམ་བཟུང་ཞིང་སྦྱང་བར་བྱའོ་སྙམ་པའི་འདུན་པ་དྲག་ཏུ་བཏང་། ད་ལྟ་རྨི་ལམ་གྱི་སྐབས་ཡིན་སྙམ་དུ་བསམ་ཏེ། རི་རབ་ཀྱི་སྟེང་དུ་ཕྱིན་ནས་གླིང་བཞི་བལྟ་བ་དང་། ཉི་ཟླའི་སྟེང་དུ་འདུག་པ་དང་། སུམ་ཅུ་རྩ་གསུམ་དུ་ཕྱིན་ནས་དེའི་ཁང་བཟང་བལྟ་བ་དང་། ཨོ་རྒྱན་དང་། དགའ་ལྡན་དང་བདེ་བ་ཅན་ལ་སོགས་སུ་ཕྱིན་ནས་ཆོས་ཉན་ཞིང་སྒྲོ་འདོགས་གཅོད་པའི་འདུན་པ་བྱའོ། །གཉིས་པ་དངོས་གཞི་ནི། རྨི་ལམ་བཟུང་བའི་དུས་བཞིན་གཉིད་ལོག་པས་རྨི་ལམ་ཟིན་ན་ཨོ་རྒྱན་སོགས་སུ་འགྲོ་བ་སྔར་བཞིན་ནོ། །གསུམ་པ་སྤེལ་བ་ལ་གཉིས་ཀྱི་དང་པོ་སྔོན་འགྲོ་ནི། ཉིན་པར་རྨི་ལམ་བཟུང་སྦྱང་སྤེལ་བར་བྱའོ། །སྙམ་པའི་འདུན་པ་དྲག་ཏུ་བཏང་། གཞན་གོང་བཞིན་ལས་རྨི་ལམ་དུ་གང་རྨི་པ་དེ་མང་དུ་སྤེལ་ཞིང་། དེ་དག་ལ་ཆོས་ཞུ་བ་ལ་སོགས་བྱ། གཡང་ས་ལ་སོགས་པ་ཅིར་སྣང་ཐམས་ཅད་ཌཱ་ཀི་མ་ཁྱིའི་གདོང་པ་ཅན་ནམ་ཡི་དམ་དུ་གྱུར་ནས་རང་དང་བཅས་པ་བརྒྱ་ཕྲག་དུ་མར་སྤྲོ་བར་བྱའོ། །དེ་ལྟ་བུའི་ངང་ནས་གཉིད་ལོག་པས་གཉིས་པ་དངོས་གཞིའི་དུས་སུ་ཇི་ལྟར་འདོད་པ་བཞིན་སྤེལ་བའོ། །དེ་ལྟར་རྨི་ལམ་སྦྱང་སྤེལ་ཅུང་ཟད་ནུས་ན་སྤང་། ལུས་ལ་བདེ་བ་མ་སྐྱེས་ན། བཞི་པ་དེ་ཁོ་ན་ཉིད་བསྒོམ་པས་རྟོགས་པ་ཕུལ་དུ་བྱུང་བ་གསུམ་གྱི་དང་པོ་ནི། སྨིན་མའི་དབུས་སུ་
༤༤༩དབུ་མའི་ཡར་སྣེར་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་ཅིག་བསམ་ནས་གཉིད་ལོག་ཅིང་ཕྱག་རྒྱ་སྙོམས་པར་འཇུག་གི་སྦྱོར་བ་བྱས་ལ་བདེ་བ་བསྐྱེད་པར་བྱ་ཞིང་། དེ་ཡང་བདེ་སྟོང་གིས་རྒྱས་བཀབ་ནས་ཉམས་སུ་བླང་ངོ་། །དེ་ལྟར་བྱས་ཀྱང་ལུས་ཀྱི་བདེ་བའི་ཆ་ཞེན་ན། གཉིས་པ་ཉོན་མོངས་ལྡོང་བའི་རོ་སྤང་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་སྒོམ་ཞིང་། ཁྱད་པར་རྨི་ལམ་བརྗོད་བྲལ་གྱི་དོན་ལ་མཉམ་པར་བཞག་གོ །དེ་ལྟར་སེམས་སྒྱུ་མར་རྟོགས་ཀྱང་ལུས་སྒྱུ་མར་མ་རྟོགས་ན། གསུམ་པ་འཁོར་བ་ལྡོག་པའི་དུས་ཆད་བསྟན་པ་ནི། སྒྱུ་ལུས་སྦྱང་དགོས་པ་ཡིན་ཏེ། དེ་ལ་གསུམ་གྱི་དང་པོ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱོང་བ་ནི། མ་དག་པའི་དུས་འདི་ཉིད་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ཤར་བ་དང་འདྲ་བས་རང་གི་གཟུགས་བརྙན་མེ་ལོང་དུ་ཤར་བ་ལ་བསྟོད་སྨད་བྱས་ཀྱང་དགའ་མི་དགའི་རྣམ་རྟོག་མེད་པ་ལྟར་རང་ལ་བསྟོད་སྨད་བྱེད་པ་དེ་དང་འདྲ་བར་བསམས་ཏེ། འཇིག་རྟེན་ཆོས་བརྒྱད་སྒྱུ་མའི་དཔེ་དང་འདྲ་བར་ཤེས་པར་བྱ་ཞིང་། མི་སྙན་པར་སྨྲ་བ་བྲག་ཆ་དང་འདྲ་བར་ཤེས་ནས་མི་དགའ་བ་མེད་པར་ཉམས་སུ་བླང་ཞིང་དེ་ལྟར་མ་དག་པའི་སྒྱུ་ལུས་སྦྱངས་བའོ། །གཉིས་པ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ་ནི། ལོངས་སྤྲུལ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར་སྣང་ལ་རང་བཞིན་མེད་པར་ཉམས་སུ་བླངས་ཤིང་སྣོད་བཅུད་ཐམས་ཅད་ལྷ་སྐུ་སྒྱུ་མར་ལྟ་བུར་ཉམས་སུ་བླངས་སོ། །དེ་ལྟར་ཤར་ན་དག་པའི་སྒྱུ་ལུས་འབྱངས་པའོ། །གསུམ་པ་གཉིས་བསྡུས་ཀྱིས་སྒྱུ་ལུས་སྒྱུ་མར་སྦྱང་བ་ནི་སེམས་ཅན་ནས་སངས་རྒྱས་ཀྱི་བར་སྣང་བ་སྣ་ཚོགས་འདི། ཡང་དག་པར་གྲུབ་པ་མེད་དེ། སྣང་དུས་ཉིད་ངོ་བོས་
༤༥༠སྟོང་པའི་ཕྱིར་རོ། །སྒྱུ་མ་མཁན་གྱིས། ར་རྔ་དང་སྤྲེལ་མཇུག་ལ་སོགས་པའི་རྫས་ལ་ཨཾ་གུ་སཾ་གུ་ལ་སོགས་སྔགས་བཏབ་པའི་དུས་ན་རྟ་གླང་དང་སྐྱེས་པ་བུད་མེད་སོགས་སུ་སྣང་ཡང་། སྣང་དུས་ན་ཅིར་ཡང་གྲུབ་པ་མེད་དེ། སྔར་ཡོད་ཅིག་མེད་པར་སོང་བ་མ་ཡིན། མེད་པ་ལ་མེད་པར་རྟོགས་པ་ཡིན་མོད། དེ་ལྟར་རྟ་གླང་སྤྲུལ་པའི་གོང་དང་། སྤྲུལ་པའི་དུས་དང་། བཤིག་པའི་དུས་གསུམ་ཆར་དུ་རྟ་གླང་ཡོད་མ་མྱོང་བ་དེ། ཐོག་མར་སྐྱེ་བ། བར་དུ་གནས་པ། མཐར་འགག་པས་སྟོང་། དེ་ལྟར་རྫུན་སྣང་སྟེ། ཡང་དག་ཏུ་མ་གྲུབ་ཀྱང་སྣང་ཙམ་དུ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་བློ་འཁྲུལ་པའི་སྣང་ངོར་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་ཤར་ཡང་། སྣང་དུས་ནས་མ་གྲུབ་ཅིང་ངོ་བོས་སྟོང་། འོ་ན་སྣང་བ་ཅི་ཞེ་ན། ཡོད་ནས་སྣང་བ་མ་ཡིན་གྱིས་ལས་དང་བག་ཆགས་ཀྱི་རྟེན་འབྲེལ་ཚོགས་པའི་དབང་བའི་སྣང་བ་ཡིན་མོད། རྫུན་སྣང་དེ་རྟོག་པ་མ་ཤར་གྱི་བར་དུ་མེད་པར་མི་འགྲོ། རྟོག་པ་སྐྱེས་པའི་དུས་ན་ཡོད་མ་མྱོང་བའི་ཐོག་ཏུ་འགྲོ་སྟེ། སྔར་ཡོད་པ་ཅིག་ཕྱིས་མེད་པར་སོང་བ་མ་ཡིན། མེད་པ་ལ་མེད་པར་ངོ་ཤེས་ཤིང་རྟོགས་པ་ཡིན་ནོ། །དེས་ན་ད་ལྟའི་སྣང་བ་སྣ་ཚོགས་པ་འདི་མ་སྐྱེས་པ་དང་སྐྱེས་པ་དང་གྲོལ་བ་གསུམ་ཆར་གྱི་དུས་སྐྱེས་མ་མྱོང་བ་དང་། སྐྱེ་གནས་འགག་གསུམ་གྱིས་སྟོང་པར་མཚུངས་པ་ཡིན་ནོ། །དེ་ལྟར་སྣང་བཞིན་དུ་གྲུབ་པ་མེད་ལ། མེད་བཞིན་དུ་ཅིར་ཡང་འཆར་བས་སྒྱུ་མ་སྟེ་སྣང་ཙམ་ལ་བཀུར་པ་མི་འདེབས་ཤིང་། གནས་ལུགས་ལ་སྒྲོ་མི་འདོགས་པས་སྒྲོ་བཀུར་ཡོད་མེད། རྟག་ཆད། བདེན་རྫུན་ལ་སོགས་པ་མཐའ་ཐམས་ཅད་ལས་འདས་པའི་མཐའ་བྲལ་གྱི་ལྟ་ཉམས་སྐྱེས་པ་ནི་སྒྱུ་ལུས་མཐར་ཐུགས་འབྱངས་པའོ། །འདི་ལུས་ཕྱི་བསྒྱུར་གྱི་སྦྱོང་བ་ཡང་བྱས་ལ། རྨི་
༤༥༡ལམ་དུ་ཡང་རྐྱེན་བྱས། རྣམ་བྱ་ལྔ་སྒྲ་བཞི། གཡང་ས་གསུམ། གཤིན་རྗེ་ལ་སོགས་པ་འཇིགས་སྐྲག་གི་སྣང་བ་ཅི་བྱུང་ཡང་། རྨི་ལམ་ཡིན། འཇིགས་རྒྱུ་གང་ཡང་མེད། དེ་དག་ཏུ་འཆང་བ་དང་། མ་ཕོད་པ་ཐམས་ཅད་ལ་ཐོག་རྫིས་བྱས་ལ་དྲན་པ་རྣམས་གསུམ་ཡང་དྲན་པར་བྱའོ། །ཐམས་ཅད་ཡི་དམ་དུ་བསྒྱུར་ནས་རང་སེམས་དང་བསྲེས་ནས་རྩེ་གཅིག་ཏུ་བཞག །གཉིད་སད་ནས་ཀྱང་མདངས་གསུམ་གྱི་རྨི་ལམ་དང་། དེ་རིང་ཉིན་བར་གྱི་སྣང་བ་ལ་བྱད་པར་ཅི་ཡང་མི་འདུག །གཉིས་ཀ་སྒྱུ་མ་ལྟ་གུར་འདུག་སྙམ་དུ་ཤེས་པར་བྱས་ནས་རྨི་ལམ་གྱི་ཉམས་ལ་ཞེན་པ་མེད་པ་བྱའོ། །དེ་ལྟར་ཉིན་བར་སྣང་བ་རྨི་ལམ་དུ་སྦྱང་། རྨི་ལམ་དད་ཉིན་པར་བསྲེས་ནས་ཉམས་སུ་བླངས་ན་དུས་གསུམ་ཤེས་པའི་མངོན་ཤེས་དང་། མཁའ་འགྲོས་དངོས་སུ་ལུང་སྟོན་པ་ཡང་སྲིད་གསུངས་ངོ་། །གཉིས་པ་གསང་དབང་ལ་དྲུག་གི་དང་པོ་རང་བྱིན་རླབས་ལ་གཉིས་ཀྱི་དང་པོ་ཁྱབ་བྱེད་དམིགས་པའི་གནད་ནི། ཐུན་གྱི་སྔོན་འགྲོ་བུམ་དབང་བཞིན་ལ། ལུས་ཀྱི་དབུས་སུ་སྤྱི་གཙུག་ནས་ལྟེ་བའི་བར་ལ་རྩ་དབུ་མ་གསལ་བཏབ། རླུང་ཡང་རྩོལ་བ་ནས་ཕྱིར་རྒྱུས། སྲོག་ནས་ནང་དུ་ཞུགས། ནང་དུ་གནས་པ་གསུམ་དང་། ཧཱུྃ་ཨ་ཨཱཿཡིད་ཀྱིས་བརྗོད་པ་དང་། རྩ་གསུམ་ཡང་རིམ་པ་བཞིན་དུ་གསལ་གདབ། སེམས་ཀྱིས་ཡང་རླུང་རྒྱུ་བ་དང་བསྟུན་ནས་ཕྱིར་རྒྱུས། ནང་དུ་ཞུགས་གནས་མཉམ་དུ་བསམ། ཡང་རླུང་དེ་ཉིད་ཧཱུྃ་སྔོན་པོ། ༀ་དཀར་པོ། ཨཱཿདམར་པོའ་རྣམ་པར་བསྒོམས་ལ་རླུང་ལྡང་འཇུག་གནས་གསུམ་གྱི་རྗེས་ལ་སེམས་འགྲོ་བ་བོགས་ཆེ་གསུངས། རྔན་དགས་བྱིན་པ་ནི་རླུང་རྒྱུ་བ་དང་བསྟུན་ལ། རྩོལ་བ་ནས་ཕྱིར་རིང་དུ་རྒྱུས། སྲོག་ནས་ནང་དུ་ཐུང་དུ་རྒྱུས། ནང་དུ་
༤༥༢ཐུང་ངུ་གནས་མཉམ་དུ་བསམ། དེ་ཞག་འགའ་ཞིག་གི་བར་སྦྱངས་ནས་ཡང་རྩོལ་བ་ནས་ཕྱིར་ཐུང་ངུ་རྒྱུས། སྲོག་ནས་ནང་དུ་རིང་དུ་རྒྱུས། ནང་དུ་རིང་དུ་གནས་སྙམ་དུ་བསམ་ཏེ། རྣམ་པ་ངེས་པ་དང་། རྒྱུ་བ་གསང་བའི་བར་དུ་སྦྱང་ངོ་། །གཉིས་པ་ཁྱབ་བྱ་དམིགས་པའི་གནད་ནི། རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་རྒྱས་པ་བཞིན་ནམ། རྩ་འདབས་རྐྱང་པ་གང་རུང་གསལ་གདབ་ལ་སྟེང་བླུད་སྣ་གཉིས་ནས་མཉམ་དུ་རྔུབས་པས་རོ་རྐྱང་གཉིས་ནས་རླུང་ཞུགས་ཏེ། དབུ་མའི་མར་སྣར་འཕྲོད་པ་འོག་རླུང་ཅུང་ཟད་འཐེན། ལྟེ་བའི་ཨཾ་ལ་བསྣུན། ༀ་ལས་མེ་འབར་དབུ་མ་ནས་ཞུགས། སྙིང་ཁའི་ཧཱུྃ་དང་མགྲིན་པའི་ཨ་བསྲེས་ནས་སྤྱི་བོའ་ཧཾ་ལ་བསྣུན། དེ་ལས་བྱང་སེམས་བབས། ༀ་དང་ཧཱུྃ་གཉིས་བསྲེས་ནས་ལྟེ་བའི་གོང་གི་སོར་བཞི་ཙམ་དུ་འབར་འཛག་བྱ། སྟེང་རླུང་གཉིས་ཀྱི་བར་དུ་འོག་རླུང་གཅིག་འཐེན་ལ་མནན། མི་ཐུབ་ན་དལ་བུས་བཏང་ལ་སླར་ཡང་སྔར་བཞིན་བྱའོ། །གཉིས་པ་ལྟ་བ་དང་གསུམ་པ་གྲུབ་མཐའ་གཉིས་ནི་རྒྱས་པ་བཞིན་ནོ། །གཉིས་པ་འདའ་ཁ་མ་ལ་གཉིས་ཀྱི་དང་པོ་སྦྱང་བ་ནི། ལས་སྦྱར་དང་གཉིས་པའི་སྔོན་དུ་བླ་མ་སྤྱན་དྲང་བ། གསོལ་བ་གདབ་བ། ཞེན་པ་སྤོངས་པ་རྣམས་གོང་དང་འདྲ། འདིར་འབྱུང་བཞི་ཐིམ་སྡུད་བྱེད་པའི་ཕྱི་ནང་གསང་གསུམ་གྱི་རྟགས་རྣམས་དྲན་པར་བྱས་ལ། དེ་དག་ཀྱང་འོད་གསལ་སྟོང་པ་ཉིད་དུ་ཤེས་པར་བྱས་ཏེ། རང་སེམས་དང་བསྲེས་ལ་རྩེ་གཅིག་ཏུ་བཞག་གོ །གཉིས་པ་ལས་སྦྱར་ནི་འཆི་བའི་ཚེ། འབྱུང་བཞི་ཐིམ་སྡུད་བྱེད་པའི་རྟགས་དང་མཚན་མ་ཐམས་ཅད་དངོས་སུ་འབྱུང་བས་དེ་ཐམས་ཅད་འོད་གསལ་སྟོང་པ་ཉིད་དུ་ཁ་ལོ་སྒྱུར་ཏེ་རང་སེམས་དང་བསྲེས་ཏེ་རྩེ་གཅིག་ཏུ་བཞག །དེ་ལྟར་བྱས་པས་རླུང་
༤༥༣སེམས་ཐམས་ཅད་དབུ་མར་བྱས་ནས་འོད་གསལ་མ་བུ་ངོ་འཕྲོད་དེ་གྲུབ་མཐའ་སྙོག་པར་འགྱུར་རོ། །ལྔ་པ་བར་དོ་ལ་གཉིས་ཀྱི་དང་པོ་སྔོན་འགྲོ་སྦྱང་བ་ནི། བར་དོའ་རྣམ་བཞག་ཐམས་ཅད་བུམ་དབང་གི་སྐབས་བཞིན་དྲན་པར་བྱ། དེ་ཐམས་ཅད་འོད་གསལ་སྟོང་ཉིད་དུ་བསྒྱུར་ནས་སེམས་དང་བསྲེས་ནས་རྩེ་གཅིག་ཏུ་བཞག །ཡང་དེའི་ཚེ་ལྟ་བ་རང་གི་སྟོན་པའི་བླ་མ། དེས་བསྟན་པའི་ལམ་ཙཎྜ་ལི། རང་བྱུང་གི་ཡེ་ཤེས་དངོས་ཏེ་གསུམ་དྲན་པར་བྱའོ། །གཉིས་པ་དངོས་གཞི་ནི། བར་དོའ་གནས་སྐབས་སུ་སྣང་བ་ཐམས་ཅད་དངོས་སུ་འབྱུང་བས་དེ་དུས་ཉམས་ལེན་འདི་བཞིན་བྱ་སྟེ། སྣང་བ་ཐམས་ཅད་ཨ་ལི་ཀ་ལིའི་གཟུགས་སུ་ཤར་ནས་རང་བྱུང་གི་ཡེ་ཤེས་སྐྱེས་ཏེ་གྲུབ་མཐའ་སྙོགས་པར་འགྱུར་རོ། །དྲུག་པ་རྨི་ལམ་གཟུགས་སྦྱང་སོགས་གང་བཞིན་ལ། དེ་དག་ཐམས་ཅད་འོད་གསལ་སྟོང་ཉིད་དུ་སྒྱུར་ནས་དུ་མ་སྒྲོ་བ་དང་། འདིའི་དྲན་པ་གསུམ་དྲན་པར་བྱའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་ལམ་ལ་དྲུག་གི་དང་པོ་ལ་དལ་འཁོར་ནི། ཐུན་གྱི་སྔོན་དུ་འགྲོ་བ་སོགས་བྱས་ནས་ཕྱག་རྒྱ་སྙོམས་འཇུག་གི་སྦྱོར་བ་བྱས་པས་གཉིས་ཀའི་སྤྱི་བོའ་ཧཾ་ལས་བྱང་སེམས་དཀར་དམར་བྱུང་། དགའ་བཞིའི་རིམ་པས་གསང་བའི་གནས་སུ་ཕབ་ནས་བྱང་སེམས་གཉིས་པོ་ཉི་ཟླ་ཁ་སྦྱར་བ་བཞིན་བྱས་པས་ལྷན་ཅིག་ཡེ་ཤེས་སྐྱེའོ། །སླར་ཡང་མས་བརྟན་གྱི་དགའ་བཞི་ཉམས་སུ་བླངས། འཛག་པ་ཤས་ཆེ་ན་དུད་འགྲོའི་འགྱུར་བ་བཞི་བྱའོ། །གཉིས་པ་ལྟ་བ་དང་། གསུམ་པ་གྲུབ་མཐའ་ནི་རྒྱས་པ་བཞིན་ནོ། །བཞི་པ་འདའ་ཀ་མ་ལ་གཉིས་ཀྱི་དང་པོ་སྦྱང་བ་ནི། བླ་མ་སྤྱན་འདྲེན་སོགས་གོང་བཞིན་དང་། འཁོར་ལོ་ལྔའི་རྩ་མདུད་འཇིག །ཅིང་དངས་མ་སྡུད་ལ་རླུང་མལ་འཆུགས་པའི་ཐིམ་
༤༥༤སྡུད་ཀྱི་རྟགས་འདི་དག་དངོས་སུ་འབྱུང་བས་བདེ་སྟོང་གི་རྣམ་པར་ཉམས་སུ་བླང་། དེ་ལྟར་བྱས་པས་རླུང་སེམས་དབུ་མར་ཞུགས་པའི་རྡོ་རྗེ་སྟོང་པ་དང་སེམས་དཔའ་བདེ་བ་སྟེ། རྡོ་རྗེ་སེམས་དཔའ་དངོས་སུ་བྱོན་ནས་གྲུབ་མཐའ་སྙོགས་པར་འགྱུར་རོ། །ལྔ་པ་བར་དེས་གཉིས་ཀྱི་དང་པོ་སྔོན་འགྲོ་སྦྱོང་བ་ནི། བར་དོའ་རྣམ་བཞག་ཀུན་དྲན་པར་བྱའོ། །གཉིས་པ་དངོས་གཞི་ནི་བར་དོའ། དེ་ཐམས་ཅད་བདེ་སྟོང་དུ་བསྒྱུར་ནས་རང་སེམས་སུ་བསྲེས་ལ་རྩེ་གཅིག་ཏུ་བཞག །འདིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་པའི་བླ་མ། ཕོ་ཉའི་ལམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་དང་གསུམ་དྲན་པར་བྱའོ། །གཉིས་པ་དངོས་གཞི་ནི་བར་དོའ་སྐབས་སུ་སྣང་བ་དེ་ཐམས་ཅད་དངོས་སུ་འབྱུང་བས་ཉམས་ལེན་འདི་བཞིན་བྱ། དེ་ལྟར་བྱས་པས་སྣང་བ་ཐམས་ཅད་བྱང་སེམས་མུ་ཏིག་གི་ཕྲེང་བ་ལྟ་བུར་ཤར་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེས་ཏེ་གྲུབ་མཐའ་སྙོགས་པར་འགྱུར་རོ། །དྲུག་པ་རྨི་ལམ་ནི་གཟུགས་སྦྱང་སོགས་སྔར་བཞིན་ལ། རྨི་ལམ་གྱི་སྣང་བ་དེ་ཐམས་ཅད་དུ་མ་སྤྲོ་ཞིང་། བདེ་སྟོང་དུ་བསྒྱུར་ནས་འདིའི་དྲན་པ་གསུམ་དྲན་པར་བྱའོ། །བཞི་པ་དབང་བཞི་པའི་ལམ་ལ་དྲུག་གི་དང་པོ་རྡོ་རྗེ་རྦ་རླབས་ལ་གསུམ་གྱི་དང་པོ་ཐབས་རྒྱུད་དག་པ་ནི། སྔོན་འགྲོ་སྔར་བཞིན་ལ། རང་གི་སྤྱི་བོ་ནས་གསང་གནས་ཀྱི་བར་ལ་རྩ་གསུམ་གསལ་གདབ། །ཕྱག་རྒྱ་དང་སྙོམས་འཇུག་གི་སྦྱོར་བ་བྱས་པས། གཉིས་ཀའི་ཧཾ་ལས་བྱང་སེམས་མར་བྱུང་། དགའ་བཞིའི་རིམ་པས་གསང་བའི་གནས་སུ་དབབ་པས་དབུ་མའི་མར་སྣ་བྱང་སེམས་གཉིས་པོ་འདྲེས་ནས་འོད་ཟེར་ལྔའི་རང་བཞིན་དུ་གྱུར། དེ་ཉིད་ཐབས་ཀྱི་རོ་མ་ནས་ཞུགས་སྟེ་ལྟེ་བ། སྙིང་ཁ། མགྲིན་པའི་འཁོར་ལོ་གསུམ་ལངས་བ་བཞིན་ཡལ་ཡལ། ཉི་མ་ཤར་བ་བཞིན་གསལ་གསལ། གློ་བ་བུས་པ་བཞིན་བཏང་
༤༥༥བཏང་སོང་བར་བསམས་ཏེ། ཆོས་གསུམ་ལྡན་དུ་བྱས། དེ་ཉིད་རྣ་བ་གཡོན་པ་ནས་ཐོན་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་ལྔས་ཁེབས་པར་གྱུར། འོད་ཀྱི་སྣ་ལ་ཀྱཻ་རྡོ་རྗེའི་དལ་དཔག་ཏུ་མེད་པ་སྤྲོས། དེས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་ལྷར་གྱུར་ནས་དབང་བཞི་བསྐུར་བའི་ཚུལ་གྱིས་སེམས་ཅན་གྱི་དོན་བྱས། དེ་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རྣམ་པར་བསྒྱུར་ནས་སྤྱི་བོ་ནས་ཞུགས་ཏེ། སྤྱི་བོའ་སོགས་འཁོར་ལོ་ཡས་མར་སྔར་བཞིན་གསལ་བཏབ་རོ་མ་ནས་བརྒྱུད་གསང་བའི་གནས་སུ་དབབ་བོ། །དེའང་སྤྱི་བོ་མགྲིན་པར་བྱོན་པས་ཉི་མ་སྟོང་གི་གཟི་བརྗིད་དང་ལྡན། སྙིང་ཁར་བྱོན་པས་བདག་རྒྱུད་ཡི་ཤེས་ལྔར་བྱིན་གྱིས་བརླབས་པའི་རྟགས་འོད་ཟེར་ཁ་དོག་ལྔར་གྱུར་པར་བསམ། དེ་ལྟར་བྱས་པས་རོ་མའི་རྩ་ལམ་དག །བཟུང་རྟོག་རེངས་ཤིང་རོ་མ་དཔང་དུ་འདུས་པས་རྩོལ་བའི་རླུང་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་མངོན་དུ་བྱས་པར་བསམ་ལ། དེའི་ངང་ལ་མཉམ་པར་བཞག །སླར་ཡང་འོད་ཟེར་རྐྱང་མའི་ལམ་ནས་ཞུགས་ཏེ། རྣ་བ་གཡོན་ནས་སྤྲོ་བ་སོགས་འགྲོ་འོང་ཐམས་ཅད་སྔ་མ་བཞིན་བྱས་པས་འཛིན་རྟོག་རེངས་ཤིང་རྐྱང་མ་དབང་དུ་འདུས་སྲོག་གི་རླུང་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་མངོན་དུ་བྱས་པར་བསམ་ལ། དེའི་ངང་དུ་གནས་པར་བཞག །སླར་ཡང་འོད་ཟེར་དུ་དབུ་མ་ནས་འགྲོ་འོང་བྱེད་ཅིང་མས་ཡར་དུས་སུ་སྤྱི་བོའ་འཁོར་ལོ་གསལ་གདབ། གཞན་ཐམས་ཅད་སྔར་བཞིན་བྱས་པས་གཟུང་འཛིན་གཉིས་ཀྱི་རྣམ་རྟོག་རེངས། དབུ་མ་དབང་དུ་འདུས། གནས་པའི་རླུང་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་དུ་བྱས་པར་བསམ་ལ། དེའི་ངང་དུ་མཉམ་པར་བཞག་
༤༥༦གོ །གཉིས་པ་ཤེས་རབ་ཀྱི་རྒྱུད་དག་པ་ནི། སྔར་བཞིན་ལས་ཁྱད་པར་ནི་རོ་རྐྱང་གི་དུས་སུ་རྣ་བ་ནས་འོད་ཟེར་སྤྲོ་བ་མེད་ཅིང་། དབུ་མའི་དུས་སུ་སྤྲོའམ་མ་སྤྲོས་ཀྱང་རུང་ངོ་། །གསུམ་པ་གཉིས་ཀའི་རྒྱུད་དག་པར་བྱ་བ་ནི། ཐབས་ཤེས་གཉིས་ཀྱིས་དབུ་མའི་མར་སྣ་ནས་སོ་སོའ་ཁམས་དཀར་དམར་ཞུགས་པའི་ཚེ། རྩ་གསུམ་ཞུགས་པ་བཟློག་པ་བཞིན་སོང་ནས་གཙུག་ཏོར་མཆོག་ཏུ་ཐིམ་པར་བསམ་མོ། །གཉིས་པ་ལྟ་བ་དང་གསུམ་པ་གྲུབ་མཐའ་ནི་རྒྱས་པ་བཞིན་ནོ། །བཞི་པ་འདའ་ཁ་མ་གཉིས་ཀྱི་དང་པོ་ནི་སྦྱང་གཞི་གོམས་པ་ལ། གསུམ་གྱི་དང་པོ་སྒྲ་ལ་གོམས་པ་ནི། རླུང་གི་སྦྱོར་བ་ཞག་གྲངས་ཞེ་གཉིས་ཀྱི་བར་དུ་གཞུང་ནས་བཤད་པར་བཞིན་བྱ། བུམ་དབང་གི་སྐབས་བཞིན་ལུས་གནད་དང་ལྡན་པས་ཧི་ཀི་ཉི་ཤུས་མགྲིན་པར་དྲངས་ཤིང་། ཉེར་གཅིག་པ་འདིར་མེད་པས་ཧི་ཀི་ཉི་ཤུས་ངལ་བསོ་བར་བྱའོ། །གཉིས་པ་ཕྱིའི་ཡི་གེ་ལ་གོམས་པ་ནི། བཤང་། གཅི། ལྟོ་བ། ཁ། མིག །རྣ་བ། སྤྱི་བོ། །སྤྱི་གཙུག་རྣམས་འཕོས་ན་རིམ་བཞིན། དམྱལ་བ། དུད་འགྲོ། འདོད་ལྷ། ཡི་དྭགས། གནོད་སྦྱིན། མི། མིའམ་ཅི། གཟུགས་ཁམས། གཟུགས་མེད་ཀྱི་ལྷར་སྐྱེ་བས། སྒོ་དགུ་ཡི་གེས་བསྒག་པ་གཞུང་བཞིན་ནོ། །གསུམ་པ་ནང་གི་ཡི་གེ་ལ་གོམས་པ་ནི། ལུས་ལ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གཏུམ་མོ་འཁོར་ལོ་བཞི་ལ་སྟོན་པའི་སྐབས་བཞིན་གསལ་ལ། རོ་རྐྱང་གཉིས་སུ་ཨི་བཅུ་དྲུག་ཁ་དོག་དམར་པོ་གྱེན་དུ་ལྟ་བ་དེའི་བར་དུ་ཀ་ལི་སོ་བཞི་ཁ་དོག་དཀར་པོ་མགོ་མཐུར་དུ་བསྟན་པ་བསམ། ཕྱིར་རྒྱུ་རྩོལ་དུས་སུ་ལྟེ་བ་ནས་ཡས་མར་རྩ་གསུམ་འཁོར་ལོ་བཞི། ཡི་ཤེས་རྣམས་གསལ་བཏབ། ནང་རྒྱུ་སྲོག་གི་དུས་སུ་ཡང་སྤྱི་བོ་ནས་བརྩམས་ཏེ། མས་ཡས་
༤༥༧དེ་བཞིན་དུ་གསལ་གདབ་བོ། །གཉིས་པ་ལས་སྤྱིར་ནི། འཆི་བའི་དུས་སུ་ཙོག་པུའམ་སྐྱིལ་ཀྲུང་གང་བདེ་བྱས་ལ། རྩ་གསུམ་འཁོར་ལོ་བཞི། ཡི་གེ་དང་བཅས་པ་གོམས་པའི་དུས་བཞིན་གསལ་གདབ་ལ། ཕྱིར་རྒྱུས་དུས་སུ་རོ་རྐྱང་གཉིས་ཀྱི་རླུང་ཨ་ཡིག་ནས་དབུ་མར་ཞུགས་པར་བསམ། ནང་རྒྱུའི་དུས་སུ་དེ་བཞིན་དུ་ཧཾ་ཡིག་ནས་ཡར་ཞུགས་པར་བསམ། དེ་ལྟར་བྱས་པས་འཆི་བ་འོད་གསལ་གྱི་གནས་སྐབས་སུ་རླུང་སེམས་ཐིག་ལེ་ཐམས་ཅད་དབུ་མར་ཞུགས་པའི་ཚེ་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ཉམས་ཤར་ནས་གྲུབ་མཐའ་སྙོགས་པར་འགྱུར་རོ། །ལྔ་པ་བར་དོ་ལ་གཉིས་ཀྱི་དང་པོ་སྔོན་འགྲོ་སྦྱང་བ་ནི་བར་དོའ་རྣམ་བཞག་རྣམས་སྔར་བཞིན་དྲན་པར་བྱས་ལ། དེ་ཐམས་ཅད་གནས་ལུགས་དེ་ཁོ་ན་ཉིད་དུ་ཉམས་སུ་བླངས་ཤིང་རང་སེམས་དང་བསྲེས་ལ་རྩེ་གཅིག་ཏུ་མཉམ་པར་བཞག །དེའི་ཚེ་དེ་ཁོ་ན་ཉིད་སྟོན་པའི་བླ་མ་དྲན་པ། དེས་བསྟན་པའི་ལམ་རྡོ་རྗེའི་རྦ་རླབས་དྲན་པ། ལྟ་བ་དེ་ཁོ་ན་ཉིད་དྲན་པའོ། །གཉིས་པ་དངོས་གཞི་ནི། སྲིད་པ་བར་དོའ་སྐབས་སུ་འཇིགས་པའི་སྒྲ་བཞི་ལ་སོགས་པ་དངོས་སུ་འཆར་བས། དེ་ཐམས་ཅད་ལྟ་བ་ཁོ་ན་ཉིད་ཀྱིས་རྒྱས་བཏབ་ལ། འདིའི་དྲན་པ་རྣམ་པ་གསུམ་དྲན་པར་བྱའོ། །དེ་ལྟར་ཉམས་སུ་བླང་བས་ཅི་སྣང་ཐམས་ཅད་ལྟ་བའི་ངོ་བོར་འཆར་ཞིང་། ལུས་ལ་རྩ་གསུམ་འཁོར་ལོ་བཞི་ཡི་གེ་དང་གསལ་བར་རྫོགས་ནས་གྲུབ་མཐའ་སྙོགས་པར་འགྱུར་རོ། །དེ་ལྟར་ན་དབང་བཞི་ཆར་གྱི་བར་དོའ་སྐབས་སུ་ཉིན་པར་དང་། མཚན་མོའ་དུས་སྐྱེ་ཤི་བར་དོ་དང་། རྨི་ལམ་བར་དོའ་རྣམ་བཞག་རང་རང་གི་སྐབས་བཞིན་ཉམས་སུ་བླང་ངོ་། །དྲུག་པ་རྨི་ལམ་ནི་བཟུང་སྦྱང་སོགས་གང་བཞིན་ལ། སྐབས་དེར་ཅི་སྣང་ཐམས་ཅད་ལྟ་བ་དེ་ཁོ་ན་ཉིད་ཀྱིས་རྩིས་ཟིན་པར་བྱས་ལ་རང་དང་བཅས་པ་དུ་མར་སྤྲོ་ཞིང་སྐབས་འདིའི་དྲན་པ་རྣམ་གསུམ་ཡང་དྲན་པར་བྱའོ།། །།

༄༅། །ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་བཞུགས་སོ།

༤༢༧

ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་བཞུགས་སོ། །དཔལ་བཀྲ་ཤིས་རིན་པོ་ཆེ་མྱུར་དུ་བདེ་བ་ཆེན་པོ་དང་ལྡན་པར་མཛད་པ་དོན་ཐམས་ཅད་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དང་པོ་སྔོན་འགྲོ་དག་ལ་བསླབ། །དངོས་གཞི་གཏོང་ལེན་སྤེལ་མར་སྦྱང༌། །ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །རྗེས་ཀྱི་མན་ངག་མདོར་བསྡུས་པའོ། །ལེན་པའི་གོ་རིམ་རང་ནས་བརྩམ། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །མན་ངག་སྙིང་པོ་མདོར་བསྡུས་པའོ། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱོང༌། །འཕྲལ་ལ་གང་འདུག་བསྒོམ་དུ་སྦྱར། །གཉིས་པོས་ཚང་ན་ཐམས་ཅད་བླང༌། །བཀོལ་པ་རྣམས་ལ་རྟག་ཏུ་བསྒོམ། །ལེ་ལེན་ཐམས་ཅད་གཅིག་ལ་བདའ། །ཀུན་ལ་བཀའ་དྲིན་ཆེ་བར་སྒོམས། །དཀའ་བ་གསུམ་ལ་བསླབ་པར་བྱ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །ཉམས་པ་མེད་པ་རྣམ་གསུམ་སྒོམས། །སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །འདུན་པ་བསྒྱུར་ལ་རང་སོར་བཞག །རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང༌། །སྟོབས་ལྔ་དག་ལ་སྤྱད་པར་བྱ། །ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །དཔང་པོ་གཉིས་ཀྱི་གཙོ་བོ་བཟུང༌། །ཡིད་བདེ་འབའ་ཞིག་རྒྱུན་དུ་བརྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཤག་ངན་མ་དགོད། ཡུས་མ་སྒྲོམས། ཀོ་ལོང་མ་སྡོམས། །འོར་ཆེ་མ་འདོད། །ཡུད་ཙམ་པ་མི་བྱ། །འཕྲང་མ་དགུག །མཛོ་ཁལ་གླང་ལ་མ་བྱོ། མགྱོགས་ཀྱི་རྩེ་མ་གཏད། གཞུང་བཟང་པོ་མ་བརྟེན། གོ་ལོག་མི་བྱ། རེས་འཇོག་མི་བྱ། གཏོ་ལོག་མི་བྱ། རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། དོལ་ཆོད་དུ་བྱ། འབྲལ་མེད་གསུམ་དང་ལྡན་པར་བྱ། །རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ལོག་ན་དེ་ཉིད་གཉེན་པོར་སྒོམས། གཉིས་པོ་གང་བྱུང་བཟོད་པར་བྱ། །ཡན་ལག་ཉམས་པ་བརྗོད་མི་བྱ། །

༤༢༨

གཞན་ཕྱོགས་གང་ཡང་མི་བསམ་མོ། །ལྷ་བདུད་དུ་མི་དབབ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། རྐྱེན་གཞན་དག་ལ་ལྟོས་མི་བྱ། གཙོ་བོ་ངོས་བཟུང༌། འབྲས་བུར་རེ་བ་ཐམས་ཅད་སྤང༌། དུག་ཅན་གྱི་ཟས་སྤང༌། གནད་ནས་མི་བསྐུལ། སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་སྒྱུར་བ་ཡིན། །བརྟན་པ་ཐོབ་ནས་གསང་བ་བསྟན། །མན་ངག་སྙིང་པོ་དམ་པ་འདི། །དམ་པ་དག་ལས་བརྒྱུད་པ་ཡིན། །རྩ་བའི་ཚིག་གོ །སརྦ་མངྒ་ལམ།། །།

རྡོ་རྗེ་ཕག་མོའི་གསང་བའི་སྒྲུབ་པ་ཞེས་བྱ་བ

༢༨༥ ༈ སུ་ཁ་སིདྡྷིའི་རྒྱ་གཞུང་ནི། རྒྱ་གར་སྐད་དུ། བཛྲ་ཝཱ་ར་ཧི། གུ་ཧྱ་སཱ་དྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕག་མོའ་གསང་བའི་སྒྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོའི་ཕྱོགས་སུ་ཁ་བལྟས་ཏེ། །མཎྜལ་ནི་སིན་་རའོ། །རང་སྐད་ཅིག་གིས་ཕག་མོར་གསལ་བའི་ལྟེ་བར་ཆོས་འབྱུང་ངོ་། །དེ་དབུས་པད་འདབ་བཞིའི་ལྟེ་བར་ༀ་མོ། །མདུན་དུ་ཧའོ། །གཡས་སུ་རིའོ། །རྒྱབ་ཏུ་ནིའོ། ཨོ་རྒྱན་དུ། གཡོན་དུ་སའོ། །དེ་ཐམས་ཅད་་གོང་རས་ལྗང་གུ་མུ་ཁྱུད་དང་བཅས་པ། དམར་བའི་མདོག་ཅན། མྱོས་བྱེད་ཀྱི་རང་བཞིན་ཅན། ཡི་གེའི་ཚོགས་དེ་རྣམས་ལས་་
༢༨༦ འོད་ཟེར་དམར་བ་ལྕགས་ཀྱུའི་དབྱིབས་ཅན་བྱུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཔའ་བོ་དང་ཌཱ་ཀི་མ་རྣམས་ཀྱི་དབང་གི་ནུས་མཐུ་པདྨ་རཱ་གའི་མདོག་ལྟར་བཀུག་ལ་བསྟིམ་མོ། །དེའི་ནུས་མཐུའི་འོད་དམར་བའི་དབྱིབས་ཅན། དམིགས་བྱའི་སྨིན་མཚམས་དང་གསང་གནས་སུ་བཏབ་པས། ཀིཾ་ཤུའི་ལོ་མ་རླུང་གིས་བསྐྱོད་པ་ལྟར། སྒྲུབ་བྱ་འདོད་ཡོན་དང་བཅས་པ་རང་དབང་མེད་པར་པདྨའི་སྟེང་དུའོ། །དེ་ནས་ཆོས་འབྱུང་ཁ་བསྡུས་ཏེ། ཡི་གེ་མི་གཡོ་བའི་འོད་ཟེར་་སྙིང་ཟེར་བའང་སྣང་ངོ་། སྔ་མ་ལྟ་བུའི་གནས་གཉིས་སུ་བཏབ་པས། པདྨ་གཡོས་མེད་པ་ལྟར། དབང་མེད་དུ་མྱུར་དུ་འཁོར་བས། སྒྲུབ་བྱ་འདོད་ཡོན་དང་བཅས་ལི་ཁྲི་ལྟ་བུར་གྱུར་ཏེ། གཅེར་བུ་གསུམ་དང་ལྡན་པར་བལྟའོ། །མི་གནས་གསུམ་ལ་རྩེ་གཅིག་ཏུ་འབད་པར་བྱའོ། །དེ་ནི་འདུ་བ་གསུམ། ཤིན་ཏུ་མྱུར་བས། དང་འཆར་བ་གསུམ་འབྱུང་བར་འགྱུར་རོ། །འབུམ་ཕྲག་བདུན་གྱིས་འཇིག དམར་ལྡེམ་ལྡེམ། སྒྲུབ་བྱེད་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ། རྟེན་གྱི་བདག ལུས་ངག་ཡིད་གསུམ། པོར་འགྱུར་རོ། །ཟླ་བ་དྲུག་གིས་བཅུ་་མི་་བཞིའི་ས་་ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ། སྔགས་་ཐོབ་པར་འགྱུར་རོ། །དབང་ལ་ནི་ཆགས་པའི་སེམས་ཀྱིས་སོ། །མཆོག་ལ་ནི་མི་རྟོག་པའི་སེམས་ཀྱིས་སོ། །གསང་ཞིང་སྨྲ་བ་བཅད་པ་དང་། །ཐེ་ཚོམ་མེད་པ་ནི་དམ་ཚིག་གོ །གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་ཞེས་བྱ་བ། ཌཱ་ཀི་མ་སུ་ཁ་མ་ཧཱ་སིདྡྷིས་ཕྱུང་བའོ། །རྫོགས་སོ། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོ། །མངྒ་ལཾ།། །།

༄༅། །འཕགས་པ་སྤྱན་རས་གཟིགས་ཀྱི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཀྱི་ཆ་ལག་མན་ངག་གསེར་གྱི་ཐུར་མ་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ། །

XXX འཕགས་པ་སྤྱན་རས་གཟིགས་ཀྱི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཀྱི་ཆ་ལག་མན་ངག་གསེར་ཀྱི་ཐུར་མ་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ། །
XXX འཇིག་རྟེན་སྣང་བྱེད་རྒྱལ་བ་མཆོག་གི་སྐུ། །མ་རིག་མུན་འཇོམས་ཤེས་བྱ་གསལ་བྱེད་གསུང༌། །ཆོས་ཀུན་གནས་ལུགས་གཟིགས་པ་ཀུན་མཁྱེན་ཐུགས། །འདྲེན་མཆོག་བླ་མ་རྣམས་ཀྱི་ཞབས་ལ་འདུད། །སེམས་ཅན་ཀུན་གྱི་གཟུང་འཛིན་འཁྲུལ་པ་ཡི། །མི་ཤེས་རབ་རིབ་ཀུན་སེལ་བྱེད་པའི་ཕྱིར། །མན་ངག་གསེར་གྱི་ཐུར་མ་རིན་ཆེན་འདི། །བླ་མའི་གསུངས་བཞིན་བདག་གིས་བརྗེད་ཐོར་བྲི། །དེ་ལ་ཐོག་མར་སྐྱབས་འགྲོའི་མན་ངག་ནི། ནམ་ཐོ་རེངས་ཀ་ལ་སོགས་པར། རང་ཉིད་སྐད་ཅིག་གིས་པད་ཟླའི་སྟེང་དུ་གནས་པའི་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཤེལ་ཕྲེང༌། གཡོན་པད་ཀར། ཞལ་འཛུམ་པ། སྙན་དཀྱུས་ཤངས་དཀྱུས་སྤྱན་དཀྱུས་རིང་པོ་གསུམ་དང་ལྡན་པ། དབུ་སྐྲ་རལ་པའི་ཅོད་པན་གྱི་སྤྱི་བོར་འོད་དཔག་མེད་བཞུགས་པ། ཡུམ་གསང་བ་ཡེ་ཤེས་དམར་མོ་བུ་མོ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། དབུ་སྐྲ་ཕྱེད་བཅིངས་ཕྱེད་གྲོལ། ཕྱག་གཡས་ཌཱ་མ་རུ་སྒྲ་དང་བཅས་པ། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། ཞབས་གཉིས་ཡབ་ཀྱི་རྐེད་པར་འཁྲིལ་བ། སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་སྐད་ཅིག་གིས་བསྐྱེད་པའི་སྤྱི་བོར་མི་ཏྲ་ཛོ་ཀི་སྐུ་མདོག་དཀར་དམར་གཡས་ཌཱ་མ་རུ། གཡོན་དངུལ་དྲིལ། རུས་པའི་རྒྱན་དྲུག་དང་ལྡན་པ། སྤྱན་ནམ་མཁར་གཟིགས་པ་གསལ་བར་བསྐྱེད་པའི་ཐུགས་ཀར་འོད་ཟེར་འཕྲོས། སྤྱན་རས་གཟིགས་ཡབ་ཡུམ་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་ལ་མདུན་གྱི་ནམ་མཁར་སྤྱན་
XXX དྲངས་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས། སྤྱན་རས་གཟིགས་ལ་གུས་པས་འདུད། །དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་སྤྱན་རས་གཟིགས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་འདའ་བཞུགས་གསོལ་འདེབས། །སྤྱན་རས་གཟིགས་ཀྱི་གོ་འཕང་མཆོག །འགྲོ་བའི་དོན་དུ་ཐོབ་བགྱི་ཞིང༌། །འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དང་ནི་བྲལ་བ་དང༌། །བདེ་ལ་རྟག་ཏུ་གནས་པ་དགའ། །མཉམ་ཉིད་བཏང་སྙོམས་ལ་གནས་བགྱི། །ཞེས་སྐྱབས་ཡུལ་ཐམས་ཅད་འོད་ཀྱི་ཕུང་པོར་རང་ལ་ཐིམ་པར་བསྒོམ་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་མན་ངག་གོ །མཎྜལ་གྱི་སྐབས་སུ། དེ་ཁོ་ན་ཉིད་ཀྱི་མཎྜལ་ནི། ཆོས་ཉིད་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། སྣ་ཚོགས་སྣང་བ་ལྕགས་རིའི་འཁོར་ཡུག །གཏི་མུག་རྣམ་པར་དག་པས་རི་བོ་མཆོག་རབ། །ཞེ་སྡང་རྣམ་པར་དག་པས་ཤར་ལུས་འཕགས་པོ། ང་རྒྱལ་རྣམ་པར་དག་པས་ལྷོ་འཛམ་བུ་གླིང༌། འདོད་ཆགས་རྣམ་པར་དག་པས་ནུབ་བ་ལང་སྤྱོད། ཕྲག་དོག་རྣམ་པར་དག་པས་བྱང་སྒྲ་མི་སྙན། ཚོགས་བརྒྱད་རྣམ་པར་དག་པས་གླིང་གཡོག་བརྒྱད། ཐབས་ཤེས་གཉིས་ཉི་མ་ཟླ་བ། གཟུང་འཛིན་རྣམ་པར་དག་པས་སྒྲ་གཅན་དང་དུས་མེ། མཐའ་བརྒྱད་དང་བྲལ་བས་བཀྲ་ཤིས་རྟགས་བརྒྱད། ཚོགས་བདུན་རྣམ་པར་དག་
XXX པས་རྒྱལ་སྲིད་སྣ་བདུན། ཚད་མེད་བཞིའི་སྒེག་མོ་བཞི། དགའ་བ་བཞི་ནང་གི་སྒེག་མོ་བཞི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་འདི་དག་སྐུ་གསུམ་གྱི་བདག་ཉིད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་འབུལ་ལོ། །དབྱེར་མེད་མཉམ་པ་ཉིད་ཀྱི་ངང་ནས་བཞེས་སུ་གསོལ། ཅེས་པ་དེ་ཁོ་ན་ཉིད་ཀྱི་མཎྜལ་འབུལ་ལོ། །བླ་མའི་རྣལ་འབྱོར་གྱི་ཁྲིད་ཀྱི་སྐབས་སུ། སྤྱི་གཙུག་གི་ནམ་མཁར། བླ་མ་མཁའ་འགྲོའི་ཚོགས་ཐོ་རྩེགས་ཀུན་འདུས་སུ་བསྒོམ་ལ། འོག་ཏུ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཕྱོགས་གཅིག་ཏུ་གསོལ་བ་གུ་དི་རི་རི་འདེབས་ཤིང་ཡོད་པར་བསྒོམ་ལ། རབ་མཆི་མ་འཁྲུགས་པ། འབྲིང་གདུང་ཤུགས་དང་ལྡན་པ། ཐ་མ་ཡང་བ་སྤུ་ཟིང་བ་ཙམ་དུ་མོས་གུས་བྱས་ལ། མཐར་བླ་མ་འོད་ཕུང་དུ་རང་ལ་ཐིམ། འདིའི་ལས་ཚོགས་ཀྱང༌། མཆོག་འདོད་པས་རྡོ་རྗེ་འཆང༌། ཤེས་རབ་འདོད་པས་བླ་མ་འཇམ་དབྱངས་སུ་བསྒོམ། བྱམས་སྙིང་རྗེ་འདོད་པས་སྤྱན་རས་གཟིགས་སུ་བསྒོམ། མཐུ་སྟོབས་ཆེ་བར་འདོད་པས་ཕྱག་ན་རྡོ་རྗེ། འཇིགས་སྐྱོབ་ལ་སྒྲོལ་མ། ཚེ་རིང་བར་འདོད་པས་ཚེ་དཔག་མེད། ནད་ཞི་བར་འདོད་པས་སྨན་བླ། ལོངས་སྤྱོད་ཆེ་བར་འདོད་པས་རྣམས་སྲས་སམ་རིན་འབྱུང༌། ཞི་བ་ལ་རྡོ་རྗེ་སེམས་དཔའ། རྒྱས་པ་ལ་རིན་འབྱུང༌། དབང་ལ་འོད་དཔག་མེད་དང་ཀུ་རུ་ཀུལླེ། དྲག་པོ་ལ་རྡོ་རྗེ་འཇིགས་བྱེད་དང་ཆོས་སྐྱོང་དུ་བསྒོམས་ནས་འདོད་པའི་གསོལ་འདེབས་བྱས་པས། སོ་སོའི་ལས་འགྲུབ་པ་ཡིན་གསུངས༌། འདི་དག་ནི་པཎྜི་ཏའི་གསུང་ལས་འབྱུང༌། གཞུང་ལ་མེད་དོ་གསུངས་སོ། །བསྐྱེད་རིམ་གྱི་སྐབས་སུ་བདག་
XXX བྱིན་གྱིས་བརླབ་པ་ནི། རང་ཉིད་སྐད་ཅིག་གི་ཐུགས་རྗེ་ཆེན་པོ་ཡབ་ཡུམ་བཞུགས་པའམ། འགྲོ་དུས་བཞེངས་པར་བསྒོམ་པའི་ཐུགས་ཁར་ཟླ་བའི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ། ཡུམ་གྱི་ཐུགས་ཁར་པད་ཟླའི་སྟེང་དུ་བཾ་དམར་པོ་ལས་འོད་ཟེར་དཀར་དམར་འཕྲོས་པས། འོད་དཀར་པོས་སེམས་ཅན་ཕོ་ཐམས་ཅད་ལ་ཕོག་པས་སྤྱན་རས་གཟིགས། འོད་དམར་པོས་མོ་ཐམས་ཅད་ཕོག་པས་གསང་བ་ཡི་ཤེས་སུ་བྱིན་གྱིས་བརླབས། སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་གྱུར་ནས། མ་ཎི་དི་རི་རི་བགྲང་བར་བསམ་ལ་བཟླས་པ་བྱ། གཉིས་པ་གནས་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཧྲཱིཿདང་བཅས་པ་ལས་འོད་འཕྲོས། རང་གི་གནས་ཁང་ལ་ཕོག་པས་རིན་པོ་ཆེ་དུ་མ་ལས་གྲུབ་པའི་གཞལ་ཡས་ཁང་ཕྱི་གསལ་ནང་གསལ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མདའ་ཡབ་ཡུ་ཤུའི་དབུས་ཕྱུར་བུར་གྱུར་པ། སྟེང་ཐོག་དང་བཅས་པ་གྱུར་པར་བསམ། འོད་ཟེར་ཕྱིར་འཕྲོས། ཡུལ་དང་གླིང་བཞི་སྟོང་གསུམ་ནམ་མཁའི་མཐའ་ཁྱབ་པར་རིམ་གྱིས་ཕོག་པས། མ་དག་པའི་འབྱུང་བ་མཐའ་དག་སྦྱངས། དག་པ་སངས་རྒྱས་ཀྱི་ཞིང་ཁམས་རིམ་པོ་ཆེ་དུ་མ་ལས་གྲུབ་པ་བདེ་བ་ཅན་དུ་གྱུར་པར་སྒོམ་པ་ནི། གནས་བྱིན་གྱིས་བརླབས་པའོ། །གསུམ་པ་གོས་བྱིན་གྱིས་བརླབ་པ་ནི། རང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་གྱུར་པ་ལ། ལྷའི་བ་བཟའ་སྣ་ཚོགས་ཕྱི་ནང་སྒྲིབ་པ་མེད་པ་ཡང་ཞིང་འཇམ་ལ་དྲོ་བས་སྟོད་གཡོགས་དང་སྨད་གཡོག་གསོལ་བར་བསམ། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ་འབུལ། དེ་ལྟར་ལུས་དང་ཕྱི་སྣོད་ཀྱི་
XXX ལྷ་ཐམས་ཅད་ལ་ན་བཟའ་ཕུལ་བར་བསམ་ལ། གོས་གྱོན་ཚོགས་རྫོགས་པས་འགྱུར་རོ། །བཞི་པ་བཟའ་བ་བྱིན་གྱིས་བརླབ་པ་ནི། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་པོ་གསུམ་གྱི་སྟེང་དུ་ཨ་ལས་ཀ་པཱ་ལ་མཚན་ལྡན་དུམ་བུ་གཅིག་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱ་ལི་ཀཱ་ལི། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་ཧ་ལས་བདུད་རྩི་ལྔ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿམུ་ཡེ་ཤེས་ལྔ། དེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེ་ཕྱེད་པ་ལ། ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས། མེ་སྦར། ཐོད་པ་དྲོས། རྫས་ཁོལ། རླངས་པ་ཟླ་ཕྱེད་རྡོ་རྗེ་ལ་ཕོག །བདུད་རྩིར་ཞུ། ལྦུ་བ་ཨོཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་དབྱེར་མེད་དུ་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ། ཞེས་ལན་གསུམ་བརྗོད་དོ། །དེ་ཉིད་རང་ཉིད་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པའི་སྤྱི་བོར་རྣམ་པར་སྣང་མཛད་སྤྱན་རས་གཟིགས་ལ་མི་ཏྲ་ལ་སོགས་པ་བརྒྱུད་པའི་བླ་མས་བསྐོར་བ། མགྲིན་པར་པདྨ་རིགས་ཀྱི་སྤྱན་རས་གཟིགས་ལ། མདུན་དུ་ཡི་དམ། གཡས་སུ་ཐུབ་པ། རྒྱབ་ཏུ་ཡུམ་ཆེན་མོ་ལ་ཆོས་དང༌། གཡོན་དུ་རིགས་གསུམ་མགོན་པོ་ལ་དགེ་མདུན་དཔག་ཏུ་མེད་པས་བསྐོར་བ། སྙིང་གར་མི་བསྐྱོད་རིགས་ཀྱི་སྤྱན་རས་གཟིགས་ལ་ཡི་དམ་རྒྱུད་སྡེ་བཞིའི་སངས་རྒྱས་ཀྱིས་བསྐོར་བ། ལྟེ་བར་རིན་ཆེན་འབྱུང་ལྡན་རིགས་ཀྱི་སྤྱན་རས་གཟིགས་ལ། ཕྱག་དྲུག་པ་དང་བྲག་ལྷ་མགོན་པོ་སོགས་ཆོས་སྐྱོང་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། གསང་གནས་སུ་དོན་ཡོད་གྲུབ་པ་རིགས་ཀྱི་སྤྱན་རས་གཟིགས་ལ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་
XXX བསམ། ཡུམ་གྱི་སྤྱི་བོར་སངས་རྒྱས་མཁའ་འགྲོ་ལ་སངས་རྒྱས་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར་བ། མགྲིན་པར་པདྨ་མཁའ་འགྲོ་ལ་པདྨ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར་བ། སྙིང་ཁར་རྡོ་རྗེ་མཁའ་འགྲོ་ལ་རྡོ་རྗེ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར་བ། ལྟེ་བར་རིན་ཆེན་མཁའ་འགྲོ་ལ་རིན་ཆེན་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར་བ། གསང་གནས་སུ་ལས་ཀྱི་མཁའ་འགྲོ་ལ་ལས་ཀྱི་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར་བ། ཡབ་ཀྱི་མིག་ལ་སོགས་སྐྱེ་མཆེད་རྣམས་བྱང་ཆུབ་སེམས་དཔའ་དྲུག །ཡུམ་གྱི་སྐྱེ་མཆེད་དྲུག་རྡོ་རྗེ་དྲུག །ཡན་ལག་བཞི་ལ་སྒོ་མ་བཞི། ཡུམ་གྱི་ཡན་ལག་བཞི་ཡུམ་བཞི། ཡབ་ཡུམ་གྱི་སྐྲ་དང་བ་སྤུ་རྣམས་སངས་རྒྱས་བྱང་སེམས་སུ་བསྐྱེད། སོར་མོ་བཅུ་ཕྱི་ནང་གི་ལྷ་མོ་བཅུར་གསལ་ལ། ལྷས་ལྷ་མཆོད་པར་བསམ་ལ་བཟའ་བ་བདུད་རྩི་ཚོགས་ཀྱི་འཁོར་ལོར་དམིགས་ལ་རོལ། དེ་ནི་བཟའ་བ་ཟས་ཀྱི་རྣལ་འབྱོར་གྱི་མན་ངག་གོ །གཞན་ཡང་སྤྱོད་ལམ་ཐམས་ཅད་འགྲོ་ཚེ་སྤྱན་རས་གཟིགས་ལ་མཇལ་འགྲོ་བ་དང་བསྐོར་བ་བྱ་བར་བསྒོམ། འདུག་པའི་ཚེ་བསྐྱེད་རིམ་བསྒོམ། ལང་བའི་ཚེ་སྤྱན་རས་གཟིགས་ལ་ལྡང་བ་དང༌། ཕྱག་འཚལ་བར་བསྒོམ། ཉལ་བའི་ཚེ་སྤྱན་རས་གཟིགས་འཁོར་དང་བཅས་པར་དམིགས་ལ་གཉིད་དོ། །དེ་ཡང་མདོར་ན་འགྲོ་འཆག་ཉལ་འདུག་ཐམས་ཅད་སྤྱན་རས་གཟིགས་ཀྱི་རོལ་པ་ལམ་དུ་འཁྱེར་བ་ཡིན་གསུངས། དེ་དག་གིས་སྐུ་མངོན་བྱང་ལྔས་བསྐྱེད་པའི་མན་ངག་གི་རིམ་པའོ། །བཟླས་པའི་སྐབས་སུ། བསྐྱེད་རིམ་ཁྲིད་ཀྱི་རིམ་པ་གསལ་ཞིང༌། རྫོགས་རིམ་ནི། ནམ་
XXX མཁའ་སྟོང་པ་ལ་བྲག་ཅ་གྲགས་པ་ལྟར། དམིགས་མེད་ཀྱི་ངང་ནས་བསྒོམ་གསུངས། ཐུགས་འོད་ཟེར་སྤྲོ་བསྡུ་ལ་བརྟེན་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ནི། སྙིང་རྗེ་མ་འབྱོངས་ན་འབྱོངས་ཐབས་ནི་དོན་ལྔ་སྟེ། ཐོག་མར་རང་གི་ཕ་མ་བསྒོམ་སྟེ། མ་འདི་དག་གི་ལྟོ་བར་བདག་གནས་པའི་ཚེ་ན། སྡུག་བསྔལ་མང་པོ་མྱོང༌། བདག་སྐྱེས་མ་ཐག་གོས་འཇམ་པོས་གཡོགས། ཟས་ཞིམ་ཚད་བྱིན། བདག་གྲང་བས་ཉེན་པ་ན་དྲོ་བ་དང༌། ནུ་ཞོ་བླུད་པ་དང༌། ཁ་སྣབ་ཡན་ཆོད་ཁས་ཕྱིས་པ་དང༌། ཆེར་སྐྱེས་ནས་རང་ཟ་མི་ཕོད་པའི་ཟས་སྟེར། བཏུང་མི་ཕོད་པའི་སྐོམ་བླུད། རང་གིས་གྱོན་མི་ཕོད་པའི་གོས་བསྐོན། ལོངས་སྤྱོད་མ་ནུས་པའི་ལོངས་སྤྱོད་རྣམས་ཕོངས་པ་མེད་པར་བཏང༌། སྤྱོད་ལམ་བཟང་པོ་དང་འགྲོ་ཚུལ་འདུག་ཚུལ་སྨྲ་ཚུལ་ཚུན་ཆད་བསླབ། བདག་ལ་སྡུག་བསྔལ་བྱུང་ན་མི་བཟོད་པའི་རྣམ་འགྱུར་སྟོན། ན་བ་ལ་སྨན་དཔྱད། ཤི་དོགས་ནས་རིམ་གྲོ། བདག་གི་ཕྱིར་སྡུག་བསྔལ་མང་པོ་མྱོང་བའི་མ་རྒན་འདི་རྣམས་སྙིང་རེ་རྗེ་སྙམ་དུ་གདུང་ཤུགས་དྲག་པོས་མཆི་མ་འཁྲུགས་པའི་སྒོ་ནས་བདག་གི་ལུས་ལོངས་སྤྱོད་ངེས་པར་བཏང་ནས་སྙིང་རྗེ་དུང་དུང་མ་སྐྱེས་ཀྱི་བར་དུ་སྒོམ་གསུངས། དེ་ནས་ཕ་དང་གཉེན་འདུན་ལ་སྒོམ་པ་ནི། སྐྱེ་སླ་བ་ལ་བསྒོམ་པའོ། །དེ་ནས་གཉིས་པ་སྡུག་བསྔལ་ཆེ་བ་ལ་བསྒོམ་པ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་བསམ་ལ། འདི་རྣམས་ཚེ་འདིའི་མ་ལྟར་ཐོག་མ་མེད་པ་ནས་གྲངས་མེད་པ་བྱས་པ་ཡིན་ལ། འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསམ། ཧྲཱིཿལས་འོད་ཟེར་འཕྲོས་པས་མདུན་དུ་བཀུག་
XXX ནས་གཏོང་ལེན་སྦྱང་ངོ༌། །གསུམ་པ་སྡིག་པ་ཆེ་བ་ལ་བསྒོམ་པ་ནི། ཁ་དྲག་བཙན་ཕྱུགས་འཛོམ་ཡང་མི་ལ་གནོད་པ་དུ་མ་སྐྱེལ་བ་ལ། སྙིང་རྗེ་མེད་ཅིང་སྡིག་པ་རླབས་ཆེན་བྱེད་པས། རང་གཞན་གཉིས་ཕུང་གི་ལས་ལ་འཇུག་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་བསྒོམ། འདི་ལ་དངོས་སམ་བསམ་པས་ཕན་གདག་གོ །དེ་ཡང་ཧྲཱིཿའི་སྦྱོང་ཐབས་གཏོང་ལེན་དྲག་ཏུ་བྱའོ། །བཞི་པ་སྐྱེ་དཀའ་བ་ལ་བསྒོམ་པ་ནི། བདག་གིས་ཕན་བཏགས་པའི་ལན་དུ་གནོད་པ་ཆེན་པོ་སྐྱེལ་བའི་དགྲ་ལ། སྔོན་གྱི་ལས་ཀྱིས་བསྐུལ་བའི་གདོན་དང༌། དེ་བཞིན་དུ་གནོད་བྱེད་གང་ཡང་རུང་བ་དང༌། སྔོན་གྱི་ལས་ཀྱིས་སྐྱེ་དཀའ་བ་རྣམས་ལ་དམིགས་ནས། གནོད་བྱེད་འདི་རྣམས་ཐོག་མེད་ཀྱི་ཕ་མ་དྲིན་ཅན་ཡིན་ཡང༌། བདག་གི་སྔོན་ཕར་གནོད་པ་བསྐྱལ་བས་ལམ་ཆགས་བདས་པ་ཡིན། འདི་དག་ཕ་མ་བྱས་པའི་དྲིན་ཅན་ཤ་སྟག་ཡིན་པས། གནོད་ལེན་ཕན་གྱིས་འཇལ་དགོས། འདི་ངོ་མ་ཤེས་ནས་བདག་ལ་གནོད་པར་བྱེད་པ་ལ་སྙིང་རྗེ་དྲག་ཏུ་སྒོམ། གནོད་བྱེད་འདི་བྱང་ཆུབ་ལམ་གྱི་གྲོགས་དང༌། བཟོད་པ་སྒོམ་པའི་གྲོགས་བྱས་པས་དྲིན་རེ་ཆེ་སྙམ་དུ་གནོད་པ་ལ་དགའ་བ་བསྒོམ་ལ་ཕན་ཅི་ཐོགས་བྱའོ། །ལྔ་པ་རིགས་དྲུག་ནམ་མཁས་ཁྱབ་ཚད་ལ་ཧྲཱིཿཡིག་གི་སྦྱོར་བས་མདུན་དུ་བཀུག་ལ་གཏོང་ལེན་བསྒོམ་མོ། །སྐབས་སུ་ནི། ཤར་ལྷོ་ནུབ་བྱང་མཚམས་བཞི་སྟེང་འོག་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཧྲཱིཿའི་འོད་ཟེར་ལ་བརྟེན་ནས་བཀུག་ཅིང་གཏོང་ལེན་ཡང་བྱའོ། །དེ་དག་གིས་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་གོ །དེ་ནི་ཤིན་ཏུ་བསོད་ནམས་ཆེ་བ་ཡིན་གསུངས་སོ། །སྙིང་རྗེ་སྐྱེས་ཀྱང་གཏོང་
XXX ལེན་མ་ནུས་ན། ནད་པ་ལ་སོགས་སྡུག་བསྔལ་ཅན་གྱི་རྩར་ཕྱིན་ནས། ནད་པའི་སྣ་བུག་གཡས་པ་དང་རང་གི་གཡོན་པ་གཉིས་གཏུགས་ལ། གཞན་གྱི་སྡུག་བསྔལ་རང་ལ་བྱུང་བར་བསྒོམ། རླུང་རྔུབ་ཅིང་བུམ་པ་ཅན་བཟུང་བས་ཧྲཱིཿལ་ཐིམ་པར་བསམ་མོ། །རང་གི་དགེ་བ་དེ་རང་གི་སྣ་བུག་གཡོན་ནས་ཕ་རོལ་ཁོའི་གཡས་སུ་སོང་ནས་ཁོའི་རྒྱུད་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས། བདེ་ཕྱམ་ཕྱམ་སྐྱེས་སོང་བར་བསྒོམ། དེས་གཏོང་ལེན་ནུས་སོ། །རླུང་བུམ་པ་ཅན་བཟུང་ནས་མགོན་པ་ལ་སོགས་བྱུང་ན། ཤེས་པ་ལྟེ་བའི་འོག་ཏུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་ལ་གཏད། རྐང་སོར་རྣམས་བསྐུམ། འོག་སྒོ་སློང༌། སྐབས་སུ་འབེབ་བྱའོ། །ཡང་སྙིང་མི་དགའ་བ་དང༌། ཤེས་པ་མ་བདེ་བ་བྱུང་ན། རང་གི་སྙིང་པདྨ་འདབ་མ་བརྒྱད་པའི་སྟེང་དུ། རྩ་བའི་བླ་མ་སྤྱན་རས་གཟིགས་སྐུ་མདོག་སེར་པོ་བརྗིད་པའི་རང་བཞིན་ཅན་དུ་བསམ་ལ་འབེབས་བྱས་པས། དབང་ཆེན་གསེར་གྱི་ས་གཞི་ལ་སྙིང་དང་བཅས་པ་ཐིམ་པར་བསམ་ལ་ཤེས་པ་མར་ལ་ཕབ་པས་སེལ་ལོ། །ཡང་འོག་གི་གེགས་རྩ་ཆུ་བསྡམ་པ་བྱུང་བ་རྩ་ཆུ་གཉིས་ཀྱི་མཚམས་ནས་རླུང་གི་ལྷ་མོ་ཞིག་གིས་རྩ་ཁ་བྱེད་པར་བསྒོམ་ལ། འོག་སྒོ་འབྱེད་འཛུམ་དྲག་ཏུ་བྱའོ། །དེས་ཕན་པར་འགྱུར་རོ། །དེས་མ་ཕན་ན། བུད་མེད་ཡིན་ན་རྩ་ཆུ་གཉིས་ཀྱི་བར་དུ་དབྱུག་བཅོས་བྱའོ། །ཕོ་ལ་ལྟེ་འོག་ཏུ་དབྱུག་པས་རྡུངས་ཤིག །དེས་གེགས་སེལ་ལོ། །དེ་ནི་བུམ་པ་ཅན་གྱི་གེགས་སེལ་ལོ། །སྒྱུ་མ་རྨི་ལམ་ལྟར། ཞི་ལྷག་ཟུང་འཇུག་ཕྱག་རྒྱ་ཆེན་པོ་བསྒོམ་པའི་བོགས་འདོན་ཡུལ་སྣ་ཚོགས་ལ་བསྲེ་བའི་མན་ངག་ནི།
XXX གཟུགས་དཀར་དམར་སྔོ་སེར་ལྗང་ཁུ་ལ་སོགས་ཁ་དོག་དང༌། ཟླུམ་པོ་གྲུ་བཞི་ཟླ་གམ་ནར་མོ་གྲུ་གསུམ་ལ་སོགས་པའི་དབྱིབས་བཟང་ངན་བར་མ་ལ་སོགས་གང་མཐོང་ཡང་ཐམས་ཅད་སེམས་སྣང་འཁྲུལ་པའི་རང་བཞིན་ཡིན་པར་ཤེས་པར་བྱས་ལ། བློ་འདས་ཡིད་ལ་མི་བྱེད་པའི་ངང་ནས་དེ་ཐོག་ཏུ་མཉམ་པར་བཞག་གོ །སྒྲ་སྙན་མི་སྙན་བར་མ། ཚིག་འཇམ་རྩུབ་ལ་སོགས་པའི་གང་ཚོར་ཡང་བྲག་ཅ་ལྟར་བུར་གྲགས་སྟོང་ཕྱག་རྒྱ་ཆེན་པོར་ངོ་ཤེས་པར་བྱས་ལ། རྟོག་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །དེ་བཞིན་དྲི་ཞིམ། རོ་མངར། རེག་བྱ་འཇམ་རྩུབ། རྣམ་རྟོག་བཟང་ངན་གང་སྐྱེས་ཀྱང་དེ་ཉིད་ངོས་བཟུང་ལ་རྟོག་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །གཞན་ཡང་སྤྱོད་ལམ་རྣམ་བཞི་དང༌། འགྲོ་འཆག་ཉལ་འདུག་དུས་ཐམས་ཅད་གང་ཤར་བའི་སྟེང་དུ་བླང་དོར་དགག་སྒྲུབ་འཛིན་ཆགས་མེད་པར་མ་བཅོས་པར་སལ་ལེ་བུན་ནེ་ཤིག་གེ་མཉམ་པར་བཞག་གོ །གཞི་དག་པ་བསྐྱེད་རིམ་དང༌། ཆོས་སྤྱོད་ཕྱག་རྒྱ་ཆེན་པོ་བསྲེ་བ་ནི། ལྷ་སྐུ་འཇའ་ཚོན་ལྟ་བུར་གསལ་བར་བསྒོམ་ནས། དེ་ཐོག་ཏུ་མེ་ལོང་གི་གཟུགས་བརྙན་དང༌། ཆུ་ཟླ་ལྟར་གསལ་སྟོང་འཛིན་མེད་དུ་མཉམ་པར་བཞག །གཞན་ལོང་གཏམ་དང་མཆོངས་རྒྱུག་དང༌། དུག་ལྔའི་རྟོག་པ་སྐྱེས་པ་དང༌། ཆོས་བརྒྱད་ལ་འཇུག་པའི་ཚུལ་བྱས་ལ་མཉམ་བཞག་ཕྱག་རྒྱ་ཆེན་པོ་དང་བསྲེ། འདྲེས་མ་ཐུབ་ན་སྤར་ཡང་བསྒོམ་མོ། །ངག་ཏུ་སྔགས་ཐུང་བ་དང་རིང་བ་དང༌། མདོ་འདོན་པ་ལ་སོགས་བྱས་ཏེ། རྟོག་མེད་གྲགས་སྟོང་དུ་རང་ངོ་ཤེས་པའི་ངང་ནས་བཟླས་པ་བྱའོ། །དེ་བཞིན་དུ་ཡན་ལག་བདུན་པ་བྱ་བ་དང༌། བསྐོར་
XXX བ་བྱ་བ་དང༌། གཏོར་མ་གཏོང་བ་དང༌། སཱཙྪ་འདེབས་པ་དང༌། ཆོས་སྤྱོད་ཀྱི་རིམ་པ་གང་བྱེད་ཀྱང་འཛིན་མེད་གསལ་སྟོང་བློ་འདས་ཀྱི་ངང་ནས་ཆོས་སྤྱོད་ཐམས་ཅད་བྱའོ། །དེས་ནི་ཚོགས་གཉིས་ཟུང་འཇུག་ཏུ་འགྱུར་རོ། །གལ་ཏེ་མ་འབྱོར་བར་མཐོང་ན། དབེན་པར་བསྡད་ལ་མཉམ་པར་བཞག་ལ་ནན་ཆེར་བྱའོ། །ཡང་སླར་ཡང་བསྲེ་ནུས་པར་འདུག་གམ། མི་འདུག་བལྟ་བར་བྱའོ། །བསྲེ་ནུས་ན་ཚོགས་གཉིས་ཟུང་འཇུག་ཏུ་བསྒྲུབ་ནས་དོན་གཉིས་ལྷུན་འགྲུབ་ཏུ་འགྱུར་རོ། །མདོར་ན་སྤྱོད་ལམ་གྱི་རྣམ་པ་གང་བྱེད་ཀྱང་དེ་རང་ངོ་རང་གིས་ཤེས་ནས་གསལ་སྟོང་དུ་གསལ་ལེ་བ་དང༌། སྣང་སྟོང་དུ་བུན་ནེ་བ་དང༌། རྟོག་མེད་དུ་ལྷང་ངེ་བ་བྱུང་ན་འབྱོང་པ་ཡིན་ནོ་གསུངས། དེ་དག་ནི་ཞི་ལྷག་གི་བོགས་འདོན་ཡིན་ནོ། །སྒྱུ་ལུས་ཀྱི་མན་ངག་ནི། མིའི་གནས་ལ་སོགས་སུ་ཕྱིན་ལ་མི་ལ་རྒྱབ་པ་ལ་སོགས་བྱས་པས་སླར་བརྡུང་ལན་བྱུང༌། དེ་ལ་ཆགས་སྡང་དང་བདག་འཛིན་འདུག་གམ་མི་འདུག་བལྟ། འདུག་ན་ད་རུང་སྒྱུ་ལུས་སྦྱང་ངོ༌། །དེ་བཞིན་དུ་སྒྲ་སྙན་མི་སྙན་སྨྲར་འཇུག་ལ། བྲག་ཅ་ལྟར་སྦྱང༌། དེ་བཞིན་དུ་དྲི་ཞིམ་མི་ཞིམ་པ་དང༌། རོ་མི་གཙང་པ་དང་བུ་རམ་ལ་ཆགས་སྡང་འདུག་གམ་མི་འདུག་བལྟ། འདུག་ན་སྒྱུ་ལུས་སྦྱང༌། གོས་རེ་བ་དང་དར་གོས་ལ་ཁྱད་པར་འདུག་གམ་མི་འདུག་བལྟ། གཡས་ནས་མེ་འཐོར་བ་དང་གཡོན་ནས་སྤོས་བྱུགས་པ་ལ་ཁྱད་པར་འདུག་གམ་འདུག་བལྟ། སེམས་རྣམ་རྟོག་ཆོས་སུ་སྣང་བ་དང༌། སྡིག་པའི་རྣམ་རྟོག་ལ་ངོས་བཟུང་འདུག་གམ་མི་འདུག་བལྟ། དེ་དག་ཐམས་ཅད་སྒྱུ་མ་རྨི་ལམ་བྲག་ཅ་ལ་སོགས་སྒྱུ་མའི་དཔེ་བརྒྱད་ལྟར་བདག་མེད་
XXX འཛིན་ཆགས་ཀུན་དང་བྲལ་བར་རོ་སྙོམས་ནས་ཉམས་བསྐྱང༌། མ་འབྱོང་ན་སླར་ཡང་དབེན་པར་སྦྱང་ངོ༌། །དེའི་གནས་སྐབས་སུ་ཡང་གླུ་ལེན་པ་དང༌། གར་བྱེད་པ་དང༌། རོལ་མོ་དང་ཆོས་སྤྱོད་ཐམས་ཅད་སྒྱུ་མ་རྨི་ལམ་གྱི་ཉམས་ལེན་བྱའོ། །དེས་འབྱོང་བར་འགྱུར་རོ། །རྨི་ལམ་གྱི་གནས་སྐབས་སུ། འབྱམས་གཞི་གཅོད་པའི་མན་ངག་ནི། སད་འབྱམས་ནི། རྨི་ལམ་ཟིན་ཙམ་ན་གཉིད་སད་པ་དང༌། དེ་སེལ་བ་ནི་རྐང་ཞབས་སམ་གསང་གནས་སུ་ཐིག་ལེ་ནག་པོ་ལ་ཤེས་པ་གཏད། གློད་ལ་ཉལ་བས་སེལ་ལོ། །འཁྲུལ་འབྱམས་ནི། རྨི་ལམ་དུ་མ་རེ་ཟིན་པའི་མོད་ལ་འཁྲུལ་པ་ལ་ཟེར་ཏེ། འདི་དངོས་འཛིན་འཐས་པ་ལ་བྱུང་བས། སྒྱུ་མ་རྨི་ལམ་ལ་ནན་ཆེར་སྦྱངས་པ་དང༌། ཁྱད་པར་རྨི་ལམ་ཟིན་དུས་དྲན་པ་མ་ཡེངས་པ་གལ་ཆེའོ། །བརྗེད་འབྱམས་ནི། རྨི་ལམ་དུ་མ་རེ་ཟིན་པའི་འཕྲོས་ལ་སད་ནས་སླར་བརྗེད་པ་ཡིན་ཏེ། དེ་སེལ་བ་ནི། སྒྱུ་མ་དྲན་པ་བརྟན་པར་བྱེད་པ་དང༌། སྨིན་མཚམས་སུ་ཐིག་ལེ་དཀར་པོ་ལ་དྲན་པ་གཏད་པས་སེལ་ལོ། །དྲེད་འབྱམས་ནི། སྒྲུབ་པ་གཡེལ་ཞིང་ཆོས་ཀྱི་དྲེད་པས་ལན་པ་ཡིན་ཏེ། དེ་ནི་མི་རྟག་པ་གཙོ་བོར་སྒོམ་ནས་འཇིག་རྟེན་གྱི་འཁྲི་བ་བཙན་ཐབས་སུ་བཅད་ནས་སྒྲུབ་པ་ལ་ནན་ཏན་བྱེད་པ་གལ་ཆེའོ། །འོད་གསལ་གྱི་མན་ངག་ལ། ལུས་རྩའི་གནད་བསྲང་བ་དང༌། རླུང་བཟུང་བ་དང་ཁམས་བརྟན་པ་དང༌། སེམས་རྣམ་རྟོག་གཟུང་འཛིན་གྱི་སྒྲིབ་གཡོགས་དང་བྲལ་བས་འོད་གསལ་འཆར་བའི་གནད་བཞི་ཡིན་གསུངས། འཕོ་བའི་གནད་ནི་གང་ལ་ཡང་མ་ཆགས་པ་དང༌། སྤྱི་བོར་རིག་
XXX པ་གཏད་ལ་མ་ཡེངས་པ་གཉིས་ཡིན་ནོ་གསུངས། བར་དོའི་གནད་ནི། བསྐྱེད་རིམ་བརྟན་པ་དང༌། དག་པའི་ཞིང་དུ་འདུན་པ་གཏད་པ་དང༌། རང་ངོ་ཤེས་པ་གསུམ་ཡིན་ནོ་གསུངས། ཐམས་ཅད་ཀྱི་གནད་ནི་ཉམས་ལེན་ཡིན་ཏེ། དགེ་ལུང་བྱེད་དུ་མི་རུང་པའི་བཀའ་རྒྱ་དང༌། ཚོགས་འཁོར་གསེར་གྱི་མཎྜལ་མེད་པ་ལ་མི་སྦྱིན་པའི་བཀའ་རྒྱ་དང༌། ཆོས་འདི་ཞུས་ནས་སྒྲུབ་པ་བྱེད་པའི་དམ་བཅའ་བའི་བཀའ་རྒྱ་དང༌། གདམས་པ་འདི་སྣོད་མིན་ལ་མི་སྦྱིན་པའི་བཀའ་རྒྱ་ཡོད་དོ་གསུངས། མི་ཏྲ་ཛོ་ཀིའི་ཞལ་གྱི་གདམས་པ་ནི། པཎ་ཆེན་ཤྲཱི་པུ་ཏྲ་ལ་གནང་ཞིང་དེས་གཱིརྟི་རཏྣ་ལ་གནང༌། དེས་མན་ངག་ལྷག་ཆད་མེད་པར་བདག་ལ་གནང༌། བདག་གིས་གཞན་ལ་ཕན་པ་ཁོ་ནའི་བློས། །མན་ངག་གསེར་གྱི་ཐུར་མ་ཡི་གེར་བཀོད། །དགེ་བ་འདི་ཡིས་བདག་དང་སེམས་ཅན་རྣམས། །སྤྱན་རས་གཟིགས་ཀྱི་གོ་འཕང་མཆོག་ཐོབ་ཤོག །མན་ངག་གསེར་གྱི་ཐུར་མ་རིན་པོ་ཆེའི་སྒྲོན་མེ་རྫོགས་སོ།། ཤུབྷཾ།

ཕྱག་རྒྱ་ཆེན་པོ་ཚིག་བསྡུས་པ་

༢༡༦ ༈ རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་སཉྩ་ཡ་གཱ་ཐ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་ཚིག་བསྡུས་པ། །བདེ་ཆེན་ངང་ལ་ཕྱག་འཚལ་ནས། །ཕྱག་རྒྱ་ཆེན་པོ་བརྗོད་པར་བྱ། །ཆོས་རྣམས་ཐམས་ཅད་རང་[302]གི་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་ཏེ་ངོ་བོ་སྟོང་། །སེམས་ཀྱི་དྲན་[303]རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོ་སྟོང་པ་ནམ་མཁའ་བཞིན། །ཆོས་སྐུ་མཁའ་འདྲ་མཉམ་གནས་ལ། ཕྱག་རྒྱ་ཆེ་ཞེས་བརྗོད་པ་ཡིན། །རང་གི་ངོ་བོ་བསྟན་ཏུ་མེད། །དེ་ཕྱིར་སེམས་ཀྱི་རང་བཞིན་ཉིད། ཕྱག་རྒྱ་ཆེན་པོའ་རང་བཞིན་ཅན། །ཕྱག་རྒྱ་ཆེན་པོའ་ངང་ཉིད་ལ། །དེ་ལས་བཅོས་ཤིང་བསྒྱུར་དུ་མེད། །གང་གིས་དེ་ཉིད་མཐོང་རྟོགས་ན། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་ལ། །རང་བཞིན་མ་བཅོས་རྣལ་མར་བཞག །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་ན་སྒོམ་པ་སྟེ། །བཙལ་ཞིང་སྒོམ་ན་འཁྲུལ་པའི་བློ། །མཁའ་དང་ཆོ་འཕྲུལ་ཇི་ལྟ་བར། །བསྒོམ་དང་མི་བསྒོམ་གཉིས་མེད་པར། །བྲལ་དང་མ་བྲལ་ག་ལ་ཡོད། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །དགེ་དང་སྡིག་པའི་ལས་རྣམས་ཀུན། །དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །འགྲོ་དང་འདུག་པ་ག་ལ་ཡོད། །དགོན་པར་ཕྱིན་ནས་བསམ་གཏན་ཅི། །དེ་ཉིད་མ་
༢༡༧རྟོགས་གང་གིས་གྲོལ། །གནས་སྐབས་ཙམ་ལས་གྲོལ་མི་ནུས། །དེ་ཉིད་རྟོགས་ན་གང་གིས་འཆིང་། །ངང་ལས་མ་ཡེངས་གནས་པ་ལས། །ལུས་ངག་བཅོས་ཤིང་བསྒོམ་དུ་མེད། །མཉམ་པར་བཞག་དང་མ་བཞག་ཅེས། །འདི་ལ་གང་ཡང་མ་གྲུབ་སྟེ། །སྣང་བ་རང་གྲོལ་ཆོས་ཀྱི་དབྱིངས། །རྟོགས་པ་རང་གྲོལ་ཡེ་ཤེས་ཆེ། །གཉིས་མེད་མཉམ་པ་ཆོས་ཀྱི་སྐུ། །ཆུ་བོ་ཆེན་པོའ་རྒྱུན་ལྟར་འབབ། །གང་ལྟར་གནས་ཀྱང་དོན་དང་ལྡན། །འདི་ནི་རྟག་ཏུ་སངས་རྒྱས་ཉིད། །འཁོར་བ་ཡུལ་མེད་བདེ་བ་ཆེ། །ཆོས་རྣམས་རང་རང་ངོ་བོས་སྟོང་། །སྟོང་པར་འཛིན་བློ་རང་སར་དག །བློ་བྲལ་ཡིད་ལ་བྱར་མེད་པ། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །སྐལ་པ་རབ་ཏུ་གྱུར་པ་ལ། །བདག་གིས་སྙིང་གཏམ་ཚིག་ཏུ་བསྡུས། །འདི་ཡིས་འགྲོ་བ་མ་ལུས་པ། །ཕྱག་རྒྱ་ཆེ་ལ་གནས་པར་ཤོག །ཞལ་གྱི་གདམས་པ་ཚིག་བསྡུས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡིད་ལ་མི་བྱེད་པ་ཕྱག་རྒྱ་ཆེན་པོའ་ཡེ་ཤེས་ད་ལྟ་ཉིད་དུ་ངོ་སྤྲད་པར་འདོད་པས། སྐྱེ་བོའི་འདུ་འཛི་ལས་དབེན་པའི་གནས་སུ་བདེ་བའི་སྟན་ལ་དང་པོ་ཉིད་དུ་མོས་པའི་འདུག་སྟངས་ཞེས་བྱ་སྟེ། པུས་བཙུགས་ཐལ་མོ་སྦྱར་ཏེ་འདུག་ལ། རང་གི་སྤྱི་བོར་བླ་མ་དམ་པ་སྤྱན་དྲངས་ཏེ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གསོལ་བ་དུང་དུང་བ་ཞིག་གདབ། དེའི་བྱིན་རླབས་ཀྱིས་རྒྱུ་དང་ཅུང་ཟད་དྲོས་པ་ན། ལུས་མཉམ་གཞག་ཏུ་བྱ་ཞིང་ཡི་དམ་གྱི་ལྷར་བསྐྱེད། མིག་སྣ་རྩེའི་ཐད་ཀའི་ནམ་མཁར་མིག་འབྲས་མ་འགུལ་པར་རྩེ་གཅིག་ཏུ་དྲིལ་ལ་ཇི་ལྟར་ཙམ་ཚུགས་ཚུགས་སུ་བལྟ་བར་བྱ་སྟེ། བྲམ་ཟེ་ཆེན་པོའ་ཞལ་སྔ་ནས། མིག་ནི་མི་བཙུམ་སེམས་ནི་འགགས་པ་དང་། །རླུང་འགགས་པ་ནི་དཔལ་ལྡན་བླ་མས་རྟོགས། །ཞེས་གསུང་ཞིང་། དེ་ཉིད་ཀྱིས་ངག་རླུང་གི་འགྱུ་བ་ཡང་བག་གིས་ཆད་པར་འགྱུར་མོད་ཀྱི། རྩོལ་བས་ཀྱང་ཅུང་ཟད་བཟུང་བར་བྱ་སྟེ། དེ་ཉིད་ཀྱི་ཞལ་སྔ་ནས། མེ་དང་རླུང་
༢༡༨དང་དབང་ཆེན་འགགས་པ་ན། །བདུད་རྩིར་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །གསུངས་ལ། དེ་ཉིད་ཀྱིས་རྣམ་པར་རྟོག་པའི་འགྱུ་བ་སྣ་ཚོགས་ཤུགས་ལ་འགག་པར་འགྱུར་མོད་ཀྱི། བཟང་ངན་མཐོ་དམན་རེ་དོགས་ཀྱི་རྟོག་པ་གང་ཡང་ཡིད་ལ་མི་བྱ་བར་གལ་བོ་ཆེ་ཟིན་པའམ། ཐང་ཆད་པ་ངལ་སོས་པའམ། ཡིད་མཐུན་གྱི་གྲོགས་དང་འཕྲད་པ་ལྟ་བུར་བདེ་འབོལ་ལེ། ཤིག་གེ། ལྷན་ནེ་བཞག་པར་བྱ་སྟེ། དེ་ཉིད་ཀྱིས། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །གསུངས་སོ། །གལ་ཏེ་གང་ལྟར་བྱས་ཀྱང་སེམས་གནས་སུ་མི་བཏུབ་པར་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ། རྣམ་པར་རྟོག་པ་སྣ་ཚོགས་སུ་ཐོལ་ཐོལ་སྐྱེ་བར་གྱུར་ན། དང་པོ་རྟོག་པའི་བྱུང་ས་རྩད་བཅད་པས། འདི་ནས་བྱུང་བྱ་བའི་བྱུང་ས་མི་རྙེད། ཐ་མར་འགྲོ་ས་རྩད་བཅད་པས། འདིར་འགྲོ་བའི་འགྲོ་ས་མ་རྙེད། བར་དུ་རང་གི་ངོ་བོ་དབྱིབས་དང་ཁ་དོག་གི་དངོས་པོར་མ་གྲུབ་སྟེ། སྐྱེ་འགག་གནས་གསུམ་གྱིས་སྟོང་པར་ཤེས་པས། དྲན་རྟོག་ཅི་སྐྱེས། ཡང་དག་པར་རྣམ་པར་མི་རྟོག་པ་ཆོས་ཀྱི་དབྱིངས་སུ་གྲོལ་བས་ཕན་གནོད་མ་ནུས་པ་ནི། ལྦུ་བ་ཆུར་ཞིའམ། ལྷོ་སྤྲིན་ནམ་མཁར་ཐིམ་པ་ལྟ་བུ་སྟེ། དེ་ཉིད་ཀྱི་ཞལ་སྔ་ནས། སེམས་ཉིད་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་དེ། །རྐྱེན་ཤར་ཡིན་ཏེ་བདེན་པར་མ་འཛིན་ཀྱེ། །ཞེས་པ་དང་། གཞན་ཡང་། དྲན་པའི་ཁ་རླངས་སེམས་ཀྱི་རྣམ་འཕྲུལ་ཡིན། །འདི་ལ་བདག་པོ་འདུག་པ་ངས་མ་མཐོང་། །ཞེས་གསུངས་སོ། །དེ་ལྟར་བླ་མས་ངོ་སྤྲོད་ཅིང་འཕྲོད་པའི་དོན་ལ་མ་ཡེངས་པར་བསྐྱང་བར་བྱའོ། །མདོར་ན་ཕྱག་རྒྱ་ཆེན་པོ་ཡང་དག་པའི་ཉམས་ལེན་ནི། སྟོང་པ་ཕྱོགས་གཅིག་བློ་ཡུལ་སུ་བྱེད་པ་མ་ཡིན་ཏེ། གཞི་སྣང་སྟོང་དབྱེར་མེད་ཀྱི་སྟེང་དུ། ལམ་རིག་སྟོང་འཛིན་མེད། འབྲས་བུ་ཆེད་དུ་བྱེད་པ་བློའི་དྲི་མ་གང་ཡང་མེད་པ། བློ་བྲལ་དུ་ལྷན་ནེ་འཇོག་པ་ཞིག་ཡིན་ཏེ། དེ་ཉིད་ཀྱི་ཞལ་སྔ་ནས། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའ་དོན། །
༢༡༩འབྲས་བུ་གང་དུའང་རེ་བར་མ་བྱེད་རྣལ་འབྱོར་པ། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོའ་ཞལ་གདམས་འོད་གསལ་ནམ་མཁའ་ལྟ་བུའི་ངོ་སྤྲོད། །།།།།

༄༅། ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་དཔལ་ལྡན་སྨད་འབྲུག་བཀའ་བརྒྱུད་ཀྱི་ཁྱད་ཆོས་ཐུབ་པ་ལྔའི་གདམས་ཁྲིད་ཆོས་སྐུ་རང་ཤར་ཅེས་བྱ་བ་བཞུགས་སོ༎

༢༢༣ ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་དཔལ་ལྡན་སྨད་འཐུག་བཀའ་བརྒྱུད་ཀྱི་ཁྱད་ཆོས་ཐུབ་པ་ལྔའི་གདམས་ཁྲིད་ཆོས་སྐུ་རང་ཤར་ཅེས་བྱ་བ་བཞུགས་སོ། །
༢༢༤ ན་མོ་གུ་རུ། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ལས་ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་སྨད་འབྲུག་གི་ཁྱད་ཆོས་ཐུབ་པ་ལྔའི་གདམས་ཁྲིད་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་གི་ཁྲིད་དོ། དང་པོ་ལ། འཁོར་བའི་ཆོས་ལ་ཞེན་པ་ཟློག་པའི་ཕྱིར་མི་རྟག་པ་སྒོམ་པ་ནི། ངེས་པར་འཆི། ནམ་འཆི་ཆ་མེད། འཆི་བ་ལ་བཟློག་ཐབས་མེད། ཤི་ནས་གར་འགྲོ་ཆ་མེད། དེ་ལ་ཕན་པ་དམ་པའི་ཆོས་ལས་གཞན་མེད་པ་དང་ལྔའི་སྒོ་ནས་སྐྱོ་ཤས་དང་ངེས་འབྱུང་བསྐྱེད། སྡིག་སྒྲིབ་སྦྱོང་བའི་ཕྱིར་རྡོར་སེམས་ཡི་གེ་བརྒྱའི་བཟླས་བསྒོམ། ཚོགས་རྫོགས་པའི་ཕྱིར་མཎྜལ་འབུལ་བ། བྱིན་རླབས་འཇུག་པའི་ཕྱིར་བླ་མའི་རྣལ་འབྱོར་རྣམས་རྟགས་ཐོན་པར་ཉམས་སུ་བླང་ངོ་། གཉིས་པ་དངོས་གཞི་ལ་ལྔ། གཞི་ཕྱག་རྒྱ་ཆེན་པོ་གདིང་ཐུབ། ཡན་ལག་གཏུམ་མོ་རས་ཐུབ། གསང་སྤྱོད་རི་ཐུབ། ནད་གདོན་འཁྲུགས་ཐུབ། གཉེན་པོ་རྐྱེན་ཐུབ་བོ། དང་པོ་ལ་གསུམ། སློབ་མས་སེམས་ངོ་ཙལ་བ། བླ་མས་ངོ་སྤྲད་པ། མན་ངག་གི་གཏན་
༢༢༥ ལ་དབབ་པའོ། དང་པོ་ནི། འཁོར་འདས་ཀྱི་རྩ་བ། ཆགས་སྡང་བདེ་སྡུག་ལ་སོགས་པའི་རྩ་བ་སེམས་སུ་འདུག་གམ་མི་འདུག་བལྟ། སྣ་ཚོགས་སུ་རྟོག་པའི་སེམས་འདི་གང་ན་གནས། གཟུགས་དབྱིབས་ཇི་ལྟར་འདུག་ཁ་དོག་ཇི་ལྟར་འདུག་བལྟ། ཡང་། མདུན་ཏུ་མེ་ཆེན་བསྒོམ་པ་ལ་སེམས་བསྲེག་ནས་ཚིག་གམ་མི་ཚིག །ཆུ་ཆེན་ལ་སྦང་ནས་བང་ངམ་མི་སྦང་། རྣོན་པོའི་མཚོན་གྱིས་བཅད་ནས་ཆོད་དམ་མི་ཆོད་བལྟ། ཡང་། དགྲ་བསམ་ལ་ཞེ་སྡང་སྐྱེ་མཁན་ལ་བརྟག །གཉེན་བསམ་ལ་གདུང་སེམས་སྐྱེ་མཁན་ལ་བརྟག །ནོར་རྫས་བསམ་ལ་འདོད་པ་སྐྱེ་མཁན་ལ་བརྟག་ནས་སེམས་ཚོལ་བས། སེམས་འདི་འདྲ་ཞེས་སྙེད་ན་དེ་སེམས་ཡིན་མིན་རྩད་བཅད་དུ་གཞུག །མ་སྙེད་ན་མེད་པའི་ངོ་བོ་ལ་བརྟག །གཉིས་ཀས་ཚོལ་མཁན་གྱི་རྟོག་པ་ལ་རྩད་གཅོད་དུ་གཞུག་པས་གོ་བ་དཔེ་བལྟས་སོགས་མིན་པའི་ཐམས་ཅད་ཀྱི་རྩ་བ་སེམས། སེམས་ལ་དངོས་པོ་གང་དུའང་མ་གྲུབ་པ་ལ་འགགས་མེད་ཅིག་འཆར་བ་ཤེས་དགོས་སོ། གཉིས་པ་ངོ་སྤྲད་པ་ལ་གསུམ། དང་པོ་ཉན་
༢༢༦ ཐོས་ཀྱི་གཟིགས་མོ་ནི། ཤིན་ཏུ་དབེན་པའི་གནས་སུ་ཕྱིན་ལ། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། ཁྲུ་གང་ཙམ་གྱི་མདུན་དུ་དམིགས་རྟེན་ཤིང་བུའམ་རྡེའུ་ལ་མིག་ཕབ་སྟེ་བལྟར་གཞུག །སེམས་མ་བསྒྲིམ་པར་ཁོང་ནས་ལྷོད་ལ་བཞག་འདས་པ་དང་མ་འོངས་པ་དང་ད་ལྟ་བའི་ཤེས་པ་གང་ལའང་མི་མནོ་མི་བསམ། ངོས་བཟུང་མེད་པའི་ངང་དུ་བཞག །ཚོགས་དྲུག་གི་རྟོག་པ་གང་ལའང་ཆགས་སྡང་ཆེད་འཛིན་དགག་སྒྲུབ་གང་ཡང་མི་བྱེད་པར་སེམས་མ་བཅོས་པའི་ངང་དུ་འབོལ་ལེ་ཤིག་གེ་ལྷོད་ལ་བཞག །དང་པོ་ཐུང་ཐུང་ལ་གྲངས་མང་བ་དང་། དེ་ནས་ཡུན་ཇེ་རིང་མཐར་ཉིན་མཚན་ཁོར་ཡུག་ཏུ་འགྲོ་བར་བསླབ། གཉིས་པ་བྱང་ཆུབ་སེམས་དཔའི་གཟིགས་མོ་ནི། མིག་སྣ་རྩེ་ལ་ཕབ། རིག་པ་གཞན་དུ་མི་འཕྲོ་བར་འབོལ་ལེ་བཞག་སེམས་དུས་གསུམ་སངས་རྒྱས་ཀྱིས་མ་གཟིགས། དངོས་པོ་རང་བཞིན་བདེན་པར་མ་གྲུབ་པའི་ངང་དུ་འབོལ་ལེ། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད་རང་སྟོང་། སྟོང་ཉིད་ཙམ་དུ་མི་བཟུང་བ་འཛིན་མེད་ཞེན་བྲལ་མ་བཅོས་པའི་ངང་དུ་བཞག་གོ གསུམ་པ་རྡོ་རྗེ་འཆང་གི་གཟིགས་མོ་ནི། སྣ་རྩེའི་ཐད་ཀྱི་བར་སྣང་གི་ནམ་མཁའ་སྟོང་སང་ངེ་འདི་ལ་མིག་མ་ཡེངས་པར་གཏད། སེམས་མི་མནོ་མི་བསམ་པའི་ངང་ལ་འབོལ་ལེ་ཤིག་གེ་བཞག །བལྟས་པས་མི་མཐོང་། བསམ་མེད་བརྗོད་མེད་གཟའ་གཏད་བྲལ་བའི་ངང་དུ་ཞོག །ཅེས་ངོ་སྤྲད། སེམས་ཚོལ་རྣམས་ལ་ཞག་རེ། ངོ་སྤྲོད་ལ་ཚིག་དང་ཐ་སྙད་ཉུང་དུས་ཡུད་ཙམ་རེར་བཞག་ལ་སླར་ཞག་བདུན་དུ་བསྐྱང་གཞུག །གསུམ་པ་མན་ངག་གིས་གཏན་ལ་དབབ་པ་ནི། ཞག་བདུན་ནས་ངོ་འཕྲོད་ན། སེམས་སྐྱེ་མེད་བློ་འདས། དངོས་མེད་སྤྲོས་བྲལ། གཞི་མེད་རྩ་བྲལ། གསལ་སྟོང་ཟུང་འཇུག་ལ་བསྒོམ་རྒྱུ་ཅིའང་མེད་པར་མདོ་རྒྱུད་ཀྱི་ལུང་སྦྱོར་དང་བཅས་ཏེ་བཤད། ཡུམ་ལས། སེམས་འདས་པ་དང་མ་འོངས་པ་དང་ད་ལྟར་བའི་སངས་
༢༢༧ རྒྱས་རྣམས་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བར་གསུངས་པ་དང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། ཞེས་དང་། དགྱེས་རྡོར་ལས། སྒོམ་མེད་སྒོམ་པ་པོ་ཡང་མེད། ཅེས་སོགས་དང་། གྲུབ་ཐོབ་རྣམས་ཀྱི་གསུང་ལ་བརྟེན་ནས་སྟོང་ཉིད་དུ་ཡིད་ཆེས་པར་བྱ། འཁོར་འདས་སེམས་ཀྱི་ཆོ་འཕྲུལ་ཡིན། སྔར་སེམས་དངོས་མེད་དུ་མ་ཤེས་པས་འཁོར་བའི་སྡུག་བསྔལ་མྱོང་། ད་ཤེས་པས་འཁོར་བར་འཁྱམས་དོན་སྡུག་བསྔལ་མྱོང་དོན་མེད། བལྟར་མེད་མཐོང་མེད་དེ་ཉིད་དོན་དམ་པའི་བདེན་པ་མཐོང་བ་ཡིན་ཏེ། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་དཔའ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཅེས་དེ་བཞིན་གཤེགས་པས་བསྟན། ཞེས་སོགས་གསུང་། གནས་ལུགས་ཀྱི་དོན་དེ་ངག་ཏུ་སྨྲ་རུ་མེད། ཚིག་ཏུ་བརྗོད་དུ་མེད། ཡིད་ལ་བསམ་དུ་མེད་དེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། རང་སེམས་རྟོགས་ན་སངས་རྒྱས་ཀྱི་དགོངས་པ་འདི་ག་ཡིན་པས་འདི་ཉིད་རྟོགས་པས་ཆོག་སྟེ། རྒྱུད་བརྟག་གཉིས་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། ཅེས་སོགས་བཀའ་བསྟན་བཅོས་ཀུན་ནས་མགྲིན་གཅིག་ཏུ་གསུང་། ངོ་བོ་ཅིར་ཡང་མ་གྲུབ་པའི་གཤིས་ཐོག་ཏུ་བཞག་པས་ཆོག །རྒྱུས་ཆ་རང་ལ་ཡོད་ཀྱང་བླ་མས་ངོ་སྤྲད་པ་དེ་བཞིན་ལ་མེ་ལོང་བསྟན་པ་དང་འདྲ། བསྒོམ་རྒྱུ་རྡུལ་ཙམ་ཡང་མེད་པས་རྟོགས་
༢༢༨ བྱའི་སྒོམ་བཤིག །སྒོམ་པའི་གཉེན་པོ་བཤིགས། བསྒོམ་པའི་འབྲས་བུ་བློ་ཟད་ཆོས་ཟད་ལ་བཤིགས། མི་སྒོམ་པའི་བཞག་ཐབས་ལ་དྲུག །བྱས་ཚད་འཁྲུལ་པར་འདུག་པས་བྱར་མེད་དུ་བཞག །སྒོམ་ཚད་རྟོག་པར་འདུག་པས་སྒོམ་མེད་དུ་བཞག་བརྗོད་ཚད་སྟོང་ཉིད་དུ་འདུག་པས་བརྗོད་མེད་དུ་བཞག །དྲན་ཚད་སྣང་སྟོང་དུ་འདུག་པས་རང་གྲོལ་དུ་བཞག །འགྱུ་ཚད་ཆོས་ཉིད་དུ་འདུག་པས་རྒྱ་ཡན་དུ་བཞག །ཡེ་ནས་ལྷུན་གྲུབ་ཏུ་འདུག་པས་ཡིན་ཐོག་ཏུ་བཞག་པའོ། མཇུག་ལ་གསུམ། སྐྱོང་ཚུལ། གེགས་སེལ། བོགས་འདོན་ནོ། དང་པོ་ལ་གསུམ། ལས་དང་པོ་པ་རྣལ་འབྱོར་ཆུང་ངུའི་དུས། དབེན་པ་བརྟེན་ནོ། འདུ་འཛི་ཞེན་པ་བྱ་བ་ཐམས་ཅད་བསྐྱུང་། རྩོལ་སྒྲུབ་བསྐྱེད། རྟོག་པ་དགག །སྐྱེས་བདོ་བ་དང་རྩད་གཅོད། སྒོམ་སྐྱེས་རུང་མ་སྐྱེས་རུང་འབད་ལ་ཉམས་སུ་ལེན། རྣལ་འབྱོར་འབྲིང་པོའི་དུས། སྒོམ་འཕྲོ་མི་བཅད། ཚེ་འདིའི་དབང་དུ་མི་བཏང་། ཆོས་བརྒྱད་ཆགས་སྡང་བདེ་སྡུག་ཐམས་ཅད་ཕྲ་ཆོད་སྦོམ་ཆོད་ལ་བཏང་། ཐོག་བརྫིས་དང་རོ་སྙོམས་ལ་གཉེན་པོའི་དཔུང་དང་མ་བྲལ་བར་བྱ། རྣལ་འབྱོར་ཆེན་པོ་དུས། སྤང་གཉེན་གཉིས་ཀ་བོར། ཉོན་མོངས་དང་ཡེ་ཤེས། རྣམ་རྟོག་དང་ཆོས་སྐུ། ཉམས་སུ་ལེན་བྱ་ལེན་བྱེད་གང་ཡང་མེད་པའི་དབུ་མའི་ངང་དུ་བཞག་པར་བྱའོ། གཉིས་པ་གེགས་བསལ་བ་ལའང་གསུམ། ལུས་ངག་ཡིད་གསུམ་གྱི་གེགས། ཐོས་བསམ་སྒོམ་གསུམ་གྱི་གེགས། ལྟ་སྒོམ་སྤྱོད་གསུམ་གྱི་གེགས་རྣམས་ངོ་ཤེས་པར་བྱས་ལ་བསལ། གསུམ་པ་བོགས་འདོན་པ་ནི། ལམ་མཆོག་ཐུབ་པ་ལྔ་བསྟེན་པར་བྱའོ། ༈ །གཉིས་པ་གཏུམ་མོ་རས་ཐུབ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། དང་པོ་ནི། ངེས་འབྱུང་དང་དད་པས་ཀུན་ནས་བསླངས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བསྒོམ། གཉིས་
༢༢༩ པ་ལ་གསུམ། རྩ་སྦྱོང་བའི་ཕྱིར་སྟོང་ར། དྲོད་སྐྱེ་བའི་ཕྱིར་གཏུམ་མོ། བོགས་འདོན་པའི་ཕྱིར་དེའི་ཞལ་གདམས་བསྒོམ་པའོ། དང་པོ་ནི། ལུས་འདི་སྟོང་སང་དེ། ཡང་ཕྱ་ལེ། སྲབ་ཕྱམ་མེ་བ། ཁོང་པའི་ནང་གི་ལྗན་ལྗིན་ཐམས་ཅད་འོག་སྒོ་གཉིས་ནས་མར་སང་གི་ཐོན་ཏེ་ཕྲུ་མ་ཕུས་བཏབ་པ་ལྟ་བུ། རྩ་གསུམ་ཟོ་བ་དཔྱད་ལ་བཏགས་པ་ལྟ་བུ་མ་འབྱར་བར་བསྒོམ། གཉིས་པ་གཏུམ་མོ་སྤྱི་ཁྲིད་བསྒོམ་པ་ལ་གསུམ་བཅའ་བ་ལུས་ཀྱི་གནད། འབྱུང་འཇུག་རླུང་གི་གནད། དམིགས་པ་ཡུལ་གྱི་གནད་དོ། །དང་པོ་ནི། བསམ་གཏན་གྱི་ཆོས་ལྔའམ་རྣམ་སྣང་ཆོས་བདུན་བཅའ། གཉིས་པ་ནི། སྦྱོར་བ་བཞི་ལྡན་གྱི་བུམ་ཅན་བཟུང་། གསུམ་པ་ནི། རང་ལུས་ལྷག་པའི་ལྷའི་རྩ་དབུ་མ་ཡར་སྣ་སྤྱི་བོའི་ཧཾ་ལ་ཟུག་པ། མར་སྣ་ལྟེ་བའི་ཐད་ཀར་རག་དུང་གི་ཁ་ལྟར་ཡོད་པ། གཡས་གཡོན་རོ་རྐྱང་གཉིས་ཡར་སྣ་སྣ་བུག་དང་། མར་སྣ་ལྟེ་འོག་སོར་བཞི་ནས་ཡར་ལོག་དབུ་མའི་ནང་དུ་ཚུད་པར་བསྒོམ། རྩ་གསུམ་འདུས་མདོར་མེ་ཨ་ཤད་ཀྱི་རྣམ་པ་སོར་བརྒྱད་ཁ་དོག་དམར་པོ། །རྩེ་མོ་རྣོ་བ། རེག་བྱ་ཚ་བ། དམར་ལྷང་ལྷང་བ་ལ་དམིགས་པ་གཏད། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། བཀའ་བརྒྱུད་བླ་མ་རྣམས་ཐིམ་པས་སྔར་བས་འབུམ་འགྱུར་གྱིས་ཚ་བར་བསྒོམ། དེས་དབུ་མའི་ནང་ཐམས་ཅད་དམར་ལམ་མེ་བ། ཚ་འུར་རེ། སྡིག་སྒྲིབ་ཐམས་ཅད་ཐུལ་ཐུལ་ཚིག་པར་བསྒོམ། གསུམ་པ། ཞལ་གདམས་བསྒོམ་པ་ལ་གསུམ། བོགས་འདོན་པ། བརྟན་པ་ཐོབ་པ། གེགས་སེལ་བར་བྱེད་པའོ། དང་པོ་ལའང་གསུམ། དྲོད་བདེ་བ། ཕྱག་ཆེན་གྱི་བོགས་འདོན་པའོ། །དང་པོ་ནི། མེའི་པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་རང་ལུས་རྡོ་རྗེ་རྣལ་འབྱོར་མ་མེའི་སྐུ་ཅན། དེའི་ཐུགས་ཀར་རང་འདྲ་བའི་
༢༣༠ མེའི་རྡོ་རྗེ་རྣལ་འབྱོར་མ། སྤྱི་བོ་ནས་མེའི་རྡོ་རྗེ་རྣལ་འབྱོར་མ་གོ་ཞུ་ལུབས་སུ་བླུགས་པས་ཕྱི་ནང་མེད་པ་མེའི་རང་བཞིན་ཏུ་བསྒོམ། འདི་དག་གི་སྐབས་སུ་བདེ་དྲོད་ཀྱི་ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས་ཞེས་གསོལ་འདེབས་དྲག་ཏུ་བྱ། སེམས་རྩེ་གཅིག་ཏུ་བཟུང་། གཏུམ་མོ་མེའི་འཁོར་ལོ་ནི། ལྟེ་བའི་རྩ་གསུམ་གྱི་ཕྱོགས་བཞིར་འཁོར་ལོ་རྩིབས་བཞིའི་སྟེང་ན་མཁའ་འགྲོ་སྡེ་བཞི་མེའི་རང་བཞིན་ཏུ་བཞུགས་པར། རྒྱན་དང་ཕྱག་མཚན་ཐམས་ཅད་མེའི་རང་བཞིན། རླུང་མནན་པས་རྩ་ནང་དུ་འཁོར་བར་བསྒོམ། གཏུམ་མོ་རྩུབས་ཤིང་མ་ནི། མེའི་རྡོ་རྗེ་རྣལ་འབྱོར་མ་བཞིའི་ཕྱག་གིས་རྩ་རོ་རྐྱང་གཉིས་ལ་འཇུས། རླུང་མནན་པས་རྫ་མཁན་གྱི་འཁོར་ལོ་ལྟར་འཁོར་བར་བསྒོམ། གཏུམ་མོ་མེ་དྲོད་ཀྱི་ཡེ་ཤེས་ནི། ལྟེ་བར་དབུ་མའི་ནང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མེའི་རང་བཞིན་ཅན་གར་སྟབས་ལིང་ལིང་འཁྲབ་ཅིང་འདུག་པར་བསྒོམ། གཏུམ་མོ་མེའི་སྙིང་པོ་ནི། རང་ལུས་ལྷ་སྐུར་བསྒོམ་པའི་སྟེ་བའི་ཐད་པོ་བའི་དཀྱིལ་ན་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་མེ་འུ་རུ་རུ་འབར་བར་བསྒོམ། གཏུམ་མོ་བདེ་སྟོང་མ་ནི། སྲོག་རྩའི་ནང་ན་མེའི་རྡོ་རྗེ་ཨ་རུ་རའི་སྙིང་པོ་ཙམ་ཞིག་བསྒོམ། རླུང་མེའི་རྡོ་རྗེ་རྩ་སྦུབ་ཐམས་ཅད་དཀྲུགས་པར་བསྒོམ། གཏུམ་མོ་མེའི་སྲོག་ཤིང་ནི། ལྟོ་བའི་ཐད་དཀར་ཉི་དཀྱིལ་ལ་རྃ་ལས་མེའི་སྡོང་པོ་ཁྲུ་གང་སྦོམ་ཕྲ་ལག་ངར་ཙམ་ཡལ་ག་ཐམས་ཅད་མེར་གྱེས་པས་བ་སྤུའི་བུ་ག་ཐམས་ཅད་མེ་ལྕེ་འཆུབས་ཁྱི་ལི་ལི་འབར་བར་བསྒོམ། གཉིས་པ་ནི། རླུང་གི་གཞུ་ལ་མེ་ཡི་མདའ། །བྱང་སེམས་ཧྃ་གིས་འབེན་ལ་བརྡེག །ཟག་མེད་བདུད་རྩིའི་བདག་ལུས་གང་། །མྱུར་དུ་ཡེ་ཤེས་འཆར་བར་འགྱུར། །བདེ་ཆེན་འཁོར་ལོ་ཡང་ལྔ་བསམ། །སྤྲུལ་པའི་འཁོར་ལོ་ཡུམ་ལྔ་བསམ། །སྙིང་གར་འདུས་ཏེ་སྙམ་པར་འདུག །ཟག་མེད་བདེ་བས་བདག་ལུས་གང་། གསང་བའི་
༢༣༡ རྡོ་རྗེའི་སྦུབས་སུ་དྲངས། །ལྟེ་བའི་རྡོ་རྗེ་རྣལ་འབྱོར་མའི། །པདྨར་ཐིམ་པས་བདེ་སྟོང་གིས། །ཐིག་ལེ་ཡེ་ཤེས་བཅུད་ཀྱིས་གང་། །དངོས་སམ་ཀུན་སྤོང་ཡིད་ཀྱིས་ནི། །ཞེས་རབ་ཡིད་འོང་བཅུ་དྲུག་ཡུམ། མཉམ་པར་སྦྱོར་བའི་ཡེ་ཤེས་མཆོག །མི་འགྱུར་ཟག་མེད་བདེ་ཆེན་བསྒོམ། གསུམ་པ་ནི། དམིགས་པ་ཨ་ཐུང་ལ་གཏད་དེ་གསལ་ལ་རྟོག་པ་མེད་པའི་ནང་དུ་བཞག །རླུང་སྟོང་ཉིད་ཀྱི་ངང་དུ་བཟུང་། དྲན་རྟོག་རྩ་བྲལ་དུ་ཤེས་པར་བྱ། བདེ་གསལ་མི་རྟོག་པའི་ཉམས་ཅི་སྐྱེས་ཀྱང་མ་ཞེན་པར་བྱའོ། གཉིས་པ་བརྟན་པ་ཐོབ་པར་བྱ་བ་ནི། ལུས་གནད་དང་དམིགས་པ་ཐམས་ཅད་རྒྱུན་བསྲིང་། དར་ལ་དྲག་པར་བསྒོམ། འགལ་རྐྱེན་དང་ཡང་ཡང་སྤྲད། གསུམ་པ་གེགས་བསལ་བ་ལ་གསུམ། ལུས་ཀྱི་གེགས་ན་ཚ། ཁམས་ཀྱི་གེགས་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་གེགས་ཀྱི་གཙོ་བོར་རླུང་སྦྱོར་ལ་གནད་དུ་བསྣུན། སོ་སོའི་སྐབས་བསྟུན་བཅོས། དམིགས་པའི་གེགས་འབྱམས་པ་སྟེ་ཡུལ་ལ་འཐོར་བ་ལ། སྣ་བུག་གཡོན་ཏུ་སེམས་ཀྱི་ངོ་བོ་ཧཱུྃ་གསལ། རླུང་གྱེན་དུ་དྲངས་པས་རྐྱང་མ་ནས་ཞུགས་དབུ་མར་ཐིམ་པར་བསྒོམ། འདུས་པ་ནི། ཞེ་སྡང་ཅན་དགྲ་ལ་འདུས་པ། གདུང་སེམས་ཅན་གཉེན་ལ། འདོད་པ་ཅན་ནོར་ལ། དད་པ་ཅན་ཆོས་ལ་འདུས་པ་རྣམས་ལ་རོ་སྟོད་མདུན་རྒྱབ་བུག་པ་མང་པོ་བསྒོམ། ཧ་དྲག་ཏུ་བརྗོད་ཅིང་རླུང་ཕྱིར་ལ་འདོན། ལྡོང་པ་ནི་སྐྱོན་ཡོན་གང་ཡང་མེད་པ་སྟེ་གདམས་ཞན་པའམ་རྩོལ་བ་སྟོད་པའི་སྐྱོན་ནོ། །འདི་ནི་ཕྱག་རྒྱ་ཆེན་པོའི་བོགས་འདོན། ལམ་ཐམས་ཅད་ཀྱི་རྨིང་རྡོ། གྲུབ་ཐོབ་ཐམས་ཅད་འདི་ལས་བྱོན་པའོ། ༈ གསུམ་པ་གསང་སྤྱོད་དེ་ཐུབ་ལ་བཞི། ཀུན་ཏུ་བཟང་པོའི་སྤྱོད་པ། གསང་སྔགས་ཀྱི་སྤྱོད་པ། རིག་པ་བརྟུལ་ཞུགས། ཕྱོགས་ལས་རྣམ་རྒྱལ་
༢༣༢ གྱི་སྤྱོད་པའོ། དང་པོ་ནི། རང་གནས་སུ་ཕྱག་ཆེན་གྱི་སྒོམ་པ་ལ་གདིང་ཐོབ་ནས་རྐྱེན་གང་ལའང་བསྲེ་ནུས་པ་བྱ། གཉིས་པ་གསང་སྤྱོད་ཉམས་སུ་བླང་བའི་དགོས་པ་ནི། ཉམས་ལེན་གྱི་བོགས་ཐོན། མི་མཐུན་པ་གྲོགས་སུ་འཆར། བར་ཆད་དངོས་གྲུབ་ཏུ་འགྱུར། རྐ་མ་ཐག་ཆུ་ནང་གཅོད་པའོ། གསང་སྤྱོད་ནུས་པའི་གང་ཟག་བདག་འཛིན་བློས་ཐང་། ཉམས་ལེན་སྙིང་ཁམས་ཆེ། སྣང་སྲིད་སྒྱུ་མར་ཤེས་པའོ། །དེས་ཀྱང་འགལ་རྐྱེན་བར་ཆད་བྱུང་དུས་རོ་སྙོམས་ནུས་ཤིང་། དེའང་སྟོང་ཉིད་སྙིང་རྗེའི་གྲོགས་སུ་འགྲོ་ངེས་པ་ཞིག་དགོས། དེ་ལྟ་བུས་སྔོན་འགྲོ་ལྷ་འདྲེ་མ་བསློང་བ་སློང་བར་བྱེད་པ། དངོས་གཞི་བསླངས་པ་ནོན་པར་བྱེད་པ། མཇུག་ཏུ་ནོན་པ་དབང་དུ་སྡུད་པའོ། དང་པོ་ནི། གནས་དུར་ཁྲོད་སོགས་གཉན་སར། དུས་མཚན་མོར་སོང་སྟེ་ནུབ་དང་པོར་བདག་འཛིན་བློས་བཏང་ནས་ན་དགའ་འཆི་སྐྱིད་ཀྱི་སྙིང་ཁམས་བསྐྱེད། གཉིས་པར། བླ་མའི་བཀའ་སྒྲུབ་ཕྱིར་འོང་བ་ལ་མཐོར་བཏང་དམར་བཏང་བླ་མ་མཁྱེན་སྙམ་པས་ལུས་ལ་ཆགས་ཞེན་སྤུ་ཙམ་མེད་པར་ལྷ་འདྲེ་ལ་བཏང་། གསུམ་པར་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག །འཁོར་འདས་སེམས་ཅན་ཕུ་ཐག་བཅད། འཇིགས་མཁན་གྱི་ངོ་བོར་བརྟགས་ལ་ཉལ་བས་སློང་དང་ཆོ་འཕྲུལ་འབྱུང་ངོ་། གཉིས་པ་ལས། ནུབ་བཞི་པར་སྤྲོས་བཅས་ཀྱི་སྤྱོད་པ་ནི། སྙིང་རྗེ་དང་སྒྱུ་མའི་ཏིང་འཛིན་མ་བྲལ་བས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་རྒྱན་ཆ་ལུགས་ཡོངས་རྫོགས་སྟོང་གསུམ་ཁེངས་པའི་ཐུགས་ཀར་བླ་མ་བ་སྤུའི་བུ་ག་ཐམས་ཅད་དུ་ཁྲོ་བོ་ཁྲོ་མོས་ཁེངས་པའི་སྐུ་ལས་མེ་འབར་བ། སྣང་སྲིད་ཐམས་ཅད་ལ་ཉམ་ང་མེད་པར་བསྒོམ། ཕཊ་བརྗོད་པས་བ་སྤུའི་ཁྲོ་ཆུང་ལ་མེ་སྟག་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཐུལ་ཐུལ་ཚིག་པར་བསམ། འཁོར་འདས་སེམས་ལས་ལོགས་ན་
༢༣༣ མེད་ཅིང་ཆོས་སྐུ་བློ་འདས་སུ་ཐག་ཆོད་པའི་ལྟ་དགོངས་ཀྱི་གདིང་ཚད་ལྡན་པའི་ཞེ་སྡང་ལམ་བྱེད་ཀྱིས་གཉན་སར་འགྲོ། སྤྲོས་མེད་ལ་བཞི། རང་གཞན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྟོང་པ་ལྟ་བ་བདེན་འཛིན་དང་བྲལ་བ། འཇིགས་སྐྲགས་སོགས་རྟོག་པ་ཅི་བྱུང་ཡང་སྟོང་ཉིད་དུ་བཞག་པ་སྒོམ་པ་ཡིད་ལ་མི་བྱེད་པ། ཆོས་བརྒྱད་བདེ་སྡུག་བདུད་ཀྱི་བར་ཆད་ལྷའི་དངོས་གྲུབ་ཅི་བྱུང་ཡང་བླང་དོར་མེད་པར་སྤྱོད་པ་རོ་སྙོམས་ལ་བཟང་ངན་གང་ལ་ཡང་རེ་དོགས་མེད་པ་འབྲས་བུ་རེ་དོགས་ཀྱི་གཡང་ས་ཆོད་པ་སྟེ་གཉན་སར་སླེབས་ནས་གཉིད་མི་ཁྲོ་བའི་བར་འདོད་ཆགས་ལམ་དུ་བྱེད་པའོ། ཤིན་ཏུ་སྤྲོས་མེད་ལའང་བཞི། ཡུལ་གང་ལ་དངོས་པོ་ཅི་སྟེར་ཡང་ཡུལ་ལྷ་ཟས་བདུད་རྩིར་སྒོམ་པ་ཕྱིའི་ཚོགས། རང་ལུས་ལྷ་ལ་ཟས་བདུད་རྩིས་མཆོད་པར་བསམ་པ་ནང་གི་ཚོགས། སྙིང་ནས་རང་སེམས་རྣལ་འབྱོར་མའི་རྣམ་པར་དོན། གྲི་གུག་གིས་ཐོད་པ་བྲེགས། བྲང་ཁ་ཕྱེས་ནས་དོན་སྙིང་རྣམ་ལྔ་བླུགས་འབྲུ་གསུམ་གྱིས་བདུད་རྩིར་བརླབས་ལ་བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་གྱི་རྣམ་པར་བྱོན། ཕྱག་ན་ཐོད་པ་རེ་རེ་ཐོགས་པའི་ནང་དུ་རང་ལུས་དུམ་བུ་དཔག་མེད་གཏུབས་པ་བཟའ་བཏུང་དུ་གྱུར་པ་ལ་ལོངས་སྤྱད་པས་ཟག་མེད་ཀྱི་བདེ་བ་དང་ལྡན་པར་བསྒོམ། མདོར་ན་སྒོ་གསུམ་ལ་བདག་འཛིན་མེད་པར་འཁོར་འདས་ཐམས་ཅད་ལ་ཁྱབ་པར་བཏང་བ་གསང་བའི་ཚོགས། ཆོས་སྐུ་སྤྲོས་བྲལ་གྱི་ངང་དུ་ཉལ་ནས་གཉིད་འོད་གསལ་དུ་ཁྱེར་བ་དེ་ཁོ་ན་ཉིད་ཀྱི་ཚོགས་འཁོར་ཏེ་གཏི་མུག་ལམ་དུ་བྱེད་པའོ། ནུབ་ལྔ་པའི་ཉམས་ལེན་ལ། ཕྱིའི་འགལ་རྐྱེན། ནང་གི་ལུས་ངག་ཡིད་གསུམ་ཐམས་ཅད་སྟོང་པར་བསྒོམ་ལ་དང་པོར་ལྷ་འདྲེའི་རྟོག་པ་གཞོམ། རེ་བ་སྤང་། དོགས་པ་བླང་།
༢༣༤ ཅི་འོང་བ་ཤོག་སྙམ་པས་བར་དུ་བློ་བསྒོམ་གྱིས་རོ་སྙོམས་བྱ། དགེ་བ་དེས་གནོད་བྱེད་གདོན་བགེགས་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་བར་ཤོག་ཅིག་པའི་སྨོན་ལམ་གདབ་ཅིང་ཐ་མ་སྙིང་རྗེའི་རྗེས་སུ་བཟུང་། དེ་རེ་རེ་ལའང་དུས་རིང་པོ། ཐུང་ངུ་དང་། ཐད་སོར་ཉམས་སུ་ལེན་པའི་ཚུལ་རྒྱས་པར་འབྱུང་ངོ་། ནུབ་དྲུག་པར་སྐྱབས་སེམས་བྱ། རྡོ་རྗེ་རྣལ་འབྱོར་མ་ཞི་བར་བསྒོམས་ལ་འཇམ་པོས་འགྲོ། མ་གཉིད་བར་དུ་ཕྱིའི་ལྷ་འདྲེའི་བྱུང་གནས་འགྲོ་གསུམ་དབྱིབས་ཁ་དོག་གི་ངོ་བོ་རྩད་བཅད་ལ་གང་དུའང་མ་གྲུབ་པར་སྟོང་ཉིད་དུ་ཤེས་པས་ཕྱི་འཇིགས་ཡུལ་གྱི་ལྷ་འདྲེ་དོས་བཟུང་། གཉིད་དུ་འགྲོ་ཁར་འཇིགས་པའི་མཁན་པོ་རྩད་བཅད་པས་དངོས་མཚན་དུ་གྲུབ་པ་རྡུལ་ཙམ་མེད་པར་ནང་འཇིགས་མཁན་སེམས་ཉིད་རྩད་བདར་བཅད། རྨི་ལམ་དུ་ལྟས་དང་ཆོ་འཕྲུལ་སྣ་ཚོགས་བྱུང་བའི་དུས་སད་པའི་ཚེ་རང་བཞིན་མ་གྲུབ་པ་གཅོད་བྱེད་གནོད་པ་རང་སེམས་གསུམ་གཅིག་ཏུ་བསྲེས་ལ་སྟོང་ཉིད་དུ་བཞག་ལ་འཇིགས་པའི་ཆོ་འཕྲུལ་སྟོང་ཉིད་དུ་གཞིལ་ལོ། གསུམ་པ་ནི། ནང་དུག་གསུམ་གྱི་ཕྱི་གདོན་གསུམ་བསླངས་ནས་ནད་གསུམ་བསླབ་ན། ཅིས་ཀྱང་དགོས་པ་མེད། གང་འོང་བར་ཤོག་ཅེས་པའི་དྲག་སྔགས་བཟླས་ནས་ཚེ་འདིའི་འཁྲི་བ་རྦད་ཀྱིས་བཅད། རྒྱུ་འབྲས་ལ་འཛེམ། ཡེངས་མེད་ཀྱི་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་ན་གདོན་གསུམ་དབང་འགྱུར་རོ། གསུམ་པ་རིག་བརྟུལ་གྱི་སྤྱད་པ་སྤྱོད་པ་པོ་ནི། བསྐྱེད་རིམ་ལ་རྟགས་ཐོན། རྫོགས་རིམ་ལ་བརྟན་པ་ཐོབ། གསང་སྤྱོད་མཐར་ཕྱིན་པས་སོ། དུས་མངོན་ཤེས་རྫུ་འཕྲུལ་ཐོབ། བླ་མ་དང་ལྷས་ལུང་བསྟན་པའི་དུས་སུའོ། གནས་གྲོང་ཁྱེར་ཚོང་དུས་དམངས་དང་གདོལ་པའི་གནས་སུ་བྱ། ཟས་ཤ་ལྔ་བདུད་རྩི་ལྔ་གང་རྙེད་ཟ། གོས་རོ་རས་དང་དམན་གོས་གྱོན། རྒྱན་རུས་རྒྱན་ནམ་ཅི་སྙེད་བཏགས། གྲོགས་ཆགས་
༢༣༥ ལམ་པ་མཚན་ལྡན་གྱི་རིག་མ། གྲོལ་ལམ་པ་རང་རིག་བདེ་བའི་ཉམས་དང་འགྲོགས་སྤྱོད་ལམ་གླུ་གར་བྲོ་རྩེད་སྨྱོ་སྤྱོད་སྣ་ཚོགས་བྱས་པས་འབར་ཤ་སྐུར་འདེབས་རྡེག་རྒྱུང་བྱུང་བའི་ཚེ་རབས་ཀྱིས་རྫུ་འཕྲུལ་བསྟན་ནས་གཞན་གྱིས་མ་དད་བ་བཟློག །འབྲིང་གིས་ཆགས་སྡང་དགག་སྒྲུབ་གཉིས་མེད་ཕྱག་རྒྱ་ཆེན་པོ་རོ་སྙོམས་པ། ཐམས་འགལ་རྐྱེན་ལ་སྐྱོན་དུ་མི་ལྟ་བར་ལམ་དུ་ཁྱེར་ན་བོགས་ཐོན་པའོ། བོད་དུ་རྒྱུད་ནས་བཤད་པའི་སྤྱོད་པ་སྤྱད་ནུས་པ་མེད་པས་དེའི་ཚབ་ཏུ་ཕྱོགས་མེད་ཀྱི་ལྡོམ་བུ་བྱེད་ཅིང་རོ་སྙོམས་ཀྱི་སྤྱོད་པ་སྐྱོང་བ་ཡིན་ནོ། བཞི་བ་ཕྱོགས་ལས་རྣམ་རྒྱལ་ནི། སྤྱོད་པ་སྔ་མ་གསུམ་གྱིས་རིམ་པར་གདིང་ཐོབ། གཟུགས་མེད་གཟུགས་ཅན་ལ་བརྟེན་ནས་རོ་སྙོམས་དེ་རྣམས་མཐར་ཕྱིན་པའི་འབྲས་བུ་འཁོར་བ་ངན་སོང་བདུད་དང་འགལ་རྐྱེན་བར་ཆད་ཀྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་འགྱུར་རོ། ༈ །བཞི་པ་ནད་གདོན་འཁྲུགས་ཐུབ་ལ་གསུམ། དགོས་པ། ངོས་འཛིན། ནད་འདོད་ཐབས་སོ། དང་པོ་ནི། རི་ཁྲོད་སྨན་དཔྱད་མི་འཛོམ་པའི་ས་དང་། སྐྱབས་འགྲོའི་བསླབ་བྱར་མི་འགལ་བ་དང་། འཇིག་རྟེན་ཕལ་པ་ལས་ཁྱད་པར་འཕགས་པ་དང་། རྐྱེན་ངན་ལ་འཇིགས་པ་མེད་པ་དང་། བར་དོའི་ཤེས་པ་ཉམས་འོག་ཏུ་ཚུད་པའི་ཕྱིར་རོ། གཉིས་པ་ལ་གསུམ། ཕྱི་གནོད་བྱེད་གདོན་གྱི་ནད་ལ་རྨི་ལམ་དང་། ལུས་ངག་ཡིད་གསུམ་གྱི་ཉམས་འཁྲུགས་པ་ལ་བརྟག །བར་འབྱུང་བ་འདུས་པའི་ནད་ལ། ལུས་ངག་ཡིད་གསུམ། རླུང་མཁྲིས་བད་ཀན། ས་ཆུ་མེ་རླུང་། ཉོན་མོངས་དུག་གསུམ་གྱི་ནད་རྣམས་ལས། ལུས་ལ་འཐེམ་འཆུས་ལྷག་དང་གསུམ། །ངག་ལ་ལོག་འཚུབས་སྟོར་དང་གསུམ། །སེམས་ལ་འབྱམས་འདུས་སྲོང་དང་གསུམ། དགུ་པོའི་འཕྲང་ལ་མ་རྡུག་ན། །སྒོམ་སྐྱོན་འབྱུང་བར་མི་
༢༣༦ འགྱུར་རོ། ཞེས་པ་རྣམས་དང་། གཞན་ལས་འབྱུང་བ་ལྟར་ཉེས་པ་གསུམ་སོགས་ངོས་བཟུང་། ནད་རྣམ་པར་རྟོག་པའི་ནད་ནི། རྣམ་རྟོག་ལ་ནད་དང་གདོན་དུ་བཟུང་བའོ། །གསུམ་པ་ལ་གསུམ། ཐུན་མོང་སྤྱི། བྱེ་བྲག་སོ་སོའི་ནད་འདོན། མཇུག་བསྡུ་བའོ། །དང་པོ་ལ་གསུམ། དང་པོ་ཐབས་ལ་མཁས་པའི་རྟེན་འབྲེལ་བསྒྲིག །བར་དུ་གདམས་པ་ཟབ་མོའི་གནད་ཀྱིས་འདོན། ཐ་མ་ཟློག་སྒོམ་བྱས་ལ་ལྟ་ཐོག་ཏུ་བསྒྱུར་བའོ། །དང་པོ་ནི། ལུས་ལོངས་སྤྱོད་མཆོད་སྦྱིན་དུ་བཏང་ནས་ཚོགས་བསགས། བཤགས་པ་ཡིག་བརྒྱ་ཚོགས་འཁོར་སོགས་ཀྱི་སྒྲིབ་པ་སྦྱང་། བླ་མ་དཀོན་མཆོག་ལ་མོས་གུས་དྲག་པོས་གསོལ་འདེབས་བྱ། གཉིས་པ་ནི། བློ་རབ་ཀྱིས་ལྟ་བས་འདོན་ཏེ། ཕྱག་རྒྱ་ཆེན་པོའི་གསལ་འདེབས། བྱམས་དང་སྙིང་རྗེའི་བོགས་འདོན། ལས་ཀྱི་སྒྲིབ་པའི་སྒྲིབ་སྦྱོང་དུ་བསྟན་ལ་སོ་སོའི་ལམ་མཁྱེར་སྤྱི་དང་མཐུན། བློ་འབྲིང་སྒོམ་པས་འདོན་ཏེ། སྟོང་པར་སྒོམ་པ། བླ་མར་སྒོམ་པ། བདེ་བར་སྒོམ་པ་གསུམ་ལས་དང་པོ་ནི། གང་དུ་ན་བའི་ས་ནས་བུག་པ་ལྕགས་ཚག་གི་མིག་ལྟ་བུ་གྲངས་མང་བ་ནས་ནད་ཐམས་ཅད་དུང་རླང་སྔོ་དམར་གྱི་རྣམ་པ་དང་། རྟེན་ཤ་ཁྲག་ལ་སོགས་པའང་ཕྱིར་ལ་ཤད་ཀྱིས་ཐོན་པར་བསྒོམ། གཉིས་པ་ནི། འོག་རྐང་མཐིལ་སོགས་མ་ཡིན་པའི་ནད་དམིགས་དེར་ཤེལ་གྱི་གཞལ་ཡས་ཁང་དུ་བླ་མ་སངས་རྒྱས་སྨན་བླའི་རྣམ་པར་བཞུགས་པའི་སྐུ་ལས་འོད་འཕྲོས། ནད་ཐམས་ཅད་ཕྱིར་བདས། བླ་མ་འོད་ཞུ་ན་སར་ཐིམ་པས་བདེ་སང་སོང་བར་བསྒོམ། གསུམ་པ་ནི། ན་ས་དེར་བདེ་མཆོག་ཡབ་ཡུམ་ཚོན་གང་པར་གསལ་བ་ལ་བླ་མ་ཡི་དམ་ཐམས་ཅད་བྱོན་ནས་ཐིམ། ཡབ་ཡུམ་སྙོམ་འཇུག་མཛད་པའི་བྱང་སེམས་དཀར་དམར་གྱིས་གང་། ནད་དང་དེའི་རྒྱུ། ན་མཁན་ཐམས་ཅད་བདེ་བའི་ངོ་བོར་ཕྲིལ་གྱིས་སོང་བར་བསམ་
༢༣༧ ལ་བདེ་སྟོང་ཟག་མེད་ཀྱི་ངང་དུ་ལྷོད། བློ་ཐམས་སྤྱོད་པས་འདོན་པ་ལ་གསུམ། དཀར་མངར་ཤ་ཆང་སྤང་། ལྟོ་བཅག་ལ་དེ་ཆུ་དང་། ཕྱེ་ཐུག་རྡོར་མེད་བསྟེན། མེ་ཉིར་མི་སྡོད། འདོད་ཆགས་ཞེ་སྡང་གི་ལས་མི་བྱ། ཉིན་གཉིད་མི་ལོག །དུས་བཞི་དང་མཐུན་པ་སོགས་སྤྱོད་ལམ་གཟབ། མགོ་དང་མགྲིན་པ། རོ་སྟོད་དཔུང་བ། ལྟོ་བ་རྐེད་པ་རྣམས་ལྷན་ཅིག །རྐང་པ་གཉིས་སོ་སོར་བྱས་ཏེ་སྤྲུགས་པ་དང་། བསྐོར་བ་དང་། གཅུ་བ་དང་། བཀན་པ་དང་། སྤྲུགས་པར་བྱའོ། གཉིས་པ་གདམས་པ་ཟབ་མོའི་གནད་མདོར་བསྡུས་འོག་ཏུ་འབྱུང་། གསུམ་པ་ཟློག་སྒོམ་ནི། ཕན་བདེ་དང་གནོད་པ་དེ་གཉིས་ཀ་ལས་ལོག་ནས་བདག་འཛིན་བློས་བཏང་ལ་ཅི་འོང་ཤོག་སྙམ་པའི་མཐའ་མེད་རླུང་ཁྱེར་དུ་བཏང་ངོ་། །གཉིས་པ་བྱེ་བྲག་སོ་སོའི་ནད་འདོན་པ་ལ་གསུམ། ཕྱི་གནོད་བྱེད་གདོན་གྱི་ནད་གསང་སྤྱོད་དང་རོ་སྙོམས་ལྟར་ཉམས་སུ་བླང་། བར་འབྱུང་བ་འདུས་པའི་ནད་འདོན་པ་ལ་གསུམ། དང་པོ་ལུས་ངག་ཡིད་གསུམ་གྱི་ནད་འདོན་པ་ནི། ལུས་ནད་འཐེམ་པ་ལ་རྨའི་ནང་དུ་བླ་མ་བསྒོམ། བླ་མའི་གསང་བ་ནས་ཐིག་ལེ་བབས་བས། རྨའི་ནང་བདེ་འཕོལ་གྱིས་སོང་བར་བསྒོམ། དེ་ནས་བླ་མར་རང་ཡང་བདུད་རྩིར་ཞུ་ནས་རྨའི་ནང་དུ་ཐིམ་པས། སྔར་བས་ཀྱང་བདེ་བ་ཆེན་པོར་བསྒོམ་མོ། མཆུས་པ་ལ་གང་དུ་མཆུས་པ་དེར་སད་ཀྱིས་བརྩད་བར་བསྒོམ་པས། རྩ་དབུགས་རག་དུང་གི་རྐང་ལྟ་བུ་སེང་ངེ་འདུག་བའི་ནང་ན་མར་ལ་ཁྲག་དང་ཆུ་སེར་དང་། ནད་ཐམས་ཅད་རླུང་གི་བརྡས་ནས་སི་རི་རི་འགྲོ་བར་བསམ་མོ། ལྷག་པར་གང་དུ་སྒྲང་པ་དེར། ཉི་མའི་དཀྱིལ་འཁོར་སེན་མོ་ཙམ་ཞིག་གི་སྟེང་ན་མེ་བྱ་སྒོང་ཙམ་ཞིག་བསྒོམས་ལ། ནད་དེ་སོ་སོ་ཁོལ་བར་བསམ། དེ་ནས་ཚིག་པར་བསྒོམ། ཐ་མ་མེ་རུ་འབར་བར་བསྒོམ་མོ། ངག་གི་ནད་གསུམ་
༢༣༨ ལས་ལག་པ་ལས། རྩ་བའི་རླུང་ལྔ་གང་ལོག་ཀྱང་སྔོན་ལ་ཞུན་ཆེན་གྱི་བཀུ་མཉེ་བྱ། དེ་ནས་ཁུ་ཚུར་གྱིས་རན་པར་བརྡུང་། ཟས་བཅུད་ཅན་བཏང་། ན་སར་ཐིག་ལེ་ཨ་རུ་རའི་སྙིང་པོ་ཙམ་ཅིག་བསྒོམས་ལ། བདེ་བས་ཁེངས་པར་བསྒོམ་མོ། ཡན་ལག་གི་རླུང་ལྔ་ལོག་པ་ལ་གང་ལོག་པའི་ས་དེར། བུག་པ་ཟང་ཐལ་བསྒོམས་ལ། ནད་ཐམས་ཅད་རླུང་གིས་བདས་ནས་སྟོང་སིང་པར་བསྒོམ། འཚུབ་པ་ལ། གང་དུ་འཚུབ་ཀྱང་སྤྱི་བོའི་རྒྱ་མཐོང་འཕང་ལོ་ཙམ་ཅིག་ཁ་ཕྱེ་ལ་དེ་ནས་ཡར་ནད་ཐམས་ཅད་ཁང་ཆུང་དུ་བས་ཁེངས་པ་ལ་སྐར་ཁུང་ཁ་ཕྱེ་བ་བཞིན་སྔོ་ཕྱུར་གྱིས་སོང་བར་བསྒོམ་ཞིང་། རླུང་ཕྱིར་ལ་དྲག་ཏུ་འབུད་དོ། གཏོང་བ་ལ་དམིགས་པ་བཅུན་ལ་རྩོལ་བ་སྐྱེད་ཅིང་བསྒོམ་མོ། སེམས་ཀྱི་ནད་གསུམ་ལས། །འབྱམས་ལ་སེམས་ཉིད་རྣམ་རྟོག་གི་ངོ་བོ་དེ། སྣ་སྒོ་གཡོན་པར་ཧཱུྃ་སྔོན་པོ་ནས་ཙམ་ཞིག་བསྒོམ་ལ། རླུང་སྣ་ནས་རྔུབས་ཏེ་མནན་པས། ཧཱུྃ་དེ་རྩ་རྐྱང་མའི་ནང་ན་མར་ཆུའི་སྣ་ལ་རིལ་མ་བརྡས་པ་བཞིན་དུ་སོང་ལ། དབུ་མའི་ནང་དུ་ཐིམ་གྱིས་སོང་ནས། དབུ་མའི་རྩ་སྣ་ཁ་ཟུམ་པས་རིག་པ་དེ་ནག་ཐུམ་རྩེར་སོང་བར་བསྒོམ་མོ། འདུས་པ་ལ་རྟོག་པ་གཞན་དུ་སྤོ། སེམས་ཡེངས་སུ་གཞུག །སྙིང་དང་བྲང་ལ་བུག་བ་ཕྱོགས་བཞི་རུ་དབུས་དང་ལྔར་བསྒོམས་ལ་དེ་ནས་ཕར་འབྱུང་བ་ལྔའི་རླུང་དང་ནད་བལྡོངས་ནས་སྔོ་བུན་སོང་བར་བསྒོམ། ཧ་བསྒྲངས་རྔམས་རིངས་གདོན། སྙིང་གར་བླ་མ་བསྒོམ། བླ་མ་ཞུ་ནས་ཐིམ་པས་ཉམས་དགའ་ཡར་རྩེར་སོང་བར་བསྒོམ་མོ། ཁོའི་རྣ་བར་སྡུག་བསྔལ་སྐྱེ་བ་དང་། སེམས་ཁྲལ་འོང་བ་དང་། མི་སྙན་པའི་གཏམ་མི་སྒྲོག །བྲེད་སྔངས་སྐྱེ་བོའི་སྤྱོད་པ་མི་བྱ། ལྟེང་བ་ལ་རིག་པ་དཔང་བསྟོད། རྒྱ་མཚོ་ཆེན་པོའི་དཀྱིལ་ན་གངས་རི་ཆེན་པོ་གཅིག་བསྒོམ། དེའི་སྟེང་ན་རང་འདུག་པར་བསྒོམ། སྐབས་སུ་ཕཊ་དྲག་པོ་
༢༣༩ གདབ། དུས་རྒྱུན་དུ་རིག་པ་ལ་ངར་བཏགས་ལ་ཧུ་རེ་བྱའོ། གསུམ་པ་མཇུག་སྡུད་པ་ནི། ནད་གདོན་གང་ལའང་གདམས་ངག་ཚིག་པོ་ཉམས་སུ་བླང་བར་བྱ་སྟེ། གཞི་ལྟ་བའི་གོ་ཆ། ལམ་བླ་མའི་མོས་གུས། །དམིགས་པ་རྣོན་པོའི་མཚོན་ཆ། ཐབས་ལ་མཁས་པའི་རྟེན་འབྲེལ་ལོ། དང་པོ་ནི་རེ་དོགས་མེད་པ་ལྟ་བའི་ཐོག་ཏུ་བློ་ཐག་བཅད། ནད་ལ་ནད་དུ་མི་འཛིན། ནད་ན་བདག་འཛིན་བོར། གཉིས་པ་ནི། ནད་སོས་རུང་མ་སོས་རུང་བླ་མ་མཁྱེན། ཚིག་དང་པོ་འགུས་ལ་བློ་གཏད། གསུམ་པ་ནི། དམིགས་པ་གསལ་རུང་མི་གསལ་རུང་ཡེངས་མེད་ཕུར་ཚུགས་སུ་བསྒོམ། བཞི་པ་ནི། ཚོགས་བསགས་སྒྲིབ་སྦྱོང་ཅི་ནུས་འབད། སྤྱོད་ལམ་ལ་གཟབ་བོ། སྤྱིར་ནད་གདོན་ཐམས་ཅད་ལྟ་བ་ལ་རྒྱབ་གཏད། བློ་བླ་མ་ལ་བཀལ། ཚོགས་གསོག་གི་དཔུང་བསྐྱེད། རྣོ་དམིགས་པས་འདོན། སྙིང་རྗེའི་ངང་ནས་ལས་སུ་བསྒོམ། མཐར་ཐུག་ཟློག་སྒོམ་གྱི་ཐོག་ཏུ་བསྒྱུར་བ་བཅས་དྲུག་པོ་དེའི་གནད་ཀྱིས་ཟིན་ན། ཤི་རུང་གསོན་རུང་བློ་བདེའི་གདིང་རྙེད་པའོ། ༈ །ལྔ་པ་གཉེན་པོ་རྐྱེན་ཐུབ་ལ། སྤྱིར་བཀའ་མདོ་རྒྱུད་བླ་མའི་གདམས་ངག་ཐམས་ཅད་རྐྱེན་ཐུབ་པ་ཁོ་ནའི་ཐོག་ཏུ་འདྲིལ་དགོས། བྱེ་བྲག་ཏུ་བསྟན་པ་ལ་གསུམ། རྐྱེན་ལ་གཉེན་པོ་བཏང་བ། གཉེན་པོ་མ་ཐེངས་པའི་སྐྱོན། ཐེངས་པའི་ཡོན་ཏན་ནོ། དང་པོ་ལ་གསུམ། རྐྱེན་ངོས་བཟུང་བ། གཉེན་པོ་བཏང་བའི་དུས། གཏོང་བའི་ཐབས་སོ། དང་པོ་གསུམ། ངན་པའི་རྐྱེན་དུག་ལྔ་སྡངས་པ་རྒྱུའི་རྐྱེན་དང་། དེས་སྐྱེད་པའི་ན་ཚ་སྡུག་བསྔལ་བྱུང་བའི་ཆོས་ལ་བློ་མ་ཁེལ་ནས་མོ་གཏོ་སྨན་དཔྱད་ལ་རེ་བའོ། །ཐུན་མོང་རྐྱེན། དགེ་བ་ལ་ཆོག་ཤེས་པ་དང་། བསླབ་གསུམ་སོགས་སྐྱོ་ཞིང་སུན་པའོ། །བཟང་པོའི་རྐྱེན། རང་རྒྱུད་ལ་ཡོན་ཏན་སྐྱེས་པ་དང་གཞན་
༢༤༠ གྱིས་བསྟོད་བསྔགས་ལ་སོགས་པ་བྱུང་བའི་ཚེ་ང་རྒྱལ་དང་ཕྲག་དོག་སྐྱེས་པའོ། །གཉིས་པ་བཏང་བའི་དུས་ནི། འདས་པའི་རྐྱེན་ལ་གཉེན་པོ་ཕྱིས་སྙེགས་སུ་བཏང་སྟེ། སྔར་བྱས་ཀྱི་ལས་ལ་ཐམས་ཅད་ལ་འགྱོད་པའི་སེམས་ཀྱིས་དྲན་པར་བྱས་རུས་པའི་གཏིང་ནས་བཤགས་པ་བྱས་ཏེ་ར་མདའ་བྱེད་པའོ། །མ་འོངས་པའི་རྐྱེན་སྔོན་བསུ་རུ་བཏང་སྟེ། ཉོན་མོངས་དང་འགལ་རྐྱེན་གྱི་མི་གནོད་པའི་གོ་ཆ་བསྒོའོ། །སོ་ཁ་བསྲུང་བའི་ཟོན་དང་བྱར་བྱེད་པ་ལྟ་བུའོ། །དེ་ལྟའི་རྐྱེན་ལ་འཕྲད་འཛོམ་བྱ་སྟེ། ཆགས་སྡང་དང་ཉོན་མོངས་པ་སྐྱེས་ཚད་ཆུ་ལ་རལ་གྲི་རྒྱབ་པའམ། རྡོ་ཚན་ལ་ཁ་བ་བབས་པ་ལྟ་བུ་རྗེས་མེད་ལ་གཏོང་བ་སྟེ། གཡུལ་དུ་ཞུགས་ནས་ལག་འཕྲད་པ་ལྟ་བུ་སྟེ། ལམ་དུ་ཅི་ལོང་དང་རང་གྲོལ་ལ་བཏང་བའོ། གསུམ་པ་གཏོང་བའི་ཐབས་ནི། རབ་ལྟ་བས་སྟོང་ཉིད་དུ་བསྒོམ། འབྲིང་བསྒོམ་པས་ལྷ་སྐུར་བསྒོམ། ཐ་མ་སྤྱོད་པས་སྙིང་རྗེར་བསྒོམ་པའོ། །དང་པོ་ནི། ཉོན་མོངས་པ་དུག་ལྔ་དེ་ཕ་རོལ་པོའི་ལུས་ངག་ཡིད་གསུམ་ལ་གནས་སམ། རང་གི་ལུས་ངག་ཡིད་གསུམ་ལ་གནས་སམ། ཉོན་མོངས་པ་རང་གི་ངོ་བོ་དབྱིབས་དང་ཁ་དོག་ཏུ་གྲུབ་པ་འདུག་གམ་མི་འདུག་ལྟོས། འདོད་ཆགས་མཁན་དང་ཆགས་ཡུལ་མ་གྲུབ་པ་མེད། སྤྲོས་བྲལ་སྟོང་པའམ། སྐྱེ་མེད་བློ་འདས་ཀྱི་ངང་དུ་བཞག་གོ གཉིས་པ་ནི། ཆགས་སྡངས་སྐྱེས་པའི་དུས་ན་རབ་ལྷ་སྐུ་དང་བླ་མར་བསྒྱུར། འབྲིང་ཕ་དང་མ་རུ་བསྒྱུར། ཐ་མ་གྲོགས་མཛའ་བཤེས་མ་ནོར་གཅེས་པར་བསྒྱུར། འདོད་ཆགས་མོས་གུས་དང་བྱམས་པར་བསྒྱུར། ཞེ་སྡང་སྙིང་རྗེ་དང་ཕན་སེམས་སུ་བསྒྱུར་ལ། ང་རྒྱལ་གཞན་གྱི་ཡོན་ཏན་དུ་བསྒོམ། ཕྲག་དོག་རང་གི་རྐྱེན་དུ་བསྒོམ། གསུམ་པ་ནི། ཉོན་མོངས་པ་རྒྱུད་ལ་སྐྱེས་པའི་ཚེ་ན་རང་ལ་སྙིང་རྗེ་བསྒོམ། བསྟན་པའི་སྒོར་ཉན་ཐོས་ཀྱི་སྡོམ་པ་བླངས་ནས་གཞན་གནོད་གཞིར་བཅས་སྤངས་དགོས་པ་དང་།
༢༤༡ བྱང་སྡོམ་བླངས་ནས་སེམས་ཅན་ཐམས་ཅད་ལ་ཕ་མའི་འདུ་ཤེས་བསྒོམ་དགོས་པ་ལས། སེམས་ཆགས་སྡང་དང་མ་བྲལ་བ་སྙིང་རེ་རྗེ། གསང་སྔགས་རྡོ་རྗེ་ཐེག་བར་དབང་བསྐུར་ནས། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནད་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོར་བསྒོམ་དགོས་པ་ལ། བསམ་པ་ཞེ་སྡང་དང་མ་བྲལ་བར་འདུག་པ་སྙིང་རེ་རྗེ། བླ་མས་ཕྱག་རྒྱ་ཆེན་པོར་ངོ་སྤྲད་ནས། འཁོར་འདས་ཀྱི་བདེ་སྡུག་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་དུ་བསྒོམ་དགོས་པ་ལ་ད་རུང་དངོས་པོ་དང་མཚན་མ་བཟུང་ནས། སེམས་ཆགས་སྡང་དང་མ་བྲལ་བར་འདུག་པ་སྙིང་རེ་རྗེ་སྙམ་པ་བྱས་ལ་ཇི་སྲིད་ཉོན་མོངས་པ་དེ་མ་ཟད་ཀྱི་བར་དུ། ཅི་ཆོམ་གྱི་ཐབས་ལ་འབད་དོ། གཉིས་པ་གཉེན་པོ་མ་ཐེངས་པའི་སྐྱོན་ནི། གནས་སྐབས་སུ་ཡོན་ཏན་རྒྱུད་ལ་མི་སྐྱེ་ཞིང་མཐར་ཐུག་ངན་འགྲོའི་རྒྱུར་འགྱུར་རོ། གསུམ་པ་ཐེངས་པའི་ཡོན་ཏན་ནི། གནས་སྐབས་ཕྱི་ནང་གི་ཡོན་ཏན་དང་ལམ་གྱི་མངོན་རྟོགས་གོང་དུ་འཕེལ། མཐར་ཐུག་སྐུ་བཞི་ལྔའི་བདག་ཉིད་དུ་སངས་རྒྱས་ནས་གཞན་དོན་གྱི་ཕྲིན་ལས་མཁའ་ཁྱབ་ཏུ་འབྱུང་བར་འགྱུར་རོ། ཞེས་པའི་ཁྲིད་ཚུལ་ཁྱད་པར་ཅན་འདིའང་རྒྱུན་ཤིན་ཏུ་དཀོན་པ། སྣང་བས་དང་འདོད་ཡིད་ཆེས་ཀྱི་དད་བས་ཀུན་ནས་བསླངས་ཏེ། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་རབ་ལས་འབྱུང་བ་ཉིད་རྩ་བར་བཟུང་། ཡིག་རྙིང་གི་བཤད་དོན་བསྒྲིལ་བའི་གསལ་བྱེད་ཀྱིས་བརྒྱན་ཏེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཤྲཱི་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། །

༄༅། །ནག་པོ་ཨུ་ཙི་ཊ་འཆི་བ་མེད་པའི་ཡོན་པོ་སྲོང་བའི་ཁྲིད་ཡིག་བཀྲ་ཤིས་ཞོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ༎

༡༨༡ནག་པོ་ཨུ་ཙི་ཊ་འཆི་བ་མེད་པའི་ཡོན་པོ་སྲོང་བའི་ཁྲིད་ཡིག་བཀྲ་ཤིས་ཞོའ་སྙིང་པོ་ཞེས་བྱ་བ་བཞུགས་སོ།།
༡༨༢ན་མོ་གུ་རུ་བཛྲ་དྷ་ར་པཱ་དཱ་ཡ། ནག་པོ་འཆི་བ་མེད་པ་དང་། །དབྱེར་མེད་རྗེ་བཙུན་གོང་མ་ལྔ། །གཅིག་བསྡུས་མཁྱེན་བརྩེའི་དབང་པོར་འདུད། །ཡོན་པོ་སྲོང་བའི་ཁྲིད་རིམ་དགོད། །ལམ་སྐོར་ཕྱི་མ་བརྒྱད་ཀྱི་ནང་ཚན་ནག་པོ་ཨུ་ཙི་ཏ་འཆི་བ་མེད་པའི་གདམས་པ་ཡོན་པོ་སྲོང་བའི་ཁྲིད་འཆད་པ་ལ་གཉིས། བརྒྱུད་པ་གང་ལས་བྱུང་བ། དེ་ལས་བརྒྱུད་པའི་གདམས་ངག་དངོས་བཤད་པའོ། །དང་པོ་ནི། བརྟུལ་ཞུགས་སྤྱོད་པའི་སློབ་དཔོན་ཆེན་པོ་ནག་པོ་པ་ཡུལ་ཛ་ལན་དྷ་ར་ནས་སྤྱོད་པ་ལ་གཤེགས་པའི་ལམ་དུ་རྣལ་འབྱོར་མ་རྣམས་སྔོན་ལ་སོང་། སློབ་དཔོན་ཕྱི་ནས་བྱོན་ཏེ་གྲོང་ཁྱེར་ཆེན་པོ་ཞིག་གི་སྲང་ཁར་ཕེབས་པ་ན་མི་འགས་ཕན་ཚུན་གཏམ་གླེང་བ་ལ་གསན་པས། མི་གཅིག་གིས་ཁར་སེང་ཞག་འགའི་གོང་ནས་ཨུ་ཙི་ཏ་འཆི་བ་མེད་པ་བྱ་བ་ནམ་མཁའ་ལ་འགྲོ་བ། རྒས་པ་དང་འཆི་བ་མེད་པ་ཞིག་འདུག་ཟེར། དེ་གང་ན་འདུག་དྲིས་པས། །སྡོད་ས་ངེས་པ་མེད། རེས་ནི་བྲག་ཡ་ཀི་ལ་སྡོད། རེས་ནགས་ཆུང་དུ་མ་ཀི་ལའང་སྡོད་ཟེར་ནས་ནགས་ཆུང་དུ་ཞིག་བསྟན། སློབ་དཔོན་གྱིས་དེར་ཕྱིན་པས། མི་གཅེར་བུ་མདོག་ནག་པ། ལུས་ཆབ་རམ་ལྟ་བུ་ཞིག་
༡༨༣བསྒོམ་ཞིང་འདུག་པ་མཐོང་ནས་མ་བརྟག་པར་ཕྱག་འཚལ་ཏེ་བདག་རྗེས་སུ་བཟུང་བར་ཞུ་ཞུས་པས། ངས་ཁྱོད་མི་འདུལ་བས་དེ་ལྟར་མ་བྱེད་གདམས་ངག་མ་ཞུ་ཟེར། དེར་ཁྱོད་ཀྱི་སློབ་དཔོན་སུ་ཡིན་དྲིས་པས། རྡོ་རྗེ་འཆང་གི་སློབ་མ་དབང་ཕྱུག་ཆེན་པོ་ཡིན། ང་དེའི་སློབ་མ་ཨུ་ཙི་ཏ་འཆི་བ་མེད་པ་བྱ་བ་ཡིན་ཟེར། དབང་ཕྱུག་དེ་ད་ལྟ་གང་ན་ཡོད་བྱས་པས། ས་འོག་རིམ་པ་དགུ། རི་རབ་ཀྱི་ཁང་གསེང་ན་ཨུ་མ་དང་སྙོམས་པར་ཞུགས་ནས་ཡོད་ཟེར། ནམ་ཙམ་ལྡང་བྱས་པས། སངས་རྒྱས་སྟོང་རྩ་གཉིས་རྫོགས་པ་དང་ལྡང་ཟེར། འོ་ན་ཁྱོད་ཀྱི་གདམས་ངག་དེ་སངས་རྒྱ་བའི་ལམ་དུ་འདོད་དམ་མི་འདོད་བྱས་པས། སངས་རྒྱ་བའི་ལམ་དུ་འདོད་ཟེར། འོ་ན་ཅིས་ཀྱང་རྗེས་སུ་བཟུང་བར་ཞུ་བྱས་པས། དེ་ལྟར་ན་ངའི་གདམས་ངག་འདི་ལྟར་ཡིན་ནོ། །ཁྲོ་བོའ་གཟུགས་ཀྱིས་རླུང་བཟུང་ན། །སྐྲ་དཀར་གཉེར་མ་རྣམས་སྤངས་ཏེ། །རྒས་དང་འཆི་བ་ལས་གྲོལ་ནས། །ནམ་མཁའ་བཞིན་ཏུ་འཆི་མེད་འགྱུར། །ཅེས་པའི་ཚིགས་བཅད་འདི་གསུངས་སོ། །འདིའི་དོན་ནི་ཡོན་པོ་སྲོང་བའི་གདམས་ངག་ཅེས་བྱ་བ་ཡིན་ཏེ། རྩ་ཡོན་པོ་རོ་རྐྱང་གཉིས། རླུང་
༡༨༤ཡོན་པོ་ལྡང་འཇུག་གཉིས། ཐིག་ལེ་ཡོན་པོ་ཁུ་ཁྲག་གཉིས་རྣམས་ཡིན་ལ། དེ་རྣམས་སོང་བ་ནི་དབུ་མར་འཛུད་པ་སྟེ། དེ་ལྟར་ཚུད་པས་རྩ་རླུང་བྱང་ཆུབ་ཀྱི་སེམས་འཆིང་ནས་སངས་རྒྱས་བགྲོད་པའི་མྱུར་ལམ་མཆོག་ཏུ་འགྱུར་བ་ཡིན་ནོ། །དེའི་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་འཆང་། དབང་ཕྱུག་ཆེན་པོ། ནག་པོ་ཨུ་ཙི་ཏ་འཆི་བ་མེད་པ། ནག་པོ་སྤྱོད་པ་པ། ཤྲཱི་དྷ་ར། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ། རྗེ་བཙུན་གོང་མ་ལྔ་སོགས་ནས་རིམ་པར་བརྒྱུད། སྨིན་གྲོལ་གྱི་བཀའ་བབས་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་དྲིན་ཏུ་སྩལ་བའོ། །གཉིས་པ་གདམས་ངག་ཉམས་སུ་བླང་བའི་རིམ་པ་ནི། ཐོག་མར་ཉི་མ་འགའ་ཤས་ལ་སྤྱོད་ལམ་དལ་བར་བསྡད་ལ་བཀུ་མཉེ་བྱ། དེ་ནས་བསྒོམ་པ་ལ་འཇུག་པའི་ཚེ་སྟན་བདེ་བར་བསྡད་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་གཉིས་སྤྱི་ལྟར་བྱ། རྩ་བའི་བླ་མ་སྤྱི་བོར་བསྒོམ། མོས་གུས་དྲག་ཏུ་བྱ་ཞིང་གསོལ་འདེབས་ཀྱི་ཚིག་ལན་གྲངས་མང་དུ་བརྗོད། རང་ཉིད་ཡི་དམ་གང་ལ་བྱེད་པའི་ལྷའི་སྐུར་ལམ་གྱིས་དྲན་པར་བྱ། ལུགས་སྲོལ་འདི་དང་བསྟུན་ན། སྐྱབས་ཡུལ་ཐུན་མོང་མ་ཡིན་པ་བླ་མ་དང་གཉིས་སུ་མེད་པའི་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་མངོན་སུམ་དུ་བཞུགས་པར་གསལ་གདབ། དེའི་ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན་ཏུ་ཤེས་པར་བྱས་ནས་བྱང་ཆུབ་བར་དུ་སྐྱབས་གནས་ཞུ་བའི་འདུན་པ་དྲག་པོས་སྐྱབས་འགྲོ་ལྔ་བསྐོར་གྱི་ཚིག་བརྗོད། མཐར་སྐྱབས་ཡུལ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པར་མོས། ཕ་མར་གྱུར་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཁྲུལ་པའི་དབང་གིས་འཁོར་བ་ན་སྡུག་བསྔལ་ཁོ་ན་ཉམས་སུ་མྱོང་བ་སྙིང་རེ་རྗེ། འདི་རྣམས་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་བདག་གིས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་ཐོབ་པར་བྱ། དེ་ཉིད་འཐོབ་བྱེད་ཀྱི་
༡༨༥ཐབས་ཟབ་མོ་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ཡང་ཡང་བརྗོད། རང་གི་སྤྱི་བོར་སེང་ཆེན་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན། དེའི་སྟེང་དུ་རྩ་བའི་བླ་མ་ཉིད་རྣམ་པ་རྡོ་རྗེ་འཆང་མཐིང་སྔོན་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་སྐྱབས་གནས་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་འབྱུང་གནས་སུ་ཤེས་པའི་མོས་གུས་དྲག་པོས་གསོལ་འདེབས་ཇི་ལྟར་འོས་པ་དང་། སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྐྱབས་གནས་ཀུན་འདུས་ཞབས་ལ་གསོལ་བ་འདེབས། །དབང་དང་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཅེས་དང་། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་ལ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་མོས་གུས་དྲག་པོས་ལན་དུ་མར་གསོལ་བ་བཏབ། མཐར་བླ་མ་ཉིད་འོད་ཀྱི་རང་བཞིན་ཏུ་ཞུ་ནས་རང་ལ་ཐིམ་པས་བྱིན་རླབས་ཞུགས། དབང་བཞི་ཐོབ། དྲི་མ་བཞི་དག །ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་བླ་མ་སྐུ་བཞིའི་བདག་ཉིད་དུ་གྱུར་པར་མོས་ལ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་བཞག །ལྷའི་རྣལ་འབྱོར་དྲན་པ་ནི། ཧཱུྃ་ཞེས་བརྗོད་པས་གནས་ཁང་སྲུང་བའི་འཁོར་ལོར་གྱུར། ཡང་ཧཱུྃ་བརྗོད་པས་དེའི་ནང་དུ་གཞལ་ཡས་ཁང་ལམ་གྱིས་གསལ། ཡང་ཧཱུྃ་བརྗོད་པས་དེའི་དབུས་སུ་པདྨ་ཉི་མ་བདུད་བཞི་བརྩེགས་པའི་གདན་ལ། བདག་ཉིད་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་མཐིང་སྔོན་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་དང་གཡོན་ཐོད་པ་བསྣམས་པ། གྲུ་མོ་ན་བདག་མེད་མའི་
༡༨༦ངོ་བོ་ཁ་ཊྭཱཾ་ག་ལ་འཁྱུད་པ། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་འབྲུ་གསུམ་དཀར་དམར་མཐིང་གསུམ་གྱིས་མཚན་པར་གསལ་གདབ་ལ། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པ་ནི་སྔོན་དུ་འགྲོ་བའོ། །དེ་ནས་དངོས་གཞི་རྩ་བ་ལས། ཁྲོ་བོའ་གཟུགས་ཀྱིས་རླུང་བཟུང་ན། །ཞེས་གསུངས་པའི་དོན། ལུས་གནད་སྐྱིལ་ཀྲུང་ལེགས་པར་བཅའ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ལ། པུས་མོ་གཉིས་ཀྱི་སྟེང་དུ་བཞག །མིག་གཉིས་མི་འཛུམ་པར་གྱེན་ལ་ལྡོག །ལྕེ་ཡ་རྐན་ལ་སྦྱར། སོ་རྣམས་བསྒྲིགས་ལ་ཁ་བསྒྲད། དེ་ནས་སྟེང་རླུང་རྔུབས། འོག་རླུང་འཐེན། ལྟེ་འོག་ཏུ་ཁ་སྦྱར། ལྟོ་བ་ཚིགས་པ་ལ་གཅེར། ལག་པ་གཉིས་པུས་མོའ་སྟེང་ནས་ཡར་ལ་རིམ་གྱིས་གྲུ་མོ་པུས་མོར་སླེབ་པར་ཤུགས་བསྐྱེད་ལ་བཏང་། ལུས་ཐམས་ཅད་བསྒྲིམས་ཏེ་ཤུགས་དྲག་པོས་ཉ་སུལ་ཐོན་པ་ཙམ་དུ་བྱས་པས་རླུང་ཐམས་ཅད་འཆིང་བར་འགྱུར། དེ་ལྟར་ལན་ཉི་ཤུ་རྩ་གཅིག་ཙམ་རེ་བྱ། དེ་ནས་སྦྱོར་བ་ཀློད་ལ་སེམས་གསལ་སྟོང་ངོས་བཟུང་ལ་བཞག །ཡང་སྔ་མ་བཞིན་རྩོལ་བ་དྲག་ཏུ་བྱ། ལན་ཉེར་གཅིག་སོང་ནས་ཀློད་ལ་བཞག་པ་དང་སྤེལ་མར་བྱས་ཏེ་ཐུན་གྲངས་དང་ཐུན་ཚོད་མེད་པར་ཇི་ཙམ་ནུས་པར་བསྐྱར་ནས་འབད་དོ། །དེ་ལྟ་བུའི་འཁྲུལ་འཁོར་དྲག་ཏུ་སྦྱོང་བའི་ཚེ་སྙིང་ཚ་ལམ་ལམ་པ་དང་། མགོན་པ་སྙམ་བྱེད་པ་བྱུང་ནས་སྦྱོར་བ་ཀློད། དེས་མ་ཞི་ན་འོ་དོད་འབོད་པ་དང་ཁ་ཟས་ཐོས་པས་ཞི་བར་འགྱུར་རོ། །ཇི་ཙམ་ན་ལུས་ཀྱི་འཁྲུལ་འཁོར་བྱས་མ་ཐག་ཏུ་གསལ་སྟོང་གི་ཏིང་ངེ་འཛིན་ཏུ་ངང་པས་འགྲོ་བ་བྱུང་ན་འཁྲུལ་འཁོར་མཐར་ཕྱིན་པ་ཡིན་པས་དེ་བརྟན་པར་བྱ་བའི་ཕྱིར་འཁྲུལ་འཁོར་གྱི་ཁ་བསྒྱུར་ལ་བསླབ་པ་ནི། ལག་པ་གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག །གཡས་རྡོ་རྗེ་ཁུ་ཚུར་ནམ་མཁའ་ལ་འཕྱར། རླུང་སྔར་བཞིན་ཁ་སྦྱར་ལ་བཟུང་ཞིང་ལུས་སྔར་བཞིན་བསྒྲིམ། ཡང་དེ་
༡༨༧ལས་གོ་ལྡོག་སྟེ་ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག །གཡོན་རྡོ་རྗེ་ཁུ་ཚུར་ནམ་མཁའ་ལ་ཕྱར། རླུང་དང་ལུས་བསྒྲིམ་པ་སྔར་བཞིན་བྱས་ལ་སྦྱོང་། ཡང་ལག་པ་གཡས་གཡོན་གཉིས་ཀྱིས་གཞུ་འགེངས་པའི་ཚུལ་བྱས་ལ་སྔ་མ་བཞིན་ཏུ་སྦྱོང་། ཡང་ལག་པ་གཉིས་ནམ་མཁའ་ལ་ཕྱར་ཏེ་རླུང་དང་ལུས་བསྒྲིམས་ལ་སྔར་བཞིན་བྱས་ལ་བསྒོམ། ཡང་ལག་གཉིས་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ཏེ་བཅིངས་ལ་རླུང་ཁ་སྦྱོར་བཟུང་། ལུས་བསྒྲིམ་ལ་བསྒོམ། དེ་དག་རྣམས་ཀྱི་བར་དུའང་སྦྱོར་བ་ཀློད་ལ་གསལ་སྟོང་དུ་འཇོག་པ་རེས་མོས་བྱ། དེ་ལྟར་འཁྲུལ་འཁོར་དེ་དག་གང་བཅིངས་ཀྱང་བརྗོད་བྲལ་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་ཤུགས་ཀྱིས་སྐྱེས་ན་མཐར་ཕྱིན་པའི་ཚད་ཡིན་ནོ། །འདི་དག་རྒྱུན་རིང་དུ་བསྒོམས་པས་སྐྲ་དཀར་དང་གཉེར་མ་སྤང་བར་འགྱུར་ཞིང་གལ་སྲིད་དེ་དག་བྱུང་ན་གང་བྱུང་སར་མཆིལ་མ་བྱུགས་ལ་མཉེ། དེས་སྐྲ་དཀར་དང་གཉེར་མ་མེད་པར་འགྱུར་རོ། །དེ་དག་མཐར་ཕྱིན་པར་གྱུར་པ་ན་ཟས་ལ་གཙང་དམེ་མེད་པར་སྤྱོད་པ་སོགས་ཀུན་འདར་གྱི་སྤྱོད་པ་ལ་རིམ་གྱིས་བསླབས་པས་མངོན་པར་ཤེས་པ་ལྔ་དང་། ནམ་མཁའ་ལ་འགྲོ་བ་དང་། འཆི་བ་མེད་པར་འགྲུབ། དེའི་ཚེ་ཀུན་ཏུ་བཟང་པོའ་སྤྱོད་པས་བོགས་དབྱུང་བས་ས་རྣམས་རིམ་པར་བགྲོད་ནས་སངས་རྒྱས་ཀྱི་ས་མཆོག་མངོན་ཏུ་བྱེད་པར་འགྱུར་རོ། །འདིའི་སྐབས་སུ་འབྱུང་བ་ལུས་འཁྲུགས་ཀྱི་གེགས་དང་ཏིང་ངེ་འཛིན་སེམས་ཀྱི་བར་ཆད་རྣམས་ནི་རང་ཞི་བར་འགྱུར་བས་གེགས་སེལ་ཟུར་དུ་མི་དགོས་ལ། ཕྱི་རོལ་བདུད་བཞིའི་བར་ཆད་བྱུང་ན། ངག་ཏུ་ཧཱུྃ་ཞེས་བརྗོད་ཅིང་བརྟུལ་ཞུགས་ཀྱི་སྤྱོད་པ་ཅི་རིགས་པ་སྤྱད་པས་རང་ཞི་བར་འགྱུར་རོ། །དེ་ལ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ཏུ་ཐོབ་པར་འགྱུར་ཏེ། ཆོས་སྐུ་ནི་ངོ་བོ་ཉིད་མེད་པའི་ཡན་ལག་དང་ལྡན་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཁ་སྦྱོར་དང་། བདེ་བ་ཆེན་པོ་དང་། ལོངས་སྤྱོད་རྫོགས་པ་གསུམ་དང་ལྡན་
༡༨༨པའོ། །སྤྲུལ་པའི་སྐུ་ནི། སྙིང་རྗེ་ཆེན་པོ། རྒྱུན་མི་འཆད་པ། འགོག་པ་མེད་པ་གསུམ་དང་ལྡན་པ་སྟེ་དེ་ལྟར་རང་དོན་ཆོས་ཀྱི་སྐུ་མངོན་ཏུ་གྱུར་ནས། གཞན་དོན་གཟུགས་ཀྱི་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་རྣམ་པ་གཉིས་ཀྱིས་འཁོར་བ་ཇི་སྲིད་དུ་གཞན་དོན་རྒྱུན་མི་འཆད་པར་འབྱུང་བར་འགྱུར་རོ། །བློ་གྲོས་གསེར་གྱི་ཡོལ་གོ་རུ། །གདམས་ཟབ་བདུད་རྩིའི་བཅུད་འཁྱིལ་བ། །མཐའ་ཡས་སྐྱེ་རྒུའི་གདུང་སེལ་སླད། །ཟེགས་མ་ཙམ་ཞིག་འདིར་སྤྲོས་སོ། །ཨུ་ཙི་ཏ་འཆི་བ་མེད་པའི་གདམས་ངག་རྩ་རླུང་ཐིག་ལེ་ཡོན་པོ་སྲོང་བའི་ཁྲིད་ཀྱི་ལེ་ཚན་འདིའང་ཀུན་མཁྱེན་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།

།ཆོས་དྲུག་གི་མན་ངག་ཅེས་བྱ་བ།

༡༠༦ ༈ །།རྒྱ་གར་སྐད་དུ། ཥཊ་།།།་ཨུ་པ་དེ་ཤ་ནཱ་མ། །བོད་སྐད་དུ། །ཆོས་དྲུག་གི་མན་ངག་ཅེས་བྱ་བ། །དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །དལ་འབྱོར་རྒྱུ་འབྲས་ལས་རྣམས་ལས། །རྣལ་འབྱོར་དོན་གྱི་སྙིང་པོ་བཙལ། །རྣལ་འབྱོར་ལུས་ཀྱི་རྩེ་ཡི་ཚོགས། །ཕྲ་རགས་རླུང་དང་ལྡན་པ་ནི། །དབང་དུ་བྱེད་ཐབས་འཁྲུལ་འཁོར་གྱིས། །དབྱུང་རྔུབ་དགང་དང་གཞིལ་བ་སྟེ། །ལ་ལ་ནཱ་དང་ར་ས་ནཱ། །ཨ་ཝ་དྷཱུ་ཏཱི་འཁོར་ལོ་བཞི། །ལྟེ་བར་ཙཎྜ་ལཱི་ཡི་མེ། །ཕྲ་རབ་ལས་འཕེལ་ཧཾ་ལས་ནི། །བདུད་རྩིའི་ཆུ་རྒྱུན་དགའ་བཞིའི་འགྲོས། །རྒྱུ་མཐུན་ལ་སོགས་འབྲས་བུ་བཞི། །འཁྲུལ་འཁོར་དྲུག་གིས་རྒྱས་པར་བྱ། །ཙཱ་་པའི་ཨུ་པ་དེ་ཤའོ། །སྣོད་བཅུད་ཁམས་གསུམ་མ་ལུས་པ། །སྒྱུ་མ་རྨི་ལམ་ལ་སོགས་དཔེས། །འགྲོ་འདུག་སྤྱོད་ལམ་ཀུན་ཏུ་སྦྱང་། །ལྷ་ཚོགས་སྒྱུ་མ་མེ་ལོང་གཟུགས། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །དེ་ཉིད་སྒྱུ་མའི་གཟུགས་བཞིན་དུ། །སྒྱུ་དཔེ་བཅུ་གཉིས་ལྟར་མཐོང་བ། །རྣལ་འབྱོར་སྒྱུ་མའི་དོན་མཐོང་བའོ། །ན་ག་རྫུ་ནའི་ཨུ་པ་དེ་ཤིའོ། །རྨི་ལམ་རྨི་ལམ་དོན་ཤེས་ཤིང་། །རྒྱུན་དུ་ཟབ་མོའ་དོན་བསྒོམ་པ། །ནཱ་ད་ཐིག་ལེ་ལ་སོགས་
༡༠༧པ། །རིགས་ལྔའི་ས་བོན་ལ་དམིགས་ནས། །སངས་རྒྱས་ཞིང་དང་སངས་རྒྱས་བལྟ། །གཉིས་དུས་བདེ་ཆེན་སྒྲུབ་པའི་ཐབས། །ལྭ་བ་པའི་ཨུ་པ་དེ་ཤའོ། །རྣལ་འབྱོར་ཨ་ཝ་དྷཱུ་ཏཱི་པ། །ཨ་ཝ་དྷཱུ་ཏཱིར་སེམས་གནས་པ། །སྙིང་གི་ཐིག་ལེར་སེམས་བརྟན་པས། །འོད་དང་འོད་ཟེར་འཇའ་རིས་དག །སྐྱ་རེངས་ཉི་འོད་ཟླ་འོད་དང་། །ཉི་མ་ཟླ་བ་ཤར་འདྲ་གསལ། །ལྷ་དང་སྐུ་ཡི་སྣང་བ་སོགས། །སྣ་ཚོགས་ཞིང་ཁམས་དག་པར་འགྱུར། །རྣལ་འབྱོར་པ་ཡི་ལམ་ཆེན་ཏེ། །ནཱ་གཱ་རྫུ་ནའི་ཨུ་པ་དེ་ཤའོ། །རྣལ་འབྱོར་འཆི་བའི་དུས་ཀྱི་ཚེ། །དབང་པོ་རྣམས་དང་འབྱུང་བ་སྡུད། །ཟླ་ཉི་རླུང་རྣམས་སྙིང་གར་འདུས། །རྣལ་འབྱོར་ཏིང་འཛིན་སྣ་ཚོགས་འཆར། །རྣམ་ཤེས་ཕྱི་རོལ་ཡུལ་སོང་ན། །རྨི་ལམ་ཡུལ་བཞིན་སྣ་ཚོགས་སྣང་། །བདུན་བདུན་དུས་ཚེ་འཆི་སྣང་དང་། །དེ་ནས་སྐྱེ་བར་འགྱུར་བ་ཉིད། །དེ་ཚེ་ལྷ་ཡི་རྣལ་འབྱོར་སྒོམ། །ཡང་ན་དེ་ཉིད་ངང་ལ་གཞག །དེ་རྗེས་སྐྱེ་ལ་ཕྱོགས་པའི་ཚེ། །མངའ་བདག་ལྷ་ཡི་རྣལ་འབྱོར་གྱིས། །སྣང་སྲིད་ལྷ་ཡི་རྣལ་འབྱོར་སྒོམ། །དེས་ནི་བར་དོ་ཁེགས་པར་འགྱུར། །སུ་ཁ་སིདྡྷིའི་ཨུ་པ་དེ་ཤའོ། །དེ་ལས་རྣལ་འབྱོར་འཕོ་བའི་ཚེ། །གྲོང་འཇུག་ལྷ་དང་ས་བོན་གྱིས། །འགྲོ་འོང་རིང་དང་ཐུད་པ་དང་། །ལྷ་ལ་བསླབ་ཅིང་འཕར་བའི་དུས། །གང་འདོད་གྲོང་དུ་འཇུག་པར་བྱ། །གོང་དུ་འཕོ་ན་སྟོང་རང་ལྷ། །ཡཾ་སྤྲོད་ཧི་ཀ་ཧཱུྃ་དང་ཧཱུྃ། །ལྷ་དང་བླ་མའི་ཐུགས་ཀར་འཕང་། །དེས་ནི་འདོད་པའི་གནས་སུ་འགྲོ། །སུ་ཁ་སིདྡྷིའི་ཨུ་པ་དེ་ཤེའོ། །གྲུབ་པའི་རྣལ་འབྱོར་དབང་ཕྱུག་ཏིལླི་པའི་ཞབས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁས་པ་ན་རོ་པཎྜི་ཏ་དང་། མར་པ་ལྷོ་བྲགས་ཆོས་ཀྱི་བློ་གྲོས་ཀྱིས་ཁ་ཆེའི་གནས་པུཥྤ་ཧ་རིར་བསྒྱུར་བའོ། །འདི་ནི་ཆོས་དྲུག་གི་བཀའ་དཔེ་ཆུང་བའམ། །རྣལ་འབྱོར་དབང་ཕྱུག་ཏིལླི་པའི་ཆོས་དྲུག་གི་གཞུང་ཆུང་ཡིད་བཞིན་ནོར་བུ་ཞེས་བརྒྱུད་པ་འཛིན་པ་རྣམས་ཀྱིས་གདམས་ངག་གི་ཁུངས་སུ་མཛད་དོ།

  1. ༡༠
  2. ༡༡
  3. ༡༢
  4. ༡༣
  5. ༡༤
  6. ༡༥
  7. ༡༦
  8. ༡༧
  9. ༡༨
  10. ༡༩
  11. ༢༠
  12. ༢༡
  13. ༢༢
  14. ༢༣
  15. ༢༤
  16. ༢༥
  17. ༢༦
  18. ༢༧
  19. ༢༨
  20. ༢༩
  21. ༣༠
  22. ༣༡
  23. ༣༢
  24. ཅན་ལ།
  25. ཁྲོ་ཕུ་ལོ་ཆེན་གྱི་མཚན་
  26. རྗེ་དགུ་པ་དབང་ཕྱུག་རྡོ་རྗེ།
  27. Nitartha correction: Pecha scan of the Shechen edition reads ཕྱན་
  28. Nitartha correction: Pecha scan has a མེད་ superscribed over this line, which otherwise would read མཚན་ཉིད་པའི་ཆོས་ཀྱི་འཁོར་ལོའི་མདོ
  29. Nitartha correction: Pecha scan of the Shechen edition reads ཅི་ནུས་ཀྱི་གཞན་ནོན་བྱ་བ་ཡིན་པས།
  30. Nitartha correction: Pecha scan of the Shechen edition reads སྐྲས་
  31. Nitartha correction: Pecha scan of the Shechen edition reads དེ་བསྟན་པས་རྗེས་་་་་་འཇུག་ག་དོན་རྟོགས་ནུས་དགོས་པ་དང་།
  32. Nitartha correction: Pecha scan of the Shechen edition reads རྒྱས་པར་བཤེད་པ།
  33. Nitartha correction: Pecha scan of the Shechen edition reads གཏན་ལ་ཕེབ་པ་སྟེ།
  34. Nitartha correction: Pecha scan of the Shechen edition reads སྲོག་ལ་བབ་ཀྱང་
  35. སྲོག་གཅོད་
  36. བརྐུས་པ་
  37. ཕྱི་རོལ་
  38. བརྫུན་སྨྲས་པ་
  39. ཕྲ་མ་པ་
  40. ཚིག་རྩུབ།
  41. འཆལ་པ་
  42. བརྣབ་སེམས་
  43. གནོད་སེམས་
  44. ལོག་ལྟ་
  45. Nitartha correction: Pecha scan of the Shechen edition reads དབང་པོ་
  46. Nitartha correction: Pecha scan of the Shechen edition reads དབང་པོ་
  47. Nitartha correction: Pecha scan of the Shechen edition reads །དེ་ནི་རྣལ་འབྱོར་པ་
  48. Nitartha correction: Pecha scan of the Shechen edition reads །རྣལ་འབྱོར་པ་
  49. Nitartha correction: Pecha scan of the Shechen edition reads གེག་མེད་
  50. Nitartha correction: Pecha scan of the Shechen edition reads བརྩ་བས་
  51. Nitartha correction: Pecha scan of the Shechen edition reads །བྲམ་ཟེ་ཨཱརྻ་དེ་ཝའི་
  52. Nitartha correction: Pecha scan of the Shechen edition reads །གཞུང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་
  53. Nitartha correction: Pecha scan of the Shechen edition reads ཚིགས་སུ་བཅད་པ་ལྔ་བཅུ་པ
  54. བསམ་མི་ཁྱབ་
  55. བཤད་པ་གསུམ།
  56. སྟོང་ཉིད།
  57. སྟེ་ཕུལ་དུ་གྱུར་པ།
  58. ཁ་ཟས་སོགས།
  59. མི་བདེན་ཞག་དང་ཟླ་བར་ཡང་ཅུང་ཟད་བསྒོམ།
  60. བ་མི་མེད་པའི་སར་གསུངས།
  61. མཚན་མོའི་དབང་དུ་བྱས། ཉིན་མོ་ཡང་མི་ལྟོ།
  62. ཁམས་བདེན།
  63. སྲོག་ཆགས་མེད་པར་གྲང་དྲོ་རན།
  64. དབྱར་་དཔྱིད་སྟོན་བྱ། དགུན་མི་བྱའོ།
  65. རྡོ་རྗེའི་སྐྱིལ་ཀྲུང་ལེགས་པར་བཅའ།
  66. རྟེན་མ་མེད་པ།
  67. རླུང་འབའ་ཞིག་ལན་གསུམ་དུ།
  68. བླང་ལ།
  69. རྩེ་གཅིག་བས།
  70. མར་མེའི་རྩེ་མོ་ལྟ་བུ་འོང་བ་ཞིག དང་པོ་ལྷ་མོ་བརྒྱད་ཞལ་བརྒྱད་ལ་བསྡུ་བ་ལ་རྫོགས་པ་དང་། །བསྒོམ་མན་རྟེན།
  71. གཅིག་ཏུ།
  72. ལམ་ལྔ་པོ།
  73. ལྷ་དགུ་ལ་སོགས་པ་ལ།
  74. ལམ་ལྔ་པོ།
  75. བྲིས་སྐུ་ལ་སོགས་པ་གཞན་དག་ལ།
  76. བསྐྱེད་རྫོགས་གཉིས་ཀ་ལ་ཡོང་ངོ་།
  77. བསྐྱེད་རྫོགས་གཉིས་ཀའི།
  78. གཙོ་བོར་བསྐྱེད་པ་ལ།
  79. འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུངས།
  80. རང་བཞིན་བསམ་མི་ཁྱབ། སྟོང་ཉིད་ངོ་བོ་ཉིད་ཟུང་འཇུག་གཉིས་མེད་སྟོང་པ་ཉིད།
  81. ཐབས་བསམ་མི་ཁྱབ་གསུམ་ནི་བསམ་གྱིས་མི་ཁྱབ་པའོ།
  82. དེ་ནི་ཆོས་ཐམས་ཅད་ཀྱི་བབས་སམ་རྟོགས་པའི་ཕྱག་སྟེ། རང་གི་རིག་པའི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན།
  83. ཡང་དག་སྤོང་བ་
  84. རྒྱུ་རྒྱུད་
  85. དང་པོ་རྟེན་གསུངས།
  86. ཆོས་འབང་
  87. ཀུན་དགའ་སྙིང་པོ་
  88. །རླུང་ཕྱིར་ལྡང་བ་ༀ་ནང་དུ་གནས་པ་ཨཱཿའི་་ངོ་བོར་གནས་པས་
  89. རྩ་ཐམས་ཅད་གནས་པའི་
  90. ལུས་ངག་གི་རང་བཞིན་སེམས་ལ། བརྟེན་པ་སེམས་ཀྱི་གནས་སྐབས་ལུས་ངག་ལ་བརྟེན་ཏེ།
  91. ཐམས་ཅད་སེམས་མྱོང་རིག་གཅིག་ཏུ་རིགས་གཅིག་པ་དང་། དེ་ལས་མ་རྟོགས་པའི་ཆོས་མེད་པས་
  92. ལྡོག་པའི་ཆ་ནས།
  93. རྣམ་རྟོག་བྱེ་བྲག་གི་མི་འདྲ་བའི།
  94. གཅིག་ལ་འཆར་ལུགས་མི་འདྲ་བ་སྣ་ཚོགས་སུ་སྣང་བ་
  95. ༣ ངོ་བོ་གཅིག་པུ་ལ་དངོས་གྲུབ་ཐམས་ཅད་ཐབས་ཀྱི་རྐྱེན་འཕྲད་པས་འབྱུང་བས་ན།
  96. མ་བཅིངས་པ་ནི་སེམས་དགེ་བསྐྱེད་པའི་ནུས་པ་ངོ་བོ་ཉིད་ཀྱི་གནས་
  97. ཏིལ་ལ་ཤིང་སོགས་ཀྱི་རྐྱེན་དང་མ་འཕྲད་ན་མི་འབྱུང་ལ་འཕྲད་ན་འབྱུང་བས་ཀྱང་ཐབས་ཀྱི་རྐྱེན་དང་མ་འཕྲད་ན་མི་འབྱུང་བས་ན་མ་གྲོལ་བའོ་གསུངས་
  98. སེམས་གཅིག་ལ་རྒྱུ་དང་ལམ་དང་འབྲས་བུ་ཐམས་ཅད་དུ་སྣང་བ་དེ་ཡང་
  99. གསུམ་པོས་དེ་དག་དོན་དམ་པར་རྒྱུ་དང་རང་གི་ངོ་བོ་དང་འབྲས་བུ་གསུམ་གྱིས་སྟོང་པས་
  100. རྒྱུ་དང་འབྲས་བུ་ལ་སོགས་པ་གང་ལྟར་ཡང་
  101. ཆོས་གཅིག་ལ་འགལ་བ་ལྟ་བུའི་ཆོས་གཉིས་མི་འགལ་བར་གནས་པས་
  102. བརྟགས་ན་མི་རྙེད་པ།
  103. །ཡོད་མེད་གཉིས་འདྲེས་པ་ལྟ་བུའང་མ་ཡིན། གཅིག་གཉིས་སུ་བགོས་པ་ལྟ་བུའང་མ་ཡིན། །ཕྱོགས་གཅིག་ཡོད་ལ་ཕྱོགས་གཅིག་མེད་པ་ལྟ་བུའང་མ་ཡིན། གཉིས་གཅིག་ཏུ་བསྡོམས་པ་ལྟ་བུའང་མ་ཡིན་ཏེ། མདོར་ན་ཐབས་ཀྱིས་བསམ་པས་བཙལ་ན་ཧྲིལ་གྱི་ཡོད་ལ། ཤེས་རབ་གྱི་བསམ་པས་བཙལ་ན་ཧྲིལ་གྱི་མེད་པར་འདུག་ལ་མདོར་ན་གཉིས་སུ་བུ་རམ་འདོད་པ་ཙམ་ལ་གཉིས་མེད་དུ་ཟུང་འཇུག་ཅེས་བྱ་སྟེ། ཤེས་བརྗོད་ཐམས་ཅད་ཀྱི་ཡུལ་ལས་འདས་པའོ་གསུངས། དེ་ཉིད། དེ་བཞིན་ཉིད་སོགས་སྔར་ལྟར་མིང་འདོགས་སོ།
  104. སེམས་ཀྱིས་ཟིན་ཏེ་ཞི་གནས་དང་ལྷག་མཐོང་གི་རོ་གང་ཡར་ཉམས་སུ་མྱོང་བའི་དུ་ན།
  105. ཐོག་མར་དབང་གསུམ་པའི་མཚོན་བྱིད་དམ་ནམ་མཁའ་ལ་སེམས་བཟུང་བའི་གདམས་པ་ལ་སོགས་པས་སེམས་ཟིན་པ་ཡན་ཆོད།
  106. བསམ་མི་ཁྱབ་ལྔ་མངོན་ཏུ་འགྱུར་ཙམ་ན།
  107. ལུས་རྩ་རླུང་ལ་སོགས་སྡུག་བསྔལ། ངག་ལས་ཀྱི་རླུང་སེམས་རྣམ་རྟོག་འདུ་འཕྲོ།
  108. རྩི་འགྱུར་རྩི་གྲུབ་པ་ལྟ་བུ།
  109. ལུས་ལྡང་བ་ཡང་བ་དང་། དྲོད་དང་། བདེ་བ་སོགས། ཤོག་ལྷེ་༡༠༡༽ །ངག་སྨྲ་བ་དང་རྒོད་པ་སོགས། སེམས་ཐབས་ཀྱི་ཏིང་ངེ་འཛིན། ཤེས་རབ་ཀྱི་ཏིང་ངེ་འཛིན། ཟུང་འཇུག་གི་ཏིང་ངེ་འཛིན།
  110. ལུས་འཇའ་ཚོན་ལྟར་སྣང་བ་དང་གདུལ་བྱའི་བསམ་ངོར་སྐུ་དུ་མར་སྣང་། གསུང་ཡང་དུ་མར་སྟོན་པ་སེམས་ཀྱི་ཤེས་བྱ་ཇི་སྙེད་པ་དང་། ཇི་ལྟ་བ་དང་། ཐམས་ཅད་སྐད་ཅིག་གིས་མཁྱེན་པས་ན་གསུམ།
  111. མྱོང་ཚོད་ཀྱི་ཤེས་པ།
  112. མཚན་ཉིད་ཡོན་ཏན་ནུས་མཐུ། དུ་སྣང་ཞིང་ཡོད།
  113. དཔྱོད་པར་བྱེད་པའི་ཤེས་པ།
  114. དཔྱད་ཅིང་བརྟགས་ན་མི་རྙེད་པས།
  115. མྱོང་བ་མི་འགག
  116. རྒྱུ་ལམ་འབྲས་བུ།
  117. སྟེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི།
  118. དང་པོ་རྟ་མཆོག་ནས་རང་གི་དངོས་ཀྱི་བླ་མའི་བར་དུ་གསུངས་ཤིང་།
  119. ཐབས་དང་ཤེས་རབ་ཟུང་འཇུག་གསུམ་གྱི་མཉམ་པར་བཞག་པར་སྐྱེས་ནས་རྗེས་ལ་དེ་གསུམ་དྲན་པས་ཆོས་ཉིད་ལ་ཡིད་ཆེས་པའོ།
  120. རྗེ་མཁར་ཆུང་པ་ཐོག་མར་ལྟ་བ་བསྟན་ནས་ཕྱིས་སེམས་བཟུང་སྟེ་ལྟ་བ་རྟོགས་པས་སེམས་ཟིན་པས་སེམས་ཟིན་སླ་བའི་ཕྱིར་གསུངས།
  121. རྣལ་འབྱོར་པ་ལ་དུག་རྣམ་པ་གཉིས་ལ།
  122. ངོ་བོ་ཉིད་མ་རྟོགས་པས་དངོས་པོར་ཞེན་པ།
  123. །ཐ་མལ་རྣམ་རྟོག་གི་རྒྱུན་ཆགས།
  124. གནས་གསུམ་བསྲུང་བ་བྱས་ཏེ།
  125. བླ་མས་དང་པོར་སྲོག་རྩོལ་གྱི་བསམ་གཏན་བཙལ་ནས་འདི་ལ་ཐོག་མར་སློབ་ཏུ་འཇུག
  126. ཐོག་མར་སེམས་འཛིན་ལ་གཅིག་པུར།
  127. དབུགས་ལེན་གསུམ་དྲག་ཏུ་བུས་ལ་བཏང་།
  128. ཅུང་ཞིག་རང་སོ་བཟུང་།
  129. བདག་གིས་རྫོགས་པའི་བྱང་ཆུབ་ཐོབ་པར་བྱས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་དུ།
  130. སྤྱི་བོར་གུས་འདུད་དྲག་པོ་བྱས་ལ་ཐིམ་པར་བསམ།
  131. ངག་ཏུ་ཧཱུྃ་བརྗོད་ཅིང་སེམས་ལ་ཧཱུྃ་དྲན་པ།
  132. དྲུག་པོ་བིར་ཝ་པ་དང་མཐུན།
  133. དེ་བས་ན་སློབ་དཔོན་ཉིད་ཀྱིས་དོན་དམ་པ་སྤྲོས་པ་དང་བྲལ་བས་བསྟན་ ཤོག་ལྷེ་༡༠༣༽ དུ་མེད་ན། གཞན་ནས་རྟོགས་པའི་ཐབས་མེད། དཔེ་ཙམ་གྱིས་བྱ་སྟེ། རྟོགས་པ་ནམ་མཁར་སྦྱོར་བ་ནི། །གང་གི་སྤྲོས་པའང་སྨྲ་བར་བྱ། །བསྟན་བཅོས་རིམ་པ་ཚིག་གིས་ནི། །རྣམ་པའི་ཆ་ལས་བཤད་པར་བྱ། ཞེས་གསུངས་སོ།
  134. ཐབས་ཀྱི་ཏིང་ངེ་འཛིན་་ཤེས་རབ་ཀྱི་ཏིང་ངེ་འཛིན་་དེ་གཉིས་ནི་བསྒོམ་པ། སྐྱོན་ཅན་ ཟུང་འཇུག་གི་ཏིང་ངེ་འཛིན་སྐྱོན་མེད་དོ།
  135. ཁ་ཤར་ཕྱོགས་སུ་བལྟས་ལ་
  136. འོག་མ་གཉིས་དང་མི་འདྲ་བར་བདེ་སྟོང་དུ།
  137. ཕན་ཆོད་མི་འགྲོ་བར་སྟན་གཅིག་ལ་ཆགས་འདུག་པ།
  138. ཕར་བཏང་ཡང་ཚུར་ལྡོག་པ།
  139. སྟེང་འོག་གཉིས་ཡིན།
  140. མཐའ་དང་བྲལ་བ།
  141. གང་དུའང་མ་གྲུབ་པས།
  142. ཤེས་པ་དང་ཤེས་བྱ་ཐམས་ཅད་ལ།
  143. གང་གིས་ཀྱང་མི་འཇིག་པ་སྙམ་བྱེད་པའི།
  144. ངང་བའི་སྒོ་ང་ཁྲུ་གང་ནང་ན་ལུས་ཐམས་ཅད་རྫོགས་ནས་ཡོད་ཀྱང་། ཕྱིའི་རྒྱ་མ་བཅག་ན་འགྲོ་མི་ཤེས་པ་ལ། བཅག་ན་ཤེས་པ་ལྟར་རོ།
  145. བབ་པ་དེ་ཉིད་ན་ཡོད་ཀྱང་། ཕྱིའི་རྒྱ་མ་བྲལ་ན་མི་འགྲོ་དབྲལ་ན་འགྲོ།
  146. སྲིན་བུ་རང་གི་ཁ་ཆུས་བསྟུམ་ནས་མི་མངོན་པ་དེ་བསལ་མ་ཐག་རྗེན་གཅོད་ཀྱིས་མངོན་པ་ལྟ་བུའོ།
  147. དངོས་པོ་མ་གྲུབ་པ་ལ་དངོས་པོར་མངོན་པར་ཞེན་པས་ཆགས་སྡང་སོགས་སྐྱེ་བས།
  148. བསམ་གཏན་གྱི་ཡན་ལག་འཆིང་བར་བྱས་ལ།
  149. དེ་ལྟར་མིང་ལ་བསྟོད་ཀྱང་ཕན་འདོགས་པ་མེད་ལ། སྐྱོན་བརྗོད་ཀྱང་གནོད་ ཤོག་ལྷེ་༡༠༥༽ པ་མེད་པས། དང་པོ་མིང་དང་བཅས་ནས་སྐྱེ་བ་མ་ཡིན་ཏེ། བློ་བུར་དུ་བཏགས་པ་ཡིན་པས།
  150. གང་དུའང་མ་འགགས་ཏེ། ནམ་མཁའ་རང་ལ་ཐིམ་པར་འགྱུར་བས།
  151. སྤྲིན་སོགས་ནམ་མཁའ་ལ་ཐིམ་པ་བཞིན།
  152. དང་པོ་མཚན་མ་མེད་པ། གཉིས་པ་སྟོང་པ་ཉིད། གསུམ་པ་སྨོན་པ་མེད་པ།
  153. ཆགས་སྡང་ལ་སོགས་པ་སྐྱེ་མེད་ཡིན་པ་ལ་དངོས་པོར་བཟུང་བས་བཅིངས།
  154. སྐྱེ་བའི་
  155. ལུས་ངག་ཡིད་གསུམ་གང་ལ་སྐྱེས་པ་
  156. གང་ཡིན་བརྟག
  157. གང་ཡིན་བརྟག
  158. ཁ་དོག་དང་དབྱིབས་ལ་སོགས་པ་གང་དུ་གྲུབ་བརྟག
  159. བརྟག་པས་མི་རྙེད་པ་
  160. བསྒོམ་བྱའི་ཡུལ་དང་། སྒོམ་བྱེད་ཀྱི་ཤེས་པ་དང་། སྒོམ་པ་པོ་གསུམ་དངོས་པོ་ལས་མ་གྲུབ་པ་ལ་དེར་འཛིན་པ།
  161. དེ་མན་ཆད་ལ་ཐབས་ཀྱི་ཏིང་ངེ་འཛིན་ལ་སོགས་པ་གང་སྐྱེད་བཞིན་ཏུ་སྐྱོང་ངོ་།
  162. མཉམ་གཞག་ལ་ཆགས་སྡང་ལ་སོགས་པ་མི་སྐྱེ་ཡང་། རྐྱེན་དང་འཕྲད་ཙམ་ན་སྐྱེའོ།
  163. རྗེ་མུ་གུ་ལུང་པ་དང་པོར་བསླབ་པར་བཞེད། རྗེ་མཁར་ཆུང་པ་སྒྲ་ནས་བསླག་ ཤོག་ལྷེ་༡༠༧༽ རྣ་ཟིན་ཆེ་བར་བཞེད། རྗེ་དགོན་པའི་གང་ཟག་གི་རིགས་མི་གཅིག་པས་ཉམས་དང་སྦྱར་གསུངས་སྐད།
  164. དེ་ལས་གཞན་ལས་མི་བལྟ།
  165. གང་ལ་ཆེད་དུ་གཏད་ས་མེད་པར། མེད་པའི་ཡན་ལག་སྟེ།
  166. ཉི་མ་གཉིས་ལ་སོགས་པ་ལ།
  167. མཐར་རྒྱང་གྲགས་དང་། དཔག་ཚད་ལ་སོགས་པར་བསླབ།
  168. གཟུགས་སྡུག་པ་དང་མི་སྡུག་པ་དང་ཐ་མལ་པ་གསུམ། དེ་བཞིན་ཏུ་སྒྲ་ལ་སོགས་པ་ལའང་གསུམ་གསུམ།
  169. ཏིང་ངེ་འཛིན་སྐྱེ་བས།
  170. ཤོག་ལྷེ་༡༠༧༽བདག་གི་དངོས་ ཤོག་ལྷེ་༡༠༨༽ པོ་ལ་སོགས་གཅིག་ཉིད་དུ་མར་ཏུ་མ་ལས་སྣང་བའི་དངོས་པོ་ལ་སོགས་གཅིག་ཏུ་
  171. ཐ་མལ་པ་ཆགས་སྡང་སྐྱེ་བ་དེས་ཛོ་ཀི་ལ་རྟོགས་པ་སྐྱེ་བས། དེ་ཙམ་ལ་འདོན་ཡོན་བརྟེན་ཀྱང་ཉེས་པར་མི་འགྱུར་བའོ།
  172. བསམ་བསྟན་གྱི་སྐྱོན་མ་ཡིན་ཏེ།
  173. ལན་གྲངས་མང་དུ་བྱ་གསུངས།
  174. འདི་གསུམ་དུས་གཅིག་ཏུ་བསྟུན་ལ་བྱ།
  175. ཡུལ་གང་ཡིན་པའི་ཕུལ་གང་ཙམ།
  176. དེ་ནས་བསྒོམ།
  177. ཁྲག་མཁྲིས་ཤས་ཆེ་ན་ཉུང་དུ་བཏང་ བད་ཀན་དང་རླུང་ཤས་ཆེ་ན་མང་དུ་བཏང་ངོ་།
  178. ལང་ཚོ་བབས་པས་ཉུང་ངུ་རྒས་པ་ལ་མང་དུ་བྱའོ།
  179. ན་ཡོད།
  180. མཐའ་རྟོག་ཏུ།
  181. བྱིང་བ་སེལ་ནུས་སམ་མ་ནུས།
  182. སྟེང་དུ།
  183. དང་པོར་རང་དང་སྟན་གྱི་བར་དུ་ནམ་མཁའ་སྟོང་པ་གཅིག་བྱུང་བར་བསམ་པ་ཙམ་གྱིས་ཀྱང་སེལ། དེས་མ་སེལ་ན།
  184. སེམས་སུ་ཤེས་པ་ཙམ།
  185. རྐང་པའི་བྲང་པས།
  186. གཅིག་གི་སྟེང་དུ།
  187. ཐག་པ་བསྟུང་ནས་མདུན་ཕྱོགས་སུ་འགྲོ། བསྲིངས་ནས་རྒྱབ་ཕྱོགས་སུ་འགྲོ།
  188. ཐུན་དང་པོ་ཐོ་རངས་སྒྲིམས་ཏེ་ཐུང་དུ་བྱ་བ་ལ་སོགས་པ་བྱ།
  189. ཉི་མ་དང་པོ་སྒྲིམ་སྟེ་ཐུང་དུ་སོགས་
  190. ཐུན་དང་པོ་ལ་ཁ་ཟས་མི་ཟ་བར་སྒོམ་པ་ལ་སོགས་པ་གོ་སླའོ།
  191. འདིའི་གོང་ན་བགྲོད་པར་བྱ་བའི་ལམ་གཞན་མེད་པས་འདི་ཟབ་པར་བཞེད་གསུངས།
  192. ཧེ་བཛྲ་ལས། གནང་བ་རྙེད་གྱུར་སྔགས་པ་ལ། །རྣལ་འབྱོར་མ་ཡིས་བསྟན་པར་བྱ། །ཕྱག་རྒྱ་ཆེ་གེ་མོ་ཁྱེར་ལ། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། ཅེས་པའོ།
  193. དང་པོ་ནས་གོམ་པའི་བུ་མོ་གྲུབ་པ་ཐོབ་པའི་རྣལ་འབྱོར་མ་ལའང་བརྟེན་དུ་འདོད་ནའང་། འདིར་ལུང་བསྟན་པའི་བུ་མོ་གཙོ་ཆེ་བར་བཞེད་གསུངས།
  194. བདག་མི་བསྐྱོད་པའི་རྣལ་འབྱོར་ཡིན་ན། རྒྱུད་ཡོངས་སུ་དག་པའི་ཕྱག་རྒྱ་དེ་མ་མཱ་ཀིར་བསྐྱེད་པ་ལ་སོགས་སོ་སོར་སྦྱར།
  195. སྒོ་དགུ་དང་བྲལ་བའི་རྩལ་སོགས་པ།
  196. བབས་ཀྱི་ཁམས་དྭངས་མ་ཐིག་ལེ་ཟླ་བས་དབང་དུ་བྱས།
  197. ཤེས་རབ་ཀྱི་ཐམས་ཅད་རཀྟ་ཉི་མས་དབང་དུ་བྱས་ཏེ་འདུས་ནས་
  198. ལག་མཐིལ་གྱི་རི་མོ་བལྟང་བཞིན།
  199. རླུང་འབྱོངས་ནས།
  200. གཉིས་ཀའི་དབུ་མ།
  201. གོང་འདྲེན་ན།
  202. གཉིས་ཀ་ཆེ།
  203. ཕན་ཚུན་ཏུ།
  204. འཁོར་འདས་ཐིག་ལེའི་ནང་དུ་མཐོང་།
  205. དོན་བྱ་རྒྱུའི་སེམས་ཅན་རྒྱུན་མི་འཆད་པས་དོན་མི་བྱེད་པ་མི་སྲིད་པ།
  206. རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བར་
  207. སུ་པྲ་ཏིཥྛས་མེ་ཏོག་དོར།
  208. དབང་པོ་ཐམས་ཅད་ཚང་བ།
  209. མངལ་དང་རྡོ་རྗེ་གདན་གཉིས་མ་གཏོགས་གཞན་གང་ལ་མི་ཐོགས་སོ།
  210. བར་དོ་རང་ས་ཕན་ཚུན་དང་ལྷའི་མིག་གིས་མཐོང་བར་བཤད།
  211. མི་ལྡོག་དེ་ནི་དྲི་ཟའོ།
  212. སྔོན་ཕྱིན་ཅི་ལོག་ལ་གོམས་པས།
  213. སྐྱེ་བ་ལེན་པ་པདྨའི་མཚོ་ལ་ངང་མོ་བརྩེ་བ་ལྟར་འགྲོ་བའོ།
  214. ཆོས་སྐུ་ཡིན་གསུངས།
  215. སྤྲུལ་སྐུ་ཡིན་གསུངས།
  216. Nitartha International suggests this should be corrected to འམ་
  217. ངོ་བོ་ཉིད། ལམ་གྲུབ་མཐའ་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་།
  218. རང་རེའི་རིའི་རྩེ་མོ་ཁོ་ན་ནས་འཆར་བས།
  219. སེམས་ངོ་བོ་ཉིད།
  220. རང་རང་གི་གཞུང་ལུགས་ཀྱིས་བསྐྱེད་པའི།
  221. རང་རང་གི་ཐུབ་མཐའ་བདེན་པ།
  222. རྒྱུ་དངོས་པོའ་ཆོས་མིན་མ་སེམས་མ་གྲུབ་པས།
  223. ངེས་འགྲེ།
  224. སེམས་ལ་ཆ་ཤས་མེད་པས།
  225. ངོ་བོ་ཉིད་སྦྱངས་པས་བཟང་དུ་མི་འགྲོ་བས།
  226. འཁོར་འདས་ཀྱི་ཆོས་ལ་ཁྱད་པར་མེད་པའོ།
  227. ཞེན་ནམ་སྒྲོ་བཏགས་ན།
  228. བྱིང་རྒོད་ཀྱི་རྐྱེན་གྱིས་འཇིག །གཟུགས་བརྙན་སོགས་ཀྱིས་མཚོན། རྟོག་པ་སྤངས་ཤིང་མི་རྟོག་པ་སྐྱེ་བོགས་འབྱིན་གྱིས་གོང་ནས་གོང་དུ་སྦྱང་དུ་རུང་། རྟུན་པ་ཅན་ཚེ་གཅིག་གིས་འབྲས་བུ་ཐོབ། འབྲིང་བར་དོར། ཐ་མ་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་ཀྱིས་ཐོབ་ཏུ་ཡོད་དོ།
  229. ཉམས་མྱོང་དབང་གསུམ་པ་སོགས་ཀྱིས།
  230. དུས་གསུམ་དུ་མི་འགྱུར་བས།
  231. མ་བཅོས་པའི་དོན་གྱི་ན།
  232. ཡེ་ནས་གནས་པས་ན།
  233. འཁོར་འདས་ཐམས་ ཤོག་ལྷེ་༡༡༧༽ ཅད་ལ་བཟང་ངན་མེད་པར་ཁྱབ་པའི་དོན་གྱིས་ན།
  234. འཁོར་འདས་ཀྱི་འབྲས་བུ་བྱེད་པ་ཡིན་པས་ན།
  235. དེ་བཞིན་ཉིད་རྟོགས་པ་ལ་སོགས་པ་ལ་རིམ་གྱིས་སྦྱར།
  236. འདི་ནས་ལམ་སྣ་ཟིན་པས་གསུངས།
  237. ངག་ཏུ་ཨཱརྒྷཾ་ཨཱཿཧཱུྃ་ལ་སོགས་པ་བརྗོད།
  238. གདན་
  239. རྒྱབ་ཕྱོགས་སུ།
  240. གཡོན་ཕྱོགས་སུ།
  241. དེ་ཡན་ཆད་བསོད་ནམས་ཀྱི་ཚོགས་སོ།
  242. འདི་ནི་ཡེ་ཤེས་ཀྱི་ཚོགས་སོ།
  243. སྒོམ་པར་བྱེད་པའི་རྩ་བ་ཡིན།
  244. ལུས་གནད་འདི་སྔོན་འགྲོ་ལ་སོགས་པ་ཐམས་ཅད་ལ་དགོས་པ་ཡིན།
  245. གནོན་པའི་ཐབས་ཡིན་
  246. སྣབས་དྲི་མ་ལ་སོགས་བསལ་བའི་ཆེད་དུ།
  247. ཆོས་ཐུན་ལྔ།
  248. ལུས་ཀྱི་གནད་ནི་རྐང་པ་ལག་པ་གཉིས་ཀྱིས་འཁྱུད་དེ་གྲུ་མོའ་མགོ་ལ་འཇུ་ཞིང་མགྲིན་པ་བགུག་གོ།
  249. རྩ་ཐམས་ཅད་སུ་
  250. ཆོས་ཐུན་དྲུག་པའོ།
  251. སྤྲུལ་སྐུ་ལ་ལུགས་གཉིས་སུ་འདོད་དོ། །དེ་ཡང་མཚན་ཉིད་པའི་ལུགས་ཀྱིས། དང་པོར་ཆོས་ཀྱི་སྐུ་ངོ་བོར་འདོད་ཅིང་། དེ་ནས་སྤྲུལ་པའི་སྐུ་སེམས་ཅན་གྱི་དོན་དུ་འབྱུང་བར་འདོད་ཀྱང་འདིར་ནི་སྤྲུལ་པའི་སྐུ་ནས་རིམ་གྱིས་ངོ་སྤྲོད་པའི་ལུགས་སོ།
  252. ཆོས་ཐུན་བརྒྱད་དོ།
  253. ཆོས་སྐུའི་མཚན་ཉིད།
  254. Nitartha International suggests this should be corrected to གྱིས་
  255. Nitartha International suggests this should be corrected to ཀ་དག་
  256. དེས་གལ་ཏེ་ཐུར་བུ་འགྱུན་འོག་རླུང་དྲག་ཏུ་བསྐུམ་པས་ཆད་གསུངས།
  257. ཤཱཀྱ་སེང་གེ།
  258. རྒྱ་ནག
  259. རྟ་ནག་ཐུབ་བསྟན་གྱི་མཁན་པོ།
  260. Nitartha International suggests this be correccted to སྐྱོན་
  261. དུས་གསུམ་ཤེས་བྱ་ཀུན་མཁྱེན།
  262. སྔོན་དུ་ཤེས་པས་མཐའ་བཅད་པ།
  263. སྒོམ་པ་ཁོ་ན།
  264. ལྟར་འདུས།
  265. ཤར་ཡལ།
  266. ལུས་འདར།
  267. འཕྲོ་མི་ནུས་པ།
  268. མེར་མེར་འཕྲོ།
  269. །གཡོ་ཡང་མེད་པ་ལྟར་གསལ་ཡང་མི་འགྱུ་བ།
  270. དང་པོ་ལ་སྒོམ་པ་ནི།
  271. གཉིས་པ་སྐྱོན་བསལ་བ་ནི།
  272. དགོས་པ།
  273. དང་པོ་དབབས་ལ་མཁས་པ།
  274. གསུམ་པ་དྲང་བ་ལ་མཁས་པ།
  275. བཞི་པ་བཀྲམ་པ་ལ་མཁས་པ།
  276. སྐྱོན་སེལ་བ་ལ་མཁས་པ།
  277. མཇུག་ལ་མཚན་ཕན་ཡོན་དང་བཅས་པའོ།
  278. །རྡོ་རྗེ་ལ་ཆིང་ཡང་ཟེར།
  279. །སྣང་བ་སེམས་སུ་བསྟན།
  280. །སེམས་སྟོང་པར་བསྟན།