Tibetan:དཀར་ཆག་

From gDams Ngag mDzod
Revision as of 14:21, 23 February 2015 by Marcus (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

དང་པོ་

1-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈།གདམས་ངག་མཛོད། རྙིང་མ་པོད་དང་པོ། ཀ༽ གངས་ཅན་མདོ་སྔགས་བསྟན་པའི་སྙིང་པོ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གདམས་ངག་ཕྱོགས་གཅིག་བསྡུས་པའི་གསང་མཛོད་སྤྲུལ་པའི་གླེགས་བམ་ཆེན་མོ། ཤིང་རྟ་དང་པོ་སྔ་བསྒྱུར་རྙིང་མའི་གདམས་ངག་གི་བཞུགས་བྱང་འགོས་པ་ལ་སྤྱིར་གསང་སྔགས་རྙིང་མ་ལ་རྒྱ་ཆེ་བ་བཀའ་མ་དང་། ཟབ་པ་གཏེར་བྱོན་གྱི་ཤིང་རྟ་ཆེན་པོ་གཉིས་ལས་ སྐབས་འདིར་བསྟན་བྱའི་གཙོ་བོ་བཀའ་མ་ཡིན་ཀྱང་ཆོས་བཀའ་དེ་ཉིད་ལ་དབང་སྒྲུབ་ཐབས། གདམས་ངག །རྒྱུད་བཤད་རྩ་འགྲེལ་ཤིན་ཏུ་རྒྱ་ཆེ་བ་བརྒྱུད་རིམ་བར་མ་ཆད་པ་བཞུགས་ཀྱང་ རྩ་བ་སྔ་འགྱུར་རྙིང་མ་རྒྱུད་འབུམ་རིན་པོ་ཆེའི་པོད་ཉེར་ལྔ་ཀཿཐོག་དགེ་རྩེ་པཎྜི་ཏཱ་འགྱུར་མེད་ཚེ་དབང་ཆོག་གྲུབ་ཀྱི་དཀར་ཆག་བཅས་ཆོས་རྒྱལ་སྡེ་དགེའི་རྒྱལ་ས་ལྟེ་བ་ལྷུན་གྲུབ་སྟེང་དུ་སྤར་འཁོད་པ་དནད་དེའི་དབང་དང་སྒྲུབ་ཐབས་བསྐྱེད་རྫོགས་ཀྱི་སྐོར་ཆོས་ཀྱི་རྒྱལ་པོ་སྨིན་གླིང་གཏེར་ཆེན་སྐུ་མཆེད་ཀྱིས་བཀའ་བསྡུ་དང་ཆོག་ཁྲིགས་གནང་བ་མདོ་ཁམས་སྡེ་དགེ་རྫོགས་ཆེན་དགོན་དང་སྔ་འགྱུར་གྱི་ཆོས་སྡེ་དཔལ་ཡུལ་རྣམ་རྒྱལ་གླིང་དུ་སྤར་དུ་བཞུགས་པས་དབང་དང་ སྒྲུབ་ཕྲིན རྒྱུད་རྩ་འགྲེལ་རྣམས་འདིར་

1-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈བཞག་ཏུ་མ་ལྡང་ཀྱང་དེ་དག་གི་སྨིན་གྲོལ་ཐོབ་ཟིན་གྱི་དབང་དུ་མཛད་ནས་འདིར་སྙིང་པོའི་མན་ངག་གི་ཉིང་ཁུ་དག་མཆོས་པ་ནི། རྒྱུད་མ་ཧཱ་ཡོ་གའི་སྐོར་ལ། སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་ལྡེབ་༨། སློབ་དཔོན་རིན་པོ་ཆེ་པདྨས་མཛད་པའི་མན་ངག་ལྟ་བའི་ཕྲེང་བ་ལྡེབ་༦། དིའི་ཚིག་དོན་གྱི་འགྲེལ་པ་ཟབ་དོན་པད་ཚལ་འབྱེད་པའི་ཉི་འོད་ཅེས་འཟམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་ལྡེབ་༢༨། མ་མོ་གསང་བ་ལས་ཀྱི་ཐིག་ལེ་ཞེས་བྱ་བ་སློབ་དཔོན་པདྨ་སམྦྷ་ཝའི་ཐུགས་དམ་མངའ་བདག་བཙན་པོ་ལ་གནང་བ་ལྡེབ་༥། དཔལ་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བའི་གྲོལ་བྱེད་སྙིང་པོའི་དོན་ཁྲིད་ཀུན་མཁྱེན་ངག་གི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་མཛད་པ་ལ་ཁོལ་དུ་ཕྱུང་བ་ལྡེབ་༥། བདེ་བ་གསལ་མཛད་ཀྱི་རྣལ་འབྱོར་བཞི་རིམ་ཡང་འདི་གྲལ་འཇོག་རྒྱུ་རྗེ་བླ་མ་མཁྱེན་བརྩེས་གནང་ཡང་སྐབས་འདིར་དཔེ་མ་རྙེད་སླར་རྙེད་ན་འཛུད་ཅེས་ཀོང་སྤྲུལ་རིན་པོ་ཆེའི་དཀར་ཆག་ལྡེབ་༤༡། གསུངས་ ལུང་ཨ་ནུ་ཡོ་ག་བཀའ་མ་འདུས་པ་མདོའི་ངང་སྒོམ་གྱི་ཁྲིད་དྷརྨ་ཤྲཱིས་གསུང་ཁོལ་ཕྱུངས་ལྡེབ་༢༡། ལུང་ཨ་ནུ་ཡོ་གའི་རྒྱུད་ཀྱི་མན་ངག་བཀའ་མ་ན་རག་དོང་སྤྲུགས་ཀྱི་ཁྲིད་ཡིག་ཟབ་ལམ་སྣང་བྱེད་བཅས་

1-dkar chag-DNZ Tsadra Scan Page 3.jpg

༈༈༈༣༈༈༈།སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་མཛད་པ་ལྡེབ་༨། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་ལས་དང་པོ་ཕྱི་སེམས་སྡེའི་སྐོར་ལ་རྫོགས་པ་ཆེན་པོ་སེམས་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ་རྣམས་ལྡེབ་༡༣། རྫོགས་པ་ཆེན་པོ་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲོད་པའི་ཐབས་རིག་པ་རྩལ་གྱི་དབང་བཅོ་བརྒྱད་བསྐུར་བའི་ཆོག་ཁྲིགས་བླ་མའི་ཞལ་གདམས་ཞེས་བྱ་བ་ཀཿཐོག་རྨོག་སྟོན་རྡོ་རྗེ་དཔལ་བཟང་གིས་མཛད་པ་ལྡེབ་༢༩། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་ཁྲིད་རིན་པོ་ཆེ་གྲུ་བོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པ་ལྡེབ་༡༣། རྫོགས་ཆེན་སེམས་སྡེའི་ཉང་ལུགས་ཀྱི་ཁྲིད་ཡིག་སོག་བཟློག་བློ་བྲོས་རྒྱལ་མཚན་གྱིས་མཛད་པ་ལྡེབ་༡༣། རྫོགས་ཆེན་སེམས་སྡེའི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན་ལྡེབ་༥། སོག་བཟློག་པས་མཛད། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་རྫོགས་པ་ཆེན་པོ་སེམས་སྡེ་ཁམས་ལུགས་ཀྱི་པྲ་ཁྲིད་མན་ངག་ནམ་མཁའ་རྡོ་རྗེས་མཛད་པ་ལྡེབ་༢༦། རྫོགས་པ་ཆེན་པོ་སེམས་སྡེ་ཨ་རོ་ལུགས་སྙན་བརྒྱུད་རིན་པོ་ཆེ་པྲ་ཁྲིད་ཀྱི་མན་ངག་མཁའ་དབྱིངས་སྙིང་པོའི་བདེ་ཁྲིད་ཤྭ་དམར་མཁའ་སྤྱོད་དབང་པོས་མཛད་པ་

1-dkar chag-DNZ Tsadra Scan Page 4.jpg

༈༈༈༤༈༈༈་ལྡེབ་༨། གཉིས་པ་ནང་ཀློང་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ་ལ་ནང་གསེས་སུ་རྡོ་རྗེ་ཟམ་པའི་གཞུང་མན་ངག་དང་། ཞལ་གདམས། ཟམ་ཆུང་། བསྡུས་པ་ཐུན་གཅིག །བཀའ་བརྒྱུད་རིན་པོ་ཆེའི་ཉམས་ཀྱི་ཕྲེང་བ་བཅས་ལྡེབ་༨། ཀློང་སྡེ་ཟམ་པ་ལས་སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པ་ཆོག་ཁྲིགས་སུ་བཀོད་པ་ཡེ་ཤེས་ཆུ་རྒྱུན་ལྡེབ་༡༡། རྫོགས་པ་ཆེན་པོའི་ཀློང་སྡེའི་སྙན་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པའའི་སྒོམ་ཁྲིད་ལས་ལེན་འོལ་པ་ཇོ་སྲས་ཀྱིས་བཅུད་རྒྱ་སྐོམ་གྱི་སྣོད་དུ་ཞུགས་པ་ཤྭ་དམར་སྤྱན་སྔ་ཆོས་གྲགས་ཀྱིས་མཛད་པ་དང་བླ་བརྒྱུད་གསོལ་འདེབས་སྨིན་གཏེར་གསུང་བཅས་ལ་ལྡེབ་༡༢། ཀློང་སྡེ་རྡོ་རྗེ་ཟམ་པའི་ཉམས་ལེན་བཞིའི་རྣལ་འབྱོར་དང་། ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཕྲིན་ལས་གསལ་བར་བཀོད་པ་ཡེ་ཤེས་རྒྱ་མཚོ་ལྡེབ་༡༩། ཆོས་ཚན་༡༩། བསྡོམས་ལྡེབ་༢༣༨། བཞུགས༎ ༎་

གཉིས་པ་

2-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈།གདམས་ངག་མཛོད། རྙིང་མའི་སྐོར་པོད་གཉིས་པ། ཁ༽ འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་གནད་ཀྱི་བཅུད་ཕུར་སངས་རྒྱས་ཀྱི་འདས་རྗེས་གསུམ་པ་སོགས་ལ་ལྡེབ། ༨ སྤྲོས་བཅས་དབང་ཆོག་ཚངས་པའི་དྲྭ་བ་ལྡེབ། ༩ སྤྲོས་བཅས་མིང་གི་རིམ་པ་གསལ་བྱེད་ལྡེབ། ༢ སྤྲོས་མེད་དབང་ཆོག་རིན་པོ་ཆེའི་དྲྭ་བ་ལྡེབ། ༡༢ ཤིན་ཏུ་སྤྲོས་མེད་དབང་ཆོག་པདྨའི་དྲྭ་བ་ལྡེབ། ༩ གླིང་བཞི་རྒྱན་གྱི་མཎྜལ་ལྡེབ། ༣ རབ་ཏུ་སྤྲོས་མེད་དབང་ཆོག་འོད་ཀྱི་དྲྭ་བ་ལྡེབ། ༧ མཎྜལ་འབུལ་ཆོག་ལྡེབ། ༡ ཚོགས་མཆོད་ཡིད་བཞིན་རྒྱ་མཚོ་ལྡབ། ༦ སྙིང་ཐིག་མ་བུའི་ཁྲིད་ཡིག་དྲི་མེད་ཞལ་ལུང་ལྡེབ། ༥༩ གསང་སྐོར་དབང་གི་ལག་ལེན་གསལ་བའི་སྒྲོན་མེ་ལྡེབ། ༧ མཆོག་གསང་ལམ་ཁྲིད་ཆེན་མོ་ལྡེབ། ༥ མདོ་སྔགས་ལམ་རིམ་རིན་ཆེན་སྤུངས་པ་ལྡེབ། ༡༤ སེམས་ཉིད་ངལ་གསོའི་དོན་ཁྲིད་བྱང་ཆུབ་ལམ་བཟང་ལྡེབ། ༤༣ སེམས་ཉིད་རང་གྲོལ་གསོལ་འདེབས་ལྡེབ། ༢ །སེམས་ཉིད་རང་གྲོལ་ལམ་རིམ་སྙིང་པོའི་དོན་ཁྲིད་ལྡེབ། ༡༠ རྫོགས་ཆེན་ཆོས་ཉིད་རང་གྲོལ་ལྡེབ། ༩ རྫོགས་ཆེན་མཉམ་ཉིད་རང་གྲོལ་ལྡེབ། ༡༢ རྫོགས་ཆེན་མན་ངག་

2-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈སྙིང་ཐིག་གི་བླ་མ་མཆོད་པའི་ཆོ་ག་ཀུན་བཟང་རྣམ་པར་རོལ་པའི་རྒྱན་ལྡེབ། ༢༡ བཀའ་སྲུང་ཨེ་ཀ་ཛཱ་ཊི་སྡེ་བདུན་གྱི་རྗེས་གནང་ལྡེབ། ༡༠ ཆོས་ཚན་ ༢༠ ལ་བསྡོམས་སྡེབ་ ༣༤༩ བཅས་བཞུགས༎ ༎

གསུམ་པ་

3-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈།གདམས་ངག་མཛོད། བཀའ་གདམས་གླེགས་བམ་དང་པོ། ག༽ སྒྲུབ་བརྒྱུད་ཤིང་རྟ་གཉིས་པ་ཇོ་བོ་བཀའ་གདམས་པའི་ཆོས་སྐོར་ལ་གཞུང་། གདམས་པ། མན་ངག་གི་སྐོར་ཞེས་ཟབ་ཅིང་རྒྱ་ཆེ་བར་བཞུགས་པའི་རྩ་བ་གདམས་ངག་མཛོད་འདིར་ཇི་ལྟར་བཞུགས་པའི་མཚན་ཐ་ལ། དང་པོ་གཞུང་གི་སྐོར་ལ། ཐེག་པ་ཆེན་པོའི་ལམ་སྤྱིའི་རིམ་པའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་ཇོ་བོ་རྗེས་མཛད་པ་དང་། ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་རྩ་བ་ས་བཅད་བཅས་ བཀའ་གདམས་གླེགས་བམ་གྱི་ཚིག་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་བཅས་ཚན་སྦྲེལ་ལྡེབ་༧། བྱང་ཆུབ་ལམ་གྱི་རིམ་པའི་འགྲེལ་པ་བྱང་ཆུབ་ལམ་གྱི་རིམ་པ་གསལ་བ་འཇམ་མགོན་བློ་གྲོས་མཐའ་ཡས་གསུང་ལྡེབ་༢༤། ལམ་རིམ་བསྡུས་དོན་ཚིགས་བཅད་་་རྗེ་རིན་པོ་ཆེས་མཛད་པ་ལྡེབ་༤། བྱིན་རླབས་ཉེ་་་བརྒྱུད་ཀྱི་གསོལ་འདེབས་རྗེ་རིན་པོ་ཆེས་མཛད་པ་ལྡེབ་༡ ལམ་རིམ་ཁྲིད་ཡིག་གསེར་གྱི་ཡང་ཞུན་རྒྱལ་བ་བསོད་ནམས་རྒྱ་མཚོས་མཛད་པ་ལྡེབ་༡༩། ལམ་རིམ་ཁྲིད་ཡིག་ཐམས་ཅད་མཁྱེན་པར་བགྲོད་པའི་འདེ་ལམ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པ་ལྡེབ་༢༥། ལམ་རིམ་ཉམས་སུ་ལེན་པའི་ཕྱག་བཞེས་སྙིང་པོར་དྲིལ་བ་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེས་མཛད་པ་ལྡེབ་༡༠ རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་

3-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈བདུད་རྩིའི་ཉིང་ཁུ་ལྡེབ་༤༧། ཟབ་མོ་དབུ་ལུགས་ཀྱི་སེམས་བསྐྱེད་པའི་ཆོ་ག་བྱང་ཆུབ་ཆེན་པོའི་གཞུང་ལམ་འཇམ་མགོན་ཀོང་སྤྲུལ་གསུང་ལྡེབ་༢༤། ཐེག་ཆེན་ཤིནྟུ་རྒྱས་པའི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱང་ཆུབ་སེམས་དཔའི་ལམ་བཟང་མཁྱེན་བརྩེ་རིན་པོ་ཆེའི་གསུང་ལྡེབ་༢༧། གཉིས་པ་གདམས་ངག་གི་སྐོར་ལ་་་་་ཐིག་པ་ཆེན་པོ་བློ་སྦྱོང་གི་དཀར་ཆག་ལྡེབ་༡། ཇོ་བོས་རྒྱལ་སྲིད་སྤངས་ཏེ་ཐར་པ་སྒྲུབ་པའི་རྣམ་ཐར་འབྲོམ་སྟོན་གྱིས་མཛད་པ་ལྡེབ་༡༣། ཇོ་བོ་མཉམ་མེད་གསེར་གླིང་པ་དང་མཇལ་བའི་རྣམ་ཐར་ལྡེབ་༨། ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་ལྡེབ་༣། ཐེག་ཆེན་བློ་སྦྱོང་གི་ཚིག་མཚན་མེད་པ་ལྡེབ་༡། བློ་སྦྱོང་ཆོས་ཀྱི་སྒོ་འབྱེད་རྒྱལ་བ་བློ་གྲོས་རྒྱལ་མཚན་དཔལ་བཟང་གིས་མཛད་པ་ལྡེབ་༥༨། བསྡོམས་ཆོས་ཚན་༡༦། ལྡེབ་གྲངས་བསྡོམས་པ་༢༧༢། བཞུགས་པའོ༎ ༎

བཞི་པ་

4-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈གདམས་ངག་མཛོད། བཀའ་གདམས་པའི་གླེགས་བམ་གཉིས་པ། ང་༽ བློ་སྦྱོང་དོན་བདུན་མའི་འགྲེལ་པ་མཛད་བྱང་མི་གསལ་བ་ལྡེབ། ༢༣ བློ་སྦྱོང་མཚོན་ཆ་འཁོར་ལོ་ལྡེབ། ༧ བློ་སྦྱོང་རྨ་བྱ་དུག་འཇོམས་ལྡེབ། ༦ བློ་སྦྱོང་གྱེར་སྒོམ་རྡོ་རྗེའི་གླུ་དང་། བྱམས་པའི་རྣལ་འབྱོར་པའི་བློ་སྦྱོང་། བློ་སྦྱོང་སེམས་དཔའི་རིམ་པ། རང་རྒྱུད་དམའ་དབབ་པ། ཟག་བཅས་དགེ་བའི་སྟོབས་སྐྱེད་པ། གསེར་གླིང་པས་ཇོ་བོ་ལ་མཐའ་འཁོབ་འདུལ་བའི་ཆེད། ཉོན་མོངས་ལམ་ཁྱེར་བླ་མའི་རྣལ་འབྱོར་མཆན་འགྲེལ་བཅས་ལྡེབ། ༡༡ སྡིག་སྦྱོང་མན་ངག་ལྡེབ། ༤༧ རྒྱལ་བའི་སྲས་པོ་ཐོགས་མེད་དཔལ་གྱིས་མཛད་པའི་བློ་སྦྱོང་དོན་བདུན་མ་ལྡེབ། ༡༣ ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་ཉམས་ལེན་སྙིང་པོར་དྲིལ་བ་ཕན་བདེའི་ས་བོན་མཁྱེན་བརྩེའི་གསུང་ལྡེབ། ༡༤ བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་འཇམ་མགོན་ཀོང་སྤྲུལ་གསུང་ལྡེབ། ༡༧ བློ་སྦྱོང་བརྒྱུད་འདེབས་དད་པའི་གདུང་སེལ་ལྡེབ། ༡ སྨོན་ལམ་བྱང་ཆུབ་རྒྱ་མཚོའ་འཇུག་ངོགས་ལྡེབ། ༢ གསུམ་པ་མན་ངག་གི་སྐོར་ལ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་ཐབས་དབང་བསྐུར་བའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཐུགས་རྗེ་རྣམ་པར་རོལ་པའི་རྒྱན་འཇམ་མགོན་གསུང་ལྡེབ། ༡༧ ཐིག་ལེ་བཅུ་དྲུག་གི་བསྒོམ་

4-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈བཟླས་སྙིང་པོར་དྲིལ་བ་གྲུབ་གཉིས་མཆོག་སྦྱིན་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པ་ལྡེབ། ༥ ཐིག་ལེ་བཅུ་དྲུག་གི་ཟབ་ཁྲིད་གྲུབ་གཉིས་མཆོག་སྦྱིན་ཀུན་གཟིགས་མཁྱེན་བརྩེས་མཛད་པ་ལྡེབ། ༡༢ བཀའ་གདམས་ལྷ་བཞིའི་རྗེས་གནང་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ་ལྡེབ། ༨ བཀའ་གདམས་ལྷ་བཞིའི་ཁྲིད་ཡིག་མདོ་སྔགས་ལམ་གྱི་བཅུད་འདུས་བཅས་འཇམ་མགོན་གསུང་ལྡེབ། ༣༤ ལམ་གྱི་གཙོ་བོ་རྣམ་གསུམ་རྩ་བ་རྗེའི་གསུང་ལྡེབ། ༢ ལམ་གྱི་གཙོ་བོ་རྣམ་གསུམ་ཚིག་འགྲེལ་སྐལ་བཟང་ཐར་པའི་འཇུག་ངོགས་འཇམ་མགོན་གུ་ཎའི་གསུང་ལྡེབ། ༢༥ དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་པཎ་ཆེན་བློ་བཟང་ཆོས་རྒྱན་གསུང་ལྡེབ། ༥ རྒྱས་བཤད་རྒྱལ་བའི་གཞུང་ལམ་ཡང་གསལ་སྒྲོན་མེ་པཎ་ཆེན་བློ་བཟང་ཆོས་རྒྱན་གསུང་ལྡེབ། ༢༥ ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་གཞུང་དང་རྗེས་སུ་མཐུན་པའི་དབུ་མའི་ལྟ་ཁྲིད་བདུད་རྩིའི་སྙིང་པོ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའ་གསུང་ཁོལ་ཕྱུངས་ལྡེབ། ༨ གཞན་སྟོང་དབུ་མའི་ལྟ་ཁྲིད་རྡོ་རྗེའི་ཟླ་བ་དྲི་མ་མེད་པའི་འོད་ཟེར་འཇམ་མགོན་ཡོན་ཏན་རྒྱ་མཚོའ་གསུང་ལྡེབ། ༡༡ མགོན་པོ་ཨ་ཏི་ཤ་གཙོ་བོར་གྱུར་པའི་བཀའ་གདམས་བླ་མ་རྣམས་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་

4-dkar chag-DNZ Tsadra Scan Page 3.jpg

༈༈༈༣༈༈༈གསུང་ལྡེབ། ༡༥ སྒྲུབ་ཐབས་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ་ཛམ་དཀར་ལྷ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་འཇམ་མགོན་གསུང་ལྡེབ། ༥ བསྟན་སྲུང་མགོན་པོ་གྲི་གུག་གི་སྒྲུབ་ཐབས་རྗེས་གནང་གདུག་པ་ཀུན་འཇོམས་འཇམ་མགོན་གསུང་ལྡེབ། ༦ གྲི་གུག་དཔའ་གཅིག་གི་སྒྲུབ་ཐབས་བཟླས་ལུང་འབོགས་ཚུལ་རིན་འབྱུང་ལས་ཁོལ་ཕྱུང་འཇམ་མགོན་གསུང་ལྡེབ། ༤ བཅས་ཆོས་ཚན། ༢༥ ལྡེབ་གྲངས་བསྡོམས། ༣༢༣ བཅས་བཞུགས་པའོ།

ལྔ་པ་

5-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈གདམས་ངག་མཛོད། ས་སྐྱ་པོད་དང་པོ། ཅ་༽ །སྒྲུབ་བརྒྱུད་ཤིང་རྟ་གསུམ་པ་ཡོངས་རྫོགས་བསྟན་པ་རྒྱས་མཛད་དཔལ་ས་སྐྱ་པ་ལ་གསང་ཆེན་རྒྱུད་སྡེ་ཆེན་པོ་བཞི་ཡི་བཀའ་སྲོལ་ཆུ་བོ་གཅིག་ཏུ་འདུས་པ་མཐའ་ཀླས་ཀྱང་ཐུགས་དམ་ཉམས་བཞེས་ཀྱི་གཙོ་བོ་གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་ཆོས་སྐོར་འདི་ཁོ་ན་ལའང་པུསྟ་ཀ་ ༣༠ བཞུགས་ཀྱང་སྙིང་པོའི་ཉིང་ཁུ་གདམས་ངག་རིན་པོ་ཆེའི་མཛོད་དུ་ཇི་ལྟར་བཞུགས་པའི་མཚན་ཐོ་ལ། དང་པོ་ལམ་འབྲས་ཀྱི་གཞུང་རྩ་འགྲེལ་སྐོར་ལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གཞུང་རྡོ་རྗེའི་ཚིག་རྐང་། དེའི་བསྡུས་དོན་མཆན་དང་བཅས་པ། ལྟ་བ་འཁོར་འདས་དབྱེར་མེད་ཀྱི་གཞུང་རྩ་བ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཇོ་ལྕགས་མ། རྣམ་འགྲེལ་དོན་བསྡུས་ཚིག་བཅད་མ་མཆན་བཅས། ཡང་ཚིགས་བཅད་མ་དེའི་བསྡུས་དོན་མཆན་ལ་ངོར་ཆེན་ཀུན་དགའ་བཟང་པོས་མཛད་པ་བཅས་ཚན་སྦྲེལ་ལྡེབ་ ༡༧ གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གཞུང་རྡོ་རྗེའི་ཚིག་རྐང་གི་འགྲེལ་པ་[1]ལྡེབ་ ༤༤ གཉིས་པ་སྨིན་བྱེད་དབང་ལ་དཔལ་ཀྱི་རྡོ་རྗེའི་མངོན་པར་རྟོགས་པ་འབྲིང་དུ་བྱ་བ་ཡན་ལག་དྲུག

5-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈པའི་མཛེས་རྒྱན་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ལྡེབ་ ༡༥ དཔལ་ཀྱཻ་རྡོ་རྗེའི་གཏོར་ཆོག་མཛེས་རྒྱན་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ལྡེབ་ ༡༢ དཔལ་ཀྱཻ་རྡོ་རྗེའི་དབང་གི་ཆུ་བོ་ཆེན་མོ་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ལྡེབ་ ༣༣ དཔལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་ཆོག་ལུང་དང་མན་ངག་གི་སྙིང་པོ་བསྡུས་པ་འཇམ་དབྱངས་བློ་གཏེར་དབང་པོས་མཛད་པ་ལྡེབ་ ༤༡ གསུམ་པ་གྲོལ་བྱེད་ཁྲིད་ཀྱི་ཡི་གེའི་སྐོར་ལ། གསུང་ངག་ལམ་འབྲས་བུ་དང་བཅས་པའི་སྐོར་བརྒྱུད་པའི་གསོལ་འདེབས་ངོར་ཆེན་གྱིས་མཛད་པ། འཇམ་དབྱངས་མཁྱེན་བརྩེའི་ཞལ་སྐོང་བཅས་ལྡེབ་ ༢ ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་སྦས་དོན་ཀུན་གསལ་ཞེས་བྱ་བ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་ལྡེབ་ ༤༨ ལམ་སྦས་ཏེ་བཤད་པ་མན་ངག་གི་ཟིན་བྲིས་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་ལྡེབ་ ༤ བརྡའ་དོན་གསལ་བའི་ཁྲིད་ཡིག་[2]བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ་ལྡེབ་ ༡༣ ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་འབྲིང་པོ་དཔལ་ཕག་མོ་གྲུབ་པའི་གསུང་ལ་བདེ་གཤེགས་སྟག་ལུང་པ་ཆེན་པོས་ཟིན་བྲིས་མཛད་པ་ལྡེབ་ ༡༦

5-dkar chag-DNZ Tsadra Scan Page 3.jpg

༈༈༈༣༈༈༈འཕགས་མ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ཀྱི་དགོངས་པ་དག་པ་གསུམ་གྱི་ཁྲིད་ཡིག་ཆོས་རྒྱལ་འཕགས་པས་མཛད་པ་ལྡེབ་ ༨ ཆོས་ཚན་ ༢ ལྡེབ་གྲངས་བསྡོམས་ ༢༤༣ བཅས་བཞུགས། །

དྲུག་པ་

6-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈ གདམས་ངག་མཛོད། ས་སྐྱ་པོད་གཉིས་པ། ཆ༽ གཉིས་པ་ལམ་སྐོར་ལ། ལམ་སྐོར་ཕྱི་མ་བརྒྱད་ཀྱི་བརྒྱུད་པའི་གསོལ་འདེབས་ངོར་ཆེན་ཀུན་དགའ་བཟང་པོས་མཛད་པ་ཁ་སྐོང་མཉྫུ་གྷོ་ཥས་མཛད་པ་ལྡེབ། ༣ ཌོམྦི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་ལྡེབ། ༦ སློབ་དཔོན་པདྨ་བཛྲ་གྱིས་མཛད་པའི་བསྐྱེད་རིམ་ཟབ་པའི་ཚུལ་དགུས་བརྒྱན་པ་དང་། རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་རྗེ་བཙུན་གྲགས་པས་མཛད་པ་བཅས་ཚན་སྤྲེལ་ལ་ལྡེབ། ༡༢ སློབ་དཔོན་ནག་པོ་སྤྱོད་པས་མཛད་པའི་གཏུམ་མོ་ལམ་རྫོགས་ལྡེབ། ༦ སློབ་དཔོན་ཨུ་ཙིཏ་འཆི་བ་མེད་པས་མཛད་པ་ཡོན་པོ་སྲོང་བའི་ལྡེབ། ༢ སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མཆོད་རྟེན་དྲུང་ཐོབ་ལྡེབ། ༤ སློབ་དཔོན་ངག་དབང་གྲགས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ལྡེབ། ༧ དཔལ་ཏོག་ཙེ་བའི་བསམ་མི་ཁྱབ་ཀྱི་གདམས་ངག་ལྡེབ། ༡༩ སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པའི་ཕྱག་རྒྱའི་ལམ་སྐོར་ལྡེབ། ༩ ཌོམྦི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་ཡིག་བཀྲ་ཤིས་གི་ཝཾ་སྨན་བཅུད་ལྡེབ། ༧ པདྨ་བཛྲའི་ཟབ་པའི་ཚུལ་དགུའི་ཁྲིད་ཡིག་བཀྲ་ཤིས་ཡུངས་ཀར་གོང་བུ་ལྡེབ། ༡༥ ནག་པོ་ཨུ་ཙི་ཊ་འཆི་བ་མེད་པའི་ཡོན་པོ་སྲོང་བའི་ཁྲིད་ཡིག་བཀྲ་ཤིས་ཞོའི་སྙིང་པོ་ལྡེབ་ ༤

6-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈ འཕགས་པ་ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་ཡིག་བཀྲ་ཤིས་བི་ཝའི་ལྗོན་བཟང་ལྡེབ། ༡༢ ངག་དབང་གྲགས་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཁྲིད་ཡིག་བཀྲ་ཤིས་་མྱུ་གུ་ལྡེབ། ༩ ཏོག་ཙེ་པའི་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིག་བཀྲ་ཤིས་དྭངས་ཤེལ་མེ་ལོང་ལྡེབ། ༡༢ ཨིནྡྲ་བྷཱུ་ཏིའི་ཕྱག་རྒྱའི་ལམ་གྱི་ཁྲིད་ཡིག་བཀྲ་ཤིས་དུང་དཀར་གཡས་འཁྱིལ་ལྡེབ། ༨ ནག་པོ་པའི་གཏུམ་མོ་ལམ་རྫོགས་ཀྱི་ཁྲིད་ཡིག་བཀྲ་ཤིས་ལི་ཁྲིའི་ཐིག་ལེ་ལྡེབ། ༩ འབྲོག་མི་ལོ་ཙཱ་བས་མཁས་པ་སྒོ་དྲུག་ལས་གསན་པའི་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པའི་ཁྲིད་ཡིག་ལམ་འབྲས་པོད་དམར་ནས་བྱུང་བ་འཕགས་པ་རིན་པོ་ཆེས་མཛད་པ་ལྡེབ། ༨ བློ་སྦྱོང་ཞེན་པ་བཞི་བྲལ་བརྒྱུད་འདེབས་མཁྱེན་བརྩེས་མཛད་པ་ལྡེབ། ༢ བློ་སྦྱོང་ཞེན་པ་བཞི་བྲལ་ཀྱི་སྐོར་ལྡེབ། ༢༤ ལམ་འབྲས་བླ་མཆོད་ཚོགས་གཉིས་རབ་རྒྱས་ཀུན་དགའ་ཆོས་འཕེལ་གྱིས་མཛད་པ་ལྡེབ། ༡༥ བདེ་མཆོག་སྡོམ་འབྱུང་གི་ཆང་གི་ཆོ་ག་ཀུན་དགའ་བློ་གྲོས་ཀྱིས་མཛད་པ་ལྡེབ། ༡༥ བཀའ་སྲུང་གུར་མགོན་ལྷ་བརྒྱད་ཀྱི་སྒྲུབ་ཐབས་རྗེས་གནང་གཟི་བརྗིད་སྟོབས་འབར་འཇམ་མགོན་གུ་ཎའི་གསུང་ལྡེབ། ༡༡ ཆོས་ཚན། བསྡོམས་ལྡེབ། བཅས་བཞུགས།

བདུན་པ་

7-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈ གདམས་ངག་མཛོད། བཀའ་བརྒྱུད་པོད་དང་པོ། ཇ༽ སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བཞི་པ་དགྱེས་མཛད་མར་པ་ལོ་ཙཱ་ཆེན་པོའི་བཀའ་བརྒྱུད་ལ་རྩ་བ་དང་ཡན་ལག་གི་བཀའ་བརྒྱུད་གཉིས་ལས། དང་པོ་གངས་ཅན་གྲུབ་ཐོབ་རྒྱ་མཚོའི་ཆུ་འགོ་འཕགས་ཡུལ་བཀའ་བབ་བཞི་ཡི་པཎ་གྲུབ་རྣམས་ཀྱི་རྒྱུད་དང་མན་ངག་གི་བརྒྱུད་སྲོལ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་ཚད་དང་མུ་མཐའ་མེད་པའི་གཙོ་བོ་ཕྱག་ཆེན་རྒྱ་གཞུང་། རྔོག་དཀྱིལ་བདུན་ལ་སོགས་པའི་སྒྲུབས་ཐབས་དང་། དབང་། རྫོགས་རིམ་ཁྲིད་ཡིག་ཐབས་གྲོལ་གྱི་མན་ངག་གི་ཡིག་ཆ་རྣམས་མཛོད་ཆེན་རྣམ་པ་ལྔ་ཡི་ཡ་གྱལ་བཀའ་བརྒྱུད་སྔགས་མཛོད་ཆེན་པོ་རྒྱབ་རྟེན་དང་བཅས་པ་སོགས་ལ་བཞུགས་སུ་གསོལ་ལ། འདིར་མན་ངག་གནད་ཀྱི་ཉིང་ཁུ་ཟབ་མོ་གདམས་ངག་མཛོད་དུ་ཇི་ལྟར་བཞུགས་པའི་མཚན་ཐོ་ལ། གཞུང་རྩ་འགྲེལ་གྱི་སྐོར་དང་། གདམས་ངག་ཁྲིད་ཀྱི་རིམ་པ་གཉིས་ལས། དང་པོ་ལ། ཐུན་མོང་ཕྱག་ཆེན་གྱི་སྐོར་དང་། ཐུན་མོན་ཆོས་དྲུག་གི་སྐོར་གཉིས་ལས། དང་པོ་ཐུན་མོང་ཕྱག་ཆེན་གྱི་སྐོར་ལ། གདམས་ངག །ཁྲིད་ཀྱི་རིམ་པ་གཉིས་ལས། ནཱ་རོ་ཆོས་དྲུག་གཞུང་གཅེས་པར་བཏུས་པ་ངེས་དོན་རིན་པོ་ཆེའི་མཛོད་ལ། དཔལ་རྙོགས་པ་མེད་པའི་རྒྱུད། བྲམ་ཟེ་ཆེན་པོས་མཛད་པའི་དམངས་དོ་ཧ། དེའི་བསྡུས་དོན་སྤར་བུ་པས་མཛད་པ། ཤཱ་བ་རི་པའི་སྙིང་པོ་དོན་གྱི་མན་ངག །ཏཻ་ལོ་པའི་ཕྱག་ཆེན་གངྒཱ་མ། དེའི་ས་བཅད་དང་འགྲེལ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེས་མཛད་པ། ནཱ་རོ་པའི་ཕྱག་ཆེན་ཚིག་བསྡུས། དེའི་འགྲེལ་ཆུང་རྟོགས་པར་སླ་བ་རྗེ་བླ་མ་མཁྱེན་བརྩེའི་དབང་པོས་མཛད་པ། མཻ་ཏྲི་པའི་དེ་ཁོ་ན་ཉིད་བཅུ་པ། མར་པས་ཡིད་ལ་མི་བྱེད་པའི་མགུར་རྩ་བ། རྗེ་བཙུན་མི་ལའི་ཡེ་ཤེས་

7-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈ གསལ་བྱེད། སྒམ་པོ་པའི་ལམ་གཅིག་ཆོད། བཀའ་ཡང་དག་ཚད་མ། ཡེ་ཤེས་མཁའ་འགྲོ་མའི་མགུར། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་རྒྱལ་བ་རྡོ་རྗེ་འཆང་གི་བཀའ། དེའི་འགྲེལ་ཆུང་རྡོ་རྗེའི་ཚིག་འགྲོ་ལ། ཆོས་དྲུག་གི་བཀའ་དཔེ་ཆེ་ཆུང་གཉིས། ཏཻ་ལོ་པའི་ཆོས་དྲུག་མན་ངག །ནཱ་རོ་པའི་ཆོས་དྲུག་རྡོ་རྗེའི་མགུར། རྗེ་བཙུན་མི་ལའི་སྙན་བརྒྱུད་གསལ་བ་སྐོར་གསུམ་བཅས་ལྡེབ། ༦༡ གཉིས་པ་གདམས་ཁྲིད་ཀྱི་རིམ་པ་ལ་གཉིས། སྨིན་བྱེད་དབང་དང་། གྲོལ་བྱེད་ཀྱི་ཁྲིད་གཞུང་དངོས་སོ། །དང་པོ་ནི། དཔལ་འཁོར་ལོ་བདེ་མཆོག་དྭགས་པོ་སྙན་བརྒྱུད་ལུགས་ཀྱི་སྒྲུབ་ཐབས་བདེ་ཆེན་དྲྭ་བ་འཇམ་མགོན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་གསུང་ལྡེབ། ༡༤ དཔལ་འཁོར་ལོ་བདེ་མཆོག་དྭགས་པོ་སྙན་བརྒྱུད་ལུགས་ཀྱི་དཀྱིལ་ཆོག་བདེ་ཆེན་སྡོམ་པ་འཇམ་མགོན་ཡོན་ཏན་རྒྱ་མཚོའི་གསུང་ལྡེབ། ༢༩ སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་ཡུམ་བཀའ་རྒྱས་པའི་མངོན་དཀྱིལ་དང་དབང་བསྐུར་གྱི་ཆོ་ག་བདུད་རྩི་བུམ་པ་བྱ་བྲལ་ཀུན་དགའི་མཚན་གྱིས་མཛད་པ་ལྡེབ། ༢༢ མཻ་ཏྲི་ལུགས་ཀྱི་སྡོམ་པ་ལྷ་བཅུ་གསུམ་མའི་སྒོ་ནས་ཐོད་དབང་མེའི་འཁོར་ལོའི་བྱིན་རླབས་བྱ་བའི་ལག་ལེན་བདེ་དྲོད་དཔུང་བསྐྱེད་ལྡེབ། ༡༦ དཔལ་འཁོར་ལོ་བདེ་མཆོག་རས་ཆུང་པའི་ལུགས་ཀྱི་སྒྲུབ་ཐབས་བདེ་ཆེན་ཡེ་ཤེས་ཐིག་ལེ་ལྡེབ། ༡༦ དཔལ་འཁོར་ལོ་བདེ་མཆོག་རས་ཆུང་ལུགས་ཀྱི་དཀྱིལ་ཆོག་བདེ་ཆེན་ལང་ཚོ་ལྡབ། ༣༡ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་བརྡ་དབང་ཟབ་མོའི་སྒྲུབ་ཐབས་དབང་བསྐུར་བཅས་ཟབ་གསང་བདེ་ཆེན་ཤིང་རྟ་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱིས་མཛད་པ་ལྡེབ། ༨ བདེ་མཆོག་སྙན་བརྒྱུད་ལུགས་ཀྱི་ཐུན་མོང་ཕྱི་དཀྱིལ་བརྒྱད་ལས་ཡུམ་བཀའ་བསྡུས་པ་ལྷན་ཅིག་སྐྱེས་མའི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པ་ལྡེབ། ༡༤ བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་

7-dkar chag-DNZ Tsadra Scan Page 3.jpg

༈༈༈༣༈༈༈ བསྡུས་པ་ངམ་རྫོང་ལུགས་ཀྱི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པ་ཧེ་རུ་ཀ་དགྱེས་པའི་ཐིག་ལེ་ལྡེབ། ༢༢ གོང་གསལ་མཻ་ཏྲི་ལུགས་ཀྱི་ཐོད་དབང་ནས་ངམ་རྫོང་བདེ་མཆོག་སྒྲུབ་དཀྱིལ་བར་ཐམས་ཅད་འཇམ་མགོན་ཡོན་ཏན་རྒྱ་མཚོའ་གསུང་ཁོ་ན་ཡིན་ལ། འདིའི་སྐོར་ཆོག་ཁྲིགས་འཇམ་མགོན་རིན་པོ་ཆེ་ཕྱིས་སྐུ་ན་ཆེས་སྨིན་པའི་དུས་མཛད་པ་གོ་རིམ་ཀྱང་འདིར་བཞུགས་དགོས་ཀྱང་དཔལ་སྤུངས་སྤར་མ་གླེགས་བམ་སྨད་དུ་བཞག་འདུག་པ་སྐབས་འདིར་དབང་གི་སྐོར་སྟབས་གཅིག་ཏུ་བཞུགས་སུ་གསོལ་དགོས་གསུངས་པ་ལྟར་བྲིས་པའོ། །གཉིས་པ་གྲོལ་བྱེད་ཁྲིད་དངོས་ལ། རྗེ་བཙུན་རས་ཆུང་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་སྙན་བརྒྱུད་ཀྱི་གཞུང་ཆུང་ཏིལླི་པས་མཛད་པ་ལྡེབ། ༦ དཔལ་འཁོར་ལོ་བདེ་མཆོག་སྙན་བརྒྱུད་ལ། བུམ་དབང་དང་འབྲེལ་བའི་ཉམས་ལེན་ཐུན་མོང་ཡིད་བཞིན་ནོར་བུའི་ཁྲིད་ཡིག་རྗེ་བཙུན་མི་ལས་མཛད་པ་ལྡེབ། ༡༡ བདེ་མཆོག་སྙན་བརྒྱུད་ཀྱི་རྫོགས་རིམ་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག་ཁྲིད་ཡིག་རྗེ་བཙུན་མི་ལའི་གསུང་། བདེ་མཆོག་ཐབས་ལམ་གྱི་འཁྲུལ་འཁོར་དང་། ན་མོ་གུ་རུ། གཏུམ་མོའི་འཁྲུལ་འཁོར་བཅོ་བརྒྱད་པ་སོགས་ཚན་སྦྲེལ་ལྡེབ། ༢༡ ཆོས་ཚན། ༣༠ བསྡོམ་ལྡེབ། ༢༣༧ བཅས་བཞུགས།།

བརྒྱད་པ་

8-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈གདམས་ངག་མཛོད། བཀའ་བརྒྱུད་པོད་གཉིས་པ། ཉ༽ འོག་སྒོ་བདེ་བ་ཆེན་པོ་གཞན་ལུས་ཕྱག་རྒྱ་མ་བསྟེན་པའི་གདམས་པ་ཡེ་ཤེས་སྒྲོན་མེ་ལྡེབ་༤། བདེ་མཆོག་སྙན་བརྒྱུད་ཀྱི་འོད་རིག་བདེ་ཆེན་གྱི་གདམས་པ་ལྡེབ་༦། བདེ་མཆོག་སྙན་བརྒྱུད་ལམ་གྱི་བློ་ཆོད་བར་དོ་ངོ་སྤྲོད་ཀྱི་གདམས་པ་ཟབ་མོ་ལྡེབ་༩། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་ལྡེབ་༣། བཅས་རྗེ་བཙུན་མི་ལའི་གསུང་། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་འགྲེལ་ཉིན་མོའི་མགོན་པོ་རྒོད་ཚང་པའི་གསུང་ལྡེབ་༨། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་གསོལ་འདེབས་བྱིན་རླབས་དཔལ་སྟེར་དང་ལམ་རིམ་མདོར་བསྡུས་ཡིད་བཞིན་ནོར་བུ་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོའི་གསུང་ངམ་རྫོང་སྙན་བརྒྱུད་གྲས་མཆན་ལྡེབ་༢༡། འཁོར་ལོ་བདེ་མཆོག་ངམ་རྫོང་སྙན་བརྒྱུད་ཀྱི་མན་ངག་རྩ་བ་ཚེ་རིང་སྐོར་གསུམ་ལྡེབ་༩། བདེ་མཆོག་སྙན་བརྒྱུད་ཀྱི་ཕྱག་ཆེན་ཡེ་ཤེས་གསལ་བྱེད་ལྡེབ་༧། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་གསང་བ་ངོ་སྤྲོད་པའི་གདམས་པ་ངམ་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོས་མཛད་པ་ལྡེབ་༦། བདེ་མཆོག་སྙན་བརྒྱུད་དྭངས་པོ་ལུགས་ཀྱི་མན་ངག་གྱི་རྩ་བ་བརྗེད་བྱང་ལ་ལྡེབ་༩། རྗེ་རས་ཆུང་བའི་གདམས་པ་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་རྩ་བ་ཟུར་མང་སྙན་བརྒྱུད་ལས་བྱུང་བ་ལྡེབ་༥། །

8-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཏིལླི་པའི་གདམས་པ་ལྡེབ་༡༡། ལུས་མེད་མཁའ་འགྲོའི་སྙན་བརྒྱུད་ཀྱི་མན་ངག་གི་ཁྲིད་ཡིག་ལྡེབ་༣། རྗེ་བཙུན་ལྷོ་བྲག་པའི་ཁྱད་པར་གྱི་གདམས་པ་སྙན་བརྒྱུད་ཀྱི་ཤོག་དྲིལ་བཞིའི་ལོ་རྒྱུས་གཞུང་ལྷན་ཐབས་བཅས་ལྡེབ་༡༦། སྒམ་པོ་ལུགས་ཀྱི་ཕྱག་ཆེན་དང་ཆོས་དྲུག་ཟུང་འབྲེལ་གྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་འཕོ་བའི་གསེང་ལམ་ལྡེབ་༣། སྔོན་འགྲོའི་ཁྲིད་ཡིག་བཞིའི་རྣལ་འབྱོར་དྭགས་པོ་བཀྲ་རྣམ་གསུང་ལྡེབ་༦། ཟབ་ལམ་ཆོས་དྲུག་གི་ཁྲིད་ཡིག་ཆེན་པོ་གསང་ཆེན་ལམ་གྱི་དེ་ཉིད་གསལ་བ་དྭགས་པོ་མངྒ་ལའི་གསུང་ལྡེབ་༤༦། ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་ཆེན་མོ་གཉུག་མའི་དེ་ཉིད་གསལ་བ་སྒམ་པོ་མངྒ་ལའི་གསུང་ལྡེབ་༢༦། དྭགས་པོ་རིན་པོ་ཆེའི་ཆོས་བཞི་མདོར་བསྡུས་ལྡེབ་༢། སྒམ་པོ་པ་བཀྲ་ཤིས་རྣམ་རྒྱལ་གྱི་མཛད་པའི་སྒྲུབ་པའི་ཞལ་བསྐོས་ལྡེབ་༣། སེམས་ཁྲིད་ཡིད་བཞིན་ནོར་བུའི་ལོ་རྒྱུས་གཞུང་བཅས་ལྡེབ་༡༡། སྐྱེ་མེད་ཞང་རིན་པོ་ཆེས་མཛད་པའི་ལམ་མཆོག་མཐར་ཐུག་ལྡེབ་༡༧། ཕྱག་རྒྱ་ཆེན་པོ་སྒོམ་མ་མོའི་སྔོན་འགྲོ་དངོས་གཞི་ཞང་རིན་པོ་ཆེས་མཛད་པ་ལྡེབ་༡༡། རས་ཆུང་པའི་ཕྱག་ཆེན་ཡན་ལག་བདུན་གྱི་ཁྲིད་ཡིག་ལྡེབ་༡། ཆོས་ཚན་༢༥། ལྡེབ་བསྡོམས་༢༥༢། བཅས་བཞུགས།། །།

དགུ་པ་

9-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈གདམས་ངག་མཛོད། བཀའ་བརྒྱུད་པོད་གསུམ་པ། ཏ༽ གཉིས་པ་ཀརྨ་ཀཾ་ཚང་ཆོས་སྐོར་ལ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཁྲིད་ཡིག་ལྡེབ། ༨ ཟབ་མོ་ནཱ་རོ་ཆོས་དྲུག་གི་གསལ་བྱེད་སྤྱི་ཆིངས་དང་བཅས་པ་གསེར་ཞུན་མ་ལྡེབ། ༢༣ བཅས་ཀརྨ་རང་བྱུང་རྡོ་རྗེས་མཛད་པ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་སྤྱི་སྡོམ་རྩ་ཚིག་ལྡེབ། ༤ དང་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཆོས་སྐུ་མཛུབ་ཚུགས་ལྡེབ། ༡༨ བཅས་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས་མཛད་པ། སྔོན་འགྲོ་བཞི་སྦྱོར་སོགས་ཀྱི་ངག་འདོན་འཕགས་ལམ་བགྲོད་པའི་ཤིང་རྟ་དང་། ཀྱེ་མ་ཕ་རྗེ་བཙུན་བླ་མ་རིན་པོ་ཆེ་སོགས་རྒྱང་འབོད་དཀོན་མཆོག་ཡན་ལག་གིས་མཛད་པ་ལྡེབ། ༩ རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ་གཙུག་ལག་ཕྲེང་བས་མཛད་པ་ལྡེབ། ༢༡ ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་རླུང་སེམས་གཉིས་མེད་ལྡེབ། ༤ ཕག་མོ་རླུང་སེམས་གཉིས་མེད་ཀྱི་ལྷ་ཁྲིད་ཟིན་བྲིས་ལྡེབ། ༥ ཆོས་དྲུག་བདུད་རྩིའི་ཉིང་ཁུའི་སྔོན་འགྲོ་ལྡེབ། ༤ ཆོས་ཀྱི་འབྱུང་གནས་གསུང་། ཟབ་མོ་ནཱ་རོའི་ཆོས་དྲུག་ཉམས་ལེན་བདུད་རྩིའི་ཉིད་ཁུ་ལྡེབ། ༡༩ ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་གསུང་། སྐུ་གསུམ་ངོ་སྤྲོད་རང་བྱུང་རྡོ་རྗེ་མཛད་པ་ལྡེབ། ༨ སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་ཐེག་མཆོག་རྡོ་རྗེའི་གསུང་ལྡེབ། ༤ ནཱ་རོའི་གེགས་སེལ་གཟེར་ལྔ་ལྡེབ། ༡༡ ཀརྨ་པ་ལ་བརྟེན་པའི་ཐུན་བཞིའི་རྣལ་འབྱོར་དམིགས་ཁྲིད་ལྡེབ། ༨ རྡོ་རྗེ་འཆང་ཆུང་མའི་དམིགས་རིམ་ལྡེབ། ༤ བཅས་ཆགས་མེད་གསུང་། གསུམ་པ་ཟུར་མང་བཀའ་བརྒྱུད་ལ། རྨ་སེ་བློ་གྲོས་རིན་ཆེན་་ཟུར་མང་སྙན་བརྒྱུད་ལས་སོ། །མཆན། གྱིས་མཛད་པའི་

9-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈ཕྱག་ཆེན་ཁྲིད་ལྡེབ། ༧ རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཐར་འདོད་ཀྱི་མགུལ་རྒྱན་ལྡེབ། ༥ བཞི་པ་གནས་མདོ་བཀའ་བརྒྱུད་ལ། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་[1]རྫོགས་ཟུང་འཇུག་གི་ཉམས་ལེན་ལྡེབ། ༡༢ ལྔ་པ་ཕག་གྲུ་བཀའ་བརྒྱུད་ལ། ཕག་གྲུ་རྡོ་རྗེ་རྒྱལ་པོས་མཛད་པའི་ཕྱག་རྒྱ་ཆེན་པོའི་གདམས་པ་དང་། ཕག་མོ་གྲུབ་པའི་ཆོས་དྲུག་གི་བརྒྱུད་རིམ་དང་གདམས་ངག་གནད་ཀྱི་དབྱེ་བ་མདོར་བསྡུས་ཚན་སྦྲེལ་ལ་ལྡེབ། ༡༠ དྲུག་པ་འབྲི་གུང་བཀའ་བརྒྱུད་ལ། དགོངས་གཅིག་རྩ་བ་ལྷན་ཐབས་དང་བཅས་པའི་གཞུང་ཆིངས་ཁོག་དབུག་དང་བཅས་པ་ལྡེབ། ༢༠ ཁོག་དབུབ་སྙིང་པོ་དྲིལ་བ་ལྡེབ། ༡༡ ལྔ་ལྡན་གཏོར་དབང་ཡིད་བཞིན་ནོར་བུ་ལྡེབ། ༦ ལྔ་ལྡན་གྱི་ཁྲིད་ཡིག་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ་ལྡེབ། ༦ ཉམས་རྟོགས་ནོར་བུའི་འབྱུང་གནས་ལྔ་ལྡན་ཁྲིད་ཡིག་རྒྱ་མཚོ་ལྟ་བུ་ལྡེབ། ༧ བླ་མེད་ལྷན་སྐྱེས་རྣམ་བཞིའི་རྫོགས་རིམ་སྙིང་པོ་དོན་གྱི་ཕྲེང་བ་ལྡེབ། ༢༣ དཔལ་འབྲི་གུང་པའི་ལུགས་ཀྱི་ཆོས་དྲུག་དྲིལ་བའི་གདམས་པ་ལྡེབ། ༤ ནཱ་རོ་ཆོས་དྲུག་རྟོགས་པ་དོན་གྱི་བརྒྱུད་པ་ལ་གསོལ་བ་འདེབས་པ་ཚིག་ཉུང་ངུར་བྱས་པ་ལྡེབ། ༢ ཆོས་ཚན། ༢༩ བསྡོམས། ༢༥༣ བཅས་བཞུགས།། །།

བཅུ་པ་

10-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈གདམས་ངག་མཛོད། བཀའ་བརྒྱུད་པོད་བཞི་པ། ཐ༽ བདུན་པ་སྟག་ལུང་པ་ལ། ཕྱག་ཆེན་ལྷན་ཅིག་སྐྱེས་ཀྱི་ཁྲིད་ཡིག་གཞུང་ཆུང་རྡོ་རྗེའི་ཚིག་རྐང་ཡིད་བཞིན་ནོར་བུ་ལྡེབ། ༡༠ བརྒྱད་པ་ཁྲོ་ཕུ་བཀའ་བརྒྱུད་ལ། ཁྲོ་ཕུ་བཀའ་བརྒྱུད་ཀྱི་ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་ཡིག་ལྡེབ། ༢ ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ཡིག་གེ་བཞི་པའི་ཁྲིད་ལྡེབ། ༣ དགུ་པ་འབྲུག་པ་བཀའ་བརྒྱུད་ཆོས་སྐོར་ལ། སྔོན་འགྲོའི་ཟིན་བྲིས་ལྡེབ། ༩ ཆོས་རྗེ་འབྲུག་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་ལྡེབ། ༨ ཆོས་དྲུག་བསྡུས་པའི་ཟིན་བྲིས་ལྡེབ། ༡༣ སྤྱོད་པ་ཆོས་ཀྱི་གླུ་ཞེས་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་གཙང་པ་རྒྱ་རས་ཀྱི་ཟབ་གཏེར་ནས་སྤྱན་དྲངས་པ་ལྡེབ། ༨ དཔལ་མཁའ་སྤྱོད་དབང་པོས་མཛད་པའི་རོ་སྙོམས་སྐོར་དྲུག་གི་ཁྲིད་ལྡེབ། ༤ རོ་སྙོམས་སྐོར་དྲུག་གི་ཉམས་ལེན་སྒང་དུ་དྲིལ་བ་ལྡེབ། ༤ རྟེན་འབྲེལ་གྱི་སྒོམ་རིམ་དམ་པའི་ཆོས་ཀྱི་ཟ་མ་ཏོག་ལྡེབ། ༤ བླ་མ་ཕྱི་ནང་གསང་བར་སྒྲུབ་པའི་གཞུང་ལྡེབ། ༦ ལམ་ཟབ་ཐུན་མོང་གི་ཁྲིད་ལྡེབ། ༡༠ ལམ་ཟབ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་སྙིང་པོ་ལྡེབ། ༥ ཁྲིད་ཆེན་བརྒྱད་མཛེས་པར་བྱེད་པའི་རྒྱན་ལྡེབ། ༨ འབྲུག་པ་རིན་པོ་ཆེའི་ཁྲིད་ཆུང་བརྒྱད་ཀྱི་གདམས་པ་ཀུན་ལ་མེད་པའི་ཁྱད་ཆོས་ལྡེབ། ༡༠ དགེ་སྦྱོར་བདུན་པའི་ཉམས་ལེན་སྒང་དུ་དྲིལ་བ་ལྡེབ། ༧ འདི་ཡན་ཆད་ཀུན་མཁྱེན་པད་དཀར་གསུང་། ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་དཔལ་ལྡན་སྨད་འབྲུག་བཀའ་བརྒྱུད་ཀྱི་ཁྱད་ཆོས་ཐུབ་པ་ལྔ་ལྡན་གདམས་ཁྲིད་ཆོས་སྐུར་རང་ཤར་འཇམ་མགོན་གུ་ཎའི་གསུང་ལྡེབ། ༡༠ རྒྱལ་བ་ཡང་དགོན་པའི་ཁྱད་ཆོས་ཡོན་ཏན་ཀུན་འབྱུང་གི་སྙིང་པོ་མ་དྲུག་གི་གདམས་ཟབ་ལྡེབ། ༢༧ ཕྱག་ཆེན་

10-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈ལྷན་ཅིག་སྐྱེས་སྦྱོར་གྱི་ཏིང་ངེ་འཛིན་གྱི་དབང་ཟབ་མོ་ལྡེབ། ༧ ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་རྩ་ཚིག་ལྡེབ། ༨ ཆོས་དྲུག་རྡོ་རྗེའི་གཞུང་ལྡེབ། ༡༡ སྐྱེས་མཆོག་འབའ་རབ་རྒྱལ་མཚན་དཔལ་བཟང་གིས་མཛད་པའི་བླ་སྒྲུབ། ཕྱག་ཆེན་ཆོས་དྲུག་བཅས་མདོར་བསྡུས་སྙིང་པོར་དྲིལ་བ། རྗེ་བློ་གྲོས་ཆོས་འཕེལ་ཟབ་གཏེར་ལྡེབ། ༡༧ གནས་ལུགས་ཕྱག་རྒྱ་ཆེན་པོའི་ཁྲིད་སངས་རྒྱས་ཡེལ་པ་ཡེ་ཤེས་བརྩེགས་ཀྱིས་མཛད་པ་ལྡེབ། ༦ མཉམ་མེད་དྭགས་པོ་བཀའ་བརྒྱུད་སྤྱི་ཁྱབ་ཀྱི་བླ་མཆོད་བཀྲ་ཤིས་གྲགས་པའི་སྒྲ་དབྱངས་ལྡེབ། ༡༩ བཀའ་སྲུང་གི་སྐོར་ལ། ཡེ་ཤེས་མགོན་པོ་ཕྱག་བཞི་པ་ཚལ་ལུགས་ཀྱི་སྒྲུབ་རྗེས་ཏིང་ངེ་འཛིན་གྱི་དབང་ལྡེབ། ༡༠ ཕྱག་བཞི་པ་ཐེལ་ལུགས་ཀྱི་ལྷ་བཅུ་བདུན་མའི་སྒྲུབ་རྗེས་བྱིན་རླབས་ཡང་སྙིང་ལྡེབ། ༩ བཅས་གུ་ཎའི་གསུང་། ཕྱག་བཞི་པ་སྐུ་རེགས་མའི་རྒྱ་གཞུང་དང་འཁོར་ལོ་གཉིས་མའི་ཁྲིད་ཡིག་ལྡེབ། ༡༣ རྒྱ་གཞུང་ཐུགས་རྗེ་ཆེན་པོ་དང་བདེ་མགོན་སྦྲག་སྒྲུབ་ནག་པོ་གཟི་མདངས་ཞེས་དཔལ་རྒྭ་ལོའི་སྙན་བརྒྱུད་ཆགས་མེད་རིན་པོ་ཆེའི་གསུང་ལྡེབ། ༣ ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་་ལོ་ནས་བརྒྱུད་པའི་ཐེལ་ལུགས་ཚལ་ལུགས་ཀྱི་སྒྲུབ་རྗེས་ལྡེབ། ༡༡ བསྟན་སྲུང་གཙོ་མོ་དུད་སོལ་མའི་སྒྲུབ་རྗེས་ལྡེབ། ༦ འདོད་ཁམས་དབང་ཕྱུག་མའི་སྒྲུབ་རྗེས་བཀའ་བརྒྱུད་བསྟན་པའི་བ་དན་ལྡེབ། ༨ བཅས་གུ་ཎའི་གསུང་། ཆོས་ཚན། ༣༡ ལྡེབ་བསྡོམས། ༢༧༦ བཅས་བཞུགས།། །།

བཅུ་གཅིག་པ་

11-dkar chag-DNZ Tsadra Scan Page 1.jpg

གདམས་ངག་མཛོད། ཤངས་ཆོས་པོད་དང་པོ། ད༽ གང་རིའི་ཁྲོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ལྔ་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་རིན་པོ་ཆེའི་ཕྲིན་ལས་གངས་ཅན་འཛིན་མའི་ཁྱོན་ཀུན་བརྡལ་ཞིང་ས་དགེའི་མཁས་གྲུབ་ཆེན་པོ་རྣམས་གཙོ་བོར་གྱུར་པས་འཆད་རྩོད་སྒྲུབ་པའི་རིང་ལུགས་ཀྱི་ཡིག་ཆ་ཤིན་ཏུ་མང་ཞིང་། གཞུང་རྙིང་ཁོ་ནའང་པོད་བཞི་ཙམ་བཞུགས་ཀྱང་སྐབས་འདིར་ཉམས་ལེན་མན་ངག་གི་སྙིང་ཁུ་གདམས་ངག་རིན་པོ་ཆེའི་མཛོད་དུ་ཇི་ལྟར་བཞུགས་པའི་མཚན་ཐོ་འགོད་པ་ལ། ཡེ་ཤེས་མཁའ་འགྲོ་ནཱི་གུ་མའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་ལྡེབ། ༡༤ ཟབ་ལམ་གསེར་སྔོན་རྗེས་ངག་འདོན་རྡོ་རྗེའི་ཚིག་རྐང་བྱིན་རླབས་འོད་འབར་ལྡེབ། ༨ ཤངས་པའི་གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད་ལྡེབ། ༩ བཅས་འཇམ་མགོན་གུ་ཎའི་གསུང་། ཤངས་ལུགས་རྒྱུད་སྡེ་ལྷ་ལྔའི་བརྒྱུད་འདེབས་གསང་བདག་ཏཱ་ར་ནཱ་ཐའི་གསུང་ལྡེབ། ༡ དེའི་ཁ་སྐོང་ཨིནྡྲ་ནཱི་ལའི་དོ་ཤལ་འཇམ་མགོན་གུ་ཎའི་གསུང་ལྡེབ། ༡ འཇམ་མགོན་བླ་མ་གུ་ཎའི་སྐྱེས་རབ་གསོལ་འདེབས་ལྷ་[1]རྔ་བོ་ཆེའི་སྒྲ་དབྱངས་ཀརྨ་པ་ཐེག་མཆོག་རྡོ་རྗེའི་གསུང་ལྡེབ། ༡ རྒྱུད་སྡེ་ལྔའི་དཀྱིལ་འཁོར་སྒྲུབ་པའི་ཐབས་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ལྡེབ། ༣༠ དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་བྱེད་རྗེ་ཏཱ་ར་ནཱ་ཐའི་གསུང་འཇམ་མགོན་གུ་ཎས་གསལ་བྱེད་ཅན་ལྡེབ། ༤༡ མདུན་བསྐྱེད་ཉེར་མཁོའི་སྦྱངས་ཁྲུས་ལྡེབ། ༡ ཤངས་ལུགས་རྒྱུད་སྡེ་ལྔའི་དབང་གི་མཚམས་སྦྱོར་སྣང་བའི་གོ་འབྱེད་འཇམ་མགོན་གུ་ཎའི་གསུང་ལྡེབ། ༡༥ རྒྱུད་སྡེ་ལྷ་ལྔའི་སྒྲུབ་དཀྱིལ་དབང་རྒྱས་པ་བཅས་

11-dkar chag-DNZ Tsadra Scan Page 2.jpg

གདམས་ངག་མཛོད་དཀྱུས་སུ་མི་བཞུགས་ཀྱང་ཆོས་འདིའི་དབང་ཁྲིད་ལུང་བཅས་རྫོགས་པར་གསན་བཞེས་གནང་བ་རྣམས་ལ་ཤིན་ཏུ་གལ་ཆེ་དབང་རྒྱུན་ཀྱང་དཀོན་པ་སོགས་ཀྱིས་ཆེད་དུ་བཀོད་པ་དང་། བདེ་མཆོག་གི་སྐྱབས་སེམས་ལྡེབ། ༡ ནཱི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ལྡེབ། ༥ བདེ་མཆོག་ལྷ་ལྔའི་དཀྱིལ་ཆོག་ལྡེབ། ༡༦ བཅས་ཏཱ་ར་ན་ཐའི་གསུང་། བདེ་མཆོག་ལྷ་ལྔའི་ཚོགས་མཆོད་ཕྲིན་ལས་ཡར་འཕེལ་རྨོག་ལྕོགས་པའི་གསུང་ལྡེབ། ༥ བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་བཤད་ཟབ་དོན་གསལ་བྱེད་ལྡེབ། ༡༨ རྒྱུད་སྡེ་ལྷ་ལྔ་གཙོ་བསྡུས་ཀྱི་མན་ངག་སྒྲུབ་ཐབས་ལྡེབ། ༤ བཅས་ཏཱ་ར་ན་ཐའི་གསུང་། དཀྱིལ་ཆོག་བདག་འཇུག་དང་བཅས་པ་སྨིན་གྲོལ་སྙིང་པོ་ལྡེབ། ༧ རྒྱུད་སྡེ་ལྷ་ལྔ་གཙོ་བསྡུས་ཀྱི་བསྙེན་ཡིག་ཟབ་དོན་སྙིང་པོ་ལྡེབ། ༩ བཅས་འཇམ་མགོན་གུ་ཎའི་གསུང་། ཟབ་ལམ་ནཱི་གུ་ཆོས་དྲུག་གི་བཀའ་བཅུའི་ཕྱག་ལེན་བཀླག་ཆོག་ཏུ་བཀོད་པ་ལྡེབ། ༣༩ ཤངས་པ་བཀའ་བརྒྱུད་ཀྱི་གཞུང་ཕྱི་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་བའི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ལྡེབ། ༤༠ བཅས་བློ་གསལ་བསྟན་སྐྱོང་གསུང་། བསྡོམས་ལྡེབ། ༢༦༥ བཅས་བཞུགས།། །།

བཅུ་གཉིས་པ་

12-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈ ༄༅།  །གདམས་ངག་མཛོད།  ཤངས་ཆོས་པོད་གཉིས་པ། ན༽ ཟབ་ལམ་ནི་གུ་ཆོས་དྲུག་གི་རྩ་ཁྲིད་ཟབ་དོན་ཐང་མར་བརྡལ་བ་ལྡེབ། ༥༡ ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ལྡེབ། ༡༧ ནི་གུའི་འཁྲུལ་འཁོར་རྩ་འགྲེལ་ལྡེབ། ༥ བཅས་ཏཱ་ར་ནཱ་ཐའི་གསུང་། ནི་གུ་ཆོས་དྲུག་གི་ཁྲིད་ཡིག་སྙིང་པོ་ཀུན་འདུས་ལྡེབ། ༡༧ ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད་ལྡེབ། ༡༣ བཅས་ཐང་སྟོང་རྒྱལ་པོའི་གསུང་། ནི་གུ་ཆོས་དྲུག་ཁྲིད་བསྡུས་སྟན་གཅིག་འཇམ་མ་མགོན་གུ་ཎའི་གསུང་ལྡེབ། ༡༥ ཕྱག་ཆེན་གའུ་མའི་ཁྲིད་ཡིག་ཏཱ་ར་ནཱ་ཐའི་གསུང་ལྡེབ། ༧ མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་ཉམས་ལེན་གུ་ཎའི་གསུང་ལྡེབ། ༡༠ རྡོ་རྗེ་རྣལ་འབྱོར་མའི་བསྟོད་པ་རྒྱ་གཞུང་མ་ལྡེབ། ༡ མཁའ་སྤྱོད་དཀར་མའི་འཕོ་བ་ལོ་ཆེན་འགྱུར་མེད་བདེ་ཆེན་གསུང་ལྡེབ། ༢ མཁའ་སྤྱོད་དམར་མོའི་འཕོ་བ་རཱ་ཧུ་ལའི་གདམས་པ་ལྡེབ། ༡ སུ་ཁ་སིདྡྷིའི་ལོ་རྒྱུས་རྒྱ་གཞུང་གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་དབང་ཆོག་བཅས་ལྡེབ། ༩ སུ་ཁ་ཆོས་དྲུག་གི་བརྒྱུད་འདེབས་ཁྲིད་ཡིག་ཟུང་འཇུག་མྱུར་ལམ་བཅས་གུ་ཎའི་གསུང་ལྡེབ། ༩ སུ་ཁ་སིདྡྷིའི་ཞལ་གདམས་སྐོར་ལྡེབ། ཕྱག་ཆེན་པོ་སྤྲོད་ལྡེབ། ༡ ནི་གུའི་བརྒྱུད་འདེབས་སྡེབ། ༡ ཆོས་དྲུག་བླ་བརྒྱུད་གསོལ་འདེབས་ལྡེབ། ༡ ལྷ་བཞི་དྲིལ་སྒྲུབ་ཀྱི་ཉམས་ལེན་ལྡེབ། ༤ ལྷ་བཞི་དྲིལ་སྒྲུབ་ཁྲིད་ཡིག་ལྡེབ། ༧ བླ་མཆོད་ཆོ་ག་ཡིད་བཞིན་ནོར་བུ་ལྡེབ། ༡༦ བརྒྱུད་པའི་རྣམ་ཐར་གསོལ་འདེབས་ཨུ་དུམ་ཝ་རའི་ཕྲེང་བ་ལྡེབ། ༣༠ རྣམ་ཐར་དད་པའི་ལྗོན་ཤིང་ཏཱ་ར་ནཱ་ཐའི་གསུང་། ཁ་སྐོང་དད་པའི་མེ་ཏོག་གུ་ཎའི་གསུང་བཅས་ལྡེབ། ༤ ནི་གུ་ཆོས་དྲུག་

12-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈བརྒྱུད་འདེབས་ཉུང་འདུས་བདེ་ཆེན་འབེབས་པ་བདེ་བའི་རྡོ་རྗེ་གསུང་ལྡེབ། ༡ ནི་གུའི་སྨོན་ལམ་བཀའ་རྒྱ་མ་ལྡེབ། ༢ ཤངས་པ་བཀའ་བརྒྱུད་ཀྱི་མགུར་མཚོ་ ལྡེབ། ༤༩ མཁའ་འགྲོ་སྡེ་ལྔའི་སྒྲུབ་རྗེས་ལྡེབ། ༤ མཁའ་འགྲོ་སྡེ་ལྔའི་མཆོད་གཏོར་ལྡེབ། ༢ ཕྱག་དྲུག་པའི་སྒྲུབ་ཐབས་གཏོར་ཆོག་ཕྲིན་ལས་གཏེར་མཛོད་ཏཱ་ར་ནཱ་ཐའི་གསུང་ལྡེབ། ༡༠ ཕྱག་དྲུག་གཏོར་ཆོག་རྒྱས་པའི་ཁ་སྐོང་དམིགས་རིམ་བཅས་གུ་ཎའི་གསུང་ལྡེབ། ༡༥ ཕྱག་དྲུག་གཏོར་ཆོག་བསྡུས་པ་ཏཱ་ར་ནཱ་ཐའི་གསུང་ལྡེབ། ༡ ཕྱག་དྲུག་པའི་རྗེས་གནང་གི་བཀའ་ཆེན་བཅུ་གསུམ་ཕྱོགས་བསྡེབས་ཙིནྟཱ་མ་ཎིའི་ཕྲེང་བ་ལྡེབ། ༥༧ མགོན་པོ་སྙིང་ཞུགས་རྗེས་གནང་སྲོག་གི་རྒྱ་ཅན་ལྡེབ། ༤ བཅས་གུ་ཎའི་གསུང་། མགོན་པོ་སྙིང་ཞུགས་བླ་རྣལ་བཀའ་རྒྱ་མ་ལྕང་སྐྱ་རོལ་པའི་རྡོ་རྗེས་གསུང་ལྡེབ། ༧ མགོན་པོ་དཀར་མཐིང་གཉིས་ཀྱི་མངའ་གསོལ་དགེ་ལེགས་སྤྲིན་ཕུང་གུ་ཎའི་གསུང་ལྡེབ། ༥ ཞིང་སྐྱོང་ཀྵེ་ཏྲ་པཱ་ལའི་ཐུན་མིན་རྗེས་གནང་ལྡེབ། ༣ བཅས་བསྡོམས་ལྡེབ། ༣༨༠ བཞུགས༎ ༎

བཅུ་གསུམ་པ་

13-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈གདམས་ངག་མཛོད། ཞི་བྱེད་པོད་དང་པོ། པ༽ གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་དྲུག་པ་མདོ་སྔགས་ཟུང་འཇུག་གི་ཆོས། སྤྱི་མིང་སྒེར་དུ་ཆགས་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་ཕྱི་ནང་གི་རྟེན་འབྲེལ་གྱི་ཆོས་ལ་མངའ་བརྙེས་ཤིང་། མཁས་དང་གྲུབ་པའི་རྣམ་ཐར་བསམ་མི་ཁྱབ་ཅིང་བརྟུལ་ཞུགས་དང་རྫུ་འཕྲུལ་ལ་མངའ་བརྙེས་པས་འཕགས་བོད་རྒྱ་ནག་གིས་གཙོས་པའི་ཛམ་འཛམགླིང་ཀུན་ལ་གྲགས་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་ལ་བཀའ་བབས་པའི་ཞི་བྱེད་རྗེས་འབྲེལ་བཅས་པའི་སྐོར་ལ་ཟབ་ཅིང་རྒྱ་ཆེ་བ་བཞུགས་ཀྱང་། ཉམས་ལེན་གྱི་སྙིང་པོ་སྨིན་གྲོལ་ཁ་ཚངས་ཟབ་མོ་གདམས་ངག་མཛོད་དུ་བཞུགས་པའི་མཚན་ཐོ་ལ་དངོས་དང་། ཡན་ལག་གོ །དང་པོ་ལ་གསུམ། རྩ་བ། དབང་། གདམས་ཁྲིད་དོ། །དང་པོ་རྩ་བ་ལ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་གཞུང་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་སྡེའི་དུམ་བུ་རིན་པོ་ཆེའི་སྙིང་པོ་བོཞེས་བྱ་འདིའི་ནང་། ལམ་དྲི་མ་མེད་པ་དངུལ་སྒོང་དག་པའི་སྐོར་དང་། གསེར་སྒོང་དག་པའི་སྐོར། ཤེལ་སྒོང་དག་པའི་སྐོར། ཞལ་གདམས་དིང་རིང་བརྒྱད་ཅུ། རྗེ་བཙུན་མི་ལ་རས་པར་གནང་བའི་རྡོ་རྗེའི་མགུར་བཅས་ལྡེབ། ༡༩ གཉིས་པ་དབང་ལ་ཞི་བྱེད་སྔ་ཕྱི་བར་གསུམ་གྱི་དབང་ཆོག་རྣམས་ཕྱོགས་གཅིག་ཏུ་བཀླག་པས་གྲུབ་པ་ཞེས་བྱ་བ་འདིའི་ནང་། བཀའ་བབས་དང་པོ་ཁ་ཆེ་ལུགས་སྒྲོན་མ་རྣམ་གསུམ་གྱི་དབང་དང་། ལྷ་གསུམ་གྱི་རྗེས་གནང་། བཀའ་བབས་བར་པ་རྨ་ལུགས་ཕྱག་ཆེན་དང་། སོ་ལུགས་བླ་མའི་བྱིན་རླབས། ཀམ་ལུགས་ཤེར་ཕྱིན་མའི་རྗེས་གནང་། བཀའ་བབས་ཕྱི་མ་དམ་པ་ཀུན་དགའི་

13-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈ལུགས་ཀྱི་ལམ་ལྔའི་གླེགས་བམ་གྱིས་དབང་རྒྱས་པ། རྟེན་འབྲེལ་བདག་གཏོད་དམ་པའི་བྱིན་རླབས། ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་དབང་། མགོན་པོ་ཨ་གྷོ་རའི་རྗེས་གནང་། ཞིང་སྐྱེས་ཀུན་ཏུ་རི་ཀ་དང་ནོར་བུ་བཟང་པོའ་རྗེས་གནང་བཅས་ཀྱི་ཡི་གེ་ལོ་ཆེན་དྷརྨ་ཤྲཱིས་མཛད་པ་ལྡེབ། ༡༢༩ གསུམ་པ་གདམས་ཁྲིད་ལ། ཞི་བྱེད་བཀའ་བབས་རྣམ་གསུམ་གྱི་བླ་བརྒྱུད་གསོལ་འདེབས་གསེར་ཕྲེང་མར་གྲགས་པ་ལྡེབ། ༦ ཞི་བྱེད་སྔ་ཕྱི་བར་གསུམ་གྱི་ཁྲིད་ཡིག་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བདུད་རྩིའི་ཉིད་ཁུ་ཞེས་བྱ་ལོ་ཆེན་དྷརྨ་ཤྲཱིས་གསར་སྒྲིགས་ལྡེབ། ༤༩ གྲུབ་ཆེན་དམ་པ་སངས་རྒྱས་ནས་བརྒྱུད་པའི་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་ལམ་ལྔའི་ཁྲིད་ཡིག་དྲི་མེད་སྣང་བ་གྲུབ་མཆོག་གི་ཞལ་ལུང་ཞེས་བྱ་བ་སྙེ་མདོ་བ་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་གྱིས་མཛད་པ་ལྡེབ། ༡༥ དམ་པ་སངས་རྒྱས་ཀྱི་ཞལ་གདམས་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གསུངས་པ་ལྡེབ། ༣ ཐུགས་ཀྱི་ཞལ་ཆེམས་པད་མོ་བརྩེགས་པ་ཞེས་བྱ་བ་ལྡེབ། ༥ བཅས་བསྡོམས་ལྡེབ། ༢༢༦ བཞུགས།། །།

བཅུ་བཞི་པ་

14-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈གདམས་ངག་མཛོད། ཞི་གཅོད་པོད་གཉིས་པ། ཕ༽ གཉིས་པ་ཡན་ལག་གི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་དོན་བདུད་ཀྱི་གཅོད་ཡུལ་གྱི་གཞུང་ཞེས་བྱ་བ་བྲམ་ཟེ་ཨཱ་་དེ་བས་གསུང་དང་། མ་གཅིག་གི་བཀའ་ཚོམས་ཆེན་མོ་བཅས་ལྡེབ། ༡༡ ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་འགྲེལ་ཟག་མེད་སྦྲང་རྩི་ཞེས་བྱ་བ་ལྡེབ། ༡༥ གཅོད་བཀའ་ཚོམས་ཆེན་མོའ་ས་བཅད་རྗེ་རང་བྱུང་རྡོ་རྗེས་མཛད་པ་ལྡེབ། ༡༤ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་བ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་ལྡེབ། ༡༠ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཡང་ཚོམ་ཞུས་ལན་མ་ལྡེབ། ༢༢ རྒྱལ་ཐང་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ཆོ་ག་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པ་སྐབས་སུ་ཉེ་བར་མཁོ་བའི་འདོན་ཆ་ལྡེབ། ༤ ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་ཁྲིད་ཡིག་རྗེ་རང་བྱུང་རྡོ་རྗེས་མཛད་པ་ལྡེབ། ༦ གཅོད་ཡུལ་ཟབ་མོའ་ཁྲིད་ཡིག་གནད་དོན་སྙིང་པོ་ཞེས་བྱ་བ་རྗེ་ཏཱ་ར་ནཱ་ཐས་གསུངས་པ་ལྡེབ། ༨ གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་ལྡན་གྱི་དམིགས་རིམ་བླ་མའི་གསུང་རྒྱུན་གྱི་ཟིན་བྲིས་ཤེལ་དཀར་མེ་ལོང་ཞེས་བྱ་བ་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པ་ལྡེབ། ༢༥ གཅོད་ཁྲིད་ཟབ་མོ་འདོད་དགུའི་ཆར་འབེབས་ཞེས་བྱ་བ་སློབ་དཔོན་རཱ་ག་ཨ་སྱས་མཛད་པ་ལྡེབ། ༡༤ གཅོད་ཀྱི་ལུས་སྦྱིན་གྱི་ངག་འདོན་མུ་ཏིག་ཕྲེང་བ་ལྡེབ། ༩ གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་གསུང་རྒྱུན་འཁྲུལ་མེད་ལྟར་བཀོད་པ་ཞེས་བྱ་བ་རྒྱལ་དབང་བཅུ་བཞི་པས་བསྒྲིགས་མཛད་པ་ལྡེབ། ༡༩ རིང་བརྒྱུད་ཀྱི་གསོལ་འདེབས་མ་གཅིག་གིས་མཛད་པར་བན་སྒར་འཇམ་དཔལ་བཟང་པོས་ཁ་བསྐངས་བ་ལྡེབ། ༡ བཀའ་བརྒྱུད་ཚོགས་

14-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈ལས་ལྡེབ། ༢ ཌཱ་ཀི་མ་རྣམས་ཀྱི་གཏོར་འབུལ་ལྡེབ། ༦ གཅོད་ཡུལ་རྒྱ་མཚོའ་སྙིང་པོ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ་ཟབ་མོའ་ཡང་ཞུན་ཅེས་བྱ་བ་འཇམ་མགོན་གུ་ཎའི་གསུང་ལྡེབ། ༤ གཅོད་ཡུལ་གྱི་དབང་ནམ་མཁའ་སྒོ་འབྱེད་དུ་གྲགས་པ་རྗེ་ཏཱ་ར་ནཱ་ཐས་མཛད་པ་ལྡེབ། ༥ གཅོད་ཀྱི་སྐོངས་བ་ཁག་ལྡེབ། ༨ ལུས་མཆོད་སྦྱིན་གྱི་ཟིན་བྲིས་མདོར་བསྡུས་ཀུན་དགའི་སྐྱེད་ཚལ་ཞེས་བྱ་བ་འཇམ་མགོན་ཡོན་ཏན་རྒྱ་མཚོས་མཛད་པ་ལྡེབ། ༡༠ ཕྱག་རྒྱ་ཆེན་པོ་གཅོད་ཀྱི་གདམས་པ་ནམ་མཁའ་སྒོ་འབྱེད་ཅེས་བྱ་བ་རྗེ་རཏྣ་སེང་ཧས་མཛད་པ་ལྡེབ། ༩ དམ་ཆོས་སྡུག་བསྔལ་ཞི་བྱེད་དང་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཆབས་ཅིག་ཏུ་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་བཀྲང་ཤིས་གྲགས་པའི་སྙིང་པོ་ཞེས་བྱ་བ་རྒྱལ་སྲས་བློ་གྲོས་མཐའ་ཡས་ཀྱིས་མཛད་པ་ལྡེབ། ༡༡ ཆོས་ཚན། ༢༡ ལྡེབ་བསྡོམས། ༢༢༣ བཅས་བཞུགས།། །།

བཅོ་ལྔ་པ་

15-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈གདམས་ངག་མཛོད། སྦྱོར་དྲུག བ༽ གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་བདུན་པ་རྣལ་འབྱོར་བླ་མེད་རྒྱུད་ཐམས་ཅད་ཀྱི་ཟབ་པའི་མཐར་ཐུག །སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པའི་མན་ངག །རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་རྟེན་འདིར་མངོན་སུམ་དུ་བྱེད་པ་ལ་མཆོག་དང་པོའ་སངས་རྒྱས་དུས་ཀྱི་འཁོར་ལོའ་རྩ་རྒྱུད་ལས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་སྙིང་པོའ་ཆོས་སྐོར་གདམས་ངག་རིན་པོ་ཆེའི་མཛོད་དུ་ཇི་ལྟར་བཞུགས་པའི་སྐོར་ལ་གཞུང་རྩ་བ། སྨིན་བྱེད། གྲོལ་བྱེད་གདམས་ཁྲིད་བཅས་དང་། གྲུབ་ཆེན་ཨོ་རྒྱན་པ་ཨུ་རྒྱན་མཁའ་འགྲོའི་གླིང་དུ་མངོན་སུམ་དུ་སྐུ་དངོས་ཀྱིས་ཕེབས་ནས་རྡོ་རྗེ་བཙུན་མོའ་མངོན་སུམ་དུ་སྩལ་བའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཆོས་སྐོར་བཅས་བཞུགས་པ་ལ། དང་པོ་གཞུང་རྩ་བའི་སྐོར་ནི། རྡོ་རྗེ་རྣལ་འབྱོར་ཡན་ལག་དྲུག་པའི་རྒྱུད་དང་མན་ངག་གི་སྙིང་པོའ་གཞུང་ཞེས་བྱ་བ་དུས་འཁོར་རྒྱུད་ཀྱི་སྙིང་པོ། སྦྱོར་དྲུག་མན་ངག་དུས་ཞབས་སྙན་བརྒྱུད། དཔལ་ཤ་བ་རི་དབང་ཕྱུག་གིས་པཎྜི་ཏ་མ་ཧཱ་བི་བྷཱུ་ཏི་ཙནྡྲ་ལ་གསུང་པ་ལྡེབ། ༧ དཔལ་དུས་ཀྱི་འཁོར་ལོའ་རྣལ་འབྱོར་ཡན་ལག་དྲུག་གི་འགྲེལ་པ་སྙིང་པོ་བསྡུས་པ་ཞེས་བྱ་བ་རྣལ་འབྱོར་པ་དཔལ་མི་བསྐྱོད་རྡོ་རྗེས་ཕྱོགས་བསྒྲིག་མཛད་པ་ལྡེབ། ༥ གཉིས་པ་སྨིན་བྱེད་ལ། དུས་འཁོར་ལྷ་དགུའི་སྒྲུབ་ཐབས་རྒྱས་པ་རྗེ་ཏཱ་ར་ནཱ་ཐས་མཛད་པ་ལྡེབ། ༡༡ དཔལ་དུས་ཀྱི་འཁོར་ལོའ་མཆོད་ཆོག་ཉེར་མཁོ་རྗེ་ཏཱ་ར་ནཱ་ཐས་མཛད་པ་ལྡེབ། ༢༩ དཔལ་དུས་ཀྱི་འཁོར་ལོའ་དབང་གོང་མའི་ཆོ་ག་རྗེ་ཏཱ་ར་ནཱ་ཐས་མཛད་པ་ལྡེབ། ༡༤ གསུམ་པ་གྲོལ་བྱེད་གདམས་ཁྲིད་ལ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་ཞེས་བྱ་བ་རྗེ་ཏཱ་ར་ནཱ་ཐས་མཛད་པ་ལྡེབ། ༤༩ རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ཀྱི་ཡི་གེ་རྗེ་ཏཱ་ར་ནཱ་ཐས་མཛད་པ་ལྡེབ། ༡༨ སྦྱོར་དྲུག་གེགས་སེལ་རྗེ་ཏཱ་ར་ནཱ་ཐས་

15-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈མཛད་པ་ལྡེབ། ༢༣ བླ་མེད་སྔགས་ཆོས་ཀྱི་སྙིང་པོའ་བཅུད་ལེན་ལམ་ཟབ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་སྟན་ཐོག་གཅིག་མའི་ཁྲིད་ཡིག་རིག་འཛིན་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་མཛད་པ་ལྡེབ། ༦ དཔལ་མཆོག་དང་པོའ་སངས་རྒྱས་ཀྱི་མན་ངག་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བྱིན་རླབས་བཀའ་བརྒྱུད་བླ་མར་གསོལ་བ་འདེབས་པ་རྒྱུད་འཛིན་མཆོག་རྒྱས་ཞེས་བྱ་བ་རྗེ་རིག་འཛིན་ཚེ་དབང་ནོར་བུས་མཛད་པ་ལྡེབ། ༢ དཔལ་དུས་ཀྱི་འཁོར་ལོའ་སྦྱོར་དྲུག་གི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན་ཟུང་འཇུག་ཐེམསཐེམ་སྐས་ཞེས་བྱ་བ་སི་ཏུ་པདྨ་ཉིན་བྱེད་དབང་པོས་མཛད་པ་ལྡེབ། ༧ དཔལ་དུས་ཀྱི་འཁོར་ལོའ་རིམ་གཉིས་འབྲོའགྲོ་ལུགས་ཀྱི་རྒྱུད་པའི་གསོལ་འདེབས་རྡོ་རྗེ་འབེབས་པ་ཞེས་བྱ་བ་རྗེ་གུ་ཎས་མཛད་པ་ལྡེབ། ༡༣ གྲུབ་ཆེན་དཔེ་མེད་འཚོའ་ལུགས་ཀྱི་སྦྱོར་བ་ཡན་ལག་དྲུག་པའི་རྣལ་འབྱོར་གྱི་སྙིང་པོ་ངེས་པ་ཞེས་བྱ་བ་པཎྜི་ཏ་བི་བྷཱུ་ཏི་ཙནྡྲ་དང་། གཉལ་ལོ་ཙ་བ་མི་མཉམ་བཟང་པོས་བསྒྱུར་བ་ལས་ཕྱུངས་པ་ལྡེབ། ༥ དཔེ་མེད་འཚོའ་ལུགས་ཀྱི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་རྡོ་རྗེའི་ཚིག་འབྱེད་ཅེས་བྱ་བ་རྗེ་པདྨ་དཀར་པོས་མཛད་པ་ལྡེབ། ༡༢ སྙིང་པོ་རྡོ་རྗེའི་ཚིག་ཅེས་བྱ་བ་ལྕེ་རྩེ་རྐན་སྦྱར་གྱི་གདམས་ངག་གི་རྩ་བ་རྗེ་པདྨ་དཀར་པོས་གསུངས་པ་ལྡེབ། ༢ ལྕེ་རྩེ་རྐན་སྦྱར་གྱི་ཁྲིད་རྡོ་རྗེ་འཛིན་པའི་ཉེ་ལམ་རྗེ་པདྨ་དཀར་པོས་གསུངས་པ་ལྡེབ། ༡༢ ལྕེ་རྩེ་རྐན་སྦྱར་གྱི་འཕྲུལ་འཁོར་འགྲེལ་པ་ལྡེབ། ༣ བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་སྙིང་པོ་གྲུབ་པ་ཞེས་བྱ་བ་རྗེ་བློ་གྲོས་མཐའ་ཡས་ཞབས་ཀྱིས་སྒྲུབ་ཐབས་རིན་འབྱུང་ཁོལ་ཕྱུངས་ལྡེབ། ༤ ཆོས་རྒྱལ་རིགས་ལྡན་གཙོ་བོར་གྱུར་པ་རྡོ་རྗེའི་རྣལ་འབྱོར་བརྒྱུད་པའི་བླ་མ་མཆོད་པའི་ཆོ་ག་རྡོ་རྗེ་ཉི་མའི་སྣང་བ་ཆེན་པོ་ཞེས་བྱ་བ་རྗེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་

15-dkar chag-DNZ Tsadra Scan Page 3.jpg

༈༈༈༣༈༈༈མཛད་པ་ལྡེབ། ༡༧ བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཁྲོ་རྒྱལ་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་རྗེས་གནང་བཀླགས་ཆོག་ཏུ་བཀོད་པ་ཡེ་ཤེས་གྲུབ་པ་ཞེས་བྱ་བ་སྒྲུབ་ཐབས་རིན་འབྱུང་ལས་ཁོལ་ཕྱུངས་རྗེ་བློ་གྲོས་མཐའ་ཡས་ཀྱིས་མཛད་པ་ལྡེབ། ༩ བཞི་པ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་པ་རྡོ་རྗེ་གསུམ་བསྙེན་སྒྲུབ་ཀྱི་ཆོས་སྐོར་ལ། དབང་དམིགས་གསལ་མི་བཞུགས། གདམས་ངག་གི་སྐོར་ལ། གྲུབ་ཆེན་ཨོ་རྒྱན་པའི་གདམས་ངག་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་གཞུང་ལྡེབ། ༦ བསྙེན་སྒྲུབ་ཀྱི་འགྲེལ་བཤད་ཡིད་བཞིན་ནོར་བུ་ལྡེབ། ༣༢ རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལས་སྔོན་འགྲོའི་ཆོ་ག་རྗེ་ཟླ་བ་སེང་གེས་མཛད་པ་ལྡེབ། ༦ རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་གྲུབ་ཆེན་གདན་རྫོགས་སུ་བསྒོམ་པའི་བྱང་སེམས་འགྱུར་མེད་ཀྱི་མན་ངག་གྲུབ་པའི་སྙིང་ཐིག་རྗེ་པདྨ་དཀར་པོས་མཛད་པ་ལྡེབ། ༨ བསྙེན་སྒྲུབ་ཀྱི་ཁྲིད་ཡིག་རྗེ་ཟླ་བ་སེང་གེས་མཛད་པ་ལྡེབ། ༨ ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་མ་རྗེ་ཏཱ་ར་ནཱ་ཐས་མཛད་པ་ལྡེབ། ༤ ཆོས་ཚན། ༢༦ ལྡེབ་བསྡོམས། ༣༡༢ བཅས་བཞུགས།། །།

བཅུ་དྲུག་པ་

16-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈།གདམས་ངག་མཛོད། ཁྲིད་ཕྲན། མ༽ སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀུན་འདུས་ཀྱི་བླ་མཆོད་བྱིན་རླབས་དངོས་གྲུབ་ཡོན་ཏན་ཀུན་གྱི་འབྱུང་གནས་ལྡེབ། ༢༨ རྗེས་འབྲེལ་འཕགས་བོད་མཁས་གྲུབ་ཁྱད་འཕགས་དུ་མའི་བརྒྱུད་སྲོལ་སྣ་ཚོགས་ལས་བྱེད་པའི་གདམས་ཁྲིད་ཀྱི་སྐོར་ལ། བླ་མ་རྡོ་རྗེ་འཆང་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ལྷན་ཅིག་ཏུ་བྱ་བའི་ཚུལ། དངོས་གྲུབ་ཆུ་རྒྱུན་ཞེས་བྱ་བ་ཇོ་ནང་རྗེ་བརྩུན་གོང་འོག་གི་བཞེད་པ་ལྟར་རྗེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་གསར་བསྒྲིགས་ལྡེབ། ༢༢ འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་ལྡེབ། ༡༦ གྲུབ་མཆོག་སྤྱི་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རྒྱ་གར་ལུགས་དངོས་གྲུབ་ཐིག་ལེ་འཁྱིལ་བ་ལྡེབ། ༨ གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྫོགས་རིམ་རིན་ཆེན་ཕྲེང་བ་རྩ་འགྲེལ་ལྡེབ། ༢༦ མི་ཏྲ་ཁྲིད་དྲུག་ཏུ་གྲགས་པའི་ཆོས་སྐོར་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལམ་རིམ་མངོན་རྟོགས་དབང་བསྐུར་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་ཞེས་བྱ་བ་རྣལ་འབྱོར་པ་འོད་དཔག་རྡོ་རྗེས་མཛད་པ་ལྡེབ། ༡༤ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དབང་ཆོག་རིན་ཆེན་འོད་འཕྲོའི་ཆོག་བསྒྲིག་དཀྱིལ་འཁོར་སྟོན་པ་བཅས་ལྡེབ། ༤ མགོན་པོ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་ལྡེབ། ༦ བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྗེས་གནང་བྱིན་རླབས་ཀྱི་འབྱུང་གནས་ལྡེབ། ༥ བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་རྗེས་གནང་ལྡེབ། ༥ སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་འཁོར་བ་འཕྲང་སྒྲོལ་གྱི་རྗེས་གནང་ལྡེབ། ༣ ཨཱརྻ་ཛམྦྷ་ལའི་རྗེས་གནང་ལྡེབ། ༥ ཆོས་སྐྱོང་བྲག་ལྷ་མགོན་པོའི་རྗེས་གནང་བ་གེགས་དཔུང་

16-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈འཇོམས་བྱེད་ལྡེབ། ༤ སྤྱན་རས་གཟིགས་ཀྱི་ལམ་གྱི་རིམ་པ་རྡོ་རྗེའི་ཚིག་རྐང་ལྡེབ། ༢ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྙེན་སྒྲུབ་འདུད་རྩིའི་ཆུ་རྒྱུན་ལྡེབ། ༡༣ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡོངས་སུ་སྡུད་པ་བདུད་རྩིའི་དགའ་སྟོན་ལྡེབ། ༢༡ འཕགས་པ་སྤྱན་རས་གཟིགས་ཀྱི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཀྱི་ཆ་ལག་མན་ངག་གསེར་གྱི་ཐུར་མ་རིན་པོ་ཆེའི་སྒྲོན་མེ་ལྡེབ། ༧ འཇམ་དཔལ་དབྱངས་སྐུའི་ཁྲིད་ཤེས་རབ་འཕེལ་བྱེད་ཡེ་ཤེས་རྒྱན་གྱི་འཁོར་ལོ་རྣལ་འབྱོར་པ་འོད་དཔག་རྡོ་རྗེས་ཡི་གེར་བཀོད་པ་ལྡེབ། ༡༡ བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཐུགས་ཀྱི་ཁྲིད་བདུད་དཔུང་འཇོམས་བྱེད་འོད་ཟེར་རྒྱས་པ་རྣལ་འབྱོར་པ་འོད་དཔག་རྡོ་རྗེས་ཡི་གེར་བཀོད་པ་ལྡེབ། ༡༤ བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཡོན་ཏན་གྱི་ཁྲིད་འཆི་མེད་རྡོ་རྗེའི་སྐུ་སྒྲུབ་པར་བྱེད་པ་རྣལ་འབྱོར་པ་འོད་དཔག་རྡོ་རྗེས་ཡི་གེར་བཀོད་པ་ལྡེབ། ༡༠ སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཕྲིན་ལས་ཀྱི་ཁྲིད་འཁོར་བའི་འཕྲང་སྒྲོལ་རྣལ་འབྱོར་པ་འོད་དཔག་རྡོ་རྗེས་ཡི་གེར་བཀོད་པ་དེབ། ༡༠ ཛམྦྷ་ལ་སེར་པོའི་ཁྲིད་དངོས་གྲུབ་ཆར་འབེབས་རྣལ་འབྱོར་པ་འོད་དཔག་རྡོ་རྗེས་ཡི་གེར་བཀོད་པ་ལྡེབ། ༩ སྤྱན་རས་གཟིགས་ལམ་རིམ་བླ་མ་བརྒྱུད་པ་ལ་གསོལ་འདེབས་བྱིན་རླབས་ཀྱི་ཆུ་གཏེར་ལྡེབ། ༢ ཆོས་སྐྱོང་བྲག་ལྷ་མགོན་པོའི་མངོན་རྟོགས་རྣལ་འབྱོར་པ་གྷིརྟི་རཏྣས་མཛད་པ་ལྡེབ། ༤ འཕགས་པ་སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གསུངས་པའི་རང་གི་སེམས་ཉིད་ངལ་གསོ་བའི་མན་ངག་ལྡེབ། ༡༤ འཕགས་པ་སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གཟུངས་པའི་ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་གཞུང་འགྲེལ་སྙིང་པོ་བསྡུས་པ་རྗེ་མཁྱེན་བརྩེའི་དབང་པོས་མཛད་པ་

16-dkar chag-DNZ Tsadra Scan Page 3.jpg

༈༈༈༣༈༈༈ལྡེབ། ༡༤ ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་རྩ་བ་མདོ་ཡི་ལུང་དང་སྦྱར་བ་རྗེ་འཇམ་དབྱངས་མཁེན་བརྩེས་མཛད་པ་ལྡེབ། ༢༤ སེམས་ཉིད་ངལ་གསོའི་བརྒྱུད་འདེབས་གནས་སྦྱར་མ་ལྡེབ། ༡ བླ་མའི་རྣལ་འབྱོར་སྐབས་བླ་མ་བརྒྱད་པའི་ཁ་སྐོངས་ལྡེབ། ༡ གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་མན་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་ལྡེབ། ༧ བཅས་བསྡོམས་ལྡེབ༑ ༣༠༩ བཞུགས༎

བཅུ་བདུན་པ་

17-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈གདམས་ངག་མཛོད། ཁྲིད་ཕྲན། ཙ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་བརྒྱུད་འདེབས་ལྡེབ། ༡༠ སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་བརྒྱུད་འདེབས་ལྡེབ། ༣ ཐུགས་རྗེ་ཆེན་པོའི་སྨར་ཁྲིད་རྗེ་པདྨ་དཀར་པོས་མཛད་པ་ལྡེབ། ༦ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་བརྒྱུད་འདེབས་ལྡེབ། ༢ ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་བརྒྱུད་འདེབས་ལྡེབ། ༥ གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་པའི་ཉམས་ལེན་གྱི་གཞུང་གསལ་བྱེད་དང་བཅས་པ་ལྡེབ། ༡༠ ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་གྲུབ་པའི་ཞལ་ལུང་བདུད་རྩིའི་སྙིང་པོ་ཞེས་བྱ་བ་ལྡེབ། ༡༣ ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང་ཟབ་གསལ་དབྱེར་མེད་ཟུང་དུ་འཇུག་པའི་སྔོན་འགྲོའི་ངག་འདོན་མ་རིག་མུན་སེལ་ཞེས་བྱ་བ་ལྡེབ། ༨ བོ་དོང་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ཟབ་གསལ་གྱི་རིང་བརྒྱུད་གསོལ་འདེབས་ཡེ་ཤེས་མཆོག་སྩོལ་ཅེས་བྱ་བ་ལྡེབ། ༢ བོ་དོང་རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བླ་མའི་ཞལ་ལུང་ཞེས་བྱ་བ་ལྡེབ། ༧ ཀུན་མཁྱེན་བོ་དོང་པའི་བཀའ་སྲོལ་ཐུབ་པ་མདོ་གཅོད་ཀྱི་ངག་འདོན་བཀླགས་པ་གྲུབ་པ་ལྡེབ། ༦ ཀུན་མཁྱེན་བོ་དོང་པའི་དཔལ་དེ་ཉིད་འདུས་ཆེན་གྱི་ཟབ་ཁྲིད་ཆོས་སྐོར་དགུ་ལས། ཐུབ་པ་ཆེན་པོའི་གཅོད་ཀྱི་ཁྲིད་ཡིག་ཟབ་དོན་ཡང་སྙིང་ཞེས་བྱ་བ་ལྡེབ། ༡༡ གཏུམ་མོ་ཞག་བདུན་མའི་གསོལ་འདེབས་སྔོན་འགྲོ་ངག་འདོན་གསུམ་སྦྱོར་ལྡེབ། ༤ རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་འཕོ་བའི་ལོ་རྒྱུས་གདམས་ངག་བཅས་པ་ལྡེབ། ༥ ཐམས་ཅད་མཁྱེན་

17-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈པ་རོང་སྟོན་ཆེན་པོས་ཡུམ་ལ་གནང་བའི་ཟབ་ལམ་འཕོ་བའི་གདམས་སྐོར་ལྡེབ། ༡༡ གྲུབ་ཆེན་ཞི་བ་སྦས་པའི་ཐུགས་བཅུད་བཀའ་བབས་བདུན་ལྡན་གྱི་གཞུང་རྡོ་རྗེའི་ལམ་བཟང་པོ་ཞེས་བྱ་བ་ལྡེབ། ༦ བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་ཞེས་བྱ་བ་ལྡེབ། ༣༩ བཀའ་བབས་དྲུག་ལྡན་གྱི་ཟབ་ཁྲིད་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ་ཞེས་བྱ་བ་ལྡེབ། ༣ ༈ བཅུད་ལེན་གྱི་གདམས་པ་རིམ་པ་ལྔ་པ་ལྡེབ། ༤ ཆུའི་བཅུད་ལེན་གྱི་གདམས་པ་འཆི་མེད་རིག་འཛིན་སྒྲུབ་པའི་ཆུ་རྒྱུན་ཞེས་བྱ་བ་ལྡེབ། ༤ སྙན་བརྒྱུད་རྡེའུ་བཅུད་ལེན་དང་། མེ་ཏོག་བཅུད་ལེན་གྱི་དོན་ཁྲིད་སྦྲག་མ་ལྡེབ། ༦ ༈ །ཐ་མར་དགེ་བ། ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན་གྱི་རིམ་པ་འཆི་མེད་བདུད་རྩིའི་བཅུད་ལེན་ཞེས་བྱ་བ་ལྡེབ། ༤ གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ་ལྡེབ། ༦ རྣམ་རྒྱལ་ལྷ་དགུའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ་ལྡེབ། ༡༣ སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཐུན་མོང་མ་ཡིན་པའི་སྒྲུབ་ཅིང་མཆོད་པའི་ཆོ་ག་འཆི་མེད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་ལྡེབ། ༡༦ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བླ་མ་བརྒྱུད་པའི་གསོལ་འདེབས་ལྡེབ། ༡ རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོའི་ཟབ་ཁྲིད་ཐུན་མོང་མ་ཡིན་པའི་ཡི་གེ་བདེ་ལྡན་མགོན་པའི་ཞལ་ལུང་རིང་འཚོའི་བསིལ་སྦྱིན་ཞེས་བྱ་བ་ལྡེབ། ༡༥ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོ་བསྡུས་པ་ལྡེབ། ༥ བླ་མ་ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན་ཅེས་བྱ་བ་ལྡེབ། ༡༠ ཆོས་ཚན། ༢༩ ལྡེབ་བསྡོམས། ༢༣༥ བཅས་བཞུགས། །

བཅོ་བརྒྱད་པ་

18-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈གདམས་ངག་མཛོད། ཇོ་ནང་ཁྲིད་བརྒྱ། ཚ༽ ཁྲིད་བརྒྱའི་བརྒྱུད་འདེབས་བརྗོད་བདེ་བརྒྱུད་པའི་མཚན་སྡོམ་ཅུང་ཟད་གསལ་བར་བཀོད་པ་ཞེས་བྱ་བ་ལྡེབ། ༡༩ ཁྲིད་བརྒྱའི་བརྒྱུད་འདེབས་ཁ་སྐོང་ལྡེབ། ༡ ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་བའི་ཞབས་བརྟན་ཚིགས་སུ་བཅད་པ་ལྡེབ། ༣ ཁྲིད་བརྒྱའི་སྤྱི་ཆིངས་རྣམ་པར་སྤེལ་བ་ངོ་མཚར་ཆོས་ཀྱི་སྒོ་མང་ཞེས་བྱ་བ་ལྡེབ། ༡༠ ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་ལྡེབ། ༡༦ ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་ཁ་སྐོང་ལྡེབ། ༩ ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་བ་ལྡེབ། ༢ ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་ལྡེབ། ༣ ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཡི་གེ་ལྡེབ། ༡༡༥ ཁྲིད་བརྒྱའི་ས་འགྲེལ་ཡ་མཚན་འཕྲུལ་གྱི་ལྡེ་མིག་ལྡེབ། ༤ ཁྲིད་བརྒྱའི་མཚན་ཐོ་དམིགས་བསལ་ལྡེབ། ༦ ཁྲིད་བརྒྱའི་པོད་དབང་བྱེད་ཚུལ་བླ་མའི་ཞལ་ཤེས་ཡི་གེར་བཀོད་པ་བྱིན་རླབས་ཀྱི་ཟ་མ་ཏོག་ཅེས་བྱ་བ་ལྡེབ། ༣ སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྨིན་གྲོལ་སྙིང་པོ་ཕྱོགས་གཅིག་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་ཞེས་བྱ་བ་ལྡེབ། ༨༤ པར་བྱང་སྨོན་ཚིག་ཞེས་བྱ་བ་ལྡེབ། ༣ དཀར་ཆག་རྙིང་པར་མི་གསལ་ཡང་ཉེར་མཁོའ་ཡན་ལག་ཏུ་ཕྱིས་སུ་ཁ་བསྐང་བ་འདུལ་བའི་ལས་ཆོག་མཐོང་བ་དོན་ལྡན་ཀརྨ་ཕྲིན་ལས་པའི་གསུང་ལྡེབ། ༣༡ ཆོས་ཚན། ༡༥ ལྡེབ་སྡོམས། ༣༠༩ བཅས་བཞུགས།། །

Notes

  1. རྣམ་འགྲེལ་གཉགས་མའོ།
  2. ཤིན་ཏུ་ཉེ་བརྒྱུད་