This is a property of type Text.
Showing 20 pages using this property.
།རྗེ་བཙུན་སྙིང་རྗེ་ཆེན་པོ་པདྨ་བཛྲའི་བཞེད་གཞུང་ཟབ་པའི་ཚུལ་དགུའི་ཁྲིད་ཡིག་གི་ལེ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།།
+པདྨ་ལམ་རིམ་གྱི་གནད་འདོམས་ཁོལ་ཕྱུང་ངོ༌།
+ཧོར་ཀ་བཞི་པའི་ཁྲིད་དཔེ་ལས་བཏུས་སོ།
+རྗེ་ཕག་གྲུའི་གསུང་འབུམ་ལས་བཏུས་ཏེ་འདིར་ཕྱུང་ངོ༌།
+རིན་ཆེན་ཆོས་རྒྱལ་གྱི་ཁྲིད་ཡིག་ལས་བཏུས་སོ།
+
* '''Lineage Statement:''' །འདིའི་ཁྲིད་ཀྱི་བརྒྱུད་པ་ནི། དཔལ་འབྱོར་དོན་གྲུབ་ཡན་དོན་བརྒྱུད་ལྟར་ལས། དེ་ནས་ཞྭ་དམར་བཞི་པ། མཉན་པ། རྗེ་བརྒྱད་པ། དཀོན་མཆོག་འབངས། རྗེ་དགུ་པ། སྤ་གྲོའི་རྟོགས་ལྡན་རིམ་པ་གསུམ་པ་ལས་རྟོགས་ལྡན་རིག་འཛིན། དེ་ལས་སི་ཏུ་རིན་པོ་ཆེས་གསན། དེ་ནས་བདག་ཀུན་ཁྱབ་ཀྱིས་དང་སྤྱན་སྔའི་ཁྲིད་ལས་བསྒོམ་དོན་འདི་ཡང་ཟིན་ཆུང་དུ་བཀོད་དོ། །ཀུན་ཁྱབ་ནས། གཅོད་པ་བསྟན་རྒྱས། ལེ་ལེ་པ་ཡེ་ཤེས་ཉི་མ། མཆོག་སྤྲུལ་ངེས་དོན་དབང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་བདག་བློ་གྲོས་མཐའ་ཡས་ཀྱིས་ཐོབ་པའོ། །མངྒ་ལཾ།།
+དཔྱལ་པའི་ཡིག་རྙིང་ཇི་ལྟ་བ་བཞིན་བྲིས་སོ།
+།ཞེས་པ་འདིའང་ཏཱ་ར་ནཱ་ཐས་ཤར་ཀོང་པའི་ཡུལ་གྱི་བཤེས་གཉེན་མཁྱེན་རབ་ཅེས་བྱ་བའི་དོན་དུ་ཉེ་བར་གདམས་པའོ། །དགེའོ།།
+།ཞེས་པའང་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྨྲས་སོ། །སརྦ་མངྒ་ལམ།།
+།དེ་ལྟར་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི། །གདམས་པ་ཉུང་ངུ་ལས་ཀྱང་ཆེས་ཉུང་འདི། །སྡེ་དགེ་ས་དབང་ཆེན་པོའི་མདུན་ན་འདོན། །བསྒྲེས་པོ་ཆོས་སྦྱོང་བློ་གྲོས་ཞལ་སྔ་ནས། །བསྐུལ་བར་མཛད་པས་གང་དྲན་སྡེབ་སྦྱོར་གྱིས། །མ་བཅིངས་བབ་ཅོལ་ལྷུག་པར་སྨྲ་བ་པོ། །གཙུག་ལག་ཆོས་ཀྱི་སྣང་བ་ཞེས་བྱའོ།།
+སྤྱན་སྔ་བའི་ཁྲིད་ཡིག་ལས་བཏུས་སོ།
+འཁོར་ལོ་བདེ་མཆོག་ཏེ་ལོ་པའི། །ཕྱག་རྒྱ་ཆེན་པོའི་ས་བཅད་འདི། །རང་བྱུང་རོལ་པའི་རྡོ་རྗེས་བཏབ། །ཀུན་གྱིས་ཕྱག་ཆེན་རྟོགས་པར་ཤོག
+ཕྱག་རྒྱ་ཆེན་པོ་གངྒཱ་མའི་དོན་ཅུང་ཞིག་གསལ་བར་ཕྱེ་བ་རྫོགས་སོ། །ལུག་ལོ་ཟླ་བ་བརྒྱད་པ་ལ་མཚུར་ཕུའི་བཀྲ་ཤིས་གསལ་མར་རང་བྱུང་རྡོ་རྗེས་མཛད་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཤུ་བྷམ་སྟུ་སརྦ་ཛ་ག་ཏཱཾ།།
+
* '''Colophon page 269:''' ཕྱག་རྒྱ་ཆེན་པོ་གཅོད་ཡུལ་གྱི་གདམས་པ་བྱིན་རླབས་ཀྱི་བཀའི་རྗེས་གནང་གི་རིམ་པ། གཅོད་ཀྱི་གཞུང་ཆེན་པོ་རྣམས་དང༌། ཇོ་མོ་ལ་སོགས་པ་རྣམས་ཀྱི་གསུང་སྒྲོས་ཀྱི་ཐོབ་ཚུལ་ལེགས་ཆ་རྣམས་དང༌༑ ཐམས་ཅད་མཁྱེན་པ་གཉིས་པ་རང་བྱུང་རྡོ་རྗེའི་གཅོད་ཀྱི་ཊཱི་ཀ་རྣམས་དང༌། བླ་མ་གཅོད་ཡུལ་མཁས་པ་རྣམས་ཀྱི་གསུང་གི་འོད་ཟེར་གྱི་ལེགས་ཆ་དང་གསུང་སྒྲོས་ལ་བློས་བརྟགས་ནས། ལག་ལེན་རྒྱུ་རྣམས་ཕྱོགས་གཅིག་ཏུ་གོ་བདེ་བའི་སླད་དུ་བླ་མའི་ཕྱག་ལེན་གྱི་རིམ་པ་ཇི་བཞིན་དུ་གཅོད་ཡུལ་བ་རཏྣ་སིང་ཧས་སྦྱར་བ་རྫོགས་སོ།
+བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ཡིག་ལས་བཏུས་སོ།
+གཡག་སྡེ་པཎ་ཆེན་གྱི་ཁྲིད་ཡིག་ལས་བཏུས་སོ།
+།གོ་སླ་ལ་ཁྱེར་བདེ་བ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་རྫོགས་སོ།། །།སརྦ་དཱ་མངྒ་ལཾ།།
+རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ།
+།ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི། །རྩ་ཚིག་བསྡུས་དོན་དྲན་ཐོ་མདོར་བསྡུས་འདི། །སློབ་དཔོན་ཕྱོགས་གླང་ཞེས་བྱས་བསྐུལ་བ་ལས། །བཛྲེ་ཤྭ་ར་ རྗེ་དགུ་པ་དབང་ཕྱུག་རྡོ་རྗེ། ཞེས་བྱའི་ཕྱོགས་བཅུ་པས། །རྣམ་ཐོས་རི་བོའི་ངོགས་སུ་བྲིས་པའོ།།
+
* '''First colophon page 5:''' །དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་མན་ངག་ཉམས་སུ་ཇི་ལྟར་ལེན་ཚུལ། རིན་པོ་ཆེའི་གསུང་ལས་བྱོན་པ། ཡིད་བཞིན་གྱི་ནོར་བུའི་གདམས་པ། བནྡེ་བཀྲ་ཤིས་དཔལ་གྱི་ཡི་དམ་ལགས་སོ།
* '''Second colophon page 25:'''མཉམ་མེད་དམ་པ་རིན་པོ་ཆེའི་ཉམས་མྱོང་མན་ངག་སྨར་ཁྲིད་རྣམས། བནྡེ་བཀྲ་ཤིས་དཔལ་ཉིད་ཀྱིས། །ཡི་གེར་གསལ་བ་བྱས་པ་ལ། །བླ་མ་མཁའ་འགྲོ་མ་ལུས་པ། །མི་མཉེས་ནོངས་པ་བཟོད་པར་གསོལ། །ཉམས་ལེན་མན་ངག་སྨར་ཁྲིད་འདིས། །འགྲོ་བ་རྣམས་ལ་ཕན་ཐོགས་ཤོག །ཤུ་བྷཾ།།
+