DNZ-11-DA-001-005: Difference between revisions

From Damngak Dzö
DNZ-11-DA-001-005
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༈  །ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་བཞུགས་སོ། །རྒྱ་གར་མཁའ་འགྲོའི་{{TibChung|ནི་གུ་མ། སུ་ཁ་སིདྡྷི། སྦས་པའི་རྣལ་འབྱོར། རཱ་ཧུ་ལ་དང༌། རྡོ་རྗེ་གདན་པ་རྣམས་ཀྱི།}} ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ནི། སྔོན་འགྲོ་དག་བྱེད་སྟོང་ར། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་འཁྲུལ་པ་རང་དག །ཁྱད་འཕགས་འཁོར་ལོ་རྣམ་དྲུག །བསྲེ་འཕོ་ཤེས་རབ་རྣམ་བཞི། འཆུགས་མེད་ལམ་ཁྱེར་རྣམ་གསུམ། དག་སྣང་ལྷ་སྐུ་རང་ཤར། ཡུལ་སྣང་གང་བསམ་གསལ་མཐོང༌། འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་ལོངས་སྤྱོད་རྫོགས་སྐུ། ཀུན་རྫོབ་{{TibChung|ཡང་ལོག་གཉིས་ཀྱི་}}སྒྱུ་མ་རྨི་ལམ། དོན་དམ་ཕན་མེད་ {{TibChung|པར་ཡང་གྲུབ་པ་}} གནོད་མེད་ {{TibChung|པར་ཡང་གྲུབ་པ།}} གཞན་དོན་{{TibChung|དུ་}}གཟུགས་སྐུ་རང་ཤར་{{TibChung|དུ་འབྱུང་བ་གང་ལ་གང་འདུལ་དུ་གཞན་དོན་བྱེད་པའོ།}} །རོ། །རང་རྒྱུད་{{TibChung|ཀྱི་ཉོན་མོངས་པའི་}}དྲི་མ་{{TibChung|དང་དམ་ཚིག་}}ཉམས་ཆག་{{TibChung|དཀོར་སྐུ་གླུད། སྐུར་པ་བཏབ་པ་གྲིབ་ལ་སོགས་པ་ཐམས་ཅད་}}འདགས། འདི་ནི་སྟོང་རའི་མཚན་ཉིད་ཡིན། །བདེ་{{TibChung|སྟོང་པར་འཆར་}}དྲོད་རང་བཞིན་{{TibChung|གསལ་བར་འཆར་}}སྟོང་གསལ་འཆར། །འདི་ནི་{{TibChung|སྒྱུ་ལུས་འོད་གསལ་སྐྱེ་བའི་}}ཐབས་ལམ་མཚན་ཉིད་ཡིན། །{{TibChung|སྣང་བ་འདི་སྣ་ཚོགས་སུ་}}སྣང་ཡང་རང་བཞིན་མ་གྲུབ་པ། །འདི་ནི་སྒྱུ་མའི་མཚན་ཉིད་ཡིན། །{{TibChung|ཉིན་པར་དང་ནུབ་མོ་}}གཉིས་འཁྲུལ་{{TibChung|ལ་དེ་རྨི་ལམ་ཟིན་པས་}}བདེན་མེད་བདེ་བར་འཆར། །འདི་ནི་རྨི་ལམ་མཚན་ཉིད་ཡིན། །{{TibChung|ཉིན་པར་དང་མཚན་མོ་བར་དོ་གསུམ་}}དག་པ་གསུམ་ལྡན་{{TibChung|ཉིན་པར་དང་མཚན་མོ་བར་དོ་གསུམ་གྱི་སྣང་བ་ལ་བརྟེན་ནས་}}མ་དག་སྤངས། །འདི་ནི་{{TibChung|རྨི་ལམ་ཟིན་པས་}}འཁོར་ལོའི་མཚན་ཉིད་ཡིན། །{{TibChung|ཉིན་པར་}}སྒྱུ་མ་རྨི་ལམ་འོད་གསལ་{{TibChung|གཉིས་}}བསྲེ། །འདི་ནི་བསྲེ་འཕོའི་མཚན་ཉིད་ཡིན། །བླ་མ་ཡི་དམ་སྒྱུ་ལུས་གསུམ། །འབྲལ་བ་མེད་པར་ལམ་དུ་ཁྱེར། །སྣང་སྟོང་{{TibChung|པ་དབྱེར་མེད་}}བདེ་སྟོང་དབྱེར་མེད་{{TibChung|ཅིར་ཡང་མཁྱེན་པའི་ཡེ་ཤེས་དང་ལྡན་པ་}}མཆོག །འདི་ནི་ལྷ་སྐུའི་མཚན་ཉིད་ཡིན། །{{TibChung|དབང་པོ་རབ་འབྲིང་གིས་ཉིན་པར་དང་ནུབ་མོ་}}གང་བསམ་ཞིང་ཁམས་ཇི་བཞིན་མཐོང༌། །འདི་ནི་ཡུལ་སྣང་མཚན་ཉིད་ཡིན། །གསལ་{{TibChung|བ་དང་}}སྟོང་{{TibChung|པ་དབྱེར་མེད་པའི་འཛིན་མེད་}}བདེ་བ་ཆེ། །འདི་ནི་འོད་གསལ་མཚན་ཉིད་ཡིན། །འཆི་ཁར་{{TibChung|སྡིག་པོ་ཆེ་མཚམས་མེད་པ་བྱས་པས་ཀྱང་}}དྲན་པས་{{TibChung|ཙམ་གྱིས་ཀྱང་}}མངོན་{{TibChung|པར་}}སངས་རྒྱས།{{TibChung|པ།}} །འདི་ནི་འཕོ་བའི་མཚན་ཉིད་ཡིན། །སྣང་{{TibChung|བ་དང་}}སྟོང་{{TibChung|པ་དབྱེར་མེད་ཅིང་}}ཞེན་བྲལ་{{TibChung|དྲི་མ་ཐམས་ཅད་དང་བྲལ་བ་}}བདེ་ཆེན་སྐུ། །འདི་ནི་ལོངས་སྐུའི་མཚན་ཉིད་ཡིན། །{{TibChung|ཡང་ལོག་གི་ཀུན་རྫོབ་གཉིས་}}སྣ་ཚོགས་སྣང་ཡང་རང་བཞིན་མེད༑ ༑འདི་ནི་ཀུན་རྫོབ་མཚན་ཉིད་ཡིན། །ཕན་གནོད་སྤང་ཐོབ་མ་གྲུབ་པས། །འདི་ནི་དོམ་དམ་{{TibChung|དོན་དམ་པའི་བདེན་པ་དེ་སངས་རྒྱས་ཀྱི་སྐུ་མ་ཡིན། ལམ་མ་ཡིན། འབྲས་བུ་མ་ཡིན། དུས་གསུམ་གྱི་སངས་རྒྱས་ཀྱིས་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །མ་རྟོགས། མི་རྟོགས། རྟོགས་པར་མི་འགྱུར་བའི་ཡུལ་ཡིན་ནོ། །}}མཚན་ཉིད་ཡིན། །གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །འདི་ནི་གཟུགས་སྐུའི་མཚན་ཉིད་དོ། །ཁྱད་འཕགས་བཅོ་ལྔ་པ་ཞེས་བྱ་བ། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་རྒྱས་པའོ།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=gdams ngag rin po che'i mdzod
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|totalvolumes=18
|author='jam mgon kong sprul
|authortib=འཇམ་མགོན་ཀོང་སྤྲུལ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=11
|volumeLetter=DA
|textnuminvol=001
|textsubnumber=005
|pdflink=File:DNZ-11-DA-001-005.pdf
|InitCategories=Damngak Rinpoché Dzö; DNZ-Volume-11-DA; DNZ-11-DA-001
}}
<h1>Tibetan Text</h1>
<onlyinclude>
{{TibP|༈  །ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་བཞུགས་སོ། །རྒྱ་གར་མཁའ་འགྲོའི་{{TibChung|ནི་གུ་མ། སུ་ཁ་སིདྡྷི། སྦས་པའི་རྣལ་འབྱོར། རཱ་ཧུ་ལ་དང༌། རྡོ་རྗེ་གདན་པ་རྣམས་ཀྱི།}} ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ནི། སྔོན་འགྲོ་དག་བྱེད་སྟོང་ར། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་འཁྲུལ་པ་རང་དག །ཁྱད་འཕགས་འཁོར་ལོ་རྣམ་དྲུག །བསྲེ་འཕོ་ཤེས་རབ་རྣམ་བཞི། འཆུགས་མེད་ལམ་ཁྱེར་རྣམ་གསུམ། དག་སྣང་ལྷ་སྐུ་རང་ཤར། ཡུལ་སྣང་གང་བསམ་གསལ་མཐོང༌། འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་ལོངས་སྤྱོད་རྫོགས་སྐུ། ཀུན་རྫོབ་{{TibChung|ཡང་ལོག་གཉིས་ཀྱི་}}སྒྱུ་མ་རྨི་ལམ། དོན་དམ་ཕན་མེད་ {{TibChung|པར་ཡང་གྲུབ་པ་}} གནོད་མེད་ {{TibChung|པར་ཡང་གྲུབ་པ།}} གཞན་དོན་{{TibChung|དུ་}}གཟུགས་སྐུ་རང་ཤར་{{TibChung|དུ་འབྱུང་བ་གང་ལ་གང་འདུལ་དུ་གཞན་དོན་བྱེད་པའོ།}} །རོ། །རང་རྒྱུད་{{TibChung|ཀྱི་ཉོན་མོངས་པའི་}}དྲི་མ་{{TibChung|དང་དམ་ཚིག་}}ཉམས་ཆག་{{TibChung|དཀོར་སྐུ་གླུད། སྐུར་པ་བཏབ་པ་གྲིབ་ལ་སོགས་པ་ཐམས་ཅད་}}འདགས། འདི་ནི་སྟོང་རའི་མཚན་ཉིད་ཡིན། །བདེ་{{TibChung|སྟོང་པར་འཆར་}}དྲོད་རང་བཞིན་{{TibChung|གསལ་བར་འཆར་}}སྟོང་གསལ་འཆར། །འདི་ནི་{{TibChung|སྒྱུ་ལུས་འོད་གསལ་སྐྱེ་བའི་}}ཐབས་ལམ་མཚན་ཉིད་ཡིན། །{{TibChung|སྣང་བ་འདི་སྣ་ཚོགས་སུ་}}སྣང་ཡང་རང་བཞིན་མ་གྲུབ་པ། །འདི་ནི་སྒྱུ་མའི་མཚན་ཉིད་ཡིན། །{{TibChung|ཉིན་པར་དང་ནུབ་མོ་}}གཉིས་འཁྲུལ་{{TibChung|ལ་དེ་རྨི་ལམ་ཟིན་པས་}}བདེན་མེད་བདེ་བར་འཆར། །འདི་ནི་རྨི་ལམ་མཚན་ཉིད་ཡིན། །{{TibChung|ཉིན་པར་དང་མཚན་མོ་བར་དོ་གསུམ་}}དག་པ་གསུམ་ལྡན་{{TibChung|ཉིན་པར་དང་མཚན་མོ་བར་དོ་གསུམ་གྱི་སྣང་བ་ལ་བརྟེན་ནས་}}མ་དག་སྤངས། །འདི་ནི་{{TibChung|རྨི་ལམ་ཟིན་པས་}}འཁོར་ལོའི་མཚན་ཉིད་ཡིན། །{{TibChung|ཉིན་པར་}}སྒྱུ་མ་རྨི་ལམ་འོད་གསལ་{{TibChung|གཉིས་}}བསྲེ། །འདི་ནི་བསྲེ་འཕོའི་མཚན་ཉིད་ཡིན། །བླ་མ་ཡི་དམ་སྒྱུ་ལུས་གསུམ། །འབྲལ་བ་མེད་པར་ལམ་དུ་ཁྱེར། །སྣང་སྟོང་{{TibChung|པ་དབྱེར་མེད་}}བདེ་སྟོང་དབྱེར་མེད་{{TibChung|ཅིར་ཡང་མཁྱེན་པའི་ཡེ་ཤེས་དང་ལྡན་པ་}}མཆོག །འདི་ནི་ལྷ་སྐུའི་མཚན་ཉིད་ཡིན། །{{TibChung|དབང་པོ་རབ་འབྲིང་གིས་ཉིན་པར་དང་ནུབ་མོ་}}གང་བསམ་ཞིང་ཁམས་ཇི་བཞིན་མཐོང༌། །འདི་ནི་ཡུལ་སྣང་མཚན་ཉིད་ཡིན། །གསལ་{{TibChung|བ་དང་}}སྟོང་{{TibChung|པ་དབྱེར་མེད་པའི་འཛིན་མེད་}}བདེ་བ་ཆེ། །འདི་ནི་འོད་གསལ་མཚན་ཉིད་ཡིན། །འཆི་ཁར་{{TibChung|སྡིག་པོ་ཆེ་མཚམས་མེད་པ་བྱས་པས་ཀྱང་}}དྲན་པས་{{TibChung|ཙམ་གྱིས་ཀྱང་}}མངོན་{{TibChung|པར་}}སངས་རྒྱས།{{TibChung|པ།}} །འདི་ནི་འཕོ་བའི་མཚན་ཉིད་ཡིན། །སྣང་{{TibChung|བ་དང་}}སྟོང་{{TibChung|པ་དབྱེར་མེད་ཅིང་}}ཞེན་བྲལ་{{TibChung|དྲི་མ་ཐམས་ཅད་དང་བྲལ་བ་}}བདེ་ཆེན་སྐུ། །འདི་ནི་ལོངས་སྐུའི་མཚན་ཉིད་ཡིན། །{{TibChung|ཡང་ལོག་གི་ཀུན་རྫོབ་གཉིས་}}སྣ་ཚོགས་སྣང་ཡང་རང་བཞིན་མེད༑ ༑འདི་ནི་ཀུན་རྫོབ་མཚན་ཉིད་ཡིན། །ཕན་གནོད་སྤང་ཐོབ་མ་གྲུབ་པས། །འདི་ནི་དོམ་དམ་{{TibChung|དོན་དམ་པའི་བདེན་པ་དེ་སངས་རྒྱས་ཀྱི་སྐུ་མ་ཡིན། ལམ་མ་ཡིན། འབྲས་བུ་མ་ཡིན། དུས་གསུམ་གྱི་སངས་རྒྱས་ཀྱིས་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །མ་རྟོགས། མི་རྟོགས། རྟོགས་པར་མི་འགྱུར་བའི་ཡུལ་ཡིན་ནོ། །}}མཚན་ཉིད་ཡིན། །གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །འདི་ནི་གཟུགས་སྐུའི་མཚན་ཉིད་དོ། །ཁྱད་འཕགས་བཅོ་ལྔ་པ་ཞེས་བྱ་བ། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་རྒྱས་པའོ།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:22, 29 May 2025

Wylie title
Location gdams ngag rin po che'i mdzod
Volume 11, Text 1, Subtext 5, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༈ །ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་བཞུགས་སོ། །རྒྱ་གར་མཁའ་འགྲོའི་ནི་གུ་མ། སུ་ཁ་སིདྡྷི། སྦས་པའི་རྣལ་འབྱོར། རཱ་ཧུ་ལ་དང༌། རྡོ་རྗེ་གདན་པ་རྣམས་ཀྱི། ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ནི། སྔོན་འགྲོ་དག་བྱེད་སྟོང་ར། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་འཁྲུལ་པ་རང་དག །ཁྱད་འཕགས་འཁོར་ལོ་རྣམ་དྲུག །བསྲེ་འཕོ་ཤེས་རབ་རྣམ་བཞི། འཆུགས་མེད་ལམ་ཁྱེར་རྣམ་གསུམ། དག་སྣང་ལྷ་སྐུ་རང་ཤར། ཡུལ་སྣང་གང་བསམ་གསལ་མཐོང༌། འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་ལོངས་སྤྱོད་རྫོགས་སྐུ། ཀུན་རྫོབ་ཡང་ལོག་གཉིས་ཀྱི་སྒྱུ་མ་རྨི་ལམ། དོན་དམ་ཕན་མེད་ པར་ཡང་གྲུབ་པ་ གནོད་མེད་ པར་ཡང་གྲུབ་པ། གཞན་དོན་དུ་གཟུགས་སྐུ་རང་ཤར་དུ་འབྱུང་བ་གང་ལ་གང་འདུལ་དུ་གཞན་དོན་བྱེད་པའོ། །རོ། །རང་རྒྱུད་ཀྱི་ཉོན་མོངས་པའི་དྲི་མ་དང་དམ་ཚིག་ཉམས་ཆག་དཀོར་སྐུ་གླུད། སྐུར་པ་བཏབ་པ་གྲིབ་ལ་སོགས་པ་ཐམས་ཅད་འདགས། འདི་ནི་སྟོང་རའི་མཚན་ཉིད་ཡིན། །བདེ་སྟོང་པར་འཆར་དྲོད་རང་བཞིན་གསལ་བར་འཆར་སྟོང་གསལ་འཆར། །འདི་ནི་སྒྱུ་ལུས་འོད་གསལ་སྐྱེ་བའི་ཐབས་ལམ་མཚན་ཉིད་ཡིན། །སྣང་བ་འདི་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པ། །འདི་ནི་སྒྱུ་མའི་མཚན་ཉིད་ཡིན། །ཉིན་པར་དང་ནུབ་མོ་གཉིས་འཁྲུལ་ལ་དེ་རྨི་ལམ་ཟིན་པས་བདེན་མེད་བདེ་བར་འཆར། །འདི་ནི་རྨི་ལམ་མཚན་ཉིད་ཡིན། །ཉིན་པར་དང་མཚན་མོ་བར་དོ་གསུམ་དག་པ་གསུམ་ལྡན་ཉིན་པར་དང་མཚན་མོ་བར་དོ་གསུམ་གྱི་སྣང་བ་ལ་བརྟེན་ནས་མ་དག་སྤངས། །འདི་ནི་རྨི་ལམ་ཟིན་པས་འཁོར་ལོའི་མཚན་ཉིད་ཡིན། །ཉིན་པར་སྒྱུ་མ་རྨི་ལམ་འོད་གསལ་གཉིས་བསྲེ། །འདི་ནི་བསྲེ་འཕོའི་མཚན་ཉིད་ཡིན། །བླ་མ་ཡི་དམ་སྒྱུ་ལུས་གསུམ། །འབྲལ་བ་མེད་པར་ལམ་དུ་ཁྱེར། །སྣང་སྟོང་པ་དབྱེར་མེད་བདེ་སྟོང་དབྱེར་མེད་ཅིར་ཡང་མཁྱེན་པའི་ཡེ་ཤེས་དང་ལྡན་པ་མཆོག །འདི་ནི་ལྷ་སྐུའི་མཚན་ཉིད་ཡིན། །དབང་པོ་རབ་འབྲིང་གིས་ཉིན་པར་དང་ནུབ་མོ་གང་བསམ་ཞིང་ཁམས་ཇི་བཞིན་མཐོང༌། །འདི་ནི་ཡུལ་སྣང་མཚན་ཉིད་ཡིན། །གསལ་བ་དང་སྟོང་པ་དབྱེར་མེད་པའི་འཛིན་མེད་བདེ་བ་ཆེ། །འདི་ནི་འོད་གསལ་མཚན་ཉིད་ཡིན། །འཆི་ཁར་སྡིག་པོ་ཆེ་མཚམས་མེད་པ་བྱས་པས་ཀྱང་དྲན་པས་ཙམ་གྱིས་ཀྱང་མངོན་པར་སངས་རྒྱས།པ། །འདི་ནི་འཕོ་བའི་མཚན་ཉིད་ཡིན། །སྣང་བ་དང་སྟོང་པ་དབྱེར་མེད་ཅིང་ཞེན་བྲལ་དྲི་མ་ཐམས་ཅད་དང་བྲལ་བ་བདེ་ཆེན་སྐུ། །འདི་ནི་ལོངས་སྐུའི་མཚན་ཉིད་ཡིན། །ཡང་ལོག་གི་ཀུན་རྫོབ་གཉིས་སྣ་ཚོགས་སྣང་ཡང་རང་བཞིན་མེད༑ ༑འདི་ནི་ཀུན་རྫོབ་མཚན་ཉིད་ཡིན། །ཕན་གནོད་སྤང་ཐོབ་མ་གྲུབ་པས། །འདི་ནི་དོམ་དམ་དོན་དམ་པའི་བདེན་པ་དེ་སངས་རྒྱས་ཀྱི་སྐུ་མ་ཡིན། ལམ་མ་ཡིན། འབྲས་བུ་མ་ཡིན། དུས་གསུམ་གྱི་སངས་རྒྱས་ཀྱིས་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །མ་རྟོགས། མི་རྟོགས། རྟོགས་པར་མི་འགྱུར་བའི་ཡུལ་ཡིན་ནོ། །མཚན་ཉིད་ཡིན། །གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །འདི་ནི་གཟུགས་སྐུའི་མཚན་ཉིད་དོ། །ཁྱད་འཕགས་བཅོ་ལྔ་པ་ཞེས་བྱ་བ། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་རྒྱས་པའོ།