DNZ-04-NGA-015: Difference between revisions

From Damngak Dzö
DNZ-04-NGA-015
No edit summary
No edit summary
 
(7 intermediate revisions by 2 users not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=བཀའ་གདམས་ལྷ་བཞིའི་ཁྲིད་ཀྱི་ཡི་གེ་མདོ་སྔགས་ལམ་གྱི་བཅུད་འདུས།
|fulltitle=bka' gdams lha bzhi'i khrid kyi yi ge mdo sngags lam gyi bcud 'dus
|fulltitletrans=The Collected Essence of the Sūtra and Tantra Paths: An Instruction Text on the Four Kadam Deities
|citation='jam mgon kong sprul. ''Bka' gdams lha bzhi'i khrid kyi yi ge mdo sngags lam gyi bcud 'dus''. In ''Gdams ngag rin po che'i mdzod'', Vol. 4: 469-546. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitle=gdams ngag rin po che'i mdzod

|totalvolumes=18
|author='jam mgon kong sprul
|author='jam mgon kong sprul
|authortib=འཇམ་མགོན་ཀོང་སྤྲུལ་
|compiler='jam mgon kong sprul
|citation=
|tibgenre=Contemplative Guide Books and Instructional Manuals - khrid yig
|terma=No
|practicelineage=Kadam
|deity=bka' gdams lha bzhi
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=04
|volumenumber=04
|volumeLetter=NGA
|volnumtib=༤
|volyigtib=ང
|totalvolumes=18
|textnuminvol=015
|textnuminvol=015
|pagenumbers=469-546
|totalpages=78
|beginfolioline=1a1
|endfolioline=39b2
|totalfolios=39
|multivolumework=No
|rectonotes=lha bzhi'i khrid yig
|versonotes=bka' gdams skor
|colophontib=།ཅེས་པ་འདིའང་རྗེ་བཙུན་འཇམ་པའི་དབྱངས་དགེ་བའི་བཤེས་གཉེན་གྱི་ཚུལ་སྟོན་པ་ཁྱབ་བདག་ཐམས་ཅད་མཁྱེན་གཟིགས་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས༑ ཟབ་ཁྲིད་བཀའ་དྲིན་ཏུ་སྩལ་བའི་ཚེ་རེག་ཟིག་འབྲི་བར་འོས་པའི་བཀའ་སྩལ་གནང་བ། ཤེར་བརྩོན་དམན་པས་གསུང་རྣམ་པ་ཐམས་ཅད་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ལས་ཆ་ཙམ་ཡང་འཛིན་པར་མ་ནུས་ཀྱང་བསྙེལ་བར་ཕོངས་ཏེ། རྗེ་ཉིད་ཀྱིས་གནང་བའི་ས་བཅད་རྩ་བར་བཟུང༌། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ་དང༌། འཇམ་མགོན་ཀུན་དགའ་བསོད་ནམས་ཀྱི་ཁྲིད་ཡིག་གི་ལེགས་ཆ་བཏུས། རྗེ་བཙུན་གྲོལ་མཆོག་ཞབས་ཀྱི་ཁྲིད་ཡིག་གི་ཚིག་དོན་གཉིས་ཀའང་ཚང་བའི་ལུགས་སུ་བྱས་ཏེ། རང་བློས་གང་དཔོག་གི་ཟིན་བྲིས་སུ་སྙོམས་ལས་པ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གདན་སར་བྲིས་པ་བསྟན་པ་རིན་པོ་ཆེ་རྒྱས་པའི་རྒྱུར་གྱུར་ཅིག  །དགེ་ལེགས་འཕེལ།།
|colophonwylie=ces pa 'di'ang rje btsun 'jam pa'i dbyangs dge ba'i bshes gnyen gyi tshul ston pa khyab bdag thams cad mkhyen gzigs chen po 'jam dbyangs mkhyen brtse'i dbang po'i zhal snga nas/_zab khrid bka' drin tu stsal ba'i tshe reg zig 'bri bar 'os pa'i bka' stsal gnang ba/_sher brtson dman pas gsung rnam pa thams cad dang ldan pa'i chos kyi 'khor lo las cha tsam yang 'dzin par ma nus kyang bsnyel bar phongs te/_rje nyid kyis gnang ba'i sa bcad rtsa bar bzung /_smyug la paN chen ngag dbang grags pa dang /_'jam mgon kun dga' bsod nams kyi khrid yig gi legs cha btus/_rje btsun grol mchog zhabs kyi khrid yig gi tshig don gnyis ka'ang tshang ba'i lugs su byas te/_rang blos gang dpog gi zin bris su snyoms las pa yon tan rgya mtshos dpal spungs thub bstan chos 'khor gling gi gdan sar bris pa bstan pa rin po che rgyas pa'i rgyur gyur cig__/dge legs 'phel//
|shechendnz=DNZ-Shechen-04-NGA-015
|pdflink=File:DNZ-04-NGA-015.pdf
|pdflink=File:DNZ-04-NGA-015.pdf
|authortib=འཇམ་མགོན་ཀོང་སྤྲུལ་
|InitCategories=Damngak Rinpoché Dzö; DNZ-Volume-04-NGA

}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅།  །བཀའ་གདམས་ལྷ་བཞིའི་ཁྲིད་ཀྱི་ཡི་གེ་མདᨖ་སྔགས་ལམ་གྱི་བཅུད་འདུས་ཞེས་བྱ་བ་བཞུགས་སᨖ། །
{{TibP|༄༅།  །བཀའ་གདམས་ལྷ་བཞིའི་ཁྲིད་ཀྱི་ཡི་གེ་མདོ་སྔགས་ལམ་གྱི་བཅུད་འདུས་ཞེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི་སིདྡྷཾ། རབ་ཏུ་མི་གནས་ཡེ་ཤེས་དང༌། །ཟབ་མᨖ་རྟེན་འབྲེལ་ཆོས་མཁྱེན་ནས། །འཇིག་རྟེན་གསུམ་གྱི་ལམ་སྟོན་པ། །ཐུབ་མཆོག་དེ་ལ་གུས་བཏུད་དེ༑ ༑སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལམ། །རྒྱལ་བ་སྲས་བཅས་གཤེགས་པའི་ཤུལ། །གང་དེའི་ཁྲིད་ཡིག་མདᨖར་བསྡུས་པ། །བླ་མའི་གསུང་བཞིན་བྲི་བར་བྱ། །འདིར་ལྷ་
 
ཆོས་བདུན་ལྡན་གྱི་བསྟན་པའི་མངའ་བདག་མཉམ་མེད་ཇོ་བᨖ་བཀའ་གདམས་པའི་ཐུགས་དམ་ལྷ་བཞིའི་ཡ་གྱལ་བསྟན་པ་འདིའི་བདག་པᨖ་སྟོན་པ་ཐུབ་པའི་དབང་པᨖའི་ལྟ་ཁྲིད་
 
ཟབ་མᨖ་འཆད་པ་ལ། བཤད་བྱ་ཆོས་ངོས་བཟུང་བ། ཇི་ལྟར་འཆད་པའི་ཚུལ། སྐབས་དᨖན་གྱི་གདམས་ངག་དངོས་དང་གསུམ། དང་པᨖ་ནི། རྒྱལ་བ་ཐབས་མཁས་ལ་ཐུགས་
༄༅།  །ༀ་སྭ་སྟི་སིདྡྷཾ། རབ་ཏུ་མི་གནས་ཡེ་ཤེས་དང༌། །ཟབ་མོ་རྟེན་འབྲེལ་ཆོས་མཁྱེན་ནས། །འཇིག་རྟེན་གསུམ་གྱི་ལམ་སྟོན་པ། །ཐུབ་མཆོག་དེ་ལ་གུས་བཏུད་དེ༑ ༑སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལམ། །རྒྱལ་བ་སྲས་བཅས་གཤེགས་པའི་ཤུལ། །གང་དེའི་ཁྲིད་ཡིག་མདོར་བསྡུས་པ། །བླ་མའི་གསུང་བཞིན་བྲི་བར་བྱ། །འདིར་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་མངའ་བདག་མཉམ་མེད་ཇོ་བོ་བཀའ་གདམས་པའི་ཐུགས་དམ་ལྷ་བཞིའི་ཡ་གྱལ་བསྟན་པ་འདིའི་བདག་པོ་སྟོན་པ་ཐུབ་པའི་དབང་པོའི་ལྟ་ཁྲིད་ཟབ་མོ་འཆད་པ་ལ། བཤད་བྱ་ཆོས་ངོས་བཟུང་བ། ཇི་ལྟར་འཆད་པའི་ཚུལ། སྐབས་དོན་གྱི་གདམས་ངག་དངོས་དང་གསུམ། དང་པོ་ནི། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པ་དེས་གདུལ་བྱ་རྣམས་ཀྱི་དབང་པོའི་རིམ་པ་དང་མཐུན་པའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་ཞིག་བསྐོར་བ་ཐམས་ཅད་ཀྱང་བསྡུ་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་འདུ། དེའང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་ཆེན་ལ་རྒྱུ་ལམ་བྱེད་མཚན་ཉིད་ཐེག་པ་དང༌། འབྲས་བུ་ལམ་བྱེད་རྡོ་རྗེའི་ཐེག་པ་གཉིས་ཡོད། རྡོ་རྗེའི་ཐེག་པ་ལ་དབྱེ་སྒོ་མང་ཡང་ཀླུ་སྒྲུབ་དང་ཇོ་བོ་ཡབ་སྲས་ཀྱི་བཞེད་པས། མདོ་སྡེ་རྟོགས་པའི་རྒྱུད་དང༌། བྱ་སྤྱོད་རྣལ་འབྱོར་བླ་མེད་དང་ལྔར་བཞུགས། བྱ་རྒྱུད་ལ་རིགས་དྲུག་ཡོད་པའི་ནང་ཚན་དེ་བཞིན་གཤེགས་པའི་རིགས་ལའང་རིགས་ཀྱི་བདག་པོ་གཙོ་བོ་ཡབ་ཡུམ་སོགས་ཀྱི་དབྱེ་བ་མང་དུ་བཞུགས་པ་ལས། ད་ལམ་སྐབས་སུ་བབ་པ་འདི་ནི་ཐེག་ཆེན་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོའི་བྱེ་བྲག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་ལ། འཕགས་པའི་ཡུལ་གྱི་པཎྜི་ཏ་རྣམས་ཀྱིས་ཆོས་འཆད་པའི་ལུགས་སྲོལ་གཉིས་ལས། སྐབས་འདིར་དཔལ་ལྡན་ཨ་ཏི་ཤ་ཉིད་གང་ལས་བྱུང་བའི་འབྲེལ་གྱིས། བི་ཀྲ་མ་ཤཱི་ལའི་མཁས་པ་རྣམས་ཀྱི་ཕྱག་བཞེས་ལྟར། མཛད་པ་པོའི་ཆེ་བ། ཆོས་ཀྱི་ཆེ་བ། འཆད་ཉན་ཇི་ལྟར་བྱ་བ། གང་འཆད་བྱའི་ཆོས་དངོས་བཅས་སྡོམ་བཞིའི་སྒོ་ནས་འཆད་པ་ལ། དང་པོ་ཆོས་འདི་གང་གིས་མཛད་ན། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་ཨ་ཏི་ཤ་མར་མེ་མཛད་ཅེས་ས་གསུམ་ན་སྐུ་ཆེ་བའི་ཡོན་ཏན་ཡོངས་སུ་གྲགས་པ་དེས་སོ། །གཉིས་པ་དེས་མཛད་པའི་ཆོས་དེ་ཇི་ལྟ་བུ་ཞིག་ཅེ་ན། དཔལ་ཇོ་བོ་རྗེས་སྤྱན་རས་གཟིགས་དངོས་འབྲོམ་སྟོན་རིན་པོ་ཆེ་ལ་ལྷག་པའི་ལྷ་གྲངས་མེད་པ་ཞིག་གདམ་ང་བསྐུར་བའི་ཚེ། རིན་པོ་ཆེའི་གླིང་ནས་ཡིད་བཞིན་ནོར་བུ་ལྟ་བུའི་ལྷ་བཞི་གདམ་པར་མཛད་པའི་ཐོག་མ་བསྟན་པ་འདིའི་སྟོན་པ། བདག་ཅག་རྣམས་ཀྱི་སྐྱབས་གནས་གཅིག་པུ་བ་སྟོན་པ་ཐུབ་པའི་དབང་པོ་རྡོ་རྗེ་གདན་པའི་ལྟ་ཁྲིད་ཀྱི་རིམ་པ་སྟེ་ཁྱད་པར་བཞི་དང་ལྡན་པའི་འབྲས་བུའི་ཐེག་པའོ། །དེའང་འདི་དག་བྱ་རྒྱུད་དུ་འཆད་ཀྱང་བྱ་རྒྱུད་རང་རྐང་ཚུགས་པའི་ལུགས་ནི་མ་ཡིན་ཏེ། ངོ་བོ་བྱ་རྒྱུད་ལ། རྣམ་འགྱུར་རྒྱུད་སྡེའི་རྟོགས་པ་བསྲེས་པའོ། །ཞེས་གསུངས་སོ། །གསུམ་པ་ཆེ་བ་དེ་ལྡན་གྱི་ཆོས་དེ་འཆད་ཉན་བྱ་བའི་སྐབས་སུ་བབ་པ་ན། འཆད་པོ་སློབ་དཔོན་ཡང་ལུས་ངག་ཡིད་ཀྱི་གནས་ངན་ལེན་སྤངས་ཏེ་ཚུལ་གསུམ་དང་ལྡན་ལ། ཉན་པ་པོ་རྣམས་ཀྱང་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་ལ་སོགས་པ་སྤངས་ནས་འདུ་ཤེས་བཞིའམ་དྲུག་སོགས་ཀྱི་ཡོན་ཏན་དང་ལྡན་པས་འཆད་ཉན་བྱ་སྟེ། སྐབས་འདིར་ནུས་ན་རྒྱས་པར་འཆད་པ་གལ་ཆེའོ། །བཞི་པ་བཤད་བྱ་དངོས་ནི། དེ་མ་ཐག་པར་འབྱུང་བ་ཉིད་དོ། །གསུམ་པ་སྐབས་དོན་ཉམས་ལེན་དངོས་ལ། རྒྱུད་སྨིན་པར་བྱེད་པ་དང༌། སྨིན་པ་གྲོལ་བར་བྱེད་པའི་རིམ་པ་གཉིས་ཀྱི་དང་པོ་ནི། སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ལེགས་པར་ནོད་དོ། །གཉིས་པ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་གྱིས་ཉམས་སུ་བླང་བར་བྱའོ། །དང་པོ་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །ཐུན་མོང་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་རིམ། དེ་བློ་ལྡོག་རྣམ་པ་བཞི་ལ་སྦྱར་བའི་ཚུལ་ལོ། །དེ་ལས་དང་པོ་ནི། སྤྱིར་སྐྱེས་བུ་གསུམ་གྱི་ལམ་གྱི་མངོན་རྟོགས་ལ་སོགས་པ་དཀར་པོའི་ཡོན་ཏན་གྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པ་ལ་བུ་སྐྱེད་པའི་མ་དང་འདྲ་བ་མེད་ཐབས་མེད་པའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཚུལ་བཞིན་དུ་བསྟེན་པ་སྔོན་དུ་འགྲོ་བས། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས། འཇིག་རྟེན་ཕྱི་མར་མྱོང་འགྱུར་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཏེ་བསོད་ནམས་ཆ་མཐུན་གྱི་ལས་མངོན་པར་མཐོ་བའི་ཚུལ་ཁྲིམས་སྲུང་བ་ལ་སོགས་པས་ལྷ་མིའི་བདེ་འབྲས་ལ་སྦྱོར་བ་སྐྱེས་བུ་ཆུང་ངུའི་ལམ། ཁམས་གསུམ་གྱི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་མེའི་འོབས་དང་། མི་གཙང་བའི་དོང་ལྟ་བུ་སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་གི་བདེན་པ་རྟོགས་ནས་འཁོར་བ་མཐའ་དག་ལས་ངེས་པར་འབྱུང་བའི་བློས་ཐར་པ་ཆ་མཐུན་གྱི་ལས་དང་ལམ་གྱི་འཇུག་ལྡོག་ཚུལ་བཞིན་བྱས་པ་ལ་བརྟེན་ནས་གནས་སྐབས་ཀྱི་འགོག་པའི་བདེན་པ་མངོན་དུ་བྱེད་པ་སྐྱེས་བུ་འབྲིང་གི་ལམ། སྲིད་དང་ཞི་བ་གཉིས་ཀར་མི་གནས་པའི་སྙིང་རྗེ་དང་ཤེས་རབ་ཀྱིས་བསྡུ་བའི་དངོས་པོ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་བསླབ་ཅིང་སྤྱོད་ནས་ལམ་ལྔ་དང་ས་བཅུ་བགྲོད་དེ། མི་གནས་པའི་མྱང་འདས་སྒྲུབ་པ་སྐྱེས་བུ་རབ་ཀྱི་ལམ་སྟེ། དེ་དག་ཀྱང་སྔ་མ་སྔ་མ་ལ་སྟེགས་བྱས་ནས་ཕྱི་མ་ཕྱི་མའི་བློ་བསྐྱེད་དགོས་པས། སྐབས་འདིར་ཡང་གོ་མྱོང་གི་སྒོ་ནས་རྒྱུད་ལ་འདྲེ་ངེས་སུ་བསླབ་བོ། །གཉིས་པ། གདམས་ངག་པ་རྣམས་ཀྱིས་བློ་ལྡོག་རྣམ་པ་བཞི་ཐུན་མོང་གི་སྔོན་འགྲོར་བསྡུས་ནས་འཆད་དེ། དེའང་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ། ལས་འབྲས་རགས་པ་ཙམ་བསམ་པ་རྣམས་སྐྱེས་བུ་ཐ་མའི་ལམ་དང་དོན་གཅིག །དེ་སྟེང་ལས་འབྲས་ཕྲ་བ་དང་འཁོར་བའི་ཉེས་དམིགས་བསམ་པ་རྣམས་སྐྱེས་བུ་འབྲིང་པོའི་ལམ་དང་དོན་གཅིག །དེ་དག་གི་སྟེང་དུ་ལྷག་པའི་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྣན་པ་ནི་སྐྱེས་བུ་ཆེན་པོའི་ལམ་སྟེ། ཐོག་མར་ཁམས་གསུམ་སྲིད་པ་མཐའ་དག་ལ་བློ་མ་ལྡོག་ན། ལམ་ཚད་ལྡན་བསྒོམ་པའི་སྣོད་མེད་པས། སྐྱེས་བུ་གསུམ་གྱི་ལམ་རིམ་མཐའ་དག་བློ་ལྡོག་རྣམ་པ་བཞིར་བསྡུས་ཏེ་རང་གཞན་ཐམས་ཅད་སྲིད་ལས་ངེས་པར་འབྱིན་འདོད་ཀྱི་བློ་བཅོས་མ་མིན་པ་མ་སྐྱེས་ཀྱི་བར་དུ་བསྒོམ་པ་གལ་ཆེའོ། །དེ་དག་གི་སྒོམ་ཚུལ་རྒྱས་པ་ནི་ཁྲིད་རིམ་གཞན་ནས་འབྱུང་བ་ཉིད་ཅི་ནུས་སུ་ཉམས་སུ་བླང་ངོ༌། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་ལྔ་སྟེ། ལམ་གྱི་རྩ་བ། མཐུན་རྐྱེན་རྫོགས་པ། འགལ་རྐྱེན་སྦྱོང་བ། བྱིན་རླབས་འཇུག་པ། ཐུན་མིན་བཅས་ཀྱི་རྣལ་འབྱོར་རོ། །དེ་ལ་དང་པོ་ལམ་གྱི་རྩ་བ་ལ་གཉིས་ཏེ། ཐེག་པ་ཐམས་ཅད་ཀྱི་རྩ་བ་སྐྱབས་འགྲོ། ཐེག་ཆེན་ཐུན་མོང་མིན་པའི་རྩ་བ་སེམས་བསྐྱེད་པའོ། །དེ་དག་གི་ཁྲིད་རྒྱས་པར་འདིར་མི་འཆད་ཅིང་བསྒོམ་དོན་སྙིང་པོ་བསྡུ་ན། དང་པོ་སྐྱབས་འགྲོ་ལ་གསུམ་སྟེ། ཡུལ། གང་ཟག །འགྲོ་ཚུལ་ལོ། །དེ་ཡང་བདེ་བའི་སྟན་ལ་ལུས་གནད་དཀྱུས་མཐུན་བཅས། ཐུན་མོང་གི་སྔོན་འགྲོ་སྔར་འབྱངས་ཟིན་རུང་སྐབས་འདིར་ལམ་ཙམ་གསལ་གདབ་ནས། སྐྱབས་སུ་འགྲོ་བའི་ཡུལ་གསལ་བ་ནི། ས་ཕྱོགས་དག་པའི་ཞིང་ཁམས་བཀོད་པ་ཚད་མེད་པའི་དབུས་སུ་འདོད་དགུ་ཆར་དུ་འབེབས་པའི་དཔག་བསམ་ཤིང་གི་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་རབ་ཏུ་རྒྱས་པའི་དབུས་ཀྱི་སྙིང་པོར། སེང་ཁྲི་པད་ཟླའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མེད་པའི་སྟོན་པ་བཅོམ་ལྡན་འདས་སྤྲུལ་སྐུའི་ཆ་ལུགས་ཅན་བཞུགས་པའི་མཐའ་བསྐོར་ལྗོན་པའི་བར་མཚམས་རྣམས་སུ། དཀོན་མཆོག་རྩ་གསུམ་ཡེ་ཤེས་ཆོས་སྐྱོང་གི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་བཞིན་ཏུ་བཞུགས་པར་མོས། གང་ཟག་གང་གིས་སྐྱབས་སུ་འགྲོ་ན། སྐྱབས་ཡུལ་དེ་དག་གི་མདུན་ཏུ་ཚེ་འདིའི་ཕ་མ་དང་སྡང་དགྲ་གནོད་བྱེད་ཀྱིས་གཙོར་བྱས། མཁའ་ཁྱབ་ཀྱི་སེམས་ཅན་མ་ལུས་པ་འཁོད་པའི་འདྲེན་དཔོན་རང་ཉིད་ཀྱིས་བྱ་སྟེ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ནི། ལུས་གུས་པས་ཕྱག །ངག་གུས་པས་སྐྱབས་འགྲོ། ཡིད་གུས་པས་དད་མོས་རྩེ་གཅིག་པའི་ངང་། འདི་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བ་སྐྱེས་བུ་ཆེན་པོའི་བློ་སྔོན་ཏུ་འགྲོ་བས། སྐྱབས་འགྲོའི་ཚིག་རྒྱས་འབྲིང་གང་ལྕོག་གམ། བསྡུ་ན། སངས་རྒྱས་ཆོས་ཚོགས་ཇི་ཙམ་ནུས་པ་གསོག །གཉིས་པ་སེམས་བསྐྱེད་པ་ལའང་གསུམ་སྟེ། དམིགས་པའི་ཡུལ་མཁའ་ཁྱབ་སེམས་ཅན་བསམ་འོག་ཏུ་བཅུག་སྟེ། དམིགས་པའི་གང་ཟག་རང་ཉིད་ཀྱིས། དམིགས་པའི་རྣམ་པ་སྨོན་འཇུག་གི་བདག་ཉིད་ཅན་ཏུ་སེམས་བསྐྱེད་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ། མྱུར་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བློས་ཚིག་རིས་རྒྱས་པ་གཞན་ནམ། བདག་གིས་སྦྱིན་སོགས་ལ་སོགས་པ་བརྗོད་ཅིང༌། མཐར་ཚངས་གནས་བཞི་ལ་བློ་བཞག་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་པ་བཞི་བསྒོམ། མཐར་སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས། རང་གཞན་ཉེས་ལྟུང་སྡིག་སྒྲིབ་ཞི། ཚེ་བསོད་དཔལ་འབྱོར་ཉམས་རྟོགས་རྒྱས། འཁོར་རྣམས་འོད་དུ་ཞུ་གཙོ་བོ་ལ་ཐིམ། གཙོ་བོ་འོད་ཞུ་རང་ལ་ཐིམ། བླ་མ་དཀོན་མཆོག་གི་བྱིན་རླབས་ཞུགས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སོང་བར་བསམ་ལ་མཉམ་པར་བཞག་གོ །གཉིས་པ་མཐུན་རྐྱེན་ཚོགས་མཆོག་རྫོགས་པར་བྱེད་པ་མཎྜལ་ནི། གོང་དུ་སྐྱབས་ཡུལ་བསྡུས་ན་ཚོགས་ཞིང་སླར་གསལ་འདེབས་པའམ། འོན་ཀྱང་སྤྲོས་པ་བསྡུ་ན། སྐྱབས་ཡུལ་མི་བསྡུ་བར་དེ་ཉིད་ཚོགས་ཞིང་དུ་བྱས་པའི་མདུན་ཏུ། ངོ་བོ་རང་གཞན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དུས་གསུམ་དུ་བསགས་པ་ཇི་སྙེད་ཡོད་པ། རྣམ་པ་གླིང་བཞི་རི་རབ་སྣོད་ཀྱི་བཀོད་པ་ཁྱད་པར་འཕགས་པ་ལ་ལྷ་དང་མིའི་དཔལ་འབྱོར་སོགས་བཅུད་ཀྱི་ཡོན་ཏན་མ་ཚང་བ་མེད་པ། གྲངས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་བ་སྙེད་དང་མཉམ་པ། རྒྱ་ནམ་མཁའི་མཐའ་ཀླས་པ༑ དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བླ་མ་དཀོན་མཆོག་ཐུགས་རྗེ་ཅན་རྣམས་ལ་འབུལ་བའི་མོས་པས། མཎྜལ་དངོས་སུ་ངེས་པར་བཤམ་སྟེ་ཕྱག་ལེན་ལྟར་རྒྱས་པར་ཚོམ་བུ་སོ་བདུན་མ་སོགས་དང༌། བསྡུ་ན་ཇོ་བོས་མདོ་ལས་བཏུས་པར་གྲགས་པ། ས་གཞི་སྤོས་བྱུག་མས་ཚར་བརྒྱ་སྟོང་དུ་ཕུལ་བའི་མཐར་ཕུལ་བ་དེ་དག་ཚོགས་ཞིང་རྣམས་ཀྱིས་བདག་གིར་མཛད། བདག་གཞན་ཐམས་ཅད་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་ད་ལྟ་ཉིད་དུ་འཚང་རྒྱ་ནུས་པ་ཙམ་དུ་སོང་བར་མོས། མཐར་ཚོགས་ཞིང་རང་ལ་བསྡུའོ། །གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོར་སེམས་བསྒོམ་བཟླས་ནི། རང་ཐ་མལ་པའི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་ཆས་རྫོགས་པ། ཞབས་སེམས་སྐྱིལ་དུ་བཞུགས་པའི་གཡས་ཀྱི་མཐེ་བོང་རང་གི་སྨིན་མཚམས་ལ་རེག་པ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་དཀར་པོའི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོས་བསྐོར་བར་མོས་ལ་སེམས་ཅུང་ཟད་འཛིན། རྒྱས་པར་སྤྲོ་ན་ཡན་ལག་བཞི་རྫོགས་སུ་བསྐྱེད་ཀྱང་འགལ་བ་མེད་མོད། སྐབས་དོན་འདི་ཙམ་གྱིས་འཐུས་གསུངས། སྤྱིར་སྡིག་ལྟུང་སྦྱོང་བ་ལ་གཉེན་པོ་སྟོབས་བཞི་ཚང་དགོས་པས་དེ་ནི་རྟེན་གྱི་སྟོབས་སོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་ལྟུང་རྒྱུ་དང་བཅས་པ་ལ་འགྱོད་ཅིང་གདུང་བའི་བློ་དྲག་པོ་བསྐྱེད། སུན་འབྱིན་པའི་སྟོབས་སམ་འགྱོད་པ་དེས་དྲངས་ཏེ་བླ་མ་རྡོ་རྗེ་སེམས་དཔའ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྦྱང་བར་མཛད་དུ་གསོལ་སྙམ་པའི་མོས་གུས་དྲག་པོ་དང་བཅས་ཡིད་རྩེ་གཅིག་པས་གསོལ་འདེབས་ཀྱི་ཚུལ་དུ་ཡིག་བརྒྱ་བཟླས་པས། ཐུགས་རྒྱུད་བསྐུལ། སྔགས་འཁོར་ལས་བདུད་རྩིའི་རྒྱུན་བབ། ཞབས་གཡས་པའི་མཐེ་བོང་བརྡོལ་ཏེ་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ཕྱི་ནང་ཐམས་ཅད་བཀྲུས། ཐོག་མེད་ནས་བསགས་པའི་སྡིག་ལྟུང་བག་ཆགས་དང་བཅས་པ་དག་པར་མོས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སོ། །མཐར་མགོན་པོ་བདག་ནི་སོགས་ཨ་བྷི་དྷ་ནའི་རྒྱུད་ཚིག་ཡིན་ཕྱིར་སྐབས་འདིར་ཅུང་ཟད་མི་འབྲེལ་བས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོར་སེམས་འོད་ཞུ་རང་ལ་ཐིམ་པས་ལུས་ཟག་མེད་ལྷའི་སྐུ། སེམས་རྟོག་མེད་ཆོས་ཀྱི་སྐུར་གྱུར་པར་མོས་ཏེ་མཉམ་པར་བཞག །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེ་བ་ལ་མི་འཇུག་པའི་བསམ་སྤྱོད་ལ་གནས་པ་ནི་ཉེས་པ་སླར་ལོན་གྱི་སྟོབས་ཏེ། དེ་དག་དང་ལྡན་པ་ནི་སྡིག་པ་སྦྱོང་བའི་གཉེན་པོའི་མཆོག་གོ །བཞི་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ལ་སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བ་རྟེན་བསྐྱེད་པ་ནི། རང་གི་མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ་ངོ་བོ་རྩ་བའི་བླ་མ། རྣམ་པ་ཞིང་འདིའི་བསྟན་པའི་བདག་པོ་བཅོམ་ལྡན་འདས་ཐུབ་པའི་དབང་པོ། སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་འོད་འབར་བ། ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་ས་གནོན་མཉམ་བཞག །ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་མཚན་དཔེས་བརྒྱན་པའི་སྐུ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་བསམ། དེ་ལ་རྩ་བརྒྱུད་ཀྱི་བླ་མ་སོགས་སྐྱབས་ཡུལ་ཡོད་དགུ་ཅོག་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་མོས་ལ། དངོས་གཞི་གསོལ་བ་འདེབས་པ་ནི། གདུང་ཤུགས་དྲག་པོ་དང་བཅས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ལ་ཡུན་རིང་བར་བཏབ་རྗེས་དབང་ཞུ་བ་ནི། སླར་ཡང་མོས་གུས་དྲག་པོ་བཟོད་པར་དཀའ་བས་བླ་མའི་ཐུགས་རྒྱུད་བསྐུལ། དེ་ཉིད་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པར་གྱུར་ཏེ་དབང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ལ་བཟོ་མེད་ཀྱི་རང་ངོ་བསྐྱང་ངོ༌། །ལྔ་པ་མཚན་བཅས་ཀྱི་རྣལ་འབྱོར་ཐུབ་པའི་སྒོམ་བཟླས་ནི། སྔོན་འགྲོའི་རྗེས་ཐོག་ཏུ་ཡིན་ན་དངོས་གཞི་ལ་འཇུག་པས་ཆོག་ཅིང༌། སྐབས་གཞན་ཏུ་སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་ཏུ་སོང་ནས། སྭ་བྷཱ་བས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་སེར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་བཞག་མཛད་པ། ཆོས་གོས་རྣམ་གསུམ་གསོལ་ཞིང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་ཀློང་ན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་ནི་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་གོ །དེའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསྒོམ་པ་ནི་གནས་གསུམ་བྱིན་གྱིས་བརླབ་པ་ཉེ་བར་བསྒྲུབ་པའི་ཡན་ལག་གོ །དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུྃ་བྃ་ཧོཿ  དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཞེས་པ་ནི་ཡེ་ཤེས་པ་གཞུག་པ་སྒྲུབ་པའི་ཡན་ལག་གོ །སླར་ཡང་འོད་ཟེར་འཕྲོས། དབང་གི་ལྷ་སྤྱན་དྲངས། ༀ་པཉྩ་ཀུ་ལ་ས་པ་རི་བཱ་ར་ཨ་རྒྷཾ་སོགས་ཀྱིས་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་དག ༑ཡེ་ཤེས་ཀྱི་བདུད་རྩིས་ལུས་གང༌། ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཞེས་རྒྱས་གདབ་པ་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ་བཞི་རྫོགས་ཀྱིས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བར་ཡུན་རིང་དུ་སེམས་བཟུང་ནས་ཡང་ནས་ཡང་དུ་མཉམ་པར་བཞག་པ་ལ་གཙོ་བོར་བྱ། དེ་ལ་སེམས་མི་གནས་པའམ་སྐྱོ་ན་བཟླས་པའི་རྣལ་འབྱོར་ནི། ཐུགས་ཀར་ཟླ་བའི་སྟེང་དུ་མུཾ་ཡིག་གསེར་གྱི་ཁ་དོག་ཅན་གྱི་མཐར། ནང་སྐོར་ལ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། བར་སྐོར་ལ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། མཐའ་སྐོར་ལ། ཡེ་དྷརྨཱའི་སྔགས་ཕྲེང་ཁ་དོག་སེར་པོས་བསྐོར་བ་བསམ། དེ་ལས་འོད་འཕྲོས་ལུས་གང་སྡིག་སྒྲིབ་སྦྱང༌། འོད་ཟེར་ཕྱིར་འཕྲོས་སངས་རྒྱས་ཐམས་ཅད་མཆོད། ཚུར་འདུས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་མོས་པ་བདག་དོན་བྱིན་བརླབས་ཀྱི་བཟླས་པ་དང༌། ཡང་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང༌། མཆོག་གི་གོ་འཕང་ལ་བཀོད། འོད་ཟེར་རང་ལ་ཐིམ་པར་མོས་པ་གཞན་དོན་ཕྲིན་ལས་ཀྱི་བཟླས་པ་སྟེ། དམིགས་པ་དེ་དག་ལ་སེམས་རྩེ་གཅིག་ཏུ་གཞོལ་བས་བཟླས་པའི་དངོས་གཞི་མུ་ནི་ལ་བྱ་ཞིང༌། ག་ཏེ་སུམ་ཆ་ཙམ་དང༌། མཐར་བརྟན་བྱེད་དུ་རྟེན་སྙིང་ཚར་ཁ་ཤས་བཟླས་ལ། སྤྲོ་ན་མཆོད་བསྟོད་མདོར་བསྡུས་བྱ། ལྷ་སྣང་ཡང་སྟོང་ཉིད་དུ་སྦྱང༌། འོད་གསལ་གྱི་ངང་ལ་སེམས་ཅི་གནས་སུ་བཞག །མཐར་དགེ་བ་བསྔོའོ། །གཉིས་པ་དངོས་གཞི་ལ། ཐབས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང༌། ཐབས་བྱུང་དོན་དམ་བྱང་ཆུབ་སེམས་སྒོམ་པའོ། །དང་པོ་ལ་བཞི། བྱམས་པ་སྒོམ་པ། སྙིང་རྗེ་སྒོམ་པ། དེ་དག་གི་བོགས་འདོན་པ། བྱང་ཆུབ་ཀྱི་སེམས་སྒོམ་པ་དངོས་སོ། །དང་པོ་ནི། རྒྱུ་འབྲས་ཀྱི་མན་ངག་བདུན་གྱི་སྒོ་ནས་རིམ་གྱིས་བསྒོམ་པའམ། མདོར་བསྡུ་ན། ཐོག་མར་སྐྱེ་སླ་བ་རྩ་བའི་མ་ལ་དམིགས་ཏེ་འདི་བདག་གི་མ་ཡིན། མ་འདིས་བདག་གི་དལ་འབྱོར་གྱི་ལུས་དང་སྲོག་བསྐྱེད་པ་ནས་བརྩམས་ཏེ་ཕན་ཚད་མེད་པ་བཏགས། གནོད་པ་སྣ་ཚོགས་ལས་བསྐྱབས་པ་སོགས་དྲིན་ཆེ་བའི་རྒྱུ་མཚན་སྒོ་དུ་མ་ནས་བསམ་ལ་བྱམས་པ་དྲག་ཏུ་བསྒོམ་ལ། མ་འདི་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པ་དུང་དུང་བྱ། དེ་ལ་འབྱངས་ནས་སྐྱེ་དཀའ་བ་ཚེ་འདིའི་དགྲ་ལ་བསྒོམ། དེ་ལ་འབྱོངས་ནས་རིམ་བཞིན་རྒྱ་ཇེ་ཆེར་བཏང་སྟེ་མཐར་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། །གཉིས་པ་ནི། མ་འདིས་འདོད་པ་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པས་འགྲུབ་པ་སྡུག་བསྔལ་འབའ་ཞིག་འགྲུབ་པའི་རྒྱུ་དང་འབྲས་བུ་ལ་སྤྱོད་པར་འདུག །སྡུག་བསྔལ་གྱི་རྒྱུ་འབྲས་འདི་དང་བྲལ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་སྙིང་རྗེ་ཤས་མི་བཟོད་པ་ཙམ་དུ་བསྒོམ་ཞིང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པ་དང་མི་འབྲལ་བར་བྱ། རྒྱ་ཇེ་ཆེ་ལ་བསླབ་པ་བྱམས་པ་ལྟར་བྱའོ། །གསུམ་པ་དེ་དག་གིས་མྱོང་བ་ཅི་རིགས་པ་སྐྱེས་པ་ན། བོགས་འདོན་ཏུ་མྱ་ངན་གྱི་འདུག་སྟངས་ཞེས་པ། ལུས་ཙོག་པུ་བྱ། ལག་པ་གཉིས་ཀྱིས་འགྲམ་པ་སྐྱོར། སྲིན་ལག་ཁར་འཛུད། མ་རྒན་མདུན་ཏུ་བསྒོམ་ལ་བྱམས་སྙིང་རྗེ་ཚད་མེད་པ་ཤུགས་བསྐྱེད་ལ། ངག་ཏུའང་། ངའི་ཨ་མ་ཞེས་མང་དུ་བརྗོད་ཅིང༌། དེའང་རྒྱ་ཇེ་ཆེ་ལ་བསླབ་པ་དང༌། ཁྱད་པར་དུ་གང་སྙིང་རྗེ་སྐྱེ་དཀའ་བ་དེ་ལ་ཕུར་ཚུགས་སུ་བསྒོམ་པར་བྱའོ། །བཞི་པ་དོན་དམ་བྱང་ཆུབ་ཀྱི་སེམས་ནི་འོག་ནས་འབྱུང་བས། འདིར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཙམ་བསྒོམ་པ་སྟེ། འདི་ལྟར་མ་རྒན་དྲིན་ཅན་འདི་རྣམས་སྙིང་རྗེའོ་སྙམ་པ་ཁོ་ནས་མི་ཆོག །ཕན་པའི་ལན་དུ་ཕན་གདགས་དགོས་པར་འདུག །ཕན་འདོགས་པ་པོའང་བདག་བུ་སྡུག་པ་ཁོ་ན་ལ་བབ། གཞན་ལ་ཁག་བསྙད་ས་མེད་དོ། །ཐམས་ཅད་མ་ཡིན་པར་མཚུངས། ཕན་ཕྱོགས་རེ་བཏགས་ཀྱང་ཕན་པ་མེད་པས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། ད་ལྟ་དེའི་ནུས་པ་བདག་ལ་མེད་པས་ཐོག་མར་ཐབས་ཟབ་མོ་བསྒོམ་པ་ལ་སོགས་པ་སངས་རྒྱས་འཐོབ་པའི་རྒྱུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་པར་བྱའོ་སྙམ་དུ་བསམ་པ་དངོས་གཞི་དང༌། ཡན་ལག་ཏུ་གཞན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་བདག་ལ་ལེན་ཅིང༌། བདག་གི་བདེ་སྐྱིད་རྒྱུ་དང་བཅས་པ་གཞན་ལ་སྦྱིན་ཏེ། དེའང་དབུགས་དབྱུང་རྔུབ་དང་སྦྱར་ལ་དམིགས་རྣམ་གསལ་བའི་ཕྱིར་དུ་འོད་དཀར་ནག་གི་རྣམ་པར་སྤྲོ་བསྡུ་བྱས་ཀྱང་རུང་ལ། རེ་དོགས་མེད་པའི་སྙིང་རྗེ་ཆེན་པོ་དང་མ་བྲལ་བ་གནད་དུ་ཆེའོ། །སྤྱིར་བློ་དམན་ལ་རྒྱུ་འབྲས་བདུན་གྱི་མན་ངག་དང༌། བློ་རབ་ཀྱིས་བདག་གཞན་མཉམ་བརྗེས་བྱང་སེམས་བཙན་ཐབས་སུ་བསླབ་པར་བཤད་དོ། །ལྟ་ཁྲིད་ཀྱི་སྔོན་ཏུ་འདི་ངེས་པར་འགྲོ་དགོས་པའི་རྒྱུ་མཚན། སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོག་མི་བྱེད། །ཅེས་པས། ཚོགས་བསགས་པའི་མཆོག་གམ་ཕུལ་ནི་བྱང་ཆུབ་ཀྱི་སེམས་ལྷག་པའི་བསམ་པ་ཡིན་པ་ཤེས་པར་བྱའོ།  ༈  །གཉིས་པ་ལ་གསུམ། རྟེན་ཞི་གནས་བསྐྱེད། བརྟེན་པ་ལྷག་མཐོང་བཙལ། དེ་གཉིས་ཟུང་འབྲེལ་དུ་སྦྱང་བའོ། །དང་པོ་ལ་གསུམ། ལུས་ཀྱི་གནད་བཅའ་བ། སེམས་ཀྱི་བཞག་ཐབས་བསྟན་པ། དེ་ལས་སྐྱེས་པའི་ཉམས་ངོས་བཟུང་བའོ། །དང་པོ་ནི། བདེ་བའི་སྟན་ལ་བསམ་གཏན་འབོལ་ཆུང་སོགས་ཉེར་བསྡོགས་སྔོན་ཏུ་འགྲོ་བས། རྐང་པ་སྐྱིལ་ཀྲུང༌། ལག་པ་མཉམ་བཞག །རྒལ་ཚིགས་དྲང་པོར་བསྲང༌། མགྲིན་པས་ཨོལ་མདུད་མནན། ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་འབྱེད་འཛུམ་མེད་པར་ལྟ། སྒྲིམ་ཀློད་རན་པའི་ལུས་གནད་བཅས་པ་ཙམ་གྱིས་སེམས་རང་གནས་སུ་འགྲོ་བ་ལ་བསླབ། དེ་ལྟར་ལུས་གནད་བཅས་པའི་རྗེས་ཐོག་ཏུ་དབུགས་དབྱུང་རྔུབ་གནས་གསུམ་ཆེད་དུ་བྱས་པ་མ་ཡིན་པ་རང་བབས་སུ་རྒྱུ་བ་ཉིད་གྲངས་ཉེར་གཅིག་ཙམ་གྱི་བར་དུ་བགྲང་ངོ༌། །གཉིས་པ་ལ་གསུམ། རྟེན་བཅས་ཀྱི་ཞི་གནས། རྟེན་མེད་ཀྱི་ཞི་གནས། ངོ་བོ་ཉིད་ལ་འཇོག་པའོ། །དང་པོ་ལ་མ་དག་པ་ཤིང་བུའམ་རྡེའུ་ཕྲ་མོ་ལ་དམིགས་རྟེན་དུ་བྱས་ཏེ་སེམས་སྤྲོ་བསྡུ་མེད་པར་ཆེ་རེ་འཇོག །གསལ་བདོ་བའི་སྐབས་སུ་འཕྲོ་བཅད། ཡང་དམིགས་རྟེན་ལ་འཇོག་སྟེ་སྒྲིམས་གློད་རན་པོས་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་ཡེངས་སུ་མ་ཤོར་བར་བྱ། དག་པ་ལྷ་སྐུ་སོགས་སམ་ཁྱད་པར་ཤཱཀྱ་ཐུབ་པའི་སྐུ་ཆེ་ཆུང་རན་པ་ཆགས་ཚད་དང་ལྡན་པ་ཞིག་རང་མདུན་ཉེ་རིང་འཚམས་པར་བཤམས་ཏེ། བྱིངས་ན་གཙུག་ཏོར། རྒོད་ན་སྐྱིལ་ཀྲུང༌། སྙོམས་པ་ལ་ཐུགས་ཀར་སེམས་གཏད་དེ་འཇོག །འཇོག་ཚུལ་སྔར་བཞིན་ནོ། །གཉིས་པ་ནི། རྟེན་ཅན་ལ་ཅུང་ཟད་གོམས་ནས་དམིགས་རྟེན་དེ་དག་དངོས་སུ་མི་བཞག་པར་ཡིད་ཀྱིས་དེ་འདྲ་བ་ཞིག་བསམ་པ་ལ་སེམས་གཏད་དེ་འཇོག །འདི་ལ་ཆ་ཤས་ཀྱི་རྟེན་བཅས་ཞེས་ཞལ་ཕྱག་སོགས་ཆ་ཤས་རེ་རེ་ལ་སེམས་འཛིན་པ་དང༌། རྫོགས་པའི་རྟེན་བཅས་ཞེས་སྐུ་ཡོངས་སུ་རྫོགས་པའི་རྣམ་ཆ་སྤྱི་ལ་སེམས་འཛིན་པ་སྟེ། སྔ་མ་གོམས་ནས་ཕྱི་མ་ལ་བསླབ། གསུམ་པ་ནི། དམིགས་རྟེན་དེ་དག་གང་ཡང་ཡིད་ལ་མི་བྱ་བར་སྟོང་ཉིད་ཀྱི་ངང་དུ་དགག་སྒྲུབ་བཅས་བཅོས་མེད་པར་ཆམས་སེ་འཇོག་པས། ཡུལ་དང་ཡུལ་ཅན་བསྒོམ་བྱ་སྒོམ་བྱེད་སོགས་རྟོག་པའི་འཕྲོ་འདུའི་རླབས་ཐམས་ཅད་ཀུན་གཞིའི་རྒྱ་མཚོར་ཐིམ་པར་མ་གྱུར་གྱི་བར་དུ་ནན་ཏན་ཆེན་པོས་ཞི་གནས་ཀྱི་སྙོམས་འཇུག་ལ་བརྩོན་པར་བྱའོ། །གསུམ་པ་དེ་དག་ལས་སྐྱེས་པའི་ཉམས་ངོས་བཟུང་བ་ལ་གཉིས། གཞུང་གི་ལུགས་དང་། གདམས་ངག་གི་ལུགས་སོ། །དང་པོ་ལྟར་ན། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པས་སྟོབས་དྲུག་གིས་ཡིད་ལ་བྱེད་པ་གཞིའི་གནས་སྐབས་ཅན་གྱི་སེམས་གནས་དགུ་གྲུབ་པའི་མཐར། ཤིན་སྦྱང་མི་གཡོ་བར་བརྟན་པ་ལ་བྱའོ། །དེ་ལ་སྤང་བྱའི་ཉེས་པ་ལྔ་ནི། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིངས་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་གསུངས་པ་ལྟར་ཏེ། དེ་ལ་ལེ་ལོ་ལ་གཉིད་སོགས་སྙོམས་ལས་དང༌། བྱ་བ་ངན་པར་ཞེན་པ་དང༌། སྒྱིད་ལུག་པ་སྟེ་གསུམ། བྱིང་བ་ལ་རགས་པ་དམིགས་ཤེས་ཀྱི་གྲིམས་ཆ་ཤོར་ནས་དམིགས་རྟེན་མི་གསལ་བའི་ཐམ་ཐམ་དང༌། ཕྲ་བ་གསལ་ཆ་ཡོད་ཀྱང་འཛིན་སྟངས་ཀྱི་ཤུགས་ཞན་པ་གཉིས། རྒོད་པ་རགས་པ་ཡུལ་ལ་ཧ་ཅང་ཆགས་པས་གཉེན་པོས་ཀྱང་མི་ནོན་པ་དང༌། ཕྲ་བ་གཡོ་མེད་དུ་མི་གནས་པར་ཅུང་ཟད་འཕྲོ་བ་གཉིས་ཡོད། དེ་དག་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་བསྟེན་པ་ལ། ལེ་ལོའི་གཉེན་པོ་བཞི་སྟེ། རྩོལ་བ་དང༌། འདུན་པ་དང༌། རྒྱུ་དད་པ་དང༌། འབྲས་བུ་དེས་དྲངས་པའི་ཤིན་ཏུ་སྦྱངས་པའོ༑ ༑བརྗེད་པ་ལ་གདམས་ངག་མི་བརྗེད་པར་བྱེད་པ་དང༌། བྱིང་རྒོད་བྱུང་མ་བྱུང་རྟོག་ཅིང་བྱུང་ན་དམིགས་པ་ལྟ་སྟངས་སྤྱོད་ལམ་སོགས་ཀྱིས་སེལ་བའི་ཐབས་ལ་འབད་པ་དང༌། བྱིངས་རྒོད་ཀྱི་གཉེན་པོ་སོགས་འདུ་མི་བྱེད་པ་ལ་རྩོལ་སེམས་ཀྱིས་འདུ་བྱེད་པ་དང༌། བསམ་གཏན་ལ་སྐྱོན་མེད་པའི་ཚེ་རྩོལ་བས་འདུ་བྱེད་ན་འདུ་མི་བྱེད་པ་ལ་བསླབ། སྟོབས་དྲུག་བསྟེན་པ་ནི། ཐོས་པའི་སྟོབས། བསམ་པའི་སྟོབས། དྲན་པའི་སྟོབས། ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས། འདྲིས་པའི་སྟོབས་ཏེ། དང་པོས་སེམས་གནས་དང་པོ་འགྲུབ་ལ། གཉིས་པས་གཉིས་པ་འགྲུབ། གསུམ་པས་སེམས་གནས་གསུམ་པ་དང་བཞི་པ། བཞི་པས་ལྔ་པ་དང་དྲུག་པ། ལྔ་པས་བདུན་པ་དང་བརྒྱད་པ། དྲུག་པས་དགུ་པ་འགྲུབ་བོ། །ཡིད་བྱེད་བཞི་ནི། སྒྲིམས་ཏེ་འཇུག་པ། ཆད་ཅིང་འཇུག་པ། ཆད་པ་མེད་པར་འཇུག་པ། ལྷུན་གྱིས་གྲུབ་པར་འཇུག་པ་སྟེ། སེམས་གནས་དང་པོ་དང་གཉིས་པའི་སྐབས་སུ་ཡིད་བྱེད་དང་པོས་འཇུག་ལ། གསུམ་པ་ནས་བདུན་པའི་བར་དུ་གཉིས་པས། བརྒྱད་པའི་སྐབས་གསུམ་པས། དགུ་པ་བཞི་པའི་ཚུལ་གྱིས་འཇུག་པའོ། །སེམས་གནས་དགུ་ནི། སེམས་འཇོག །ཀུན་ཏུ་འཇོག །ངེས་པར་འཇོག །ཉེ་བར་འཇོག །དུལ་བར་འཇོག །ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུན་གཅིག་ཏུ་བྱེད། མཉམ་པར་འཇོག་པ་སྟེ་དགུའོ། །གཉིས་པ་གདམས་ངག་པའི་ལུགས་ཀྱིས་ཉམས་ལྔར་འཆད་དེ། དང་པོ་སེམས་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ། གཉིས་པ་ཐོབ་པའི་ཉམས་གཅོང་རོང་ཆུ་བོ་ལྟ་བུ། གསུམ་པ་གོམས་པའི་ཉམས་ཆུ་བོ་དལ་འབབ་ལྟ་བུ། བཞི་པ་བརྟན་པའི་ཉམས་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ༑ ལྔ་པ་བརྟན་པ་མཐར་ཕྱིན་པའི་ཉམས་རྐྱེན་ཅིས་ཀྱང་མི་གཡོ་བར་གསལ་དྭངས་སུ་གནས་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་སྟེ། འཆད་པར་ནུས་ཤིང་སྤྲོ་ན། འདི་དག་གི་ཚུལ་གཞན་ནས་འབྱུང་བ་ལྟར་རྒྱས་པར་བཤད་དོ། ༈  །གཉིས་པ་ལྷག་མཐོང་གི་ཁྲིད་ལ་གསུམ། གང་ཟག་གི་བདག་མེད་སྒོམ་ཚུལ། ཆོས་ཀྱི་བདག་མེད་སྒོམ་ཚུལ། དེའི་དོན་ངོ་སྤྲད་པའོ། །དང་པོ་ནི། འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་ལ་སོགས་པ་འཇིག་རྟེན་ན་ལྟ་བ་རྣམ་པར་མ་དག་པ་ཇི་སྙེད་མཆིས་པ་དེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་གང་ཟག་གི་བདག་ཏུ་འཛིན་པ་སྟེ། དེའང་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ངའོ་ཞེས་སྙམ་པའི་ལྷན་སྐྱེས་ཀྱི་ངར་འཛིན་ཏེ། དེ་བདག་མེད་པར་ལྟ་ཞིང་། སྒོམ་པ་ལ་དཔྱད་འཇོག་གཙོ་ཆེ་བའི་ལུགས་གཉིས་ཡོད། དོན་ཏུ་གཉིས་ཀ་ཟུང་འབྲེལ་དགོས་མོད་ཀྱི་གཙོ་ཆེ་བའི་དབང་དུ་བྱས་ན། དཔྱད་སྒོམ་པས་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་ལ་སོགས་པས་རྒྱུའི་བདག་མེད་དང༌། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ལ་སོགས་པས་འབྲས་བུའི་བདག་མེད་རྟོགས་པར་མཛད་ཅིང༌། འཇོག་སྒོམ་གྱི་དབང་དུ་བྱས་ཀྱང་ཐོག་མར། གང་ཟག་གི་བདག་དེ་རང་བཞིན་གྱིས་གྲུབ་ན། ཕུང་པོ་དང་གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་ཀྱང་། དེ་ལྟར་མ་གྲུབ་པས་ཐ་སྙད་དུ་ཕུང་པོའི་ཚོགས་པ་ལ་བརྟེན་ནས་ང་ཞེས་བཏགས་པ་ཙམ་ལས། དོན་དམ་པར་རང་བཞིན་གྱིས་གྲུབ་པ་མེད་པའི་ཚུལ་ལ་ངེས་ཤེས་བསྐྱེད་པ་སྔོན་ཏུ་འགྲོ་བ་ཙམ་ནི་ངེས་པར་དགོས་སོ། །གཉིས་པ་ལ། གཟུང་བ་མེད་པ། འཛིན་པ་མེད་པ། སྤྱི་བཀག་པའི་ཚུལ་དང་གསུམ་ལས། དང་པོ་ནི། བདག་མ་གྲུབ་པ་དེ་བཞིན་ཏུ། བདག་གིར་བཟུང་བའི་ཕྱི་སྣོད་བཅུད་དང་༑ ནང་ཕུང་ཁམས་ལ་སོགས་པའི་ཡུལ་ཇི་སྙེད་པ་འདི་རྣམས་ཀྱང་རྡུལ་ཕྲན་འདུས་པ་ལས་བྱུང་བས་རགས་པ་མ་གྲུབ། རྡུལ་ཕྲན་དེའང་བརྟགས་ན་ཆ་མེད་དུ་འགྱུར་བས་ཕྲ་བ་མ་གྲུབ་སྟེ། མདོར་ན་ཆོས་ཐམས་ཅད་རྟོག་པས་ཕར་བཏགས་པ་ཙམ་དུ་ཟད་ཀྱི། དོན་རང་ངོས་ནས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། བུམ་པ་ལ་བུམ་འཛིན་གྱི་ཤེས་པས་གློ་བུར་དུ་བཏགས་པར་ཟད་ཀྱི། བུམ་པ་གཞི་མ་གྲུབ་པའི་ཕྱིར། བུམ་པ་མེད་པའི་སྔ་ལོགས་སུ་བུམ་འཛིན་གྱི་ཤེས་པ་མི་སྐྱེ་བ་བཞིན་ནོ། །གཉིས་པ་ནི། ཡུལ་ལ་དེར་འཛིན་གྱི་ཤེས་པ་སྣ་ཚོགས་པ་འཆར་བ་འདི་དག་ཀྱང་ཡུལ་ལ་བརྟེན་ནས་བྱུང་བས། བདེན་པར་མ་གྲུབ་སྟེ། དཔེར་ན་རྨི་ལམ་གྱི་སྣང་བ་རྫུན་པའི་ཕྱིར། དེར་འཛིན་གྱི་རྨིས་ཤེས་ཀྱང་རྫུན་པ་ལས་མ་འདས་པ་བཞིན། ཡུལ་རང་བཞིན་གྱིས་མ་གྲུབ་པ་ལ་ལྟོས་པའི་ཡུལ་ཅན་ཤེས་པ་ཉིད་ཀྱང་བདེན་པར་མ་གྲུབ་བོ། །གསུམ་པ་ནི། གཟུང་འཛིན་དང་ཡོད་མེད་ཡིན་མིན་སོགས་སྤྲོས་པའི་མཐའ་ཐམས་ཅད་བཀག་ཟིན་པའི་ཤུལ་གྱི་སྤྲོས་བྲལ་སྤྱི་ཙམ་དང་། ཤེས་པ་རང་རིག་རང་གསལ་ཙམ་དུ་ཡང་བདེན་པར་གྲུབ་པ་མེད་དེ། ཡོད་མེད་གཉིས་ཀ་མིན་པའི་ཕུང་པོ་གསུམ་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་དང༌། རང་ངོས་ནས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །དེ་དག་ཀྱང་རྒྱུ་འབྲས་ལ་དཔྱོད་པ་སོགས་དཔྱད་པ་རྒྱས་པར་གྲུབ་ན་སྔར་ས་བོན་སྨོས་པ་ལྟར་རོ། །གསུམ་པ་ནི། དེ་ལྟར་དཔྱད་པའི་གྲུབ་འབྲས་སྣང་ལུགས་ཀུན་རྫོབ་ཀྱི་ངོས་ནས་ཆོས་ཐམས་ཅད་རང་རང་གི་རྒྱུ་རྐྱེན་རྟེན་ཅིང་འབྲེལ་འབྱུང་ལས་སྐྱེས་པའི་ཕྱིར་མེད་པ་མ་ཡིན་ལ། གནས་ལུགས་དོན་དམ་གྱི་ངོས་ནས་བདག་མེད། ངོ་བོའི་རང་བཞིན་མེད། རྒྱུའི་རང་བཞིན་མེད། འབྲས་བུའི་རང་བཞིན་མེད། རྟེན་འབྲེལ་རང་བཞིན་མེད། ཡུལ་རང་བཞིན་མེད། ཡུལ་ཅན་རང་བཞིན་མེད། ཆོས་ཐམས་ཅད་རང་བཞིན་མེད། དངོས་པོ་རང་བཞིན་མེད། དངོས་མེད་རང་བཞིན་མེད། སྣོད་རང་བཞིན་མེད། སེམས་ཅན་རང་བཞིན་མེད་དེ། རྐྱེན་ལས་སྐྱེས་པའི་ཕྱིར་ཡོད་པ་མ་ཡིན་ལ། དེ་ལས་གཞན་ཏུའང་གྲུབ་པ་མེད་པར་ངོ་འཕྲོད་པ་དེ་ཉིད་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཅན་གྱི་ཞི་ལྷག་དབྱེར་མེད་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་ཏུ་ངེས་ཤེས་བསྐྱེད་པར་བྱའོ། །གསུམ་པ་ཞི་ལྷག་ཟུང་འབྲེལ་དུ་སྦྱང་བ་ནི། དཔྱད་དོན་ངོ་འཕྲོད་པ་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་སྟེ། དེའང་དཔྱད་པས་སྒྲོ་འདོགས་ཆོད་དེ་ཡུལ་རང་ངོས་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་དེའི་ཚེ། ཡུལ་ཅན་དཔྱོད་བྱེད་ཉིད་ཀྱང་བསམ་བརྗོད་ཐམས་ཅད་དང་བྲལ་བ། དཔེར་ན་བུད་ཤིང་ཟད་པ་ན་མེ་ཟད་པ་ལྟར། བློའི་འཇུག་པ་ཐམས་ཅད་གཉུག་མ་རང་བཞིན་གྱིས་རྣམ་པར་དག་པའི་ངང་དུ་ཐིམ་ནས་གནས་ལུགས་བསམ་གྱིས་མི་ཁྱབ་པའི་ངང་དུ་སེམས་སེམས་བྱུང་གི་སྤྲོས་པ་མཐའ་དག་ཉེ་བར་ཞི་བ་ནི་མཐར་ཐུག་པའི་འཇོག་སྒོམ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ན་ལུས་ངག་ཡིད་ཀྱི་གནད་མ་འཁྲུལ་བ་དང་ལྡན་པས་མཉམ་བཞག་རྣམ་པར་མི་རྟོག་པའི་ངང་དུ་དང་པོ་ཧྲིལ་གྱིས་བསྒྲིམ། བར་དུ་ལྷོད་ཀྱིས་ཀློད། མཐར་རང་ངོ་བཟུང་ལ་མཉམ་པར་འཇོག །རྗེས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་རང་བཞིན་མེད་པ་ལམ་དུ་བྱས་ཏེ་བསྒོམ་མོ། ༈  །རྩ་བའི་གསུམ་པ་རྗེས་ནི། རྗེས་ཀྱི་ཉམས་ལེན་དངོས་དང༌། དེའི་ཡན་ལག་གོ །དང་པོ་ནི། ཇི་སྲིད་མི་སྐྱོའི་བར་དུ་གནས་ལུགས་ལ་མཉམ་པར་བཞག་སྟེ་མཐར་ཐུན་ལས་ལྡངས་ཏེ། ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་པ་ན། བསམ་སྒོམ་བགྱིས་པ་ལ་སོགས་པའི་དུས་གསུམ་གྱི་དགེ་བའི་རྩ་བས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་སེམས་རྣམ་པ་གཉིས་སྐྱེས་བརྟན་གོང་འཕེལ་དུ་གྱུར་ནས་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་ཤོག་ཅིག་སྙམ་པས། བཟང་པོ་སྤྱོད་པ་སོགས་ཐེག་ཆེན་གྱི་བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ། སྤྱོད་ལམ་རྣམས་སུའང་ཡུལ་སྣང་ལ་ཨ་འཐས་བྲལ་བའི་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་དྲན་པ་དང་ཤེས་བཞིན་གྱིས་བསྐྱང་བར་བྱའོ། །གཉིས་པ་ལ་གཉིས། གེགས་སེལ་དང་། བོགས་འདོན་ནོ༑ ༑དང་པོ་ནི། ཏིང་ངེ་འཛིན་རྩེ་གཅིག་བསྒོམས་པས་ཁམས་འདུས་ཏེ་རླུང་སྟོད་དུ་འཚངས་པའམ། སྙིང་མི་དགའི་གེགས་འབྱུང་བས། མདུན་གྱི་བར་སྣང་ལ་ཨ་དཀར་པོ་ཞིག་གསལ། གེགས་སྐྱོན་དུད་འཚུབས་ལྟ་བུའི་རྣམ་པར་ཐོན་ནས་ཨ་ལ་ཐིམ་པར་མོས་ཏེ་ཧ་སྤྲུགས་དྲག་ཏུ་བྱས་པས་སེལ་ལོ། །ནད་བྱུང་ན་གང་ན་བའི་སར་བུག་པ་དྲྭ་མིག་ལྟ་བུ་ནས་ནད་རླངས་པའི་རྣམ་པར་བཏོན་པའམ། བློ་འབྱངས་ན་རང་གི་ནད་དེའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་ནད་བླངས་ལ་རང་བཞིན་མེད་པའི་ངང་དུ་མཉམ་པར་འཇོག །གདོན་གྱིས་འཚེ་ན་དེ་ཉིད་ཕ་མར་ཐག་བཅད་ལ་བཏང་ལེན་བསྒོམ་ཞིང་དམིགས་མེད་དུ་འཇོག །གཉིས་པ་ནི། བླ་མ་ལ་བཅོས་མིན་གྱི་མོས་གུས་དྲག་པོ་དང་མ་བྲལ་བས་གསོལ་བ་ཡང་ནས་ཡང་དུ་འདེབས་པ་ནི་བོགས་འདོན་ཐམས་ཅད་ཀྱི་མཆོག་ཡིན་པས་ཐབས་མང་དུ་འཚོལ་མི་དགོས། མདོར་ན་སྐྱོན་ཡོན་གང་ལའང་དགག་སྒྲུབ་མི་བྱ་བར་རང་བཞིན་མེད་པར་ཤེས་པས་རང་བབ་ཏུ་བསྐྱང་བ་ཉིད་གནད་དུ་ཆེའོ། །སྦྱང་ཡོན༵་ལྡན་པས་ནན་ཏན༵་ཏུ། །ཟབ་མོའི་ཏིང་འཛིན་འདི་གོམས་ན། །སྐྱེ་བའི་རྒྱ༵་མཚོ༵་མཐར་འབྱིན་ནས། །རིག་དང་ཞབས་སུ་ལྡན་པར་འགྱུར། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་ཐུབ་པའི་ལྟ་ཁྲིད་ཀྱི་ལེ་ཚན་ནོ།།   ༈  །།ༀ་སྭ་སྟི་སིདྡྷཾ། སྙིགས་མ་ལྡན་པའི་ཞིང་སྤྱི་དང༌། །ཁྱད་པར་གངས་རིའི་མགོན་གཅིག་པུ། །ཐུགས་རྗེའི་མངའ་བདག་དེར་བཏུད་ནས། །དེ་ཡི་རྣལ་འབྱོར་འདུས་གསལ་སྤེལ། །གཉིས་པ་ཇོ་བོ་བཀའ་གདམས་པའི་མན་ངག་གྲུབ་ཐོབ་སྐྱེར་སྒང་པའི་བཀའ་སྲོལ་དང་འབྲེལ་བ་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ། དང་པོ་སྔོན་འགྲོ་ལ། ཐུན་མོངས་ཐུན་མིན་གཉིས། ཐུན་མོང་བ་ཐུབ་པའི་ལྟ་ཁྲིད་ལྟར་འཆད། ཐུན་མོང་མ་ཡིན་པ་ལ་ལྔ་ལས། དང་པོ་སྐྱབས་འགྲོ་ནི། དབེན་པའི་གནས་སུ་བདེ་བའི་གདན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། ས་ཕྱོགས་དག་པའི་ཞིང་ཁམས་སུ་གྱུར་པའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་རྩེ་མོ་ལྔར་གྱེས་པའི་དབུས་མར་སེང་ཁྲི་པད་ཟླའི་གདན་ལ་བླ་མ་སྤྱན་རས་གཟིགས་ཁ་སརྤ་ཎིའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཡལ་གར་སྤྱན་རས་གཟིགས་ཕྱག་བཞི་པ་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཡལ་གར་སངས་རྒྱས། རྒྱབ་ཏུ་ཆོས་དཀོན་མཆོག་པུ་སྟིའི་རྣམ་པ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། བར་མཚམས་རྣམས་སུ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་མ་ལུས་པ་བཞུགས་པར་མོས་ལ། རང་དང་སེམས་ཅན་ཐམས་ཅད་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་བློ་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་རྒྱས་པ། བདག་དང་སེམས་ཅན་ཐམས་ཅད་ལེགས་པའི་ལམ་སྟོན་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ། །སྐུ་གསུམ་ངོ་བོ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཟབ་ཞི་སྤྲོས་བྲལ་དམ་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སར་གནས་ལམ་ཞུགས་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །འགལ་རྐྱེན་ཀུན་སེལ་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའམ། བསྡུ་ན། སངས་རྒྱས་ཆོས་ཚོགས་མ་ལན་བརྒྱ་སྟོང་དུ་བསགས། གཉིས་པ་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཞག་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ལམ་གྱི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས། དེང་ནས་བཟུང་སྟེ་འགྲོ་རྣམས་སངས་རྒྱས་བར། །རང་ཉིད་ཞི་བདེ་སྐད་ཅིག་མེད་པར་ནི། །གཞན་དོན་སྨོན་དང་འཇུག་པའི་བདག་ཉིད་དུ། །ཉིན་མཚན་དགེ་བའི་ལས་ལ་བསྐུལ་བར་བགྱི། །ཞེས་སམ། བསྡུ་ན། བདག་གིས་སྦྱིན་སོགས་བརྗོད། གསུམ་པ་མཎྜལ་ནི། ལག་ལེན་ལྟར་ལེགས་པར་བཤམ་སྟེ། རྒྱས་པར་ན་ཆོས་ཆུང་བརྒྱ་རྩ་ལས་འབྱུང་བ་ལས་ཛེ་ཏཱ་རི་དང་གཉིས་མེད་རྡོ་རྗེའི་ཆོ་ག་ལ་སོགས་པ་ལྟར་རམ། དེ་ཙམ་མི་ནུས་ན་ཚོམ་བུ་སོ་བདུན་མ་ནས། བདུན་མའི་བར་དངོས་སུ་བཤམ་པ་དེ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟ་བུར་དམིགས་ལ་ལན་གྲངས་མང་པོར་ཕུལ་བས། བདག་གཞན་གྱི་ཚོགས་རྫོགས། སྐུ་ལས་འོད་ཟེར་བྱུང་སྡིག་སྒྲིབ་དག །འགྲོ་ཀུན་དག་པའི་ཞིང་དུ་གཤེགས། སླར་མོས་གུས་ཀྱི་རྐྱེན་གྱིས་སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ་པར་མོས། བཞི་པ་རྡོར་སེམས་བསྒོམ་བཟླས་ནི། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧཱུྃ་དཀར་པོའི་འོད་ཀྱི་འཕྲོ་འདུས་རང་ཉིད་རྡོ་རྗེ་སེམས་དཔའི་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་འཕྲོས། ལུས་གང༌། སྡིག་སྒྲིབ་དག །འོད་ཟེར་ཕྱིར་འཕྲོས། རིགས་དྲུག་གི་སྡུག་བསྔལ་སྡིག་སྒྲིབ་སྦྱང༌། ཚུར་འདུས་རང་ལ་ཐིམ་པར་མོས་ཏེ་གསལ་སྣང་ལ་མཉམ་པར་འཇོག་པ་དང༌། ཡི་གེ་བརྒྱ་པ་བཟླ་བ་ཅི་ནུས་སུ་བྱ། མཐར་མི་དམིགས་པར་བཞག །ལྔ་པ་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་པད་དཀར། ཞབས་སེམས་སྐྱིལ། དར་དང་རིན་པོ་ཆེས་བརྒྱན་པ། འོད་ཟེར་མུ་མེད་པར་འཕྲོ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས། མཆོད་འོས་ཐམས་ཅད་སྤྱན་དྲངས་ཏེ་ཐིམ། ཡིད་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། མོས་གུས་ཀྱི་ཡིད་རྩེ་གཅིག་པས་བརྒྱུད་པའི་གསོལ་འདེབས་དང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་སུ་བསྐྱར། མཐར་བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རང་བཞིན་ཅན་གྱི་རྒྱུན་བབ། རང་གི་གནས་གསུམ་དུ་ཐིམ། ལུས་ཐམས་ཅད་འོད་ཟེར་བདུད་རྩིའི་རྒྱུན་གྱིས་གང༌། སྒོ་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། མཐར་བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པ་མོས་ལ་རང་ངོ་བསྐྱང་ངོ༌། །གཉིས་པ་ལ་གཉིས་ཏེ། མཚན་བཅས་ལྷ་བསྒོམ་པ་དང༌། མཚན་མེད་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། རྣལ་འབྱོར་ལ་འཇུག་པའི་སྦྱོར་བ་དང༌། དངོས་གཞིའི་རྣལ་འབྱོར་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པོ་ནི། བདེ་བའི་སྟན་ལ་ལུས་རྣམ་སྣང་ཆོས་བདུན་ནམ། རང་ལུགས་ཀྱི་སྐྱིལ་ཀྲུང་སོགས་མདོར་ན་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད། རླུང་ཆེད་དུ་རྩོལ་བ་མེད་པ་རང་བབས་སུ་བཞག །སེམས་གཡོ་མེད་དྭངས་གསལ་གྱི་ངང་ལ་གནས། གཉིས་པ་ལ་བཞི་སྟེ། རྟེན་སྲུང་འཁོར་བསྒོམ་པ། བརྟེན་པ་ལྷ་བསྒོམ་པ། ལྷའི་གསལ་སྣང་འདོན་པ། བཟླས་པས་ཐུགས་རྒྱུད་བསྐུལ་བའོ། །དང་པོ་ནི། རང་གི་མལ་གྱི་ཕྱོགས་བཞིར་ཧྲཱིཿ དམར་པོ་མགོ་གྱེན་བསྟན་རེ་རེ། སྟེང་འོག་གཉིས་སུ་ཧྲཱིཿ དམར་མགོ་གྱེན་དང་ཐུར་བསྟན་རེ་གསལ། མདུན་གྱི་ཧྲཱིཿ འོད་ཀྱི་མིག་མང་རིས་ཡོལ་བ་ལྟ་བུར་ཞུ། དེ་ལས་འོད་ཟེར་གཡས་ཀྱི་ཧྲཱིཿ ལ་ཕོག །དེའང་སྔར་ལྟར་ཞུ། དེའི་འོད་ནུབ། དེའི་འོད་གཡོན་ཏུ་ཕོག་ནས་ཧྲཱིཿ ཞུ་བ་སོགས་སྔར་ལྟར་དང༌། སྟེང་འོག་གི་ཧྲཱིཿ ཡང་འོད་དུ་ཞུ། འགེབས་དང་ས་གཞིའི་རྣམ་པར་གྱུར་ཏེ། འོད་ཟེར་གྱི་དྲྭ་བ་དང་ཁོར་ཡུག་ཅན་གྱི་གཞལ་ཡས་ཁང་བསྐལ་པའི་རླུང་གིས་ཀྱང་མི་ཐར་བའི་ཕྱི་རོལ་དུ་མེ་རི་རྩེ་མོ་ཁ་དོག་སྣ་ལྔ་པ་ཅན་གྱི་གུར་ཁང་གསལ་ལ་བརྟན་པ་ཡུན་རིང་དུ་བསྒོམ། གཉིས་པ་ནི། རང་ཐ་མལ་དུ་གནས་པའི་ལྟེ་བར་ཨ་དཀར་པོ། དེ་འོད་དུ་ཞུ། ལུས་ཀྱི་ནང་གང༌། འོད་ཟེར་ཕྱི་རོལ་དུ་འཕྲོས། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ལ་ཐིམ། དེའང་རང་ལ་ཐིམ། རང་ལུས་ཀྱང་མཐའ་ནས་དབུས་སུ་ཡལ་བར་མོས་ཏེ་སྟོང་ཉིད་ཀྱི་ངང་དུ་བཞག་སྟེ། ༀ་སྭ་བྷཱ་བ་སོགས་ཆོས་ཉིད་རྣམ་དག་གི་སྔགས་བརྗོད། སྟོང་པའི་ངང་ལས་རང་གི་སེམས་ཉིད་ཧྲཱིཿ དཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་འོད་དུ་ཞུ་བ་ལས་ཐིག་ལེ་དཀར་པོ་གསུམ་དུ་གྱུར་ཏེ། དེའང་དབུས་ཆེ། གཡས་གཡོན་གཉིས་ཆུང་བ། དེ་རྣམས་ཡོངས་སུ་གྱུར་པ་ལས་གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟར་ཀུན་ནས་དཀར་བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། རལ་པའི་ཐོར་ཚུགས་དང་འོད་དཔག་མེད་པའི་དབུ་རྒྱན་ཅན། དབུ་སྐྲ་ཕྱེད་དཔུང་པ་གཡས་གཡོན་གྱི་སྟེང་ན་མར་འཕྱང་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་མུ་ཏིག་གི་ཕྲེང་བ་འདྲེན་ཅིང༌། གཡོན་གཉིས་པས་ཨུཏྤལ་དཀར་པོ་སྙན་གྱི་ཐད་ཀར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཇོ་བོ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི། དང་པོ་གཉིས་ཐལ་སྦྱར། གཡས་འོག་མས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་བསྣམས་པ། གཡོན་གཉིས་པས་རིན་པོ་ཆེའི་འབྲས་ཀྱི་སྙེ་མ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། པུས་མོ་བཙུགས་ནས་སྤྱན་གཉིས་ཇོ་བོའི་སྨིན་ཕྲག་ཏུ་གཟིགས་པ། གཡོན་ཏུ་ཇོ་མོ་ཡི་གེ་དྲུག་མ་དཀར་མོ་ཞལ་གཅིག་ཕྱག་བཞི་མ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ། པུས་མོ་བཙུགས་ཤིང་སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པའོ། །གཙོ་བོའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཇོ་བོ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁའི་གནས་སུ་ༀ་བཛྲ་ས་མཱ་ཛཿ ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་བཱ་ར་ཨ་རྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿ ཧཱུྃ། ནས། ཤབྡའི་བར་གྱིས་མཆོད། ཐལ་མོ་སྦྱར་ཏེ། ཇོ་བོ་ཐུགས་རྗེ་ཆེན་པོས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས་དམ་ཚིག་པ་སོ་སོ་ལ་ཐིམ་པར་བསམ། གསུམ་པ་ལ་གཉིས། རྩ་བའི་ལྷ་ལ་གསལ་སྣང་འདོན་པ་དང༌། སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་སྒོམ་ཚུལ་ལོ༑ ༑དང་པོ་ནི། དེ་ལྟར་གསལ་བའི་ལྷ་སྐུའི་སྣང་བ་ལམ་མེ་བ་དེ་ལ་སེམས་བཟུང༌། དེའི་གསལ་སྣང་མ་ཤོར་བའི་ངང༌། རེས་གདན་ནས་གཙུག་ཏོར་བར། རེས་གཙུག་ཏོར་ནས་གདན་གྱི་བར། རེས་སྤྱན་གྱི་དཀར་ནག་ལྟ་བུ་ཕྲ་བ་ནས་རགས་པའི་བར། རེས་རགས་པ་ཕྱག་ཞབས་ནས་ཕྲ་བ་སྤྱན་གྱི་བར་དུ་གསལ་གདབ། དེ་དག་བརྟན་ནས་ལྷ་སྣང་སྤྱི་ལ་སེམས་གཏད་དེ་མཐར་བ་སྤུའི་བུ་ག་ཚུན་ཆད་མ་འདྲེས་པར་ཤིན་ཏུ་གསལ་ཞིང་བློ་རྩེ་གཅིག་པ་ལ་བརྟན་པ་ཐོབ་པར་བྱ་སྟེ་དམིགས་པའི་དངོས་གཞིའོ། །གཉིས་པ་ནི། རང་ཉིད་པད་ཟླའི་སྟེང་ན་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། སྐུ་ཡིས་ཞིང་ཁམས་ཐམས་ཅད་དུ་ཁྱབ་ཅིང་ཞིང་ཁམས་རབ་འབྱམས་རྒྱ་མཚོ་སྐུ་ལ་རྫོགས་པར་ལམ་གྱིས་གསལ་བའི་སྐུ་ལུས་ཀྱི་སྒོ་བ་སྤུའི་སྒོ་ཉི་མའི་འོད་ཅེས་པ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་དུ་མ་དང༌། གསེར་གྱི་རི་ཁྲི། རེ་རེ་ལ་ཡང་རྩེ་མོ་ཁྲི་ཉིས་སྟོང༌། རིན་པོ་ཆེའི་ཁང་བཟང་སྐྱེད་ཚལ་རྒྱན་བཀོད་དུ་མས་བརྒྱན་པ། ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོག་པ། བ་སྤུ་དེའི་ནང་ན་ཡང་རྒྱལ་བའི་དབང་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། ལྷའི་གསེར་གྱི་རི་བརྒྱད་ཁྲི་རིན་པོ་ཆེའི་བྲག་རི་ལྗོན་ཤིང་དག་དང༌། ཟས་གོས་ལྷའི་རང་བཞིན་ལས་གྲུབ་པ་ལ་བྱང་ཆུབ་སེམས་དཔའ་དག་ལོངས་སྤྱོད་ཅིང༌། ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོག་གོ །བ་སྤུ་དེ་འདས་པ་ན་སྨན་ཆེན་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན༑ བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང༌། རྡོ་རྗེ། དངུལ། གསེར། ཨིནྡྲ་ནཱི་ལ། པདྨ་རཱ་ག །མརྒད། ཤེལ་གྱི་རི་རྩེ་མོ་བརྒྱད་ཁྲི་ཡོད་པ། དྲི་ཟའི་སིལ་སྙན་གྱི་སྒྲ་ལས་ཡི་གེ་དྲུག་པའི་ཆོས་ཀྱི་དབྱངས་འབྱིན་ཅིང༌། གང་སེམས་ཐོག་མ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་སྟོང་པ་ཉིད་དང་མཚན་མ་མེད་པ་སེམས་ཏེ། ཀྱེ་མའོ་ཞེས་སྡུག་བསྔལ་སྐྱེ་རྒས་ན་འཆི་སོགས་ལ་སྐྱོ་བས་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ནས་དྲན་པ་མངོན་པར་བཞག་ནས་རི་དེ་དག་ལ་འཁོད་དོ། །བ་སྤུ་དེ་ཡང་འདས་པ་ན། སྣ་ཚོགས་པའི་རྒྱལ་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན་རང་སངས་རྒྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མེ་འབར་བ་དང༌། ཆར་འབེབས་པ་སོགས་ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང༌། རིན་ཆེན་སྣ་བདུན་ལས་གྲུབ་པའི་རིའི་རྒྱལ་པོ་བརྒྱ་ཕྲག་སྟོང་དག་ལ་འདོད་དགུ་འབྱུང་བའི་དཔག་བསམ་སྡོང་པོ། རྩ་བ་མུ་ཏིག །ལོ་མ་གསེར་དངུལ། མེ་ཏོག་མན་ཤེལ་ལས་བྱས་པ་དག་ལས་རྒྱན་ཆ་དུ་མ་དང་ཀཱ་ཤི་ཀའི་གོས་རྣམས་འཕྱང་ངོ༌། །དེ་འདྲ་བའི་རི་རྣམས་ལ་རང་སངས་རྒྱས་དག་བཞུགས་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་ཡི་གེ་དྲུག་པའི་སྒྲར་སྟོན་ནོ། །ཐམས་ཅད་ཀྱི་ཐ་མ་ན་བ་སྤུའི་ཁུང་བུ་རྒྱལ་མཚན་གྱི་རྒྱལ་པོ་ན། རིན་པོ་ཆེའི་རི་བརྒྱད་ཁྲི་བཞི་སྟོང་དང༌། དཔག་བསམ་དང་ཙནྡན་དང་བྱི་རུའི་ཤིང་དེ་སྙེད་ཡོད་ཅིང་རིན་ཆེན་འབར་བའི་ཁང་བརྩེགས་ན། དེ་བཞིན་གཤེགས་པའི་སྐུ་འཛམ་བུའི་གླིང་དུ་མངོན་པར་ཕྱོགས་ཤིང་ཆོས་འཆད་པ། ཕར་ཕྱིན་དྲུག་ཡི་གེ་འབྲུ་དྲུག་ཏུ་སྟོན་པར་མཛད་པ་ཡང་བཞུགས་པ་སོགས་མདོར་ན་སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི་སངས་རྒྱས་བྱང་སེམས་བཞུགས་ནས། ལ་ལས་ནི་དམ་པའི་ཆོས་ཀྱི་འགྲོ་བ་མཛད། ལ་ལས་ནི་ཕར་ཕྱིན་དྲུག་དང་ལྡན་པའི་ཆོས་འཆད། ལ་ལས་ནི་རྫུ་འཕྲུལ་རྣམ་པར་རྩེ་བའི་ཆོ་འཕྲུལ་སྟོན་ལ་ཐམས་ཅད་ཀྱང་ཡི་གེ་དྲུག་པའི་སྒྲ་དབྱངས་སྒྲོག་ཅིང་དེ་དག་ལས་བྱུང་བའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བ་སྤུའི་སྒོ་བྱེ་བ་ཕྲག་བརྒྱ་ནས་བྱུང་སྟེ། འགྲོ་དྲུག་གི་སྡིག་སྒྲིབ་བག་ཆགས་མ་ལུས་པ་སྦྱང༌། ཀུན་ཀྱང་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་འབའ་ཞིག་ཏུ་སོང་ནས་ཡི་གེ་དྲུག་པའི་སྔགས་ཏི་རི་རི་བཟླ་བར་མོས་ཏེ་རྩེ་གཅིག་དམིགས་པའི་ངང་དང་མ་བྲལ་བར་མཉམ་པར་འཇོག་གོ །བཞི་པ་ནི། དེ་ལྟར་བསྒོམ་པས་ཏིང་ངེ་འཛིན་ལ་གསལ་སྣང་ཐོན་པའམ། སྒོམ་པས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་ཁ་སྟེང་འོག་ཏུ་ལྟ་བའི་ལྟག་སྤྲོད། གྱེན་ལྟའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿ ཡིག་དཀར་པོ། དེའི་མཐའ་བསྐོར་དུ་ༀ་མ་ཎི་པདྨེ་ཧཱུྃ་ཞེས་པའི་སྔགས་ཕྲེང་དཀར་པོ་གཡས་སྐོར་དུ་འཁོད་པར་མོས་ལ་རང་ཉིད་ཀྱིས་བཟླས་པ་བྱས་པས། སྔགས་ཀྱི་སྒྲ་སེམས་ཅན་ཐམས་ཅད་ཀྱི་རྣ་བར་ལྷང་ལྷང་བྱུང༌། དོན་སྐྱེ་མེད་ཀྱི་ངང་དུ་འཇོག་བཞིན་ཏུ་ཡི་གེ་དྲུག་པ་ཅི་ནུས་སུ་བགྲང༌། སླར་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་དུ་ཞུ། ངོ་བོ་ཡིག་འབྲུ་ལ་རྣམ་པ་འོད་ཟེར་གྱིས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་དག །འོད་ཟེར་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱོང་བར་བསམ། ཡང་སྔགས་ཕྲེང་སྔར་ལྟར་གསལ་བཏབ་ཅིང་བཟླས་པ་དང་འོད་དུ་ཞུ་བའི་དམིགས་པ་སྤེལ་མ་ཇི་ཙམ་ནུས་པ་བྱ། མཐར་གོང་དུ་བཤད་པའི་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་སྒོམ་ལ་བཟླས་པ་ཅི་ནུས་བྱས་ཏེ། ཐུན་འཇོག་པའི་ཚེ་ཡི་གེ་རྣམས་པདྨ་ལྟག་སྤྲོད་ལ་ཐིམ། དེ་ཧྲཱིཿ ལ་ཐིམ་པར་མོས། གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། བཅུད་ཀྱི་སེམས་ཅན་ལ་ཕོག །དེ་འོད་དུ་ཞུ། དེ་ལས་འོད་འཕྲོས་སྣོད་ཀྱི་འཇིག་རྟེན་ལ་ཕོག །དེ་དག་འོད་དུ་ཞུ། མཐའ་ནས་འདུས་ཏེ་འཁོར་གཉིས་ལ་ཐིམ། དེ་གཉིས་གཙོ་བོ་ལ་ཐིམ། དེ་ཉིད་ཡས་མར་ནས་ཞུ། ཐུགས་ཀའི་ཧྲཱིཿ ལ་ཐིམ། དེའང་འ་ཆུང་ར་ལ། དེ་ཧ་ལ། ཧ་མགོ་བོ། མགོ་བོ་གི་གུ། དེ་ནཱ་ད་ལ་ཐིམ། དེ་ཡང་འོད་དུ་ཡལ་བའི་ངང་ལ་ཅི་གནས་སུ་བཞག །མི་གནས་པར་འཕྲོ་བར་བརྩམས་པ་ན། སྟོང་པའི་ངང་ལས་ཐིག་ལེ་གསུམ། དེའི་དབུས་མ་ཧྲཱིཿ  དེ་ལས་གཙོ་འཁོར་གསུམ། སྣོད་གཞལ་ཡས་ཁང༌། བཅུད་ལྷ་ཡི་རང་བཞིན་ཏུ་མོས། འདི་ལ་ཆེད་དུ་སྦྱང་ན། སླར་བསྡུ་ཞིང་མཉམ་པར་འཇོག་སྟེ་ལྷར་ལྡངས་པ་སོགས་སྔར་ལྟར་བྱའོ། །གསུམ་པ་རྗེས་ལ་གཉིས། རྗེས་ཀྱི་རྣལ་འབྱོར་དངོས་དང༌། ཞར་བྱུང་གི་རྣལ་འབྱོར་གཞན་བཤད་པའོ། །དང་པོ་ནི། བསྒོམ་བཟླས་ཏིང་ངེ་འཛིན་གྱི་རྣལ་འབྱོར་གྲུབ་ནས། རྗེས་སྤྱོད་ལམ་ལ་འཇུག་པ་ན་འཁོར་གཉིས་རང་ལ་ཐིམ། རང་ཕྱག་གཉིས་པའི་ང་རྒྱལ་གྱིས་ཁ་ཟས་ཐམས་ཅད་འབྲུ་གསུམ་གྱིས་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབ་སྟེ་རང་ལྷར་གསལ་བས་ལོངས་སྤྱོད། གོས་ལྷའི་གོས་པཉྩ་ལི་ཀཱར་བསམ་སྟེ་ཚོགས་རྫོགས་པའི་ཡན་ལག་ཏུ་སྤྱད། འགྲོ་འདུག་སེམས་ཅན་ལ་ཕན་པ་འབའ་ཞིག་ཏུ་མོས་ལ་བསྔོ་སྨོན་རྒྱས་པར་བྱ་བ་སོགས་ཐེག་པ་ཆེན་པོའི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །གཉིས་པ་ཞར་བྱུང་གི་རྣལ་འབྱོར་ལ་གསུམ། ཁྱད་པར་བདེ་སྟོང་གི་རྣལ་འབྱོར། ཐུན་མོང་བྱང་སེམས་ཀྱི་རྣལ་འབྱོར། ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་རོ། །དང་པོ། རང་ཇོ་བོར་གསལ། མདུན་ཏུ་ལྷ་མོ་ཡི་གེ་དྲུག་མ་བསྒོམ། དེའི་སྨིན་མཚམས་སུ་ཐིག་ལེ་དམར་པོ། དེ་ལས་འོད་ཟེར་དམར་པོ་ཚ་བའི་ངད་ལྡན་བྱུང༌། རང་གི་སྨིན་མཚམས་སུ་ཕོག །རང་གི་མགྲིན་པ་ནས་འོད་ཟེར་དཀར་པོ་བདེ་བའི་ངད་ལྡན་བྱུང༌། ལྷ་མོའི་ལྟེ་བར་ཕོག །འོད་དཀར་དམར་འདྲེས་པ་སྐུ་ལུས་ནང་ནས་ཡར་སོང༌། སླར་སྨིན་མཚམས་ནས་འོད་དམར་པོ། རང་གི་སྨིན་མཚམས་སུ་ཐིམ་པ་སོགས་འཁོར་ལོ་ལྟར་བསྐོར་བས་ཡབ་ཡུམ་གཉིས་ཀར་བདེ་སྟོང་གི་ཉམས་སྐྱེས་པར་བསམ་ལ། བདེ་བ་མ་སྐྱེས་ཀྱི་བར་དུ་བསྒོམ་ཞིང་བདེ་བ་སྐྱེས་ན་སྟོང་པ་དང་བསྲེ། སྟོང་ཉམས་ཀྱིས་བདེ་བ་ཡལ་ན་སླར་འོད་འཁོར་བསྒོམ་ལ་བདེ་བ་བསྐུལ། མཐར་སྟོང་པས་རྒྱས་གདབ། འདི་བྱ་རྒྱུད་རང་ལུགས་ཀྱི་ཐབས་ལམ་དོད་བལྟས་པའི་བདེ་བ་ལམ་བྱེད་ཀྱི་རྣལ་འབྱོར་རོ། །གཉིས་པ་ནི། དང་པོ་རང་གི་མདུན་ཏུ་རྩ་བའི་མ་དེ་བསམ། མ་འདིས་བདག་གི་ལུས་སྲོག་བསྐྱེད་པ་ནས་བཟུང༌། ཚེ་རབས་ཐམས་ཅད་དུ་ཕན་པ་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབ་པས་དྲིན་རེ་ཆེ་སྙམ་དུ་བསམ་ལ་བྱམས་པ་ཚད་མེད་པ་བསྒོམ། མ་འདི་ཐོག་མ་མེད་པ་ནས་འཁོར་བ་འདིར་སྡུག་བསྔལ་གྱི་རྒྱུ་འབྲས་འབའ་ཞིག་ལ་སྤྱོད་ཅིང་ཐར་དུས་ཡེ་མེད་པ་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་ཚད་མེད་པ་བསྒོམ། མ་འདི་བདག་ཁོ་ནས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་ངེས་པར་འགོད་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཚད་མེད་པ་བསྒོམ། དེ་ལ་འབྱོངས་ནས་དགྲ་བགེགས་དང༌། སེམས་ཅན་མཐའ་ཡས་པ་ལ་མཚུངས་པར་སྦྱང་ངོ༌། །གསུམ་པ་ལ། སྦྱང་བ་དང༌། ལས་ལ་སྦྱར་བ་གཉིས། དང་པོ་ནི། རང་གི་མདུན་ཉེ་རིང་འཚམས་པར་ཐུགས་རྗེ་ཆེན་པོའི་སྐུ་མཚན་ཉིད་དང་ལྡན་ལ་ཡིད་ཆགས་པ་བྲིས་འབུར་གང་རུང་བཀྲམ་པའི་མདུན་ཏུ་མཆོད་པ་བཤམ། དེ་ཐུགས་རྗེ་ཆེན་པོ་དངོས་སུ་གསལ་ལ་མཆོད་བསྟོད་བྱ། བདག་ལ་རེ་ས་ཁྱེད་ལས་མེད་དོ་སྙམ་པའི་བློ་གཏད་ལིང་བསྐྱུར་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་བ་འདེབས་སོ། །རྣམ་ཤེས་བདེ་ཆེན་ཏུ་འཕོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལན་མང་དུ་བཏབ། རང་གི་རྣམ་ཤེས་ཧཱུྃ་དཀར་པོར་གྱུར་པ་སྣ་བུག་གཡས་ནས་རྒྱངས་ཀྱིས་ཐོན། ཇོ་བོའི་ཤངས་བུག་གཡས་ནས་ཐུགས་ཀར་ཞུགས་པར་མོས་ལ་དེར་སེམས་འཛིན། སླར་ཤངས་བུག་གཡོན་ནས་བྱུང༌། སྣ་བུག་གཡོན་ནས་སྙིང་གར་ཞུགས། ཡང་སྣ་བུག་གཡས་ནས་འཕངས་པ་སོགས་འཁོར་མར་སྦྱང༌། མཐར་ཐུན་འཇོག་པའི་ཚེ་ཧཱུྃ་རང་གི་སྙིང་གར་ཐིམ་པའི་རྗེས་ཇོ་བོ་རང་གི་སྤྱི་བོར་བྱོན། འཆི་མེད་ཚེའི་དངོས་གྲུབ་སྩོལ་བར་གསོལ་བ་གདབ་པས། ཇོ་བོ་འོད་དུ་ཞུ། ཚངས་བུག་ནས་ཞུགས། རང་ལུས་བདུད་རྩིའི་རྒྱུན་གྱིས་གང་བས་འཆི་བ་མེད་པའི་ཚེ་དང༌། རྒས་པ་མེད་པའི་ལང་ཚོ་དང་ལྡན་པར་མོས་ལ་བསྔོ་སྨོན་བྱ། གཉིས་པ་ནི། ངེས་པར་འཆི་བའི་དུས་ལ་བབ་པའི་ཚེ་ཉེར་བསྡོགས་སྔར་ལྟར་བྱས་ལ། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་རིགས་ལ་བཤགས་སྡོམ་ཡིད་ཚིམས་པར་བྱ། ལུས་ལོངས་སྤྱོད་མཎྜལ་དུ་ཕུལ་ཏེ་ཞེན་འཁྲིས་རྦད་ཀྱིས་བཅད་ལ་ཆགས་ཞེན་དང་བློ་མ་བདེ་བ་སྤུ་ཙམ་མེད་པར་བྱ། རང་གི་རྣམ་ཤེས་ཧཱུྃ་དཀར་པོ་སྣ་བུག་གཡས་ནས་ཐོན་པ་སོགས་སྦྱང་བའི་སྐབས་ལྟར་ལ། ཇོ་བོའི་ཐུགས་ཀར་ཐིམ་ཚེ་འོད་གསལ་གྱི་ངང་དུ་བཞག །སླར་རྣམ་ཤེས་ཚུར་འཐོན་པའི་དམིགས་པ་མི་བྱ་བར་ཡང་ཡང་འཕང༌། དེས་ཀྱང་འཕོ་མ་ནུས་ན༑ རང་ལུས་ཀྱང་འོད་དུ་ཡལ་ཏེ་ཇོ་བོའི་ཐུགས་ཀར་སིབ་ཀྱིས་ཐིམ་པར་མོས་ཏེ་སེམས་རྟོག་མེད་དུ་བཞག་པས། རབ་འོད་གསལ་དུ་གྲོལ། འབྲིང་དང་ཐ་མ་ལྷ་དང་མིར་སྐྱེ། འཇའ་འོད་དང་རིང་བསྲེལ་སོགས་ལྟས་བཟང་པོ་འབྱུང་བར་བཤད་དོ། །ཁྲིད་འདི་སྟན་ཐོག་གཅིག་ཏུ་བསྒོམ་པའི་ཚེ་མཚན་བཅས་རྣལ་འབྱོར་གྱི་སྐབས། ཐོག་མར་སྣོད་བཅུད་འོད་གསལ་དུ་བསྡུས་ནས། སླར་སྲུང་འཁོར་དང་ལྷའི་རྣལ་འབྱོར་བསྒོམ་པ་བྱས་ན་ལག་ལེན་བདེ་ཞིང་དོན་དང་མི་འབྱོར་བ་མེད་དོ་གསུངས། དལ་འབྱོར་ཡོན༵་ཏན༵་་བརྒྱད་ལྡན་ལུས། །སྙིང་པོ་ལེན་འདོད་སྐལ་བཟང་དག །མ་ནོར་ལམ་མཆོག་འདིར་ཞུགས་ཤིག །ཏིང་འཛིན་རྒྱ༵་མཚོ༵་མྱུར་ཐོབ་འགྱུར། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད་ཀྱི་ལེ་ཚན་ནོ།།  ༈  །།ༀ་སྭ་སྟི་སིདྡྷཾ། ཕོངས་པ་ཀུན་ལ་དུས་དྲུག་ཏུ། །བུ་གཅིག་ལྟར་བརྩེ་རྗེ་བཙུན་མ། །སྙིང་གི་ཟེའུ་འབྲུར་རྟག་མཆོད་དེ། །རྗེས་དྲན་ལྔ་ཡི་ཁྲིད་འཆད་བྱ། །གསུམ་པ་བཀའ་གདམས་རིན་པོ་ཆེའི་བཀའ་སྲོལ་ལས་བྱུང་བ་ཕྲིན་ལས་ཀྱི་ལྷ་འཕགས་མ་སྒྲོལ་མ་རྗེས་དྲན་ལྔའི་ཁྲིད་འཆད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས་ཏེ༑ སྐྱབས་འགྲོ་དང༌། སེམས་བསྐྱེད་དོ། །དང་པོ་ནི། བསམ་གཏན་ལ་འཇུག་པའི་སྦྱོར་བ་སྤྱི་ལྟར་ལ། ཐུན་མོང་སྔོན་འགྲོ་གསལ་གདབ་པ་སོགས་དགེ་བའི་སེམས་ཁྱད་པར་ཅན་གྱིས་གོ་ཕྱེས་ཏེ། ས་ཕྱོགས་དག་པའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པའི་རང་མདུན་དཔག་བསམ་ཤིང་གི་སྡོང་པོ་ཡལ་ག་ལྔར་གྱེས་པའི་དབུས་མར་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ་བླ་མ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་ལ་རྩ་བརྒྱུད་བླ་མ་འོད་དཔག་མེད་ཀྱི་རྣམ་པས་བསྐོར་བ། མདུན་ཏུ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་ཡི་དམ་ལྷ་ཚོགས། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་ཏུ་དགེ་འདུན། མཐའ་བསྐོར་དུ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་བཅས་གསལ་གདབ། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། སངས་རྒྱས་ཆོས་ཚོགས་མ་ཅི་ནུས་སུ་བརྗོད་པས་སྐྱབས་སུ་འགྲོ། གཉིས་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ལ་བཀོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས། བདག་གིས་སྦྱིན་སོགས་མང་དུ་བརྗོད། མཐར་སྐྱབས་ཡུལ་ལས་འོད་ཟེར་བྱུང༌། རང་གཞན་གྱི་སྡིག་སྒྲིབ་སྦྱངས། ཡོན་ཏན་སྤེལ། སྐྱབས་ཡུལ་འོད་ཞུ་རང་ལ་བསྡུས་ཏེ་མཉམ་པར་འཇོག  ༈  །གཉིས་པ་དངོས་གཞི་ལ་ལྔ་སྟེ། སྐྱབས་གནས་བླ་མ། ལུས་ལྷར། ངག་སྔགས། འགྲོ་ཀུན་ཕ་མ། སེམས་ཆོས་ཉིད་དུ་རྗེས་སུ་དྲན་པའོ། །དེའང་རྒྱལ་བ་འབྲོམ་རིན་པོ་ཆེ་ལ་བཀའ་གདམས་ལྷ་བཞི་ཞལ་གཟིགས་པའི་དུས་སུ། སྒྲོལ་མའི་ཞལ་ནས། སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས། །ཁྱོད་ཀྱི་རྗེས་འབྲངས་ཁོ་མོས་བསྐྱབ། །ཁོ་མོའི་གདམས་པ་འདི་ལོངས་ལ། །རྗེས་སུ་འབྲངས་ལ་བསྟན་པར་གྱིས། །སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། །ངག་གི་བཟླས་བརྗོད་རྒྱུན་ཏུ་མཛོད། །འགྲོ་བ་མ་ལུས་ཕ་མར་སོམས། །སེམས་ཀྱི་གནས་ལུགས་སྟོང་པར་དཔྱོད། །ལྔ་པོ་འདི་ཡི་སྐྱ་བར་ནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་གསུངས་པའི་བསྟན་དོན་རྗེས་དྲན་ལྔའི་ཟབ་ཁྲིད་དུ་གྲགས་པ་སྟེ། དེ་ལའང་རྗེས་དྲན་དངོས་དང༌། ཕྱི་ནང་གསང་བའི་གོ་བབ་བཤད་པ་གཉིས། དངོས་ཀྱི་དང་པོ་བླ་མ་རྗེས་སུ་དྲན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བ་རྣལ་འབྱོར་གསལ་གདབ་པ་ནི། རང་གི་སྙིང་གར་སྣང་བ་ཀུན་རྫོབ་ཐབས་ཀྱི་ངོ་བོ་སྣོད་ཀྱི་ཐིག་ལེ་སེར་པོ་སྲན་མ་བཀས་པའི་དབྱིབས་ལྟ་བུ། དེའི་སྟེང་དུ་སྟོང་པ་དོན་དམ་ཤེས་རབ་ཀྱི་ངོ་བོ་བཅུད་ཀྱི་ཐིག་ལེ་གསེར་མདོག་འོད་ལྔ་འཕྲོ་བ་ཡུངས་ཀར་གྱི་དབྱིབས་ཅན་ཆེ་ཆུང་སྣོད་དང་མཉམ་པ། དེའི་སྟེང་དུ་པད་ཟླའི་གདན་ལ་རྩ་བའི་བླ་མ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན། དེའི་སྤྱི་བོ་ནས་ཐོ་བརྩེགས་སུ་པད་ཟླའི་གདན་ཆུང་ངུ་རེག་ལ་མ་འབྱར་བ་རེ་རེའི་སྟེང་དུ་བརྒྱུད་པའི་བླ་མ་རྣམས་འོད་དཔག་མེད་ཀྱི་རྣམ་པ་ཅན་ཏུ་བཞུགས་པ། ཐམས་ཅད་ཀྱི་སྟེང་མར་ཇོ་བོ་རྗེ་དངོས་བསྒོམ། ཇོ་བོའི་དབུ་གཙུག་ནས་པད་ཟླའི་གདན་གྱི་ཕྲེང་བ་ཁ་གསུམ་གྱེས་པའི་དབུས་མར་རྡོ་རྗེ་འཆང༌། ཏཻ་ལོ། ནཱ་རོ། ཌོམྦི་པ་སོགས་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་དང༌། གཡས་མར་བྱམས་པ་ཐོགས་མེད་སྐུ་མཆེད་སོགས་རྒྱ་ཆེན་སྤྱོད་བརྒྱུད་དང༌། གཡོན་མར་འཇམ་དབྱངས་ནས་ཀླུ་སྒྲུབ་ཡབ་སྲས་སོགས་ཟབ་མོ་ལྟ་རྒྱུད་རྣམས་ཇོ་བོ་ལ་ཐུག་གི་བར་ཕྲེང་བར་བསྟར་ཏེ་བཞུགས་པ། དེ་དག་གི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། རྩ་བརྒྱུད་བླ་མ་དང་དཀོན་མཆོག་ཐམས་ཅད་སྤྱན་དྲངས་གཉིས་སུ་མེད་པར་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད་དུ་མོས། གཉིས་པ་དངོས་གཞི་ཚོགས་བསག་ཅིང་གསོལ་བ་གདབ་པ་ནི། བདག་གཞན་གྱི་ལུས་ཞིང་རྡུལ་གྲངས་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་དང༌། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དུས་གསུམ་གྱི་དགེ་རྩ་དང༌། འཇིག་རྟེན་ན་མཆོད་པའི་ཡོ་བྱད་ཇི་སྙེད་ཡོད་པ་ཐམས་ཅད་ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་ལྟ་བུར་བློས་བླངས་ཏེ་འབུལ་བ་སོགས་ཡན་ལག་བདུན་པའི་དམིགས་བསམ་རྣམ་པར་དག་པ་ལ་གནས་ཏེ། ཐུན་མོང་མ་ཡིན་པ་འབྲོམ་རིན་པོ་ཆེའི་གསུང༌། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སོགས་བཀའ་གདམས་གླེགས་བམ་ལས་འབྱུང་བ་ལྟར་གྲུབ་ན་ལེགས། ཐུན་མོང་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་བྱས་ཀྱང་རུང་ལ། གང་ལྟར་བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པའི་ཚོགས་བསགས་དེ་ཉིད་སྔོན་ཏུ་འགྲོ་བའི་མོས་གུས་རྩེ་གཅིག་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་མང་དུ་གསོལ་བ་བཏབ། གསུམ་པ་རྗེས་དབང་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་ནི། མཐར་མོས་གུས་དྲག་པོའི་རྐྱེན་གྱིས་རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལམ་གྱིས་བྱུང༌། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྤྱི་དང་ཁྱད་པར་ལམ་གྱི་ཡེ་ཤེས་སྐྱེ་བ་ལ་འགལ་རྐྱེན་བར་དུ་གཅོད་པ་མཐའ་དག་སྦྱངས། ཚོགས་གཉིས་གོང་འཕེལ་དུ་རྫོགས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ། མཐར་གོང་མ་འོད་དུ་ཞུ་སྟེ་འོག་མ་ལ་རིམ་བཞིན་ཐིམ༑ མཐར་རྩ་བའི་བླ་མ་ཡང་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་སྣོད་བཅུད་ཀྱི་ཐིག་ལེ་ལ་ཐིམ། དེའང་མི་དམིགས་པ་བློ་འདས་བརྗོད་བྲལ་གསལ་སྟོང་ཟུང་འཇུག་གི་ངང་མདངས་བསྐྱང་ངོ་། །གཉིས་པ་ལུས་ལྷར་རྗེས་སུ་དྲན་པ་ལ་གཉིས། ལྷ་སྐུར་བསྒྲུབ་པ་དང༌། གསལ་སྣང་ལ་བསླབ་པའོ། །དང་པོ་ཡན་ལག་བཞི་རྫོགས་ཀྱིས་ལྷའི་སྐུར་བསྒྲུབ་པ་ནི། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ས་ཕྱོགས་དག་པའི་ཞིང་གི་བཀོད་པ་ཚད་མེད་པ་སེང་ལྡེང་ནགས་ཚལ་མེ་ཏོག་འབྲས་བུས་བརྒྱན་པའི་ལྗོན་ཤིང་དུ་མས་གཏིབ་པའི་དབུས་སུ། པམ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལས་ཨུཏྤལ་ལྗང་སྔོན་ཏཱྃ་ཡིག་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་སེར་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་སྔོན་པོའི་སྡོང་བུ་འཛིན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རལ་པའི་ཐོར་ཚུགས་དང༌། རིན་པོ་ཆེ་དང་དར་གྱི་ན་བཟས་བརྒྱན་པ། ཟླ་བའི་རྒྱབ་ཡོལ་ཅན། དབུ་སྐྲ་ལི་བ་ཞལ་འཛུམ་པའི་མདངས་ཅན། འོད་དང་འོད་ཟེར་གྱི་རང་བཞིན་ཅན་ཏུ་གསལ་བའི་གནས་གསུམ་འབྲུ་གསུམ་དང༌། ཐུགས་ཀར་ཟླ་བ་ལ་གནས་པའི་ཏཱྃ་ཡིག་ལྗང་གུ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས། བཛྲ་ས་མཱ་ཛཿ  ཨ་རྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། ཛཿ ཧཱུྃ་བྃ་ཧོཿ  དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨ་རྒྷཾ་སོགས་ཀྱིས་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། རིགས་ལྔའི་ཐུགས་ཀ་ནས་ཡུམ་བཞི་བདུད་རྩིའི་བུམ་པ་ཐོགས་པ་བྱུང་སྟེ། ཇི་ལྟར་བལྟམས་པ་སོགས་དང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུངས་ཤིང་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། སྤྲོ་ན་སྔར་ལྟར་མཆོད་བསྟོད་ཀྱང་བྱ། འདིར་ཡན་ལག་བཞི་སྦྱར་ཚུལ་ནི་ཐུབ་པའི་སྐབས་དང་འདྲའོ། །གཉིས་པ་དམིགས་པའི་གཙོ་བོ་ལྷའི་གསལ་སྣང་ལ་བསླབ་པ་ལ་གཉིས་ཏེ༑ རྩ་བའི་གསལ་སྣང་འདོན་པ་དང༌། དེ་ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབ་པའོ། །དང་པོ་ནི། དེ་ལྟར་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ལྷ་སྐུ་དེ་ཉིད་སྣང་ལ་རང་བཞིན་མེད་པ། གསལ་ལ་ངོས་བཟུང་མེད་པ། བདེ་ལ་ཞེན་པ་མེད་པ་གསལ་ལམ་མེར་ཡང་ནས་ཡང་དུ་གསལ་གདབ་ལ། རྣམ་པ་སྤྱིའི་གསལ་སྣང་མ་ཤོར་བའི་ངོས། བྱེ་བྲག་ཕྲ་བ་ནས་རགས་པའི་བར་དང༌། རགས་པ་ནས་ཕྲ་བའི་བར་གསལ་གདབ་ལ་སྦྱང་སྟེ་སྣང་ཡུལ་དུ་དངོས་སུ་གསལ་བ་ལྟ་བུའི་གསལ་སྣང་ལ་བརྟན་པ་ཐོབ་ཅིང༌། ཇི་ཙམ་འདོད་ཀྱི་བར་དུ་གནས་སུ་བཏུབ་པའི་གནས་ཆ་བརྟན་པོ་མ་བྱུང་གི་བར་དུ་ནན་ཏན་ཏུ་སྦྱང་ངོ༌། །གཉིས་པ་ལའང་གཉིས་ཏེ། ཐུན་མོང་དང་༑ ཁྱད་པར་རོ། །དང་པོ་ནི། སྔར་བསྒོམ་པའི་ཐུགས་ཀའི་ཏཱྃ་བསྐྱར་ནས་གསལ་གདབ། དེ་ལས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་བཞིན་ཏུ་སྦྱངས། ཚེ་དང་བསོད་ནམས་ལུང་རྟོགས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་རྒྱུན་མི་ཆད་པར་ཕུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་དང་ལྷན་ཅིག་ཚུར་བྱུང་སྟེ་རང་ལ་ཐིམ་པར་བསྒོམ། ཡང་འོད་ཟེར་འཕྲོས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་རྗེ་བཙུན་སྒྲོལ་མའི་སྐུར་གྱུར་པར་མོས། གཉིས་པ་ཁྱད་པར་ནི། འཇིགས་པ་བརྒྱད་སྐྱོབ་ཀྱི་དམིགས་པ་སྐབས་འདིར་བྱ། དེའང་འོག་གི་ལས་སྦྱོར་གྱི་སྐབས་སུ་འབྱུང་བ་ཉིད་འདིར་བླང་བར་བྱ་སྟེ། འོན་ཀྱང་བཟླས་པའི་རིགས་དངོས་སུ་མི་དགོས་པ་ནི། སྐབས་འདིར་ཁྱད་པར་རོ། །གསུམ་པ་ངག་སྔགས་སུ་རྗེས་སུ་དྲན་པ་ལའང་གསུམ་སྟེ། ཕྱི་དང་། ནང་དང་། གསང་བའོ། །དང་པོ་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ལ། བཟླས་པའི་གཞི་འགོད་པ་དང་། དམིགས་པ་དངོས་སོ། །དང་པོ་ནི། རང་སྒྲོལ་མར་གསལ་བའི་ཐུགས་ཀར་ཟླ་བ་ལ་ཏཱྃ་ཡིག་སྔོ་ལྗང༌། དེའི་མཐར་ཡི་གེ་བཅུ་པ་ཡིག་ངོ་ནང་དུ་ལྟ་བ་གཡས་སྐོར་དུ་འཁོད་པ་མོས་ལ་གསལ་བརྟན་ཏུ་མ་གྱུར་བར་བསྒོམ། གཉིས་པ་ནི། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། ལུས་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚེ་བསོད་དཔལ་འབྱོར་རྒྱས། འོད་ཟེར་ཕྱིར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། འོད་ཟེར་ཚུར་འདུས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐོབ་པར་མོས་ཏེ་ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་སུ་བྱ་བ་ནི་བདག་དོན་བྱིན་རླབས་ཀྱི་བཟླས་པའོ། །གཉིས་པ་ནི། སྔགས་ལས་འོད་ཟེར་འཕྲོས། རིགས་དྲུག་གི་སྡིག་སྒྲིབ་བག་ཆགས་བསལ། སྣོད་བཅུད་སྣང་ལ་རང་བཞིན་མེད་པ་འཕགས་མའི་ཞིང་ཁམས་རྟེན་བརྟེན་པར་བཅས་པར་གྱུར། ཁྱད་པར་བ་སྤུའི་བུ་ག་ནས་རང་འདྲ་བའི་སྒྲོལ་མ་ནམ་མཁའི་ཁམས་ཁྱབ་པར་སྤྲོས། འགྲོ་དྲུག་གི་སྡུག་བསྔལ་རྒྱུ་བཅས་བསལ། བདེ་བའི་གནས་ལ་བཀོད་པར་བསམ་སྟེ་ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་སུ་བྱ་བ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པའོ། །གསུམ་པ་ནི། འཇིགས་པ་བརྒྱད་སྐྱོབ་ཀྱི་བཟླས་དམིགས་བྱ་བ་སྟེ། རེ་རེ་བཞིན་བཟླས་པས་ཐུགས་རྒྱུད་བསྐུལ་བས་རང་གི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འཇིགས་སྐྱོབ་སོ་སོའི་སྐུ་མདོག་དང་མཐུན་པའི་འོད་འཕྲོས་སྨིན་མཚམས་སུ་སླེབས་པ་དང་འོད་ཀྱི་སྣེ་ལས་སོ་སོའི་སྐུ་དཔག་མེད་འཕྲོས་པས་མཁའ་ཁྱབ་འགྲོ་ཀུན་ཕྱི་ནང་གི་འཇིགས་པ་ལས་དབུགས་དབྱུང༌། ཚུར་འདུས་རང་ལ་ཐིམ་པར་བསམ་པ་ཐམས་ཅད་ལ་འགྲེའོ། །འཇིགས་བརྒྱད་སོ་སོ་ལ༑ སེང་གེའི་འཇིགས་སྐྱོབ་སྒྲོལ་མ་སེང་གདོང་མཆེ་བ་གཙིགས་ཤིང་ལྕེ་གློག་ལྟར་འཁྱུག་པ། སྤྱན་སེར་མོ་མདོག་དམར་ཞིང་སྐྲ་སེར་བ། ཐུགས་ཀར་མི་འཇིགས་སྦྱིན་པའི་ཕྱག་རྒྱ་མཛད་པ། རྒྱན་གྱིས་བརྒྱན་པ། སེམས་ཅན་རྣམས་ང་རྒྱལ་སེང་གེའི་འཇིགས་པ་ལས་སྒྲོལ་བར་བསམ། གླང་པོའི་འཇིགས་སྐྱོབ་སྒྲོལ་མ་གླང་གདོང་ཤངས་མཐོ་ཞིང་མཆེ་བ་གཙིགས་པ། གསུས་པ་འཕྱང་བ་དུ་བའི་མདོག་ཅན། མཐེ་བོང་མངོན་པར་བརྐྱང་བ། ཕྱག་གཉིས་ཀྱིས་སྡིག་པར་མཛད་པ། སེམས་ཅན་རྣམས་གཏི་མུག་གླང་པོའི་འཇིགས་པ་ལས་སྒྲོལ་བར་བསྒོམ། མེའི་འཇིགས་སྐྱོབ་སྒྲོལ་མ་དམར་མོ་འབར་བའི་གདོང་པ་ཅན་ཞལ་བདུན། ལྗགས་བདུན། སྐྲ་གྱེན་ཏུ་འབར་ཞིང༌༑ ཕྱག་གཉིས་ཀྱིས་པདྨའི་ཕྱག་རྒྱ་མཛད་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་རྣམས་ཞེ་སྡང་མེའི་འཇིགས་པ་ལས་སྒྲོལ་བར་བསྒོམ། སྦྲུལ་གྱི་འཇིགས་སྐྱོབ་སྒྲོལ་མ་ཁ་དོག་ནག་མོ་སྦྲུལ་མགོའི་གདེངས་ཀ་བཅུ་དང་ལྡན་ཞིང་སྐྲ་གྲོལ་བ། རྒྱན་གྱིས་བརྒྱན་པ། ཕྱག་གཉིས་ཀྱིས་མི་འཇིགས་སྦྱིན་པའི་ཕྱག་རྒྱ་མཛད་ཅིང༌། སེམས་ཅན་རྣམས་ཕྲག་དོག་སྦྲུལ་གྱི་འཇིགས་པ་ལས་སྒྲོལ་བར་བསྒོམ། ཆོམ་རྐུན་གྱི་འཇིགས་སྐྱོབ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་ཁྲོ་གཉེར་བསྡུས་པ། སྐྲ་གྱེན་དུ་བརྫེས་པ། ཕྱག་གཡས་རལ་གྲི། གཡོན་སྡིག་མཛུབ། རྒྱན་གྱིས་བརྒྱན་ནས་བཞེངས་པ། སེམས་ཅན་རྣམས་ལྟས་ངན་ཆོམ་རྐུན་གྱི་འཇིགས་པ་ལས་སྒྲོལ་བར་བསྒོམ། ལྕགས་སྒྲོག་འཇིགས་སྐྱོབ་སྒྲོལ་མ་སྐུ་མདོག་དམར་མོ། གཡས་པ་དང་གཡོན་པ་ལྕགས་ཀྱུ་དང་ཞགས་པ་འཛིན་ཅིང་རྒྱན་གྱིས་བརྒྱན་ནས་བཞེངས་པ། སེམས་ཅན་རྣམས་སེར་སྣ་ལྕགས་སྒྲོག་གི་འཇིགས་པ་ལས་སྒྲོལ་བར་བསྒོམ། ཆུའི་འཇིགས་སྐྱོབ་སྒྲོལ་མ་སྐུ་མདོག་དཀར་མོ། ཕྱག་གཡས་པ་ལྕགས་སྒྲོག །གཡོན་སྡིགས་མཛུབ། ཞི་བའི་སྐུར་བཞེངས་པ། སེམས་ཅན་རྣམས་འདོད་པ་ཆུའི་འཇིགས་པ་ལས་སྒྲོལ་བར་བསྒོམ། ཤ་ཟའི་འཇིགས་སྐྱོབ་སྒྲོལ་མ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཀུནྡ་དང་ཟླ་བའི་མདོག་ཅན། རྒྱན་གྱིས་བརྒྱན་པ། ཕྱག་གཡས་གཡོན་མཆོག་སྦྱིན་དང་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་ཅིང༌། སེམས་ཅན་རྣམས་ཐེ་ཚོམ་ཤ་ཟའི་འཇིགས་པ་ལས་སྒྲོལ་བར་བསྒོམ་ལ། རེ་རེ་ལའང་མོས་གདུང་དང་འབྲེལ་བར་ཡི་གེ་བཅུ་པ་བཟླས་ལ། ཏཱ་ར་ཏཱ་ར་ཞེས་གཉིས་ཀྱི་སྔགས་འདི་དང༌། མཐར་ཏཱ་ར་མཁྱེན་བརྩེས་བརྗོད་དོ། །གཉིས་པ་ནང་གི་བཟླས་པ་ལའང་གཉིས། ཐུན་མོང་དང༌། ཁྱད་པར་རོ། །དང་པོ་ཐུན་མོང་འབྲུ་གསུམ་རྡོ་རྗེའི་བཟླས་པ་ནི། རླུང་རོ་བསལ། རླུང་རྩོལ་མེད་རང་བབ་ཀྱིས་ནང་དུ་འཇུག་པ་ༀ་དཀར་པོ། གནས་པ་ཨཱཿ དམར་པོ༑ ཕྱིར་འགྲོ་བའི་ཚེ་ཧཱུྃ་སྔོན་པོར་མོས་ལ་ཅི་ནུས་སུ་བགྲང་ངོ༌། །གཉིས་པ་ཁྱད་པར་ཡི་གེ་བཅུ་པའི་རྡོ་རྗེའི་བཟླས་པ་ནི། རླུང་རོ་བསལ། རླུང་རང་བཞིན་གྱིས་ནང་དུ་འཇུག་པ་ཡི་གེ་བཅུ་པ་དཀར་པོ། གནས་པ་ཡིག་བཅུ་དམར་པོ། ལྡང་བ་ཡིག་བཅུ་སྔོན་པོར་བསམ་ལ་བགྲང་བའོ། །གསུམ་པ་གསང་བའི་བཟླས་པ་ལ། སྤྱིར་ནི་སྒྲ་མཐར་བསམ་གཏན་ཞེས་བྱ་བ་གོང་དུ་ངག་བཟླས་ཀྱི་སྐབས་དེ་དག་གམ་དམིགས་བསལ་དུ་ཡང་རུང་བར་ཡིག་བཅུའི་སྒྲ་དྲིལ་བུའམ་ཏིང་ཤག་ལྟ་བུའི་སྒྲ་མཐའ་ཧའི་སྐད་ཇེ་ཕྲར་ཡལ་བ་ལ་སེམས་གཞོལ་བ་དང༌། ཁྱད་པར་ཡི་གེ་བཅུ་པའི་ཐོག་མཐའ་བར་གསུམ་སེམས་ཀྱི་གནས་ལུགས་སྟོང་པ་ཉིད་ཀྱི་ངོ་བོ་དང་གཉིས་སུ་མེད་པ་ལ་སྒྲ་ནི་ནམ་མཁའ་དང་མཉམ་པའི་རང་བཞིན་ལ་བློ་བཞག་པར་གསུངས་སོ། ༈  །རྩ་བའི་བཞི་པ་འགྲོ་ཀུན་ཕ་མར་རྗེས་སུ་དྲན་པ་ལ་གསུམ་སྟེ། བྱམས་པ་བསྒོམ་པ། སྙིང་རྗེ་བསྒོམ་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དང་པོ་ནི། ཐོག་མར་སྐྱེ་སླ་བ་རྩ་བའི་མ་ལ་དམིགས། དེ་ནས་སྐྱེ་དཀའ་བ་དགྲ་ལྟ་བུ། དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ལ་དམིགས་ཏེ། དེའང་མར་ཤེས། དྲིན་དྲན། དྲིན་བཟོ་བའི་སེམས་སྔོན་ཏུ་འགྲོ་བས། མ་འདི་བདེ་བ་དང་བདེ་བའི་རྒྱུ་དང་ངེས་པར་ལྡན་པར་གྱུར་ཅིག་སྙམ་དུ་སྨོན་ལམ་དང་འབྲེལ་བ། མ་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་སྙམ་དུ་འདུན་པ་དང་འབྲེལ་བ། མ་འདི་རྣམས་ངེས་པར་བདེ་བ་དང་ལྡན་པར་བདག་གིས་བྱའོ་སྙམ་དུ་དམ་བཅའ་དང་འབྲེལ་བའི་ཚུལ་གྱིས་ངེས་པ་མ་སྐྱེས་བར་དུ་བསྒོམ། གཉིས་པ་ནི། དེ་ལྟར་བདེ་བ་དང་མི་ལྡན་པ་དེ་གང་ལས་བྱུང་ན་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བྱུང་བས། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་པའི་སྨོན་པ། བྲལ་ན་ཅི་མ་རུང་སྙམ་པའི་འདུན་པ། བྲལ་བར་བྱའོ་སྙམ་པའི་དམ་བཅའ་སྟེ་སྙིང་རྗེ་ཚད་མེད་པ་འབྲེལ་བ་སུམ་ལྡན་གྱིས་ཉམས་སུ་བླང༌། གསུམ་པ་ནི། དེ་ལྟ་བུའི་བྱམས་སྙིང་རྗེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་སངས་རྒྱས་འཐོབ་འདོད་ཀྱི་སྨོན་སེམས་དང༌། དེའི་ཆེད་དུ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་དང་། ཁྱད་པར་ལམ་ཟབ་མོ་འདི་ཉིད་སྒོམ་པས་ཉམས་སུ་བླང་སྟེ་མཐར་དབྱུང་བར་བགྱིའོ་སྙམ་དུ་བསམ་པས་སྦྱང༌། སྦྱོར་བས་ནན་ཏན་ཏུ་དེ་ལ་འཇུག་པའོ།  ༈  །རྩ་བའི་ལྔ་པ་སེམས་སྟོང་པར་རྗེས་སུ་དྲན་པ་ལ་གསུམ། ཞི་གནས་བསྒོམ། ལྷག་མཐོང་བཙལ། དེ་ཟུང་འབྲེལ་དུ་ཉམས་སུ་ལེན་པའོ། །དང་པོ་ནི། ལུས་ཀྱི་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས། ངག་གི་གནད་དབུགས་འཇུག་གནས་ལྡང་གསུམ་རང་བབ་ཉེར་གཅིག་ཏུ་བགྲང་བ་སྔོན་ཏུ་འགྲོ་བས། སེམས་ཀྱི་གནད་རྟེན་བཅས་ཤིང་བུ་རྡེའུ་ལྷ་སྐུ་ཡིག་འབྲུ་སོགས་དང༌། རྟེན་མེད་དམིགས་རྡེལ་ཡིད་ཀྱིས་བསམ་པ་དང༌། དམིགས་རྣམ་གང་ཡང་ཡིད་ལ་མི་བྱ་བར་ངོ་བོ་ཉིད་ཀྱི་ངང་དུ་འཇོག་པ་རྣམས་ལ་བྲམ་ཟེས་སྐུད་པ་འཁེལ་བའི་གནད་གྲིམས་ལྷོད་རན་པོའི་ཚུལ་གྱིས་ནན་ཏན་ཏུ་བསྒོམ་སྟེ་བྱིངས་རྒོད་བྱུང་ན་བཅོས་པས་སེམས་གནས་ཀྱི་རིམ་པ་དགུ་དང་འབྲེལ་བའི་ཉམས་ལྔ་པོ་རིམ་གྱིས་སྐྱེ་བར་འགྱུར་རོ། །གཉིས་པ་ལ་གསུམ། གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་ལ་ངེས་པ་རྙེད་པར་བྱ་བ་དང༌། ཟུང་འབྲེལ་དུ་ཉམས་སུ་བླང་བའོ། །དང་པོ་ནི། འཁོར་བ་རྣམས་ལ་ལྟ་བ་ངན་པ་རྟག་ཆད་དུ་ལྟ་བ་ལ་སོགས་པའི་རྩ་བ་ལྷན་སྐྱེས་ཀྱི་ངར་འཛིན་ལ་གང་ཟག་གི་བདག་ཅེས་བྱ་སྟེ། དེ་ཉིད་ཕུང་པོ་ལྔ་ལ་བརྟེན་ནས་བརྟགས་པ་ཙམ་ལས་དོན་དམ་པར་གྲུབ་པ་མེད་པའི་ཚུལ་ལ་ལུང་རིགས་མན་ངག་གིས་སྒྲོ་འདོགས་བཅད་དེ་ངེས་ཤེས་བསྐྱེད་དོ༑ ༑གཉིས་པ་ནི། ངར་འཛིན་གྱི་ཤེས་པ་དེས་བསྐྱེད་པའི་ང་ཡིར་འཛིན་པ། ཕྱིའི་དོན་ཏུ་སྣང་བ་དང༌། དོན་དེ་འཛིན་བྱེད་ཀྱི་ཤེས་པ་དང༌། འཛིན་པ་བཀག་པའི་ཤུལ་གྱི་ཤེས་རྣམ་སྤྱི་ཙམ་ཡང་བདེན་པར་གྲུབ་པ་མེད་དེ༑ རི་བོང་གི་རྭ་མ་གྲུབ་པས་རའི་རྣོ་རྟུལ་ལ་སོགས་པའི་མཚན་ཉིད་གདགས་སུ་མེད་པ་བཞིན་ནོ། །གསུམ་པ་ནི། དེ་ལྟར་དཔྱད་པས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་ཟིན་པའི་ལྷག་མཐོང་དྲི་མ་མེད་པ་དེ་ཉིད། མན་ངག་གི་མྱོང་བ་དང་སྦྱར་ཏེ་ཆོས་ཐམས་ཅད་དམིགས་པ་མེད་ཅིང་བརྗོད་པ་དང་བྲལ་བའི་ངང་དུ་མཉམ་བཞག་སྤྲོས་བྲལ་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་དང༌། རྗེས་ཐོབ་སྟོང་ཉིད་རྟེན་ཅིང་འབྲེལ་འབྱུང་དུ་ཤར་བའི་ཚུལ་ལ་བློ་ངེས་པར་བྱས་ཏེ་དྲན་པ་དང་ཤེས་བཞིན་གྱིས་རྒྱུན་བསྐྱངས་པས་བདེན་གཉིས་ཟུང་འཇུག་གི་རྟོགས་པ་རྙེད་པར་འགྱུར་རོ། །གཉིས་པ་རྗེས་དྲན་ལྔ་པོ་དེ་རྣམས་ཕྱི་ནང་གསང་བའི་ཟབ་དོན་དང་སྦྱར་ཏེ་འཆད་ན། དང་པོ་རང་ལ་ཐར་པའི་ལམ་སྟོན་པ་ནི་ཕྱིའི་བླ་མ། ལྟ་སྤྱོད་ཟུང་དུ་འཇུག་པ་ནི་ནང་གི་བླ་མ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནི་གསང་བའི་བླ་མའོ། །གཉིས་པ་ལྷག་པའི་ལྷ་མཚན་དཔེའི་སྐུར་སྣང་བ་ནི་ཕྱིའི་ལྷ། གཞི་དམ་ཚིག་པར་བསྐྱེད་པ་ནང་གི་ལྷ། ལམ་ཡེ་ཤེས་པ་དང་གཉིས་སུ་མེད་པ་གསང་བའི་ལྷའོ། །གསུམ་པ་སྔགས་ཀྱི་གདམས་ངག་ཏུ་བརྗོད་པ་ཕྱིའི་བཟླས་པ། རླུང་ཡི་གེའི་རྣམ་པར་བསམ་པ་ནང་གི་བཟླས་པ༑ སྒྲ་མཐའི་བསམ་གཏན་ཡིད་བྱེད་ནི་གསང་བའི་བཟླས་པའོ། །བཞི་པ་འགྲོ་དྲུག་ཕ་མར་ཤེས་པ་ནི་ཕྱིའི་བྱང་སེམས། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་ནང་གི་བྱང་སེམས། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་སྙིང་རྗེའི་རང་མདངས་ཙམ་དུ་ཤེས་པ་ནི་གསང་བའི་བྱང་སེམས་སོ། །ལྔ་པ་ལུང་རིག་ལ་བརྟེན་ནས་ཆོས་ཐམས་ཅད་སྟོང་པར་སྒྲོ་འདོགས་ཆོད་པ་ནི་ཕྱིའི་ཆོས་ཉིད། མྱོང་ཐོག་ནས་གསལ་སྟོང་ཟུང་འཇུག་མངོན་ཏུ་གྱུར་པ་ནི་ནང་གི་ཆོས་ཉིད། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་ཆོས་ཀྱི་སྐུར་ཤེས་པ་ནི་གསང་བའི་ཆོས་ཉིད་རྗེས་སུ་དྲན་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས་ཏེ། དངོས་དང༌༑ ཞར་བྱུང་ངོ༌། །དང་པོ་ནི། རང་ལྷར་བསྒོམ་པ་ཡིན་ན་བསྡུ་རིམ་དང་ཐུན་མཚམས་ཀྱི་ལྷར་ལྡང་བ། གནས་གསུམ་སྲུང་བ་སོགས་སྤྱི་ལྟར་བྱས། དཀྱུས་གཅིག་ཏུ་བསྒོམ་ན་བྱང་སེམས་ཀྱིས་མཚམས་སྦྱར་བ་སོགས་མདོར་ན་ཐུན་མཚམས་ལ་བབ་པ་ན། ཐེག་པ་ཆེན་པོའི་སྨོན་ལམ་དང་འཁོར་གསུམ་ཡོངས་དག་གི་བསྔོ་བས་རྒྱས་གདབ་སྟེ། སྤྱོད་ལམ་ལ་འཇུག་པའི་ཚེ་སྣང་གྲགས་རྟོག་གསུམ་རྗེ་བཙུན་འཕགས་མའི་གསང་བ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །གཉིས་པ་ཞར་བྱུང་སྟན་ཐོག་གཅིག་མའི་ཉམས་ལེན་ནི། སྔར་བཤད་པ་དེ་རྣམས་སྟན་ཐོག་གཅིག་ཏུ་བསྒོམ་ན། སྐྱབས་སེམས་དང་བླ་མ་རྗེས་དྲན་སྔོན་ཏུ་འགྲོ་བས། ལྷ་སྒོམ་སྔགས་བཟླས་ཇི་ལྟར་རིགས་པའི་རྗེས་ལྷ་སྐུའི་གསལ་སྣང་འོད་གསལ་དུ་བསྡུས་ནས་སེམས་ཀྱི་གནས་ལུགས་སྟོང་པར་རྗེས་སུ་དྲན་པའི་ངང་དུ་མཉམ་པར་བཞག །དེ་ལས་ཐུན་མཚམས་ཀྱི་ལྷ་སྐུར་ལྡང་བ་ན། འགྲོ་ཀུན་ཕ་མར་རྗེས་སུ་དྲན་པས་དམིགས་པ་མེད་པའི་བྱམས་སྙིང་རྗེ་བྱང་སེམས་ཀྱིས་མཚམས་སྦྱར་ཏེ་བསྔོ་སྨོན་གྱི་རྒྱས་གདབ་ཅིང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཚོགས་གཉིས་ཟུང་འཇུག་གི་ལམ་ལ་འབད་པ་འདོན་པར་བྱའོ། །ལྷར་བཅས་ཡོན༵་་གནས་བཀའ་གདམས་པའི། །ཐུགས་དམ་ཆོས་ཀྱི་བཅུད་འདི་ལ། །ནན་ཏན༵་་འབད་ནས་བྱང་ཆུབ་ཀྱི། །སྤྱོད་པ་རྒྱ༵་མཚོ༵་མཐར་ཕྱིན་སྨོན། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་སྒྲོལ་མ་རྗེས་དྲན་དྲུག་གི་ཁྲིད་ཀྱི་ལེ་ཚན་ནོ།།  ༈  །།ༀ་སྭ་སྟི་སིདྡྷཾ། ཡེ་ཤེས་ཁྲོས་པ་སྒྱུ་མའི་གར། །འཇིགས་བྱེད་བདུད་བཞིའི་དཔུང་འཇོམས་པ། །མི་གཡོ་མགོན་ལ་ཕྱག་བྱས་ཏེ། །ཁྲིད་ཚུལ་སྤྱི་དང་བྱེ་བྲག་འཆད། །གྲུབ་པའི་སྤྱི་མེས་ས་ར་ཧས་འཕགས་པ་ཀླུ་སྒྲུབ་ལ་བསྟན་ཅིང་རིམ་པར་བརྒྱུད་པ་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ་གྱི་མཆོག་ཏུ་གྱུར་པ་མི་གཡོ་ཆོས་དྲུག་ཏུ་གྲགས་པ་ཁྱད་པར་བ་དང༌། གདམས་ངག་ཐུན་མོང་བའི་ལུགས་ཀྱི་ཁྲིད་རིམ་དག་གུང་སྤྲོས་ཏེ་འཆད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ། སྔོན་འགྲོ་ལའང་ལྔ་སྟེ། སྐྱབས་སེམས། མཎྜལ། ཡིག་བརྒྱ། བླ་མའི་རྣལ་འབྱོར། ཚོགས་གསོག་གི་རྣལ་འབྱོར་རོ། །དང་པོ་ལ་གཉིས་ཏེ། སྐྱབས་སུ་འགྲོ་བ་ནི། ལམ་ལོག་པ་ལས་སྐྱོང་བ་སྟེ་གོ་དོན་བློ་ལ་ངེས་པར་བསྒོམ་དོན་དམིགས་པར་བྱ་བ་ནི། ས་ཕྱོགས་དག་པའི་ཞིང་ཁམས་གནས་ཁང་མཐོ་ཁྱད་བཀོད་མཛེས་ཀྱི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་པའི་སྙིང་པོར་སེང་ཁྲི་པད་ཟླའི་གདན་ལ། བླ་མ་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན། མདུན་ཏུ་ཡི་དམ་མི་གཡོ་བ། གཡས་སུ་རྒྱལ་བ་ཤཱཀ་ཐུབ། རྒྱབ་ཏུ་གླེགས་བམ། གཡོན་ཏུ་ཐེག་པ་ཆེ་ཆུང་གི་དགེ་འདུན། མཐའ་སྐོར་དང་བར་མཚམས་སུ་མཁའ་འགྲོ་ཆོས་སྲུང་སོ་སོའི་གཙོ་བོ་ལ་སོ་སོའི་རིགས་མཐུན་གྱི་འཁོར་དང་བཅས་ཏེ་བཞུགས་པའི་མདུན་ཏུ། བདག་དང་མཁའ་ཁྱབ་འགྲོ་བ་སྒོ་གསུམ་དད་མོས་ཀྱི་འཇུག་པ་གཅིག་ཏུ་དྲིལ་བས་སྐྱབས་སུ་འགྲོ་བར་མོས་ཏེ༑ སངས་རྒྱས་ཆོས་ཚོགས་མ་ཅི་ནུས་བརྗོད། སེམས་བསྐྱེད་པ་ནི། ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་སྟེ། སེམས་ཅན་དེ་རྣམས་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་ལ། བདག་གིས་སྦྱིན་སོགས་བགྱིས་པ་སོགས་དོན་ཡིད་ལ་དྲན་བཞིན་ཏུ་བརྗོད། གཉིས་པ་མཎྜལ་འབུལ་བ་ནི། བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་གྱི་གཙོ་བོ་ཚོགས་རྫོགས་པར་བྱེད་པ་སྟེ། སྐྱབས་ཡུལ་དེ་དག་ཚོགས་ཀྱི་ཞིང་དུ་བྱས་པའི་སྤྱན་སྔར། མཆོད་པའི་མཎྜལ་རྒྱུ་བཟང་ལ་བཀོད་པས་མཛེས་པར་བཤམ་པ་དེ་ཉིད་རྒྱུར་བྱས་ཏེ། ཡིད་ཀྱིས་སྤྲུལ་པའི་མཎྜལ་གྱི་བཀོད་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་སྟོབས་ལས་བྱུང་བ་ལྟ་བུ་དང༌། བདག་གཞན་ཀུན་གྱི་དུས་གསུམ་གྱི་ལུས་ལོངས་སྤྱོད་དགེ་བའི་དངོས་པོ་ཐམས་ཅད་ཀུན་བཟང་མཆོད་པའི་སྤྲིན་དུ་བློས་བླངས་ལ་འབུལ་ཏེ། ཚོམ་བུ་སོ་བདུན་མ་སོགས་ཇི་ལྟར་རིགས་པ་དང༌། ས་གཞི་སྤོས་བྱུགས་སོགས་གྲངས་བཅད་དུ་ཕུལ། མཐར་སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས། བདག་གཞན་གྱི་སྒྲིབ་གཉིས་སྦྱངས། ཚོགས་གཉིས་རྫོགས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་འཁོད། སྐྱབས་ཡུལ་གཡས་བསྐོར་ཚུལ་གྱིས་འོད་དུ་ཞུ། བླ་མ་ལ་ཐིམ། བླ་མ་འོད་ཞུ་རང་ལ་ཐིམ་པས་ལུས་སེམས་ཟག་མེད་ཀྱི་སྐུ་དང་ཡེ་ཤེས་མངོན་ཏུ་གྱུར་པ་མོས། གསུམ་པ་རྡོར་སེམས་བསྒོམ་བཟླས་ནི། བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་གྱི་གཙོ་བོ་སྡིག་སྒྲིབ་སྦྱོང་བར་བྱེད་པ་སྟེ༑ རང་གི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་པ། ལོངས་སྐུའི་རྒྱན་ལྡན་ཞབས་སེམས་སྐྱིལ་གྱིས་སྐུ་ལས་སྐྱེས་པའི་འོད་ཕུང་གི་ཀློང་དུ་བཞུགས་པ། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་དཀར་པོའི་མཐར་ཡིག་བརྒྱའི་སྔགས་ཕྲེང་གཡས་སུ་བསྐོར་བ་གསལ་གདབ། གསོལ་བ་བཏབ་པའི་ཚུལ་གྱིས་ཡིག་བརྒྱ་བཟླས་པས་ངོ་བོ་ཐུགས་རྗེ་ཡུལ་ལ་འཇུག་པའི་ཡེ་ཤེས། རྣམ་པ་བདུད་རྩི་དཀར་པོའི་རྒྱུན་བབ་པས་ལུས་ཀྱི་ཕྱི་ནང་བཀྲུས། སྡིག་སྒྲིབ་བག་ཆགས་ནད་གདོན་ལ་སོགས་པ་དག་པའི་དམིགས་རྣམ་སྤྱི་དང་མཐུན་ཞིང༌། མཐར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་སོགས་སྡོམ་སེམས་དང་འབྲེལ་བའི་གསོལ་བ་བཏབ་པས། སྡིག་སྒྲིབ་དག་པར་དབུགས་དབྱུང་བསྩལ་ཏེ་འོད་ཀྱི་རྣམ་པས་རང་ལ་ཐིམ་པར་བསམ། བཞི་པ་བླ་མའི་རྣལ་འབྱོར་ནི། སྔགས་ཀྱི་རྣལ་འབྱོར་ལ་རྟེན་འབྲེལ་སྒྲིག་པ་སྟེ། རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་ལ་རྩ་བའི་བླ་མ་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གསལ་བ་ལ་མོས་གུས་གདུང་བའི་ཤུགས་དྲག་པོས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སོགས་གསོལ་འདེབས་གང་ཤེས་ཅི་ནུས་སུ་བྱས་པས། བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང༌། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་ཐོབ། མཐར་བླ་མ་འོད་ཞུ་རང་ལ་ཐིམ་པར་མོས་ཏེ་ཐུགས་ཡིད་བསྲེས་ལ་མཉམ་པར་བཞག །ལྔ་པ་ཚོགས་བསགས་པ་ལ་གསུམ། སྦྱོར་བ་ཚོགས་ཞིང་བསྐྱེད་པ། དངོས་གཞི་ཚོགས་གསོག་ཅིང་གསོལ་བ་འདེབས་པ། རྗེས་དབང་བླང་ཞིང་རང་ལ་བསྟིམ་པའོ། །དང་པོ་ནི། ཚད་མེད་བཞི་བསྒོམ་པ་སྔོན་ཏུ་འགྲོ་བས། རང་མདུན་ནམ་མཁར་པད་ཉིའི་གདན་གྱི་སྟེང་དུ་ཧཱུྃ་སྔོན་པོ་ཐོལ་གྱིས་བྱུང༌། དེ་ལ་སེམས་ཆེར་གྱིས་གཏད་པས་དེ་ཉིད་འོད་དུ་ཞུ་སྟེ་གཏུམ་ཆེན་མི་གཡོ་བ་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་རལ་གྲི་ཕྱར་ཞིང་གཡོན་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིག་མཛུབ་ཐུགས་ཀར་གཏད་པ། རིན་པོ་ཆེའི་རྒྱན་དང༌། སྦྲུལ་དཀར་པོའི་ག་ཤ། སྟག་ཤམ་སོགས་ཁྲོ་བོའི་ཆས་ཅན་ཚེམས་ཀྱིས་མ་མཆུ་མནན་པ། ཞབས་གཡས་བསྐུམ་གཡོན་བརྐྱངས་པས་བགེགས་རྒྱལ་གླང་པོའི་སྣ་ཅན་བརྫིས་པ། ཁྲོ་ཆུང་དང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་མོས། གཉིས་པ་ནི། ཡིད་ཀྱིས་ཕྱག་དང་ལྷ་མོ་མེ་ཏོག་མ་ལ་སོགས་པ་དཔག་ཏུ་མེད་པ་སྤྲུལ་ཏེ་མཆོད་ཅིང་བསྟོད་པས་མཉེས་པར་བསམ། མོས་གུས་དང་བཅས་ཏེ་ངག་ཏུ། ཇོ་བོ་མི་གཡོ་བས་བདག་ལ་དབང་བསྐུར་དུ་གསོལ། གསང་སྔགས་མཐའ་དག་ཉམས་སུ་ལེན་ཏུ་རུང་བའི་སྣོད་དུ་བྱིན་གྱིས་བརླབ་ཏུ་གསོལ། ཏིང་ངེ་འཛིན་བཟང་པོ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བདེ་སྟོང་ཟུང་འཇུག་གི་རྟོགས་པ་བསམ་གྱིས་མི་ཁྱབ་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གྲངས་མང་དུ་བརྗོད། གསུམ་པ་ནི། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས། ཞབས་གཡས་པའི་མཐེབ་ཆེན་ནས་ཟག་མེད་ཀྱི་བདུད་རྩི་དཀར་ནར་གྱིས་ཐོན་ཏེ་བྱུང༌། རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་མེར་གྱིས་ཁེངས། བདེ་སྟོང་ཟག་མེད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་པར་མོས་ལ་སེམས་བཟུང༌། མཐར་ཡིག་བརྒྱ་བརྗོད་དེ་མདུན་གྱི་ཡི་དམ་འོད་དུ་ཞུ། རང་ལ་ཐིམ་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གཉིས། ཐུན་མོང་དུ་ལྷའི་རྣལ་འབྱོར་བསྒོམ་པ་དང༌། ཐུན་མོང་མ་ཡིན་པ་ཆོས་དྲུག་གི་རྣལ་འབྱོར་རོ། །དང་པོ་ལ་བཞི། བསྐྱེད་རིམ་གསལ་སྣང་དང་བཅས་པ། ཐུན་མོང་མེ་དམིགས། ཁྱད་པར་གཟིགས་སྟངས། ཐུན་མཚམས་སྲུང་བའི་རྣལ་འབྱོར་རོ། །དེ་ལ་དང་པོ་ལྷ་ཡི་སྐུར་བསྐྱེད་ཅིང་གསལ་སྣང་ལ་བསླབ་པ་ནི། བདེ་བའི་སྟན་ལ་ལུས་གནད་བཅས། ༀ་སྭ་བྷཱ་བ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་པ་ལས་སྐད་ཅིག་གིས་རང་ཉིད་གཏུམ་པོ་ཆེན་པོའི་ལྷའི་སྐུར་ཝལ་གྱིས་གྱུར་པ་ནི། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཡེ་ཤེས་ཀྱི་རལ་གྲི་ཕྱར་ཞིང༌། གཡོན་རྡོ་རྗེའི་ཞགས་པ་དང་བཅས་པའི་ཐུགས་ཀར་སྡིགས་མཛུབ་མཛད་པ། དབུ་སྐྲ་སྨ་ར་སྨིན་མ་དམར་སེར་གྱེན་ཏུ་འབར་བ༑ དམར་ཞིང་ཟླུམ་པའི་སྤྱན་གཉིས་འཁྱུག་ཅིང་ཚེམས་ཀྱིས་མ་མཆུ་མནན་པ། རིན་པོ་ཆེ་དང་ཀླུ་ཆེན་བརྒྱད་ཀྱིས་བརྒྱན་ཅིང༌། སྦྲུལ་དཀར་པོས་སེ་རལ་ཁར་བྱས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གཡས་བསྐུམ་གཡོན་བརྐྱང་བས་བགེགས་ཀྱི་རྒྱལ་པོ་གླང་པོའི་སྣ་ཅན་གྱི་སྟེང་ནས་བརྫིས་པ། སྤྲུལ་པའི་ཁྲོ་ཆུང་དུ་མའི་འཕྲོ་འདུ་དང༌། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུྃ་བྃ་ཧོཿ  དམ་ཚིག་པ་དང་དབྱེར་མེད་དུ་གྱུར། སླར་ཡང་ཧཱུྃ་གི་འོད་ཀྱིས་དབང་ལྷ་སྤྱན་དྲངས། མཆོད་ཅིང་གསོལ་བ་བཏབ་པས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དྲི་མ་དག །སྤྱི་བོར་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པས་རྒྱས་བཏབ་པར་མོས་ལ། ལྷ་སྐུའི་སྣང་ཞེན་ལ་ཡུན་རིང་དུ་སེམས་བཟུང༌། རྣམ་པ་སྤྱི་དང་བྱེ་བྲག་རེ་རེ་ནས་གསལ་བརྟན་ཚད་དུ་མ་ཕྱིན་གྱི་བར་དུ་གསལ་སྣང་ཁོ་ནར་འབད་པས་བསླབ་བོ། །གཉིས་པ་ཐུན་མོང་དུ་མེ་དམིགས་གསུམ་བསྒོམ་པ་ནི། རང་ལྷར་གསལ་བ་དེའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་གི་མཐར་ཡི་གེ་བཅུ་པས་བསྐོར་བ་གསལ་གདབ། དེ་ལས་དྲག་པོའི་མེ་ལྕེ་འཇིགས་དུས་བསྐལ་པའི་མེ་ལྟར། ཚ་བ། རྩུབ་པ། དྲག་པ། རྣོ་བ། སྟོབས་ལྡན། ཤུགས་ཅན། མྱུར་བ་སྟེ་མཚན་ཉིད་བདུན་ལྡན་འབར། ཐོག་མར་ཧཱུྃ་སྔགས་ཕྲེང་དང་བཅས་པ་མེ་ནང་དུ་འུར་གྱིས་འབར་ཞིང༌། དེ་ལས་ཀྱང་མེ་ལྕེ་འཁྱོག་པོས་རང་གི་ལུས་ནང་དམར་མེར་གྱིས་གང་བས་སྡིག་སྒྲིབ་ནད་གདོན་བག་ཆགས་དང་བཅས་པ་སྐད་ཅིག་གིས་བསྲེགས་པར་བསྒོམ། མེ་དམིགས་དང་པོའོ། །དེ་ནས་མེ་ཆེར་འབར་ཏེ་ལུས་ཀྱི་སྒོ་དགུ་ནས་ཀྱང་མེ་ལྕེ་སྦྲུལ་གྱི་ལྕེ་ལྟར་དམར་མྱུག་མྱུག་བྱུང༌། མཐར་བ་སྤུའི་བུ་གའི་སྒོ་ཐམས་ཅད་ནས་ཀྱང་དམར་ལམ་ལམ་མཆེད། ཕྱིའི་མེ་རིའི་གུར་ཁང་འདྲེས་པས་མི་མཐུན་ཕྱོགས་རྣམས་ཆམ་གྱིས་བསྲེགས་པར་མོས། མེ་དམིགས་གཉིས་པའོ། །དེ་ལས་ཀྱང་ཆེར་འབར་ཏེ་འདོམ་དང་མདའ་རྒྱང་དང་རྒྱང་གྲགས་དང་དཔག་ཚད་ཀྱི་བར་དུ་ལྷབ་ལྷབ་འབར་ཞིང་མཆེད་པས་བསྟན་དགྲ་གདུག་པ་ཅན་རྣམས་དང༌། ནད་དང་དལ་ཡམས་ཀྱི་བདག་མོ་མཐུ་མོ་ཆེ་རྣམས་རྒྱ་མཚོའི་མཐར་བསྐྲད་ཅིང་བྱེར་བར་དམིགས། མེ་དམིགས་གསུམ་པ་སྟེ་དེ་དག་གི་སྐབས་སུ་སྔགས་ཡི་གེ་བཅུ་པ་ཅི་ནུས་སུ་བཟླའོ། །གསུམ་པ་སྤྱན་གྱི་གཟིགས་སྟངས་ལ་བརྟེན་ནས་བདེན་གཉིས་ཟུང་འཇུག་གི་རྣལ་འབྱོར་ལ་བསླབ་པ་ནི། རང་ཁྲོ་བོའི་དབང་པོར་གསལ། མིག་གཡས་པ་སྟེང་དུ་བཏེགས་པས་སྤྱན་གཡས་པའི་ནང་དུ་ཡི་གེ་མཾ་ལས་ཉི་མའི་དཀྱིལ་འཁོར་ཞིག་བསམ། དེས་སངས་རྒྱས་ཀྱི་ཞིང་ཁམས་དང༌། རྒྱུ་འབྲས་རྟེན་འབྲེལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་གཟིགས་པར་བསམ། མིག་གཡོན་པ་འོག་ཏུ་གནོན་པས་སྤྱན་གཡོན་པའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཞིག་བསམ། དེས་ཆོས་ཐམས་ཅད་ཅི་ཡང་མི་དམིགས་པའི་སྟོང་པ་ཉིད་དུ་གཟིགས་པར་བསམ། མིག་གཉིས་ཐད་ཀར་ལྟ་སྟངས་གཏོད་པས་སྤྱན་དེ་གཉིས་ཀྱི་དབུས་སུ་ཡེ་ཤེས་ཀྱི་སྤྱན་ཁྲ་ཧུ་རེ་བ་ཞིག་བྱུང༌། དེས་ཐབས་ཤེས་དབྱེར་མེད། ཞི་ལྷག་ཟུང་འཇུག །རྟག་ཆད་ཡོད་མེད་ལ་སོགས་དབྱེར་མེད་ཟུང་འཇུག་ས་ལེར་གཟིགས་པར་བསམ་ལ་རྩེ་གཅིག་མཉམ་པར་བཞག་གོ །བཞི་པ་ནི། ཐུན་བསྡུ་བའི་ཚེ་རིལ་འཛིན་རྗེས་གཞིག་གིས་ལྷ་སྣང་འོད་གསལ་དུ་བཅུག །སྟོང་པའི་ངང་ལས་སྐད་ཅིག་གིས་རང་ལུས་ཡེ་ཤེས་ཀྱི་རལ་གྲི་སྔོ་སང་མེ་འབར་བ། ཡུ་བ་གསེར་གྱི་ས་གཞི་ལ་ཐུག་ཅིང་རྩེ་མོ་ཚངས་པའི་འཇིག་རྟེན་ཏུ་སླེབ་པ། ནང་སྟོང་སང་ངེ་བའི་དབུས་སུ་རང་སེམས་ཧཱུྃ་སྔོན་པོར་གསལ་བ་ལ་ཅི་གནས་སུ་མཉམ་པར་བཞག །མཐར་སྟོང་པར་བསྡུས་ཏེ་ཐུན་མཚམས་ཀྱི་ལྷ་སྐུར་ལངས་ལ་གནས་གསུམ་སྲུང་བ་སོགས་སྤྱི་ལྟར་རོ། །དྲག་ལས་དང་གྲལ་དཔོན་བྱེད་པ། ཕྱོགས་ངན་ཏུ་འགྲོ་བ་སོགས་དགོས་པ་དམིགས་སུ་བསལ་བ་ཡོད་ན་རང་ལུས་རལ་གྲིར་བསྒོམ་བཞིན་པས་བྱ་བ་བྱས་ན་བར་ཆད་དང་ཕྱོགས་ངན་ལ་སོགས་པའི་གནོད་པ་གང་གིས་མི་ཚུགས་ཤིང༌། ལར་སྦ་བ་གསུམ་ཚང་བའི་གདམས་ངག་འདི་ཤིན་ཏུ་ཟབ་པ་ཡིན་གསུངས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་རྣལ་འབྱོར་ཆོས་དྲུག་ལ། དང་པོ་བདེ་དྲོད་གཏུམ་མོའི་རྣལ་འབྱོར་ལའང་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས། ལུས་གནད་མེ་ཐབ་དྲུག་ཆིངས་བྱ་སྟེ། རྐང་པ་བོལ་གོང་བསྣོལ་ལ་ཙོག་པུར་སྒྱེད་པུ་ལྟར་གཟུག །ལག་གཉིས་ཞག་པ་ལྟར་བསྡམ། མགོ་བོ་ཕྲུ་བ་ལྟར་དབུབ། སྒལ་ཚིགས་མདའ་ལྟར་བསྲང་སྟེ་གཡོ་འགུལ་མེད་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། རླུང་གི་རྣལ་འབྱོར་དང༌། གཏུམ་མོའི་རྣལ་འབྱོར་རོ། །དང་པོ་ཁྱབ་བྱེད་རླུང་གི་རྣལ་འབྱོར་ལ་བསླབ་པ་ནི། རང་མི་གཡོ་བར་ལམ་གྱིས་གསལ་བའི་སྐུའི་ནང་དར་སྔོན་གྱི་གུར་ཕུབ་པ་ལྟ་བུ་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་རྐང་མཐིལ་གཉིས་སུ་མེ་རླུང་གི་ངོ་བོ་རང་རིག་དམར་ལྗང་རེ་རེ་གསལ་གདབ། རླུང་རོ་བུས། སྟེང་རླུང་དལ་གྱིས་རྔུབ། འོག་རླུང་བསྐུམ་པ་དང་རྐང་མཐེབ་གཉིས་ཅུང་ཟད་བསྐྱོད་པའི་རྐྱེན་གྱིས་རམ་གཉིས་ལས་མེ་རླུང་ནར་གྱིས་བྱུང༌། བརླའི་རྩ་བོ་ཆེ་བརྒྱུད་དེ་ལྟེ་འོག་ཏུ་སླེབ་པ་དང༌། སྲོག་རྩོལ་ཐུར་སེལ་བཅས་ལྷན་ཅིག་ཏུ་འཛོམ་པ་ལ་ཤེས་པ་གཏད་དེ་དགང་ཞིང་གཞིལ། མི་ཐུབ་ཙ་ན་དལ་བུས་སངས་ཀྱིས་བུས། དེ་ལྟར་སྦྱོར་བ་བཞི་ལྡན་གྱིས་རླུང་འབྱོངས་པའི་རྟགས་མ་བྱུང་བར་བསྒོམ། གནད་ཕྲ་མོ་ནི། ཞལ་དང་ཕྱག་ལེན་ལས་ཤེས་སོ། །གཉིས་པ་ཁྱབ་བྱ་གཏུམ་མོའི་རྣལ་འབྱོར་ལ་གསུམ། དྲོད་ཀྱི་རྣལ་འབྱོར་དང༌། བདེ་བའི་རྣལ་འབྱོར་དང༌། མི་རྟོག་པའི་རྣལ་འབྱོར་རོ། །དང་པོ་ནི། པུས་འཁྱུད་བཅུག་ལ་ཉྭ་བཞི་བསྒྲིམ་པ་སོགས་ལུས་གནད་སྔར་ལས་གྲིམས་ཆ་ཆེ་བར་བྱ། སྟོང་ར་གསལ་གདབ། ལྟེ་འོག་སོར་བཞིར་ཆོས་འབྱུང་དམར་ནག་ཟུར་དྲུག་པའི་དབུས་སུ་ཨ་ཤད་དམར་པོ་གསལ། རླུང་རོ་བུས། རླུང་སྔར་བཞིན་བཟུང་བས་རྐང་མཐིལ་གྱི་རཾ་ལས་མེ་བྱུང༌། སུམ་མདོར་འདྲེས་པས་ཆོས་འབྱུང་དྲོས། ཨ་ཤད་ལས་མེ་འབར་བའི་དྲོད་ཀྱིས་ལྟེ་བའི་འཁོར་ལོ་ནས་རིམ་པར་དྲོད་ཚ་འུར་གྱིས་བྱུང་བར་མོས་ལ་ཐུན་བཞི་སོགས་སུ་བརྩོན་འགྲུས་བསྐྱེད་དེ་ལུས་ལ་དྲོད་མ་སྐྱེས་ཀྱི་བར་དུ་བསྒོམ། གཉིས་པ་ནི། སྟོང་རའི་དབུས་སུ་རྩ་དབུ་མ་གྲོ་སོག་འབྲིང་པོའི་ཚད་ཙམ་པ། མཚན་ཉིད་བཞི་ལྡན། ཡར་སྣེ་ཚངས་བུག་དང་མར་སྣེ་གསུས་པའི་གཉེར་པོ་ཆེར་སླེབ་པའི་གཡས་སུ་རོ་མ་དམར་མོ་དང་གཡོན་དུ་རྐྱང་མ་དཀར་མོ་གཉིས་དབུ་མ་ལས་བལྡབ་འགྱུར་གྱིས་ཕྲ་བ། ཡས་སྣ་སྤྱི་བོ་ནས་སྣ་བུག་གཉིས་དང༌། མས་སྣ་ལྟེ་འོག་ནས་དབུ་མའི་མར་སྣེར་ཆུད་པ། དབུ་མའི་ཡར་སྣེར་ཧཾ་དཀར་པོ་མགོ་བོ་ཐུར་བསྟན་ཕྱེད་ནུབ་ཙམ། མར་སྣེར་ཨ་དམར་པོ་མགོ་གྱེན་བསྟན་ཕྱེད་ནུབ་ཙམ། ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་འཁོར་ལོ་དམར་པོ་རྩིབས་དྲུག་པའི་ལྟེ་བར་ཧཱུྃ་དམར་པོ། རྩིབས་དྲུག་ལ་ཨ་ཤད་དམར་པོ་རེ་རེ། མར་སྣའི་ཨའི་སྟེང་ཐད་དུ་རམ་དམར་པོ་ཞིག་བསམ། རླུང་རོ་བསལ། རླུང་ཁ་སྦྱོར་དུ་བཟུང་བས་ཨ་བསྐུལ། རཾ་ལས་མེ་ཟངས་ཁབ་ལྟ་བུ་གྱེན་ཏུ་འབར་བས་འཁོར་ལོ་གཡས་སུ་དྲག་ཏུ་བསྐོར། ཧཱུྃ་ཡིག་ཨ་ཤད་དང་བཅས་པ་ལས་མེ་འབར་བ། རྣོ་བ། མྱུར་བ། ཚ་བ། འུ་རུ་རུ་འབར་བ་ལ་དམིགས་པ་གཏད་དེ་དྲག་ལ་ཡུན་ཐུང་དུ་སྦྱང༌། ལུས་སྟོད་ཚད་པའི་ཡུལ་ཡིན་པས་མ་འབྱོང་བར་དུ་ཐོག་མ་ནས་མེ་དམིགས་རིགས་སྟོད་དུ་མི་བྱ་གསུངས། རླུང་གཏོང་བའི་ཚེ་དབུ་མ་ནས་ཡར་སོང་བར་བསམ་ལ་ནས་དབྱིབས་སུ་གཏང༌། ཐུན་འཇོག་དུས་མེ་རྣམས་རཾ་ལ་བསྡུ། ཐུན་རེ་རེ་ལ་བུམ་པ་ཅན་ཅི་ནུས་ཁམས་དང་སྦྱར་ནས་བརྩོན་པས་དེ་ལ་བརྟན་པ་ཐོབ་པ་ན་མེ་ལྕེ་རིམ་པར་བསྲིང་སྟེ་སྙིང་ག་ཙམ་དུ་སླེབ་པ་དང༌། སྤྱི་བོའི་ཧཾ་གཡོས། བདེ་བ་སྐྱེས་པར་མོས། སྔ་མ་ལ་བརྟན་པ་ཐོབ་ནས་ཕྱི་རིམ་བཞིན་འབར་འཛག་བྱ་བ་རིགས་འགྲེ་བས། མེ་མགྲིན་པར་སླེབ་པ་དང་ཧཾ་དྲོས། བདེ་བ་ཆེར་སྐྱེས། སྤྱི་བོར་སླེབ་པ་དང་ཧཾ་ཞུ་ལ་ཁད་ལྟ་བུར་གྱུར། བདེ་བ་དེ་ལས་ཀྱང་ཆེ་བར་སྐྱེས། མེ་ལྕེས་ཧཾ་ལ་རེག་མ་ཐག་ཏུ་ཐིགས་པ་གཅིག་འཛག །མེ་ཐུར་དུ་དེད། ཧཱུྃ་ལ་ཐིམ། བདེ་བ་ཚད་མེད་སྐྱེས། ཐིགས་པས་ཧཱུྃ་ལ་རེག་མ་ཐག་མེ་སྔ་མ་ལས་ཀྱང་ཆེར་འབར། སྤྱི་བོའི་བར་དུ་སོང་བ་སོགས་འབར་འཛག་འབྲོས་འདེད་མའི་དམིགས་པ་དང༌། མཐར་བདེ་དྲོད་ཀྱིས་ལུས་ཐམས་ཅད་ཀྱང་ཁྱབ་པ་ལ་སེམས་གཏད་དེ་བསྒོམ་མོ། །གསུམ་པ་ནི། དེ་དག་གི་སྐབས་སུ་དྲོད་དང་བདེ་བ་དངོས་སུ་སྐྱེས་ན་དེ་ལ་ཞེན་འཛིན་མ་ཞུགས་པར་མི་རྟོག་པས་ལམ་དུ་བྱེད་ཅིང་སྟོང་པས་རྒྱས་གདབ་སྟེ་གཉིས་སྣང་ཆོས་ཉིད་ཀྱི་ངང་དུ་ནུབ་པ་ལ་བརྩོན་པར་བྱའོ། །གསུམ་པ་རྗེས་ནི། སྤྱོད་ལམ་ཐམས་ཅད་དུ་སྔགས་སྤྱི་དང་། ཁྱད་པར་གཏུམ་མོའི་དམ་ཚིག་ལ་གནས་ཤིང་བདེ་དྲོད་ཀྱི་ཉམས་དང་མ་བྲལ་བར་འཇམ་རླུང་བཟུང་ལ་གཏུམ་མོ་ཟས་སུ་ཟ། ལུས་གདན་གོས་སོགས་མེར་བསམ་པ་དང༌། ཉལ་བའི་ཚེ་ཡང་ཁྱི་ཉལ་སྒོར་མོའམ། ཡང་ན། སེང་གེའི་ཉལ་སྟབས་ཀྱིས་རྟིང་པ་གཡས་པས་འོག་སྒོ་དགག །དབུགས་ཤ་དབྲག་ཏུ་འོང་བར་བྱས་ཏེ་གོས་སུ་གྱོན༑ འགྲོ་བའི་ཚེ་རྡོ་སྤར་བར་ཚུད་ཙམ་པ་བཅངས། རླུང་རོ་བསལ་ཏེ་སྟེང་རླུང་རན་ཙམ་མནན་པ་ནི་རྟ་རུ་ཞོན་པའོ། །དེ་ལྟར་བསྒོམས་པས་དང་པོ་དྲོད་སྐྱེ། དེ་ལ་བརྟེན་ནས་བདེ་བ། ཟུང་དུ་འཇུག་པ་ལས་མི་རྟོག་པ་སྐྱེ། དེ་གནད་ཀྱིས་ཟིན་པས་འོད་གསལ་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ་འཆར་བར་འགྱུར་རོ། །གཉིས་པ་ཚོད་འཛིན་རྨི་ལམ་རྣལ་འབྱོར་ལ་གཉིས། བཟུང་བ་དང༌། ལས་ལ་སྦྱར་བའོ། །ཐོག་མར་བཟུང་བ་ལའང་གསུམ་སྟེ༑ དང་པོ་ཁ་ཟས་རན་ཅིང་གོས་སྲབ་ལ་མལ་བདེ་བར་བྱ། བླ་མ་དཀོན་མཆོག་ལ་མཆོད་པ་འབུལ་ཞིང་རྨི་ལམ་ཟིན་པ་དང་འབྱོང་བའི་གསོལ་བ་དྲག་ཏུ་གདབ། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་པོ་བཏང༌། ནུས་ན་ཙོག་པུ་དང་མི་ནུས་ན་སེང་གེའི་ཉལ་སྟབས་བྱ། རང་ཡི་དམ་དུ་གསལ་བའི་སྨིན་མཚམས་སུ་སའི་ཐིག་ལེ་སེར་པོ་སྲན་མའི་གའུ་ཙམ་པ། ཕྱེད་ནང་དུ་ནུབ་ཅིང་ཕྱེད་ཕྱིར་མངོན་པ་ལ་སེམས་གཏད་དེ་གཉིད་ལོག་པས་ཟིན་ནོ། །དེས་མ་ཟིན་ན་ཆུའི་ཐིག་ལེ་དཀར་པོ། དེས་ཀྱང་མ་ཟིན་ན་མེའི་ཐིག་ལེ་དམར་པོ། དེ་ལའང་མ་ཟིན་ན་རླུང་གི་ཐིག་ལེ་སྔོ་སྐྱ་ལ་སེམས་གཏད། དེ་རྣམས་ཀྱིས་མ་ཟིན་ན་གཉིས་པ་འདུན་པ་དྲག་ཏུ་བྱ་བ་སྟེ། ཉིན་པར་གྱི་སྣང་བ་ཐམས་ཅད་རྨི་ལམ་ཡིན་སྙམ་པ་དང༌། ངག་ཏུའང་ང་གཉིད་དུ་སོང་བའི་རྨི་ལམ་དུ་འདུག་ཅེས་པ་ལ་སོགས་པ་བརྗོད་ཅིང༌། ཅིས་ཀྱང་མ་འཁྲུལ་བར་བྱ་སྙམ་པ་ལ་སོགས་པའི་དྲན་འདུན་དྲག་པོ་རྒྱུན་ཆད་མེད་པ་བྱས་པས་ངེས་པར་ཟིན་ནོ། །ད་དུང་ཡང་མ་ཟིན་ན་གསུམ་པ་དམིགས་པ་སྤོག་ཆོག་གི་གནད་ནི། དྲན་འདུན་སོགས་སྔར་ལྟར་ལ་ཉལ་ཁར་སྙིང་པདྨ་འདབ་བཞིའི་དབུས་སུ་ཟླ་བ་ལ་ཧཱུྃ། མདུན་ཏུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་ཏུ་ར་རྣམས་སྔོ་སྐྱ་དྭངས་པར་བསམ་ལ་སེམས་ཡུན་རིང་གཏད། ཉལ་ཁར་ཐོག་མར་ཧཱུྃ། དེ་ནས་ཨ་སོགས་གཡས་བསྐོར་གྱིས་གཉིད་དུ་འགྲོ་ཁར་ར་ལ་སེམས་གཏད་དེ་ཉལ་བས་ངེས་པར་ཟིན་པར་འགྱུར་རོ། །གཉིས་པ་སྦྱོང་སྤེལ་སྤྲུལ་བསྒྱུར་ཞིང་ཁམས་ལྟ་བ་སོགས་རྒྱས་པར་ཆོས་དྲུག་གཞན་དང་མཐུན། མདོར་བསྡུ་ན། ཟིན་པ་ལ་བརྟན་པ་མ་ཐོབ་བར་དུ་འོག་མ་བརྩམ་ཡང་དོན་མི་འགྲུབ་ཅིང༌། ནམ་བཟུང་བའི་ཚེ་ཟིན་པ་རྩལ་སྦྱོང་གཅིག་ལས་མང་པོར་སྤེལ་བ། མང་པོ་གཅིག་ཏུ་སྡུད་པ། རང་ཉིད་དངོས་པོ་དང་སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་སོགས་སུ་སྤྲུལ་པ་དང༌། ཕོ་རྨིས་ན་ཐུགས་རྗེ་ཆེན་པོའམ་མི་གཡོ་བ། མོ་སྒྲོལ་མ། ཆུར་བྱིང་ན་ས་གཞི། ཐོག་བབ་ན་མེ་ཏོག་གི་ཆར་པ། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར་བ་སོགས། ཁྱུང་དུ་སྤྲུལ་ནས་འཕུར་ཏེ་དག་པའི་ཞིང་ཁམས་ལྟ་བ་ལ་སོགས་པ་གང་འདོད་དུ་བསླབ་བོ། །ཁྱད་པར་རྨི་ལམ་ངོས་ཟིན་པ་ན་ཉིན་པར་གང་ལ་གོམས་པའི་དགེ་སྦྱོར་དང་བསྲེ་བ་གནད་དུ་བསྣུན་པ་དང༌། རྨི་ལམ་གྱི་ལུས་སྒྱུ་མ་ལྟ་བུའི་ལྷ་སྐུའི་སྦྱོང་བ་ལ་གཙོ་བོར་བྱེད་ཅིང༌། ཆོས་ཐམས་ཅད་རང་བཞིན་མེད་པར་ལྟ་བའི་ཐོག་ནས་རྨི་ལམ་གྱི་དེ་ཁོ་ན་ཉིད་ཤེས་པ་ཞིག་ངེས་པར་གལ་ཆེ་སྟེ། དགེ་སྦྱོར་འདིའི་གྲུབ་དོན་གཉིད་ཀྱི་སྟོང་པའི་འོད་གསལ་ལས་རླུང་སེམས་ཙམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུ་སྐད་ཅིག་གིས་ལྡང་བ་གོམས་པས། འཆི་སྲིད་འོད་གསལ་ལས་རླུང་སེམས་ཙམ་གྱི་བར་སྲིད་འཆར་བ་དེ་སྒྱུ་མའི་སྐུར་ལྡང་བར་འགྱུར་བའི་ཆེད་དུ་བཤད་པས་སོ། །གསུམ་པ་ཀུན་རྫོབ་སྒྱུ་ལུས་ཀྱི་རྣལ་འབྱོར་ལ། སྒོམ་དོན་དམིགས་པའི་གནད་དང༌། ངོ་སྤྲོད་པའོ། །དང་པོ་ལ་གཉིས། མ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ་དང༌། དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བའོ། །དང་པོ་ནི། རང་གི་མདུན་ཏུ་མེ་ལོང་གཡའ་མེད་པ་མཐོ་སྐོར་ལས་མི་ཆུང་བ་ཞིག་བཞག །དེ་དང་རང་གི་བར་དུ་ཆུ་སྣོད་དྭངས་པ་ཞིག་ཀྱང་བཞག་པས་བ་སྤུའི་བུ་ག་ཚུན་ཆད་གསལ་བའི་དགོས་པ་ཡོད་གསུངས། དེ་ནས་མེ་ལོང་དུ་འཆར་བའི་རང་གི་གཟུགས་བརྙན་ལ་མིག་དང་སེམས་ཡུན་རིང་དུ་ཆེ་རེ་གཏད། དེ་དང་རང་ལུས་ཕར་བསྲེ། ཉམས་ཤར་བ་དེ་ཉིད་རང་ལུས་དང་ཚུར་བསྲེས་ཏེ་དབྱེར་མེད་དུ་བྱས་ལ་བསྒོམ། སྒྱུ་མའི་ཉམས་འབྱོངས་ན་ཐོག་མར་མེ་ལོང་གི་གཟུགས་བརྙན་ལ་བསྟོད་སྨད་སྣ་ཚོགས་བྱེད་པར་བསམ། དེ་ལ་ཆགས་སྡང་མི་འདུག་ན་རང་ཐོག་ཏུ་ལེན། དེ་ལའང་དགའ་མི་དགའ་མེད་པར་མགོ་སྙོམས་ན་དངོས་སུ་ཚོགས་པ་མང་པོའི་གསེབ་སོགས་སུ་བརྟུལ་ཞུགས་སྦྱོང་ལ་སྦྱང་། དེ་ལའང་ཆགས་སྡང་མི་སྐྱེ་བར་མཉམ་ཁད་དེ་སོང་ན་འབྱོངས་པའོ། །གཉིས་པ་ནི། མེ་ལོང་ཆུ་སྣོད་སོགས་སྔར་ལྟར་ལ། ཡི་དམ་གྱི་སྐུ་བརྙན་ཕྱག་མཚན་སོགས་གཡས་གཡོན་གོ་ལྡོག་པ་ཞིག་རང་གི་རྒྱབ་ཏུ་བཤམས་ནས་གཟུགས་བརྙན་མེ་ལོང་ལ་འཆར་བ་བྱས། དེ་ལ་མིག་ཡིད་གཏད་དེ་སྣང་ཡང་བདེན་པར་མ་གྲུབ་པའི་སྒྱུ་མ་ལ་ངེས་ཤེས་བསྐྱེད་དེ་ཡུན་རིང་དུ་བསྒོམ། དེ་ལ་སེམས་ཟིན་ནས་ལྷ་སྐུ་དེ་རང་དང་མེ་ལོང་གི་བར་དུ་ཡོད་པར་བསྒོམ་ལ་སྒྱུ་མར་སྦྱང༌། གོམས་ནས་དེ་ཉིད་རང་ལུས་དང་བསྲེས་ཏེ་རང་ལུས་ལྷ་སྐུ་སྣང་སྟོང་སྒྱུ་མ་གཟུགས་བརྙན་ལྟ་བུ་བསྒོམས་པས། འབྱངས་པའི་རྟགས་ཁྱད་པར་གསུམ་ལྡན་ཏུ་འབྱུང་སྟེ། སྐུ་མདོག་བར་སྣང་ལ་འཇའ་ཚོན་ཤར་བ་ལྟ་བུ་སྣང་ལ་རང་བཞིན་མེད་པ། རྒྱན་ཆ་ལུགས་མེ་ལོང་ངོས་སུ་གཟུགས་བརྙན་ཤར་བ་ལྟ་བུ་གསལ་ལ་མ་འདྲེས་པ། སྣང་ཚུལ་ཆུ་ནང་ཟླ་བ་ཤར་བ་ལྟ་བུ་ཡུལ་ཐམས་ཅད་ལ་ཁྱབ་པ་སྟེ། དེ་ལྟར་འབྱངས་ནས་སྣང་བ་ཐམས་ཅད་ལ་བསྲེ་ཞིང་འབྱངས་པར་མ་གྱུར་བར་བསྒོམ་མོ། །གཉིས་པ་ནི། རིམ་ལྔ་ལས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བའོ། །ཞེས་པས། སྣང་ཙམ་ནས་བདེན་པས་སྟོང་པའི་གསལ་སྣང་ཁྱད་པར་ཅན་ལ་སྒྱུ་ལུས་ཞེས་བྱ་ཞིང༌། དེ་ལམ་དུ་བྱེད་པ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མའི་རང་གཟུགས་སུ་སྣང་བ་ནི་ཚིག་དོན་གྱི་སྒྱུ་ལུས་ཏེ་ཐོས་པས་གཏན་ལ་དབབ། ཡུལ་སྣང་དང་ཐ་མལ་གྱི་ལུས་ངག་ཡིད་གསུམ་སྒྱུ་མར་སྦྱོང་བ་ཕར་ཕྱིན་དང་ཐུན་མོང་བ་མ་དག་པའི་སྒྱུ་ལུས་དང༌། དེ་དག་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམ་པ་རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པ་དག་པའི་སྒྱུ་ལུས་ཏེ། སྤྱི་དོན་གྱི་སྒྱུ་ལུས་དེ་དག་བསྒོམས་པས་ཉམས་སུ་མྱོང་བས། མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུར་ངང་གིས་ལྡང་ནུས་པ་སྦས་དོན་གྱི་སྒྱུ་ལུས་ཀྱིས་མཚམས་སྦྱར་ནས་རྩ་རླུང་ཐིག་ལེ་སྒྲིབ་བྲལ་དུ་དག་པས་འཇའ་ལུས་སྒྱུ་མའི་སྐུ་ཅན་སློབ་པའི་ཟུང་འཇུག་རྒྱུ་དང༌། འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ལས་ཉོན་རྩ་བ་ནས་སྦྱངས་ཏེ་དྲི་བྲལ་སྒྱུ་མའི་ལོངས་སྐུ་མི་སློབ་པའི་ཟུང་འཇུག་འབྲས་བུའི་ཚུལ་གྱིས་འཐོབ་པར་འགྱུར་བ་ནི་མཐར་ཐུག་གི་སྒྱུ་ལུས་སོ། །བཞི་པ་དོན་དམ་འོད་གསལ་གྱི་རྣལ་འབྱོར་ལ་གཉིས། དངོས་དང་། ཞར་བྱུང་ངོ༌། །དང་པོ་ལའང་། བསྒོམ་དོན་དང་། ངོ་སྤྲོད་དོ། །དང་པོ་ལ། རིལ་འཛིན་དང་། རྗེས་གཞིག་གཉིས་ཀྱི། དང་པོ་རིལ་འཛིན་གྱི་འོད་གསལ་ལ་བསླབ་པ་ནི། རང་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ལུས་ཐམས་ཅད་གང༌། ལྷ་སྐུ་དེ་ཉིད་སྟོད་ནས་སྨད་དང༌། སྨད་ནས་སྟོད་དུ་འདུས་ཏེ་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ཡང་ཞབས་ཀྱུ་ཧ་ཡིག་ལ། ཧ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ༑ ཟླ་ཚེས་ཐིག་ལེ་ལ། དེའང་ནང་ཤིན་ཏུ་ཕྲ་བར་བསྡུས་ཏེ་སེམས་ཡུན་རིང་དུ་བཟུང༌། མཐར་དེ་ཡང་ཡལ་བར་མོས་ལ་རྟོག་མེད་ཀྱི་འོད་གསལ་ལ་ཅི་གནས་སུ་མཉམ་པར་བཞག་སྟེ། དེ་ལྟར་ཡང་ཡང་བསྐྱར་ལ་སྦྱོང་ངོ༌༑ ༑གཉིས་པ་ནི། རང་ལྷའི་སྐུ་སྔར་བཞིན་གསལ། སྣོད་དང་བཅུད་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ཡལ་བ་ལྟར་དུས་གཅིག་ཏུ་འོད་དུ་ཞུ་ནས། རང་ཡང་ཧཱུྃ་ལ་བསྡུ་བ་སོགས་གོང་བཞིན་བྱ། འོད་གསལ་མི་ཟིན་པའི་རྒྱུ་སྤང་ཞིང་ཟིན་པའི་རྒྱུ་བསྒྲུབ་ལ་དེ་ལྟར་ཡང་ནས་ཡང་དུ་བསྒོམ་ཞིང༌། ཁྱད་པར་གཉིད་དུ་འགྲོ་ཁར་ནན་ཏན་ཏུ་བསྒོམས་པས་སྲབ་མཐུག་གི་འོད་གསལ་གང་རུང་ཟིན་ཅིང་རིམ་པར་ཇེ་བརྟན་ཏུ་འགྲོའོ། །གཉིས་པ་ནི། རྒྱུད་བླར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་ཏུ་འགྱུར་མེད་དོ། །ཞེས་གཟོད་མ་ནས་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བའི་ཆོས་ཁམས་ཉིད་འོད་གསལ་གྱི་མཚན་ཉིད། དེ་ལམ་དུ་བྱེད་པ་ན། ཚིག་གི་དོན་གནས་ལུགས་གཞིའི་འོད་གསལ་དེ་ཉིད་ལུང་རིགས་ཀྱིས་དཔྱད་པ་དང་ཉམས་མྱོང་གི་སྟོབས་ཀྱིས་ཆོས་ཐམས་ཅད་སྐྱེ་མེད་སྟོང་ཉིད་དུ་རྟོགས་པ་ཕར་ཕྱིན་དང་ཐུན་མོང་བའི་སྤྱི་དོན་གྱི་འོད་གསལ། རིལ་འཛིན་རྗེས་གཞིག་གང་རུང་གིས་ཆོས་ཐམས་ཅད་འོད་གསལ་དུ་འཇུག་པ་རྡོ་རྗེ་ཐེག་པ་ཐུན་མོང་མིན་པའི་སྤྱི་དོན་གྱི་འོད་གསལ་གོམས་ཤིང་འདྲིས་པ་ལས། རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ་ལས་བྱུང་བའི་དཔེའི་ཡེ་ཤེས་མྱོང་ཐོག་ཏུ་རང་ངོ་འཕྲོད་པ་སྦས་དོན་གྱི་འོད་གསལ་གྱིས་མཚམས་སྦྱར་ནས། ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་སློབ་པའི་གནས་སྐབས་དང༌། ཆོས་ཐམས་ཅད་ཡེ་ཤེས་སུ་རྫོགས་ཏེ་འོད་གསལ་མ་བུ་འདྲེས་པས་ཆོས་སྐུ་ཀློང་འབྱམས་སུ་གྱུར་པ་ནི་མི་སློབ་པའི་གནས་སྐབས་ཏེ་མཐར་ཐུག་གི་འོད་གསལ་ལོ། །ཁྱད་པར་ལམ་སྒོམ་པའི་ཚེ་སྲབ་མཐུག་ཉམས་རྟོགས་ཀྱི་འོད་གསལ་འཆར་ཚུལ་སོགས་དབྱེ་བ་ཕྲ་མོ་ནི་གཞན་ལས་ཤེས་པར་བྱའོ། །གཉིས་པ་ཞར་བྱུང་ཟུང་འཇུག་གི་རྣལ་འབྱོར་ལ་བསླབ་པ་ལ་གཉིས་ཏེ། བསྒོམ་དོན་དང༌། ངོ་སྤྲོད་དོ། །དང་པོ་ནི། དེའང་གོང་སྨོས་དག་པའི་སྒྱུ་ལུས་དང་འོད་གསལ་དག་གི་གྲུབ་དོན་གྱི་ཚུལ་དུ་འབྱུང་བ་སྟེ། མཉམ་བཞག་ཏུ་ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་ལ་བློ་བཞག་པའི་སྣང་ཆ་དེ་དང༌། དེ་ཉིད་དམིགས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཀྱི་ངང་དུ་བསྡུས་པའི་སྟོང་ཆ་དེ་ཉིད། རྗེས་ཐོབ་ཏུ་ཟུང་དུ་འཇུག་པའི་ཚུལ་གྱིས། རྟོག་མེད་ཀྱི་འོད་གསལ་དེ་ལས་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་རང་ཤར་བ་ལ་བསླབ་པ་ལ་སྐབས་འདིར་ཟུང་འཇུག་གི་བརྡར་བཞག་གོ །གཉིས་པ་ནི། བདེན་གཉིས་དབྱེར་མེད་ཚིག་དོན་གྱི་ཟུང་འཇུག་ཐོས་པ་ལ་བརྟེན་ནས། སྟོང་དང་རྟེན་འབྱུང་དབྱེར་མེད་དུ་རྟོགས་པ་ནི་ཕར་ཕྱིན་པའི་སྤྱི་དོན་དང༌། རིལ་འཛིན་རྗེས་གཞིག་གང་རུང་ལས་ལྷ་སྐུར་ལྡང་བ་སྔགས་ཐུན་མིན་གྱི་སྤྱི་དོན་གྱི་ཟུང་འཇུག་སྟེ། དེ་ལས་རླུང་དབུ་མར་ཐིམ་པའི་སྟོང་པ་བཞི་བསྐྱེད་ནུས་པ་ནས་དཔེའི་འོད་གསལ་དང་སྦས་དོན་གྱི་སྒྱུ་ལུས་ཐོབ་སྟེ། རླུང་སེམས་ལྷ་སྐུ་སྣང་སྟོང་དུ་ལྡང་བ་སྦས་དོན་གྱི་ཟུང་འཇུག་དང༌། ས་དང་པོ་ནས་བཅུ་གཉིས་པའི་བར་སློབ་པའི་ཟུང་འཇུག་བཅས་གྲུབ་ནས། མཐར་དག་པ་གཉིས་ལྡན་གྱི་ཡུལ་དང་ཡུལ་ཅན་གྱི་འོད་གསལ་བརྟེན་པ་ཆོས་ཀྱི་སྐུ་དང༌། རླུང་སེམས་ཙམ་ལས་གྲུབ་པའི་རྟེན་གཟུགས་སྐུ་ལོངས་སྤྱོད་རྫོགས་པ་གཉིས་ཀྱང་ངོ་བོ་གཅིག་ལ་ལྡོག་པས་ཐ་དད་དུ་དབྱེ་བ་ཡེ་ཤེས་ཀྱི་སྐུ་ནི་མཐར་ཐུག་གི་ཟུང་འཇུག་སྟེ། དེ་ལྟར་ན། སྒྱུ་ལུས་འོད་གསལ་ཟུང་འཇུག་རྣམས་ཐོག་མར་ཚིག་དོན་ལ་བརྟེན་ནས་ཤེས་རབ་ཁྱད་པར་ཅན་གྱིས་སྤྱི་དོན་ཉམས་སུ་བླངས་ཤིང༌། ཐབས་ཁྱད་པར་ཅན་རླུང་དང་གཏུམ་མོའི་རྣལ་འབྱོར་སོགས་ཀྱིས་བསྐྱངས་པས་སྦས་དོན་འགྲུབ། དེ་ལས་སློབ་པ་དང་མི་སློབ་པ་མངོན་ཏུ་འགྱུར་བ་ནི་ནང་གི་ས་ལམ་བགྲོད་པ་ཞེས་བྱའོ། །ལྔ་པ་ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་ལ་གཉིས། སྦྱང་བ་དང༌། ལས་ལ་སྦྱར་བའོ། །དང་པོ་ལ་གསུམ། སྐུ། གསུང་། ཐུགས་ཀྱི་འཕོ་བའོ། །དང་པོ་ལུས་གནད་དང་ལྡན་པས་རང་ལྷར་གསལ་བའི་སྟོང་རའི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་ཡར་སྣེ་ཚངས་བུག་ཏུ་ཐུག་པ་ལ་ཧཾ་མགོ་བོ་ཐུར་བསྟན་གྱིས་བཀག་ཅིང༌། མར་སྣེ་ལྟེ་འོག་ཏུ་ཕུག་རྡུགས་སུ་ཡོད་པ། སྙིང་གར་སྨྱུག་མའི་ཚིགས་འགག་པ་ལྟ་བུའི་པདྨའི་གདན་གྱི་སྟེང་དུ་རང་གི་རླུང་སེམས་ཀྱི་ངོ་བོ་མི་གཡོ་བའི་སྐུ་ཚོན་གང་བ་འཕར་ཡེད་ཡེད་བྱེད་པའི་ཐུགས་ཀར་ཧཱུྃ་སྔོ་སྐྱ་སྤུས་བྲིས་པ་ལྟ་བུ་གསལ། དེ་ལས་འོད་ཟེར་འཕྲོས། བླ་མ་མི་གཡོ་བ་སྤྱན་དྲངས། རང་གི་སྤྱི་གཙུག་ཏུ་བཞུགས་པ་ལ་ཡིད་ཀྱིས་ཕྱག་མཆོད་འབུལ། ཡེ་ཤེས་གོང་འཕོར་འགྱུར་བའི་གསོལ་བ་འདེབས་ཤིང་མོས་གུས་དྲག་ཏུ་བྱ༑ འོག་སྒོ་འཐེན། ཚིགས་པ་བསྲང༌། ལག་པ་མཉམ་བཞག་ལྟེ་འོག་ཏུ་བཅའ། རླུང་རོ་བསལ་ལ། རླུང་ནང་དུ་མནན་པས་སྙིང་གའི་ཡི་དམ་ཅུང་ཟད་ཡར་བཏེགས་པར་བསྒོམ། དེ་བཞིན་བུམ་ཅན་ཁུག་པ་རེ་རེས་ཡར་ཡར་བཏེགས་ནས་མཐར་སྤྱི་བོའི་ཧཾ་ལ་རེག་རེག་འདུག་པར་མོས། སླར་སྙིང་ཁར་ཕབ་ལ་རླུང་བཏང་བ་བཅས་དེ་ལྟར་རྟགས་མ་ཐོན་གྱི་བར་དུ་འགྲོ་ལྡོག་སྤེལ་མར་སྦྱང༌། ཐུན་འཇོག་པའི་ཚེ་ཚངས་བུག་ཧཾ་གིས་བཀག །ཡི་དམ་སྙིང་གར་བརྟན་པར་བཞུགས་པར་མོས། གཉིས་པ་ནི། ལུས་གནད་རླུང་སྦྱོར་དང་ལྡན་པས་ཡི་དམ་ཝལ་གྱིས་བསྒོམ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་བརྗོད་པས། ཆོས་ཐམས་ཅད་སྒྲ་བརྙན་ཙམ་དུ་བསམ། ཕཊ་ཅེས་བརྗོད་པས་སེམས་ཉིད་བྲག་ཆ་ཡལ་བ་ལྟ་བུར་བསམ། དགེ་བཤེས་སྣེ་ཟུར་བ་སྐུ་འདའ་ཁར། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཞེས་གསུང་ཞིང་ཅུང་ཞིག་བཞུགས་ནས། ཕཊ་ཅེས་གསུངས་ནས་སྤྱན་གྱེན་ལ་ཧྲིག་མཛད་ནས་གཤེགས། སྤྱི་བོའི་གཙུག་ཏུ་རླངས་པ་ཇ་ཁོག་ཁ་ཕྱེ་བ་ཙམ་བྱུང་སྐད། འདི་འཕོ་བ་ཁོ་ནར་མ་ཟད་མི་དང་མི་མ་ཡིན་གྱི་གནོད་པ་བར་ཆད་བྱུང་དུས་ཀྱང་བསྒོམ་པས་འཕྲལ་དུ་ཞི་བར་གསུངས་སོ། །གསུམ་པ་ནི། གཞན་སྔར་སྐུའི་འཕོ་བ་དང་ཁྱད་མེད་ཅིང་དམིགས་པའི་བསྒྱུར་སོ་སྙིང་ཁར་སྐུ་བསྒོམ་པའི་ཚབ་ཏུ། རླུང་སེམས་ཀྱི་ངོ་བོ་ཧཱུྃ་ཡིག་སྔོ་སྐྱ་འོག་ནས་ཧཾ་དམར་པོས་འདེགས་ཤིང༌། སྟེང་ནས་ཀ་དཀར་པོ་མགོ་ཐུར་བསྟན་གྱིས་གནོན་པའི་ཚུལ་དུ་བསམ། རླུང་བཟུང༌། ཡིད་ཀྱིས་ཀ་ཞེས་དལ་བུར་བརྗོད་པས་ཀས་ཡར་འཐེན། ཧི་ཞེས་དྲག་པོའི་ཚུལ་གྱིས་བརྗོད་པས་ཧིས་འཕུལ་ནས་རླུང་ཁུག་རེ་རེ་བཞིན་ཇེ་མཐོ་ཇེ་མཐོ། མཐར་ཧཾ་ལ་རེག་རེག་འདུག །ཀ་ཞེས་དྲག་པོར་ཡིད་ཀྱིས་བརྗོད་པས་དེས་གནོན་ཏེ་སྙིང་ཁར་བབ་པ་བསམ། འཕྲོས་སྔར་བཞིན་སྦྱང་ངོ༌། །གཉིས་པ་ནི། འཆི་བསླུ་སོགས་ཀྱིས་མི་ཟློག་པའི་འཆི་ལྟས་བྱུང་བ་ན། ཉེས་བྱས་ལ་བཤགས་སྡོམ། ལུས་ལོངས་སྤྱོད་མ་ཆགས་མ་ཞེན་པར་བླ་མ་དཀོན་མཆོག་ལ་ཕུལ་ཏེ་དག་པའི་ཞིང་ཁམས་སུ་འགྲོ་བའི་འདུན་པ་སྤྲོ་དུང་ངེ་བས། འཆི་བ་ལ་བབ་པ་ན། དམིགས་པའི་གནད་སྔ་མ་རྣམས་ལས་རང་གི་གོམས་ཆ་གང་ལ་ཆེ་ཞིང་སྐབས་དེར་ཡིད་ཡུལ་དུ་འཆར་གང་བདེ་བ་ཞིག་ལ་གནད་དུ་བསྣུན། དེའང་སྐུ་དང་ཐུགས་གཉིས་ལ། སྐུ་དང་ཡིག་འབྲུ་དབུ་མའི་ཡར་སྣེའི་ཧཾ་ཡིག་ལ་བསྟིམ། དེ་ཉིད་སྐུའམ་ཡིག་འབྲུ་དང་དབྱེར་མེད་དུ་གྱུར་པ་སྤྱི་བོའི་ཡི་དམ་གྱི་ཐུགས་ཀར་རྒྱང་གིས་བསྟིམ། དེ་ཉིད་དག་པའི་ཞིང་དུ་གཤེགས་པའམ་མི་དམིགས་པར་འཇོག་པར་གང་བདེར་བྱའོ། །དྲུག་པ་བློ་ཆོད་བར་དོའི་རྣལ་འབྱོར་ལ་གཉིས། སྦྱང་བ་དང༌། ལས་ལ་སྦྱར་བའོ། །དང་པོ་ནི། ཚོགས་དྲུག་གི་ཡུལ་དུ་སྣང་ཚད་ཐམས་ཅད་བར་དོ་ཡིན། དེའང་བདེན་པར་མ་གྲུབ་སྙམ་དུ་ངེས་ཤེས་བསྐྱེད་ལ་དྲག་ཏུ་བསྒོམ། བློ་འབྱངས་ནས་ངེས་པར་བར་དོ་ཡིན་སྙམ་དུ་ཐག་ཆོད་པ་ན། སྒྱུ་ལུས་འོད་གསལ་སོགས་རང་ཉིད་དགེ་སྦྱོར་གང་ལ་གོམས་པ་དེ་དང་བསྲེ་ནས་ལམ་དུ་ཁྱེར་ཞིང་གནད་དུ་བཏང་བར་བྱའོ། །གཉིས་པ་ནི། འཆི་བར་གཞིའི་འོད་གསལ་འཆར་བའི་སྐབས་ལམ་གྱི་འོད་གསལ་ལ་གོམས་པས་འོད་གསལ་མ་བུ་འཕྲོད་པར་མ་གྱུར་ན། སྲིད་པ་བར་དོའི་སྣང་བ་འཆར་བས་སྐབས་དེར་སྔར་གྱི་གོམས་སྟོབས་ཀྱིས་རྒྱུ་བྱས་ཏེ། བར་དོ་ལ་བར་དོ་ཡིན་པར་ཤེས་པའི་ཚེ་གོམས་འདྲིས་གང་ལ་ཆེ་བའི་དགེ་སྦྱོར་དང་བསྲེས་ཏེ་ལམ་དུ་བཏང༌། ཁྱད་པར་སྣང་བ་ཐམས་ཅད་མི་གཡོ་བའི་སྐུ། གྲགས་པ་ཐམས་ཅད་ཙཎྜ་མའི་སྔགས། དྲན་རྟོག་ཐམས་ཅད་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་རྒྱས་འདེབས་པ་དང༌། སྒྱུ་ལུས་བས་རྨི་ལམ་སྒྱུ་མ་ལྟ་བུར་བསྲེ་བ་རང་བྱིན་རླབས་ཀྱི་རྣལ་འབྱོར་བསྒོམ་པ་དང༌། འོད་གསལ་བས་རིལ་འཛིན་རྗེས་གཞིག་གང་རུང་གིས་མངོན་པར་བྱང་ཆུབ་པའི་རིམ་པ་བསྒོམ་པ་དང༌། ཡང་འཁྲུལ་སྣང་འཆར་བའི་ཚེ་ཟུང་འཇུག་གི་ལྷ་སྐུར་ལྡང་བ་སོགས་ཀྱིས་གྲོལ་འབྲས་མངོན་ཏུ་བྱེད་པར་འགྱུར་རོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ནི། མཚན་བཅས་མཚན་མེད་རྣལ་འབྱོར་གང་ལ་འཇུག་ཀྱང་ཐམས་ཅད་ཀྱི་རྗེས་ཐོག་ཏུ་བྱང་ཆུབ་སྤྱོད་པའི་སྨོན་ལམ་ཁྱད་པར་ཅན་མང་པོ་གདབ། འཁོར་གསུམ་ཡོངས་དག་གི་བསྔོ་བ་དངོས་སམ་རྗེས་མཐུན་པས་དགེ་རྩ་བྱང་ཆུབ་ཀྱི་རྒྱ་མཚོར་སྤེལ། ཐུན་མཚམས་རྣམས་སུའང་དངོས་གཞིའི་ཉམས་མྱོང་དང་མ་བྲལ་བའི་དྲན་ཤེས་ཀྱིས་སྤྱོད་ལམ་ལ་འཇུག་སྟེ། རྣམ་པ་ཀུན་ཏུ་ཉམས་རྟོགས་གོང་འཕེལ་དུ་འགྱུར་ཞིང་སྒོ་གསུམ་དོན་ཡོད་དུ་འགྱུར་བ་ལ་བསླབ་བོ། །གཉིས་པ་ཞར་བྱུང་དེ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན། སྔོན་འགྲོ་ཡོངས་རྫོགས་སམ། བསྡུ་ན་སྐྱབས་སེམས་ཚོགས་བསགས་ཙམ་གྱི་རྗེས། དངོས་གཞི་ལྷའི་རྣལ་འབྱོར་ཐུན་མོང་ཁྱད་པར་དང་བཅས་རྫོགས་པར་བསྒོམ་པའི་མཐར། ཆོས་དྲུག་ལས་གཏུམ་མོའི་དམིགས་པ་རེ་དང༌། གཞན་ཇི་ལྟར་རིགས་པ་བསྒོམ་རྗེས་འོད་གསལ་དུ་ཞུགས་ཏེ། ཟུང་འཇུག་ཏུ་ལྡངས་ནས། སྲུང་བའི་རྣལ་འབྱོར་དང་བཅས་ཐུན་མཚམས་ལ་འཇུག་པར་བྱའོ། །གནས་སྐབས་མཐར་ཐུག་ཡོན༵་ཏན༵་ཀུན། །རྣལ་འབྱོར་འདི་ལས་འབྱུང་བའི་ཕྱིར། །ཟབ་ཅིང་རྒྱ༵་ཆེའི་བཅུད་མཆོག་ལ། །སྐོམ་པས་ཆུ་མཚོ༵་བཞིན་ཏུ་རོལ། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་མི་གཡོ་ཆོས་དྲུག་གི་ཁྲིད་ཀྱི་ལེ་ཚན་ནོ། །ཇོ་བོ་ཡབ་སྲས་ཞལ་གྱི་ལུང༌། །གདམས་ངག་ལུགས་དང་མན་ངག་ལུགས། །ཟུང་འབྲེལ་མདོ་སྔགས་ཀུན་གྱི་བཅུད། །བདག་གི་སྐལ་པ་བཟང་པོས་ཐོབ། །ལུང་རྟོགས་ཆ་ཤས་མ་རྫོགས་པས། །ལེགས་བཤད་འོད་དཀར་སྤྲོ་བའི་མཐུ། །དམན་ཀྱང་ཀུན་མཁྱེན་བླ་མའི་བཀའ། །སྤྱི་བོར་བཀོད་ནས་ཟིན་ཆུང་སྤེལ། །དགེ་བས་སྐྱེ་བོ་ཐམས་ཅད་ཀྱིས། །སྟོང་དང་རྟེན་འབྱུང་ཚུལ་རྟོགས་ཤིང༌། །ཟབ་ལམ་བགྲོད་པའི་མཐུ་ཐོབ་ནས། །ཟུང་འཇུག་གོ་འཕང་མངོན་བྱེད་ཤོག །ཅེས་པ་འདིའང་རྗེ་བཙུན་འཇམ་པའི་དབྱངས་དགེ་བའི་བཤེས་གཉེན་གྱི་ཚུལ་སྟོན་པ་ཁྱབ་བདག་ཐམས་ཅད་མཁྱེན་གཟིགས་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས༑ ཟབ་ཁྲིད་བཀའ་དྲིན་ཏུ་སྩལ་བའི་ཚེ་རེག་ཟིག་འབྲི་བར་འོས་པའི་བཀའ་སྩལ་གནང་བ། ཤེར་བརྩོན་དམན་པས་གསུང་རྣམ་པ་ཐམས་ཅད་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ལས་ཆ་ཙམ་ཡང་འཛིན་པར་མ་ནུས་ཀྱང་བསྙེལ་བར་ཕོངས་ཏེ། རྗེ་ཉིད་ཀྱིས་གནང་བའི་ས་བཅད་རྩ་བར་བཟུང༌། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ་དང༌། འཇམ་མགོན་ཀུན་དགའ་བསོད་ནམས་ཀྱི་ཁྲིད་ཡིག་གི་ལེགས་ཆ་བཏུས། རྗེ་བཙུན་གྲོལ་མཆོག་ཞབས་ཀྱི་ཁྲིད་ཡིག་གི་ཚིག་དོན་གཉིས་ཀའང་ཚང་བའི་ལུགས་སུ་བྱས་ཏེ། རང་བློས་གང་དཔོག་གི་ཟིན་བྲིས་སུ་སྙོམས་ལས་པ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གདན་སར་བྲིས་པ་བསྟན་པ་རིན་པོ་ཆེ་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།།    །།
རྗེ་དང་ལྡན་པ་དེས་གདུལ་བྱ་རྣམས་ཀྱི་དབང་པᨖའི་རིམ་པ་དང་མཐུན་པའི་ཆོས་ཀྱི་འཁᨖར་ལོ་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་ཞིག་བསྐོར་བ་ཐམས་ཅད་ཀྱང་བསྡུ་ན་ཆོས་ཀྱི་
ཕུང་པᨖ་བརྒྱད་ཁྲི་བཞི་སྟོང་དུ་འདུ། དེའང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་ཆེན་ལ་རྒྱུ་ལམ་བྱེད་མཚན་ཉིད་ཐེག་པ་དང༌། འབྲས་བུ་ལམ་བྱེད་རྡོ་རྗེའི་ཐེག་པ་གཉིས་ཡོད། རྡོ་རྗེའི་ཐེག་པ་ལ་དབྱེ་སྒོ་མང་ཡང་ཀླུ་སྒྲུབ་དང་ཇོ་བᨖ་ཡབ་སྲས་ཀྱི་བཞེད་པས། མདᨖ་སྡེ་རྟོགས་པའི་རྒྱུད་དང༌། བྱ་སྤྱོད་རྣལ་འབྱོར་བླ་མེད་དང་ལྔར་བཞུགས། བྱ་རྒྱུད་ལ་རིགས་དྲུག་ཡོད་པའི་ནང་ཚན་དེ་བཞིན་གཤེགས་པའི་རིགས་ལའང་རིགས་ཀྱི་བདག་པᨖ་གཙོ་བᨖ་ཡབ་ཡུམ་སᨖགས་ཀྱི་དབྱེ་བ་མང་དུ་བཞུགས་པ་ལས། ད་ལམ་སྐབས་སུ་བབ་པ་འདི་ནི་ཐེག་ཆེན་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བᨖའི་བྱེ་བྲག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་ལ། འཕགས་པའི་ཡུལ་གྱི་པཎྜི་ཏ་རྣམས་ཀྱིས་ཆོས་འཆད་པའི་ལུགས་སྲོལ་གཉིས་ལས། སྐབས་འདིར་དཔལ་ལྡན་ཨ་ཏི་ཤ་ཉིད་གང་ལས་བྱུང་བའི་འབྲེལ་གྱིས། བི་ཀྲ་མ་ཤཱི་ལའི་མཁས་པ་རྣམས་ཀྱི་ཕྱག་བཞེས་ལྟར།  
མཛད་པ་པᨖའི་ཆེ་བ། ཆོས་ཀྱི་ཆེ་བ། འཆད་ཉན་ཇི་ལྟར་བྱ་བ། གང་འཆད་བྱའི་ཆོས་དངོས་བཅས་སྡོམ་བཞིའི་སྒོ་ནས་འཆད་པ་ལ། དང་པᨖ་ཆོས་འདི་གང་གིས་མཛད་ན། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་ཨ་ཏི་ཤ་མར་མེ་མཛད་ཅེས་ས་གསུམ་ན་སྐུ་ཆེ་བའི་ཡོན་ཏན་ཡོངས་སུ་གྲགས་པ་དེས་སᨖ། །གཉིས་པ་དེས་མཛད་པའི་ཆོས་དེ་ཇི་ལྟ་བུ་ཞིག་ཅེ་ན། དཔལ་ཇོ་བᨖ་རྗེས་སྤྱན་རས་གཟིགས་དངོས་འབྲོམ་སྟོན་རིན་པᨖ་ཆེ་ལ་ལྷག་པའི་ལྷ་གྲངས་མེད་པ་ཞིག་གདམ་ང་བསྐུར་བའི་ཚེ། རིན་པᨖ་ཆེའི་གླིང་ནས་ཡིད་བཞིན་ནོར་བུ་ལྟ་བུའི་ལྷ་བཞི་གདམ་པར་མཛད་པའི་ཐོག་མ་བསྟན་པ་འདིའི་སྟོན་པ། བདག་ཅག་རྣམས་ཀྱི་སྐྱབས་གནས་གཅིག་པུ་བ་སྟོན་པ་ཐུབ་པའི་དབང་པᨖ་རྡོ་རྗེ་གདན་པའི་ལྟ་ཁྲིད་ཀྱི་རིམ་པ་སྟེ་ཁྱད་པར་བཞི་དང་ལྡན་པའི་འབྲས་བུའི་ཐེག་པའོ། །དེའང་འདི་དག་བྱ་རྒྱུད་དུ་འཆད་ཀྱང་བྱ་རྒྱུད་རང་རྐང་ཚུགས་པའི་ལུགས་ནི་མ་ཡིན་ཏེ། ངོ་བᨖ་བྱ་རྒྱུད་ལ། རྣམ་འགྱུར་རྒྱུད་སྡེའི་རྟོགས་པ་བསྲེས་པའོ། །ཞེས་གསུངས་སᨖ། །གསུམ་པ་ཆེ་བ་དེ་ལྡན་གྱི་ཆོས་དེ་འཆད་ཉན་བྱ་བའི་སྐབས་སུ་བབ་པ་ན། འཆད་པᨖ་སློབ་དཔᨖན་ཡང་ལུས་ངག་ཡིད་ཀྱི་གནས་ངན་ལེན་སྤངས་ཏེ་ཚུལ་གསུམ་དང་ལྡན་ལ། ཉན་པ་པᨖ་རྣམས་ཀྱང་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛᨑན་པ་ལྔ་ལ་སᨖགས་པ་སྤངས་ནས་འདུ་ཤེས་བཞིའམ་དྲུག་སᨖགས་ཀྱི་ཡོན་ཏན་དང་ལྡན་པས་འཆད་ཉན་བྱ་སྟེ། སྐབས་འདིར་ནུས་ན་རྒྱས་པར་འཆད་པ་གལ་ཆེའོ། །
བཞི་པ་བཤད་བྱ་དངོས་ནི། དེ་མ་ཐག་པར་འབྱུང་བ་ཉིད་དᨖ། །གསུམ་པ་སྐབས་དᨖན་ཉམས་ལེན་དངོས་ལ། རྒྱུད་སྨིན་པར་བྱེད་པ་དང༌། སྨིན་པ་གྲᨖལ་བར་བྱེད་པའི་རིམ་པ་གཉིས་ཀྱི་དང་པᨖ་ནི། སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ལེགས་པར་ནོད་དᨖ། །གཉིས་པ་གྲᨖལ་བྱེད་ཁྲིད་ཀྱི་རིམ་པ་ལ། སྔོན་འགྲᨖ། དངོས་གཞི། རྗེས་དང་གསུམ་གྱིས་ཉམས་སུ་བླང་བར་བྱའོ། །དང་པᨖ་ལ་གཉིས། ཐུན་མᨖང་དང་ཐུན་མᨖང་མ་ཡིན་པའི་སྔོན་འགྲᨖའོ། །
ཐུན་མᨖང་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་རིམ། དེ་བློ་ལྡོག་རྣམ་པ་བཞི་ལ་སྦྱར་བའི་ཚུལ་ལོ། །དེ་ལས་དང་པᨖ་ནི། སྤྱིར་སྐྱེས་བུ་གསུམ་གྱི་ལམ་གྱི་མངོན་རྟོགས་ལ་སᨖགས་པ་དཀར་པᨖའི་ཡོན་ཏན་གྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པ་ལ་བུ་སྐྱེད་པའི་མ་དང་འདྲ་བ་མེད་ཐབས་མེད་པའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཚུལ་བཞིན་དུ་བསྟེན་པ་སྔོན་དུ་འགྲᨖ་བས། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས། འཇིག་རྟེན་ཕྱི་མར་མྱོང་འགྱུར་ངན་སᨖང་གི་སྡུག་བསྔལ་ལ་འཇིགས་ཏེ་བསᨖད་ནམས་ཆ་མཐུན་གྱི་ལས་མངོན་པར་མཐོ་བའི་ཚུལ་ཁྲིམས་སྲུང་བ་ལ་སᨖགས་པས་ལྷ་མིའི་བདེ་འབྲས་ལ་སྦྱོར་བ་སྐྱེས་བུ་ཆུང་ངུའི་ལམ། ཁམས་གསུམ་གྱི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་མེའི་འོབས་དང་། མི་གཙང་བའི་དᨖང་ལྟ་བུ་སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་གི་བདེན་པ་རྟོགས་ནས་འཁᨖར་བ་མཐའ་དག་ལས་ངེས་པར་འབྱུང་བའི་བློས་ཐར་པ་ཆ་མཐུན་གྱི་ལས་དང་
ལམ་གྱི་འཇུག་ལྡོག་ཚུལ་བཞིན་བྱས་པ་ལ་བརྟེན་ནས་གནས་སྐབས་ཀྱི་འགོག་པའི་བདེན་པ་མངོན་དུ་བྱེད་པ་སྐྱེས་བུ་འབྲིང་གི་ལམ། སྲིད་དང་ཞི་བ་གཉིས་ཀར་མི་གནས་པའི་སྙིང་རྗེ་དང་ཤེས་རབ་ཀྱིས་བསྡུ་བའི་དངོས་པᨖ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སᨖགས་པ་ལ་བསླབ་ཅིང་སྤྱོད་ནས་ལམ་ལྔ་དང་ས་བཅུ་བགྲᨖད་དེ། མི་གནས་པའི་མྱང་འདས་སྒྲུབ་པ་སྐྱེས་བུ་རབ་ཀྱི་ལམ་སྟེ། དེ་དག་ཀྱང་སྔ་མ་སྔ་མ་ལ་སྟེགས་བྱས་ནས་ཕྱི་མ་ཕྱི་མའི་བློ་བསྐྱེད་དགོས་པས། སྐབས་འདིར་ཡང་གོ་མྱོང་གི་སྒོ་ནས་རྒྱུད་ལ་འདྲེ་ངེས་སུ་བསླབ་བᨖ། །གཉིས་པ། གདམས་ངག་པ་རྣམས་ཀྱིས་བློ་ལྡོག་རྣམ་པ་བཞི་ཐུན་མᨖང་གི་སྔོན་འགྲᨖར་བསྡུས་ནས་འཆད་དེ། དེའང་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ། ལས་འབྲས་རགས་པ་ཙམ་བསམ་པ་རྣམས་སྐྱེས་བུ་ཐ་མའི་ལམ་དང་དᨖན་གཅིག །དེ་སྟེང་ལས་འབྲས་ཕྲ་བ་དང་འཁᨖར་བའི་ཉེས་དམིགས་བསམ་པ་རྣམས་སྐྱེས་བུ་འབྲིང་པᨖའི་ལམ་དང་དᨖན་གཅིག །དེ་དག་གི་སྟེང་དུ་ལྷག་པའི་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྣན་པ་ནི་སྐྱེས་བུ་ཆེན་པᨖའི་ལམ་སྟེ། ཐོག་མར་ཁམས་གསུམ་སྲིད་པ་མཐའ་དག་ལ་བློ་མ་ལྡོག་ན། ལམ་ཚད་ལྡན་བསྒོམ་པའི་སྣོད་མེད་པས། སྐྱེས་བུ་གསུམ་གྱི་ལམ་རིམ་མཐའ་དག་བློ་ལྡོག་རྣམ་པ་བཞིར་བསྡུས་ཏེ་རང་གཞན་ཐམས་ཅད་སྲིད་ལས་ངེས་པར་འབྱིན་འདᨖད་ཀྱི་བློ་བཅོས་མ་མིན་པ་མ་སྐྱེས་ཀྱི་བར་དུ་བསྒོམ་པ་གལ་ཆེའོ། །དེ་དག་གི་སྒོམ་ཚུལ་རྒྱས་པ་ནི་
ཁྲིད་རིམ་གཞན་ནས་འབྱུང་བ་ཉིད་ཅི་ནུས་སུ་ཉམས་སུ་བླང་ངོ༌། །གཉིས་པ་ཐུན་མᨖང་མ་ཡིན་པའི་སྔོན་འགྲᨖ་ལ་ལྔ་སྟེ། ལམ་གྱི་རྩ་བ། མཐུན་རྐྱེན་རྫོགས་པ། འགལ་རྐྱེན་སྦྱོང་བ། བྱིན་རླབས་འཇུག་པ། ཐུན་མིན་བཅས་ཀྱི་རྣལ་འབྱོར་རོ། །དེ་ལ་དང་པᨖ་ལམ་གྱི་རྩ་བ་ལ་གཉིས་ཏེ། ཐེག་པ་ཐམས་ཅད་ཀྱི་རྩ་བ་སྐྱབས་འགྲᨖ། ཐེག་ཆེན་ཐུན་མᨖང་མིན་པའི་རྩ་བ་སེམས་བསྐྱེད་པའོ། །དེ་དག་གི་ཁྲིད་རྒྱས་པར་འདིར་མི་འཆད་ཅིང་བསྒོམ་དᨖན་སྙིང་པᨖ་བསྡུ་ན། དང་པᨖ་སྐྱབས་འགྲᨖ་ལ་གསུམ་སྟེ། ཡུལ། གང་ཟག །འགྲᨖ་ཚུལ་ལོ། །དེ་ཡང་བདེ་བའི་སྟན་ལ་ལུས་གནད་དཀྱུས་མཐུན་བཅས། ཐུན་མᨖང་གི་སྔོན་འགྲᨖ་སྔར་འབྱངས་ཟིན་རུང་སྐབས་འདིར་ལམ་ཙམ་གསལ་གདབ་ནས། སྐྱབས་སུ་འགྲᨖ་བའི་ཡུལ་གསལ་བ་ནི། ས་ཕྱོགས་དག་པའི་ཞིང་ཁམས་བཀོད་པ་ཚད་མེད་པའི་དབུས་སུ་འདᨖད་དགུ་ཆར་དུ་འབེབས་པའི་དཔག་བསམ་ཤིང་གི་སྡོང་པᨖ་ཡལ་ག་ལོ་མ་མེ་ཏོག་རབ་ཏུ་རྒྱས་པའི་དབུས་ཀྱི་སྙིང་པᨖར། སེང་ཁྲི་པད་ཟླའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མེད་པའི་སྟོན་པ་བཅོམ་ལྡན་འདས་སྤྲུལ་སྐུའི་ཆ་ལུགས་ཅན་བཞུགས་པའི་མཐའ་བསྐོར་ལྗོན་པའི་བར་མཚམས་རྣམས་སུ། དཀོན་མཆོག་རྩ་གསུམ་ཡེ་ཤེས་ཆོས་སྐྱོང་གི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་བཞིན་ཏུ་བཞུགས་པར་མᨖས། གང་ཟག་གང་གིས་སྐྱབས་སུ་འགྲᨖ་ན། སྐྱབས་ཡུལ་དེ་དག་གི་མདུན་ཏུ་ཚེ་འདིའི་ཕ་མ་དང་སྡང་དགྲ་གནོད་བྱེད་ཀྱིས་གཙོར་བྱས། མཁའ་ཁྱབ་ཀྱི་སེམས་ཅན་མ་ལུས་པ་འཁᨖད་པའི་འདྲེན་དཔᨖན་རང་ཉིད་ཀྱིས་བྱ་སྟེ། ཇི་ལྟར་སྐྱབས་སུ་འགྲᨖ་བའི་ཚུལ་ནི། ལུས་གུས་པས་ཕྱག །ངག་གུས་པས་སྐྱབས་འགྲᨖ། ཡིད་གུས་པས་དད་མᨖས་རྩེ་གཅིག་པའི་ངང་། འདི་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲᨖ་བ་སྐྱེས་བུ་ཆེན་པᨖའི་བློ་སྔོན་ཏུ་འགྲᨖ་བས། སྐྱབས་འགྲᨖའི་ཚᨑག་རྒྱས་འབྲིང་གང་ལྕོག་གམ། བསྡུ་ན། སངས་རྒྱས་ཆོས་ཚོགས་ཇི་ཙམ་ནུས་པ་གསᨖག །གཉིས་པ་སེམས་བསྐྱེད་པ་ལའང་གསུམ་སྟེ། དམིགས་པའི་ཡུལ་མཁའ་ཁྱབ་སེམས་ཅན་བསམ་འོག་ཏུ་བཅུག་སྟེ། དམིགས་པའི་གང་ཟག་རང་ཉིད་ཀྱིས། དམིགས་པའི་རྣམ་པ་སྨོན་འཇུག་གི་བདག་ཉིད་ཅན་ཏུ་སེམས་བསྐྱེད་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁᨖར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ། མྱུར་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མᨖ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བློས་ཚᨑག་རིས་རྒྱས་པ་གཞན་ནམ། བདག་གིས་སྦྱིན་སᨖགས་ལ་སᨖགས་པ་བརྗོད་ཅིང༌། མཐར་ཚངས་གནས་བཞི་ལ་བློ་བཞག་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་སᨖགས་ཚད་མེད་པ་བཞི་བསྒོམ། མཐར་སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས། རང་གཞན་ཉེས་ལྟུང་སྡིག་སྒྲིབ་ཞི། ཚེ་བསᨖད་དཔལ་འབྱོར་ཉམས་རྟོགས་རྒྱས། འཁᨖར་རྣམས་འོད་དུ་ཞུ་གཙོ་བᨖ་ལ་ཐིམ། གཙོ་བᨖ་འོད་ཞུ་རང་ལ་ཐིམ། བླ་མ་དཀོན་མཆོག་གི་བྱིན་རླབས་ཞུགས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སᨖང་བར་བསམ་ལ་མཉམ་པར་བཞག་གོ །གཉིས་པ་མཐུན་རྐྱེན་ཚོགས་མཆོག་རྫོགས་པར་བྱེད་པ་མཎྜལ་ནི། གོང་དུ་སྐྱབས་ཡུལ་བསྡུས་ན་ཚོགས་ཞིང་སླར་གསལ་འདེབས་པའམ། འོན་ཀྱང་སྤྲོས་པ་བསྡུ་ན། སྐྱབས་ཡུལ་མི་བསྡུ་བར་དེ་ཉིད་ཚོགས་ཞིང་དུ་བྱས་པའི་མདུན་ཏུ། ངོ་བᨖ་རང་གཞན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དུས་གསུམ་དུ་བསགས་པ་ཇི་སྙེད་ཡོད་པ། རྣམ་པ་གླིང་བཞི་རི་རབ་སྣོད་ཀྱི་བཀོད་པ་ཁྱད་པར་འཕགས་པ་ལ་ལྷ་དང་མིའི་དཔལ་འབྱོར་སᨖགས་བཅུད་ཀྱི་ཡོན་ཏན་མ་ཚང་བ་མེད་པ། གྲངས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་བ་སྙེད་དང་མཉམ་པ། རྒྱ་ནམ་མཁའི་མཐའ་ཀླས་པ༑ དུས་འཁᨖར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བླ་མ་དཀོན་མཆོག་ཐུགས་རྗེ་ཅན་རྣམས་ལ་འབུལ་བའི་མᨖས་པས། མཎྜལ་དངོས་སུ་ངེས་པར་བཤམ་སྟེ་ཕྱག་ལེན་ལྟར་རྒྱས་པར་ཚོམ་བུ་སᨖ་བདུན་མ་སᨖགས་དང༌། བསྡུ་ན་ཇོ་བᨖས་མདᨖ་ལས་བཏུས་པར་གྲགས་པ། ས་གཞི་སྤོས་བྱུག་མས་ཚར་བརྒྱ་སྟོང་དུ་ཕུལ་བའི་མཐར་ཕུལ་བ་དེ་དག་ཚོགས་ཞིང་རྣམས་ཀྱིས་བདག་གིར་མཛད། བདག་གཞན་ཐམས་ཅད་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་ད་ལྟ་ཉིད་དུ་འཚང་རྒྱ་ནུས་པ་ཙམ་དུ་སᨖང་བར་མᨖས། མཐར་ཚོགས་ཞིང་རང་ལ་བསྡུའོ། །གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོར་སེམས་བསྒོམ་བཟླས་ནི། རང་ཐ་མལ་པའི་སྤྱི་བᨖར་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་དཀར་པᨖ་རྡོར་དྲིལ་འཛᨑན་ཅིང་ལོངས་སྐུའི་ཆས་རྫོགས་པ། ཞབས་སེམས་སྐྱིལ་དུ་བཞུགས་པའི་གཡས་ཀྱི་མཐེ་བᨖང་རང་གི་སྨིན་མཚམས་ལ་རེག་པ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་དཀར་པᨖའི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པᨖས་བསྐོར་བར་མᨖས་ལ་སེམས་ཅུང་ཟད་འཛᨑན། རྒྱས་པར་སྤྲོ་ན་ཡན་ལག་བཞི་རྫོགས་སུ་བསྐྱེད་ཀྱང་འགལ་བ་མེད་མᨖད། སྐབས་དᨖན་འདི་ཙམ་གྱིས་འཐུས་གསུངས། སྤྱིར་སྡིག་ལྟུང་སྦྱོང་བ་ལ་གཉེན་པᨖ་སྟོབས་བཞི་ཚང་དགོས་པས་དེ་ནི་རྟེན་གྱི་སྟོབས་སᨖ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་ལྟུང་རྒྱུ་དང་བཅས་པ་ལ་འགྱོད་ཅིང་གདུང་བའི་བློ་དྲག་པᨖ་བསྐྱེད། སུན་འབྱིན་པའི་སྟོབས་སམ་འགྱོད་པ་དེས་
དྲངས་ཏེ་བླ་མ་རྡོ་རྗེ་སེམས་དཔའ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྦྱང་བར་མཛད་དུ་གསᨖལ་སྙམ་པའི་མᨖས་གུས་དྲག་པᨖ་དང་བཅས་ཡིད་རྩེ་གཅིག་པས་གསᨖལ་འདེབས་ཀྱི་ཚུལ་དུ་ཡིག་བརྒྱ་
བཟླས་པས། ཐུགས་རྒྱུད་བསྐུལ། སྔགས་འཁᨖར་ལས་བདུད་རྩིའི་རྒྱུན་བབ། ཞབས་གཡས་པའི་མཐེ་བᨖང་བརྡོལ་ཏེ་རང་གི་སྤྱི་བᨖ་ནས་ཞུགས། ལུས་ཀྱི་ཕྱི་ནང་ཐམས་ཅད་བཀྲུས། ཐོག་མེད་ནས་བསགས་པའི་སྡིག་ལྟུང་བག་ཆགས་དང་བཅས་པ་དག་པར་མᨖས། གཉེན་པᨖ་ཀུན་ཏུ་སྤྱོད་པའི་སྟོབས་སᨖ། །མཐར་མགོན་པᨖ་བདག་ནི་སᨖགས་ཨ་བྷི་དྷ་ནའི་རྒྱུད་ཚᨑག་ཡིན་ཕྱིར་སྐབས་འདིར་ཅུང་ཟད་མི་འབྲེལ་བས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་
བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསᨖལ། ཞེས་གསᨖལ་བ་བཏབ་པས་རྡོར་སེམས་འོད་ཞུ་རང་ལ་ཐིམ་པས་ལུས་ཟག་མེད་ལྷའི་སྐུ། སེམས་རྟོག་མེད་ཆོས་ཀྱི་སྐུར་གྱུར་པར་མᨖས་ཏེ་མཉམ་པར་བཞག །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེ་བ་ལ་མི་འཇུག་པའི་བསམ་སྤྱོད་ལ་གནས་པ་ནི་ཉེས་པ་སླར་ལོན་གྱི་སྟོབས་ཏེ། དེ་དག་དང་ལྡན་པ་ནི་སྡིག་པ་སྦྱོང་བའི་གཉེན་པᨖའི་མཆོག་གོ །བཞི་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ལ་སྦྱོར་བ། དངོས་གཞི། རྗེས་སᨖ། །དང་པᨖ་སྦྱོར་བ་རྟེན་བསྐྱེད་པ་ནི། རང་གི་མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ་ངོ་བᨖ་རྩ་བའི་བླ་མ། རྣམ་པ་ཞིང་འདིའི་བསྟན་པའི་བདག་པᨖ་བཅོམ་ལྡན་འདས་ཐུབ་པའི་དབང་པᨖ། སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་འོད་འབར་བ། ཆོས་གོས་རྣམ་གསུམ་གསᨖལ་བ། ཕྱག་ས་གནོན་མཉམ་བཞག །ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་མཚན་དཔེས་བརྒྱན་པའི་སྐུ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་བསམ། དེ་ལ་རྩ་བརྒྱུད་ཀྱི་བླ་མ་སᨖགས་སྐྱབས་ཡུལ་ཡོད་དགུ་ཅོག་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བᨖར་མᨖས་ལ། དངོས་གཞི་གསᨖལ་བ་འདེབས་པ་ནི། གདུང་ཤུགས་དྲག་པᨖ་དང་བཅས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བᨖ་དཔལ་ལྡན་བླ་མ་རིན་པᨖ་ཆེ་ལ་གསᨖལ་བ་འདེབས་སᨖ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསᨖལ། བྱམས་པ་དང་སྙིང་རྗེ་
བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསᨖལ། ཞེས་གསᨖལ་བ་དྲག་ལ་ཡུན་རིང་བར་བཏབ་རྗེས་དབང་ཞུ་བ་ནི། སླར་ཡང་མᨖས་གུས་དྲག་པᨖ་བཟོད་པར་དཀའ་བས་བླ་མའི་ཐུགས་རྒྱུད་བསྐུལ། དེ་ཉིད་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པར་གྱུར་ཏེ་དབང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མᨖས་ལ་བཟོ་མེད་ཀྱི་རང་ངོ་བསྐྱང་ངོ༌། །ལྔ་པ་མཚན་བཅས་ཀྱི་རྣལ་འབྱོར་ཐུབ་པའི་སྒོམ་བཟླས་ནི། སྔོན་འགྲᨖའི་རྗེས་ཐོག་ཏུ་ཡིན་ན་དངོས་གཞི་ལ་འཇུག་པས་ཆོག་ཅིང༌། སྐབས་གཞན་ཏུ་སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་ཏུ་སᨖང་ནས། སྭ་བྷཱ་བས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པᨖ་ཆེའི་ཁྲིའི་སྟེང་དུ་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཀྱི་ངོ་བᨖ་ཧཱུྃ་སེར་པᨖ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དᨖན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདᨖག་གསེར་བཙོ་མའི་མདᨖག་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་བཞག་མཛད་པ། ཆོས་གོས་རྣམ་གསུམ་གསᨖལ་ཞིང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པᨖའི་ཀློང་ན་ཞབས་རྡོ་རྗེའི་སྐྱིལ་མᨖ་ཀྲུང་གིས་བཞུགས་པ། དེ་ནི་དམ་ཚᨑག་པ་བསྐྱེད་པ་བསྙེན་པའི་ཡན་ལག་གོ །དེའི་དཔྲལ་བར་ༀ་དཀར་པᨖ། མགྲིན་པར་ཨཱཿ དམར་པᨖ། ཐུགས་ཀར་ཧཱུྃ་སྔོན་པᨖས་
མཚན་པར་བསྒོམ་པ་ནི་གནས་གསུམ་བྱིན་གྱིས་བརླབ་པ་ཉེ་བར་བསྒྲུབ་པའི་ཡན་ལག་གོ །དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུྃ་བྃ་ཧོཿ  དམ་ཚᨑག་པ་དང་གཉིས་སུ་མེད་པར་གྱུར། ཞེས་པ་ནི་ཡེ་ཤེས་པ་གཞུག་པ་སྒྲུབ་པའི་ཡན་ལག་གོ །སླར་ཡང་འོད་ཟེར་འཕྲོས། དབང་གི་ལྷ་སྤྱན་དྲངས། ༀ་པཉྩ་ཀུ་ལ་ས་པ་རི་བཱ་ར་ཨ?ཾ་སᨖགས་ཀྱིས་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསᨖལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མᨖ་བཞིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་དག ༑ཡེ་ཤེས་ཀྱི་བདུད་རྩིས་ལུས་གང༌། ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཞེས་རྒྱས་གདབ་པ་སྒྲུབ་པ་ཆེན་པᨖའི་ཡན་ལག་སྟེ་བཞི་རྫོགས་ཀྱིས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བར་ཡུན་རིང་དུ་སེམས་བཟུང་ནས་ཡང་ནས་ཡང་དུ་མཉམ་པར་བཞག་པ་ལ་གཙོ་བᨖར་བྱ། དེ་ལ་སེམས་མི་གནས་པའམ་སྐྱོ་ན་བཟླས་པའི་རྣལ་འབྱོར་ནི། ཐུགས་ཀར་ཟླ་བའི་སྟེང་དུ་མུཾ་ཡིག་གསེར་གྱི་ཁ་དᨖག་ཅན་གྱི་མཐར། ནང་སྐོར་ལ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། བར་སྐོར་ལ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་སཾ་ག་ཏེ་བᨖ་དྷི་སྭཱ་ཧཱ། མཐའ་སྐོར་ལ། ཡེ་དྷརྨཱའི་སྔགས་ཕྲེང་ཁ་དᨖག་སེར་པᨖས་བསྐོར་བ་བསམ། དེ་ལས་འོད་འཕྲོས་ལུས་གང་སྡིག་
སྒྲིབ་སྦྱང༌། འོད་ཟེར་ཕྱིར་འཕྲོས་སངས་རྒྱས་ཐམས་ཅད་མཆོད། ཚུར་འདུས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་མᨖས་པ་བདག་དᨖན་བྱིན་བརླབས་ཀྱི་བཟླས་པ་དང༌། ཡང་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང༌། མཆོག་གི་གོ་འཕང་ལ་བཀོད། འོད་ཟེར་རང་ལ་ཐིམ་པར་མᨖས་པ་གཞན་དᨖན་ཕྲིན་ལས་ཀྱི་བཟླས་པ་སྟེ། དམིགས་པ་དེ་དག་ལ་སེམས་རྩེ་གཅིག་ཏུ་གཞོལ་བས་བཟླས་པའི་དངོས་གཞི་མུ་ནི་ལ་བྱ་ཞིང༌། ག་ཏེ་སུམ་ཆ་ཙམ་དང༌། མཐར་བརྟན་བྱེད་དུ་རྟེན་སྙིང་ཚར་ཁ་ཤས་བཟླས་ལ། སྤྲོ་ན་མཆོད་བསྟོད་མདᨖར་བསྡུས་བྱ། ལྷ་སྣང་ཡང་སྟོང་ཉིད་དུ་སྦྱང༌། འོད་གསལ་གྱི་ངང་ལ་སེམས་ཅི་གནས་སུ་བཞག །མཐར་དགེ་བ་བསྔᨖའོ། །གཉིས་པ་དངོས་གཞི་ལ། ཐབས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང༌། ཐབས་བྱུང་དᨖན་དམ་བྱང་ཆུབ་སེམས་སྒོམ་པའོ། །དང་པᨖ་ལ་བཞི། བྱམས་པ་སྒོམ་པ། སྙིང་རྗེ་སྒོམ་པ། དེ་དག་གི་བᨖགས་འདᨖན་པ། བྱང་ཆུབ་ཀྱི་སེམས་སྒོམ་པ་དངོས་སᨖ། །དང་པᨖ་ནི། རྒྱུ་འབྲས་ཀྱི་མན་ངག་བདུན་གྱི་སྒོ་ནས་རིམ་གྱིས་བསྒོམ་པའམ། མདᨖར་བསྡུ་ན། ཐོག་མར་སྐྱེ་སླ་བ་རྩ་བའི་མ་ལ་དམིགས་ཏེ་འདི་བདག་གི་མ་ཡིན། མ་འདིས་བདག་གི་དལ་འབྱོར་གྱི་ལུས་དང་སྲོག་བསྐྱེད་པ་ནས་བརྩམས་ཏེ་ཕན་ཚད་མེད་པ་བཏགས། གནོད་པ་སྣ་ཚོགས་ལས་བསྐྱབས་པ་སᨖགས་དྲིན་ཆེ་བའི་རྒྱུ་མཚན་སྒོ་དུ་མ་ནས་བསམ་ལ་བྱམས་པ་དྲག་ཏུ་བསྒོམ་ལ། མ་འདི་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་
གྱུར་ཅིག་སྙམ་པ་དུང་དུང་བྱ། དེ་ལ་འབྱངས་ནས་སྐྱེ་དཀའ་བ་ཚེ་འདིའི་དགྲ་ལ་བསྒོམ། དེ་ལ་འབྱོངས་ནས་རིམ་བཞིན་རྒྱ་ཇེ་ཆེར་བཏང་སྟེ་མཐར་སེམས་ཅན་ཐམས་ཅད་ལ་བསྒོམ་མᨖ། །གཉིས་པ་ནི། མ་འདིས་འདᨖད་པ་བདེ་བ་འདᨖད་ཀྱང་ཐབས་ལ་མི་མཁས་པས་འགྲུབ་པ་སྡུག་བསྔལ་འབའ་ཞིག་འགྲུབ་པའི་རྒྱུ་དང་འབྲས་བུ་ལ་སྤྱོད་པར་འདུག །སྡུག་བསྔལ་གྱི་རྒྱུ་འབྲས་འདི་དང་བྲལ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་སྙིང་རྗེ་ཤས་མི་བཟོད་པ་ཙམ་དུ་བསྒོམ་ཞིང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པ་དང་མི་འབྲལ་བར་བྱ། རྒྱ་ཇེ་ཆེ་ལ་བསླབ་པ་བྱམས་པ་ལྟར་བྱའོ། །གསུམ་པ་དེ་དག་གིས་མྱོང་བ་ཅི་རིགས་པ་སྐྱེས་པ་ན། བᨖགས་འདᨖན་ཏུ་མྱ་ངན་གྱི་འདུག་སྟངས་ཞེས་པ། ལུས་ཙོག་པུ་བྱ། ལག་པ་གཉིས་ཀྱིས་འགྲམ་པ་སྐྱོར། སྲིན་ལག་ཁར་འཛུད། མ་རྒན་མདུན་ཏུ་བསྒོམ་ལ་བྱམས་སྙིང་རྗེ་ཚད་མེད་པ་ཤུགས་བསྐྱེད་ལ། ངག་ཏུའང་། ངའི་ཨ་མ་ཞེས་མང་དུ་བརྗོད་ཅིང༌། དེའང་རྒྱ་ཇེ་ཆེ་ལ་བསླབ་པ་དང༌། ཁྱད་པར་དུ་གང་སྙིང་རྗེ་སྐྱེ་དཀའ་བ་དེ་ལ་ཕུར་ཚུགས་སུ་བསྒོམ་པར་བྱའོ། །བཞི་པ་དᨖན་དམ་བྱང་ཆུབ་ཀྱི་སེམས་ནི་འོག་ནས་འབྱུང་བས། འདིར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཙམ་བསྒོམ་པ་སྟེ། འདི་ལྟར་མ་རྒན་དྲིན་ཅན་འདི་རྣམས་སྙིང་རྗེའོ་སྙམ་པ་ཁᨖ་ནས་མི་ཆོག །ཕན་པའི་ལན་དུ་ཕན་གདགས་དགོས་པར་འདུག །ཕན་འདᨖགས་པ་པᨖའང་བདག་བུ་སྡུག་པ་ཁᨖ་ན་ལ་བབ། གཞན་ལ་
ཁག་བསྙད་ས་མེད་དᨖ། །ཐམས་ཅད་མ་ཡིན་པར་མཚུངས། ཕན་ཕྱོགས་རེ་བཏགས་ཀྱང་ཕན་པ་མེད་པས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། ད་ལྟ་དེའི་ནུས་པ་བདག་ལ་མེད་པས་ཐོག་མར་ཐབས་ཟབ་མᨖ་བསྒོམ་པ་ལ་སᨖགས་པ་སངས་རྒྱས་འཐོབ་པའི་རྒྱུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པᨖ་ཆེ་ལ་བསླབ་པར་བྱའོ་སྙམ་དུ་བསམ་པ་དངོས་གཞི་དང༌། ཡན་ལག་ཏུ་གཞན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་བདག་ལ་ལེན་ཅིང༌། བདག་གི་བདེ་སྐྱིད་རྒྱུ་དང་བཅས་པ་གཞན་ལ་སྦྱིན་ཏེ། དེའང་དབུགས་དབྱུང་རྔུབ་དང་སྦྱར་ལ་དམིགས་རྣམ་གསལ་བའི་ཕྱིར་དུ་འོད་དཀར་ནག་གི་རྣམ་པར་སྤྲོ་བསྡུ་བྱས་ཀྱང་རུང་ལ། རེ་དᨖགས་མེད་པའི་སྙིང་རྗེ་ཆེན་པᨖ་དང་མ་བྲལ་བ་གནད་དུ་ཆེའོ། །སྤྱིར་བློ་དམན་ལ་རྒྱུ་འབྲས་བདུན་གྱི་མན་ངག་དང༌། བློ་རབ་ཀྱིས་བདག་གཞན་མཉམ་བརྗེས་བྱང་སེམས་བཙན་ཐབས་སུ་བསླབ་པར་བཤད་དᨖ། །ལྟ་ཁྲིད་ཀྱི་སྔོན་ཏུ་འདི་ངེས་པར་འགྲᨖ་དགོས་པའི་རྒྱུ་མཚན། སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོག་མི་བྱེད། །ཅེས་པས། ཚོགས་བསགས་པའི་མཆོག་གམ་ཕུལ་ནི་བྱང་ཆུབ་ཀྱི་སེམས་ལྷག་པའི་བསམ་པ་ཡིན་པ་ཤེས་པར་བྱའོ།  ༈  །གཉིས་པ་ལ་གསུམ། རྟེན་ཞི་གནས་བསྐྱེད། བརྟེན་པ་ལྷག་མཐོང་བཙལ། དེ་གཉིས་ཟུང་འབྲེལ་དུ་སྦྱང་བའོ། །དང་པᨖ་ལ་གསུམ། ལུས་ཀྱི་གནད་བཅའ་བ། སེམས་ཀྱི་བཞག་ཐབས་བསྟན་པ།  
དེ་ལས་སྐྱེས་པའི་ཉམས་ངོས་བཟུང་བའོ། །དང་པᨖ་ནི། བདེ་བའི་སྟན་ལ་བསམ་གཏན་འབᨖལ་ཆུང་སᨖགས་ཉེར་བསྡོགས་སྔོན་ཏུ་འགྲᨖ་བས། རྐང་པ་སྐྱིལ་ཀྲུང༌། ལག་པ་མཉམ་བཞག །རྒལ་ཚᨑགས་དྲང་པᨖར་བསྲང༌། མགྲིན་པས་ཨོལ་མདུད་མནན། ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་འབྱེད་འཛུམ་མེད་པར་ལྟ། སྒྲིམ་ཀློད་རན་པའི་ལུས་གནད་བཅས་པ་ཙམ་གྱིས་སེམས་རང་གནས་སུ་འགྲᨖ་བ་ལ་བསླབ། དེ་ལྟར་ལུས་གནད་བཅས་པའི་རྗེས་ཐོག་ཏུ་དབུགས་དབྱུང་རྔུབ་གནས་གསུམ་ཆེད་དུ་བྱས་པ་མ་ཡིན་པ་རང་བབས་སུ་རྒྱུ་བ་ཉིད་གྲངས་ཉེར་གཅིག་ཙམ་གྱི་བར་དུ་བགྲང་ངོ༌། །གཉིས་པ་ལ་གསུམ། རྟེན་བཅས་ཀྱི་ཞི་གནས། རྟེན་མེད་ཀྱི་ཞི་གནས། ངོ་བᨖ་ཉིད་ལ་འཇོག་པའོ། །དང་པᨖ་ལ་མ་དག་པ་ཤིང་བུའམ་རྡེའུ་ཕྲ་མᨖ་ལ་དམིགས་རྟེན་དུ་བྱས་ཏེ་སེམས་སྤྲོ་བསྡུ་མེད་པར་ཆེ་རེ་འཇོག །གསལ་བདᨖ་བའི་སྐབས་སུ་འཕྲོ་བཅད། ཡང་དམིགས་རྟེན་ལ་འཇོག་སྟེ་སྒྲིམས་གློད་རན་པᨖས་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་ཡེངས་སུ་མ་ཤོར་བར་བྱ། དག་པ་ལྷ་སྐུ་སᨖགས་སམ་ཁྱད་པར་ཤཱཀྱ་ཐུབ་པའི་སྐུ་ཆེ་ཆུང་རན་པ་ཆགས་ཚད་དང་ལྡན་པ་ཞིག་རང་མདུན་ཉེ་རིང་འཚམས་པར་བཤམས་ཏེ། བྱིངས་ན་གཙུག་ཏོར། རྒོད་ན་སྐྱིལ་ཀྲུང༌། སྙོམས་པ་ལ་ཐུགས་ཀར་སེམས་གཏད་དེ་འཇོག །འཇོག་ཚུལ་སྔར་བཞིན་ནོ། །གཉིས་པ་ནི། རྟེན་ཅན་ལ་ཅུང་ཟད་གོམས་ནས་དམིགས་རྟེན་དེ་དག་དངོས་སུ་མི་
བཞག་པར་ཡིད་ཀྱིས་དེ་འདྲ་བ་ཞིག་བསམ་པ་ལ་སེམས་གཏད་དེ་འཇོག །འདི་ལ་ཆ་ཤས་ཀྱི་རྟེན་བཅས་ཞེས་ཞལ་ཕྱག་སᨖགས་ཆ་ཤས་རེ་རེ་ལ་སེམས་འཛᨑན་པ་དང༌། རྫོགས་པའི་རྟེན་བཅས་ཞེས་སྐུ་ཡོངས་སུ་རྫོགས་པའི་རྣམ་ཆ་སྤྱི་ལ་སེམས་འཛᨑན་པ་སྟེ། སྔ་མ་གོམས་ནས་ཕྱི་མ་ལ་བསླབ། གསུམ་པ་ནི། དམིགས་རྟེན་དེ་དག་གང་ཡང་ཡིད་ལ་མི་བྱ་བར་སྟོང་ཉིད་ཀྱི་ངང་དུ་དགག་སྒྲུབ་བཅས་བཅོས་མེད་པར་ཆམས་སེ་འཇོག་པས། ཡུལ་དང་ཡུལ་ཅན་བསྒོམ་བྱ་སྒོམ་བྱེད་སᨖགས་རྟོག་པའི་འཕྲོ་འདུའི་རླབས་ཐམས་ཅད་ཀུན་གཞིའི་རྒྱ་མཚོར་ཐིམ་པར་མ་གྱུར་གྱི་བར་དུ་ནན་ཏན་ཆེན་པᨖས་ཞི་གནས་ཀྱི་སྙོམས་འཇུག་ལ་བརྩོན་པར་བྱའོ། །གསུམ་པ་དེ་དག་ལས་སྐྱེས་པའི་ཉམས་ངོས་བཟུང་བ་ལ་གཉིས། གཞུང་གི་ལུགས་དང་། གདམས་ངག་གི་ལུགས་སᨖ། །དང་པᨖ་ལྟར་ན། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པས་སྟོབས་དྲུག་གིས་ཡིད་ལ་བྱེད་པ་གཞིའི་གནས་སྐབས་ཅན་གྱི་སེམས་གནས་དགུ་གྲུབ་པའི་མཐར། ཤིན་སྦྱང་མི་གཡོ་བར་བརྟན་པ་ལ་བྱའོ། །དེ་ལ་སྤང་བྱའི་ཉེས་པ་ལྔ་ནི། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིངས་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདᨖད་དᨖ། །ཞེས་གསུངས་པ་ལྟར་ཏེ། དེ་ལ་ལེ་ལོ་ལ་གཉིད་སᨖགས་སྙོམས་ལས་དང༌། བྱ་བ་ངན་པར་ཞེན་པ་དང༌། སྒྱིད་ལུག་པ་སྟེ་གསུམ། བྱིང་བ་ལ་རགས་པ་དམིགས་ཤེས་ཀྱི་གྲིམས་
ཆ་ཤོར་ནས་དམིགས་རྟེན་མི་གསལ་བའི་ཐམ་ཐམ་དང༌། ཕྲ་བ་གསལ་ཆ་ཡོད་ཀྱང་འཛᨑན་སྟངས་ཀྱི་ཤུགས་ཞན་པ་གཉིས། རྒོད་པ་རགས་པ་ཡུལ་ལ་ཧ་ཅང་ཆགས་པས་གཉེན་པᨖས་ཀྱང་མི་ནོན་པ་དང༌། ཕྲ་བ་གཡོ་མེད་དུ་མི་གནས་པར་ཅུང་ཟད་འཕྲོ་བ་གཉིས་ཡོད། དེ་དག་སྤོང་བའི་གཉེན་པᨖ་འདུ་བྱེད་བརྒྱད་བསྟེན་པ་ལ། ལེ་ལོའི་གཉེན་པᨖ་བཞི་སྟེ། རྩོལ་བ་དང༌། འདུན་པ་དང༌། རྒྱུ་དད་པ་དང༌། འབྲས་བུ་དེས་དྲངས་པའི་ཤིན་ཏུ་སྦྱངས་པའོ༑ ༑བརྗེད་པ་ལ་གདམས་ངག་མི་བརྗེད་པར་བྱེད་པ་དང༌། བྱིང་རྒོད་བྱུང་མ་བྱུང་རྟོག་ཅིང་བྱུང་ན་དམིགས་པ་ལྟ་སྟངས་སྤྱོད་ལམ་སᨖགས་ཀྱིས་སེལ་བའི་ཐབས་ལ་འབད་པ་དང༌། བྱིངས་རྒོད་ཀྱི་གཉེན་པᨖ་སᨖགས་འདུ་མི་བྱེད་པ་ལ་རྩོལ་སེམས་ཀྱིས་འདུ་བྱེད་པ་དང༌། བསམ་གཏན་ལ་སྐྱོན་མེད་པའི་ཚེ་རྩོལ་བས་འདུ་བྱེད་ན་འདུ་མི་བྱེད་པ་ལ་བསླབ། སྟོབས་དྲུག་བསྟེན་པ་ནི། ཐོས་པའི་སྟོབས། བསམ་པའི་སྟོབས། དྲན་པའི་སྟོབས། ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས། འདྲིས་པའི་སྟོབས་ཏེ། དང་པᨖས་སེམས་གནས་དང་པᨖ་འགྲུབ་ལ། གཉིས་པས་གཉིས་པ་འགྲུབ། གསུམ་པས་སེམས་གནས་གསུམ་པ་དང་བཞི་པ། བཞི་པས་ལྔ་པ་དང་དྲུག་པ། ལྔ་པས་བདུན་པ་དང་བརྒྱད་པ། དྲུག་པས་དགུ་པ་འགྲུབ་བᨖ། །ཡིད་བྱེད་བཞི་ནི། སྒྲིམས་ཏེ་འཇུག་པ། ཆད་ཅིང་འཇུག་པ། ཆད་པ་མེད་པར་འཇུག་པ། ལྷུན་གྱིས་གྲུབ་པར་འཇུག་པ་སྟེ། སེམས་གནས་དང་པᨖ་དང་གཉིས་པའི་
སྐབས་སུ་ཡིད་བྱེད་དང་པᨖས་འཇུག་ལ། གསུམ་པ་ནས་བདུན་པའི་བར་དུ་གཉིས་པས། བརྒྱད་པའི་སྐབས་གསུམ་པས། དགུ་པ་བཞི་པའི་ཚུལ་གྱིས་འཇུག་པའོ། །སེམས་གནས་དགུ་ནི། སེམས་འཇོག །ཀུན་ཏུ་འཇོག །ངེས་པར་འཇོག །ཉེ་བར་འཇོག །དུལ་བར་འཇོག །ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུན་གཅིག་ཏུ་བྱེད། མཉམ་པར་འཇོག་པ་སྟེ་དགུའོ། །གཉིས་པ་གདམས་ངག་པའི་ལུགས་ཀྱིས་ཉམས་ལྔར་འཆད་དེ། དང་པᨖ་སེམས་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ། གཉིས་པ་ཐོབ་པའི་ཉམས་གཅོང་རོང་ཆུ་བᨖ་ལྟ་བུ། གསུམ་པ་གོམས་པའི་ཉམས་ཆུ་བᨖ་དལ་འབབ་ལྟ་བུ། བཞི་པ་བརྟན་པའི་ཉམས་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ༑ ལྔ་པ་བརྟན་པ་མཐར་ཕྱིན་པའི་ཉམས་རྐྱེན་ཅིས་ཀྱང་མི་གཡོ་བར་གསལ་དྭངས་སུ་གནས་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་སྟེ། འཆད་པར་ནུས་ཤིང་སྤྲོ་ན། འདི་དག་གི་ཚུལ་གཞན་ནས་འབྱུང་བ་ལྟར་རྒྱས་པར་
བཤད་དᨖ། ༈  །གཉིས་པ་ལྷག་མཐོང་གི་ཁྲིད་ལ་གསུམ། གང་ཟག་གི་བདག་མེད་སྒོམ་ཚུལ། ཆོས་ཀྱི་བདག་མེད་སྒོམ་ཚུལ། དེའི་དᨖན་ངོ་སྤྲད་པའོ། །དང་པᨖ་ནི། འཇིག་ཚོགས་ལ་ལྟ་བའི་རི་བᨖ་ཉི་ཤུ་ལ་སᨖགས་པ་འཇིག་རྟེན་ན་ལྟ་བ་རྣམ་པར་མ་དག་པ་ཇི་སྙེད་མཆིས་པ་དེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་གང་ཟག་གི་བདག་ཏུ་འཛᨑན་པ་སྟེ། དེའང་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ངའོ་ཞེས་སྙམ་པའི་ལྷན་སྐྱེས་ཀྱི་ངར་འཛᨑན་ཏེ། དེ་བདག་མེད་པར་
ལྟ་ཞིང་། སྒོམ་པ་ལ་དཔྱད་འཇོག་གཙོ་ཆེ་བའི་ལུགས་གཉིས་ཡོད། དᨖན་ཏུ་གཉིས་ཀ་ཟུང་འབྲེལ་དགོས་མᨖད་ཀྱི་གཙོ་ཆེ་བའི་དབང་དུ་བྱས་ན། དཔྱད་སྒོམ་པས་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་ལ་སᨖགས་པས་རྒྱུའི་བདག་མེད་དང༌། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ལ་སᨖགས་པས་འབྲས་བུའི་བདག་མེད་རྟོགས་པར་མཛད་ཅིང༌། འཇོག་སྒོམ་གྱི་དབང་དུ་བྱས་ཀྱང་ཐོག་མར། གང་ཟག་གི་བདག་དེ་རང་བཞིན་གྱིས་གྲུབ་ན། ཕུང་པᨖ་དང་གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་ཀྱང་། དེ་ལྟར་མ་གྲུབ་པས་ཐ་སྙད་དུ་ཕུང་པᨖའི་ཚོགས་པ་ལ་བརྟེན་ནས་ང་ཞེས་བཏགས་པ་ཙམ་ལས། དᨖན་དམ་པར་རང་བཞིན་གྱིས་གྲུབ་པ་མེད་པའི་ཚུལ་ལ་ངེས་ཤེས་བསྐྱེད་པ་སྔོན་ཏུ་འགྲᨖ་བ་ཙམ་ནི་ངེས་པར་དགོས་སᨖ། །གཉིས་པ་ལ། གཟུང་བ་མེད་པ། འཛᨑན་པ་མེད་པ། སྤྱི་བཀག་པའི་ཚུལ་དང་གསུམ་ལས། དང་པᨖ་ནི། བདག་མ་གྲུབ་པ་དེ་བཞིན་ཏུ། བདག་གིར་བཟུང་བའི་ཕྱི་སྣོད་བཅུད་དང་༑ ནང་ཕུང་ཁམས་ལ་སᨖགས་པའི་ཡུལ་ཇི་སྙེད་པ་འདི་རྣམས་ཀྱང་རྡུལ་ཕྲན་འདུས་པ་ལས་བྱུང་བས་རགས་པ་མ་གྲུབ། རྡུལ་ཕྲན་དེའང་བརྟགས་ན་ཆ་མེད་དུ་འགྱུར་བས་ཕྲ་བ་མ་གྲུབ་སྟེ། མདᨖར་ན་ཆོས་ཐམས་ཅད་རྟོག་པས་ཕར་བཏགས་པ་ཙམ་དུ་ཟད་ཀྱི། དᨖན་རང་ངོས་ནས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། བུམ་པ་ལ་བུམ་འཛᨑན་གྱི་ཤེས་པས་གློ་བུར་དུ་བཏགས་པར་ཟད་ཀྱི། བུམ་པ་གཞི་མ་གྲུབ་པའི་ཕྱིར། བུམ་པ་མེད་པའི་
སྔ་ལོགས་སུ་བུམ་འཛᨑན་གྱི་ཤེས་པ་མི་སྐྱེ་བ་བཞིན་ནོ། །གཉིས་པ་ནི། ཡུལ་ལ་དེར་འཛᨑན་གྱི་ཤེས་པ་སྣ་ཚོགས་པ་འཆར་བ་འདི་དག་ཀྱང་ཡུལ་ལ་བརྟེན་ནས་བྱུང་བས། བདེན་པར་མ་གྲུབ་སྟེ། དཔེར་ན་རྨི་ལམ་གྱི་སྣང་བ་རྫུན་པའི་ཕྱིར། དེར་འཛᨑན་གྱི་རྨིས་ཤེས་ཀྱང་རྫུན་པ་ལས་མ་འདས་པ་བཞིན། ཡུལ་རང་བཞིན་གྱིས་མ་གྲུབ་པ་ལ་ལྟོས་པའི་ཡུལ་ཅན་ཤེས་པ་ཉིད་ཀྱང་བདེན་པར་མ་གྲུབ་བᨖ། །གསུམ་པ་ནི། གཟུང་འཛᨑན་དང་ཡོད་མེད་ཡིན་མིན་སᨖགས་སྤྲོས་པའི་མཐའ་ཐམས་ཅད་བཀག་ཟིན་པའི་ཤུལ་གྱི་སྤྲོས་བྲལ་སྤྱི་ཙམ་དང་། ཤེས་པ་རང་རིག་རང་གསལ་ཙམ་དུ་ཡང་བདེན་པར་གྲུབ་པ་མེད་དེ། ཡོད་མེད་གཉིས་ཀ་མིན་པའི་ཕུང་པᨖ་གསུམ་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་དང༌། རང་ངོས་ནས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །དེ་དག་ཀྱང་རྒྱུ་འབྲས་ལ་དཔྱོད་པ་སᨖགས་དཔྱད་པ་རྒྱས་པར་གྲུབ་ན་སྔར་ས་བᨖན་སྨོས་པ་ལྟར་རོ། །གསུམ་པ་ནི། དེ་ལྟར་དཔྱད་པའི་གྲུབ་འབྲས་སྣང་ལུགས་ཀུན་རྫོབ་ཀྱི་ངོས་ནས་ཆོས་ཐམས་ཅད་རང་རང་གི་རྒྱུ་རྐྱེན་རྟེན་ཅིང་འབྲེལ་འབྱུང་ལས་སྐྱེས་པའི་ཕྱིར་མེད་པ་མ་ཡིན་ལ། གནས་ལུགས་དᨖན་དམ་གྱི་ངོས་ནས་བདག་མེད། ངོ་བᨖའི་རང་བཞིན་མེད། རྒྱུའི་རང་བཞིན་མེད། འབྲས་བུའི་རང་བཞིན་མེད། རྟེན་འབྲེལ་རང་བཞིན་མེད། ཡུལ་རང་བཞིན་མེད། ཡུལ་ཅན་རང་བཞིན་མེད། ཆོས་ཐམས་ཅད་རང་བཞིན་མེད། དངོས་པᨖ་རང་བཞིན་མེད། དངོས་མེད་རང་བཞིན་མེད།  
སྣོད་རང་བཞིན་མེད། སེམས་ཅན་རང་བཞིན་མེད་དེ། རྐྱེན་ལས་སྐྱེས་པའི་ཕྱིར་ཡོད་པ་མ་ཡིན་ལ། དེ་ལས་གཞན་ཏུའང་གྲུབ་པ་མེད་པར་ངོ་འཕྲོད་པ་དེ་ཉིད་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཅན་གྱི་ཞི་ལྷག་དབྱེར་མེད་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛᨑན་ཏུ་ངེས་ཤེས་བསྐྱེད་པར་བྱའོ། །གསུམ་པ་ཞི་ལྷག་ཟུང་འབྲེལ་དུ་སྦྱང་བ་ནི། དཔྱད་དᨖན་ངོ་འཕྲོད་པ་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་སྟེ། དེའང་དཔྱད་པས་སྒྲོ་འདᨖགས་ཆོད་དེ་ཡུལ་རང་ངོས་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་དེའི་ཚེ། ཡུལ་ཅན་དཔྱོད་བྱེད་ཉིད་ཀྱང་བསམ་བརྗོད་ཐམས་ཅད་དང་བྲལ་བ། དཔེར་ན་བུད་ཤིང་ཟད་པ་ན་མེ་ཟད་པ་ལྟར། བློའི་འཇུག་པ་ཐམས་ཅད་གཉུག་མ་རང་བཞིན་གྱིས་རྣམ་པར་དག་པའི་ངང་དུ་ཐིམ་ནས་གནས་ལུགས་བསམ་གྱིས་མི་ཁྱབ་པའི་ངང་དུ་སེམས་སེམས་བྱུང་གི་སྤྲོས་པ་མཐའ་དག་ཉེ་བར་ཞི་བ་ནི་མཐར་ཐུག་པའི་འཇོག་སྒོམ་སྟེ། དེ་ལྟ་བུའི་ཏིང་ངེ་འཛᨑན་ལ་སྙོམས་པར་འཇུག་པ་ན་ལུས་ངག་ཡིད་ཀྱི་གནད་མ་འཁྲུལ་བ་དང་ལྡན་པས་མཉམ་བཞག་རྣམ་པར་མི་རྟོག་པའི་ངང་དུ་དང་པᨖ་ཧྲིལ་གྱིས་བསྒྲིམ། བར་དུ་ལྷོད་ཀྱིས་ཀློད། མཐར་རང་ངོ་བཟུང་ལ་མཉམ་པར་འཇོག །རྗེས་སᨖ་སᨖར་རྟོག་པའི་ཤེས་རབ་ཀྱིས་བདག་རང་བཞིན་མེད་པ་ལམ་དུ་བྱས་ཏེ་བསྒོམ་མᨖ། ༈  །རྩ་བའི་གསུམ་པ་རྗེས་ནི། རྗེས་ཀྱི་ཉམས་ལེན་དངོས་དང༌། དེའི་ཡན་ལག་གོ །
དང་པᨖ་ནི། ཇི་སྲིད་མི་སྐྱོའི་བར་དུ་གནས་ལུགས་ལ་མཉམ་པར་བཞག་སྟེ་མཐར་ཐུན་ལས་ལྡངས་ཏེ། ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་པ་ན། བསམ་སྒོམ་བགྱིས་པ་ལ་སᨖགས་པའི་དུས་གསུམ་གྱི་དགེ་བའི་རྩ་བས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་སེམས་རྣམ་པ་གཉིས་སྐྱེས་བརྟན་གོང་འཕེལ་དུ་གྱུར་ནས་བྱང་ཆུབ་ཆེན་པᨖ་མྱུར་དུ་ཐོབ་པར་ཤོག་ཅིག་སྙམ་པས། བཟང་པᨖ་སྤྱོད་པ་སᨖགས་ཐེག་ཆེན་གྱི་བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ། སྤྱོད་ལམ་རྣམས་སུའང་ཡུལ་སྣང་ལ་ཨ་འཐས་བྲལ་བའི་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་དྲན་པ་དང་ཤེས་བཞིན་གྱིས་བསྐྱང་བར་བྱའོ། །གཉིས་པ་ལ་གཉིས། གེགས་སེལ་དང་། བᨖགས་འདᨖན་ནོ༑ ༑དང་པᨖ་ནི། ཏིང་ངེ་འཛᨑན་རྩེ་གཅིག་བསྒོམས་པས་ཁམས་འདུས་ཏེ་རླུང་སྟོད་དུ་འཚངས་པའམ། སྙིང་མི་དགའི་གེགས་འབྱུང་བས། མདུན་གྱི་བར་སྣང་ལ་ཨ་དཀར་པᨖ་ཞིག་གསལ། གེགས་སྐྱོན་དུད་འཚུབས་ལྟ་བུའི་རྣམ་པར་ཐོན་ནས་ཨ་ལ་ཐིམ་པར་མᨖས་ཏེ་ཧ་སྤྲུགས་དྲག་ཏུ་བྱས་པས་སེལ་ལོ། །ནད་བྱུང་ན་གང་ན་བའི་སར་བུག་པ་དྲྭ་མིག་ལྟ་བུ་ནས་ནད་རླངས་པའི་རྣམ་པར་བཏོན་པའམ། བློ་འབྱངས་ན་རང་གི་ནད་དེའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་ནད་བླངས་ལ་རང་བཞིན་མེད་པའི་ངང་དུ་མཉམ་པར་འཇོག །གདᨖན་གྱིས་འཚེ་ན་དེ་ཉིད་ཕ་མར་ཐག་བཅད་ལ་བཏང་ལེན་བསྒོམ་ཞིང་དམིགས་མེད་དུ་འཇོག །གཉིས་པ་ནི། བླ་མ་ལ་བཅོས་མིན་གྱི་
མᨖས་གུས་དྲག་པᨖ་དང་མ་བྲལ་བས་གསᨖལ་བ་ཡང་ནས་ཡང་དུ་འདེབས་པ་ནི་བᨖགས་འདᨖན་ཐམས་ཅད་ཀྱི་མཆོག་ཡིན་པས་ཐབས་མང་དུ་འཚོལ་མི་དགོས། མདᨖར་ན་སྐྱོན་ཡོན་གང་ལའང་དགག་སྒྲུབ་མི་བྱ་བར་རང་བཞིན་མེད་པར་ཤེས་པས་རང་བབ་ཏུ་བསྐྱང་བ་ཉིད་གནད་དུ་ཆེའོ། །སྦྱང་ཡོན?་ལྡན་པས་ནན་ཏན?་ཏུ། །ཟབ་མᨖའི་ཏིང་འཛᨑན་འདི་གོམས་ན། །སྐྱེ་བའི་རྒྱ?་མཚོ?་མཐར་འབྱིན་ནས། །རིག་དང་ཞབས་སུ་ལྡན་པར་འགྱུར། །
བཀའ་གདམས་ལྷ་བཞིའི་ཁྲིད་ལས་ཐུབ་པའི་ལྟ་ཁྲིད་ཀྱི་ལེ་ཚན་ནོ།།   ༈  །།ༀ་སྭ་སྟི་སིདྡྷཾ། སྙིགས་མ་ལྡན་པའི་ཞིང་སྤྱི་དང༌། །ཁྱད་པར་གངས་རིའི་མགོན་གཅིག་པུ། །ཐུགས་རྗེའི་མངའ་བདག་དེར་བཏུད་ནས། །དེ་ཡི་རྣལ་འབྱོར་འདུས་གསལ་སྤེལ། །གཉིས་པ་ཇོ་བᨖ་བཀའ་གདམས་པའི་མན་ངག་གྲུབ་ཐོབ་སྐྱེར་སྒང་པའི་བཀའ་སྲོལ་དང་འབྲེལ་བ་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད་ལ། སྔོན་འགྲᨖ། དངོས་གཞི། རྗེས་གསུམ། དང་པᨖ་སྔོན་འགྲᨖ་ལ། ཐུན་མᨖངས་ཐུན་མིན་གཉིས། ཐུན་མᨖང་བ་ཐུབ་པའི་ལྟ་ཁྲིད་ལྟར་འཆད། ཐུན་མᨖང་མ་ཡིན་པ་ལ་ལྔ་ལས། དང་པᨖ་སྐྱབས་འགྲᨖ་ནི། དབེན་པའི་གནས་སུ་བདེ་བའི་གདན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁᨖད་དེ། ས་ཕྱོགས་དག་པའི་ཞིང་ཁམས་སུ་གྱུར་པའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་རྩེ་མᨖ་ལྔར་གྱེས་པའི་དབུས་མར་སེང་ཁྲི་པད་ཟླའི་གདན་ལ་བླ་མ་སྤྱན་རས་གཟིགས་ཁ་སརྤ་ཎིའི་རྣམ་པ་ཅན་ལ་བརྒྱུད་པའི་
བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཡལ་གར་སྤྱན་རས་གཟིགས་ཕྱག་བཞི་པ་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཡལ་གར་སངས་རྒྱས། རྒྱབ་ཏུ་ཆོས་དཀོན་མཆོག་པུ་སྟིའི་རྣམ་པ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། བར་མཚམས་རྣམས་སུ་མཁའ་འགྲᨖ་ཆོས་སྐྱོང་གི་ཚོགས་མ་ལུས་པ་བཞུགས་པར་མᨖས་ལ། རང་དང་སེམས་ཅན་ཐམས་ཅད་ལུས་ངག་ཡིད་གསུམ་གུས་པ་ཆེན་པᨖས་སྐྱབས་སུ་འགྲᨖ་བའི་བློ་རྩེ་གཅིག་པས་སྐྱབས་འགྲᨖའི་ཚིག་རྒྱས་པ། བདག་དང་སེམས་ཅན་ཐམས་ཅད་ལེགས་པའི་ལམ་སྟོན་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ། །སྐུ་གསུམ་ངོ་བᨖ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཟབ་ཞི་སྤྲོས་བྲལ་དམ་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སར་གནས་ལམ་ཞུགས་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །འགལ་རྐྱེན་ཀུན་སེལ་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའམ། བསྡུ་ན། སངས་རྒྱས་ཆོས་ཚོགས་མ་ལན་བརྒྱ་སྟོང་དུ་བསགས། གཉིས་པ་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཞག་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ལམ་གྱི་རྣལ་འབྱོར་ཟབ་མᨖ་ཉམས་སུ་བླང་བར་བགྱིའོ་སྙམ་པས། དེང་ནས་བཟུང་སྟེ་འགྲᨖ་རྣམས་
སངས་རྒྱས་བར། །རང་ཉིད་ཞི་བདེ་སྐད་ཅིག་མེད་པར་ནི། །གཞན་དᨖན་སྨོན་དང་འཇུག་པའི་བདག་ཉིད་དུ། །ཉིན་མཚན་དགེ་བའི་ལས་ལ་བསྐུལ་བར་བགྱི། །ཞེས་སམ། བསྡུ་ན། བདག་གིས་སྦྱིན་སᨖགས་བརྗོད། གསུམ་པ་མཎྜལ་ནི། ལག་ལེན་ལྟར་ལེགས་པར་བཤམ་སྟེ། རྒྱས་པར་ན་ཆོས་ཆུང་བརྒྱ་རྩ་ལས་འབྱུང་བ་ལས་ཛེ་ཏཱ་རི་དང་གཉིས་མེད་རྡོ་རྗེའི་ཆོ་ག་ལ་སᨖགས་པ་ལྟར་རམ། དེ་ཙམ་མི་ནུས་ན་ཚོམ་བུ་སᨖ་བདུན་མ་ནས། བདུན་མའི་བར་དངོས་སུ་བཤམ་པ་དེ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟ་བུར་དམིགས་ལ་ལན་གྲངས་མང་པᨖར་ཕུལ་བས། བདག་གཞན་གྱི་ཚོགས་རྫོགས། སྐུ་ལས་འོད་ཟེར་བྱུང་སྡིག་སྒྲིབ་དག །འགྲᨖ་ཀུན་དག་པའི་ཞིང་དུ་གཤེགས། སླར་མᨖས་གུས་ཀྱི་རྐྱེན་གྱིས་སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ་པར་མᨖས། བཞི་པ་རྡོར་སེམས་བསྒོམ་བཟླས་ནི། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧཱུྃ་དཀར་པᨖའི་འོད་ཀྱི་འཕྲོ་འདུས་རང་ཉིད་རྡོ་རྗེ་སེམས་དཔའི་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་འཕྲོས། ལུས་གང༌། སྡིག་སྒྲིབ་དག །འོད་ཟེར་ཕྱིར་འཕྲོས། རིགས་དྲུག་གི་སྡུག་བསྔལ་སྡིག་སྒྲིབ་སྦྱང༌། ཚུར་འདུས་རང་ལ་ཐིམ་པར་མᨖས་ཏེ་གསལ་སྣང་ལ་མཉམ་པར་འཇོག་པ་དང༌། ཡི་གེ་བརྒྱ་པ་བཟླ་བ་ཅི་ནུས་སུ་བྱ། མཐར་མི་དམིགས་པར་བཞག །ལྔ་པ་བླ་མའི་
རྣལ་འབྱོར་ནི། རང་གི་སྤྱི་བᨖར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་སྤྱན་རས་གཟིགས་དཀར་པᨖ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་པད་དཀར། ཞབས་སེམས་སྐྱིལ། དར་དང་རིན་པᨖ་ཆེས་བརྒྱན་པ། འོད་ཟེར་མུ་མེད་པར་འཕྲོ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས། མཆོད་འོས་ཐམས་ཅད་སྤྱན་དྲངས་ཏེ་ཐིམ། ཡིད་ཀྱིས་མཆོད། སྐྱོན་གྱིས་མ་གོས་སᨖགས་ཀྱིས་བསྟོད། མᨖས་གུས་ཀྱི་ཡིད་རྩེ་གཅིག་པས་བརྒྱུད་པའི་གསᨖལ་འདེབས་དང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་སུ་བསྐྱར། མཐར་བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རང་བཞིན་ཅན་གྱི་རྒྱུན་བབ། རང་གི་གནས་གསུམ་དུ་ཐིམ། ལུས་ཐམས་ཅད་འོད་ཟེར་བདུད་རྩིའི་རྒྱུན་གྱིས་གང༌། སྒོ་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། མཐར་བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པ་མᨖས་ལ་རང་ངོ་བསྐྱང་ངོ༌། །གཉིས་པ་ལ་གཉིས་ཏེ། མཚན་བཅས་ལྷ་བསྒོམ་པ་དང༌། མཚན་མེད་དེ་ཁᨖ་ན་ཉིད་ཀྱི་ཏིང་ངེ་འཛᨑན་བསྒོམ་པའོ། །དང་པᨖ་ལ་གཉིས་ཏེ། རྣལ་འབྱོར་ལ་འཇུག་པའི་སྦྱོར་བ་དང༌། དངོས་གཞིའི་རྣལ་འབྱོར་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པᨖ་ནི། བདེ་བའི་སྟན་ལ་ལུས་རྣམ་སྣང་ཆོས་བདུན་ནམ། རང་ལུགས་ཀྱི་སྐྱིལ་ཀྲུང་སᨖགས་མདᨖར་ན་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁᨖད། རླུང་ཆེད་དུ་རྩོལ་བ་མེད་པ་རང་བབས་སུ་བཞག །སེམས་གཡོ་
མེད་དྭངས་གསལ་གྱི་ངང་ལ་གནས། གཉིས་པ་ལ་བཞི་སྟེ། རྟེན་སྲུང་འཁᨖར་བསྒོམ་པ། བརྟེན་པ་ལྷ་བསྒོམ་པ། ལྷའི་གསལ་སྣང་འདᨖན་པ། བཟླས་པས་ཐུགས་རྒྱུད་བསྐུལ་བའོ། །དང་པᨖ་ནི། རང་གི་མལ་གྱི་ཕྱོགས་བཞིར་ཧྲཱིཿ དམར་པᨖ་མགོ་གྱེན་བསྟན་རེ་རེ། སྟེང་འོག་གཉིས་སུ་ཧྲཱིཿ དམར་མགོ་གྱེན་དང་ཐུར་བསྟན་རེ་གསལ། མདུན་གྱི་ཧྲཱིཿ འོད་ཀྱི་མིག་མང་རིས་ཡོལ་བ་ལྟ་བུར་ཞུ། དེ་ལས་འོད་ཟེར་གཡས་ཀྱི་ཧྲཱིཿ ལ་ཕོག །དེའང་སྔར་
ལྟར་ཞུ། དེའི་འོད་ནུབ། དེའི་འོད་གཡོན་ཏུ་ཕོག་ནས་ཧྲཱིཿ ཞུ་བ་སᨖགས་སྔར་ལྟར་དང༌། སྟེང་འོག་གི་ཧྲཱིཿ ཡང་འོད་དུ་ཞུ། འགེབས་དང་ས་གཞིའི་རྣམ་པར་གྱུར་ཏེ། འོད་ཟེར་གྱི་དྲྭ་བ་དང་ཁᨖར་ཡུག་ཅན་གྱི་གཞལ་ཡས་ཁང་བསྐལ་པའི་རླུང་གིས་ཀྱང་མི་ཐར་བའི་ཕྱི་རོལ་དུ་མེ་རི་རྩེ་མᨖ་ཁ་དᨖག་སྣ་ལྔ་པ་ཅན་གྱི་གུར་ཁང་གསལ་ལ་བརྟན་པ་ཡུན་རིང་དུ་བསྒོམ། གཉིས་པ་ནི། རང་ཐ་མལ་དུ་གནས་པའི་ལྟེ་བར་ཨ་དཀར་པᨖ། དེ་འོད་དུ་ཞུ། ལུས་ཀྱི་ནང་གང༌། འོད་ཟེར་ཕྱི་རོལ་དུ་འཕྲོས། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ལ་ཐིམ། དེའང་རང་ལ་ཐིམ། རང་ལུས་ཀྱང་མཐའ་ནས་དབུས་སུ་ཡལ་བར་མᨖས་ཏེ་
སྟོང་ཉིད་ཀྱི་ངང་དུ་བཞག་སྟེ། ༀ་སྭ་བྷཱ་བ་སᨖགས་ཆོས་ཉིད་རྣམ་དག་གི་སྔགས་བརྗོད། སྟོང་པའི་ངང་ལས་རང་གི་སེམས་ཉིད་ཧྲཱིཿ དཀར་པᨖ་རིང་ཆ་ཚེག་དྲག་དང་བཅས་པ་དེ་འོད་དུ་ཞུ་བ་ལས་ཐིག་ལེ་དཀར་པᨖ་གསུམ་དུ་གྱུར་ཏེ། དེའང་དབུས་ཆེ། གཡས་གཡོན་གཉིས་ཆུང་བ། དེ་རྣམས་ཡོངས་སུ་གྱུར་པ་ལས་གཙོ་འཁᨖར་གསུམ་དུ་གྱུར་པ་ནི། དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པᨖ་སྐུ་མདᨖག་དཀར་པᨖ་གངས་རི་ལ་ཉི་མ་ཤར་བ་ལྟར་ཀུན་ནས་དཀར་བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། རལ་པའི་ཐོར་ཚུགས་དང་འོད་དཔག་མེད་པའི་དབུ་རྒྱན་ཅན། དབུ་སྐྲ་ཕྱེད་དཔུང་པ་གཡས་གཡོན་གྱི་སྟེང་ན་མར་འཕྱང་བ། ཕྱག་དང་པᨖ་གཉིས་ཐུགས་ཀར་ཐལ་མᨖ་སྦྱར་བ། གཡས་གཉིས་པས་མུ་ཏིག་གི་ཕྲེང་བ་འདྲེན་ཅིང༌། གཡོན་གཉིས་པས་ཨུཏྤལ་དཀར་པᨖ་སྙན་གྱི་ཐད་ཀར་འཛᨑན་པ། རིན་པᨖ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ།
དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཇོ་བᨖ་ནོར་བུ་འཛᨑན་པ་སྐུ་མདᨖག་སེར་པᨖ་ཞལ་གཅིག་ཕྱག་བཞི། དང་པᨖ་གཉིས་ཐལ་སྦྱར། གཡས་འོག་མས་རིན་པᨖ་ཆེ་དབང་གི་རྒྱལ་པᨖ་ཡུ་བ་དང་བཅས་པ་བསྣམས་པ། གཡོན་གཉིས་པས་རིན་པᨖ་ཆེའི་འབྲས་ཀྱི་སྙེ་མ་བསྣམས་པ། རིན་པᨖ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། པུས་མᨖ་བཙུགས་ནས་སྤྱན་གཉིས་ཇོ་བᨖའི་སྨིན་ཕྲག་ཏུ་གཟིགས་པ།
གཡོན་ཏུ་ཇོ་མོ་ཡི་གེ་དྲུག་མ་དཀར་མᨖ་ཞལ་གཅིག་ཕྱག་བཞི་མ། རྒྱན་ཆ་ལུགས་གཙོ་བᨖ་དང་མཚུངས་པ། པུས་མᨖ་བཙུགས་ཤིང་སྤྱན་གཉིས་ཇོ་བᨖའི་ཐུགས་ཀར་གཟིགས་པའོ། །གཙོ་བᨖའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁᨖར་གྱི་སྟེང་དུ་ཧྲཱིཿ དཀར་པᨖ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཇོ་བᨖ་གཙོ་འཁᨖར་གསུམ་མདུན་གྱི་ནམ་མཁའི་གནས་སུ་ༀ་བཛྲ་ས་མཱ་ཛཿ ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་བཱ་ར་ཨ?ཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿ ཧཱུྃ། ནས། ཤབྡའི་བར་གྱིས་མཆོད། ཐལ་མᨖ་སྦྱར་ཏེ། ཇོ་བᨖ་ཐུགས་རྗེ་ཆེན་པᨖས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དᨖན་ཏུ་ཕྱག་རྒྱ་ཆེན་པᨖ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསᨖལ། ཞེས་གསᨖལ་བ་ལན་གསུམ་བཏབ་པས་དམ་ཚᨑག་པ་སᨖ་སᨖ་ལ་ཐིམ་པར་བསམ། གསུམ་པ་ལ་གཉིས། རྩ་བའི་ལྷ་ལ་གསལ་སྣང་འདᨖན་པ་དང༌། སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛᨑན་སྒོམ་ཚུལ་ལོ༑ ༑དང་པᨖ་ནི། དེ་ལྟར་གསལ་བའི་ལྷ་སྐུའི་སྣང་བ་ལམ་མེ་བ་དེ་ལ་སེམས་བཟུང༌། དེའི་གསལ་སྣང་མ་ཤོར་བའི་ངང༌། རེས་གདན་ནས་གཙུག་ཏོར་བར། རེས་གཙུག་ཏོར་ནས་གདན་གྱི་བར། རེས་སྤྱན་གྱི་དཀར་ནག་ལྟ་བུ་ཕྲ་བ་ནས་རགས་པའི་བར། རེས་རགས་པ་ཕྱག་ཞབས་ནས་ཕྲ་བ་སྤྱན་གྱི་བར་དུ་གསལ་གདབ། དེ་དག་བརྟན་ནས་ལྷ་སྣང་སྤྱི་ལ་སེམས་གཏད་དེ་མཐར་བ་སྤུའི་བུ་ག་ཚུན་ཆད་མ་འདྲེས་པར་ཤིན་ཏུ་གསལ་ཞིང་
བློ་རྩེ་གཅིག་པ་ལ་བརྟན་པ་ཐོབ་པར་བྱ་སྟེ་དམིགས་པའི་དངོས་གཞིའོ། །གཉིས་པ་ནི། རང་ཉིད་པད་ཟླའི་སྟེང་ན་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། སྐུ་ཡིས་ཞིང་ཁམས་ཐམས་ཅད་དུ་ཁྱབ་ཅིང་ཞིང་ཁམས་རབ་འབྱམས་རྒྱ་མཚོ་སྐུ་ལ་རྫོགས་པར་ལམ་གྱིས་གསལ་བའི་སྐུ་ལུས་ཀྱི་སྒོ་བ་སྤུའི་སྒᨖ་ཉི་མའི་འོད་ཅེས་པ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་དུ་མ་དང༌། གསེར་གྱི་རི་ཁྲི། རེ་རེ་ལ་ཡང་རྩེ་མᨖ་ཁྲི་ཉིས་སྟོང༌། རིན་པᨖ་ཆེའི་ཁང་བཟང་སྐྱེད་ཚལ་རྒྱན་བཀོད་དུ་མས་བརྒྱན་པ། ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོག་པ། བ་སྤུ་དེའི་ནང་ན་ཡང་རྒྱལ་བའི་དབང་པᨖ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། ལྷའི་གསེར་གྱི་རི་བརྒྱད་ཁྲི་རིན་པᨖ་ཆེའི་བྲག་རི་ལྗོན་ཤིང་དག་དང༌། ཟས་གོས་ལྷའི་རང་བཞིན་ལས་གྲུབ་པ་ལ་བྱང་ཆུབ་སེམས་དཔའ་དག་ལོངས་སྤྱོད་ཅིང༌། ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོག་གོ །བ་སྤུ་དེ་འདས་པ་ན་སྨན་ཆེན་པᨖ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན༑ བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང༌། རྡོ་རྗེ། དངུལ། གསེར། ཨིནྡྲ་ནཱི་ལ། པདྨ་རཱ་ག །མརྒད། ཤེལ་གྱི་རི་རྩེ་མᨖ་བརྒྱད་ཁྲི་ཡོད་པ། དྲི་ཟའི་སིལ་སྙན་གྱི་སྒྲ་ལས་ཡི་གེ་དྲུག་པའི་ཆོས་ཀྱི་དབྱངས་འབྱིན་ཅིང༌། གང་སེམས་ཐོག་མ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་སྟོང་པ་ཉིད་དང་མཚན་མ་མེད་པ་སེམས་ཏེ། ཀྱེ་མའོ་ཞེས་སྡུག་བསྔལ་སྐྱེ་རྒས་ན་འཆི་སᨖགས་ལ་སྐྱོ་བས་སྐྱིལ་མᨖ་ཀྲུང་བཅས་ཏེ་
ལུས་དྲང་པᨖར་བསྲངས་ནས་དྲན་པ་མངོན་པར་བཞག་ནས་རི་དེ་དག་ལ་འཁᨖད་དᨖ། །བ་སྤུ་དེ་ཡང་འདས་པ་ན། སྣ་ཚོགས་པའི་རྒྱལ་པᨖ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན་རང་སངས་རྒྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མེ་འབར་བ་དང༌། ཆར་འབེབས་པ་སᨖགས་ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང༌། རིན་ཆེན་སྣ་བདུན་ལས་གྲུབ་པའི་རིའི་རྒྱལ་པᨖ་བརྒྱ་ཕྲག་སྟོང་དག་ལ་འདᨖད་དགུ་འབྱུང་བའི་དཔག་བསམ་སྡོང་པᨖ། རྩ་བ་མུ་ཏིག །ལོ་མ་གསེར་དངུལ། མེ་ཏོག་མན་ཤེལ་ལས་བྱས་པ་དག་ལས་རྒྱན་ཆ་དུ་མ་དང་ཀཱ་ཤི་ཀའི་གོས་རྣམས་འཕྱང་ངོ༌། །དེ་འདྲ་བའི་རི་རྣམས་ལ་རང་སངས་རྒྱས་དག་བཞུགས་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་ཡི་གེ་དྲུག་པའི་སྒྲར་སྟོན་ནོ། །ཐམས་ཅད་ཀྱི་ཐ་མ་ན་བ་སྤུའི་ཁུང་བུ་རྒྱལ་མཚན་གྱི་རྒྱལ་པᨖ་ན། རིན་པᨖ་ཆེའི་རི་བརྒྱད་ཁྲི་བཞི་སྟོང་དང༌། དཔག་བསམ་དང་ཙནྡན་དང་བྱི་རུའི་ཤིང་དེ་སྙེད་ཡོད་ཅིང་རིན་ཆེན་འབར་བའི་ཁང་བརྩེགས་ན། དེ་བཞིན་གཤེགས་པའི་སྐུ་འཛམ་བུའི་གླིང་དུ་མངོན་པར་ཕྱོགས་ཤིང་ཆོས་འཆད་པ། ཕར་ཕྱིན་དྲུག་ཡི་གེ་འབྲུ་དྲུག་ཏུ་སྟོན་པར་མཛད་པ་ཡང་བཞུགས་པ་སᨖགས་མདᨖར་ན་སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི་སངས་རྒྱས་བྱང་སེམས་བཞུགས་ནས། ལ་ལས་ནི་དམ་པའི་ཆོས་ཀྱི་འགྲᨖ་བ་མཛད། ལ་ལས་ནི་ཕར་ཕྱིན་དྲུག་དང་ལྡན་པའི་ཆོས་འཆད། ལ་ལས་ནི་རྫུ་འཕྲུལ་རྣམ་པར་རྩེ་བའི་ཆོ་འཕྲུལ་སྟོན་ལ་ཐམས་ཅད་ཀྱང་ཡི་གེ་དྲུག་པའི་
སྒྲ་དབྱངས་སྒྲོག་ཅིང་དེ་དག་ལས་བྱུང་བའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བ་སྤུའི་སྒོ་བྱེ་བ་ཕྲག་བརྒྱ་ནས་བྱུང་སྟེ། འགྲᨖ་དྲུག་གི་སྡིག་སྒྲིབ་བག་ཆགས་མ་ལུས་པ་སྦྱང༌། ཀུན་ཀྱང་ཇོ་བᨖ་ཐུགས་རྗེ་ཆེན་པᨖའི་སྐུ་འབའ་ཞིག་ཏུ་སᨖང་ནས་ཡི་གེ་དྲུག་པའི་སྔགས་ཏི་རི་རི་བཟླ་བར་མᨖས་ཏེ་རྩེ་གཅིག་དམིགས་པའི་ངང་དང་མ་བྲལ་བར་མཉམ་པར་འཇོག་གོ །བཞི་པ་ནི། དེ་ལྟར་བསྒོམ་པས་ཏིང་ངེ་འཛᨑན་ལ་གསལ་སྣང་ཐོན་པའམ། སྒོམ་པས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། རང་གི་ཐུགས་ཀར་པདྨ་དཀར་པᨖ་འདབ་བརྒྱད་ཁ་སྟེང་འོག་ཏུ་ལྟ་བའི་ལྟག་སྤྲོད། གྱེན་ལྟའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁᨖར་ལ་གནས་པའི་ཧྲཱིཿ ཡིག་དཀར་པᨖ། དེའི་མཐའ་བསྐོར་དུ་ༀ་མ་ཎི་པདྨེ་ཧཱུྃ་ཞེས་པའི་སྔགས་ཕྲེང་དཀར་པᨖ་གཡས་སྐོར་དུ་འཁᨖད་པར་མᨖས་ལ་རང་ཉིད་ཀྱིས་བཟླས་པ་བྱས་པས། སྔགས་ཀྱི་སྒྲ་སེམས་ཅན་ཐམས་ཅད་ཀྱི་རྣ་བར་ལྷང་ལྷང་བྱུང༌། དᨖན་སྐྱེ་མེད་ཀྱི་ངང་དུ་འཇོག་བཞིན་ཏུ་ཡི་གེ་དྲུག་པ་ཅི་ནུས་སུ་བགྲང༌། སླར་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་དུ་ཞུ། ངོ་བᨖ་ཡིག་འབྲུ་ལ་རྣམ་པ་འོད་ཟེར་གྱིས་སྤྱི་བᨖ་ནས་རྐང་མཐིལ་ཡན་ཆད་གང༌། ནད་གདᨖན་སྡིག་སྒྲིབ་ཐམས་ཅད་སང་སང་དག །འོད་ཟེར་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱོང་བར་བསམ། ཡང་སྔགས་ཕྲེང་སྔར་ལྟར་གསལ་བཏབ་ཅིང་བཟླས་པ་དང་འོད་དུ་ཞུ་བའི་དམིགས་པ་སྤེལ་མ་ཇི་ཙམ་ནུས་པ་བྱ། མཐར་གོང་དུ་བཤད་པའི་སྙིང་རྗེ་མཁའ་ཁྱབ་ཀྱི་
ཏིང་ངེ་འཛᨑན་སྒོམ་ལ་བཟླས་པ་ཅི་ནུས་བྱས་ཏེ། ཐུན་འཇོག་པའི་ཚེ་ཡི་གེ་རྣམས་པདྨ་ལྟག་སྤྲོད་ལ་ཐིམ། དེ་ཧྲཱིཿ ལ་ཐིམ་པར་མᨖས། གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། བཅུད་ཀྱི་སེམས་ཅན་ལ་ཕོག །དེ་འོད་དུ་ཞུ། དེ་ལས་འོད་འཕྲོས་སྣོད་ཀྱི་འཇིག་རྟེན་ལ་ཕོག །དེ་དག་འོད་དུ་ཞུ། མཐའ་ནས་འདུས་ཏེ་འཁᨖར་གཉིས་ལ་ཐིམ། དེ་གཉིས་གཙོ་བᨖ་ལ་ཐིམ། དེ་ཉིད་ཡས་མར་ནས་ཞུ། ཐུགས་ཀའི་ཧྲཱིཿ ལ་ཐིམ། དེའང་འ་ཆུང་ར་ལ། དེ་ཧ་ལ། ཧ་མགོ་བᨖ། མགོ་བᨖ་གི་གུ། དེ་ནཱ་ད་ལ་ཐིམ། དེ་ཡང་འོད་དུ་ཡལ་བའི་ངང་ལ་ཅི་གནས་སུ་བཞག །མི་གནས་པར་འཕྲོ་བར་བརྩམས་པ་ན། སྟོང་པའི་ངང་ལས་ཐིག་ལེ་གསུམ། དེའི་དབུས་མ་ཧྲཱིཿ  དེ་ལས་གཙོ་འཁᨖར་གསུམ། སྣོད་གཞལ་ཡས་ཁང༌། བཅུད་ལྷ་ཡི་རང་བཞིན་ཏུ་མᨖས། འདི་ལ་ཆེད་དུ་སྦྱང་ན། སླར་བསྡུ་ཞིང་མཉམ་པར་འཇོག་སྟེ་ལྷར་ལྡངས་པ་སᨖགས་སྔར་ལྟར་བྱའོ། །གསུམ་པ་རྗེས་ལ་གཉིས། རྗེས་ཀྱི་རྣལ་འབྱོར་དངོས་དང༌། ཞར་བྱུང་གི་རྣལ་འབྱོར་གཞན་བཤད་པའོ། །དང་པᨖ་ནི། བསྒོམ་བཟླས་ཏིང་ངེ་འཛᨑན་གྱི་རྣལ་འབྱོར་གྲུབ་ནས། རྗེས་སྤྱོད་ལམ་ལ་འཇུག་པ་ན་འཁᨖར་གཉིས་རང་ལ་ཐིམ། རང་ཕྱག་གཉིས་པའི་ང་རྒྱལ་གྱིས་ཁ་ཟས་ཐམས་ཅད་འབྲུ་གསུམ་གྱིས་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབ་སྟེ་རང་ལྷར་གསལ་བས་ལོངས་སྤྱོད། གོས་ལྷའི་གོས་པཉྩ་ལི་ཀཱར་བསམ་སྟེ་ཚོགས་རྫོགས་པའི་ཡན་ལག་ཏུ་སྤྱད།  
འགྲᨖ་འདུག་སེམས་ཅན་ལ་ཕན་པ་འབའ་ཞིག་ཏུ་མᨖས་ལ་བསྔོ་སྨོན་རྒྱས་པར་བྱ་བ་སᨖགས་ཐེག་པ་ཆེན་པᨖའི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །གཉིས་པ་ཞར་བྱུང་གི་རྣལ་འབྱོར་ལ་གསུམ། ཁྱད་པར་བདེ་སྟོང་གི་རྣལ་འབྱོར། ཐུན་མᨖང་བྱང་སེམས་ཀྱི་རྣལ་འབྱོར། ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་རོ། །དང་པᨖ། རང་ཇོ་བᨖར་གསལ། མདུན་ཏུ་ལྷ་མᨖ་ཡི་གེ་དྲུག་མ་བསྒོམ། དེའི་སྨིན་མཚམས་སུ་ཐིག་ལེ་དམར་པᨖ། དེ་ལས་འོད་ཟེར་དམར་པᨖ་ཚ་བའི་ངད་ལྡན་བྱུང༌། རང་གི་སྨིན་མཚམས་སུ་ཕོག །རང་གི་མགྲིན་པ་ནས་འོད་ཟེར་དཀར་པᨖ་བདེ་བའི་ངད་ལྡན་བྱུང༌། ལྷ་མᨖའི་ལྟེ་བར་ཕོག །འོད་དཀར་དམར་འདྲེས་པ་སྐུ་ལུས་ནང་ནས་ཡར་སᨖང༌། སླར་སྨིན་མཚམས་ནས་འོད་དམར་པᨖ། རང་གི་སྨིན་མཚམས་སུ་ཐིམ་པ་སᨖགས་འཁᨖར་ལོ་ལྟར་བསྐོར་བས་ཡབ་ཡུམ་གཉིས་ཀར་བདེ་སྟོང་གི་ཉམས་སྐྱེས་པར་བསམ་ལ། བདེ་བ་མ་སྐྱེས་ཀྱི་བར་དུ་བསྒོམ་ཞིང་བདེ་བ་སྐྱེས་ན་སྟོང་པ་དང་བསྲེ། སྟོང་ཉམས་ཀྱིས་བདེ་བ་ཡལ་ན་སླར་འོད་འཁᨖར་བསྒོམ་ལ་བདེ་བ་བསྐུལ། མཐར་སྟོང་པས་རྒྱས་གདབ། འདི་བྱ་རྒྱུད་རང་ལུགས་ཀྱི་ཐབས་ལམ་དᨖད་བལྟས་པའི་བདེ་བ་ལམ་བྱེད་ཀྱི་རྣལ་འབྱོར་རོ། །གཉིས་པ་ནི། དང་པᨖ་རང་གི་མདུན་ཏུ་རྩ་བའི་མ་དེ་བསམ། མ་འདིས་བདག་གི་ལུས་སྲོག་བསྐྱེད་པ་ནས་བཟུང༌། ཚེ་རབས་ཐམས་ཅད་དུ་ཕན་པ་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབ་པས་དྲིན་རེ་ཆེ་སྙམ་དུ་བསམ་ལ་བྱམས་པ་ཚད་མེད་པ་བསྒོམ། མ་འདི་ཐོག་མ་མེད་པ་ནས་འཁᨖར་བ་འདིར་སྡུག་བསྔལ་གྱི་རྒྱུ་འབྲས་འབའ་ཞིག་ལ་སྤྱོད་ཅིང་ཐར་དུས་ཡེ་མེད་པ་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་ཚད་མེད་པ་བསྒོམ། མ་འདི་བདག་ཁᨖ་ནས་འཁᨖར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་ངེས་པར་འགོད་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཚད་མེད་པ་བསྒོམ། དེ་ལ་འབྱོངས་ནས་དགྲ་བགེགས་དང༌། སེམས་ཅན་མཐའ་ཡས་པ་ལ་མཚུངས་པར་སྦྱང་ངོ༌། །གསུམ་པ་ལ། སྦྱང་བ་དང༌། ལས་ལ་སྦྱར་བ་གཉིས། དང་པᨖ་ནི། རང་གི་མདུན་ཉེ་རིང་འཚམས་པར་ཐུགས་རྗེ་ཆེན་པᨖའི་སྐུ་མཚན་ཉིད་དང་ལྡན་ལ་ཡིད་ཆགས་པ་བྲིས་འབུར་གང་རུང་བཀྲམ་པའི་མདུན་ཏུ་མཆོད་པ་བཤམ། དེ་ཐུགས་རྗེ་ཆེན་པᨖ་དངོས་སུ་གསལ་ལ་མཆོད་བསྟོད་བྱ། བདག་ལ་རེ་ས་ཁྱེད་ལས་མེད་དᨖ་སྙམ་པའི་བློ་གཏད་ལིང་བསྐྱུར་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་ཆེན་པᨖ་སྤྱན་རས་གཟིགས་དབང་ཕྱུག་ལ་གསᨖལ་བ་འདེབས་སᨖ། །རྣམ་ཤེས་བདེ་ཆེན་ཏུ་འཕོ་བར་བྱིན་གྱིས་བརླབ་ཏུ་གསᨖལ། ཞེས་གསᨖལ་བ་ལན་མང་དུ་བཏབ། རང་གི་རྣམ་ཤེས་ཧཱུྃ་དཀར་པᨖར་གྱུར་པ་སྣ་བུག་གཡས་ནས་རྒྱངས་ཀྱིས་ཐོན། ཇོ་བᨖའི་ཤངས་བུག་གཡས་ནས་ཐུགས་ཀར་ཞུགས་པར་མᨖས་ལ་དེར་སེམས་འཛᨑན། སླར་ཤངས་བུག་གཡོན་ནས་བྱུང༌། སྣ་བུག་གཡོན་ནས་སྙིང་གར་ཞུགས། ཡང་སྣ་བུག་གཡས་ནས་འཕངས་པ་
སᨖགས་འཁᨖར་མར་སྦྱང༌། མཐར་ཐུན་འཇོག་པའི་ཚེ་ཧཱུྃ་རང་གི་སྙིང་གར་ཐིམ་པའི་རྗེས་ཇོ་བᨖ་རང་གི་སྤྱི་བᨖར་བྱོན། འཆི་མེད་ཚེའི་དངོས་གྲུབ་སྩོལ་བར་གསᨖལ་བ་གདབ་པས། ཇོ་བᨖ་འོད་དུ་ཞུ། ཚངས་བུག་ནས་ཞུགས། རང་ལུས་བདུད་རྩིའི་རྒྱུན་གྱིས་གང་བས་འཆི་བ་མེད་པའི་ཚེ་དང༌། རྒས་པ་མེད་པའི་ལང་ཚོ་དང་ལྡན་པར་མᨖས་ལ་བསྔོ་སྨོན་བྱ། གཉིས་པ་ནི། ངེས་པར་འཆི་བའི་དུས་ལ་བབ་པའི་ཚེ་ཉེར་བསྡོགས་སྔར་ལྟར་བྱས་ལ། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་རིགས་ལ་བཤགས་སྡོམ་ཡིད་ཚᨑམས་པར་བྱ། ལུས་ལོངས་སྤྱོད་མཎྜལ་དུ་ཕུལ་ཏེ་ཞེན་འཁྲིས་རྦད་ཀྱིས་བཅད་ལ་ཆགས་ཞེན་དང་བློ་མ་བདེ་བ་སྤུ་ཙམ་མེད་པར་བྱ། རང་གི་རྣམ་ཤེས་ཧཱུྃ་དཀར་པᨖ་སྣ་བུག་གཡས་ནས་ཐོན་པ་སᨖགས་སྦྱང་བའི་སྐབས་ལྟར་ལ། ཇོ་བᨖའི་ཐུགས་ཀར་ཐིམ་ཚེ་འོད་གསལ་གྱི་ངང་དུ་བཞག །སླར་རྣམ་ཤེས་ཚུར་འཐོན་པའི་དམིགས་པ་མི་བྱ་བར་ཡང་ཡང་འཕང༌། དེས་ཀྱང་འཕོ་མ་ནུས་ན༑ རང་ལུས་ཀྱང་འོད་དུ་ཡལ་ཏེ་ཇོ་བᨖའི་ཐུགས་ཀར་སིབ་ཀྱིས་ཐིམ་པར་མᨖས་ཏེ་སེམས་རྟོག་མེད་དུ་བཞག་པས། རབ་འོད་གསལ་དུ་གྲᨖལ། འབྲིང་དང་ཐ་མ་ལྷ་དང་མིར་སྐྱེ། འཇའ་འོད་དང་རིང་བསྲེལ་སᨖགས་ལྟས་བཟང་པᨖ་འབྱུང་བར་བཤད་དᨖ། །ཁྲིད་འདི་སྟན་ཐོག་གཅིག་ཏུ་བསྒོམ་པའི་ཚེ་མཚན་བཅས་རྣལ་འབྱོར་གྱི་སྐབས། ཐོག་མར་སྣོད་བཅུད་འོད་གསལ་དུ་བསྡུས་ནས། སླར་སྲུང་འཁᨖར་དང་ལྷའི་རྣལ་འབྱོར་བསྒོམ་པ་བྱས་ན་ལག་ལེན་
བདེ་ཞིང་དᨖན་དང་མི་འབྱོར་བ་མེད་དᨖ་གསུངས། དལ་འབྱོར་ཡོན?་ཏན?་བརྒྱད་ལྡན་ལུས། །སྙིང་པᨖ་ལེན་འདᨖད་སྐལ་བཟང་དག །མ་ནོར་ལམ་མཆོག་འདིར་ཞུགས་ཤིག །ཏིང་འཛᨑན་རྒྱ?་མཚོ?་མྱུར་ཐོབ་འགྱུར། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད་ཀྱི་ལེ་ཚན་ནོ།།  ༈  །།ༀ་སྭ་སྟི་སིདྡྷཾ། ཕོངས་པ་ཀུན་ལ་དུས་དྲུག་ཏུ། །བུ་གཅིག་ལྟར་བརྩེ་རྗེ་བཙུན་མ། །སྙིང་གི་ཟེའུ་འབྲུར་རྟག་མཆོད་དེ། །རྗེས་དྲན་ལྔ་ཡི་ཁྲིད་འཆད་བྱ། །གསུམ་པ་བཀའ་གདམས་རིན་པᨖ་ཆེའི་བཀའ་སྲོལ་ལས་བྱུང་བ་ཕྲིན་ལས་ཀྱི་ལྷ་འཕགས་མ་སྒྲོལ་མ་རྗེས་དྲན་ལྔའི་ཁྲིད་འཆད་པ་ལ་གསུམ། སྔོན་འགྲᨖ། དངོས་གཞི། རྗེས་སᨖ། །དང་པᨖ་ལ་གཉིས་ཏེ༑ སྐྱབས་འགྲᨖ་དང༌། སེམས་བསྐྱེད་དᨖ། །དང་པᨖ་ནི། བསམ་གཏན་ལ་འཇུག་པའི་སྦྱོར་བ་སྤྱི་ལྟར་ལ། ཐུན་མᨖང་སྔོན་འགྲᨖ་གསལ་གདབ་པ་སᨖགས་དགེ་བའི་སེམས་ཁྱད་པར་ཅན་གྱིས་གོ་ཕྱེས་ཏེ། ས་ཕྱོགས་དག་པའི་ཞིང་
གི་བཀོད་པ་ཕུན་སུམ་ཚོགས་པའི་རང་མདུན་དཔག་བསམ་ཤིང་གི་སྡོང་པᨖ་ཡལ་ག་ལྔར་གྱེས་པའི་དབུས་མར་རྨ་བྱས་བཏེགས་པའི་རིན་པᨖ་ཆེའི་ཁྲི་དང་པད་ཟླའི་གདན་ལ་བླ་མ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་ལ་རྩ་བརྒྱུད་
བླ་མ་འོད་དཔག་མེད་ཀྱི་རྣམ་པས་བསྐོར་བ། མདུན་ཏུ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་ཡི་དམ་ལྷ་ཚོགས། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་ཏུ་དགེ་འདུན། མཐའ་བསྐོར་དུ་མཁའ་འགྲᨖ་ཆོས་སྐྱོང་གི་
ཚོགས་བཅས་གསལ་གདབ། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། སངས་རྒྱས་ཆོས་ཚོགས་མ་ཅི་ནུས་སུ་བརྗོད་པས་སྐྱབས་སུ་འགྲᨖ། གཉིས་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ལ་བཀོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མᨖ་ཉམས་སུ་བླང་བར་བགྱིའོ་སྙམ་པས། བདག་གིས་སྦྱིན་སᨖགས་མང་དུ་བརྗོད། མཐར་སྐྱབས་ཡུལ་ལས་འོད་ཟེར་བྱུང༌། རང་གཞན་གྱི་སྡིག་སྒྲིབ་སྦྱངས། ཡོན་ཏན་སྤེལ། སྐྱབས་ཡུལ་འོད་ཞུ་རང་ལ་བསྡུས་ཏེ་མཉམ་པར་འཇོག  ༈  །གཉིས་པ་དངོས་གཞི་ལ་ལྔ་སྟེ། སྐྱབས་གནས་བླ་མ། ལུས་ལྷར། ངག་སྔགས། འགྲᨖ་ཀུན་ཕ་མ། སེམས་ཆོས་ཉིད་དུ་རྗེས་སུ་དྲན་པའོ། །དེའང་རྒྱལ་བ་འབྲོམ་རིན་པᨖ་ཆེ་ལ་བཀའ་གདམས་ལྷ་བཞི་ཞལ་གཟིགས་པའི་དུས་སུ། སྒྲོལ་མའི་ཞལ་ནས། སྲས་ཀྱི་ཐུ་བᨖ་སྤྱན་རས་གཟིགས། །ཁྱོད་ཀྱི་རྗེས་འབྲངས་ཁᨖ་མᨖས་བསྐྱབ། །ཁᨖ་མᨖའི་གདམས་པ་འདི་ལོངས་ལ། །རྗེས་སུ་འབྲངས་ལ་བསྟན་པར་གྱིས། །སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། །ངག་གི་བཟླས་བརྗོད་རྒྱུན་ཏུ་མཛོད། །འགྲᨖ་བ་མ་ལུས་ཕ་མར་སᨖམས། །སེམས་ཀྱི་གནས་ལུགས་སྟོང་པར་དཔྱོད། །
ལྔ་པᨖ་འདི་ཡི་སྐྱ་བར་ནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་གསུངས་པའི་བསྟན་དᨖན་རྗེས་དྲན་ལྔའི་ཟབ་ཁྲིད་དུ་གྲགས་པ་སྟེ། དེ་ལའང་རྗེས་དྲན་དངོས་དང༌། ཕྱི་ནང་གསང་བའི་གོ་བབ་བཤད་པ་གཉིས།  
དངོས་ཀྱི་དང་པᨖ་བླ་མ་རྗེས་སུ་དྲན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སᨖ། །དང་པᨖ་སྦྱོར་བ་རྣལ་འབྱོར་གསལ་གདབ་པ་ནི། རང་གི་སྙིང་གར་སྣང་བ་ཀུན་རྫོབ་ཐབས་ཀྱི་ངོ་བᨖ་སྣོད་ཀྱི་ཐིག་ལེ་སེར་པᨖ་སྲན་མ་བཀས་པའི་དབྱིབས་ལྟ་བུ། དེའི་སྟེང་དུ་སྟོང་པ་དᨖན་དམ་ཤེས་རབ་ཀྱི་ངོ་བᨖ་བཅུད་ཀྱི་ཐིག་ལེ་གསེར་མདᨖག་འོད་ལྔ་འཕྲོ་བ་ཡུངས་ཀར་གྱི་དབྱིབས་ཅན་ཆེ་ཆུང་སྣོད་དང་མཉམ་པ། དེའི་སྟེང་དུ་པད་ཟླའི་གདན་ལ་རྩ་བའི་བླ་མ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན། དེའི་སྤྱི་བᨖ་ནས་ཐོ་བརྩེགས་སུ་པད་ཟླའི་གདན་ཆུང་ངུ་རེག་ལ་མ་འབྱར་བ་རེ་རེའི་སྟེང་དུ་བརྒྱུད་པའི་བླ་མ་རྣམས་འོད་དཔག་མེད་ཀྱི་རྣམ་པ་ཅན་ཏུ་བཞུགས་པ། ཐམས་ཅད་ཀྱི་སྟེང་མར་ཇོ་བᨖ་རྗེ་དངོས་བསྒོམ། ཇོ་བᨖའི་དབུ་གཙུག་ནས་པད་ཟླའི་གདན་གྱི་ཕྲེང་བ་ཁ་གསུམ་གྱེས་པའི་དབུས་མར་རྡོ་རྗེ་འཆང༌། ཏཻ་ལོ། ནཱ་རོ། ཌོམྦི་པ་སᨖགས་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་དང༌། གཡས་མར་བྱམས་པ་ཐོགས་མེད་སྐུ་མཆེད་སᨖགས་རྒྱ་ཆེན་སྤྱོད་བརྒྱུད་དང༌། གཡོན་མར་འཇམ་དབྱངས་ནས་ཀླུ་སྒྲུབ་ཡབ་སྲས་སᨖགས་ཟབ་མᨖ་ལྟ་རྒྱུད་རྣམས་ཇོ་བᨖ་ལ་ཐུག་གི་བར་ཕྲེང་བར་བསྟར་ཏེ་བཞུགས་པ། དེ་དག་གི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། རྩ་བརྒྱུད་བླ་མ་དང་དཀོན་མཆོག་ཐམས་ཅད་སྤྱན་དྲངས་གཉིས་སུ་མེད་པར་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད་དུ་མᨖས། གཉིས་པ་དངོས་
གཞི་ཚོགས་བསག་ཅིང་གསᨖལ་བ་གདབ་པ་ནི། བདག་གཞན་གྱི་ལུས་ཞིང་རྡུལ་གྲངས་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་དང༌། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དུས་གསུམ་གྱི་དགེ་རྩ་དང༌། འཇིག་རྟེན་ན་མཆོད་པའི་ཡོ་བྱད་ཇི་སྙེད་ཡོད་པ་ཐམས་ཅད་ཀུན་ཏུ་བཟང་པᨖའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་ལྟ་བུར་བློས་བླངས་ཏེ་འབུལ་བ་སᨖགས་ཡན་ལག་བདུན་པའི་དམིགས་བསམ་རྣམ་པར་དག་པ་ལ་གནས་ཏེ། ཐུན་མᨖང་མ་ཡིན་པ་འབྲོམ་རིན་པᨖ་ཆེའི་གསུང༌། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སᨖགས་བཀའ་གདམས་གླེགས་བམ་ལས་འབྱུང་བ་ལྟར་གྲུབ་ན་ལེགས། ཐུན་མᨖང་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་བྱས་ཀྱང་རུང་ལ། གང་ལྟར་བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པའི་ཚོགས་བསགས་དེ་ཉིད་སྔོན་ཏུ་འགྲᨖ་བའི་མᨖས་གུས་རྩེ་གཅིག་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བᨖ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ལ་གསᨖལ་བ་འདེབས་སᨖ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསᨖལ། ཞེས་ལན་མང་དུ་གསᨖལ་བ་བཏབ། གསུམ་པ་རྗེས་དབང་བླང་ཞིང་དེ་ཁᨖ་ན་ཉིད་ལ་མཉམ་པར་འཇོག་པ་ནི། མཐར་མᨖས་གུས་དྲག་པᨖའི་རྐྱེན་གྱིས་རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལམ་གྱིས་བྱུང༌། བདག་སᨖགས་སེམས་ཅན་ཐམས་ཅད་ཀྱི་ནད་གདᨖན་སྡིག་སྒྲིབ་སྤྱི་དང་ཁྱད་པར་ལམ་གྱི་ཡེ་ཤེས་སྐྱེ་བ་ལ་འགལ་རྐྱེན་བར་དུ་གཅོད་པ་མཐའ་དག་སྦྱངས། ཚོགས་གཉིས་གོང་འཕེལ་དུ་རྫོགས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ། མཐར་གོང་མ་འོད་དུ་ཞུ་སྟེ་འོག་མ་ལ་རིམ་བཞིན་ཐིམ༑ མཐར་རྩ་བའི་བླ་མ་ཡང་བདེ་བ་ཆེན་པᨖའི་ངོ་བᨖར་ཞུ་ནས་སྣོད་བཅུད་ཀྱི་ཐིག་ལེ་ལ་ཐིམ། དེའང་མི་དམིགས་པ་བློ་འདས་བརྗོད་བྲལ་གསལ་སྟོང་ཟུང་འཇུག་གི་ངང་མདངས་བསྐྱང་ངོ་། །གཉིས་པ་ལུས་ལྷར་རྗེས་སུ་དྲན་པ་ལ་གཉིས། ལྷ་སྐུར་བསྒྲུབ་པ་དང༌། གསལ་སྣང་ལ་བསླབ་པའོ། །དང་པᨖ་ཡན་ལག་བཞི་རྫོགས་ཀྱིས་ལྷའི་སྐུར་བསྒྲུབ་པ་ནི། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ས་ཕྱོགས་དག་པའི་ཞིང་གི་བཀོད་པ་ཚད་མེད་པ་སེང་ལྡེང་ནགས་ཚལ་མེ་ཏོག་འབྲས་བུས་བརྒྱན་པའི་ལྗོན་ཤིང་དུ་མས་གཏིབ་པའི་དབུས་སུ། པམ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁᨖར་གྱི་སྟེང་དུ་ཏཱྃ་ལས་ཨུཏྤལ་ལྗང་སྔོན་ཏཱྃ་ཡིག་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དᨖན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདᨖག་ལྗང་སེར་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་སྔོན་པᨖའི་སྡོང་བུ་འཛᨑན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རལ་པའི་ཐོར་ཚུགས་དང༌། རིན་པᨖ་ཆེ་དང་དར་གྱི་ན་བཟས་
བརྒྱན་པ། ཟླ་བའི་རྒྱབ་ཡོལ་ཅན། དབུ་སྐྲ་ལི་བ་ཞལ་འཛུམ་པའི་མདངས་ཅན། འོད་དང་འོད་ཟེར་གྱི་རང་བཞིན་ཅན་ཏུ་གསལ་བའི་གནས་གསུམ་འབྲུ་གསུམ་དང༌། ཐུགས་ཀར་ཟླ་བ་ལ་གནས་པའི་ཏཱྃ་ཡིག་ལྗང་གུ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས། བཛྲ་ས་མཱ་ཛཿ  ཨ?ཾ་སᨖགས་ཀྱིས་མཆོད། ལྷ་དང་ལྷ་མིན་སᨖགས་ཀྱིས་བསྟོད། ཛཿ ཧཱུྃ་བྃ་ཧོཿ  དམ་ཚᨑག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁᨖར་བཅས་སྤྱན་དྲངས། ཨ?ཾ་སᨖགས་ཀྱིས་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསᨖལ་བ་བཏབ་པས། རིགས་ལྔའི་ཐུགས་ཀ་ནས་ཡུམ་བཞི་བདུད་རྩིའི་བུམ་པ་ཐོགས་པ་བྱུང་སྟེ། ཇི་ལྟར་བལྟམས་པ་སᨖགས་དང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུངས་ཤིང་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། སྤྲོ་ན་སྔར་ལྟར་མཆོད་བསྟོད་ཀྱང་བྱ། འདིར་ཡན་ལག་བཞི་སྦྱར་ཚུལ་ནི་ཐུབ་པའི་སྐབས་དང་འདྲའོ། །གཉིས་པ་དམིགས་པའི་གཙོ་བᨖ་ལྷའི་གསལ་སྣང་ལ་བསླབ་པ་ལ་གཉིས་ཏེ༑ རྩ་བའི་གསལ་སྣང་འདᨖན་པ་དང༌། དེ་ལ་བརྟེན་ནས་རང་གཞན་གྱི་དᨖན་སྒྲུབ་པའོ། །དང་པᨖ་ནི། དེ་ལྟར་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ལྷ་སྐུ་དེ་ཉིད་སྣང་ལ་རང་བཞིན་མེད་པ། གསལ་ལ་ངོས་བཟུང་མེད་པ། བདེ་ལ་
ཞེན་པ་མེད་པ་གསལ་ལམ་མེར་ཡང་ནས་ཡང་དུ་གསལ་གདབ་ལ། རྣམ་པ་སྤྱིའི་གསལ་སྣང་མ་ཤོར་བའི་ངོས། བྱེ་བྲག་ཕྲ་བ་ནས་རགས་པའི་བར་དང༌། རགས་པ་ནས་ཕྲ་བའི་བར་གསལ་གདབ་ལ་སྦྱང་སྟེ་སྣང་ཡུལ་དུ་དངོས་སུ་གསལ་བ་ལྟ་བུའི་གསལ་སྣང་ལ་བརྟན་པ་ཐོབ་ཅིང༌། ཇི་ཙམ་འདᨖད་ཀྱི་བར་དུ་གནས་སུ་བཏུབ་པའི་གནས་ཆ་བརྟན་པᨖ་མ་བྱུང་གི་བར་དུ་ནན་ཏན་ཏུ་སྦྱང་ངོ༌། །གཉིས་པ་ལའང་གཉིས་ཏེ། ཐུན་མᨖང་དང་༑ ཁྱད་པར་རོ། །དང་པᨖ་ནི། སྔར་བསྒོམ་པའི་ཐུགས་ཀའི་ཏཱྃ་བསྐྱར་ནས་གསལ་གདབ། དེ་ལས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་བ་མᨖ་ལ་ཉི་ཟེར་ཕོག་པ་བཞིན་ཏུ་སྦྱངས། ཚེ་དང་བསᨖད་ནམས་ལུང་རྟོགས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་རྒྱུན་མི་ཆད་པར་ཕུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་དང་ལྷན་ཅིག་ཚུར་བྱུང་སྟེ་རང་ལ་ཐིམ་པར་བསྒོམ། ཡང་འོད་ཟེར་འཕྲོས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་རྗེ་བཙུན་སྒྲོལ་མའི་སྐུར་གྱུར་པར་མᨖས། གཉིས་པ་ཁྱད་པར་ནི། འཇིགས་པ་བརྒྱད་སྐྱོབ་ཀྱི་དམིགས་པ་སྐབས་འདིར་བྱ། དེའང་འོག་གི་ལས་སྦྱོར་གྱི་སྐབས་སུ་འབྱུང་བ་ཉིད་འདིར་བླང་བར་བྱ་སྟེ། འོན་ཀྱང་བཟླས་པའི་རིགས་དངོས་སུ་མི་དགོས་པ་ནི། སྐབས་འདིར་ཁྱད་པར་རོ། །གསུམ་པ་
ངག་སྔགས་སུ་རྗེས་སུ་དྲན་པ་ལའང་གསུམ་སྟེ། ཕྱི་དང་། ནང་དང་། གསང་བའོ། །དང་པᨖ་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པᨖ་ལ། བཟླས་པའི་གཞི་འགོད་པ་དང་། དམིགས་པ་དངོས་སᨖ། །དང་པᨖ་ནི། རང་སྒྲོལ་མར་གསལ་བའི་ཐུགས་ཀར་ཟླ་བ་ལ་ཏཱྃ་ཡིག་སྔོ་ལྗང༌། དེའི་མཐར་ཡི་གེ་བཅུ་པ་ཡིག་ངོ་ནང་དུ་ལྟ་བ་གཡས་སྐོར་དུ་འཁᨖད་པ་མᨖས་ལ་གསལ་བརྟན་ཏུ་མ་གྱུར་བར་བསྒོམ། གཉིས་པ་ནི། ས་བᨖན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། ལུས་ཐམས་ཅད་གང༌། ནད་གདᨖན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚེ་བསᨖད་དཔལ་འབྱོར་རྒྱས། འོད་ཟེར་ཕྱིར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། འོད་ཟེར་ཚུར་འདུས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐོབ་པར་མᨖས་ཏེ་ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་སུ་བྱ་བ་ནི་བདག་དᨖན་བྱིན་རླབས་ཀྱི་བཟླས་པའོ། །གཉིས་པ་ནི། སྔགས་ལས་འོད་ཟེར་འཕྲོས། རིགས་དྲུག་གི་སྡིག་སྒྲིབ་བག་ཆགས་བསལ། སྣོད་བཅུད་སྣང་ལ་རང་བཞིན་མེད་པ་འཕགས་མའི་ཞིང་ཁམས་རྟེན་བརྟེན་པར་བཅས་པར་གྱུར། ཁྱད་པར་བ་སྤུའི་བུ་ག་ནས་རང་འདྲ་བའི་སྒྲོལ་མ་ནམ་མཁའི་ཁམས་ཁྱབ་པར་སྤྲོས། འགྲᨖ་དྲུག་གི་སྡུག་བསྔལ་རྒྱུ་བཅས་བསལ། བདེ་བའི་གནས་ལ་བཀོད་པར་བསམ་སྟེ་ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་སུ་བྱ་བ་ནི་གཞན་དᨖན་ཕྲིན་ལས་ཀྱི་བཟླས་པའོ། །གསུམ་པ་ནི། འཇིགས་པ་བརྒྱད་
སྐྱོབ་ཀྱི་བཟླས་དམིགས་བྱ་བ་སྟེ། རེ་རེ་བཞིན་བཟླས་པས་ཐུགས་རྒྱུད་བསྐུལ་བས་རང་གི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འཇིགས་སྐྱོབ་སᨖ་སᨖའི་སྐུ་མདᨖག་དང་མཐུན་པའི་འོད་འཕྲོས་སྨིན་མཚམས་སུ་སླེབས་པ་དང་འོད་ཀྱི་སྣེ་ལས་སᨖ་སᨖའི་སྐུ་དཔག་མེད་འཕྲོས་པས་མཁའ་ཁྱབ་འགྲᨖ་ཀུན་ཕྱི་ནང་གི་འཇིགས་པ་ལས་དབུགས་དབྱུང༌། ཚུར་འདུས་རང་ལ་ཐིམ་པར་བསམ་པ་ཐམས་ཅད་ལ་འགྲེའོ། །འཇིགས་བརྒྱད་སᨖ་སᨖ་ལ༑ སེང་གེའི་འཇིགས་སྐྱོབ་སྒྲོལ་མ་སེང་གདᨖང་མཆེ་བ་གཙིགས་ཤིང་ལྕེ་གློག་ལྟར་འཁྱུག་པ། སྤྱན་སེར་མᨖ་མདᨖག་དམར་ཞིང་སྐྲ་སེར་བ། ཐུགས་ཀར་མི་འཇིགས་སྦྱིན་པའི་ཕྱག་རྒྱ་མཛད་པ། རྒྱན་གྱིས་བརྒྱན་པ། སེམས་ཅན་རྣམས་ང་རྒྱལ་སེང་གེའི་འཇིགས་པ་ལས་སྒྲོལ་བར་བསམ། གླང་པᨖའི་འཇིགས་སྐྱོབ་སྒྲོལ་མ་གླང་གདᨖང་ཤངས་མཐོ་ཞིང་མཆེ་བ་གཙིགས་པ། གསུས་པ་འཕྱང་བ་དུ་བའི་མདᨖག་ཅན། མཐེ་བᨖང་མངོན་པར་བརྐྱང་བ། ཕྱག་གཉིས་ཀྱིས་སྡིག་པར་མཛད་པ། སེམས་ཅན་རྣམས་གཏི་མུག་གླང་པᨖའི་འཇིགས་པ་ལས་སྒྲོལ་བར་བསྒོམ། མེའི་འཇིགས་སྐྱོབ་སྒྲོལ་མ་དམར་མᨖ་འབར་བའི་གདᨖང་པ་ཅན་ཞལ་བདུན། ལྗགས་བདུན། སྐྲ་གྱེན་ཏུ་འབར་ཞིང༌༑ ཕྱག་གཉིས་ཀྱིས་པདྨའི་ཕྱག་རྒྱ་མཛད་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་རྣམས་ཞེ་སྡང་མེའི་འཇིགས་པ་ལས་སྒྲོལ་བར་བསྒོམ། སྦྲུལ་གྱི་འཇིགས་སྐྱོབ་སྒྲོལ་མ་ཁ་དᨖག་ནག་མᨖ་སྦྲུལ་མགོའི་གདེངས་ཀ་བཅུ་དང་ལྡན་ཞིང་སྐྲ་གྲᨖལ་བ། རྒྱན་གྱིས་བརྒྱན་པ། ཕྱག་གཉིས་ཀྱིས་མི་འཇིགས་སྦྱིན་པའི་ཕྱག་རྒྱ་མཛད་ཅིང༌། སེམས་ཅན་རྣམས་ཕྲག་དᨖག་སྦྲུལ་གྱི་འཇིགས་པ་ལས་སྒྲོལ་བར་བསྒོམ། ཆོམ་རྐུན་གྱི་འཇིགས་སྐྱོབ་སྒྲོལ་མ་སྐུ་མདᨖག་ལྗང་གུ་ཞལ་ཁྲོ་གཉེར་བསྡུས་པ། སྐྲ་གྱེན་དུ་བརྫེས་པ། ཕྱག་གཡས་རལ་གྲི། གཡོན་སྡིག་མཛུབ། རྒྱན་གྱིས་བརྒྱན་ནས་བཞེངས་པ། སེམས་ཅན་རྣམས་ལྟས་ངན་ཆོམ་རྐུན་གྱི་འཇིགས་པ་ལས་སྒྲོལ་བར་བསྒོམ། ལྕགས་སྒྲོག་འཇིགས་སྐྱོབ་སྒྲོལ་མ་སྐུ་མདᨖག་དམར་མᨖ། གཡས་པ་དང་གཡོན་པ་ལྕགས་ཀྱུ་དང་ཞགས་པ་འཛᨑན་ཅིང་རྒྱན་གྱིས་བརྒྱན་ནས་བཞེངས་པ། སེམས་ཅན་རྣམས་སེར་སྣ་ལྕགས་སྒྲོག་གི་འཇིགས་པ་ལས་སྒྲོལ་བར་བསྒོམ། ཆུའི་འཇིགས་སྐྱོབ་སྒྲོལ་མ་སྐུ་མདᨖག་དཀར་མᨖ། ཕྱག་གཡས་པ་ལྕགས་སྒྲོག །གཡོན་སྡིགས་མཛུབ། ཞི་བའི་སྐུར་བཞེངས་པ། སེམས་ཅན་རྣམས་འདᨖད་པ་ཆུའི་འཇིགས་པ་ལས་སྒྲོལ་བར་བསྒོམ། ཤ་ཟའི་འཇིགས་སྐྱོབ་སྒྲོལ་མ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཀུནྡ་དང་ཟླ་བའི་མདᨖག་ཅན། རྒྱན་གྱིས་བརྒྱན་པ། ཕྱག་གཡས་གཡོན་མཆོག་སྦྱིན་དང་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་ཅིང༌། སེམས་ཅན་རྣམས་ཐེ་ཚོམ་ཤ་ཟའི་འཇིགས་པ་ལས་སྒྲོལ་བར་བསྒོམ་ལ། རེ་རེ་ལའང་མᨖས་གདུང་དང་འབྲེལ་བར་ཡི་གེ་བཅུ་པ་བཟླས་ལ། ཏཱ་ར་ཏཱ་ར་ཞེས་གཉིས་ཀྱི་སྔགས་འདི་དང༌། མཐར་ཏཱ་ར་མཁྱེན་བརྩེས་བརྗོད་དᨖ། །གཉིས་པ་
ནང་གི་བཟླས་པ་ལའང་གཉིས། ཐུན་མᨖང་དང༌། ཁྱད་པར་རོ། །དང་པᨖ་ཐུན་མᨖང་འབྲུ་གསུམ་རྡོ་རྗེའི་བཟླས་པ་ནི། རླུང་རོ་བསལ། རླུང་རྩོལ་མེད་རང་བབ་ཀྱིས་ནང་དུ་འཇུག་པ་ༀ་དཀར་པᨖ། གནས་པ་ཨཱཿ དམར་པᨖ༑ ཕྱིར་འགྲᨖ་བའི་ཚེ་ཧཱུྃ་སྔོན་པᨖར་མᨖས་ལ་ཅི་ནུས་སུ་བགྲང་ངོ༌། །གཉིས་པ་ཁྱད་པར་ཡི་གེ་བཅུ་པའི་རྡོ་རྗེའི་བཟླས་པ་ནི། རླུང་རོ་བསལ། རླུང་རང་བཞིན་གྱིས་ནང་དུ་འཇུག་པ་ཡི་གེ་བཅུ་པ་དཀར་པᨖ། གནས་པ་ཡིག་བཅུ་དམར་པᨖ། ལྡང་བ་ཡིག་བཅུ་སྔོན་པᨖར་བསམ་ལ་བགྲང་བའོ། །གསུམ་པ་གསང་བའི་བཟླས་པ་ལ། སྤྱིར་ནི་སྒྲ་མཐར་བསམ་གཏན་ཞེས་བྱ་བ་གོང་དུ་ངག་བཟླས་ཀྱི་སྐབས་དེ་དག་གམ་དམིགས་བསལ་དུ་ཡང་རུང་བར་ཡིག་བཅུའི་སྒྲ་དྲིལ་བུའམ་ཏིང་ཤག་ལྟ་བུའི་སྒྲ་མཐའ་ཧའི་སྐད་ཇེ་ཕྲར་ཡལ་བ་ལ་སེམས་གཞོལ་བ་དང༌། ཁྱད་པར་ཡི་གེ་བཅུ་པའི་ཐོག་མཐའ་བར་གསུམ་སེམས་ཀྱི་གནས་ལུགས་སྟོང་པ་ཉིད་ཀྱི་ངོ་བᨖ་དང་གཉིས་སུ་མེད་པ་ལ་སྒྲ་ནི་ནམ་མཁའ་དང་མཉམ་པའི་རང་བཞིན་ལ་བློ་བཞག་པར་གསུངས་སᨖ། ༈  །རྩ་བའི་བཞི་པ་འགྲᨖ་ཀུན་ཕ་མར་རྗེས་སུ་དྲན་པ་ལ་གསུམ་སྟེ། བྱམས་པ་བསྒོམ་པ། སྙིང་རྗེ་བསྒོམ་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དང་པᨖ་ནི། ཐོག་མར་སྐྱེ་སླ་བ་རྩ་བའི་མ་ལ་དམིགས། དེ་ནས་སྐྱེ་དཀའ་བ་དགྲ་ལྟ་བུ། དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ལ་དམིགས་ཏེ། དེའང་མར་ཤེས། དྲིན་དྲན། དྲིན་བཟོ་བའི་སེམས་སྔོན་ཏུ་འགྲᨖ་བས།
མ་འདི་བདེ་བ་དང་བདེ་བའི་རྒྱུ་དང་ངེས་པར་ལྡན་པར་གྱུར་ཅིག་སྙམ་དུ་སྨོན་ལམ་དང་འབྲེལ་བ། མ་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་སྙམ་དུ་འདུན་པ་དང་འབྲེལ་བ། མ་འདི་རྣམས་ངེས་པར་བདེ་བ་དང་ལྡན་པར་བདག་གིས་བྱའོ་སྙམ་དུ་དམ་བཅའ་དང་འབྲེལ་བའི་ཚུལ་གྱིས་ངེས་པ་མ་སྐྱེས་བར་དུ་བསྒོམ། གཉིས་པ་ནི། དེ་ལྟར་བདེ་བ་དང་མི་ལྡན་པ་དེ་གང་ལས་བྱུང་ན་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བྱུང་བས། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་པའི་སྨོན་པ། བྲལ་ན་ཅི་མ་རུང་སྙམ་པའི་འདུན་པ། བྲལ་བར་བྱའོ་སྙམ་པའི་དམ་བཅའ་སྟེ་སྙིང་རྗེ་ཚད་མེད་པ་འབྲེལ་བ་སུམ་ལྡན་གྱིས་ཉམས་སུ་བླང༌། གསུམ་པ་ནི། དེ་ལྟ་བུའི་བྱམས་སྙིང་རྗེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དᨖན་ཏུ་སངས་རྒྱས་འཐོབ་འདᨖད་ཀྱི་སྨོན་སེམས་དང༌། དེའི་ཆེད་དུ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སᨖགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་དང་། ཁྱད་པར་ལམ་ཟབ་མᨖ་འདི་ཉིད་སྒོམ་པས་ཉམས་སུ་བླང་སྟེ་མཐར་དབྱུང་བར་བགྱིའོ་སྙམ་དུ་བསམ་པས་སྦྱང༌། སྦྱོར་བས་ནན་ཏན་ཏུ་དེ་ལ་འཇུག་པའོ།  ༈  །རྩ་བའི་ལྔ་པ་སེམས་སྟོང་པར་རྗེས་སུ་དྲན་པ་ལ་གསུམ། ཞི་གནས་བསྒོམ། ལྷག་མཐོང་བཙལ། དེ་ཟུང་འབྲེལ་དུ་ཉམས་སུ་ལེན་པའོ། །དང་པᨖ་ནི། ལུས་ཀྱི་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས། ངག་གི་གནད་དབུགས་འཇུག་གནས་ལྡང་གསུམ་རང་བབ་ཉེར་གཅིག་ཏུ་བགྲང་བ་སྔོན་ཏུ་འགྲᨖ་བས།
སེམས་ཀྱི་གནད་རྟེན་བཅས་ཤིང་བུ་རྡེའུ་ལྷ་སྐུ་ཡིག་འབྲུ་སᨖགས་དང༌། རྟེན་མེད་དམིགས་རྡེལ་ཡིད་ཀྱིས་བསམ་པ་དང༌། དམིགས་རྣམ་གང་ཡང་ཡིད་ལ་མི་བྱ་བར་ངོ་བᨖ་ཉིད་ཀྱི་ངང་དུ་འཇོག་པ་རྣམས་ལ་བྲམ་ཟེས་སྐུད་པ་འཁེལ་བའི་གནད་གྲིམས་ལྷོད་རན་པᨖའི་ཚུལ་གྱིས་ནན་ཏན་ཏུ་བསྒོམ་སྟེ་བྱིངས་རྒོད་བྱུང་ན་བཅོས་པས་སེམས་གནས་ཀྱི་རིམ་པ་དགུ་དང་འབྲེལ་བའི་ཉམས་ལྔ་པᨖ་རིམ་གྱིས་སྐྱེ་བར་འགྱུར་རོ། །གཉིས་པ་ལ་གསུམ། གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་ལ་ངེས་པ་རྙེད་པར་བྱ་བ་དང༌། ཟུང་འབྲེལ་དུ་ཉམས་སུ་བླང་བའོ། །དང་པᨖ་ནི། འཁᨖར་བ་རྣམས་ལ་ལྟ་བ་ངན་པ་རྟག་ཆད་དུ་ལྟ་བ་ལ་སᨖགས་པའི་རྩ་བ་ལྷན་སྐྱེས་ཀྱི་ངར་འཛᨑན་ལ་གང་ཟག་གི་བདག་ཅེས་བྱ་སྟེ། དེ་ཉིད་ཕུང་པᨖ་ལྔ་ལ་བརྟེན་ནས་བརྟགས་པ་ཙམ་ལས་དᨖན་དམ་པར་གྲུབ་པ་མེད་པའི་ཚུལ་ལ་ལུང་རིགས་མན་ངག་གིས་སྒྲོ་འདᨖགས་བཅད་དེ་ངེས་ཤེས་བསྐྱེད་དᨖ༑ ༑གཉིས་པ་ནི། ངར་འཛᨑན་གྱི་ཤེས་པ་དེས་བསྐྱེད་པའི་ང་ཡིར་འཛᨑན་པ། ཕྱིའི་དᨖན་ཏུ་སྣང་བ་དང༌། དᨖན་དེ་འཛᨑན་བྱེད་ཀྱི་ཤེས་པ་དང༌། འཛᨑན་པ་བཀག་པའི་ཤུལ་གྱི་ཤེས་རྣམ་སྤྱི་ཙམ་ཡང་བདེན་པར་གྲུབ་པ་མེད་དེ༑ རི་བᨖང་གི་རྭ་མ་གྲུབ་པས་རའི་རྣོ་རྟུལ་ལ་སᨖགས་པའི་མཚན་ཉིད་གདགས་སུ་མེད་པ་བཞིན་ནོ། །གསུམ་པ་ནི། དེ་ལྟར་དཔྱད་པས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་ཟིན་པའི་ལྷག་མཐོང་དྲི་མ་མེད་པ་དེ་ཉིད། མན་ངག་གི་མྱོང་བ་དང་སྦྱར་ཏེ་ཆོས་ཐམས་ཅད་དམིགས་པ་མེད་ཅིང་བརྗོད་པ་དང་བྲལ་བའི་ངང་དུ་མཉམ་བཞག་སྤྲོས་བྲལ་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་དང༌། རྗེས་ཐོབ་སྟོང་ཉིད་རྟེན་ཅིང་འབྲེལ་འབྱུང་དུ་ཤར་བའི་ཚུལ་ལ་བློ་ངེས་པར་བྱས་ཏེ་དྲན་པ་དང་ཤེས་བཞིན་གྱིས་རྒྱུན་བསྐྱངས་པས་བདེན་གཉིས་ཟུང་འཇུག་གི་རྟོགས་པ་རྙེད་པར་འགྱུར་རོ། །གཉིས་པ་རྗེས་དྲན་ལྔ་པᨖ་དེ་རྣམས་ཕྱི་ནང་གསང་བའི་ཟབ་དᨖན་དང་སྦྱར་ཏེ་འཆད་ན། དང་པᨖ་རང་ལ་ཐར་པའི་ལམ་སྟོན་པ་ནི་ཕྱིའི་བླ་མ། ལྟ་སྤྱོད་ཟུང་དུ་འཇུག་པ་ནི་ནང་གི་བླ་མ། སྟོང་ཉིད་སྙིང་རྗེའི་སྙིང་པᨖ་ཅན་ནི་གསང་བའི་བླ་མའོ། །གཉིས་པ་ལྷག་པའི་ལྷ་མཚན་དཔེའི་སྐུར་སྣང་བ་ནི་ཕྱིའི་ལྷ། གཞི་དམ་ཚᨑག་པར་བསྐྱེད་པ་ནང་གི་ལྷ། ལམ་ཡེ་ཤེས་པ་དང་གཉིས་སུ་མེད་པ་གསང་བའི་ལྷའོ། །གསུམ་པ་སྔགས་ཀྱི་གདམས་ངག་ཏུ་བརྗོད་པ་ཕྱིའི་བཟླས་པ། རླུང་ཡི་གེའི་རྣམ་པར་བསམ་པ་ནང་གི་བཟླས་པ༑ སྒྲ་མཐའི་བསམ་གཏན་ཡིད་བྱེད་ནི་གསང་བའི་བཟླས་པའོ། །བཞི་པ་འགྲᨖ་དྲུག་ཕ་མར་ཤེས་པ་ནི་ཕྱིའི་བྱང་སེམས། དམིགས་པ་མེད་པའི་སྙིང་རྗེ་ཆེན་པᨖ་ནི་ནང་གི་བྱང་སེམས། འཁᨖར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་སྙིང་རྗེའི་རང་མདངས་ཙམ་དུ་ཤེས་པ་ནི་གསང་བའི་བྱང་སེམས་སᨖ། །ལྔ་པ་ལུང་རིག་ལ་བརྟེན་ནས་ཆོས་ཐམས་ཅད་སྟོང་པར་སྒྲོ་འདᨖགས་ཆོད་པ་ནི་ཕྱིའི་ཆོས་ཉིད། མྱོང་ཐོག་ནས་གསལ་སྟོང་ཟུང་
འཇུག་མངོན་ཏུ་གྱུར་པ་ནི་ནང་གི་ཆོས་ཉིད། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་ཆོས་ཀྱི་སྐུར་ཤེས་པ་ནི་གསང་བའི་ཆོས་ཉིད་རྗེས་སུ་དྲན་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས་ཏེ། དངོས་དང༌༑ ཞར་བྱུང་ངོ༌། །དང་པᨖ་ནི། རང་ལྷར་བསྒོམ་པ་ཡིན་ན་བསྡུ་རིམ་དང་ཐུན་མཚམས་ཀྱི་ལྷར་ལྡང་བ། གནས་གསུམ་སྲུང་བ་སᨖགས་སྤྱི་ལྟར་བྱས། དཀྱུས་གཅིག་ཏུ་བསྒོམ་ན་བྱང་སེམས་ཀྱིས་མཚམས་སྦྱར་བ་སᨖགས་མདᨖར་ན་ཐུན་མཚམས་ལ་བབ་པ་ན། ཐེག་པ་ཆེན་པᨖའི་སྨོན་ལམ་དང་འཁᨖར་གསུམ་ཡོངས་དག་གི་བསྔོ་བས་རྒྱས་གདབ་སྟེ། སྤྱོད་ལམ་ལ་འཇུག་པའི་ཚེ་སྣང་གྲགས་རྟོག་གསུམ་རྗེ་བཙུན་འཕགས་མའི་གསང་བ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །གཉིས་པ་ཞར་བྱུང་སྟན་ཐོག་གཅིག་མའི་ཉམས་ལེན་ནི། སྔར་བཤད་པ་དེ་རྣམས་སྟན་ཐོག་གཅིག་ཏུ་བསྒོམ་ན། སྐྱབས་སེམས་དང་བླ་མ་རྗེས་དྲན་སྔོན་ཏུ་འགྲᨖ་བས། ལྷ་སྒོམ་སྔགས་བཟླས་ཇི་ལྟར་རིགས་པའི་རྗེས་ལྷ་སྐུའི་གསལ་སྣང་འོད་གསལ་དུ་བསྡུས་ནས་སེམས་ཀྱི་གནས་ལུགས་སྟོང་པར་རྗེས་སུ་དྲན་པའི་ངང་དུ་མཉམ་པར་བཞག །དེ་ལས་ཐུན་མཚམས་ཀྱི་ལྷ་སྐུར་ལྡང་བ་ན། འགྲᨖ་ཀུན་ཕ་མར་རྗེས་སུ་དྲན་པས་དམིགས་པ་མེད་པའི་བྱམས་སྙིང་རྗེ་བྱང་སེམས་ཀྱིས་མཚམས་སྦྱར་ཏེ་བསྔོ་སྨོན་གྱི་རྒྱས་གདབ་ཅིང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཚོགས་གཉིས་ཟུང་འཇུག་གི་ལམ་ལ་འབད་པ་འདᨖན་པར་བྱའོ། །
ལྷར་བཅས་ཡོན?་གནས་བཀའ་གདམས་པའི། །ཐུགས་དམ་ཆོས་ཀྱི་བཅུད་འདི་ལ། །ནན་ཏན?་འབད་ནས་བྱང་ཆུབ་ཀྱི། །སྤྱོད་པ་རྒྱ?་མཚོ?་མཐར་ཕྱིན་སྨོན། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་སྒྲོལ་མ་རྗེས་དྲན་དྲུག་གི་ཁྲིད་ཀྱི་ལེ་ཚན་ནོ།།  ༈  །།ༀ་སྭ་སྟི་སིདྡྷཾ། ཡེ་ཤེས་ཁྲོས་པ་སྒྱུ་མའི་གར། །འཇིགས་བྱེད་བདུད་བཞིའི་དཔུང་འཇོམས་པ། །མི་གཡོ་མགོན་ལ་ཕྱག་བྱས་ཏེ། །ཁྲིད་ཚུལ་སྤྱི་དང་བྱེ་བྲག་འཆད། །གྲུབ་པའི་སྤྱི་མེས་ས་ར་ཧས་འཕགས་པ་ཀླུ་སྒྲུབ་ལ་བསྟན་ཅིང་རིམ་པར་བརྒྱུད་པ་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ་གྱི་མཆོག་ཏུ་གྱུར་པ་མི་གཡོ་ཆོས་དྲུག་ཏུ་གྲགས་པ་ཁྱད་པར་བ་དང༌། གདམས་ངག་ཐུན་མᨖང་བའི་ལུགས་ཀྱི་ཁྲིད་རིམ་དག་གུང་སྤྲོས་ཏེ་འཆད་པ་ལ། སྔོན་འགྲᨖ། དངོས་གཞི། རྗེས་གསུམ། སྔོན་འགྲᨖ་ལའང་ལྔ་སྟེ། སྐྱབས་སེམས། མཎྜལ། ཡིག་བརྒྱ། བླ་མའི་རྣལ་འབྱོར། ཚོགས་གསᨖག་གི་རྣལ་འབྱོར་རོ། །དང་པᨖ་ལ་གཉིས་ཏེ། སྐྱབས་སུ་འགྲᨖ་བ་ནི། ལམ་ལོག་པ་ལས་སྐྱོང་བ་སྟེ་གོ་དᨖན་བློ་ལ་ངེས་པར་བསྒོམ་དᨖན་དམིགས་པར་བྱ་བ་ནི། ས་ཕྱོགས་དག་པའི་ཞིང་ཁམས་གནས་ཁང་མཐོ་ཁྱད་བཀོད་མཛེས་ཀྱི་དབུས་སུ་དཔག་བསམ་གྱི་སྡོང་པᨖ་ཡལ་ག་ལྔ་པའི་སྙིང་པᨖར་སེང་ཁྲི་པད་ཟླའི་གདན་ལ། བླ་མ་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན། མདུན་ཏུ་ཡི་དམ་མི་གཡོ་བ། གཡས་སུ་རྒྱལ་བ་ཤཱཀ་ཐུབ། རྒྱབ་ཏུ་གླེགས་བམ། གཡོན་ཏུ་ཐེག་པ་ཆེ་ཆུང་གི་དགེ་འདུན། མཐའ་སྐོར་དང་བར་མཚམས་སུ་མཁའ་འགྲᨖ་
ཆོས་སྲུང་སᨖ་སᨖའི་གཙོ་བᨖ་ལ་སᨖ་སᨖའི་རིགས་མཐུན་གྱི་འཁᨖར་དང་བཅས་ཏེ་བཞུགས་པའི་མདུན་ཏུ། བདག་དང་མཁའ་ཁྱབ་འགྲᨖ་བ་སྒོ་གསུམ་དད་མᨖས་ཀྱི་འཇུག་པ་གཅིག་ཏུ་དྲིལ་བས་སྐྱབས་སུ་འགྲᨖ་བར་མᨖས་ཏེ༑ སངས་རྒྱས་ཆོས་ཚོགས་མ་ཅི་ནུས་བརྗོད། སེམས་བསྐྱེད་པ་ནི། ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་སྟེ། སེམས་ཅན་དེ་རྣམས་ལ་སྙིང་རྗེ་ཆེན་པᨖས་ཀུན་ནས་བསླང་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་ལ། བདག་གིས་སྦྱིན་སᨖགས་བགྱིས་པ་སᨖགས་དᨖན་ཡིད་ལ་དྲན་བཞིན་ཏུ་བརྗོད། གཉིས་པ་མཎྜལ་འབུལ་བ་ནི། བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་གྱི་གཙོ་བᨖ་ཚོགས་རྫོགས་པར་བྱེད་པ་སྟེ། སྐྱབས་ཡུལ་དེ་དག་ཚོགས་ཀྱི་ཞིང་དུ་བྱས་པའི་སྤྱན་སྔར། མཆོད་པའི་མཎྜལ་རྒྱུ་བཟང་ལ་བཀོད་པས་མཛེས་པར་བཤམ་པ་དེ་ཉིད་རྒྱུར་བྱས་ཏེ། ཡིད་ཀྱིས་སྤྲུལ་པའི་མཎྜལ་གྱི་བཀོད་པ་བཟང་པᨖ་སྤྱོད་པའི་སྨོན་ལམ་གྱི་སྟོབས་ལས་བྱུང་བ་ལྟ་བུ་དང༌། བདག་གཞན་ཀུན་གྱི་དུས་གསུམ་གྱི་ལུས་ལོངས་སྤྱོད་དགེ་བའི་དངོས་པᨖ་ཐམས་ཅད་ཀུན་བཟང་མཆོད་པའི་སྤྲིན་དུ་བློས་བླངས་ལ་འབུལ་ཏེ། ཚོམ་བུ་སᨖ་བདུན་མ་སᨖགས་ཇི་ལྟར་རིགས་པ་དང༌། ས་གཞི་སྤོས་བྱུགས་སᨖགས་གྲངས་བཅད་དུ་ཕུལ། མཐར་སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས། བདག་གཞན་གྱི་སྒྲིབ་གཉིས་སྦྱངས། ཚོགས་གཉིས་རྫོགས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་འཁᨖད། སྐྱབས་ཡུལ་གཡས་བསྐོར་ཚུལ་གྱིས་འོད་དུ་ཞུ།  
བླ་མ་ལ་ཐིམ། བླ་མ་འོད་ཞུ་རང་ལ་ཐིམ་པས་ལུས་སེམས་ཟག་མེད་ཀྱི་སྐུ་དང་ཡེ་ཤེས་མངོན་ཏུ་གྱུར་པ་མᨖས། གསུམ་པ་རྡོར་སེམས་བསྒོམ་བཟླས་ནི། བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་གྱི་གཙོ་བᨖ་སྡིག་སྒྲིབ་སྦྱོང་བར་བྱེད་པ་སྟེ༑ རང་གི་སྤྱི་བᨖར་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་དཀར་པᨖ་རྡོར་དྲིལ་འཛᨑན་པ། ལོངས་སྐུའི་རྒྱན་ལྡན་ཞབས་སེམས་སྐྱིལ་གྱིས་སྐུ་ལས་སྐྱེས་པའི་འོད་ཕུང་གི་ཀློང་དུ་བཞུགས་པ། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་དཀར་པᨖའི་མཐར་ཡིག་བརྒྱའི་སྔགས་ཕྲེང་གཡས་སུ་བསྐོར་བ་གསལ་གདབ། གསᨖལ་བ་བཏབ་པའི་ཚུལ་གྱིས་ཡིག་བརྒྱ་བཟླས་པས་ངོ་བᨖ་ཐུགས་རྗེ་ཡུལ་ལ་འཇུག་པའི་ཡེ་ཤེས། རྣམ་པ་བདུད་རྩི་དཀར་པᨖའི་
རྒྱུན་བབ་པས་ལུས་ཀྱི་ཕྱི་ནང་བཀྲུས། སྡིག་སྒྲིབ་བག་ཆགས་ནད་གདᨖན་ལ་སᨖགས་པ་དག་པའི་དམིགས་རྣམ་སྤྱི་དང་མཐུན་ཞིང༌། མཐར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་སᨖགས་སྡོམ་སེམས་དང་འབྲེལ་བའི་གསᨖལ་བ་བཏབ་པས། སྡིག་སྒྲིབ་དག་པར་དབུགས་དབྱུང་བསྩལ་ཏེ་འོད་ཀྱི་རྣམ་པས་རང་ལ་ཐིམ་པར་བསམ། བཞི་པ་བླ་མའི་རྣལ་འབྱོར་ནི། སྔགས་ཀྱི་རྣལ་འབྱོར་ལ་རྟེན་འབྲེལ་སྒྲིག་པ་སྟེ། རང་གི་སྤྱི་བᨖར་སེང་ཁྲི་པད་ཟླའི་གདན་ལ་རྩ་བའི་བླ་མ་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བᨖར་གསལ་བ་ལ་མᨖས་གུས་གདུང་བའི་ཤུགས་དྲག་པᨖས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སᨖགས་གསᨖལ་འདེབས་གང་ཤེས་
ཅི་ནུས་སུ་བྱས་པས། བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང༌། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་ཐོབ། མཐར་བླ་མ་འོད་ཞུ་རང་ལ་ཐིམ་པར་མᨖས་ཏེ་ཐུགས་ཡིད་བསྲེས་ལ་མཉམ་པར་བཞག །ལྔ་པ་ཚོགས་བསགས་པ་ལ་གསུམ། སྦྱོར་བ་ཚོགས་ཞིང་བསྐྱེད་པ། དངོས་གཞི་ཚོགས་གསᨖག་ཅིང་གསᨖལ་བ་འདེབས་པ། རྗེས་དབང་བླང་ཞིང་རང་ལ་བསྟིམ་པའོ། །དང་པᨖ་ནི། ཚད་མེད་བཞི་བསྒོམ་པ་སྔོན་ཏུ་འགྲᨖ་བས། རང་མདུན་ནམ་མཁར་པད་ཉིའི་གདན་གྱི་སྟེང་དུ་ཧཱུྃ་སྔོན་པᨖ་ཐོལ་གྱིས་བྱུང༌། དེ་ལ་སེམས་ཆེར་གྱིས་གཏད་པས་དེ་ཉིད་འོད་དུ་ཞུ་སྟེ་གཏུམ་ཆེན་མི་གཡོ་བ་སྔོན་པᨖ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་རལ་གྲི་ཕྱར་ཞིང་གཡོན་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིག་མཛུབ་ཐུགས་ཀར་གཏད་པ། རིན་པᨖ་ཆེའི་རྒྱན་དང༌། སྦྲུལ་དཀར་པᨖའི་ག་ཤ། སྟག་ཤམ་སᨖགས་ཁྲོ་བᨖའི་ཆས་ཅན་ཚེམས་ཀྱིས་མ་མཆུ་མནན་པ། ཞབས་གཡས་བསྐུམ་གཡོན་བརྐྱངས་པས་བགེགས་རྒྱལ་གླང་པᨖའི་སྣ་ཅན་བརྫིས་པ། ཁྲོ་ཆུང་དང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་མᨖས། གཉིས་པ་ནི། ཡིད་ཀྱིས་ཕྱག་དང་ལྷ་མᨖ་མེ་ཏོག་མ་ལ་སᨖགས་པ་དཔག་ཏུ་མེད་པ་སྤྲུལ་ཏེ་མཆོད་ཅིང་བསྟོད་པས་མཉེས་པར་བསམ། མᨖས་གུས་དང་བཅས་ཏེ་ངག་ཏུ། ཇོ་བᨖ་མི་གཡོ་བས་བདག་ལ་དབང་བསྐུར་དུ་གསᨖལ། གསང་སྔགས་མཐའ་དག་ཉམས་སུ་ལེན་ཏུ་རུང་བའི་སྣོད་དུ་བྱིན་གྱིས་བརླབ་ཏུ་གསᨖལ། ཏིང་ངེ་འཛᨑན་བཟང་པᨖ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསᨖལ། བདེ་སྟོང་ཟུང་འཇུག་གི་རྟོགས་པ་བསམ་གྱིས་མི་ཁྱབ་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསᨖལ། ཞེས་ལན་གྲངས་མང་དུ་བརྗོད། གསུམ་པ་ནི། དེ་ལྟར་གསᨖལ་བ་བཏབ་པ་ལ་བརྟེན་ནས། ཞབས་གཡས་པའི་མཐེབ་ཆེན་ནས་ཟག་མེད་ཀྱི་བདུད་རྩི་དཀར་ནར་གྱིས་ཐོན་ཏེ་བྱུང༌། རང་གི་སྤྱི་བᨖ་ནས་ཞུགས། ལུས་ཐམས་ཅད་མེར་གྱིས་ཁེངས། བདེ་སྟོང་ཟག་མེད་ཀྱི་ཏིང་ངེ་འཛᨑན་ཁྱད་པར་ཅན་སྐྱེས་པར་མᨖས་ལ་སེམས་བཟུང༌། མཐར་ཡིག་བརྒྱ་བརྗོད་དེ་མདུན་གྱི་ཡི་དམ་འོད་དུ་ཞུ། རང་ལ་ཐིམ་པར་བསམ་མᨖ། །གཉིས་པ་དངོས་གཞི་ལ་གཉིས། ཐུན་མᨖང་དུ་ལྷའི་རྣལ་འབྱོར་བསྒོམ་པ་དང༌། ཐུན་མᨖང་མ་ཡིན་པ་ཆོས་དྲུག་གི་རྣལ་འབྱོར་རོ། །དང་པᨖ་ལ་བཞི། བསྐྱེད་རིམ་གསལ་སྣང་དང་བཅས་པ། ཐུན་མᨖང་མེ་དམིགས། ཁྱད་པར་གཟིགས་སྟངས། ཐུན་མཚམས་སྲུང་བའི་རྣལ་འབྱོར་རོ། །དེ་ལ་དང་པᨖ་ལྷ་ཡི་སྐུར་བསྐྱེད་ཅིང་གསལ་སྣང་ལ་བསླབ་པ་ནི། བདེ་བའི་སྟན་ལ་ལུས་གནད་བཅས། ༀ་སྭ་བྷཱ་བ་སᨖགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁᨖར་གྱི་སྟེང་དུ་ཧཱུྃ་སྔོན་པᨖ། དེ་ལས་འོད་འཕྲོས་དᨖན་གཉིས་བྱས། ཚུར་འདུས་པ་ལས་སྐད་ཅིག་གིས་རང་ཉིད་གཏུམ་པᨖ་ཆེན་པᨖའི་ལྷའི་སྐུར་ཝལ་གྱིས་གྱུར་པ་ནི། སྐུ་མདᨖག་སྔོན་པᨖ་ཞལ་གཅིག་ཕྱག་གཉིས་པ། གཡས་ཡེ་ཤེས་ཀྱི་རལ་གྲི་ཕྱར་ཞིང༌། གཡོན་རྡོ་རྗེའི་ཞགས་པ་དང་བཅས་པའི་ཐུགས་ཀར་སྡིགས་མཛུབ་མཛད་པ། དབུ་སྐྲ་སྨ་ར་སྨིན་མ་དམར་སེར་གྱེན་ཏུ་འབར་བ༑ དམར་ཞིང་ཟླུམ་པའི་སྤྱན་གཉིས་འཁྱུག་ཅིང་ཚེམས་ཀྱིས་མ་མཆུ་མནན་པ། རིན་པᨖ་ཆེ་དང་ཀླུ་ཆེན་བརྒྱད་ཀྱིས་བརྒྱན་ཅིང༌། སྦྲུལ་དཀར་པᨖས་སེ་རལ་ཁར་བྱས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གཡས་བསྐུམ་གཡོན་བརྐྱང་བས་བགེགས་ཀྱི་རྒྱལ་པᨖ་གླང་པᨖའི་སྣ་ཅན་གྱི་སྟེང་ནས་བརྫིས་པ། སྤྲུལ་པའི་ཁྲོ་ཆུང་དུ་མའི་འཕྲོ་འདུ་དང༌། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུྃ་བྃ་ཧོཿ  དམ་ཚᨑག་པ་དང་དབྱེར་མེད་དུ་གྱུར། སླར་ཡང་ཧཱུྃ་གི་འོད་ཀྱིས་དབང་ལྷ་སྤྱན་དྲངས། མཆོད་ཅིང་གསᨖལ་བ་བཏབ་པས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དྲི་མ་དག །སྤྱི་བᨖར་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པས་རྒྱས་བཏབ་པར་མᨖས་ལ། ལྷ་སྐུའི་སྣང་ཞེན་ལ་ཡུན་རིང་དུ་སེམས་བཟུང༌། རྣམ་པ་སྤྱི་དང་བྱེ་བྲག་རེ་རེ་ནས་གསལ་བརྟན་ཚད་དུ་མ་ཕྱིན་གྱི་བར་དུ་གསལ་སྣང་ཁᨖ་ནར་འབད་པས་བསླབ་བᨖ། །གཉིས་པ་ཐུན་མᨖང་དུ་མེ་དམིགས་གསུམ་བསྒོམ་པ་ནི། རང་ལྷར་གསལ་བ་དེའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་གི་མཐར་ཡི་གེ་བཅུ་པས་བསྐོར་བ་གསལ་གདབ། དེ་ལས་དྲག་པᨖའི་མེ་ལྕེ་འཇིགས་
དུས་བསྐལ་པའི་མེ་ལྟར། ཚ་བ། རྩུབ་པ། དྲག་པ། རྣོ་བ། སྟོབས་ལྡན། ཤུགས་ཅན། མྱུར་བ་སྟེ་མཚན་ཉིད་བདུན་ལྡན་འབར། ཐོག་མར་ཧཱུྃ་སྔགས་ཕྲེང་དང་བཅས་པ་མེ་ནང་དུ་འུར་གྱིས་འབར་ཞིང༌། དེ་ལས་ཀྱང་མེ་ལྕེ་འཁྱོག་པᨖས་རང་གི་ལུས་ནང་དམར་མེར་གྱིས་གང་བས་སྡིག་སྒྲིབ་ནད་གདᨖན་བག་ཆགས་དང་བཅས་པ་སྐད་ཅིག་གིས་བསྲེགས་པར་བསྒོམ། མེ་དམིགས་དང་པᨖའོ། །དེ་ནས་མེ་ཆེར་འབར་ཏེ་ལུས་ཀྱི་སྒོ་དགུ་ནས་ཀྱང་མེ་ལྕེ་སྦྲུལ་གྱི་ལྕེ་ལྟར་དམར་མྱུག་མྱུག་བྱུང༌། མཐར་བ་སྤུའི་བུ་གའི་སྒོ་ཐམས་ཅད་ནས་ཀྱང་དམར་ལམ་ལམ་མཆེད། ཕྱིའི་མེ་རིའི་གུར་ཁང་འདྲེས་པས་མི་མཐུན་ཕྱོགས་རྣམས་ཆམ་གྱིས་བསྲེགས་པར་མᨖས། མེ་དམིགས་གཉིས་པའོ། །དེ་ལས་ཀྱང་ཆེར་འབར་ཏེ་འདᨖམ་དང་མདའ་རྒྱང་དང་རྒྱང་གྲགས་དང་དཔག་ཚད་ཀྱི་བར་དུ་ལྷབ་ལྷབ་འབར་ཞིང་མཆེད་པས་བསྟན་དགྲ་གདུག་པ་ཅན་རྣམས་དང༌། ནད་དང་དལ་ཡམས་ཀྱི་བདག་མᨖ་མཐུ་མᨖ་ཆེ་རྣམས་རྒྱ་མཚོའི་མཐར་བསྐྲད་ཅིང་བྱེར་བར་དམིགས། མེ་དམིགས་གསུམ་པ་སྟེ་དེ་དག་གི་སྐབས་སུ་སྔགས་ཡི་གེ་བཅུ་པ་ཅི་ནུས་སུ་བཟླའོ། །གསུམ་པ་སྤྱན་གྱི་གཟིགས་སྟངས་ལ་བརྟེན་ནས་བདེན་གཉིས་ཟུང་འཇུག་གི་རྣལ་འབྱོར་ལ་བསླབ་པ་ནི། རང་ཁྲོ་བᨖའི་དབང་པᨖར་གསལ། མིག་གཡས་པ་སྟེང་དུ་བཏེགས་པས་སྤྱན་གཡས་པའི་ནང་དུ་ཡི་གེ་མཾ་ལས་ཉི་མའི་དཀྱིལ་འཁᨖར་ཞིག་བསམ། དེས་སངས་རྒྱས་ཀྱི་ཞིང་ཁམས་དང༌། རྒྱུ་འབྲས་
རྟེན་འབྲེལ་འཁᨖར་འདས་ཀྱི་ཆོས་ཐམས་ཅད་ལ་གཟིགས་པར་བསམ། མིག་གཡོན་པ་འོག་ཏུ་གནོན་པས་སྤྱན་གཡོན་པའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁᨖར་ཞིག་བསམ། དེས་ཆོས་ཐམས་ཅད་ཅི་ཡང་མི་དམིགས་པའི་སྟོང་པ་ཉིད་དུ་གཟིགས་པར་བསམ། མིག་གཉིས་ཐད་ཀར་ལྟ་སྟངས་གཏོད་པས་སྤྱན་དེ་གཉིས་ཀྱི་དབུས་སུ་ཡེ་ཤེས་ཀྱི་སྤྱན་ཁྲ་ཧུ་རེ་བ་ཞིག་བྱུང༌། དེས་ཐབས་ཤེས་དབྱེར་མེད། ཞི་ལྷག་ཟུང་འཇུག །རྟག་ཆད་ཡོད་མེད་ལ་སᨖགས་དབྱེར་མེད་ཟུང་འཇུག་ས་ལེར་གཟིགས་པར་བསམ་ལ་རྩེ་གཅིག་མཉམ་པར་བཞག་གོ །བཞི་པ་ནི། ཐུན་བསྡུ་བའི་ཚེ་རིལ་འཛᨑན་རྗེས་གཞིག་གིས་ལྷ་སྣང་འོད་གསལ་དུ་བཅུག །སྟོང་པའི་ངང་ལས་སྐད་ཅིག་གིས་རང་ལུས་ཡེ་ཤེས་ཀྱི་རལ་གྲི་སྔོ་སང་མེ་འབར་བ། ཡུ་བ་གསེར་གྱི་ས་གཞི་ལ་ཐུག་ཅིང་རྩེ་མᨖ་ཚངས་པའི་འཇིག་རྟེན་ཏུ་སླེབ་པ། ནང་སྟོང་སང་ངེ་བའི་དབུས་སུ་རང་སེམས་ཧཱུྃ་སྔོན་པᨖར་གསལ་བ་ལ་ཅི་གནས་སུ་མཉམ་པར་བཞག །མཐར་སྟོང་པར་བསྡུས་ཏེ་ཐུན་མཚམས་ཀྱི་ལྷ་སྐུར་ལངས་ལ་གནས་གསུམ་སྲུང་བ་སᨖགས་སྤྱི་ལྟར་རོ། །དྲག་ལས་དང་གྲལ་དཔᨖན་བྱེད་པ། ཕྱོགས་ངན་ཏུ་འགྲᨖ་བ་སᨖགས་དགོས་པ་དམིགས་སུ་བསལ་བ་ཡོད་ན་རང་ལུས་རལ་གྲིར་བསྒོམ་བཞིན་པས་བྱ་བ་བྱས་ན་བར་ཆད་དང་ཕྱོགས་ངན་ལ་སᨖགས་པའི་གནོད་པ་གང་གིས་མི་ཚུགས་ཤིང༌། ལར་སྦ་བ་གསུམ་ཚང་བའི་གདམས་ངག་འདི་ཤིན་ཏུ་ཟབ་པ་ཡིན་གསུངས་སᨖ། །གཉིས་པ་ཐུན་མᨖང་མ་ཡིན་པའི་རྣལ་འབྱོར་ཆོས་དྲུག་ལ། དང་པᨖ་བདེ་དྲོད་གཏུམ་མᨖའི་རྣལ་འབྱོར་ལའང་གསུམ། སྦྱོར་བ། དངོས་གཞི། རྗེས་སᨖ། །དང་པᨖ་ནི། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲᨖ་བས། ལུས་གནད་མེ་ཐབ་དྲུག་ཆིངས་བྱ་སྟེ། རྐང་པ་བᨖལ་གོང་བསྣོལ་ལ་ཙོག་པུར་སྒྱེད་པུ་ལྟར་གཟུག །ལག་གཉིས་ཞག་པ་ལྟར་བསྡམ། མགོ་བᨖ་ཕྲུ་བ་ལྟར་དབུབ། སྒལ་ཚᨑགས་མདའ་ལྟར་བསྲང་སྟེ་གཡོ་འགུལ་མེད་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། རླུང་གི་རྣལ་འབྱོར་དང༌། གཏུམ་མᨖའི་རྣལ་འབྱོར་རོ། །དང་པᨖ་ཁྱབ་བྱེད་རླུང་གི་རྣལ་འབྱོར་ལ་བསླབ་པ་ནི། རང་མི་གཡོ་བར་ལམ་གྱིས་གསལ་བའི་སྐུའི་ནང་དར་སྔོན་གྱི་གུར་ཕུབ་པ་ལྟ་བུ་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་རྐང་མཐིལ་གཉིས་སུ་མེ་རླུང་གི་ངོ་བᨖ་རང་རིག་དམར་ལྗང་རེ་རེ་གསལ་གདབ། རླུང་རོ་བུས། སྟེང་རླུང་དལ་གྱིས་རྔུབ། འོག་རླུང་བསྐུམ་པ་དང་རྐང་མཐེབ་གཉིས་ཅུང་ཟད་བསྐྱོད་པའི་རྐྱེན་གྱིས་རམ་གཉིས་ལས་མེ་རླུང་ནར་གྱིས་བྱུང༌། བརླའི་རྩ་བᨖ་ཆེ་བརྒྱུད་དེ་ལྟེ་འོག་ཏུ་སླེབ་པ་དང༌། སྲོག་རྩོལ་ཐུར་སེལ་བཅས་ལྷན་ཅིག་ཏུ་འཛོམ་པ་ལ་ཤེས་པ་གཏད་དེ་དགང་ཞིང་གཞིལ། མི་ཐུབ་ཙ་ན་དལ་བུས་སངས་ཀྱིས་བུས། དེ་ལྟར་སྦྱོར་བ་བཞི་ལྡན་གྱིས་རླུང་འབྱོངས་པའི་རྟགས་མ་བྱུང་བར་བསྒོམ། གནད་ཕྲ་མᨖ་ནི། ཞལ་དང་ཕྱག་ལེན་ལས་ཤེས་སᨖ། །གཉིས་པ་ཁྱབ་བྱ་གཏུམ་མᨖའི་རྣལ་འབྱོར་ལ་གསུམ། དྲོད་ཀྱི་རྣལ་འབྱོར་དང༌། བདེ་བའི་རྣལ་འབྱོར་དང༌།  
མི་རྟོག་པའི་རྣལ་འབྱོར་རོ། །དང་པᨖ་ནི། པུས་འཁྱུད་བཅུག་ལ་ཉྭ་བཞི་བསྒྲིམ་པ་སᨖགས་ལུས་གནད་སྔར་ལས་གྲིམས་ཆ་ཆེ་བར་བྱ། སྟོང་ར་གསལ་གདབ། ལྟེ་འོག་སᨖར་བཞིར་ཆོས་འབྱུང་དམར་ནག་ཟུར་དྲུག་པའི་དབུས་སུ་ཨ་ཤད་དམར་པᨖ་གསལ། རླུང་རོ་བུས། རླུང་སྔར་བཞིན་བཟུང་བས་རྐང་མཐིལ་གྱི་རཾ་ལས་མེ་བྱུང༌། སུམ་མདᨖར་འདྲེས་པས་ཆོས་འབྱུང་དྲོས། ཨ་ཤད་ལས་མེ་འབར་བའི་དྲོད་ཀྱིས་ལྟེ་བའི་འཁᨖར་ལོ་ནས་རིམ་པར་དྲོད་ཚ་འུར་གྱིས་བྱུང་བར་མᨖས་ལ་ཐུན་བཞི་སᨖགས་སུ་བརྩོན་འགྲུས་བསྐྱེད་དེ་ལུས་ལ་དྲོད་མ་སྐྱེས་ཀྱི་བར་དུ་བསྒོམ། གཉིས་པ་ནི། སྟོང་རའི་དབུས་སུ་རྩ་དབུ་མ་གྲᨖ་སᨖག་འབྲིང་པᨖའི་ཚད་ཙམ་པ། མཚན་ཉིད་བཞི་ལྡན། ཡར་སྣེ་ཚངས་བུག་དང་མར་སྣེ་གསུས་པའི་གཉེར་པᨖ་ཆེར་སླེབ་པའི་གཡས་སུ་རོ་མ་དམར་མᨖ་དང་གཡོན་དུ་རྐྱང་མ་དཀར་མᨖ་གཉིས་དབུ་མ་ལས་བལྡབ་འགྱུར་གྱིས་ཕྲ་བ། ཡས་སྣ་སྤྱི་བᨖ་ནས་སྣ་བུག་གཉིས་དང༌། མས་སྣ་ལྟེ་འོག་ནས་དབུ་མའི་མར་སྣེར་ཆུད་པ། དབུ་མའི་ཡར་སྣེར་ཧཾ་དཀར་པᨖ་མགོ་བᨖ་ཐུར་བསྟན་ཕྱེད་ནུབ་ཙམ། མར་སྣེར་ཨ་དམར་པᨖ་མགོ་གྱེན་བསྟན་ཕྱེད་ནུབ་ཙམ། ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་འཁᨖར་ལོ་དམར་པᨖ་རྩིབས་དྲུག་པའི་ལྟེ་བར་ཧཱུྃ་དམར་པᨖ། རྩིབས་དྲུག་ལ་ཨ་ཤད་དམར་པᨖ་རེ་རེ། མར་སྣའི་ཨའི་སྟེང་ཐད་དུ་རམ་དམར་པᨖ་ཞིག་བསམ། རླུང་རོ་བསལ། རླུང་ཁ་སྦྱོར་དུ་བཟུང་བས་ཨ་བསྐུལ། རཾ་ལས་མེ་ཟངས་ཁབ་ལྟ་བུ་གྱེན་ཏུ་འབར་བས་
འཁᨖར་ལོ་གཡས་སུ་དྲག་ཏུ་བསྐོར། ཧཱུྃ་ཡིག་ཨ་ཤད་དང་བཅས་པ་ལས་མེ་འབར་བ། རྣོ་བ། མྱུར་བ། ཚ་བ། འུ་རུ་རུ་འབར་བ་ལ་དམིགས་པ་གཏད་དེ་དྲག་ལ་ཡུན་ཐུང་དུ་སྦྱང༌། ལུས་སྟོད་ཚད་པའི་ཡུལ་ཡིན་པས་མ་འབྱོང་བར་དུ་ཐོག་མ་ནས་མེ་དམིགས་རིགས་སྟོད་དུ་མི་བྱ་གསུངས། རླུང་གཏོང་བའི་ཚེ་དབུ་མ་ནས་ཡར་སᨖང་བར་བསམ་ལ་ནས་དབྱིབས་སུ་གཏང༌། ཐུན་འཇོག་དུས་མེ་རྣམས་རཾ་ལ་བསྡུ། ཐུན་རེ་རེ་ལ་བུམ་པ་ཅན་ཅི་ནུས་ཁམས་དང་སྦྱར་ནས་བརྩོན་པས་དེ་ལ་བརྟན་པ་ཐོབ་པ་ན་མེ་ལྕེ་རིམ་པར་བསྲིང་སྟེ་སྙིང་ག་ཙམ་དུ་སླེབ་པ་དང༌། སྤྱི་བᨖའི་ཧཾ་གཡོས། བདེ་བ་སྐྱེས་པར་མᨖས། སྔ་མ་ལ་བརྟན་པ་ཐོབ་ནས་ཕྱི་རིམ་བཞིན་འབར་འཛག་བྱ་བ་རིགས་འགྲེ་བས། མེ་མགྲིན་པར་སླེབ་པ་དང་ཧཾ་དྲོས། བདེ་བ་ཆེར་སྐྱེས། སྤྱི་བᨖར་སླེབ་པ་དང་ཧཾ་ཞུ་ལ་ཁད་ལྟ་བུར་གྱུར། བདེ་བ་དེ་ལས་ཀྱང་ཆེ་བར་སྐྱེས། མེ་ལྕེས་ཧཾ་ལ་རེག་མ་ཐག་ཏུ་ཐིགས་པ་གཅིག་འཛག །མེ་ཐུར་དུ་དེད། ཧཱུྃ་ལ་ཐིམ། བདེ་བ་ཚད་མེད་སྐྱེས། ཐིགས་པས་ཧཱུྃ་ལ་རེག་མ་ཐག་མེ་སྔ་མ་ལས་ཀྱང་ཆེར་འབར། སྤྱི་བᨖའི་བར་དུ་སᨖང་བ་སᨖགས་འབར་འཛག་འབྲོས་འདེད་མའི་དམིགས་པ་དང༌། མཐར་བདེ་དྲོད་ཀྱིས་ལུས་ཐམས་ཅད་ཀྱང་ཁྱབ་པ་ལ་སེམས་གཏད་དེ་བསྒོམ་མᨖ། །གསུམ་པ་ནི། དེ་དག་གི་སྐབས་སུ་དྲོད་དང་བདེ་བ་དངོས་སུ་སྐྱེས་ན་དེ་ལ་ཞེན་འཛᨑན་མ་ཞུགས་པར་མི་རྟོག་པས་ལམ་དུ་བྱེད་ཅིང་སྟོང་པས་རྒྱས་གདབ་སྟེ་གཉིས་སྣང་ཆོས་ཉིད་ཀྱི་
ངང་དུ་ནུབ་པ་ལ་བརྩོན་པར་བྱའོ། །གསུམ་པ་རྗེས་ནི། སྤྱོད་ལམ་ཐམས་ཅད་དུ་སྔགས་སྤྱི་དང་། ཁྱད་པར་གཏུམ་མᨖའི་དམ་ཚᨑག་ལ་གནས་ཤིང་བདེ་དྲོད་ཀྱི་ཉམས་དང་མ་བྲལ་བར་འཇམ་རླུང་བཟུང་ལ་གཏུམ་མᨖ་ཟས་སུ་ཟ། ལུས་གདན་གོས་སᨖགས་མེར་བསམ་པ་དང༌། ཉལ་བའི་ཚེ་ཡང་ཁྱི་ཉལ་སྒོར་མᨖའམ། ཡང་ན། སེང་གེའི་ཉལ་སྟབས་ཀྱིས་རྟིང་པ་གཡས་པས་འོག་སྒོ་དགག །དབུགས་ཤ་དབྲག་ཏུ་འོང་བར་བྱས་ཏེ་གོས་སུ་གྱོན༑ འགྲᨖ་བའི་ཚེ་རྡོ་སྤར་བར་ཚུད་ཙམ་པ་བཅངས། རླུང་རོ་བསལ་ཏེ་སྟེང་རླུང་རན་ཙམ་མནན་པ་ནི་རྟ་རུ་ཞོན་པའོ། །དེ་ལྟར་བསྒོམས་པས་དང་པᨖ་དྲོད་སྐྱེ། དེ་ལ་བརྟེན་ནས་བདེ་བ། ཟུང་དུ་འཇུག་པ་ལས་མི་རྟོག་པ་སྐྱེ། དེ་གནད་ཀྱིས་ཟིན་པས་འོད་གསལ་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ་འཆར་བར་འགྱུར་རོ། །གཉིས་པ་ཚོད་འཛᨑན་རྨི་ལམ་རྣལ་འབྱོར་ལ་གཉིས། བཟུང་བ་དང༌། ལས་ལ་སྦྱར་བའོ། །ཐོག་མར་བཟུང་བ་ལའང་གསུམ་སྟེ༑ དང་པᨖ་ཁ་ཟས་རན་ཅིང་གོས་སྲབ་ལ་མལ་བདེ་བར་བྱ། བླ་མ་དཀོན་མཆོག་ལ་མཆོད་པ་འབུལ་ཞིང་རྨི་ལམ་ཟིན་པ་དང་འབྱོང་བའི་གསᨖལ་བ་དྲག་ཏུ་གདབ། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་པᨖ་བཏང༌། ནུས་ན་ཙོག་པུ་དང་མི་ནུས་ན་སེང་གེའི་ཉལ་སྟབས་བྱ། རང་ཡི་དམ་དུ་གསལ་བའི་སྨིན་མཚམས་སུ་སའི་ཐིག་ལེ་སེར་པᨖ་སྲན་མའི་གའུ་ཙམ་པ། ཕྱེད་ནང་དུ་ནུབ་ཅིང་ཕྱེད་ཕྱིར་མངོན་པ་ལ་སེམས་གཏད་
དེ་གཉིད་ལོག་པས་ཟིན་ནོ། །དེས་མ་ཟིན་ན་ཆུའི་ཐིག་ལེ་དཀར་པᨖ། དེས་ཀྱང་མ་ཟིན་ན་མེའི་ཐིག་ལེ་དམར་པᨖ། དེ་ལའང་མ་ཟིན་ན་རླུང་གི་ཐིག་ལེ་སྔོ་སྐྱ་ལ་སེམས་གཏད། དེ་རྣམས་ཀྱིས་མ་ཟིན་ན་གཉིས་པ་འདུན་པ་དྲག་ཏུ་བྱ་བ་སྟེ། ཉིན་པར་གྱི་སྣང་བ་ཐམས་ཅད་རྨི་ལམ་ཡིན་སྙམ་པ་དང༌། ངག་ཏུའང་ང་གཉིད་དུ་སᨖང་བའི་རྨི་ལམ་དུ་འདུག་ཅེས་པ་ལ་སᨖགས་པ་བརྗོད་ཅིང༌། ཅིས་ཀྱང་མ་འཁྲུལ་བར་བྱ་སྙམ་པ་ལ་སᨖགས་པའི་དྲན་འདུན་དྲག་པᨖ་རྒྱུན་ཆད་མེད་པ་བྱས་པས་ངེས་པར་ཟིན་ནོ། །ད་དུང་ཡང་མ་ཟིན་ན་གསུམ་པ་དམིགས་པ་སྤོག་ཆོག་གི་གནད་ནི། དྲན་འདུན་སᨖགས་སྔར་ལྟར་ལ་ཉལ་ཁར་སྙིང་པདྨ་འདབ་བཞིའི་དབུས་སུ་ཟླ་བ་ལ་ཧཱུྃ། མདུན་ཏུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་ཏུ་ར་རྣམས་སྔོ་སྐྱ་དྭངས་པར་བསམ་ལ་སེམས་ཡུན་རིང་གཏད། ཉལ་ཁར་ཐོག་མར་ཧཱུྃ། དེ་ནས་ཨ་སᨖགས་གཡས་བསྐོར་གྱིས་གཉིད་དུ་འགྲᨖ་ཁར་ར་ལ་སེམས་གཏད་དེ་ཉལ་བས་ངེས་པར་ཟིན་པར་འགྱུར་རོ། །གཉིས་པ་སྦྱོང་སྤེལ་སྤྲུལ་བསྒྱུར་ཞིང་ཁམས་ལྟ་བ་སᨖགས་རྒྱས་པར་ཆོས་དྲུག་གཞན་དང་མཐུན། མདᨖར་བསྡུ་ན། ཟིན་པ་ལ་བརྟན་པ་མ་ཐོབ་བར་དུ་འོག་མ་བརྩམ་ཡང་དᨖན་མི་འགྲུབ་ཅིང༌། ནམ་བཟུང་བའི་ཚེ་ཟིན་པ་རྩལ་སྦྱོང་གཅིག་ལས་མང་པᨖར་སྤེལ་བ། མང་པᨖ་གཅིག་ཏུ་སྡུད་པ། རང་ཉིད་དངོས་པᨖ་དང་སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་སᨖགས་སུ་སྤྲུལ་པ་དང༌། ཕོ་རྨིས་ན་ཐུགས་རྗེ་ཆེན་པᨖའམ་མི་གཡོ་བ། མᨖ་སྒྲོལ་མ།
ཆུར་བྱིང་ན་ས་གཞི། ཐོག་བབ་ན་མེ་ཏོག་གི་ཆར་པ། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར་བ་སᨖགས། ཁྱུང་དུ་སྤྲུལ་ནས་འཕུར་ཏེ་དག་པའི་ཞིང་ཁམས་ལྟ་བ་ལ་སᨖགས་པ་གང་འདᨖད་དུ་བསླབ་བᨖ། །ཁྱད་པར་རྨི་ལམ་ངོས་ཟིན་པ་ན་ཉིན་པར་གང་ལ་གོམས་པའི་དགེ་སྦྱོར་དང་བསྲེ་བ་གནད་དུ་བསྣུན་པ་དང༌། རྨི་ལམ་གྱི་ལུས་སྒྱུ་མ་ལྟ་བུའི་ལྷ་སྐུའི་སྦྱོང་བ་ལ་གཙོ་བᨖར་བྱེད་ཅིང༌། ཆོས་ཐམས་ཅད་རང་བཞིན་མེད་པར་ལྟ་བའི་ཐོག་ནས་རྨི་ལམ་གྱི་དེ་ཁᨖ་ན་ཉིད་ཤེས་པ་ཞིག་ངེས་པར་གལ་ཆེ་སྟེ། དགེ་སྦྱོར་འདིའི་གྲུབ་དᨖན་གཉིད་ཀྱི་སྟོང་པའི་འོད་གསལ་ལས་རླུང་སེམས་ཙམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུ་སྐད་ཅིག་གིས་ལྡང་བ་གོམས་པས། འཆི་སྲིད་འོད་གསལ་ལས་རླུང་སེམས་ཙམ་གྱི་བར་སྲིད་འཆར་བ་དེ་སྒྱུ་མའི་སྐུར་ལྡང་བར་འགྱུར་བའི་ཆེད་དུ་བཤད་པས་སᨖ། །གསུམ་པ་ཀུན་རྫོབ་སྒྱུ་ལུས་ཀྱི་རྣལ་འབྱོར་ལ། སྒོམ་དᨖན་དམིགས་པའི་གནད་དང༌། ངོ་སྤྲོད་པའོ། །དང་པᨖ་ལ་གཉིས། མ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ་དང༌། དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བའོ། །དང་པᨖ་ནི། རང་གི་མདུན་ཏུ་མེ་ལོང་གཡའ་མེད་པ་མཐོ་སྐོར་ལས་མི་ཆུང་བ་ཞིག་བཞག །དེ་དང་རང་གི་བར་དུ་ཆུ་སྣོད་དྭངས་པ་ཞིག་ཀྱང་བཞག་པས་བ་སྤུའི་བུ་ག་ཚུན་ཆད་གསལ་བའི་དགོས་པ་ཡོད་གསུངས། དེ་ནས་མེ་ལོང་དུ་འཆར་བའི་རང་གི་གཟུགས་བརྙན་ལ་མིག་དང་སེམས་ཡུན་རིང་དུ་ཆེ་རེ་གཏད། དེ་དང་རང་ལུས་ཕར་བསྲེ། ཉམས་ཤར་བ་དེ་ཉིད་
རང་ལུས་དང་ཚུར་བསྲེས་ཏེ་དབྱེར་མེད་དུ་བྱས་ལ་བསྒོམ། སྒྱུ་མའི་ཉམས་འབྱོངས་ན་ཐོག་མར་མེ་ལོང་གི་གཟུགས་བརྙན་ལ་བསྟོད་སྨད་སྣ་ཚོགས་བྱེད་པར་བསམ། དེ་ལ་ཆགས་སྡང་མི་འདུག་ན་རང་ཐོག་ཏུ་ལེན། དེ་ལའང་དགའ་མི་དགའ་མེད་པར་མགོ་སྙོམས་ན་དངོས་སུ་ཚོགས་པ་མང་པᨖའི་གསེབ་སᨖགས་སུ་བརྟུལ་ཞུགས་སྦྱོང་ལ་སྦྱང་། དེ་ལའང་ཆགས་སྡང་མི་སྐྱེ་བར་མཉམ་ཁད་དེ་སᨖང་ན་འབྱོངས་པའོ། །གཉིས་པ་ནི། མེ་ལོང་ཆུ་སྣོད་སᨖགས་སྔར་ལྟར་ལ། ཡི་དམ་གྱི་སྐུ་བརྙན་ཕྱག་མཚན་སᨖགས་གཡས་གཡོན་གོ་ལྡོག་པ་ཞིག་རང་གི་རྒྱབ་ཏུ་བཤམས་ནས་གཟུགས་བརྙན་མེ་ལོང་ལ་འཆར་བ་བྱས། དེ་ལ་མིག་ཡིད་གཏད་དེ་སྣང་ཡང་བདེན་པར་མ་གྲུབ་པའི་སྒྱུ་མ་ལ་ངེས་ཤེས་བསྐྱེད་དེ་ཡུན་རིང་དུ་བསྒོམ། དེ་ལ་སེམས་ཟིན་ནས་ལྷ་སྐུ་དེ་རང་དང་མེ་ལོང་གི་བར་དུ་ཡོད་པར་བསྒོམ་ལ་སྒྱུ་མར་སྦྱང༌། གོམས་ནས་དེ་ཉིད་རང་ལུས་དང་བསྲེས་ཏེ་རང་ལུས་ལྷ་སྐུ་སྣང་སྟོང་སྒྱུ་མ་གཟུགས་བརྙན་ལྟ་བུ་བསྒོམས་པས། འབྱངས་པའི་རྟགས་ཁྱད་པར་གསུམ་ལྡན་ཏུ་འབྱུང་སྟེ། སྐུ་མདᨖག་བར་སྣང་ལ་འཇའ་ཚོན་ཤར་བ་ལྟ་བུ་སྣང་ལ་རང་བཞིན་མེད་པ། རྒྱན་ཆ་ལུགས་མེ་ལོང་ངོས་སུ་གཟུགས་བརྙན་ཤར་བ་ལྟ་བུ་གསལ་ལ་མ་འདྲེས་པ། སྣང་ཚུལ་ཆུ་ནང་ཟླ་བ་ཤར་བ་ལྟ་བུ་ཡུལ་ཐམས་ཅད་ལ་ཁྱབ་པ་སྟེ། དེ་ལྟར་འབྱངས་ནས་སྣང་བ་ཐམས་ཅད་ལ་བསྲེ་ཞིང་འབྱངས་པར་མ་གྱུར་བར་བསྒོམ་མᨖ། །གཉིས་པ་ནི། རིམ་ལྔ་ལས།  
མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་བྱ། །ཁ་དᨖག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བའོ། །ཞེས་པས། སྣང་ཙམ་ནས་བདེན་པས་སྟོང་པའི་གསལ་སྣང་ཁྱད་པར་ཅན་ལ་སྒྱུ་ལུས་ཞེས་བྱ་ཞིང༌། དེ་ལམ་དུ་བྱེད་པ་ན། འཁᨖར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མའི་རང་གཟུགས་སུ་སྣང་བ་ནི་ཚᨑག་དᨖན་གྱི་སྒྱུ་ལུས་ཏེ་ཐོས་པས་གཏན་ལ་དབབ། ཡུལ་སྣང་དང་ཐ་མལ་གྱི་ལུས་ངག་ཡིད་གསུམ་སྒྱུ་མར་སྦྱོང་བ་ཕར་ཕྱིན་དང་ཐུན་མᨖང་བ་མ་དག་པའི་སྒྱུ་ལུས་དང༌། དེ་དག་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམ་པ་རྡོ་རྗེ་ཐེག་པ་ཐུན་མᨖང་མ་ཡིན་པ་དག་པའི་སྒྱུ་ལུས་ཏེ། སྤྱི་དᨖན་གྱི་སྒྱུ་ལུས་དེ་དག་བསྒོམས་པས་ཉམས་སུ་མྱོང་བས། མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུར་ངང་གིས་ལྡང་ནུས་པ་སྦས་དᨖན་གྱི་སྒྱུ་ལུས་ཀྱིས་མཚམས་སྦྱར་ནས་རྩ་རླུང་ཐིག་ལེ་སྒྲིབ་བྲལ་དུ་དག་པས་འཇའ་ལུས་སྒྱུ་མའི་སྐུ་ཅན་སློབ་པའི་ཟུང་འཇུག་རྒྱུ་དང༌། འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ལས་ཉོན་རྩ་བ་ནས་སྦྱངས་ཏེ་དྲི་བྲལ་སྒྱུ་མའི་ལོངས་སྐུ་མི་སློབ་པའི་ཟུང་འཇུག་འབྲས་བུའི་ཚུལ་གྱིས་འཐོབ་པར་འགྱུར་བ་ནི་མཐར་ཐུག་གི་སྒྱུ་ལུས་སᨖ། །བཞི་པ་དᨖན་དམ་འོད་གསལ་གྱི་རྣལ་འབྱོར་ལ་གཉིས། དངོས་དང་། ཞར་བྱུང་ངོ༌། །དང་པᨖ་ལའང་། བསྒོམ་དᨖན་དང་། ངོ་སྤྲོད་དᨖ། །དང་པᨖ་ལ། རིལ་འཛᨑན་དང་། རྗེས་གཞིག་གཉིས་ཀྱི། དང་པᨖ་རིལ་འཛᨑན་གྱི་འོད་གསལ་ལ་བསླབ་པ་ནི། རང་ལྷར་
གསལ་བའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ལུས་ཐམས་ཅད་གང༌། ལྷ་སྐུ་དེ་ཉིད་སྟོད་ནས་སྨད་དང༌། སྨད་ནས་སྟོད་དུ་འདུས་ཏེ་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ཡང་ཞབས་ཀྱུ་ཧ་ཡིག་ལ། ཧ་མགོ་བᨖ་ལ། མགོ་བᨖ་ཟླ་ཚེས་ལ༑ ཟླ་ཚེས་ཐིག་ལེ་ལ། དེའང་ནང་ཤིན་ཏུ་ཕྲ་བར་བསྡུས་ཏེ་སེམས་ཡུན་རིང་དུ་བཟུང༌། མཐར་དེ་ཡང་ཡལ་བར་མᨖས་ལ་རྟོག་མེད་ཀྱི་འོད་གསལ་ལ་ཅི་གནས་སུ་མཉམ་པར་བཞག་སྟེ། དེ་ལྟར་ཡང་ཡང་བསྐྱར་ལ་སྦྱོང་ངོ༌༑ ༑གཉིས་པ་ནི། རང་ལྷའི་སྐུ་སྔར་བཞིན་གསལ། སྣོད་དང་བཅུད་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ཡལ་བ་ལྟར་དུས་གཅིག་ཏུ་འོད་དུ་ཞུ་ནས། རང་ཡང་ཧཱུྃ་ལ་བསྡུ་བ་སᨖགས་གོང་བཞིན་བྱ། འོད་གསལ་མི་ཟིན་པའི་རྒྱུ་སྤང་ཞིང་ཟིན་པའི་རྒྱུ་བསྒྲུབ་ལ་དེ་ལྟར་ཡང་ནས་ཡང་དུ་བསྒོམ་ཞིང༌། ཁྱད་པར་གཉིད་དུ་འགྲᨖ་ཁར་ནན་ཏན་ཏུ་བསྒོམས་པས་སྲབ་མཐུག་གི་འོད་གསལ་གང་རུང་ཟིན་ཅིང་རིམ་པར་ཇེ་བརྟན་ཏུ་འགྲᨖའོ། །གཉིས་པ་ནི། རྒྱུད་བླར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་ཏུ་འགྱུར་མེད་དᨖ། །ཞེས་གཟོད་མ་ནས་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བའི་ཆོས་ཁམས་ཉིད་འོད་གསལ་གྱི་མཚན་ཉིད། དེ་ལམ་དུ་བྱེད་པ་ན། ཚᨑག་གི་དᨖན་གནས་ལུགས་གཞིའི་འོད་གསལ་དེ་ཉིད་ལུང་རིགས་ཀྱིས་དཔྱད་པ་དང་ཉམས་མྱོང་གི་སྟོབས་ཀྱིས་ཆོས་ཐམས་ཅད་སྐྱེ་མེད་སྟོང་ཉིད་དུ་རྟོགས་པ་ཕར་ཕྱིན་དང་ཐུན་མᨖང་བའི་སྤྱི་དᨖན་གྱི་འོད་གསལ། རིལ་འཛᨑན་རྗེས་གཞིག་གང་རུང་གིས་ཆོས་ཐམས་ཅད་འོད་གསལ་དུ་འཇུག་པ་རྡོ་རྗེ་ཐེག་པ་ཐུན་མᨖང་མིན་པའི་སྤྱི་དᨖན་གྱི་འོད་གསལ་གོམས་ཤིང་འདྲིས་པ་ལས། རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ་ལས་བྱུང་བའི་དཔེའི་ཡེ་ཤེས་མྱོང་ཐོག་ཏུ་རང་ངོ་འཕྲོད་པ་སྦས་དᨖན་གྱི་འོད་གསལ་གྱིས་མཚམས་སྦྱར་ནས། ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་སློབ་པའི་གནས་སྐབས་དང༌། ཆོས་ཐམས་ཅད་ཡེ་ཤེས་སུ་རྫོགས་ཏེ་འོད་གསལ་མ་བུ་འདྲེས་པས་ཆོས་སྐུ་ཀློང་འབྱམས་སུ་གྱུར་པ་ནི་མི་སློབ་པའི་གནས་སྐབས་ཏེ་མཐར་ཐུག་གི་འོད་གསལ་ལོ། །ཁྱད་པར་ལམ་སྒོམ་པའི་ཚེ་སྲབ་མཐུག་ཉམས་རྟོགས་ཀྱི་འོད་གསལ་འཆར་ཚུལ་སᨖགས་དབྱེ་བ་ཕྲ་མᨖ་ནི་གཞན་ལས་ཤེས་པར་བྱའོ། །གཉིས་པ་ཞར་བྱུང་ཟུང་འཇུག་གི་རྣལ་འབྱོར་ལ་བསླབ་པ་ལ་གཉིས་ཏེ། བསྒོམ་དᨖན་དང༌། ངོ་སྤྲོད་དᨖ། །དང་པᨖ་ནི། དེའང་གོང་སྨོས་དག་པའི་སྒྱུ་ལུས་དང་འོད་གསལ་དག་གི་གྲུབ་དᨖན་གྱི་ཚུལ་དུ་འབྱུང་བ་སྟེ། མཉམ་བཞག་ཏུ་ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་ལ་བློ་བཞག་པའི་སྣང་ཆ་དེ་དང༌། དེ་ཉིད་དམིགས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཀྱི་ངང་དུ་བསྡུས་པའི་སྟོང་ཆ་དེ་ཉིད། རྗེས་ཐོབ་ཏུ་ཟུང་དུ་འཇུག་པའི་ཚུལ་གྱིས། རྟོག་མེད་ཀྱི་འོད་གསལ་དེ་ལས་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་
རང་ཤར་བ་ལ་བསླབ་པ་ལ་སྐབས་འདིར་ཟུང་འཇུག་གི་བརྡར་བཞག་གོ །གཉིས་པ་ནི། བདེན་གཉིས་དབྱེར་མེད་ཚᨑག་དᨖན་གྱི་ཟུང་འཇུག་ཐོས་པ་ལ་བརྟེན་ནས། སྟོང་དང་རྟེན་འབྱུང་དབྱེར་མེད་དུ་རྟོགས་པ་ནི་ཕར་ཕྱིན་པའི་སྤྱི་དᨖན་དང༌། རིལ་འཛᨑན་རྗེས་གཞིག་གང་རུང་ལས་ལྷ་སྐུར་ལྡང་བ་སྔགས་ཐུན་མིན་གྱི་སྤྱི་དᨖན་གྱི་ཟུང་འཇུག་སྟེ། དེ་ལས་རླུང་དབུ་མར་ཐིམ་པའི་སྟོང་པ་བཞི་བསྐྱེད་ནུས་པ་ནས་དཔེའི་འོད་གསལ་དང་སྦས་དᨖན་གྱི་སྒྱུ་ལུས་ཐོབ་སྟེ། རླུང་སེམས་ལྷ་སྐུ་སྣང་སྟོང་དུ་ལྡང་བ་སྦས་དᨖན་གྱི་ཟུང་འཇུག་དང༌། ས་དང་པᨖ་ནས་བཅུ་གཉིས་པའི་བར་སློབ་པའི་ཟུང་འཇུག་བཅས་གྲུབ་ནས། མཐར་དག་པ་གཉིས་ལྡན་གྱི་ཡུལ་དང་ཡུལ་ཅན་གྱི་འོད་གསལ་བརྟེན་པ་ཆོས་ཀྱི་སྐུ་དང༌། རླུང་སེམས་ཙམ་ལས་གྲུབ་པའི་རྟེན་གཟུགས་སྐུ་ལོངས་སྤྱོད་རྫོགས་པ་གཉིས་ཀྱང་ངོ་བᨖ་གཅིག་ལ་ལྡོག་པས་ཐ་དད་དུ་དབྱེ་བ་ཡེ་ཤེས་ཀྱི་སྐུ་ནི་མཐར་ཐུག་གི་ཟུང་འཇུག་སྟེ། དེ་ལྟར་ན། སྒྱུ་ལུས་འོད་གསལ་ཟུང་འཇུག་རྣམས་ཐོག་མར་ཚᨑག་དᨖན་ལ་བརྟེན་ནས་ཤེས་རབ་ཁྱད་པར་ཅན་གྱིས་སྤྱི་དᨖན་ཉམས་སུ་བླངས་ཤིང༌། ཐབས་ཁྱད་པར་ཅན་རླུང་དང་གཏུམ་མᨖའི་རྣལ་འབྱོར་སᨖགས་ཀྱིས་བསྐྱངས་པས་སྦས་དᨖན་འགྲུབ། དེ་ལས་སློབ་པ་དང་མི་སློབ་པ་མངོན་ཏུ་འགྱུར་བ་ནི་ནང་གི་ས་ལམ་བགྲᨖད་པ་ཞེས་བྱའོ། །ལྔ་པ་ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་ལ་གཉིས། སྦྱང་བ་དང༌། ལས་ལ་སྦྱར་བའོ། །དང་པᨖ་ལ་གསུམ། སྐུ། གསུང་།  
ཐུགས་ཀྱི་འཕོ་བའོ། །དང་པᨖ་ལུས་གནད་དང་ལྡན་པས་རང་ལྷར་གསལ་བའི་སྟོང་རའི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་ཡར་སྣེ་ཚངས་བུག་ཏུ་ཐུག་པ་ལ་ཧཾ་མགོ་བᨖ་ཐུར་བསྟན་གྱིས་བཀག་ཅིང༌། མར་སྣེ་ལྟེ་འོག་ཏུ་ཕུག་རྡུགས་སུ་ཡོད་པ། སྙིང་གར་སྨྱུག་མའི་ཚᨑགས་འགག་པ་ལྟ་བུའི་པདྨའི་གདན་གྱི་སྟེང་དུ་རང་གི་རླུང་སེམས་ཀྱི་ངོ་བᨖ་མི་གཡོ་བའི་སྐུ་ཚོན་གང་བ་འཕར་ཡེད་ཡེད་བྱེད་པའི་ཐུགས་ཀར་ཧཱུྃ་སྔོ་སྐྱ་སྤུས་བྲིས་པ་ལྟ་བུ་གསལ། དེ་ལས་འོད་ཟེར་འཕྲོས། བླ་མ་མི་གཡོ་བ་སྤྱན་དྲངས། རང་གི་སྤྱི་གཙུག་ཏུ་བཞུགས་པ་ལ་ཡིད་ཀྱིས་ཕྱག་མཆོད་འབུལ། ཡེ་ཤེས་གོང་འཕོར་འགྱུར་བའི་གསᨖལ་བ་འདེབས་ཤིང་མᨖས་གུས་དྲག་ཏུ་བྱ༑ འོག་སྒོ་འཐེན། ཚᨑགས་པ་བསྲང༌། ལག་པ་མཉམ་བཞག་ལྟེ་འོག་ཏུ་བཅའ། རླུང་རོ་བསལ་ལ། རླུང་ནང་དུ་མནན་པས་སྙིང་གའི་ཡི་དམ་ཅུང་ཟད་ཡར་བཏེགས་པར་བསྒོམ། དེ་བཞིན་བུམ་ཅན་ཁུག་པ་རེ་རེས་ཡར་ཡར་བཏེགས་ནས་མཐར་སྤྱི་བᨖའི་ཧཾ་ལ་རེག་རེག་འདུག་པར་མᨖས། སླར་སྙིང་ཁར་ཕབ་ལ་རླུང་བཏང་བ་བཅས་དེ་ལྟར་རྟགས་མ་ཐོན་གྱི་བར་དུ་འགྲᨖ་ལྡོག་སྤེལ་མར་སྦྱང༌། ཐུན་འཇོག་པའི་ཚེ་ཚངས་བུག་ཧཾ་གིས་བཀག །ཡི་དམ་སྙིང་གར་བརྟན་པར་བཞུགས་པར་མᨖས། གཉིས་པ་ནི། ལུས་གནད་རླུང་སྦྱོར་དང་ལྡན་པས་ཡི་དམ་ཝལ་གྱིས་བསྒོམ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་བརྗོད་པས། ཆོས་ཐམས་ཅད་སྒྲ་བརྙན་ཙམ་དུ་བསམ། ཕཊ་ཅེས་བརྗོད་པས་
སེམས་ཉིད་བྲག་ཆ་ཡལ་བ་ལྟ་བུར་བསམ། དགེ་བཤེས་སྣེ་ཟུར་བ་སྐུ་འདའ་ཁར། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཞེས་གསུང་ཞིང་ཅུང་ཞིག་བཞུགས་ནས། ཕཊ་ཅེས་གསུངས་ནས་སྤྱན་གྱེན་ལ་ཧྲིག་མཛད་ནས་གཤེགས། སྤྱི་བᨖའི་གཙུག་ཏུ་རླངས་པ་ཇ་ཁོག་ཁ་ཕྱེ་བ་ཙམ་བྱུང་སྐད། འདི་འཕོ་བ་ཁᨖ་ནར་མ་ཟད་མི་དང་མི་མ་ཡིན་གྱི་གནོད་པ་བར་ཆད་བྱུང་དུས་ཀྱང་བསྒོམ་པས་འཕྲལ་དུ་ཞི་བར་གསུངས་སᨖ། །གསུམ་པ་ནི། གཞན་སྔར་སྐུའི་འཕོ་བ་དང་ཁྱད་མེད་ཅིང་དམིགས་པའི་བསྒྱུར་སᨖ་སྙིང་ཁར་སྐུ་བསྒོམ་པའི་ཚབ་ཏུ། རླུང་སེམས་ཀྱི་ངོ་བᨖ་ཧཱུྃ་ཡིག་སྔོ་སྐྱ་འོག་ནས་ཧཾ་དམར་པᨖས་འདེགས་ཤིང༌། སྟེང་ནས་ཀ་དཀར་པᨖ་མགོ་ཐུར་བསྟན་གྱིས་གནོན་པའི་ཚུལ་དུ་བསམ། རླུང་བཟུང༌། ཡིད་ཀྱིས་ཀ་ཞེས་དལ་བུར་བརྗོད་པས་ཀས་ཡར་འཐེན། ཧི་ཞེས་དྲག་པᨖའི་ཚུལ་གྱིས་བརྗོད་པས་ཧིས་འཕུལ་ནས་རླུང་ཁུག་རེ་རེ་བཞིན་ཇེ་མཐོ་ཇེ་མཐོ། མཐར་ཧཾ་ལ་རེག་རེག་འདུག །ཀ་ཞེས་དྲག་པᨖར་ཡིད་ཀྱིས་བརྗོད་པས་དེས་གནོན་ཏེ་སྙིང་ཁར་བབ་པ་བསམ། འཕྲོས་སྔར་བཞིན་སྦྱང་ངོ༌། །གཉིས་པ་ནི། འཆི་བསླུ་སᨖགས་ཀྱིས་མི་ཟློག་པའི་འཆི་ལྟས་བྱུང་བ་ན། ཉེས་བྱས་ལ་བཤགས་སྡོམ། ལུས་ལོངས་སྤྱོད་མ་ཆགས་མ་ཞེན་པར་བླ་མ་དཀོན་མཆོག་ལ་ཕུལ་ཏེ་དག་པའི་ཞིང་ཁམས་སུ་འགྲᨖ་བའི་འདུན་པ་སྤྲོ་དུང་ངེ་བས། འཆི་བ་ལ་བབ་པ་ན། དམིགས་པའི་གནད་སྔ་མ་རྣམས་ལས་རང་གི་གོམས་ཆ་གང་ལ་ཆེ་ཞིང་སྐབས་
དེར་ཡིད་ཡུལ་དུ་འཆར་གང་བདེ་བ་ཞིག་ལ་གནད་དུ་བསྣུན། དེའང་སྐུ་དང་ཐུགས་གཉིས་ལ། སྐུ་དང་ཡིག་འབྲུ་དབུ་མའི་ཡར་སྣེའི་ཧཾ་ཡིག་ལ་བསྟིམ། དེ་ཉིད་སྐུའམ་ཡིག་འབྲུ་དང་དབྱེར་མེད་དུ་གྱུར་པ་སྤྱི་བᨖའི་ཡི་དམ་གྱི་ཐུགས་ཀར་རྒྱང་གིས་བསྟིམ། དེ་ཉིད་དག་པའི་ཞིང་དུ་གཤེགས་པའམ་མི་དམིགས་པར་འཇོག་པར་གང་བདེར་བྱའོ། །དྲུག་པ་བློ་ཆོད་བར་དᨖའི་རྣལ་འབྱོར་ལ་གཉིས། སྦྱང་བ་དང༌། ལས་ལ་སྦྱར་བའོ། །
དང་པᨖ་ནི། ཚོགས་དྲུག་གི་ཡུལ་དུ་སྣང་ཚད་ཐམས་ཅད་བར་དᨖ་ཡིན། དེའང་བདེན་པར་མ་གྲུབ་སྙམ་དུ་ངེས་ཤེས་བསྐྱེད་ལ་དྲག་ཏུ་བསྒོམ། བློ་འབྱངས་ནས་ངེས་པར་བར་དᨖ་ཡིན་སྙམ་དུ་ཐག་ཆོད་པ་ན། སྒྱུ་ལུས་འོད་གསལ་སᨖགས་རང་ཉིད་དགེ་སྦྱོར་གང་ལ་གོམས་པ་དེ་དང་བསྲེ་ནས་ལམ་དུ་ཁྱེར་ཞིང་གནད་དུ་བཏང་བར་བྱའོ། །གཉིས་པ་ནི། འཆི་བར་གཞིའི་འོད་གསལ་འཆར་བའི་སྐབས་ལམ་གྱི་འོད་གསལ་ལ་གོམས་པས་འོད་གསལ་མ་བུ་འཕྲོད་པར་མ་གྱུར་ན། སྲིད་པ་བར་དᨖའི་སྣང་བ་འཆར་བས་སྐབས་དེར་སྔར་གྱི་གོམས་སྟོབས་ཀྱིས་རྒྱུ་བྱས་ཏེ། བར་དᨖ་ལ་བར་དᨖ་ཡིན་པར་ཤེས་པའི་ཚེ་གོམས་འདྲིས་གང་ལ་ཆེ་བའི་དགེ་སྦྱོར་དང་བསྲེས་ཏེ་ལམ་དུ་བཏང༌། ཁྱད་པར་སྣང་བ་ཐམས་ཅད་མི་གཡོ་བའི་སྐུ། གྲགས་པ་ཐམས་ཅད་ཙཎྜ་མའི་སྔགས། དྲན་རྟོག་ཐམས་ཅད་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་རྒྱས་འདེབས་པ་དང༌། སྒྱུ་ལུས་བས་རྨི་ལམ་སྒྱུ་མ་ལྟ་བུར་བསྲེ་བ་རང་བྱིན་རླབས་ཀྱི་རྣལ་འབྱོར་བསྒོམ་པ་དང༌། འོད་གསལ་བས་རིལ་འཛᨑན་རྗེས་གཞིག་གང་རུང་གིས་མངོན་པར་བྱང་ཆུབ་པའི་རིམ་པ་བསྒོམ་པ་དང༌། ཡང་འཁྲུལ་སྣང་འཆར་བའི་ཚེ་ཟུང་འཇུག་གི་ལྷ་སྐུར་ལྡང་བ་སᨖགས་ཀྱིས་གྲᨖལ་འབྲས་མངོན་ཏུ་བྱེད་པར་འགྱུར་རོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས། དངོས་དང༌། ཞར་བྱུང་ངོ༌། །དང་པᨖ་ནི། མཚན་བཅས་མཚན་མེད་རྣལ་འབྱོར་གང་ལ་འཇུག་ཀྱང་ཐམས་ཅད་ཀྱི་རྗེས་ཐོག་ཏུ་བྱང་ཆུབ་སྤྱོད་པའི་སྨོན་ལམ་ཁྱད་པར་ཅན་མང་པᨖ་གདབ། འཁᨖར་གསུམ་ཡོངས་དག་གི་བསྔོ་བ་དངོས་སམ་རྗེས་མཐུན་པས་དགེ་རྩ་བྱང་ཆུབ་ཀྱི་རྒྱ་མཚོར་སྤེལ། ཐུན་མཚམས་རྣམས་སུའང་དངོས་གཞིའི་ཉམས་མྱོང་དང་མ་བྲལ་བའི་དྲན་ཤེས་ཀྱིས་སྤྱོད་ལམ་ལ་འཇུག་སྟེ། རྣམ་པ་ཀུན་ཏུ་ཉམས་རྟོགས་གོང་འཕེལ་དུ་འགྱུར་ཞིང་སྒོ་གསུམ་དᨖན་ཡོད་དུ་འགྱུར་བ་ལ་བསླབ་བᨖ། །གཉིས་པ་ཞར་བྱུང་དེ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན། སྔོན་འགྲᨖ་ཡོངས་རྫོགས་སམ། བསྡུ་ན་སྐྱབས་སེམས་ཚོགས་བསགས་ཙམ་གྱི་རྗེས། དངོས་གཞི་ལྷའི་རྣལ་འབྱོར་ཐུན་མᨖང་ཁྱད་པར་དང་བཅས་རྫོགས་པར་བསྒོམ་པའི་མཐར། ཆོས་དྲུག་ལས་གཏུམ་མᨖའི་དམིགས་པ་རེ་དང༌། གཞན་ཇི་ལྟར་རིགས་པ་བསྒོམ་རྗེས་འོད་གསལ་དུ་ཞུགས་ཏེ། ཟུང་འཇུག་ཏུ་ལྡངས་ནས། སྲུང་བའི་རྣལ་འབྱོར་དང་བཅས་ཐུན་མཚམས་ལ་འཇུག་པར་བྱའོ། །གནས་སྐབས་མཐར་ཐུག་ཡོན?་ཏན?་ཀུན། །རྣལ་འབྱོར་འདི་ལས་འབྱུང་བའི་ཕྱིར། །ཟབ་ཅིང་རྒྱ?་ཆེའི་བཅུད་མཆོག་ལ། །སྐོམ་པས་ཆུ་མཚོ?་བཞིན་ཏུ་རོལ། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་མི་གཡོ་ཆོས་དྲུག་གི་ཁྲིད་ཀྱི་ལེ་ཚན་ནོ། །ཇོ་བᨖ་ཡབ་སྲས་ཞལ་གྱི་ལུང༌། །གདམས་ངག་ལུགས་དང་མན་ངག་ལུགས། །ཟུང་འབྲེལ་མདᨖ་སྔགས་ཀུན་གྱི་བཅུད། །བདག་གི་སྐལ་པ་བཟང་པᨖས་ཐོབ། །ལུང་རྟོགས་ཆ་ཤས་མ་རྫོགས་པས། །ལེགས་བཤད་འོད་དཀར་སྤྲོ་བའི་མཐུ། །དམན་ཀྱང་ཀུན་མཁྱེན་བླ་མའི་བཀའ། །སྤྱི་བᨖར་བཀོད་ནས་ཟིན་ཆུང་སྤེལ། །དགེ་བས་སྐྱེ་བᨖ་ཐམས་ཅད་ཀྱིས། །སྟོང་དང་རྟེན་འབྱུང་ཚུལ་རྟོགས་ཤིང༌། །ཟབ་ལམ་བགྲᨖད་པའི་མཐུ་ཐོབ་ནས། །
ཟུང་འཇུག་གོ་འཕང་མངོན་བྱེད་ཤོག །ཅེས་པ་འདིའང་རྗེ་བཙུན་འཇམ་པའི་དབྱངས་དགེ་བའི་བཤེས་གཉེན་གྱི་ཚུལ་སྟོན་པ་ཁྱབ་བདག་ཐམས་ཅད་མཁྱེན་གཟིགས་ཆེན་པᨖ་འཇམ་དབྱངས་མཁྱེན་བརྩེའི་དབང་པᨖའི་ཞལ་སྔ་ནས༑ ཟབ་ཁྲིད་བཀའ་དྲིན་ཏུ་སྩལ་བའི་ཚེ་རེག་ཟིག་འབྲི་བར་འོས་པའི་བཀའ་སྩལ་གནང་བ། ཤེར་བརྩོན་དམན་པས་གསུང་རྣམ་པ་ཐམས་ཅད་དང་ལྡན་པའི་ཆོས་ཀྱི་འཁᨖར་ལོ་ལས་ཆ་ཙམ་ཡང་འཛᨑན་པར་མ་ནུས་ཀྱང་བསྙེལ་
བར་ཕོངས་ཏེ། རྗེ་ཉིད་ཀྱིས་གནང་བའི་ས་བཅད་རྩ་བར་བཟུང༌། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ་དང༌། འཇམ་མགོན་ཀུན་དགའ་བསᨖད་ནམས་ཀྱི་ཁྲིད་ཡིག་གི་ལེགས་ཆ་བཏུས། རྗེ་བཙུན་གྲᨖལ་མཆོག་ཞབས་ཀྱི་
ཁྲིད་ཡིག་གི་ཚᨑག་དᨖན་གཉིས་ཀའང་ཚང་བའི་ལུགས་སུ་བྱས་ཏེ། རང་བློས་གང་དཔᨖག་གི་ཟིན་བྲིས་སུ་སྙོམས་ལས་པ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཐུབ་བསྟན་ཆོས་འཁᨖར་གླིང་གི་གདན་སར་བྲིས་པ་བསྟན་པ་
རིན་པᨖ་ཆེ་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།།    །།
}}
}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 16:37, 10 September 2026

The Collected Essence of the Sūtra and Tantra Paths: An Instruction Text on the Four Kadam Deities
Rigpe Dorje Publications, 2024
Wylie title bka' gdams lha bzhi'i khrid kyi yi ge mdo sngags lam gyi bcud 'dus
Location gdams ngag rin po che'i mdzod
Volume 4, Text 15, Pages 469-546 (Folios 1a1 to 39b2)
Author འཇམ་མགོན་ཀོང་སྤྲུལ་
Citation 'jam mgon kong sprul. Bka' gdams lha bzhi'i khrid kyi yi ge mdo sngags lam gyi bcud 'dus. In Gdams ngag rin po che'i mdzod, Vol. 4: 469-546. Kalimpong: Rigpe Dorje Publications, 2024.
Shechen Publications, 1999
Side notes Recto: lha bzhi'i khrid yig   Verso: bka' gdams skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Deity bka' gdams lha bzhi
Colophon

།ཅེས་པ་འདིའང་རྗེ་བཙུན་འཇམ་པའི་དབྱངས་དགེ་བའི་བཤེས་གཉེན་གྱི་ཚུལ་སྟོན་པ་ཁྱབ་བདག་ཐམས་ཅད་མཁྱེན་གཟིགས་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས༑ ཟབ་ཁྲིད་བཀའ་དྲིན་ཏུ་སྩལ་བའི་ཚེ་རེག་ཟིག་འབྲི་བར་འོས་པའི་བཀའ་སྩལ་གནང་བ། ཤེར་བརྩོན་དམན་པས་གསུང་རྣམ་པ་ཐམས་ཅད་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ལས་ཆ་ཙམ་ཡང་འཛིན་པར་མ་ནུས་ཀྱང་བསྙེལ་བར་ཕོངས་ཏེ། རྗེ་ཉིད་ཀྱིས་གནང་བའི་ས་བཅད་རྩ་བར་བཟུང༌། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ་དང༌། འཇམ་མགོན་ཀུན་དགའ་བསོད་ནམས་ཀྱི་ཁྲིད་ཡིག་གི་ལེགས་ཆ་བཏུས། རྗེ་བཙུན་གྲོལ་མཆོག་ཞབས་ཀྱི་ཁྲིད་ཡིག་གི་ཚིག་དོན་གཉིས་ཀའང་ཚང་བའི་ལུགས་སུ་བྱས་ཏེ། རང་བློས་གང་དཔོག་གི་ཟིན་བྲིས་སུ་སྙོམས་ལས་པ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གདན་སར་བྲིས་པ་བསྟན་པ་རིན་པོ་ཆེ་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།།

ces pa 'di'ang rje btsun 'jam pa'i dbyangs dge ba'i bshes gnyen gyi tshul ston pa khyab bdag thams cad mkhyen gzigs chen po 'jam dbyangs mkhyen brtse'i dbang po'i zhal snga nas/_zab khrid bka' drin tu stsal ba'i tshe reg zig 'bri bar 'os pa'i bka' stsal gnang ba/_sher brtson dman pas gsung rnam pa thams cad dang ldan pa'i chos kyi 'khor lo las cha tsam yang 'dzin par ma nus kyang bsnyel bar phongs te/_rje nyid kyis gnang ba'i sa bcad rtsa bar bzung /_smyug la paN chen ngag dbang grags pa dang /_'jam mgon kun dga' bsod nams kyi khrid yig gi legs cha btus/_rje btsun grol mchog zhabs kyi khrid yig gi tshig don gnyis ka'ang tshang ba'i lugs su byas te/_rang blos gang dpog gi zin bris su snyoms las pa yon tan rgya mtshos dpal spungs thub bstan chos 'khor gling gi gdan sar bris pa bstan pa rin po che rgyas pa'i rgyur gyur cig__/dge legs 'phel//

[edit]
༄༅། །བཀའ་གདམས་ལྷ་བཞིའི་ཁྲིད་ཀྱི་ཡི་གེ་མདོ་སྔགས་ལམ་གྱི་བཅུད་འདུས་ཞེས་བྱ་བ་བཞུགས་སོ། །