Tibetan:ཀློང་སྡེ་རྡོ་རྗེ་ཟམ་པ་ཉམས་ལེན་བཞི་རྣལ་འབྱོར་དང་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཕྲིན་ ་ ་ ་
Volume 1, Text 25 (0025) Cataloging data for this text
Full Title
Tibetan: ༄༅། ཀློང་སྡེ་རྡོ་རྗེ་ཟམ་པ་ལས། ཉམས་ལེན་བཞིའི་རྣལ་འབྱོར་དང་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཕྲིན་ལས་གསལ་བར་བཀོད་པ་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །
Wylie: @#/_klong sde rdo rje zam pa las/_nyams len bzhi'i rnal 'byor dang he ru ka mngon rdzogs rgyal po'i phrin las gsal bar bkod pa ye shes rgya mtsho zhes bya ba bzhugs so/_/
Tibetan text
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion. |
ཤོག་ལྷེ་༤༤༢ན་མོ་གུ་རུ་མ་ཧཱ་ཤྲཱི་ཧེ་རུ་ཀཱ་ཡ། ཆོས་ཀུན་ཡེ་ནས་དག་པའི་ཀློང་ཆེན་པོར། །མ་སྐྱེས་རང་བཞིན་རྫོགས་པའི་དཔལ་ཆེན་པོ། །བདེ་ཆེན་མདངས་ཤར་དབྱིངས་ཀྱི་ཡུམ་དང་བཅས། །རྩ་བརྒྱུད་བླ་མའི་ཚུལ་དུ་བསྟན་ལ་འདུད༔ །གསང་ཆེན་ཡང་རྩི་གྲུབ་མཆོག་གི༔་ཐུགས་ཀྱི་ཐིག་ལེ་མཚན་ཙམ་ཡང་། །རྙེད་དཀའ་ཤིན་ཏུ་རྣལ་འབྱོར་གྱི༔་དཀྱིལ་འཁོར་ལས་རིམ་བལྟས་ཆོག་དགོད། །རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་ཚན་ཀློང་སྡེ་ཟམ་པའི་རྣལ་འབྱོར་ཉམས་སུ་ལེན་པ་ལ་བཞིར་གསུངས་ཏེ། མ་དག་པ་དག་པར་བྱེད་པ་རྒྱ་མཚོ་ཁྲུས་ཀྱི་ལུང་། མ་སྨིན་པ་སྨིན་པར་བྱེད་པ་སྒོ་གསུམ་ལས་ཀྱི་སྤྱོད་པ། མ་གྲོལ་བ་གྲོལ་བར་བྱེད་པ་སྒོམ་ཚུལ་བླ་མའི་བྱིན་བརླབས། གྲོལ་བ་མཐར་ཕྱིན་པར་བྱེད་པ་སྙིང་པོ་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་རོ། །དེ་ལ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཁྲུས་ལུང་ལ་གཉིས། ཕྱི་ནང་། ནང་ངོ་། །དང་པོ་ནི། སྟེགས་ལ་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་རིན་པོ་ཆེའི་བུམ་པར་ཨ་མྲྀ་ཏ་དང་གླང་རྩི་མིན་པའི་སྤོས་སྣན་ཉེར་ལྔའི་རྫས་དང་ཆུ་གཙང་གིས་བལྟམས་པ་མགུལ་ཆིངས་ཁ་རྒྱན་གཟུངས་ཐག་བཅས་
ཤོག་ལྷེ་༤༤༣བཞག །བདག་གི་ཐུགས་ཀར་ༀ་ཡིག་ཁ་དོག་ལྔ་ལྡན་དུ་གསལ། ༀ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་བ་བི་ཤུདྡྷོ྅ཧཾ། བུམ་པ་མི་དམིགས་ཏེ་སྟོང་པར་གྱུར། ཐུགས་ཀའི་ༀ་ལས་འོད་འཕྲོས་ལཾ་སེར་པོ་ཞིག་ཏུ་གྱུར། དེ་ལས་གསེར་གྱི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་པཾ་ལས་པདྨའི་སྡོང་པོར་གྱུར། དེའི་ཟེའུ་འབྲུའི་སྟེང་དུ་རང་གི་ཐུགས་ཀ་ནས་ཧཱུྃ་ལྗང་གུ་ཞིག་སྤྲོས་ཏེ་ཡོངས་སུ་གྱུར་པ་ལས། ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་སྔོན་ཕྱག་གཉིས་དཀུ་ལ་བསྟེན་པའི་གཡས་གསེར་གྱི་རྡོ་རྗེ་དང་གཡོན་ཤེལ་གྱི་དྲིལ་བུ་བསྣམས་པ། བ་ཏི་སྨུག་པོ་གསོལ་བ་ཞིག་ཏུ་གྱུར། ཡང་རང་གི་ཐུགས་ཀའི་ༀ་ལས་ཧཱུྃ་ལྗང་གུ་འཕྲོས། མདུན་གྱི་ནམ་མཁར་གོང་དང་མཚུངས་པའི་བདུད་རྩི་འཁྱིལ་བར་གྱུར། གཟུངས་ཐག་བླངས་ལ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ལྷ་ལ་ཕོག་པས་ཐུགས་རྒྱུད་
ཤོག་ལྷེ་༤༤༤བསྐུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕོག་པས་མཉེས་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བྱོན་ཏེ་ནམ་མཁའི་བདུད་རྩི་འཁྱིལ་བ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་ནང་གི་བདུད་རྩི་འཁྱིལ་བ་ལ་ཕོག །དེའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་དམིགས་ལ། ༀ་ཨི་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་བི་རཾ་ཤུདྡྷེ་ཤུདྡྷེ། བི་རཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། སྔགས་འདི་མ་དཔེ་རྣམས་སུ་འདྲ་མིན་མང་བས་ཡིད་བརྟེན་དཀའ་འདུག །གངས་ཅི་ནུས་བཟླས་པའི་མཐར་བདུད་རྩི་འཁྱིལ་བ་དཀར་མེར་གྱི་ཞུ་ནས་རིམ་པར་ཐིམ་སྟེ་བུམ་ཆུ་དང་དབྱེར་མེད་དུ་འདྲེས་པའི་སྟེང་དུ་ཡི་གེ་གསུམ་བྱུང་བས་བར་ཆད་བསྲུང་བར་བསམ་ལ། ལག་གཡོན་པའི་མཐེ་བོས་མཐེའུ་ཆུང་མནན་བའི་སོར་མོ་གསུམ་བུམ་པའི་ཁ་ལ་རེག་སྟེ། གུང་མོ་ལ་ༀ། མཛུབ་མོ་ལ་ཨཱཿ སྲིན་ལག་ལ་ཧཱུྃཿ ༀ་ཨཱཿཧཱུྃ་ཨ་ཨ། ཞེས་པས་རྒྱས་གདབ། དེ་ལྟར་བསྒྲུབ་པ་ཚར་ནས་ལས་ལ་སྦྱར་བ་ནི། ནངས་པར་འབྲུ་གསུམ་བརྗོད་པས་ཡིག་འབྲུ་ལས་འོད་འཕྲོས། ཤར་ནས་ན་བཟའ་དཀར་མོ་ཀེ་ཀེ་རུའི་བུམ་པ་དཀར་པོ། །ལྷོ་ནས་སྤྱན་མ་སྔོན་མོ་བཻ་ཌཱུ་བུམ་པ་སྔོན་པོ། །ནུབ་ནས་མ་མཱ་ཀི་དམར་མོ་པདྨ་རཱ་གའི་བུམ་པ་དམར་པོ། །བྱང་ནས་སྒྲོལ་མ་ལྗང་གུ་མ་རྒད་བུམ་པ་ལྗང་གུ་ཐོགས་པ་བྱོན་པར་མོས། གུང་མཛུབ་ཀྱི་བུམ་པ་མགྲིན་པ་ནས་བཟུང་། ཁྲུས་སྔགས་བརྗོད་ཅིང་ལག་མཐིལ་དུ་བླུགས། ཕྲོད་ནམ་མཁའ་གཏོར་བས། བླ་མ་ཡི་དམ་མཁའ་འགྲོ་དང་སངས་རྒྱས་བྱང་སེམས་ཐམས་ཅད་ལ་བདུད་རྩི་ཕུལ་བས་ཐུགས་དགྱེས་ནས་དམ་ཚིག་ཉམས་ཆགས་ཐམས་ཅད་དག་ཅིང་རང་བྱིན་གྱིས་རློབས་པར་བསམ། ལྷ་མོ་ལྔས་བདུད་རྩིའི་ཆུ་རྒྱུན་རང་གི་སྤྱི་བོ་ནས་མར་བླུགས་ཏེ་ཁྲུས་བྱས་པར་མོས་ལ། གདོང་བཀྲུས་པས་ལུས་ཀྱི་སྒྲིབ་པ་དག་པར་བསམ། ཁ་བཤལ་བས་ངག་གི་སྒྲིབ་པ་དག་པར་བསམ། ཁོང་དུ་བཏུང་བས་ཡིད་ཀྱི་སྒྲིབ་པ་དག་པར་བསམ། དེ་ནས་ཁྱོར་བ་
ཤོག་ལྷེ་༤༤༥གསུམ་རིམ་བཞིན་གཏོར་ལ། འདོད་ཁམས་ཀྱི་སྒྲིབ་པ་དག་བར་གྱུར་ཅིག །གཟུགས་ཁམས་ཀྱི་སྒྲིབ་པ་དག་པར་གྱུར་ཅིག །གཟུགས་མེད་ཁམས་ཀྱི་སྒྲིབ་པ་དག་པར་གྱུར་ཅིག །བྱས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་སྒྲིབ་པ་དག་ནས། ནམ་མཁའ་ལྟ་བུར་གྱུར་པར་བསམ། གཉིས་པ་ནང་ཁྲུས་ནི། ནངས་མོ་ཐོག་མར་སྟོང་པའི་ངང་ལས། རང་གི་ལུས་འདི་གསེར་གྱི་བུམ་པ། དེ་ནང་པཾ་ལས་པད་སྡོང་། ཧཱུྃ་ལས་རང་སེམས་བདུད་རྩི་འཁྱིལ་བ། སྤྱི་བོར་ཡང་བདུད་རྩི་འཁྱིལ་བ་སྒོམ་པའི་ཁྱད་པར་ཙམ་ལས་གཞན་དམིགས་བཟླས་ཡོངས་རྫོགས་གོང་དང་འདྲ་བར་བྱས། ལྷ་འོད་དུ་ཞུ་རྗེས་འབྲུ་གསུམ་གྱི་རྒྱས་གདབ། དེ་ནས་སྣོད་གཙང་མར་ཆབ་བཏང་ལ་མདོག་ནག་དམར་ལྗང་གུ་རྣམས་ངན་པས་གཙང་སར་ཕོས་ལ་ཕྱི་ཁྲུས་བྱ། །དཀར་སེར་དང་གཡས་འཁོར་བཟང་བས། ཨ་ཨ་ཨ་ཨ། ཞེས་བརྗོད་ལ་སྲིན་ལག་གིས་དཀྲུགས་ལ་མཆོད་པ་དང་ཁྲུས་སོགས་སྔ་མ་ལྟར་བྱའོ། །གཉིས་པ་སྒོ་གསུམ་ལས་ཀྱི་སྤྱོད་པ་ལ་གསུམ། ལུས་དྭངས་བའི་སྒོ་ནས་ཕྱག་འཚལ། ངག་དྭངས་བའི་སྒོ་ནས་སྔགས་བཟླས། ཡིད་དྭངས་བའི་སྒོ་ནས་བསམ་གཏན་བསྒོམ་པའོ། །དང་པོ་ནི། ལག་པ་ཐལ་མོ་སྦྱར་ལ། རང་གི་སྙིང་ནང་ན་ༀ་ཁ་དོག་ལྔ་དང་ལྡན་པ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་པར་བསམ། བཛྲ་ས་མཱ་ཛཿཧཱུྃ། ཞེས་སེ་གོལ་བསྣོལ་ལ་བརྡབ་བ་དང་སྔགས་བརྗོད་པ་ལན་གསུམ་བྱ། མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པར་བསམ། ཡང་ༀ་ལས་འོད་ཟེར་བྱུང་ཐལ་མོའ་ནང་དུ་རིན་པོ་ཆེ་ལ་སོགས་པ་མཆོད་པའི་རྫས་དཔག་ཏུ་མེད་པས་གང་། ཕྱག་རེ་རེ་བཞིན་རྫས་རྣམས་ལེན་རེ་ཕུལ་བར་བསམ། བླ་མ་ལ་སོགས་པའི་ཞབས་ལ་མགོ་བོས་གཏུགས་པས་སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མཐའ་དག་སངས་སངས་དག་པར་བསམ་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སྤང་པ་ཕུན་སུམ་ཚོགས་པ། ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་
ཤོག་ལྷེ་༤༤༦ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞི་བ་མྱ་ངན་ལས་འདས་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས། འཕགས་པའི་ལམ་ཡན་ལག་བརྒྱད། ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་ནས་བླ་མ་ཡི་དམ་མཁའ་འགྲོ་དང་བསྟན་པའི་བདག་པོ་ལ་ཕྱག་འཚལ་བ། མ་རིག་ལས་ཀྱི་འཁོར་བའི་སེམས་ཅན་རྣམས། །ཉོན་མོངས་ནད་ཀྱི་གདུང་བ་ལ། །ཆོས་ཀྱི་བདུད་རྩིས་གསོ་མཛད་པ། །དུས་གསུམ་བླ་མ་རྣམས་ལ་གུས་པར་ཕྱག་འཚལ་ལོ། །རྒྱལ་བ་ཐམས་ཅད་དབྱེར་མེད་དབྱིངས་མཉམ་ཡང་། །བསྙེན་བསྐུར་དག་གིས་མཆོད་ཅིང་དབུ་ལ་བཀོད། །དངོས་གྲུབ་རྣམ་གཉིས་མྱུར་ཏུ་སྟེར་མཛད་པའི། །རིགས་ལྔ་ཧེ་རུ་ཀ་ལ་གུས་པར་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་པར་རྒྱུག་པའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིད་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དུས་གསུམ་ལས་ཀྱི་ནང་ནས་འཁོར་བའི་རུ་བཟློག་པ། །ཉོན་མོངས་ཐལ་བའི་གནས་ནས་བྱང་ཆུབ་མྱུ་གུ་བསྐྱེད༔་སྲིད་དང་འདས་ཕྱིར་འགྲོ་བའི་དོན་མཛད་པ༔་།བཅོམ་ལྡན་ལྷའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་ལོ། །གཉིས་པ་ནི། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བཅུད་བསྡུས་པའི་སྙིང་པོ། །ༀ་མ་ཎི་པདྨེ་ཧཱུྃ། ཞེས་ལན་ཉེར་གཅིག་སོགས་བརྗོད་པའི་རང་སྒྲས་བདེ་བར་གཤེགས་པ་རྣམས་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་དགྱེས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ཅིང་གྲོལ་བར་བསམ། གསུམ་པ་ནི། ནམ་མཁར་བཞུག་པའི་སངས་རྒྱས་བྱང་སེམས་ཐམས་ཅད་མཁའ་འགྲོའི་ཚོགས་ལ་བསྡུ། །དེ་རྣམས་བླ་མ་ལ།
ཤོག་ལྷེ་༤༤༧བླ་མ་ཡི་དམ་ལ། ཡི་དམ་ཧཱུྃ་ཡིག་ལ། དེ་ཉིད་ཞབས་ཀྱུ། འ་ཆུང་། ཧ་ཡིག །ཟླ་ཚེས། ཐིག་ལེའི་བར་དུ་རིམ་པར་བསྡུ། ཐིག་ལེ་སྨིན་མཚམས་གྱི་ནམ་མཁར་ཡོད་པ་ལ་སེམས་བཟུང་། མཐར། ༀ་ཨཱཿཧཱུྃ་བརྗོད་པས་སྤྱི་གཙུག་ནས་རྩ་ཨ་བ་དྷཱུ་ཏིར་ཐིམ་པར་བསམས་བརྡ་བཞིའི་ཚུལ་གྱིས་མཉམ་པར་གཞག་གོ །གསུམ་པ་སྒོམ་ཚུལ་བླ་མའི་བྱིན་རླབས་ནི་ལོགས་སུ་བཀོད་པ་ལྟར་རོ། །བཞི་པ་སྙིང་པོ་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ལ་བསྐྱེད་རྫོགས་གཉིས་ལ་འདིར་བསྐྱེད་པའི་ཕྲིན་ལས་བསྟན་ཏེ། དེ་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ནི། གནས་དབེན་པར་རྟེན་དང་དཀྱིལ་འཁོར་སྐབས་དང་མཐུན་པར་བཀྲམ། ཕྱི་མཆོད་རྣམས་པ་ལྔ། མཆོད་ཡོན། བདུད་རྩི། གཏོར་མ། རཀྟ་རྣམས་བཤམ། ཁྱད་པར་གཏོར་ཆོག་ལ། བླ་མ་དང་ཡི་དམ་ལ་རེ་རེ། མཁའ་འགྲོ་ཞིང་སྐྱེས་ལ་ཤ་ལྔ་བདུད་རྩི་ལྔ། ལས་སྐྱེས་ལ་དཀར་གསུམ། སྔགས་སྐྱེས་ལ་ཨ་མྲྀ་ཏས་བརྒྱན་པ་བཅས་གསུམ་བཤམ། སྒྲུབ་པ་པོ་སྟན་བདེ་བར་འདུག་སྟེ་བརྒྱུད་པའི་གསོལ་འདེབས་བྱ། སྒྲུབ་པའི་དབུ་བརྩམ་པ་སོགས་དགོས་པ་ཡོད་ན་ཕྱི་རྒྱུད་ལ་དཀར་གཏོར་བཏང་ཞིང་ཕྲིན་ལས་བཅོལ། བཤེགས་ལ་གཏོར་མ་བསྡོས་ཏེ་བདེན་པ་བདར་ལ་བཀའ་བསྒོ། ༀ་བཛྲ་ཡཀྴ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུྃ། ༀ་སུམྦྷ་ནི་བེ་ག་ཏི་རཀྵ་རཀྵ་ཧཱུྃ། ཞེས་པའི་དྲག་སྔགས་ལྔའམ་བདུན་བརྗོད་ལ་བགེགས་བསྐྲད། དེ་ནས་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། བླ་མ་རྡོ་རྗེ་སློབ་དཔོན་དང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཀྱིལ་འཁོར་གྱི་ལྷའི་ཁྱད་པར་དང་། གསང་སྔགས་ཡང་དག་གི་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་
ཤོག་ལྷེ་༤༤༨བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་མཆིའོ། །མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྐྱབས་སུ་མཆིའོ། །ཐུགས་རྗེའི་བདག་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་སྐྱབས་སུ་མཆིའོ། །མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་མཆིའོ། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ༔་།དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆིའོ། །བསྐུལ་བའི་ས་ནས་བཞེངས་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མ་གྲོལ་བ་ནི་རྣམ་གྲོལ་ཕྱིར། །སེམས་ཅན་མྱ་ངན་འདས་ལ་འགོད། །བདག་ལ་གནས་པའི་ལུས་འདི་ནི། །བདེ་བར་གཤེགས་པ་རྣམས་ལ་འབུལ། །ཚེ་རབས་བསགས་པའི་ལས་རྣམས་ཀུན། །བསྡུས་སྟེ་བྱང་ཆུབ་མཆོག་ཏུ་བསྔོ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་བཅོམ་བྱས་ཏེ། །སྐྱེ་རྒ་ན་འཆི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་ལན་གསུམ་བྱ། གཉིས་པ་དངོས་གཞི་ལུང་རྣམ་པ་བདུན་གྱིས་ནུབ་གཅིག་གིས་ཕྲིན་ལས་གཞུང་བསྲང་བ་ལ། དང་པོ་བགེགས་བསྲུང་བ་འབར་བ་མཚམས་ཀྱི་ལུང་དུ་མཚམས་བཅད་པ་ལ་གསུམ། མཚོན་ཆ། ཁྲོ་བོ། །སྟོང་ཉིད་དོ། །དང་པོ་ནི། བདག་ཉིད་སྐད་ཅིག་གིས་དཔལ་ཆེན་ཧེ་རུ་ཀ་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར་བར་བསམ་ལ། ཧཱུྃ། དུར་ཁྲོད་གསང་བ་
ཤོག་ལྷེ་༤༤༩མཆོག་གི་དཀྱིལ་འཁོར་འདིར། །ཡང་དག་དོན་ལ་མི་བརྩོན་ཞིང་། །འབྱུང་པོ་དམ་མེད་ཐམས་ཅད་ཀུན། །རང་རང་གནས་སུ་བདེ་བར་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །བཅོམ་ལྡན་དཔལ་ཆེན་ཁྲོས་ནས་ནི། །བར་ཆད་སྦྱོར་བ་ཐལ་བར་རློག །མཚོན་ཆ་འབར་བའི་གུར་གྱིས་གཏམས། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བཛྲ་ཧཱུྃ་ཕཊ༔ ཙཀྲ་ཧཱུྃ་ཕཊ༔ ཁརྒ་ཧཱུྃ་ཕཊ༔་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔་རང་དཔལ་ཧེ་རུ་ཀའི་ཐུགས་ཀ་ནས་འོད་འཕྲོས། མཚོན་ཆ་ལྔས་བགེགས་བསྐྲད། ཕྱོགས་མཚམས་ཐམས་ཅད་རྭ་བ་དང་གུར་གྱིས་གཏམས་པར་གྱུར་བ་ཕྱི་ལ་མེ་རིའོ། །ཨཱ་ཀོ་ཊ་ཡ་མུངྒ་ར་ཧཱུྃ་ཕཊ༔་ཛྭ་ལ་རཾ་ཧཱུྃ་ཕཊ༔ རང་གི་ཐུགས་ཀའི་འོད་ཟེར་ལས་མཚོན་ཆ་ལྔའི་ཚོགས་སྤྲོས་པས་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་ཕྱོགས་མཚམས་ཐམས་ཅད་རཱ་བ་དང་གུར་གྱིས་གཏམས་པའི་ཕྱི་རོལ་ཏུ་བསྐལ་པའི་མེ་ཕུང་རབ་ཏུ་འབར་བར་གྱུར། བསྡུ་ན་དེ་ཙམ་གྱིས་འཐུས་བས། འོག་གི་ཁྲོ་བོའ་མཚམས་ལ་འཇུག །རྒྱལ་བར་འདོད་ན། ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་བྲེལ། །རྡོ་རྗེའི་ཐོག་དང་སེར་ཆེན་འབེབས། །འོག་ཀྱང་རྡོ་རྗེའི་ས་གཞི་ལ། །རྡོ་རྗེའི་ས་གཞི་གཅལ་དུ་བཀྲམ། །བར་སྣང་རྡོ་རྗེའི་སྤྲིན་ཕུང་འཁྲིགས། །རྡོ་རྗེའི་འདུ་འཕྲོ་མེ་ལྟར་འབར། །རྡོ་རྗེའི་གློག་འཁྱུག་ཁྱུགས་སེ་ཁྱུག །རྡོ་རྗེའི་ཐོག་འབེབས་ལམ་སེ་ལམ། །རྡོ་རྗེའི་མེ་འབར་ཡ་ལ་ལ། །རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན། །ཐམས་ཅད་རྡོ་རྗེ་འབར་བས་གཏམས། །རྡོ་རྗེས་གཏམས་པའི་གཞལ་ཡས་འདིར། །འབྱུང་བ་རླུང་ཡང་མི་འགྱུ་ཞིང་། །ཆུ་ལ་ཟག་པའི་གསང་མེད་ཅིང་། །འབྱུང་པོ་ལོག་འདྲེན་སྨོས་ཅི་དགོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། བཅོམ་ལྡན་དཔལ་ཆེན་ཁྲོས་ནས་ནི། །བར་ཆད་སྦྱོར་བ་ཐལ་བར་རློག །རྡོ་རྗེ་འབར་བའི་གུར་གྱིས་གཏམས། བཛྲ་ཧཱུྃ་ཕཊ༔ སྟེང་ཡང་ཕུར་པའི་བླ་བྲེ་ལ། །འགྲེ། སྟེང་ཡང་དབྱུག་ཏོའ་བྲ་བྲེ་ལ། འགྲེ། སྟེང་ཡང་མེ་ཡི་བླ་བྲེ་ལ། མེ་ཡི་ཐོག འོག་ཀྱང་མེ་ཡི མེ་ཡི་ས
ཤོག་ལྷེ་༤༥༠བར་སྣང་མེ་ཡི མེ་ཡི་འདུ་འཕྲོ་རབ་ཏུ་འབར། མེ་ཡི་གློགས མེ་ཡི་ཐོག བསྐལ་པའི་མེ་འབར མེ་ཡི་ཚ ཕྱོགས་མཚམས ཐམས་ཅད་མེ་ཕུང་འབར མེ་རིས་གཏམས་པའི་སོགས་འགྲེ། ཨེ་རཾ་ཕཊ་རཾ་ཛྭ་ལ་རཾ། གཉིས་པ་ལ་བསྡུ་ན། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་རིགས་ལྔ་ཁྲག་འཐུང་ཚོགས། །ཁྲོ་བོའ་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའ་སྤྲུལ་པས་ས་གཞི་གང་། །མ་ཚོགས་དབང་ཕྱུག་བར་སྣང་གང་། །ཀུན་ཀྱང་རིགས་ལྔ་ཁྲག་འཐུང་ཚོགས། །རིགས་ལྔའི་མཚམས་ལས་བགེགས་མ་འདའ། །བརྒྱ་ལས་འདས་ན་རྡུལ་དུ་རློག །ཅེས་པ་ཙམ་གྱི་མཐར་སྔགས་རྣམས་བརྗོད། རྒྱས་པར་སྤྲོ་ན་རེ་རེ་བཞིན་སྦྱར་ཏེ། ཧཱུྃ། སྟོང་གསུམ དབུས་ཕྱོགས་སྟོང་ སྐྱེ་འགྲོ ཀུན་ཀྱང་བུདྡྷ ཁྲོ་བོའ ཁྲོ་མོའ མ་ཚོགས ཀུན་ཀྱང་བུདྡྷ བུདྡྷའི་མཚམས བརྒྱ་ལ ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བུདྡྷ་རཀྵ་རཀྵ་ཧཱུྃ། དེས་འགྲེས་ཏེ། ཤར་ཕྱོགས བཛྲ ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ། ལྷོ་ཕྱོགས་སྟེང རཏྣ ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། རཏྣ་རཀྵ་རཀྵ་ཧཱུྃ། ནུབ་ཕྱོགས པདྨ ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། པདྨ་རཀྵ་རཀྵ་ཧཱུྃ། བྱང་ཕྱོགས་སྟོང་གི ཀརྨ ༀ་ཀརྨ་ཤྲཱིཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཀརྨ་རཀྵ་རཀྵ་ཧཱུྃ། གསུམ་པ་ནི། ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཆོས་རྣམས་རང་བཞིན་ཡེ་ནས་སྟོང་པ་ལས། །རྣམ་རྟོག་འཁྲུལ་པ་འབྱུང་བའི་གཞི་མེད་དེ། །བགེགས་ཀྱང་རང་གི་སེམས་ལས་བྱུང་། །སྟོང་པ་ཉིད་ཀྱི་མཚམས་བཅད་དོ། །བགེགས་ཞེས་བྱ་བའི་མིང་ཡང་མེད། །ཆོས་ཀྱི་སྟེང་འོག་
ཤོག་ལྷེ་༤༥༡མཚོན་ཆ་དང་། ཁྲོ་བོའ་བར་མཚམས་མེད་པར་བཏབ་པ་ན་བསམ། དབྱིངས་གྱིས་མཚམས་བཅད་དོ། །ཞེས་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ། །གཉིས་པ་ཚོགས་བསགས་སྒྲིབ་སྦྱང་གི་ལུང་དུ་བཤགས་པར་བྱ་བ་ནི། ཐ་མལ་པས་དབྱངས་དང་བཅས་པས། གདུང་ཤུགས་དབྱངས་དང་བཅས་པས། མདུན་གྱི་ནམ་མཁའ་ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས། སྟེང་ཕྱོགས་སུ་བླ་མ། གཡས་སུ་དཔའ་བོ། །གཡོན་དུ་མཁའ་འགྲོ། མདུན་དུ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་གསལ་བར་གྱུར། ཧཱུྃ། དུས་གསུམ་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ། །མཚན་ཉིད་དོན་མ་རྟོགས་པ་མཐོལ་ལོ་བཤགས། །བརྒྱུད་པའི་བླ་མ་རྣམས་ཀྱི་སྤྱན་སྔ་རུ། །དམ་ཚིག་མོས་གུས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་སྔ་རུ། །བསྙེན་སྒྲུབ་ཚད་དུ་མ་བསྐྱལ་མཐོལ་ལོ་བཤགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྤྱན་སྔ་རུ། །མཆོད་བསྟོད་གཞུང་མ་སྐྱོང་བ་མཐོལ་ལོ་བཤགས། །མ་སྲིན་མཁའ་འགྲོ་རྣམས་ཀྱི་སྤྱན་སྔ་རུ། །གཏོར་མ་དུས་གསུམ་མ་ཐེད་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་སྔ་རུ། །དམ་རྫས་ཚངས་པར་མ་བསགས་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་སྔ་རུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་སྔ་རུ། །དྲིན་ལེན་ལེན་གྱིས་མ་ལོན་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་རྣམས་ཀྱི་སྤྱན་སྔ་རུ། །ཐེག་ཆེན་བྱང་སེམས་ཆུང་བ་མཐོལ་ལོ་བཤགས། ཞེས་བཤགས་པ་དང་བཟོད་གསོལ་བྱའོ། །གསུམ་པ་མཆོད་རྫས་བྱིན་གྱིས་བརླབ་པའི་ལུང་ལས་སྨན་བརླབ་པ་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ས་བོན་འབྲུ་བཅུ་ལས་ཤ་ལྔ་བདུད་རྩི་ལྔར་གྱུར་པ། རླུང་གིས་མེ་སྦར། རྫས་རྣམས་ཞུ་ཞིང་འདྲེས་པའི་རླངས་
ཤོག་ལྷེ་༤༥༢པ་ལས་ༀ་ཨཱཿཧཱུྃ་གི་འོད་ཟེར་གྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐ། ལན་ལྔའམ་བདུན་བཟླ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་བྷཉྫའི་་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། འབྲུ་གསུམ་འོད་དུ་ཞུ་བ་ལས་བཟའ་བཅའ་བཏུང་བ་འདོད་པའི་ཡོན་ཏན་ཡེ་ཤེས་ལྔའི་རང་བཞིན་ཟད་མི་ཤེས་པའི་གཏེར་དུ་གྱུར། ༀ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཐཱ། ལྔའམ་བདུན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས། ཨ་ལས་པདྨའི་་བྷཉྫ་འི་ནང་དུ་ར་ལས་རྒྱུ་དྲུག་བསྒྲལ་བའི་རཀྟའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ལ་ཧཱུྃ་ཧྲཱིཿཏཧ། ལྔའམ་བདུན། ཕྱི་མཆོད་བརླབ་པ་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་མཆོད་པའི་ལྷ་མོ་མཆོད་རྫས་སོ་སོ་ཐོགས་པས་ནམ་མཁའི་ཁམས་ཁེངས་པར་གྱུར། ༀ་བཛྲ་ཨཱརྒྷཾ་ཨཱཿཧཱུྃ། དེས་འགྲེས་ཏེ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་བི་དྱ། ཤབྡའི་བར་སྦྱར། དེ་དག་སྤྱིར་བརླབ་པ་ནི། ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་ཀ་པཱ་ལ་ཁ་ཁ། །ད་ན་ད་ན། །ཛྭ་ལ་སི་ཏ། ཤྲཱི་ཧེ་རུ་ཀ །ཨ་མེ་དུ་མེ། སི་ཏོད་པ། བྷ་བ་བེ་ད། ས་ར་ཧ་ནེ། ཧཱུྃ་ཧཱུྃ་ཧཱུྃ། མ་ཧཱ་སཱ་དྷ་ལ་ཧཱུྃ་ཕཊ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་ཨཿཧཱུྃ། མ་ཧཱ་ཡོ་ག་ཨད་དྷ་མ་ཧཱ་ས་མ་ཡ། ཨ་སུ་རོ་ཧོ༔ ཀ་མ་ལ་ཤྲཱི་ཧེ་རུ། མ་ཧཱ་སུ་མ་ལེ། ཨ་ནུ་ས་མ། ཛ་ལི་ནི་ར་ན། ཨ་བ་ལོ་ཀ །མ་ཧཱ་ས་མ་ཡ་ཧཱུྃ་ཕཊ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་ལ་རོལ་མོ་བྱ། སྤྲོས་པ་ལ་དགའ་ན་འདིའི་གོང་དུ་བབ་དྲུག་གིས་བྱིན་དབབ་ཀྱང་ཆོག་གོ །བཞི་པ་བདག་ཉིད་རྩ་བའི་ལུང་དུ་ཡང་དག་མངོན་རྫོགས་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་པ་ནི། དང་པོ་ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་པ་ལས། དེ་བཞིན་ཉིད་ནི། ཧཱུྃ། འདི་ཚེ་སངས་རྒྱས་བསྒྲུབ་བྱའི་ཕྱིར། །སྐུ་གསུམ་ས་ལ་གོམ་པར་བྱ། །དང་པོ་ཆོས་ཀྱི་དབྱིངས་ཉིད་ལས། །དམིགས་པ་མེད་པའི་
ཤོག་ལྷེ་༤༥༣དོན་གཅིག་བསྒོམ། ཞེས་དབྱིངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་བཞག །ཀུན་སྣང་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་དུ་ནི་ཁྱབ་པར་བསམ། ཡེ་ཤེས་ཀྱི་རྩལ་སྣང་སྙིང་རྗེ་ཆེན་པོས་སེམས་ཅན་ཀུན་ལ་ཁྱབ་པར་བསྒོམ། རྒྱུའི་ཏིང་ངེ་འཛིན་ནི། །བསྐལ་པའི་མེ་དཔུང་འཁྲུགས་པ་བཞིན། །འབར་བའི་ཚོགས་ནི་བསམ་པར་བྱ། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་ལས་རང་གི་སེམས་ཉིད་ༀ་ཡིག་ཁ་དོག་ལྔ་ལྡན་ཞིག་ཏུ་གསལ། དེའང་ཐིག་ལེ་མཐིང་། ཟླ་ཚེས་དཀར། ན་རོ་སེར། ཨ་ཡིག་དམར། འ་ལྗང་གུའོ། །དེ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། རྒྱུའི་ༀ་ལས་ཨེ་ཡཾ་པཾ་ལཾ་སུཾ་རཾ་རྣམས་རིམ་པར་འཕྲོས། ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་འབྱམ་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་ཟླ་གམ། པཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ། །ལཾ་ལས་གསེར་གྱི་ས་གཞི་གྲུ་བཞི་སེར་པོ། །སུཾ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ། རཾ་ལས་མེ་དཔུང་གི་སྲུང་འཁོར་དང་བཅས་པ་སྟེ་འབྱུང་བ་ལྔའི་དཀྱིལ་འཁོར་ཡུམ་ལྔའི་མཁའ་ཀློང་གི་རང་བཞིན་དུ་གྱུར། རི་རབ་ཀྱི་སྟེང་དུ་བྷྲཱུཾ་སྤྲོས་པ་ལས་གཞལ་ཡས་ཁང་གདན་དང་བཅས་པ། དེའི་དབུས་སུ་ཧཱུྃ་སྤྲོས་པ་ལས་དཔལ་ཧེ་རུ་ཀའི་སྐུར་གྱུར། དེའང་དོན་དམ་པའི་དབྱིངས་གཅིག་ལ་གདུལ་བྱའི་སྣང་བར་སྐུ་དང་ཞིང་ཁམས་རྣམ་པ་ལྔར་ཤར་བ་སྟེ། ༀ་གུ་ལཾ་མཎྜལ་ཧཱུྃ། དབུས་ཀྱི་ཞིང་ཁམས་སེར་པོ་གསེར་གྱི་རང་བཞིན། ༀ་ཀེ་རུ་མཎྜལ་ཧཱུྃ། ཤར་ཕྱོགས་ཞིང་ཁམས་དཀར་པོ་ཀེ་ཀེ་རུའི་རང་བཞིན། ༀ་བཻ་ཌཱུ་མཎྜལ་ཧཱུྃ། ལྷོ་ཕྱོགས་ཞིང་ཁམས་སྔོན་པོ་་རང་བཞིན། ༀ་པདྨ་རཱ་ག་མཎྜལ་ཧཱུྃ། ནུབ་ཕྱོགས་ཞིང་ཁམས་དམར་པོ་པདྨ་རཱ་གའི་རང་བཞིན། ༀ་ཨིནྟྲ་ནི་ལ་མཎྜལ་ཧཱུྃ། བྱང་ཕྱོགས་ཞིང་ཁམས་ལྗང་གུ་ཨིནྡྲ་ནཱི་ལའི་རང་བཞིན། དེ་ལྔ་ལ་
ཤོག་ལྷེ་༤༥༤པདྨ་རབ་ཏུ་རྒྱས་པའི་གདན་ལྔའི་སྟེང་དུ་ཨ་ཙནྡྲ་མཎྜལ་ཧཱུྃ། །སྟེང་ཟླ་བའི་དཀྱིལ་འཁོར། མ་སཱུ་མཎྜལ་ཧཱུྃ། འོག་ཉི་མའི་དཀྱིལ་འཁོར་སྟེ་དེ་དག་འོད་ཟེར་འབར་བའི་གཞལ་ཡས་ཁང་རེ་རེར་གྱུར། དེ་དག་གི་ནང་དུ། བཏི་ཏིཥྛ་མཎྜལ་ཧཱུྃ། ཆོས་འབྱུང་བསྣོལ་མ་ཟུར་དྲུག་པ། དེ་དག་གི་དབུས་སུ། བྷྲཱུཾ་ཏི་ཥྛ་པདྨ་མཎྜལ་ཧཱུྃ། པདྨའི་གདན་གེ་སར་དང་བཅས་པ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལ་ཉི་ཟླ་དང་དྲེགས་པ་ཁྱོ་ཤུག་བསྣོལ་པའི་གདན་རྣམས་སུ་གྱུར། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། དབུས་སུ་ལྷ་ཆེན་ཕོ་མོའ་གདན་ལ་དཔལ་མངོན་རྫོགས་རྒྱལ་པོ་བུདྡྷ་ཧེ་རུ་ཀ་སེར་པོ་གུང་ལང་གསེར་བཙོ་མའི་མདོག་ལྟ་བུ། ཡུམ་སྭ་སྟི་བཛྲ་བདེ་བ་སྟོབས་ལྡན་མས་འཁྱུད་པ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ། ཤར་དུ་དྲི་ཟ་ཕོ་མོའ་གདན་ལ་བཛྲ་ཧེ་རུ་ཀ་ཡབ་ཡུམ་དཀར་པོ་ཀེ་ཀེ་རུའི་མདོག་ཅན། ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རི་སྟྭཾ། ལྷོར་གཤིན་རྗེའི་གདན་ལ་རཏྣ་ཧེ་རུ་ཀ་ཡབ་ཡུམ་སྔོན་པོ་བཻ་ཌཱུའི་མདོག་ཅན། ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ། ནུབ་ཏུ་ཀླུ་བདུད་ཀྱི་གདན་ལ་པདྨ་ཧེ་རུ་ཀ་ཡབ་ཡུམ་དམར་པོ་པདྨ་རཱ་གའི་མདོག་ཅན། ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རི་སྟཾ། བྱང་དུ་གནོད་སྦྱིན་གྱི་གདན་ལ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་ལྗང་གུ་ཨི་ནྡྲིའི་མདོག་ལྟ་བུ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས། ཅུང་ཟད་ཁྲོས་ཤིང་ཞི་བའི་མདངས་དང་ལྡན་པ། ཡབ་རྣམས་ཀྱི་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། འདི་སྒྲུབ་ཐབས་ལྟར་ཡིན་ལ། ལྷན་ཐབས་ལྟར་ན། གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པས་གཡོན་ཀ་པཱ་ལ་ཀླད་ཁྲག་གི་གང་བ་དཀྲུགས་པའི་ཚུལ་ཅན། ཅེས་འབྱུང་། དར་བ་ཏི་སྔོན་པོའ་ཤམ་ཐབས་ཅན། རིན་པོ་ཆེ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡབ་རྣམས་ཀྱིས་
ཤོག་ལྷེ་༤༥༥དབུ་སྐྲ་ཕྱེད་མཐུར་དུ་གྲོལ་ཞིང་ཞབས་བརྐྱང་བསྐུམ་གྱི་ཚུལ་ཅན། ཡུམ་རྣམས་སྐྲ་གྲོལ་ཞིང་ཕྱག་མཚན་ཡབ་དང་འདྲ་བས་མགུལ་ནས་འཁྱུད་པ། ཡེ་ཤེས་ཀྱི་རང་འོད་འབར་བའི་དབུས་ན་བཞུགས་པ། སངས་རྒྱས་རིགས་ལྔས་དབུ་བརྒྱན་པའོ། །དེ་རྣམས་ཀྱང་ཆོས་དབྱིངས་མངོན་རྫོགས་རྒྱལ་པོ་གཅིག་ལས་མ་གཡོས་ཀྱང་མོས་བློས་མཐོང་ཚུལ་དུ་ཕྱོགས་གང་ནས་བལྟས་པ་དེ་དང་མཐུན་པའི་རིགས་ཀྱི་སྐུ་དང་ཞིང་ཁམས་སུ་སྣང་བའོ། །ཆོས་འབྱུང་གི་ཟུར་དྲུག་ལ། ཕག་མོ། །གཞིན་རྗེ་མ། རྨོངས་བྱེད་མ། སྐྱོད་བྱེད་མ། སྐྲག་བྱེད་མ། ཙཎྜི་ཀ་རྣམས་ཁ་དོག་སྣ་ཚོགས་པ། ཌཱ་མ་རུ་དང་བདུད་རྩིའི་ཐོད་པ་བསྣམས་ཤིང་ཁ་ཊྲཱཾ་ག་དཀུ་ལ་བརྟེན་པ། ཞབས་གཡས་བརྐྱངས་པའི་གར་སྟབས་ཀྱིས་བཞུགས་པའོ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དེའི་ཕྱི་རོལ་ཏུ་གནས་ཀྱི་མ་མོ། །ཡུལ་གྱི་ཕྲ་མན། སྒོ་སྐྱོང་གདོང་མོ་བཞི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་སོགས་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོར་གསལ་བར་གྱུར། གཞུང་ཚིག་གིས་གསལ་གདབ་པ་ནི། །འབྱུང་བའི་དཀྱིལ་འཁོར་ཡུམ་ལྔའི་མཁའ་དབྱིངས་སུ། །མངོན་པར་དགའ་བ་རིན་ཆེན་གཞལ་ཡས་ཁང་། །ཉི་ཟླ་པདྨ་འོད་ཀྱི་ཁ་སྦྱོར་ནང་། །ཨེ་བསྣོལ་ཟུར་དྲུག་ཟེའུ་འབྲུ་བརྡལ་བ་ཡི། །དྲེགས་པ་ཁྱོ་ཤུགས་ཉི་ཟླ་པདྨའི་སྟེང་། །མངོན་རྫོགས་རྒྱལ་པོ་བུདྡྷ་ཧེ་རུ་ཀ་།ཞལ་གཅིག་ཕྱག་གཉིས་སྐུ་སྔོན་སེར། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། བ་ཏི་སྔོན་པོའ་ཤམ་ཐབས་ཅན། །དབུ་སྐྲ་ཅུང་ཟད་ཐུར་དུ་འཕྱངས། །ཞི་བའི་མདངས་ལ་ཅུང་ཟད་ཁྲོ། །གཡས་ན་རྡོ་རྗེ་རྩེ་དགུ་བསྣམས། །གཡོན་ན་དངུལ་དཀར་དྲིལ་བུ་བསྣམས། །ཕྱག་དེ་གཉིས་ཀྱིས་ཡུམ་ལ་འཁྱུད། །ཡུམ་
ཤོག་ལྷེ་༤༥༦བདེ་སྟོབས་དང་ལྡན་པ་ནི། །ཡབ་དང་འཁྲིལ་སྦྱོར་ཕྱག་གཉིས་འཁྱུད། །སྐུ་མདོག་ཡབ་འདྲ་དབུ་སྐྲ་གྲོལ། །བདག་ཉིད་གསལ་བའི་ཐུགས་ཀ་ནས། །ཡི་གེ་ༀ་ནི་ཁ་དོག་ལྔ། །ཤིན་ཏུ་གསལ་བར་བསྒོམ་པར་བྱ། །ཤར་ཕྱོགས་ཞིང་ཁམས་དཀར་པོ་ལ། བཛྲ་ཧེ་རུ་ཡབ་ཡུམ་དཀར། །ལྷོ་ཕྱོགས་ཞིང་ཁམས་མཐིང་ག་ལ། །རཏྣ་ཧེ་རུ་ཡབ་ཡུམ་མཐིང་། །ནུབ་ཕྱོགས་ཞིང་ཁམས་དམར་པོ་ལ། །པདྨ་ཧེ་རུ་ཡབ་ཡུམ་དམར། །བྱང་ཕྱོགས་ཞིང་ཁམས་ལྗང་གུ་ལ། །ཀརྨ་ཧེ་རུ་ཡབ་ཡུམ་ལྗང་། །འབར་བའི་གར་དགུ་ཁྲོ་ཚུལ་རྫོགས། །སྐད་ཅིག་དྲན་རྫོགས་ཙམ་གྱིས་ནི། །རྣམ་པ་ལྷ་ལ་རང་བཞིན་མེད། །མཚན་ཉིད་སྤྲོས་པ་ཐམས་ཅད་བྲལ། །བདེ་གསལ་མི་རྟོག་དབྱིངས་ཀྱི་ངང་། །གང་ནས་བལྟས་པ་དེ་ལྟར་སྣང་། །དོན་ལ་དཔལ་ཆེན་གཅིག་ཉིད་དུ། །མངོན་རྫོགས་རྒྱལ་པོ་ཆེ་བའི་མཆོག །སྤྱི་དཔལ་བླ་ན་མེད་པའོ། །དེ་དག་གིས་བསྐྱེད་པའི་རྣལ་འབྱོར་སོང་ནས། དེ་ཉིད་རྫོགས་བྱེད་ཀྱི་ཡན་ལག་དྲང་བསྟིམ་མཆོད་བཤགས་རྣམས་བྱ་དགོས་པས་ཐོག་མར་ཡེ་ཤེས་པ་སྤྱན་དྲངས་བ་ནི། དེ་ལྟར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་ནས་ཡེ་ཤེས་པ་སྦྱན་དྲངས་པར་གྱུར། ཧཱུྃ། འོག་མིན་བདེ་གཤེགས་ཕོ་བྲང་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། ༀ་ཨེ་ཧྱ་ཧི་བུདྡྷ་ཤྲཱི་ཧེ་རུ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པས་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་དམ་ཚིག་བས་ཕྱག་བྱས་པར་བསམ་ལ། ཧཱུྃ། མི་གནས་མི་དམིགས་ཆོས་སྐུ་དག་པ་ལས། །བདུད་འདུལ་ཁྲོ་ཚོགས་དག་པའི་སྐུ་སྤྲུལ་པ། །བཅོམ་ལྡན་དཔལ་ཆེན་འཁོར་དང་བཅས་པ་ལ། །གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། །ཨ་ཏི་པཱུ་ཧོ། །པྲ་ཏི་ཙྪ་ཧོ། །ཡ་མི་ན་མོ། །ཕྱག་ཕྱེས་པས་ལྷ་ཡེ་ཤེས་སེམས་དཔའ་
ཤོག་ལྷེ་༤༥༧དགྱེས་ནས་སྐུ་གསུང་ཐུགས་ཀྱིས་བདག་དམ་ཚིག་སེམས་དཔའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་བཞུགས་སུ་གསོལ་བ་ནི། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །བཅོམ་ལྡན་དཔལ་ཆེན་ཧེ་རུ་འཁོར་དང་བཅས། །དངོས་གྲུབ་སྩོལ་ཕྱིར་བརྟན་པར་བཞུགས་སུ་གསོལ། ཏིཥྛ་བཛྲ་ཧཱུྃ། ཡེ་ཤེས་པ་རྣམས་དམ་ཚིག་པ་གཙོ་འཁོར་སོ་སོ་ལ་ཐིམ་པས་གཟི་བརྗིད་ནུས་པ་དང་ལྡན་པར་བསམ། དེ་ནས་ཕྱག་རྒྱ་གར་གྱི་མཆོད་པ་འབུལ་བ་ནི། ཧཱུྃ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །བཅོམ་ལྡན་དཔལ་གྱི་ཕྱག་རྒྱར་གསལ། །སྐུ་གསུམ་གཉིས་མེད་བདེ་ཆེན་གསལ། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། ཨ་ལ་ལ་ཧོ༔ ཞེས་སྣང་སྲིད་ཐམས་ཅད་དཔལ་ཆེན་པོའ་སྐུར་གསལ་བར་བལྟའོ། །དེ་ནས་རིགས་ལྔ་ཧེ་རུ་ཀ་ལ་བསྟད་ཅིང་བཤགས་པ་བྱ་བ་ནི། ཧཱུྃ། དབུས་ཕྱོགས་གུ་ལང་གསེར་གྱི་ཞིང་ཁམས་ནས། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །བུདྡྷ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཤར་ཕྱོགས་ཀེ་ཀེ་རུ་དཀར་པོའ་ཞིང་ཁམས་ནས། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །བཛྲ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་
ཤོག་ལྷེ་༤༥༨ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོར་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པ་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱི་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ལྷོ་ཕྱོགས་རིན་ཆེན་བཻ་ཌཱུ་སྔོན་པོའ་ཞིང་ཁམས་ནས། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །རཏྣ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོར་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ནུབ་ཕྱོགས་པདྨ་རཱ་ག་དམར་པོའ་ཞིང་ཁམས་ནས། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །པདྨ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོར་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །བྱང་ཕྱོགས་
ཤོག་ལྷེ་༤༥༩ཨིནྡ་ནཱི་ལ་ལྗང་གུའི་ཞིང་ཁམས་ནས། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །ཀརྨ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱི་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། དེ་ནས་ཕྱིའི་མཆོད་པ་རྣམས་པ་ལྔ་འབུལ་བ་ནི། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་རྣམས་རིམ་པར་སྤྲོས་ཏེ་མཆོད་པ་གནས་སོ་སོར་ཕུལ་བས་མཉེས་པར་བསམ་ལ། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་བཛྲ་ཨཱརྒྷཾ་པྲ་ཏཱིཙྪ་ཧཱུྃ། མཆོད་ཡོན་མདུན་དུ། ༀ་བུདྡྷ་སོགས་ལྷ་སྔགས་རེ་རེ་བཞིན་མཆོད་སྔགས་ཀྱི་མགོར་སྦྱར་ལ། ༀ་བཛྲ་པུཥྤེ་པྲ་ཏཱིཙྪཧཱུྃ། མེ་ཏོག་དབུ་ལ། ༀ་བཛྲ་དྷུ་པེ་པྲ་ཏཱིཙྪ་ཧཱུྃ། བདུག་སྤོས་ཤངས་ལ། ༀ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ། མར་མེ་སྤྱན་ལ། ༀ་བཛྲ་གནྡྷེ་པྲ་ཏཱིཙྪ་ཧཱུྃ། དྲི་ཆབ་ཐུགས་ལ། ༀ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཧཱུྃ། ཞལ་ཟས་ཞལ་ལ། ༀ་བཛྲ་ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུྃ། རོལ་མོ་སྙན་ལ། མངོན་རྫོགས་ཡབ་ཡུམ་འཁོར་བཅས་ལ། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། ། རོལ་དུༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པས་གཙོ་བོ་ལ་འབུལ། རིགས་བཞི་ལ་དེས་འགྲེས་ཏེ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རི་སྟྭཾ། ཞེས་པ་ལ། ཨཱརྒྷཾ་ནས། ཤབྡའི་བར་སོ་སོར་སྦྱར་བའི་མཐར། བཛྲ་ཁྲག་འཐུང་ཡབ་ཡུམ་སོགས་ཚིག་རྐང་གཉིས་སྔགས་བཅས། ༀ་རཏྣ་ཤྲཱི་སོགས་མཆོད་སྔགས་དང་། རཏྣ་ཁྲག་འཐུང་ཡབ་ཡུམ་སོགས། ༀ་པདྨ་ཤྲི་སོགས་མཆོད་སྔགས་དང་། པདྨ་ཁྲག་འཐུང་
ཤོག་ལྷེ་༤༦༠ཡབ་ཡུམ་སོགས། ༀ་ཀརྨ་ཤྲཱི་སོགས་མཆོད་སྔགས་དང་། ཀརྨ་ཁྲག་འཐུང་ཡབ་ཡུམ་སོགས་སོ་སོར་སྐྱར། དེ་ནས་གོང་གི་མཆོད་པ་བྱིན་རླབས་སྔགས། ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་ཀ་པཱ་ལ་སོགས་ཀྱི་མཐར། ག་ཎ་ཏ་ན། བྷ་སྨིན་ས་ལ། ཨ་སྨིན་པ་ལ་ཡ་ས་ཏོ་ཧོ། །ཨ་པ་ལ་གོ །ཞེས་བཏགས་པས་ཀྱང་མཆོད། དེ་ནས་སྨན་མཆོད་འབུལ་བ་ནི། །བྱིན་གྱིས་བརླབས་པའི་སྨན་ཕུད་སྦྲེངས་ལ། ཧཱུྃ། ངོ་མཚར་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །འབྱུང་བའི་བཅུད་བསྡུས་འབྲས་བུ་བདུད་རྩི་བཅུད། །ཡུམ་ཆེན་མ་མཱ་ཀི་རུ་བྱིན་རླབས་ནས། །རྒྱ་མཚོ་ཆུ་ཀླུང་མཚོ་བྲན་མན་ཆད་ནས། །ཟིལ་པའི་ཐིག་པའི་བརླན་གྱི་བཅུད་བསྡུས་ཏེ། །འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དཔའ་བོས་བསྐང་། །དུས་གསུམ་རྒྱལ་བ་ཡབ་ཡུམ་མཆོད་པ་དང་། །རྒྱལ་བ་རྒྱ་མཚོའ་ཐུགས་དམ་བསྐང་བ་དང་། འགྲོ་བ་མ་ལུས་ཐུགས་རྗེས་བཟུང་བའི་ཕྱིར། །ཉོན་མོངས་དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་དང་། །ལྷ་མོ་བརྒྱད་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཕྲ་མེན་སེང་ཧ་བརྒྱད། ཡེ་ཤེས་སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད། བཀའ་སྐྱོང་མཁའ་འགྲོ་སྡེ་གསུམ། ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་བདུད་རྩི་ཕུལ་བས། སྐུ་གསུང་ཐུགས་མཉེས་ནས་ཐོད་པའི་ནང་དུ་དངོས་གྲུབ་ༀ་ཨཱཿཧཱུྃ་བྱུང་རང་གི་མཐེབ་སྲིན་གྱིས་བླངས་ལ་ལྕེ་ཐོག་ཏུ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། ཧཱུྃ། འཕྲུལ་ཞལ་བྷནྡྷའི་སྣོད་མཆོག་ཏུ། །དཔའ་བོ་འབྲུ་གསུམ་
ཤོག་ལྷེ་༤༦༡ཚུལ་དུ་ནི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདི། །སྒྲུབ་མཆོག་བདག་ལ་སྩལ་དུ་གསོལ། ༀ་ཨཱཿཧཱུྃ་ཀཱ་ཡ་སིདྡྷི་ༀ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་གནས་གསུམ་དུ་ཐིག་ལེ་བྱའོ། །དེ་ནས་གཏོར་མ་ལ་དུས་བཞིར་གསུངས་པ་ལས་འདིར་མཆོད་གཏོར་གྱི་དུས་ལྟར་དམིགས་ལ། ཧཱུྃ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདིར། །དཔལ་ཆེན་ཡབ་ཡུམ་མཆོད་པ་དང་། །མ་སྲིད་རྒྱ་མཚོ་མ་ལུས་བརྟེན་པ་དང་། །རྡོ་རྗེ་རྒྱལ་པོ་རྒྱལ་ཐེབ་ཀིང་ཀ་ར། །མཆེད་ལྕམ་འདུས་པའི་གཡར་དམ་བསྐང་པའི་ཕྱིར། །རིན་ཆེན་ཚང་པའི་གཏོར་གཞོང་ཆེན་པོ་རུ། །ཞལ་ཟས་བདུད་རྩི་ཤ་ཆེན་དང་། །རཀྟ་དམར་དང་དཀར་གྱིས་བརྒྱན། །འབྱོར་ཚོགས་བཤམས་པའི་ལོངས་སྤྱོད་འདི། །ཞིང་ཁམས་རྒྱས་པར་བསྐང་ནས་འབུལ་ལགས་ན། །སྔགས་བདག་ཆེན་མོས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གཏོར་མར་སྨན་རཀ་སྦྲེང་ངོ་། །བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། །བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རི་སྟྭཾ། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རི་སྟྭཾ། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རི་སྟྭཾ། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧཱི། པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རི་སྟྭཾ། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རི་སྟྭཾ། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། གཽ་རིམ་བརྒྱད། སིང་ཧ་མ་བརྒྱད། སྒོམ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་སྡེ་གསུམ། ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་སྟོང་གསུམ་བདུད་རྩིར་བསྒྱུར་བའི་བཅུད་ཐམས་ཅད་བསྡུས་ནས་སོ་སོའ་ཞལ་དུ་སྟོབ་པར་བསམ། དེ་ནས་རཀྟ་འབུལ་བ་ནི། ཆང་ཕུད་དང་སྦྱར་ཏེ་འབུལ་ལ། ཧཱུྃ། རྣལ་འབྱོར་དབང་ཕྱུག་དགོངས་པ་སྒྲུབ་པ་དང་། །མ་སྲིད་རྒྱ་མཚོ་མ་ལུས་བསྟེན་པ་དང་། །དཔལ་ཆེན་མ་མོའ་ཐུགས་
ཤོག་ལྷེ་༤༦༢དམ་བསྐང་བའི་ཕྱིར། །པདྨ་ཟིལ་ཐིག་དྲི་དང་སྦྱར་བ་ཡིས། །དུང་ཆེན་དམར་གྱིས་བཀང་བའི་རཀྟ་འདི། །མངའ་བདག་ཆེན་པོས་བཞེས་ལ་བྱིན་གྱིས་རློབས། ཞེས་པས་གཏོར་མ་སྦྲེང་ངོ་། །དེ་ནས། ཧཱུྃ། ཐུགས་རྗེ་ཆགས་པའི་རང་བཞིན་གྱིས། །འགྲོ་བའི་དོན་ལ་དམིགས་པ་ཡི། །རཀྟ་དམར་གྱི་ཨཱརྒྷཾ་འདི། །བླ་མ་བདེ་གཤེགས་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་མ་ལུས་ལ། །བརྩེ་བའི་སེམས་ཀྱིས་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །མ་ཧཱ་རཀྟ་ཁ་ར་ཁཱ་ཧི༔ ཞེས་དབུལ་ལོ། །དེ་ནས་ཕྱག་རྒྱ་གར་གྱི་མཆོད་པ་ནི། དཔལ་ཆེན་ཡབ་ཡུམ་རྣམས་ཀྱི་སྐུ་ཤིན་ཏུ་གསལ་བར་བལྟས་ལ། ཧཱུྃ། མི་གནས་དཔལ་ཆེན་མངོན་རྫོགས་ཧེ་རུ་ཀ །ལྷ་མོ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་འདིར། བདུད་རྩིའི་རྒྱ་མཚོ་ཆེན་པོ་ཕུལ་བས་མཉེས་པར་བསམ་མོ། །འཇིག་རྟེན་པ་ལའང་དབུལ་ལོ། རྣམ་དག་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །སྒྱུ་མའི་ཕྱག་རྒྱར་གསལ་ལ་ཕྱག་འཚལ་བསྟོད། ཞེས་ཡི་གེ་བརྒྱ་པ་ཚར་གཅིག་བརྗོད། དེ་ནས་ཁ་བསྐང་བའི་ཕྱིར་བཤགས་པ་བྱ་བ་ནི། ཧཱུྃ། ཡེ་ཤེས་མཁའ་འགྲོའི་དབང་ཕྱུག་ཁྲོ་རྒྱལ་གཙོ། །དཔལ་ཆེན་ཧེ་རུ་ཀ་ནི་མཐའ་དང་མཉམ། །དུས་དྲུག་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །ཐུགས་དང་འགལ་བ་མཆིས་ན་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །གནོང་ཞིང་འགལ་འཁྲུལ་མཆིས་པ་མཐོལ་ལོ་བཤགས། །རིག་འཛིན་སྒྲུབ་པ་པོ་ནི་ཆོས་ཉིད་ཐུགས་སུ་ཆུད། །མ་རིག་དབང་གིས་དེ་ལྟར་མ་རྟོགས་ཀྱང་། །མི་དགེ་ལོག་པའི་ལས་རྣམས་ཅི་བགྱིས་པ། །བསྟན་པ་སྲུང་བ་རྣམས་ལ་བཟོད་པར་གསོལ། །འདའ་ཀ་ཁས་བླང་དམ་ལས་གཡེལ་གྱུར་ཏེ། །རྡོ་རྗེ་སེམས་དཔའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ།
ཤོག་ལྷེ་༤༦༣སྦྱོར་སྒྲོལ་མཆོད་པ་ཏིང་འཛིན་མ་བཤམས་ཏེ། །ཀྲོ་དྷཱི་ཤྭ་རིའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རྫས་དང་ཕྱག་རྒྱ་མངོན་དུ་མ་གྱུར་ཏེ། །གཽ་རི་མ་བརྒྱད་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཤ་ཁྲག་མཆོད་པ་གཞུང་བཞིན་མ་བཤམས་པ། །སིང་ཧ་མ་བརྒྱད་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཤར་ལྷོ་ནུབ་བྱང་སྒོ་བཞི་མ་གསལ་ཏེ། །རྟ་གདོང་སྒོ་མ་བཞི་ཡི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཡོ་བྱད་ཚོགས་ནས་ཚོགས་ཀྱི་ཕུད་ཉམས་པས། །མཁའ་འགྲོ་དབང་ཕྱུག་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཚོགས་ལ་རོལ་ནས་ལྷག་མ་མ་ལུས་པས། །མ་མོ་བརྟན་མའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །སྐུ་བསྐྱེད་ཁྲོ་བོའ་ལུས་སུ་མ་གྱུར་པས། །སྔགས་འཇུག་ཕོ་ཉའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། ཅེས་མེ་ཏོག་དོར་ལ་བཟོད་གསོལ་བྱའོ། །དོན་ལྔ་པ་ཡང་དག་ཐུགས་ཀྱི་མངོན་རྫོགས་རྒྱལ་པོ་ལ་འཛབ་དབུལ་བ་ནི། བཟླས་བརྗོད་བསྙེན་པའི་ལུང་དུ་རུ་ལུའི་འཛབ་བགྲང་བར་བྱ་སྟེ་རུ་ལུ་དབྱངས་ཀྱི་འདྲེན་སྟངས་དྲུག་སོགས་གཞན་དང་འདྲ། འདིར་ཕྲེང་བ་སྔགས་ཀྱི་རྣལ་འབྱོར་བསྒོམ་པ་ནི། བདག་གི་ཐུགས་ཁར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ན། ༀ་ཁ་དོག་ལྔ་པ། ཐིག་ལེ་མཐིང་ཁ། ཟླ་ཚེས་དཀར་པོ། །ཨ་དམར་པོ་ན་རོ་སེར་པོ། །འ་ལྗང་གུ་དེའི་མཐའ་མ་གཡས་བསྐོར་དུ་བཟླ་བའི་སྔགས་ཀྱིས་བསྐོར་བར་དམིགས་ལ། སྐུའི་བསྙེན་པ་ནི། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། གསུང་གི་བསྙེན་པ། ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རི་སྟྭཾ། །
ཤོག་ལྷེ་༤༦༤རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཐུགས་ཀྱི་བསྙེན་པ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རི་སྟཱཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཡོན་ཏན་བསྐེན་པ། ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རི་སྟཱཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཕྲིན་ལས་བསྙེན་པ། ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རི་སྟཱཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་སྔགས་ཚན་ལྔ་པོ་ཆ་སྙོམས་སུ་གསལ་ལ་དོད་པར་བཟླ། དེའང་དུས་བཞིར་ཏིང་ངེ་འཛིན་དང་མ་བྲལ་བར་བཟླ་བའི་ཐུན་དང་པོ་ལ། གཉིས་པར་ཉེ་བསྙེན། གསུམ་པར་སྒྲུབ་པ། བཞི་པར་སྒྲུབ་པ་ཆེན་པོའ་ཚུལ་དུ་བྱེད་པ་ལས། དང་པོ་གསུམ་རང་དོན། བཞི་པ་ནི་སྒོམ་ཚུལ་བླ་མའི་བྱིན་རླབས་དང་འབྲེལ་བ་སྟེ་དེའི་ཚུལ་གཞན་དུ་བཀོད་པ་ལྟར་རོ། །དེ་དག་གི་དུས་སུ་རྣམ་པ་ལྷའི་ཕྱག་རྒྱ། རང་བཞིན་སྐྱེ་བ་མེད་པ། ཉམས་མྱོང་བདེ་བ་ཆེན་པོར་ཤར་བ་ལ་རྣལ་འབྱོར་རྩེ་གཅིག་ཏུ་བྱའོ། །བཟླས་པ་གྲུབ་ནས་ཁ་སྐོང་དང་བཅས་མཆོད་བསྟོད་མདོར་བསྡུས་སྤྱི་ལྟར་སྤྲོས་ཀྱང་འགལ་བ་མེད། འདིར་ངེས་པར་གཏོར་ཆོག་བྱ་བར་གསུངས་པས། བྱིན་གྱིས་བརླབ་པ་ནི། བདག་གིས་ཐུགས་ཀར་ༀ་ཁ་དོག་ལྔ་དང་ལྡན་པ་ལས་མ་དམར་སེར་གཅིག་ལག་པ་གཡོན་པའི་མཐིལ་དུ་བྱུང་། །ཉི་མའི་དཀྱིལ་འཁོར་དུ་གྱུར། ལག་གཡོན་བསྟན། ཡང་ཨ་དཀར་པོ་ལག་པ་གཡས་པའི་མཐིལ་དུ་བྱུང་། ཟླ་བའི་དཀྱིལ་འཁོར་དུ་གྱུར། གཡས་པ་བསྟན། མཐེབ་ཆེན་གཉིས་སྦྲེལ་ལ། ཡང་ཧཱུྃ་སྔོན་པོ་ཞིག་འཕྲོས་འཐེབ་ཆེན་སྦྲེལ་བའི་བར་དུ་མགོ་མཐུར་ལ་བསྟན་པས་གཏོར་མ་ལན་གསུམ་དུ་དཀྲུགས་པས་དམ་ཚིག་གི་བདུད་རྩིར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། གཡོན་པའི་ཉི་དཀྱིལ་ལས་བདུད་རྩི་བབས། ༀ་ཨཱཿཧཱུྃ། གསུམ། གཡས་ཀྱི་ཟླ་དཀྱིལ་ལས་བདུད་རྩི་བབས། ༀ་ཨཱཿཧཱུྃ། གསུམ། གཡས་བསྐོར་དུ་དཀྲུགས་ཚུལ་བྱ། གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་བསུང་ཕུན་སུམ་ཚོགས་པ་རོ་མཆོག་བརྒྱ་དང་ལྡན་པར་གྱུར། ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ས་ཏྭ་ཧཱུྃ་སྭཱ་ཧཱ༔
ཤོག་ལྷེ་༤༦༥ལན་བདུན་ན་མི་གསུམ་བརྗོད། གཏོར་མགྲོན་བླ་མ་ཡི་དམ་མཁའ་འགྲོ་མདུན་གྱི་ནམ་མཁའ་སྤྱན་དྲངས་པོར་བསམ། འབར་བའི་ཕྱག་རྒྱ་སྨིན་མཚམས་བསྐོར་ལ། ༀ་གུ་རུ་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ས་མཱ་ཛཿ ༀ་དེ་བ་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ས་མཱ་ཛཿ ༀ་ཛོ་ཀ་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ས་མཱ་ཛཿ གདན་འབུལ། ༀ་གུ་རུ་མ་ངྷ་ལ། ༀ་དེ་ཝ་མ་ངྷ་ལ། ༀ་ཛོ་ཀི་མ་ངྷ་ལ། དེ་ནས་གཏོར་མ་འབུལ་བ་ནི། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བདུད་རྩི་དྲངས་ཏེ་གསོལ་བས་མཉེས་པར་གྱུར་པར་བསམ་ལ། ༀ་གུ་རུ་ཌ་ཀི་ནི་ཡེ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ངྷེ་ཝ་ཌ་ཀི་ནཱི་ཡེ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛོ་ཀ་ཌཱ་ཀི་ནཱི་ཡེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རེ་རེ་ལ་ལན་གསུམ་གསུམ་བརྗོད་དོ། །དེ་ནས་ཚིག་བཤད་ཀྱིས་དབུལ་བ་ནི། བྱིན་གྱིས་རློབས་པའི་བླ་མ་དམ་པ་རྣམས་ཀྱིས་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཞིག་ཁ་རཾ་ཁཱ་ཧི། རིམ་པ་དབང་གི་བླ་མ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཞིག་ཁ་རཾ་ཁཱ་ཧི། །ཤེས་རྒྱུད་གྲོལ་བའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ་སོགས་གོང་ལྟར་འགྲེའོ། །ངེས་པར་སྟོན་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི་སོགས། ཧེ་རུ་ཀའི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧཾ་བཛྲ་ཧེ་རུ་ཀའི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་འགྲེའོ། །རཏྣ་ཧེ་རུ་ཀའི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་རོལ་ཅིག པདྨ་ཧེ་རུ་ཀའི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས ཀརྨ་ཧེ་རུ་ཀའི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའ་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ ཞིང་ལས་སྐྱེས་པའི་མཁའ་འགྲོ་མ། ཧེ་རུ་ཀའི་གནས་བཅུ་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་མཁའ་འགྲོ་མ་དང་། །
ཤོག་ལྷེ་༤༦༦མཁའ་འགྲོ་མ་འབར་བའི་གདིང་ཅན་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི ལས་ལས་སྐྱེས་པའི་མཁའ་འགྲོ་མ། །བུདྡྷ་རིགས་ཀྱི་མཁའ་འགྲོ་མ་དང་། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་དང་། །རིན་པོ་ཆེའི་རིགས་ཀྱི་མཁའ་འགྲོ་མ་དང་། །པདྨའི་རིགས་ཀྱི་མཁའ་འགྲོ་མ་དང་། ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་དང་། མཁའ་ལ་གཤེགས་མ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས སྔགས་ལས་སྐྱེས་པའི་མཁའ་འགྲོ་མ། དབྱིངས་ཀྱི་ཡུམ་དྲུག་རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད། དཔལ་མོ་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་སུམ་ཅུ་རྩ་གཉིས། ཤུགས་འགྲོ་བདུན་ཅུ་རྩ་བདུན། མ་བདུན་སྲིང་བཞི། འབར་མ་ལང་ཀ་རྒྱ་མཚོ། མཁའ་འགྲོ་མ་མཁའ་ལ་སྤྱོད་པ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་གཏོར་མ་བཞེས་ཤིག་ཁ་རཾ་ཁཱ་ཧི། གཞན་ཡང་བཀའ་དང་བསྟན་པ་སྲུང་ཞིང་འཁོར་དང་གང་ཟག་སྐྱོང་བའི་མགོན་པོ་དམ་ཚིག་ཅན་ཐམས་ཅད་ལ། དམ་རྫས་བདུད་རྩིས་བརྒྱན་གྱིས་འབར་བའི་གཏོར་མ་འདི་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཞེས་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱི་ཕྲིན་ལས་སྤྱི་ལྟར་བཅོལ་ལོ། །དེ་ཡན་ཆད་སྒྲུབ་ཐབས་ཀྱི་དངོས་གཞིའོ། །དྲུག་པ་བཟའ་བ་ཚོགས་ཀྱི་ལུང་དུ་ཚོགས་འབུལ་བ་ལ་དོན་བདུན་གྱིས་བསྟན་ཏེ། དང་པོ་ཚོགས་རྣམ་པ་གསུམ་གྱི་སྟ་གོན་དུ་བྱ་བ་ལ། དགྱེས་ལྡན་ལྷའི་ཚོགས་སྤྱན་དྲངས་པ་ནི་འོག་ཏུ་བསྟན། སྐལ་ལྡན་མིའོ་ཚོགས་དམ་ལྡན་གྱི་རྣལ་འབྱོར་ཚོགས་པས་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ཅི་འབྱོར་ཡང་བཤམ་མོ། །གཉིས་པ་བསང་ཐབས་རྣམ་པ་གསུམ་གྱིས་དྲི་མ་དག་པར་བྱ་བ་ནི། ཧཱུྃ། རཾ་རཾ་རཾ་ནི་ཡེ་ཤེས་མེ་ཡིན་ཏེ། མེ་ཡི་སྙིང་པོ་རཾ་ཞེས་བྱ། །རཾ་ལས་ཡེ་ཤེས་མེ་བྱུང་བས། །བག་ཆགས་མ་ལུས་བསྲེགས་པར་བྱིང་། རཾ། ཡཾ་ཡཾ་ཡཾ་ནི་ཡེ་ཤེས་རླུང་ཡིན་ཏེ། །རླུང་
ཤོག་ལྷེ་༤༦༧གི་སྙིང་པོ་ཡཾ་ཞེས་བྱ། །ཡཾ་ལས་ཡེ་ཤེས་རླུང་བྱུང་བས། །བག་ཆགས་མ་ལུས་གཏོར་བར་བྱ། ཡཾ། ཁཾ་ཁཾ་ཁཾ་ནི་ཡེ་ཤེས་ཆུ་ཡིན་ཏེ། །ཆུ་ཡི་སྙིང་པོ་ཁཾ་ཞེས་བྱ། ཁཾ་ལས་ཡེ་ཤེས་ཆུ་བྱུང་བས། །བག་ཆགས་མ་ལུས་བཀྲུ་བར་བྱ། ཁཾ། གསུམ་པ་སྦྱོང་ཐབས་རྣམ་པ་གསུམ་གྱིས་དངོས་པོ་དང་མཚན་མ་མེད་པར་སྦྱང་བ་ནི། རཾ་ཡཾ་ཁཾ། ལྷག་མཐོང་གི་མེ་ཡིས་བསྲེགས། །ཡེ་ཤེས་ཀྱི་རླུང་གིས་གཏོར། ཞི་གནས་ཀྱི་ཆུ་ཡིས་བཀྲུས་པས་དངོས་འཛིན་གྱི་དྲི་མ་མཐའ་དག་སྟོང་པར་གྱུར། བཞི་པ་བྱིན་རླབས་རྣམ་པ་གསུམ་གྱིས་ཁྱད་པར་གྱི་རྫས་སུ་སྦྱར་བ་ནི། སྟོང་བའི་ངང་ལས། ཚོགས་གཏོར་རིན་པོ་ཆེའི་མཆོད་སྡོང་ནོར་བུའི་རྒྱལ་པོ་དགོས་འདོད་ཆར་བཞིན་དུ་འབེབས་པ་དང་། གཟུགས་སྒྲ་དྲི་རོ་རེག་བྱའི་ལྷ་མོ་མཆོད་རྫས་ཐོགས་པའི་ལྷ་མོ་ནམ་མཁའི་ཁམས་གང་བ་དང་། བདུད་རྩིའི་རྒྱ་མཚོ་མུ་ཏིག་དྲི་མ་མེད་པའི་ཁ་དོག་ལྟ་བུ་ཟད་མི་ཤེས་པའི་གཏེར་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། སུ་ར་ཏོ་མ་ཧཱ་པཉྩ་ཤྲཱི་ཧེ་རུ་ཀ་།མནྟྲ་ཛཱ་ལ་མ་ངྷ་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ། ༀ་ༀ་ༀ། ཨཱཿཨཱཿཨཱཿ ཧཱུྃ་ཧཱུྃ་ཧཱུྃ། སྭཱ་སྭཱ་སྭཱ། ཧཱ་ཧཱ་ཧཱ། མ་ཧཱ་ས་མ་ཡ་ཕཊ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཚོགས་ཞིང་སྤྱན་འདྲེན་པ་ནི། །མི་དམིགས་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བ་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུར་མར་རོལ་ཅིང་གཤེགས་སུ་གསོལ། ཧཱུྃ། དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་བྲལ་དང་། །ཁྲོ་བོའ་རྒྱལ་པོ་མཐའ་དག་དང་། །མ་མོ་མཁའ་འགྲོའི་ཚོགས་བཅས་དང་། །ལྷ་དང་ལྷ་མིན་རྣལ་འབྱོར་པ། །རྣལ་འབྱོར་ལོངས་སྤྱོད་ཆེ་ལ་གཤེགས་སུ་གསོལ། ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་དྲི་ཤྱ་ཧོ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། བཛྲ་ཨ་ར་ལི་ཧྲིད་ཧྲིང་། ཞེས་སྤྱན་དྲངས། ལྔ་པ་སྤྲོ་ཐབས་རྣམ་
ཤོག་ལྷེ་༤༦༨པ་གསུམ་གྱིས་དམིགས་པ་སོ་སོར་བཟུང་བ་ནི། རལ་གྲིས་ཚོགས་རྫས་རྣམས་ཚོ་གསུམ་དུ་བགོས་ལ། ཧཱུྃ། འདི་ནི་ཤེས་རབ་རལ་གྲི་སྟེ། །རིན་ཆེན་གཏེར་ཁ་འབྱེད་པ་དང་། །འདོད་ཡོན་རྣམ་ལྔ་འབྱུང་བ་སྟེ། །དྲི་མེད་བདུད་རྩི་འབྱུང་བ་དང་། །དགྲ་བགེགས་སྲོག་རྩ་གཅོད་པ་དང་། །དུག་ལྔ་རྩད་ནས་བཅད་པ་དང་། །སྲོག་ཅན་རྒྱུ་དང་སྲོག་མེད་རྒྱུ། །འདི་ནི་སྲོག་མེད་རྒྱུ་ཡིན་ཏེ། །སྙིང་རྗེ་མེད་པས་བསྒྲལ་བར་བྱ། ཞེས་ཞལ་གསུམ་དུ་འབུལ་བའི་རྫས་འདོད་ཡོན། བདུད་རྩི་ཤ་ཁྲག་ཏུ་དམིགས། དྲུག་པ་དབུལ་ཐབས་རྣམ་པ་གསུམ་གྱིས་བདག་གི་དོན་སྒྲུབ་པ་ནི། དང་པོ་གཡས་ཞལ་དཀར་བ་ལ་དམིགས་ཏེ་ཞི་བའི་ལྷ་ཚོགས་ལ་མཆོད་པ་ནི། ཧཱུྃ། བླ་མེད་མཆོད་པ་དམ་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་ལྔ་ཡི་ལོངས་སྤྱོད་མཁོ་དགུར་ལྡན། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། ཞེས་མཆོད། གཉིས་པ་གཡོན་ཞལ་དམར་པོ་ཐུགས་རྗེ་གཤེ་བའི་ལྷ་ཚོགས་ལ་དམིགས་ནས་བཤགས་པ་འབུལ་བ་ནི། ཧཱུྃ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །ལུས་ཀྱི་སྲོག་བཅད་སྡིག་པ་དངོས་སུ་བགྱིས། །ངག་གི་རྫུན་སྨྲས་གཞན་ལ་ངན་དུ་བརྗོད། །སེམས་ཀྱིས་བློ་ནོར་ལོག་པར་བསམ་ལ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་སྡིག་པ་ཅི་བགྱིས་པ། །བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་བཀའ་འཁོར་གནས་པའི་ལྷ་སྲིན་རྣམས། །འདི་འདྲ་དམྱལ་སོགས་ཤིན་ཏུ་མི་བཟོད་པས། །གནོང་ཞིང་འགལ་འཁྲུལ་མཆིས་པ་བཟོད་པར་གསོལ། ཞེས་དང་ཡིག་བརྒྱ་བརྗོད། གསུམ་པ་ཞལ་དབུས་མཐིང་བ་ལ་དམིགས་ཏེ་ཁྲོ་བོ་ཁྲག་འཐུང་གི་ཚོགས་ལ་སྟོབ་པ་བྱ་བ་ནི། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ།
ཤོག་ལྷེ་༤༦༩ཁམས་གསུམ་མ་ལུས་ཟ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། ཧཱུྃ། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲྭ་བར་ཆགས་པ་དང་། །དམར་ཆེན་པོ་ལ་རྒྱ་མཚོར་བསྐྱིལ། །འཁོར་གྱི་མ་ཚོགས་རྣམས་དང་རོལ། །དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ་།ཁྲོ་རྒྱལ་ཁྲག་འཐུང་རྔམས་པའི་ཚོགས། །གཡོ་འགུལ་ཐམས་ཅད་བསྒྲལ་བའི་ཕྱིར། །གཟུང་རྣམས་ཐམས་ཅད་ཧེ་རུ་ཀ་།ཀཽ་རི་ལ་སོགས་ཟ་བྱེད་རྣམས། །སི་ཧ་ལ་སོགས་གསོད་བྱེད་ཚོགས། །རྟ་གདོང་ལ་སོགས་འཆིང་སྡོམ་ཚོགས། །དབང་ཕྱུག་ལ་སོགས་བཀའ་ཉན་ཚོགས། །ཕོ་ཉ་ལ་སོགས་འཇོམས་བྱེད་ཚོགས། །ཆོམ་ཤིག་འཁོར་བ་རྩད་ནས་ཆོམ། ཧ་ཧ་རུ་ལུ་མཆོད་པ་བཞེས། །ཞེས་ཞལ་དུ་བསྟབ་པར་བྱའོ། །བདུན་པ་སྦྱོང་ཐབས་རྣམ་པ་གསུམ་གྱིས་ཕྲིན་ལས་བཅོལ་བ་ནི། ཚོགས་ཟན་ལིང་གར་བཅོས་པ་ལ་རྟེན་བྱས་ཏེ། །སྡོང་དགྲ་གནོད་བགེགས་སུ་དམིགས་པ་དང་། གནོད་སེམས་ཀྱི་དུག་ཞི་བར་བྱེད་པ་དང་། ཉོན་མོངས་པ་ལྔ་ཡེ་ཤེས་སུ་སྦྱོང་བར་བྱེད་པའི་སེམས་ཀྱིས་ང་རྒྱལ་བསྐྱེད་པ་དང་། བདེན་སྟོབས་འགུགས་གཞུག་སྤྱི་མཐུན་དང་། ཧཱུྃ། འཁོར་གྱི་དམག་ཚོགས་དམ་ཚིག་ཅན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །སློབ་དཔོན་ལ་ནི་བརྙས་བྱེད་ཅིང་། །རྡོ་རྗེ་སྤུན་ལ་འཁུ་བྱེད་དང་། །སྙིང་ནས་སློབ་དཔོན་སྨད་བྱེད་རྣམས། མ་ཐོག་མྱུར་ཏུ་དྲག་ཏུ་ཁུག །ཁྲོ་རྔམས་འབར་བའི་དཀྱིལ་འཁོར་དུ། །ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་པ། །མཚོན་ཆའི་རྒྱལ་པོ་ལྕགས་ཀྱུ་ཡིས། །འོག་མིན་དགའ་ལྡན་ལྷ་ཡུལ་ནས། །ངོ་མཐོན་སྟོབས་ཀྱིས་དྲང་བར་བྱ། ཞེས་བརྗོད་བས་ཁྲོ་ཆུང་མང་པོ་འཕྲོས་ནས་དགྲ་བགེགས་གང་ན་ཡོད་པ་དེ་ལྕགས་ཀྱུས་བཟུང་ནས་གཟུགས་དེ་ལ་ཐིམ་པར་བསམ་ལ། །དེ་ནས་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་དྲག་སྔགས་སོ་ལྔ་པ་བརྗོད་ཅིང་ཕུར་པ་སྙིང་དཀར་ནག་མཚམས་སུ་བཏབ། འཁོར་བ་རྩད་ནས་བཅད་པར་བསམ། མཚོན་ཆ་སྣ་ཚོགས་
ཤོག་ལྷེ་༤༧༠ཀྱིས་ལིང་ག་དེ་བཏུགས་ལ། ཁྲོ་བོའ་ལྷ་ཚོགས་རྣམས་ལ་བསྟབ་པར་བྱ་སྟེ། ཧཱུྃ། ཁྲག་འཐུང་ཆེན་པོའ་དཀྱིལ་འཁོར་ནས། །འཇིགས་བྱེད་ཆེན་པོའ་ཚུལ་སྟན་པ། །དཔལ་ཆེན་དགུ་དང་ཡུམ་ཆེན་དགུ། །གཉིས་མེད་སྦྱོར་བའི་བྱིན་རླབས་ལ། །ཀཽ་རིའི་ཚོགས་དང་སེང་ཧའི་ཚོགས། །སྒོ་མའི་ཚོགས་དང་སྤོར་མའི་ཚོགས། །མཁའ་འགྲོ་དབང་ཕྱུག་ཆེན་མོའ་ཚོགས། །ཕུང་པོ་དཔལ་གྱི་ཞལ་དུ་བསྟབས། །འབྱུང་བ་ཡུམ་གྱི་ཞལ་དུ་བསྟབས། །རྣམ་ཤེས་ཀཽ་རིའི་ཞལ་དུ་བསྟབས། །ཡུལ་ནི་ཕྲ་མེན་ཞལ་དུ་བསྟབས། །ཡན་ལག་སྒོ་མའི་ཞལ་དུ་བསྟབས། །རུས་པ་མཁའ་འགྲོའི་ཞལ་དུ་བསྟབས། ཁྲག་ནི་མ་མོའ་ཞལ་དུ་བསྟབས། །ཤ་ནི་ཕོ་ཉའི་ཞལ་དུ་བསྟབས། །སྲོག་ནི་གིང་ཆེན་ཞལ་དུ་བསྟབས། །ལྷག་མ་འཁོར་གྱི་ཞལ་དུ་བསྟབས། །ཡས་ཀྱི་བདུད་གཡོས་མཆོད་པར་བཞེས། །མས་ཀྱི་སྲི་ལངས་མཆོད་པར་བཞེས། །པ་ཁུའི་རྒན་སྲི་མཆོད་པར་བཞེས། །མ་བུའི་བྱུར་འདྲེ་མཆོད་པར་བཞེས། །ཕུ་ཚའི་བུང་སྲི་མཆོད་པར་བཞེས། །རྣལ་འབྱོར་དམ་སྲི སྡང་བའི་དགྲ་རྣམས་མཆོད་པར་བཞེས། །གནོད་པའི་བགེགས་རྣམས སྔགས་ཀྱི་སྔགས་ཟོར་མཆོད ཆོས་ཀྱི་ཆོས་ཟོར་མཆོད་པར བོན་གྱི་བོན་ཟོར་མཆོད རྒྱ་འདྲེ་སྟོང་མཚམས་མཆོད་པར་བཞེས། །རྨི་ལམ་ངན་པ་མཆོད མཚན་མ་ངན་པ་མཆོད་པར སྦྱོར་བ་རྩུབ་པ་མཆོད ལོ་སྐག་ཟླ་ཟུར་མཆོད ཟ་སྐག་བདུད་ཞག་མཆོད་པར་བཞེས། །མི་མཐུན་ཕྱོགས་རྣམས་མཆོད་པར་བཞེས། །མཆོད་བཞེས་དམ་བསྐང་མཐུ་རྩལ་དངོས་གྲུབ་སྩོལ། ཞེས་ལིང་ག་གཏུབ་པ་དེ་གཏོར་མར་དབུལ་ལོ། །བདུན་པ་ལྷག་མ་མཇུག་སྡུད་ཀྱི་ལུང་དུ་ལྷགས་སྡུད་ཅིང་གཏོར་མའི་མཇུག་བསྐྱང་བའོ། །དེ་ལ་བུད་དང་ལྷག་མའི་མཚམས་སྦྱོར་བ་ནི། ཧཱུྃ། བཅོམ་ལྡན་དཔལ་
ཤོག་ལྷེ་༤༧༡ཆེན་འཁོར་དང་བཅས་པ་རྣམས། །ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བ། །མི་འཇིགས་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཆགས་མེད་པདྨ་འདྲ་བའི་སྤྱན་མངའ་བ། །མ་ཆགས་གསུང་གི་དངོས་གྲུབ་སྩལ་ཏུ་གསོལ། །འགྲོ་དྲུག་ཐུགས་རྗེས་སྒྲོལ་བའི་ཐུགས་མངའ་བ། །སྐྱེ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །འགྲོ་དྲུག་སྨིན་མཛད་བདེ་པའི་དོན་སྒྲུབ་པ། །ཕྲིན་ལས་རྩལ་གྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་བརྗོད་ལ་མིག་བཙུམ་ནས་དམོད་བོར་ལ་ཚོགས་གཏོར་གྱི་ནང་ནས་གཅིག་དངོས་གྲུབ་ཏུ་བླངས་ལ་བཟའ། དེའང་ཤ་ལ་བབས་ན་མཐུ་ཆེ། ཟན་ཚེ་རིང་། འཁུར་བ་ལོངས་སྤྱོད་ཆེ། མར་ལ་རྟོགས་པར་ཆེ་བར་བཤད་དོ། །དེ་ནས་ཚོགས་རྫས་རྣམས་ནང་གི་སྦྱིན་སྲེག་ཏུ་ལོངས་སྤྱོད་པའི་ལྷག་མ་ལ་ཚོགས་ཕུད་དང་པོ་དང་བར་པའི་ཆ་ཤས་བསྲེ། བདུད་རྩིའི་ཁ་ཕྲུ་བཏབ་ལ། །རང་ཉིད་དཔལ་ཆེན་པོར་གསལ་བའི་ཡ་རྐན་དང་མ་རྐན་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་དཀར་དམར་གྱི་རྒྱུན་བབས། ལྷག་གཏོར་གྱི་མི་གཙང་བའི་དྲི་མ་སྦྱངས། བདུད་རྩི་རྒྱ་མཚོ་འདོད་པའི་ཡོན་ཏན་ལྔའི་སྤྲིན་འཕྲོ་བར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷག་མགྲོན་མར་གྱི་གནས་མདུན་གཡོག་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་མདུན་དུ་འཁོད་པར་གྱུར། ཧཱུྃ། ནམ་མཁའ་སྟོང་ལ་དབང་བསྒྱུར་པའི། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱང་། །ད་རུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། བྷྱོ། འཇིག་རྟེན་བྱ་བ་ལས་གྲུབ་པའི། །འབར་མ་ལང་ཀའི་རྒྱ་མཚོ་ཡང་། །ད་རུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །
ཤོག་ལྷེ་༤༧༢ཕྱོགས་བཅུར་མགྱོགས་པའི་ལས་བྱེད་པའི། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡང་། །ད་རུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཏ་ཀྲིད་ལྕམ་མོར་ཞལ་བཞེས་པའི། །འབར་མ་ཆེན་མོ་བརྒྱད་རྣམས་ཀྱང་། །ད་རུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཤ་ཁྲག་ཞལ་དུ་གསོལ་བྱེད་པའི། །དུར་ཁྲོད་དྲེགས་པའི་མ་བདུན་ཀྱང་། །ད་རུང་འཇིག་རྟེན་མ རྣམ་ལྔའི་ལོངས་སྤྱོད འཇིག་རྟེན་ལས་ཀུན བཅོལ་པའི་ཕྲིན་ལས རྒྱལ་ཆེན་སྲིང་མོར་ཞལ་བཞེས་པའི། །སྲིང་མོ་ཆེན་མོ་བཞི་རྣམས་ཀྱང་། །ད་རུང་འཇིག་རྟེན་མ རྣམ་ལྔའི་ལོངས་སྤྱོད་འདི འཇིག་རྟེན་ལས་ཀུན་ཁྱོད བཅོལ་པའི་ཕྲིན་ལས རི་རབ་རྨིང་ནས་འདེགས་བྱེད་པའི། །དབང་གི་གྲུ་འདེགས་ཆེན་མོ་བཞི། ད་རུང་འཇིག་རྟེན རྣམ་ལྔའི་ལོངས་སྤྱོད འཇིག་རྟེན་ལས་ཀུན བཅོལ་པའི་ཕྲིན་ལས ཕ་རོལ་དམག་དཔུང་འཇོམས་མཛད་པའི། །དམག་གི་རྒྱལ་མོ་མཆེད་བཞི་ཡང་། །ད་རུང་འཇིག་རྟེན་མ རྣམ་ལྔའི་ལོངས་སྤྱོད འཇིག་རྟེན་ལས་ཀུན བཅོལ་པའི་ཕྲིན་ལས ཆོས་སྐྱོང་སྲུང་མར་དམ་བཅས་པའི། །བོད་ཁམས་བསྟན་མ་བཅུ་གཉིས་ཀྱང་། །ད་རུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། ༀ་བཛྲ་ཀ་ལ་ས་ཡ་སི་བྷྱོ། ཞེས་ལྷག་མ་ཕྱི་རོལ་ཏུ་འབུལ་ལོ། །དེ་ནས་གཏོར་མཚོ་གསུམ་དུ་བགོས་ཏེ། ཆོས་དབྱིངས་ཀྱི་གཏོར་མ་གཏེར་དུ་སྦེད་པ་ནི། ཧཱུྃ། །ཐུགས་རྗེ་རང་བྱུང་ཡེ་ཤེས་དཀྱིལ་
ཤོག་ལྷེ་༤༧༣འཁོར་དུ། །སྣང་སྲིད་མཚན་མའི་བྱེ་བྲག་ཀུན། །སྣོད་ཀྱི་འཇིག་རྟེན་དབྱིངས་སུ་སྦ། །སྣོད་ཀྱང་བཅུད་ཀྱི་དབྱིངས་སུ་སྦ། །སྣོད་བཅུད་སྐྱེ་བ་མེད་པར་སྦ། །སྲིད་པ་ཟ་བྱེད་གཞལ་ཡས་ཁང་། །རྩི་ཤིང་བདུད་རྩི་རང་བྱུང་སྟེ། །འབྱུང་བ་ལྔ་དང་རིགས་ལྔ་ཡང་། །ཆོས་ཉིད་སྟོང་པའི་དབྱིངས་སུ་སྦ། །ཉོན་མོངས་དུག་ལྔའི་ངོ་བོ་ཡང་། །ཡེ་ཤེས་ལྔ་ཡི་དབྱིངས་སུ་སྦ། །མ་རིག་འཁྲུལ་པའི་ལོག་རྟོག་ཀྱང་། །མཉམ་སྣང་ཆེན་པོའ་དབྱིངས་སུ་སྦ། རྫས་རྣམས་བྱང་ཆུབ་སེམས་སུ་བསྒོམ། སྔགས་མཁན་ཐེག་མཆོག་རྒྱལ་པོར་བསྒོམས་ལ་གཏོར་མ་ཆ་གཅིག་པོ་དཀྱིལ་འཁོར་གྱི་གཞི་ལ་གཏེར་དུ་སྦ། །ཕྱག་རྒྱ་ལྔའི་རྒྱས་གདབ་ལ་བྲོ་བརྡུང་། དེས་བཀྲ་ཤིས། ནོར་ལ་མི་གཟན། དངོས་གྲུབ་འབྱུང་བའི་དགོས་པ་ཡོད་པར་གསུངས། དེ་ནས་ཡེ་ཤེས་རོལ་པའི་གཏོར་མ་སྦྱིན་སྲེག་ཏུ་འབུལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་རྣམས་མེ་ཐབ་ཀྱི་གཞལ་ཡས་ཁང་དུ་བསྐྱེད་ལ་ཚོགས་གཏོར་ཆ་གཅིག་མེ་མཆོད་དམ་སྦྱིན་སྲེག་གི་ཚུལ་དུ་འབུལ་ལོ། །ཐུགས་རྗེ་སྤྲུལ་པའི་གཏོར་མ་འགྲོ་བ་རྣམས་ལ་ཕན་གདགས་ཤིང་ཕྲིན་ལས་རྣམས་བཞིའི་དོན་འགྲུབ་པར་བྱ་བའི་ཕྱིར་སྲུང་མ་ལ་བསྐྱངས་ཏེ། དྲི་བཟང་གིས་བྱུགས་པའི་མཎྜལ་ལ་ཚོགས་གཏོར་ཆ་གཅིག་བརྟག་ནས། བྷྱོ། ཤར་ནས་གཤེགས་པའི་རྣལ་འབྱོར་བདུན། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །དཀར་མོ་དུང་གི་མཆེ་བ་ཅན། །ཕྱག་ན་དུང་གི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱེད་ཀྱིས་ཞི་བའི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་འབྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་ཟློག །བྷྱོ། ལྷོ་ནས་གཤེགས་པའི་རྣལ་འབྱོར་བདུན། །རིན་ཆེན་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་
ཤོག་ལྷེ་༤༧༤གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མར་མཛད། །སེར་མོ་གསེར་གྱི་མཆེ་བ་ཅན། །ཕྱག་ན་གསེར་གྱི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱོད་ཀྱིས་རྒྱས་པའི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །བྷྱོ། ནུབ་ནས་གཤེགས་པའི་རྣལ་འབྱོར་བདུན། །པདྨ་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས་།གཅིག་ནི་ཐབས་ཀྱི་སྒོ་མར་མཛད། །དམར་མོ་བསེ་ཡི་མཆེ་བ་ཅན། །ཕྱག་ན་བསེ་ཡི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱེད་ཀྱིས་དབང་གིས་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། རྒྱུ་འབྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །བྷྱོ། བྱང་ནས་གཤེགས་པའི་རྣལ་འབྱོར་བདུན། །ལས་ཀྱི་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མར་མཛད། །སྔོན་མོ་གཡུ་ཡི་མཆེ་བ་ཅན། །ཕྱག་ན་གཡུ་ཡི་གཞོངས་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱོད་ཀྱི་དྲག་པོའ་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། རྒྱུ་འབྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །ཅེས་གཏོར་མ་ས་གཙང་སར་སྤུངས། །དྲི་མ་ཡལ་བར་སྡུད་དུ་མི་གཞུག་གོ །གཏོར་སྣོད་དེ་རྣམས་ཆ་གསུམ་དུ་ཕྱེ་ལ་ཆ་གཅིག་མ་བཤལ་བར་ཁ་ཡར་བསྟན་ལ་བཞག །ནང་དུ་ནས་སམ་མེ་ཏོག་གིས་བཀང་ལ་དཀོན་མཆོག་ལ་དབུལ། དེ་ལ་བཀྲ་ཤིས་པའི་དགོས་པ་ཡོད། ཆ་གཅིག་བཤལ་ཆུ་ཕྱིར་དོར། བཤལ་ཆུ་ལ་རེ་བའི་ཡི་དྭགས་ཚིམ་ཞིང་ཁོ་ཐག་ཆོད་པའི་དགོས་པ་ཡོད། ཆ་གཅིག་མི་བཤལ་བར་ཁ་སྦུགས་ལ། དགྲ་བགེགས་ཏིང་ངེ་འཛིན་གྱིས་བཀུག་ལ་འོག་ཏུ་བཅུག་སྟེ། བྲོ་བརྡུང་ལ་མནན་པ་བྱའོ། །བར་ཆད་ཞི་ནས་
ཤོག་ལྷེ་༤༧༥དགྲ་བགེགས་མི་ལྡང་བའི་དགོས་པ་ཡོད། ལས་ཀྱི་མཇུག་བསྡུ་བྲོ་བརྡུང་། མནན་པ་བྱེད་པའི་དུས་སུ་བྱིན་དབབ་ཅིང་། གྲོ་བརྡུང་བ་ཡིན་པས། དང་པོ་བྱིན་དབབ་པ་ནི།ཨ་ལ་ལ་ཧོ། །བྷ་ག་ཝཱན། ས་མ་ཡ་ཧོ། །ས་མ་ཡ་སྟྭཾ། ཧཱུྃ། འཕགས་མཆོག་ཐུགས་རྗེ་ཅན་གྱི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །དགྲ་བགེགས་འདུལ་བའི་དུས་ལ་བབ། །བྱིན་ཆེན་དབབ་པའི་དུས་ལ་བབ། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་ཀྱི་འབྲས་བུ་མཆིས་བར་མཛོད། །ཞེས་བྱིན་དབབ་བོ། །དེ་ནས་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་བཀུག་ལ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཀུན་ཀྱང་བུདྡྷ་ཧེ་རུ་ཀ །བུདྡྷ་ཀྲོ་དྷཱི་ཤྭ་རི་སྟཱཾ། །ཁྲོ་བོའ་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའ་སྤྲུལ་པས་ས་གཞི་གང་། །ཁྲོ་ཆུང་སྤྲུལ་པས་བར་སྣང་གང་། །མ་མོ་མཁའ་འགྲོ་དབྱིངས་ནས་རོལ། ལྟ་བའི་ངང་ལ་གནས་པའི་ཕྱིར། །བྲོ་ནི་བར་ཆད་མེད་པའི་བྲོ། །ཚངས་པའི་དབྱིངས་སུ་འདྲེན་པའི་བྲོ། །གླུ་ནི་བར་ཆད་མེད་པར་བླངས། །དཀྱིལ་འཁོར་རང་ལ་གནས་པའི་ཕྱིར། །ཚིག་ནི་སྙིང་པོ་འཛབ་ཏུ་བགྲངས། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཉོན་མོངས་ལྔ་ལ་བྲོ་བརྡུངས་པས། །དུག་ལྔའི་སྟེང་དུ་སྨན་ལྔ་ཤར། །ང་རྒྱལ་ས་ལ་བྲོ་བརྡུངས་པས། །ང་རྒྱལ་སྤངས་ནས་མཉམ་ཉིད་ཤར། །འདོད་ཆགས་ཆུ་ལ་བྲོ་བརྡུངས་པས། །འདོད་ཆགས་སྤངས་ནས་བདེ་ཆེན་ཤར། །ཞེ་སྡང་མེ་ལ་བྲོ་བརྡུངས་པས། ཞེ་སྡང་སྤངས་ནས་སྟོང་ཉིད་ཤར། །ཕྲག་དོག་རླུང་ལ་བྲོ་བརྡུངས་པས། །ཕྲག་དོག་སྤངས་ནས་མཉམ་ཉིད་ཤར། །གཏི་མུག་ནམ་མཁར་བྲོ་བརྡུངས་པས། །གཏི་མུག་སྤངས་ནས་ཡེ་ཤེས་ཤར། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཁྲི་གདུགས་བརྒྱ་ཤར་སྟོང་
ཤོག་ལྷེ་༤༧༦ཤར་བས། །ཡེ་ཤེས་ཉི་མ་གཅིག་ཤར་དྲོ། །ཤར་ཙམ་ཉིད་ནས་ནུབ་པ་མེད། །ང་ནི་དཔལ་ཆེན་ཧེ་རུ་ཀ །རྐང་པ་གཡས་པས་བྲོ་བརྡུངས་པས། །རྣལ་འབྱོར་ཕོ་སྲི་མནན་པའི་བྲོ། །རྐང་པ་གཡོན་པས་བྲོ་བརྡུངས་པས། །རྣལ་འབྱོར་མོ་སྲི་མནན་པའི་བྲོ། །རྐང་པ་གཉིས་ཀས་བྲོ་བརྡུངས་པས། །རྒྱབ་ཉན་རྐུན་བུ་མནན་པའི་བྲོ། །རྨིག་པ་ལྕགས་ཀྱི་བྲོ་བརྡུངས་པས། །ས་བདག་ས་སྲིན་མནན་པའི་བྲོ། །སྔའམ་དེ་ནི་མི་སྦ་རུ། །རྒྱ་མཚོ་ཆེན་པོའ་གཏེངགཏེར་དུ་སྦ། །མནན་ནམ་དེ་ནི་མི་མནན་ན། །རི་རབ་ཆེན་པོའ་རྨདསྨད་དུ་སྦ། །བསྐལ་པ་བརྒྱར་ཡང་མ་ལྡང་ཅིག །བརྒྱ་ལ་འདས་ན་རྡུལ་དུ་རློག །སུམྦྷ་ནི་སོགས། སྟྭཾ་བྷ་རཀྵ་མཱ་ར་ཡ་ནན། ཞེས་མནན་པར་བྱའོ། །འདི་ལ་རྗེས་ཆོག་མཆོད་བསྟོད་མ་བཤད་པས་དགོས་པར་མ་མངོན་ཀྱང་རྟོག་པས་མ་ཆུན་ན་སྤྱི་ལྟར་མདོ་བསྡུས་དང་། ནོངས་པ་བཤགས་པའི་གསོལ་བྱ། བཀྲ་ཤིས་རྒྱས་པར་བརྗོད་ཅིང་རོལ་མོ་བསྒྲག །རང་དོན་ལ་ཡེ་ཤེས་པ་མི་གཤེགས། གཞན་དོན་ལ་གཤེགས་པར་བཤད། ཚོགས་མགྲོན་སོགས་རྟེན་དང་རས་བྲིས་ཡོད་ན་རྟེན་བཞུགས་གསོལ། དམ་ཚིག་གི་དཀྱིལ་འཁོར་གཞལ་ཡས་ཁང་དང་བཅས་པ་གཙོ་བོ་ལ་ཐིམ། གཙོ་བོ་ཐུགས་སྲོག་ༀ་ལ་བསྡུ། དེ་ཉིད་གྱེན་རྫོགས་སུ་རིམ་པར་བསྡུས་ནས་ཐིག་ལེ་ལ་ཐིམ། དེའང་འོད་གསལ་གྱི་དབྱིངས་སུ་ཡལ་བར་གྱུར། ཅེས་བསྒོམས་ལ་བརྡ་བཞི་ཚུལ་བཞི་དང་ལྡན་པས་རྫོགས་རིམ་གྱི་རྟོགས་པ་ཡུན་རིང་བསྐྱང་། སླར་སྐད་ཅིག་གིས་དཔལ་ཆེན་མངོན་རྫོགས་རྒྱལ་པོའ་སྐུར་གྱུར་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། །།།།།།།།།ལུས་ཐམས་ཅད་རྡོ་རྗེའི་གོ་ཆས་གཏམས་པར་གྱུར་བར་བསམ་ལ་གཙོ་སྔགས་རུ་ལུ་བཅས་བརྗོད། བསྔོ་སྨོན་ཁྱད་པར་ཅན་གྱིས་མཐའ་བརྒྱན་པར་བྱའོ། །འདིའི་ཐོག་མའི་རྒྱ་མཚོ་ཁྲུས་ལུང་ནི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པས་རྣམ་པ་ཀུན་ཏུ་གྲུབ་ན་ལེགས་ཤིང་། སྒོ་གསུམ་ལས་ཀྱི་སྤྱོད་པ་ནི་ཕྲིན་ཆོག་དཀྱུས་ཙམ་མ་གྲུབ་ཀྱང་ཆོག་གོ །དེང་དུས་ཕལ་ཆེར་ཆོས་ལ་དབང་ཟ་ཞིང་། །རྟོག་གེས་བསྙེམས་རྣམས་འདི་འདྲར་བརྙས་ཐབས་རྩོམ། །
ཤོག་ལྷེ་༤༧༧གཞན་དག་གལ་ཆུད་སྙོམས་ལས་ཁོ་ནས་གཡེང་། །ཚུལ་འདིར་བྱིར་དོར་བགྱིད་པ་ཤིན་ཏུ་དཀོན། །དེ་ཕྱིར་ལྷག་པའི་བསམ་པས་ཀུན་བསླངས་ཤིང་། །རང་བློས་གང་དཔོགས་གསལ་བར་བཀོད་ན་ཡང་། །ནོངས་པ་གང་མཆིས་རྩ་གསུམ་ཆོས་སྲུང་ལ། །སྙིང་ནས་བཤགས་སོ་དག་ཚངས་བྱིན་རླབས་སྩོལ། །དགེ་བས་སྐྱེ་བ་འདི་དང་སྐྱེ་བ་གཞན། །འོད་གསལ་རྡོ་རྗེ་སྙིང་པོའ་སྐལ་ལྡན་དུ། །གྱུར་ནས་གཞོན་ནུ་བུམ་སྐུར་མངོན་བྱང་ཆུབ། །ཁམས་གསུམ་འགྲོ་རྣམས་དབྱིངས་སུ་སྒྲོལ་བྱེད་ཤོག །འདིའི་གཞུང་གི་ཡིག་རྙིང་ལ་མངོན་རྟོགས་མི་གསལ་ཞིང་ཡིག་ནོར་རྒྱུན་འབྱམས་སུ་མངོན་པའང་མང་ཞིག་སྣང་བ་སོགས་ཀྱིས། ཁྱབ་བདག་ཀུན་མཁྱེན་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའ་ཞལ་སྔ་ནས། ཆོག་བསྒྲིགས་ཁ་གསལ་ཞིག་ཅིས་ཀྱང་འོས་པའི་བཀའི་གནང་བ་སྩལ་བ་དང་། རང་འདྲིའི་བློ་དམན་ལ་ཕན་དུ་རེ་བས། ཕྲིན་ལས་སྒྲུབ་ཐབས་ལྷན་ཐབས་མཆན་རྙིང་རྣམས་ཀྱིས་དགོངས་པ་བསྟུན་ཏེ་ཀླག་ཆོག་གི་ཚུལ་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། །བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། །