Tibetan:དཀར་ཆག་པོད་བདུན་པ་

From gDams Ngag mDzod
Jump to navigation Jump to search



Damngak Dzö Volume ()

དཀར་ཆག་

7-dkar chag-DNZ Tsadra Scan Page 1.jpg

༈༈༈༡༈༈༈ གདམས་ངག་མཛོད། བཀའ་བརྒྱུད་པོད་དང་པོ། ཇ༽ སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བཞི་པ་དགྱེས་མཛད་མར་པ་ལོ་ཙཱ་ཆེན་པོའི་བཀའ་བརྒྱུད་ལ་རྩ་བ་དང་ཡན་ལག་གི་བཀའ་བརྒྱུད་གཉིས་ལས། དང་པོ་གངས་ཅན་གྲུབ་ཐོབ་རྒྱ་མཚོའི་ཆུ་འགོ་འཕགས་ཡུལ་བཀའ་བབ་བཞི་ཡི་པཎ་གྲུབ་རྣམས་ཀྱི་རྒྱུད་དང་མན་ངག་གི་བརྒྱུད་སྲོལ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་ཚད་དང་མུ་མཐའ་མེད་པའི་གཙོ་བོ་ཕྱག་ཆེན་རྒྱ་གཞུང་། རྔོག་དཀྱིལ་བདུན་ལ་སོགས་པའི་སྒྲུབས་ཐབས་དང་། དབང་། རྫོགས་རིམ་ཁྲིད་ཡིག་ཐབས་གྲོལ་གྱི་མན་ངག་གི་ཡིག་ཆ་རྣམས་མཛོད་ཆེན་རྣམ་པ་ལྔ་ཡི་ཡ་གྱལ་བཀའ་བརྒྱུད་སྔགས་མཛོད་ཆེན་པོ་རྒྱབ་རྟེན་དང་བཅས་པ་སོགས་ལ་བཞུགས་སུ་གསོལ་ལ། འདིར་མན་ངག་གནད་ཀྱི་ཉིང་ཁུ་ཟབ་མོ་གདམས་ངག་མཛོད་དུ་ཇི་ལྟར་བཞུགས་པའི་མཚན་ཐོ་ལ། གཞུང་རྩ་འགྲེལ་གྱི་སྐོར་དང་། གདམས་ངག་ཁྲིད་ཀྱི་རིམ་པ་གཉིས་ལས། དང་པོ་ལ། ཐུན་མོང་ཕྱག་ཆེན་གྱི་སྐོར་དང་། ཐུན་མོན་ཆོས་དྲུག་གི་སྐོར་གཉིས་ལས། དང་པོ་ཐུན་མོང་ཕྱག་ཆེན་གྱི་སྐོར་ལ། གདམས་ངག །ཁྲིད་ཀྱི་རིམ་པ་གཉིས་ལས། ནཱ་རོ་ཆོས་དྲུག་གཞུང་གཅེས་པར་བཏུས་པ་ངེས་དོན་རིན་པོ་ཆེའི་མཛོད་ལ། དཔལ་རྙོགས་པ་མེད་པའི་རྒྱུད། བྲམ་ཟེ་ཆེན་པོས་མཛད་པའི་དམངས་དོ་ཧ། དེའི་བསྡུས་དོན་སྤར་བུ་པས་མཛད་པ། ཤཱ་བ་རི་པའི་སྙིང་པོ་དོན་གྱི་མན་ངག །ཏཻ་ལོ་པའི་ཕྱག་ཆེན་གངྒཱ་མ། དེའི་ས་བཅད་དང་འགྲེལ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེས་མཛད་པ། ནཱ་རོ་པའི་ཕྱག་ཆེན་ཚིག་བསྡུས། དེའི་འགྲེལ་ཆུང་རྟོགས་པར་སླ་བ་རྗེ་བླ་མ་མཁྱེན་བརྩེའི་དབང་པོས་མཛད་པ། མཻ་ཏྲི་པའི་དེ་ཁོ་ན་ཉིད་བཅུ་པ། མར་པས་ཡིད་ལ་མི་བྱེད་པའི་མགུར་རྩ་བ། རྗེ་བཙུན་མི་ལའི་ཡེ་ཤེས་

7-dkar chag-DNZ Tsadra Scan Page 2.jpg

༈༈༈༢༈༈༈ གསལ་བྱེད། སྒམ་པོ་པའི་ལམ་གཅིག་ཆོད། བཀའ་ཡང་དག་ཚད་མ། ཡེ་ཤེས་མཁའ་འགྲོ་མའི་མགུར། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་རྒྱལ་བ་རྡོ་རྗེ་འཆང་གི་བཀའ། དེའི་འགྲེལ་ཆུང་རྡོ་རྗེའི་ཚིག་འགྲོ་ལ། ཆོས་དྲུག་གི་བཀའ་དཔེ་ཆེ་ཆུང་གཉིས། ཏཻ་ལོ་པའི་ཆོས་དྲུག་མན་ངག །ནཱ་རོ་པའི་ཆོས་དྲུག་རྡོ་རྗེའི་མགུར། རྗེ་བཙུན་མི་ལའི་སྙན་བརྒྱུད་གསལ་བ་སྐོར་གསུམ་བཅས་ལྡེབ། ༦༡ གཉིས་པ་གདམས་ཁྲིད་ཀྱི་རིམ་པ་ལ་གཉིས། སྨིན་བྱེད་དབང་དང་། གྲོལ་བྱེད་ཀྱི་ཁྲིད་གཞུང་དངོས་སོ། །དང་པོ་ནི། དཔལ་འཁོར་ལོ་བདེ་མཆོག་དྭགས་པོ་སྙན་བརྒྱུད་ལུགས་ཀྱི་སྒྲུབ་ཐབས་བདེ་ཆེན་དྲྭ་བ་འཇམ་མགོན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་གསུང་ལྡེབ། ༡༤ དཔལ་འཁོར་ལོ་བདེ་མཆོག་དྭགས་པོ་སྙན་བརྒྱུད་ལུགས་ཀྱི་དཀྱིལ་ཆོག་བདེ་ཆེན་སྡོམ་པ་འཇམ་མགོན་ཡོན་ཏན་རྒྱ་མཚོའི་གསུང་ལྡེབ། ༢༩ སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་ཡུམ་བཀའ་རྒྱས་པའི་མངོན་དཀྱིལ་དང་དབང་བསྐུར་གྱི་ཆོ་ག་བདུད་རྩི་བུམ་པ་བྱ་བྲལ་ཀུན་དགའི་མཚན་གྱིས་མཛད་པ་ལྡེབ། ༢༢ མཻ་ཏྲི་ལུགས་ཀྱི་སྡོམ་པ་ལྷ་བཅུ་གསུམ་མའི་སྒོ་ནས་ཐོད་དབང་མེའི་འཁོར་ལོའི་བྱིན་རླབས་བྱ་བའི་ལག་ལེན་བདེ་དྲོད་དཔུང་བསྐྱེད་ལྡེབ། ༡༦ དཔལ་འཁོར་ལོ་བདེ་མཆོག་རས་ཆུང་པའི་ལུགས་ཀྱི་སྒྲུབ་ཐབས་བདེ་ཆེན་ཡེ་ཤེས་ཐིག་ལེ་ལྡེབ། ༡༦ དཔལ་འཁོར་ལོ་བདེ་མཆོག་རས་ཆུང་ལུགས་ཀྱི་དཀྱིལ་ཆོག་བདེ་ཆེན་ལང་ཚོ་ལྡབ། ༣༡ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་བརྡ་དབང་ཟབ་མོའི་སྒྲུབ་ཐབས་དབང་བསྐུར་བཅས་ཟབ་གསང་བདེ་ཆེན་ཤིང་རྟ་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱིས་མཛད་པ་ལྡེབ། ༨ བདེ་མཆོག་སྙན་བརྒྱུད་ལུགས་ཀྱི་ཐུན་མོང་ཕྱི་དཀྱིལ་བརྒྱད་ལས་ཡུམ་བཀའ་བསྡུས་པ་ལྷན་ཅིག་སྐྱེས་མའི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པ་ལྡེབ། ༡༤ བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་

7-dkar chag-DNZ Tsadra Scan Page 3.jpg

༈༈༈༣༈༈༈ བསྡུས་པ་ངམ་རྫོང་ལུགས་ཀྱི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པ་ཧེ་རུ་ཀ་དགྱེས་པའི་ཐིག་ལེ་ལྡེབ། ༢༢ གོང་གསལ་མཻ་ཏྲི་ལུགས་ཀྱི་ཐོད་དབང་ནས་ངམ་རྫོང་བདེ་མཆོག་སྒྲུབ་དཀྱིལ་བར་ཐམས་ཅད་འཇམ་མགོན་ཡོན་ཏན་རྒྱ་མཚོའ་གསུང་ཁོ་ན་ཡིན་ལ། འདིའི་སྐོར་ཆོག་ཁྲིགས་འཇམ་མགོན་རིན་པོ་ཆེ་ཕྱིས་སྐུ་ན་ཆེས་སྨིན་པའི་དུས་མཛད་པ་གོ་རིམ་ཀྱང་འདིར་བཞུགས་དགོས་ཀྱང་དཔལ་སྤུངས་སྤར་མ་གླེགས་བམ་སྨད་དུ་བཞག་འདུག་པ་སྐབས་འདིར་དབང་གི་སྐོར་སྟབས་གཅིག་ཏུ་བཞུགས་སུ་གསོལ་དགོས་གསུངས་པ་ལྟར་བྲིས་པའོ། །གཉིས་པ་གྲོལ་བྱེད་ཁྲིད་དངོས་ལ། རྗེ་བཙུན་རས་ཆུང་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་སྙན་བརྒྱུད་ཀྱི་གཞུང་ཆུང་ཏིལླི་པས་མཛད་པ་ལྡེབ། ༦ དཔལ་འཁོར་ལོ་བདེ་མཆོག་སྙན་བརྒྱུད་ལ། བུམ་དབང་དང་འབྲེལ་བའི་ཉམས་ལེན་ཐུན་མོང་ཡིད་བཞིན་ནོར་བུའི་ཁྲིད་ཡིག་རྗེ་བཙུན་མི་ལས་མཛད་པ་ལྡེབ། ༡༡ བདེ་མཆོག་སྙན་བརྒྱུད་ཀྱི་རྫོགས་རིམ་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག་ཁྲིད་ཡིག་རྗེ་བཙུན་མི་ལའི་གསུང་། བདེ་མཆོག་ཐབས་ལམ་གྱི་འཁྲུལ་འཁོར་དང་། ན་མོ་གུ་རུ། གཏུམ་མོའི་འཁྲུལ་འཁོར་བཅོ་བརྒྱད་པ་སོགས་ཚན་སྦྲེལ་ལྡེབ། ༢༡ ཆོས་ཚན། ༣༠ བསྡོམ་ལྡེབ། ༢༣༧ བཅས་བཞུགས།།

Notes