Tibetan:ཕྱག་དྲུག་གཏོར་ཆོག་རྒྱས་པའི་ཁ་སྐོང་དམིགས་རིམ་བཅས་གུ་ཎའི་གསུང་: Difference between revisions

From gDams Ngag mDzod
Jump to navigation Jump to search
m (Text replacement - "<onlyinclude>{{TibetanContent| " to "<onlyinclude>{{TibetanContent|content= ")

(7 intermediate revisions by the same user not shown)
Line 1: Line 1:
[[phyag drug gtor chog rgyas pa'i kha skong dmigs rim bcas gu Na'i gsung|Cataloging data for this text]]
{{Text Tibetan}}
==Tibetan Text==
<onlyinclude>{{TibetanContent|content=

༥༩༣
དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའ་གཏོར་ཆོག་རྒྱས་པའི་ཁ་སྐོང་དམིགས་རིམ་དང་བཅས་པ་གསལ་བར་བཀོད་པ་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།། །།

__TOC__

༥༩༤
==Full Title==
ན་མོ་གུ་རུ་ཛྙཱ་ན་ནཱ་ཐཱ་ཡ། སྤྱན་རས་གཟིགས་དབང་ཐུགས་རྗེའི་སྒྱུ་འཕྲུལ་ནི། །བདུད་འདུལ་ནག་པོ་ཆེན་པོའ་སྐུར་སྟོན་པ། །བླ་མ་མགོན་པོ་དབྱེར་མེད་དེར་བཏུད་ནས། །གཏོར་ཆོག་རྒྱས་པའི་ཁ་སྐོང་ཁྲིགས་སུ་དགོད། །རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་མགོན་པོའ་སྒྲུབ་ཐབས་གཏོར་ཆོག་དང་བཅས་ཕྲིན་ལས་གཏེར་མཛོད་ཅེས་བྱ་བ་དགུང་གྲངས་ཉེར་བདུན་པར་མཛད་པ་འདི་ནི་ཉམས་སུ་ལེན་བྱ་ཐམས་ཅད་ཚང་ཞིང་གསལ་ལ་རྒྱས་པས་མགོན་པོ་འདིའི་རྣལ་འབྱོར་པ་རྣམས་ལ་མེད་དུ་མི་རུང་བའི་ཡིག་ཆ་ཡིན་ལ། དེ་ལས་བསྡུས་པ་ད་ལྟའི་སྒྲུབ་ཐབས་རིན་འབྱུང་གི་སྡེབས་སུ་བཞུགས་པ་འདིར་ནི་གྲིབ་སེལ་གནད་དབབ་རྒྱས་པར་འཛུད་པར་མ་གནང་བས་དེ་དག་གི་བཀའ་ཐོབ་ཅིང་བསྙེན་སྒྲུབ་བྱེད་པ་སོགས་ལ་ཅུང་ཟད་མི་བདེ་བར་མངོན་ཞིང་གཏོར་ཆོག་ཙམ་ལ་ཁྱེར་བདེ་བར་མཐོང་། ཡང་དེ་དག་ཚང་ཞིང་ཚིག་ཚོགས་ཤིན་ཏུ་བསྡུས་པ་དགུང་ལོ་ཉེར་གསུམ་པར་མཛད་པ་ཞིགས་ཀྱང་འདུག་ལ། གངས་དཀར་སྐུ་གཉེར་ཉི་མ་རྣམ་རྒྱལ་ལ་གནང་བའི་ཆེས་བསྡུས་པ་འདི་དག་ནི་རྒྱུན་གྱི་རྣལ་འབྱོར་ལྟ་བུར་སྤྲོས་པ་མི་ལྕོགས་པ་རྣམས་ལ་ཉེ་བར་མཁོ་བ་ཡིན་ནོ། འདི་དག་ཐམས་ཅད་ལ་རང་བཀའ་སྤྱི་དང་ཁྱད་པར་སྙིང་ཞུགས་བླ་མགོན་དབྱེར་མེད་ཀྱི་བྱིན་རླབས་དང་ཁྲིད་ནོསམནོས་ཤིང་བསྙེན་སྒྲུབ་ཉམས་ལེན་སྔོན་དུ་སོང་བ་དག་གིས་བདག་མདུན་གཉིས་ཀ་མགོན་པོ་གཙོ་འཁོར་དུ་བསྐྱེད་ཆོག་ལ། བཀའ་ཐུབ་ཐུན་མོང་བ་ཙམ་ལས་མ་ཐོབ་ཅིང་བསྟེན་སྒྲུབ་སྔོན་དུ་མ་སོང་བདག་གིས་ནི་བདག་ཉིད་ཡི་དམ་དང་། མདུན་དུ་མགོན་པོ་

Tibetan: ༄༅། །དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་རྒྱས་པའི་ཁ་སྐོང་དམིགས་རིམ་དང་བཅས་པ་གསལ་བར་བཀོད་པ་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ༎ ༎

Wylie: @#/_/dpal myur mdzad ye shes kyi mgon po'i gtor chog rgyas pa'i kha skong dmigs rim dang bcas pa gsal bar bkod pa las bzhi lhun grub ces bya ba bzhugs so//_//

==Tibetan text==

༥༩༥
{{Nitartha Thanks}}
འཁོར་བཅས་བསྐྱེད་པ་ཉིད་ལེགས་པ་ཡིན། བདག་བསྐྱེད་ཡི་དམ་གང་རུང་དུ་བསྒོམ་པར་གསུངས་པ་ལྟར་བཀའ་གདམས་གསར་མ་བདག་གིས་བདག་བསྐྱེད་རྟ་མགྲིན་གསང་བསྒྲུབ་ལ་མཛད་པས་མཚོན་མཐའ་གཅིག་ཏུ་ངེས་པ་མ་ཡིན་ཀྱང་། རང་རེ་རྣམས་ཀྱི་རྒྱུན་གྱི་ལག་ལེན་ཏུ་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ལུས་དཀྱིལ་རྗེ་བཙུན་རིན་པོ་ཆེས་མཛད་པ་འདིས་བྱེད་དགོས་པ་ཡིན། གཏོར་སྒྲུབ་སྐབས་ལྟ་བུར་རྗེ་བཙུན་ཉིད་ཀྱིས་མཛད་པའི་སྐྱེར་སྒོང་རྟ་མགྲིན་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་ཉིད་བཏང་ན་འབྲེལ་ཆགས་ཤིང་ཆེས་ལེགས་པར་འབྱུང་བའང་འཕྲོས་སུ་སྨོས་པའོ། །འདིར་ཕྲིན་ལས་རྒྱས་པ་ཉིད་གཞིར་བཞག་རྒྱུན་ཏུ་དེ་ལས་ཅུང་ཟད་བསྡུ་བར་འོས་པ་དང་། གཏོར་སྒྲུབ་གཏོར་ཆེན་ཉེར་དགུའི་དུས་མཆོད། གཞན་ཡང་འབར་མ་ལྟ་བུའི་སྐབས་ཁ་སྐོང་བར་འོས་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ་འབྲི་བར་བྱ་བ་ལ། ཐོག་མར་རྒྱུན་འདོན་ལྟ་བུར་མངོན་རྟོགས་ཅུང་ཟད་རྒྱས་པས་མ་ལྕོགས་ན་འདི་བྱ་སྟེ། ༀ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི། རྡོ་རྗེའི་སྲུང་འཁོར་དུར་ཁྲོད་ཆེན་པོའ་དབུས། པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་། གི་ལས་ཚོགས་བདག་དཀར་པོ་གླང་ཆེན་དབུ། ལ་ཕུག་ནེའུ་ལེ་འཛིན་པ་ཉལ་སྟབས་གནས། །དེ་སྟེང་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན། །འོད་འཕྲོས་དགྲ་བགེགས་ཚར་བཅད་འཕགས་པ་མཆོད། སེམས་ཅན་དོན་བྱས་སླར་འདུས་ཡོངས་གྱུར་ལས། མྱུར་མཛད་ཡེ་ཤེས་མགོན་པོ་མཐིང་ནག་འབར། །

ཤོག་ལྷེ་༥༩༣དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའ་གཏོར་ཆོག་རྒྱས་པའི་ཁ་སྐོང་དམིགས་རིམ་དང་བཅས་པ་གསལ་བར་བཀོད་པ་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།། །།

ཤོག་ལྷེ་༥༩༤ན་མོ་གུ་རུ་ཛྙཱ་ན་ནཱ་ཐཱ་ཡ། སྤྱན་རས་གཟིགས་དབང་ཐུགས་རྗེའི་སྒྱུ་འཕྲུལ་ནི། །བདུད་འདུལ་ནག་པོ་ཆེན་པོའ་སྐུར་སྟོན་པ། །བླ་མ་མགོན་པོ་དབྱེར་མེད་དེར་བཏུད་ནས། །གཏོར་ཆོག་རྒྱས་པའི་ཁ་སྐོང་ཁྲིགས་སུ་དགོད། །རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་མགོན་པོའ་སྒྲུབ་ཐབས་གཏོར་ཆོག་དང་བཅས་ཕྲིན་ལས་གཏེར་མཛོད་ཅེས་བྱ་བ་དགུང་གྲངས་ཉེར་བདུན་པར་མཛད་པ་འདི་ནི་ཉམས་སུ་ལེན་བྱ་ཐམས་ཅད་ཚང་ཞིང་གསལ་ལ་རྒྱས་པས་མགོན་པོ་འདིའི་རྣལ་འབྱོར་པ་རྣམས་ལ་མེད་དུ་མི་རུང་བའི་ཡིག་ཆ་ཡིན་ལ། དེ་ལས་བསྡུས་པ་ད་ལྟའི་སྒྲུབ་ཐབས་རིན་འབྱུང་གི་སྡེབས་སུ་བཞུགས་པ་འདིར་ནི་གྲིབ་སེལ་གནད་དབབ་རྒྱས་པར་འཛུད་པར་མ་གནང་བས་དེ་དག་གི་བཀའ་ཐོབ་ཅིང་བསྙེན་སྒྲུབ་བྱེད་པ་སོགས་ལ་ཅུང་ཟད་མི་བདེ་བར་མངོན་ཞིང་གཏོར་ཆོག་ཙམ་ལ་ཁྱེར་བདེ་བར་མཐོང་། ཡང་དེ་དག་ཚང་ཞིང་ཚིག་ཚོགས་ཤིན་ཏུ་བསྡུས་པ་དགུང་ལོ་ཉེར་གསུམ་པར་མཛད་པ་ཞིགས་ཀྱང་འདུག་ལ། གངས་དཀར་སྐུ་གཉེར་ཉི་མ་རྣམ་རྒྱལ་ལ་གནང་བའི་ཆེས་བསྡུས་པ་འདི་དག་ནི་རྒྱུན་གྱི་རྣལ་འབྱོར་ལྟ་བུར་སྤྲོས་པ་མི་ལྕོགས་པ་རྣམས་ལ་ཉེ་བར་མཁོ་བ་ཡིན་ནོ། འདི་དག་ཐམས་ཅད་ལ་རང་བཀའ་སྤྱི་དང་ཁྱད་པར་སྙིང་ཞུགས་བླ་མགོན་དབྱེར་མེད་ཀྱི་བྱིན་རླབས་དང་ཁྲིད་ནོསམནོས་ཤིང་བསྙེན་སྒྲུབ་ཉམས་ལེན་སྔོན་དུ་སོང་བ་དག་གིས་བདག་མདུན་གཉིས་ཀ་མགོན་པོ་གཙོ་འཁོར་དུ་བསྐྱེད་ཆོག་ལ། བཀའ་ཐུབ་ཐུན་མོང་བ་ཙམ་ལས་མ་ཐོབ་ཅིང་བསྟེན་སྒྲུབ་སྔོན་དུ་མ་སོང་བདག་གིས་ནི་བདག་ཉིད་ཡི་དམ་དང་། མདུན་དུ་མགོན་པོ་

ཤོག་ལྷེ་༥༩༥འཁོར་བཅས་བསྐྱེད་པ་ཉིད་ལེགས་པ་ཡིན། བདག་བསྐྱེད་ཡི་དམ་གང་རུང་དུ་བསྒོམ་པར་གསུངས་པ་ལྟར་བཀའ་གདམས་གསར་མ་བདག་གིས་བདག་བསྐྱེད་རྟ་མགྲིན་གསང་བསྒྲུབ་ལ་མཛད་པས་མཚོན་མཐའ་གཅིག་ཏུ་ངེས་པ་མ་ཡིན་ཀྱང་། རང་རེ་རྣམས་ཀྱི་རྒྱུན་གྱི་ལག་ལེན་ཏུ་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ལུས་དཀྱིལ་རྗེ་བཙུན་རིན་པོ་ཆེས་མཛད་པ་འདིས་བྱེད་དགོས་པ་ཡིན། གཏོར་སྒྲུབ་སྐབས་ལྟ་བུར་རྗེ་བཙུན་ཉིད་ཀྱིས་མཛད་པའི་སྐྱེར་སྒོང་རྟ་མགྲིན་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་ཉིད་བཏང་ན་འབྲེལ་ཆགས་ཤིང་ཆེས་ལེགས་པར་འབྱུང་བའང་འཕྲོས་སུ་སྨོས་པའོ། །འདིར་ཕྲིན་ལས་རྒྱས་པ་ཉིད་གཞིར་བཞག་རྒྱུན་ཏུ་དེ་ལས་ཅུང་ཟད་བསྡུ་བར་འོས་པ་དང་། གཏོར་སྒྲུབ་གཏོར་ཆེན་ཉེར་དགུའི་དུས་མཆོད། གཞན་ཡང་འབར་མ་ལྟ་བུའི་སྐབས་ཁ་སྐོང་བར་འོས་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ་འབྲི་བར་བྱ་བ་ལ། ཐོག་མར་རྒྱུན་འདོན་ལྟ་བུར་མངོན་རྟོགས་ཅུང་ཟད་རྒྱས་པས་མ་ལྕོགས་ན་འདི་བྱ་སྟེ། ༀ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི། རྡོ་རྗེའི་སྲུང་འཁོར་དུར་ཁྲོད་ཆེན་པོའ་དབུས། པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་། གི་ལས་ཚོགས་བདག་དཀར་པོ་གླང་ཆེན་དབུ། ལ་ཕུག་ནེའུ་ལེ་འཛིན་པ་ཉལ་སྟབས་གནས། །དེ་སྟེང་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན། །འོད་འཕྲོས་དགྲ་བགེགས་ཚར་བཅད་འཕགས་པ་མཆོད། སེམས་ཅན་དོན་བྱས་སླར་འདུས་ཡོངས་གྱུར་ལས། མྱུར་མཛད་ཡེ་ཤེས་མགོན་པོ་མཐིང་ནག་འབར། །

ཤོག་ལྷེ་༥༩༦ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་དམར་ལ་ཟླུམ། །ཞལ་གདངས་ལྗགས་འདྲིལ་འཇིགས་པའི་ང་རོ་བཞད། །སྨར་སྨིན་དབུ་སྐྲ་ཁམ་ནག་གྱེན་ཏུ་བརྫེས། །ལི་ཁྲིའི་ཐིག་ལེ་མི་བསྐྱོད་རྒྱལ་པོས་བརྒྱན། །དང་པོ་གཉིས་ཀྱིས་གྲི་གུག་ཐོད་ཁྲག་བསྣམས། །བར་པས་ཐོད་ཕྲེང་བགྲང་ཞིང་རྩེ་གསུམ་གསོར། །འོག་མས་ཌཱ་རུ་འཁྲོལ་ཞིང་ཞགས་པ་འཕེན། །མཉམ་པའི་སྟབས་ཀྱིས་བགེགས་ཀྱི་རྒྱལ་པོ་བརྫིས། །ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་མཛད། །སྟག་ལྤགས་ཤམ་ཐབས་དར་དང་རིན་པོ་ཆེ། །ཀླུ་ཆེན་བརྒྱད་དང་རུས་པའི་རྒྱན་དྲུག་མཛེས། །ཕྱག་ཞབས་དྲིལ་བུ་གཡེར་ཁའི་ཕྲེང་བ་འཁྲོལ། །སྦོམ་ཐུང་ལྟོ་བ་རྒྱས་ཤིང་ཡན་ལག་ཧྲག །བཟོད་དཀའི་གཟི་ལྡན་བསྐལ་མེ་འབར་བའི་ཀློང་། །ཙནྡན་སྡོང་པོར་སྐུ་རྒྱབ་བསྟེན་པའོ། །གཡོན་དུ་ཁྲག་ཞགས་འཁྲུགས་པའི་རྒྱ་མཚོའ་ཀློང་། །བྷྱོ་ལས་ལྷ་མོ་འདོད་ཁམས་དབང་ཕྱུག་ནག །དྲག་ཤུལ་ཉམས་ལྡན་སྤྲུལ་པའི་མཚོན་ལྔ་འཆང་། །དབུ་སྐྲ་གྱེན་བརྫེས་རྨ་བྱའི་མདོངས་ཀྱིས་བརྒྱན། །ལྟེ་བར་ཉི་མ་སྤྱི་གཙུག་ཟླ་བ་འཆར། །སྙན་ཆ་གཡས་གཡོན་དུག་སྦྲུལ་སེང་གེ་འཕྱོ། །གླང་ཆེན་བ་ལང་ཀོ་བས་སྟོད་སྨད་གཡོགས། །རེ་ལྡེའི་ཤམ་ཐབས་གསོལ་ཞིང་གོས་ནག་གྱོན། །རུས་པའི་རྒྱན་དང་མི་མགོའ་དོ་ཤལ་འཕྱང་། །མེ་རླུང་དབུས་བཞུགས་དྲེའུ་རྟ་རྐང་གསུམ་ཆིབས། །མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར། །མདུན་དུ་ཀྵིཾ་ལས་ཀྵེ་ཏྲ་པཱ་ལ་མཐིང་། །གྲི་ཐོད་འཛིན་ཅིང་དོམ་ནག་སྨྱོན་པ་ཆིབས། །གནོད་སྦྱིན་གདུག་པ་ཅན་གྱི་ཚོགས་ཀྱིས་བསྐོར། །གཡས་སུ་ཧཱུྃ་ལས་ཛི་ན་མི་ཏྲ་དམར། །ཅང་ཏེའུ་འཁྲོལ་ཞིང་སྡིགས་མཛུབ་མེ་ལྕེ་འབར། །གཟའ་དང་སྲིན་པོ་འཇིགས་པའི་འཁོར་གྱིས་བསྐོར། །རྒྱབ་ཏུ་ཊཱཾ་ལས་ཊཱ་ཀྐི་རཱ་ཛ་ནག །གཡས་པས་རྒྱུ་ཞགས་གཡོན་པས་སྡིགས་མཛུབ་སྒྲེང་། །འཁོར་དུ་གསོད་བྱེད་གཤིན་རྗེ་ཁྲོས་པས་བསྐོར། །གསུམ་ཀ་རུས་པའི་རྒྱན་དང་སྟག་ཤམ་གསོལ། །གཡོན་དུ་ཧཱུྃ་ལས་བདུད་མགོན་ཏྲཀྴ་ནག །རུ་མཚོན་ཐོད་འཛིན་རྟ་ནག་རྟིང་དཀར་ཆིབས། །བདུད་ཀྱི་ཆས་ལྡན་ལྷ་དང་བདུད་དམག་

ཤོག་ལྷེ་༥༩༧བསྐོར། །ཀུན་ཀྱང་ཁྲོ་གཏུམ་ཐོད་པའི་རྒྱན་ཆ་ཅན། །མེ་རླུང་དྲག་ཏུ་འཚུབས་པའི་དབུས་ན་རོལ། །དེ་ཡི་ཕྱི་རོལ་ཕྱོགས་སྐྱོང་ཆེན་པོ་བཅུ། །རང་རང་རིགས་མཐུན་འབུམ་གྱིས་ཡོངས་སུ་བསྐོར། །གཞན་ཡང་ལྷ་བརྒྱད་ཀླུ་བརྒྱད་གཟའ་ཆེན་བརྒྱད། །འཇིགས་བྱེད་དགུ་དང་རྒྱུ་སྐར་ཉི་ཤུ་བརྒྱད། །རྒྱལ་ཆེན་བཞི་རྣམས་རང་འཁོར་བྱེ་བ་བཅས། །དེ་ཡི་ཕྱི་རོལ་དམ་ཅན་སྡེ་བརྒྱད་དམག །གནོད་སྦྱིན་སྲིན་པོ་ཤ་ཟ་གཤིན་རྗེ་བདུད། །མ་མོའ་ཆ་ལུགས་ཁྲོ་གཏུམ་མཚོན་ཆ་ཐོགས། །གནམ་ས་བར་སྣང་ཀུན་གང་ཐམས་ཅད་ཀྱང་། །སྒྲུབ་པོའ་རེ་བ་ཚུལ་བཞིན་སྐོང་བའོ། །ཀུན་གྱི་གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཤར་ལྷོ་བསིལ་བའི་ཚལ། །ཙནྡན་སྡོང་པོའ་དྲུང་ནས་ནག་པོ་ཆེ། །སྟེང་ན་བླ་མ་གཡས་ན་དཔའ་བོ་དང་། །གཡོན་ན་དཔའ་མོ་མདུན་ན་བཀའ་སྡོད་བཅས། །སྐད་ཅིག་ཉིད་ལ་ཌཱ་རུ་གཡེར་ཁའི་སྒྲ། །སིལ་སིལ་ཁྲོལ་ཁྲོལ་འུར་འུར་བྱོན་པར་གྱུར། །ཞེས་པ་ནི་མངོན་རྟོགས་འཛིན་བརྗོད་བདེ་བར་བསྡུས་པ་སྟེ། །ཕྲིན་ལས་རྒྱས་པ་འདི་བཏང་ཕྱིན་སྐབས་རེར་མངོན་རྟོགས་ཀྱི་ཚིག་ཚོགས་བསྡུས་པ་འདི་ཙམ་བྱེད་ན་མ་གཏོར་གཞན་བསྡུར་ཡོད་པ་མ་ཡིན་ནོ། །སྤྱན་འདྲེན་གྱི་ཐོག་མར་གྲུབ་ཆེན་ཁྱུང་པོས་མཛད་པ་འདི་ཉིད་བྱ་སྟེ། ཧཱུྃ་བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་བོའ་སྐུར་བསྟན་པ། །ལྷ་ཆེན་མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། །རྣལ་འབྱོར་དགྲ་ལྷ་གཤེགས་སུ་གསོལ། །རིག་འཛིན་སྲུང་མ་གཤེགས་སུ་གསོལ། །ཞིང་སྐྱོང་ནག་པོ་གཤེགས་སུ་གསོལ། །འཁོར་གྱི་དམག་ཚོགས་གཤེགས་སུ་གསོལ། །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །ཀྵེ་ཏྲ་པཱ་ལ་གཤེགས་སུ་གསོལ། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྐུ་མདོག་མཐིང་ནག་ཆེན་པོ་ལ། །དབུ་སྐྲ་ཁམས་སེར་རལ་པ་ཅན། །རལ་པའི་ཐོར་

༥༩༦
ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་དམར་ལ་ཟླུམ། །ཞལ་གདངས་ལྗགས་འདྲིལ་འཇིགས་པའི་ང་རོ་བཞད། །སྨར་སྨིན་དབུ་སྐྲ་ཁམ་ནག་གྱེན་ཏུ་བརྫེས། །ལི་ཁྲིའི་ཐིག་ལེ་མི་བསྐྱོད་རྒྱལ་པོས་བརྒྱན། །དང་པོ་གཉིས་ཀྱིས་གྲི་གུག་ཐོད་ཁྲག་བསྣམས། །བར་པས་ཐོད་ཕྲེང་བགྲང་ཞིང་རྩེ་གསུམ་གསོར། །འོག་མས་ཌཱ་རུ་འཁྲོལ་ཞིང་ཞགས་པ་འཕེན། །མཉམ་པའི་སྟབས་ཀྱིས་བགེགས་ཀྱི་རྒྱལ་པོ་བརྫིས། །ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་མཛད། །སྟག་ལྤགས་ཤམ་ཐབས་དར་དང་རིན་པོ་ཆེ། །ཀླུ་ཆེན་བརྒྱད་དང་རུས་པའི་རྒྱན་དྲུག་མཛེས། །ཕྱག་ཞབས་དྲིལ་བུ་གཡེར་ཁའི་ཕྲེང་བ་འཁྲོལ། །སྦོམ་ཐུང་ལྟོ་བ་རྒྱས་ཤིང་ཡན་ལག་ཧྲག །བཟོད་དཀའི་གཟི་ལྡན་བསྐལ་མེ་འབར་བའི་ཀློང་། །ཙནྡན་སྡོང་པོར་སྐུ་རྒྱབ་བསྟེན་པའོ། །གཡོན་དུ་ཁྲག་ཞགས་འཁྲུགས་པའི་རྒྱ་མཚོའ་ཀློང་། །བྷྱོ་ལས་ལྷ་མོ་འདོད་ཁམས་དབང་ཕྱུག་ནག །དྲག་ཤུལ་ཉམས་ལྡན་སྤྲུལ་པའི་མཚོན་ལྔ་འཆང་། །དབུ་སྐྲ་གྱེན་བརྫེས་རྨ་བྱའི་མདོངས་ཀྱིས་བརྒྱན། །ལྟེ་བར་ཉི་མ་སྤྱི་གཙུག་ཟླ་བ་འཆར། །སྙན་ཆ་གཡས་གཡོན་དུག་སྦྲུལ་སེང་གེ་འཕྱོ། །གླང་ཆེན་བ་ལང་ཀོ་བས་སྟོད་སྨད་གཡོགས། །རེ་ལྡེའི་ཤམ་ཐབས་གསོལ་ཞིང་གོས་ནག་གྱོན། །རུས་པའི་རྒྱན་དང་མི་མགོའ་དོ་ཤལ་འཕྱང་། །མེ་རླུང་དབུས་བཞུགས་དྲེའུ་རྟ་རྐང་གསུམ་ཆིབས། །མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར། །མདུན་དུ་ཀྵིཾ་ལས་ཀྵེ་ཏྲ་པཱ་ལ་མཐིང་། །གྲི་ཐོད་འཛིན་ཅིང་དོམ་ནག་སྨྱོན་པ་ཆིབས། །གནོད་སྦྱིན་གདུག་པ་ཅན་གྱི་ཚོགས་ཀྱིས་བསྐོར། །གཡས་སུ་ཧཱུྃ་ལས་ཛི་ན་མི་ཏྲ་དམར། །ཅང་ཏེའུ་འཁྲོལ་ཞིང་སྡིགས་མཛུབ་མེ་ལྕེ་འབར། །གཟའ་དང་སྲིན་པོ་འཇིགས་པའི་འཁོར་གྱིས་བསྐོར། །རྒྱབ་ཏུ་ཊཱཾ་ལས་ཊཱ་ཀྐི་རཱ་ཛ་ནག །གཡས་པས་རྒྱུ་ཞགས་གཡོན་པས་སྡིགས་མཛུབ་སྒྲེང་། །འཁོར་དུ་གསོད་བྱེད་གཤིན་རྗེ་ཁྲོས་པས་བསྐོར། །གསུམ་ཀ་རུས་པའི་རྒྱན་དང་སྟག་ཤམ་གསོལ། །གཡོན་དུ་ཧཱུྃ་ལས་བདུད་མགོན་ཏྲཀྴ་ནག །རུ་མཚོན་ཐོད་འཛིན་རྟ་ནག་རྟིང་དཀར་ཆིབས། །བདུད་ཀྱི་ཆས་ལྡན་ལྷ་དང་བདུད་དམག་

ཤོག་ལྷེ་༥༩༨ཅོག་གྱེན་དུ་བསྒྲེངས། །རལ་པའི་གསེབ་ནས་མེ་སྟགསསྟེག་འཕྲོ། །མེ་སྟགསསྟག་འཕྲོས་པས་བགེགས་རྣམས་བསྲེགབསྲེགས །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དམ་ཉམས་དགྲ་བོའ་གདན་སྟེང་ན། །བརྐྱང་བརྐུམ་ཚུལ་དུ་བཞུགས་པ་སྟེ། །སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུགས། །རྣོ་གདུག་མཆེ་བ་བགེགས་ལ་གཙིགས། །སྐུ་སྟོད་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཐོད་རློན་འབར་བའི་དོ་ཤལ་འཕྱང་། །ཡན་ལག་ལྷུ་ཚིགས་སྦྲུལ་གྱིས་བརྒྱན། །ནག་པོ་ཀླུ་འདུལ་ཆེན་པོ་ཁྱོད། །བ་སྤུའི་བུ་ག་ཐམས་ཅད་ནས། །སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ། །དམ་ཉམས་དགྲ་ལ་སྤྲུལ་པ་འགྱེད། །རལ་པ་སྤྲུགས་པས་ཁམས་གསུམ་འགེངས། །སྟོང་གསུམ་འབྱུང་པོ་རྡུལ་དུ་རློག །ཕྱག་དྲུག་གཡས་ཀྱི་དང་པོ་ན། །གནམ་ལགས་འབར་བའི་གྲི་གུག་གིས། །དགྲ་བགེགས་འབྱུང་པོའ་སྲོག་རྩ་གཅོད། །ཕྱག་དྲུག་གཡོན་གྱི་དང་པོ་ན། །བྷནྡྷ་ཁྲག་གིས་གང་བ་བསྣམས། །དགྲ་བགེགས་ཀླད་ཁྲག་ཞལ་དུ་གསོལ། །ཕྱག་དྲུག་གཡས་ཀྱི་བར་པ་ན། །ཐོད་སྐམ་འབར་བའི་ཕྲེང་བ་འདྲེན། །འགྲོ་དྲུག་སེམས་ཅན་འདྲེན་པའི་རྟགས། །ཕྱག་དྲུག་གཡོན་གྱི་བར་པ་ན། །ཁ་ཊྲཱཾ་རྩེ་གསུམ་བསྣམས་པ་ནི། །འབྲས་བུ་སྐུ་གསུམ་བརྙསབརྙེས་པའི་རྟགས། །ཕྱག་དྲུག་གཡས་ཀྱི་ཐ་མ་ན། །ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །མ་མོ་མཁའ་འགྲོ་གཤེགས་སུ་གསོལ། །འདིར་བྱོན་ཤ་ཁྲག་གཏོར་མ་བཞེས། །དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །ཕྱག་དྲུག་གཡོན་གྱི་ཐ་མ་ན། །བདུད་ཞགས་ནག་པོ་བསྣམས་པ་ནི། །བསྟན་པ་བཤིགས་པའི་རྐེ་ལ་ཐོབ། །ཁྱོད་ཀྱི་འཁོར་གྱི་ཕོ་ཉའི་ཚོགས། །མཁའ་འགྲོ་མ་དང་ཤུགས་འགྲོ་མ། །གནོད་སྦྱིན་ཕོ་དང་གནོད་སྦྱིན་མོ། །གནོད་སྦྱིན་ཀྵེ་ཏྲ་པཱ་ལའི་ཚོགས། །བྲན་གྱི་ཚུལ་དུ་ཁས་བླངས་པ། །དམ་བཅའ་བཞིན་དུ་འདིར་གཤེགས་ཤིག །འབྲུ་བཅུད་ཆང་དང་རཀྟ་ཁྲག །མཱཾ་ས་ཤ་དང་རུས་པའི་ཚོགས། །དམ་རྫས་

༥༩༧
བསྐོར། །ཀུན་ཀྱང་ཁྲོ་གཏུམ་ཐོད་པའི་རྒྱན་ཆ་ཅན། །མེ་རླུང་དྲག་ཏུ་འཚུབས་པའི་དབུས་ན་རོལ། །དེ་ཡི་ཕྱི་རོལ་ཕྱོགས་སྐྱོང་ཆེན་པོ་བཅུ། །རང་རང་རིགས་མཐུན་འབུམ་གྱིས་ཡོངས་སུ་བསྐོར། །གཞན་ཡང་ལྷ་བརྒྱད་ཀླུ་བརྒྱད་གཟའ་ཆེན་བརྒྱད། །འཇིགས་བྱེད་དགུ་དང་རྒྱུ་སྐར་ཉི་ཤུ་བརྒྱད། །རྒྱལ་ཆེན་བཞི་རྣམས་རང་འཁོར་བྱེ་བ་བཅས། །དེ་ཡི་ཕྱི་རོལ་དམ་ཅན་སྡེ་བརྒྱད་དམག །གནོད་སྦྱིན་སྲིན་པོ་ཤ་ཟ་གཤིན་རྗེ་བདུད། །མ་མོའ་ཆ་ལུགས་ཁྲོ་གཏུམ་མཚོན་ཆ་ཐོགས། །གནམ་ས་བར་སྣང་ཀུན་གང་ཐམས་ཅད་ཀྱང་། །སྒྲུབ་པོའ་རེ་བ་ཚུལ་བཞིན་སྐོང་བའོ། །ཀུན་གྱི་གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཤར་ལྷོ་བསིལ་བའི་ཚལ། །ཙནྡན་སྡོང་པོའ་དྲུང་ནས་ནག་པོ་ཆེ། །སྟེང་ན་བླ་མ་གཡས་ན་དཔའ་བོ་དང་། །གཡོན་ན་དཔའ་མོ་མདུན་ན་བཀའ་སྡོད་བཅས། །སྐད་ཅིག་ཉིད་ལ་ཌཱ་རུ་གཡེར་ཁའི་སྒྲ། །སིལ་སིལ་ཁྲོལ་ཁྲོལ་འུར་འུར་བྱོན་པར་གྱུར། །ཞེས་པ་ནི་མངོན་རྟོགས་འཛིན་བརྗོད་བདེ་བར་བསྡུས་པ་སྟེ། །ཕྲིན་ལས་རྒྱས་པ་འདི་བཏང་ཕྱིན་སྐབས་རེར་མངོན་རྟོགས་ཀྱི་ཚིག་ཚོགས་བསྡུས་པ་འདི་ཙམ་བྱེད་ན་མ་གཏོར་གཞན་བསྡུར་ཡོད་པ་མ་ཡིན་ནོ། །སྤྱན་འདྲེན་གྱི་ཐོག་མར་གྲུབ་ཆེན་ཁྱུང་པོས་མཛད་པ་འདི་ཉིད་བྱ་སྟེ། ཧཱུྃ་བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་བོའ་སྐུར་བསྟན་པ། །ལྷ་ཆེན་མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། །རྣལ་འབྱོར་དགྲ་ལྷ་གཤེགས་སུ་གསོལ། །རིག་འཛིན་སྲུང་མ་གཤེགས་སུ་གསོལ། །ཞིང་སྐྱོང་ནག་པོ་གཤེགས་སུ་གསོལ། །འཁོར་གྱི་དམག་ཚོགས་གཤེགས་སུ་གསོལ། །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །ཀྵེ་ཏྲ་པཱ་ལ་གཤེགས་སུ་གསོལ། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྐུ་མདོག་མཐིང་ནག་ཆེན་པོ་ལ། །དབུ་སྐྲ་ཁམས་སེར་རལ་པ་ཅན། །རལ་པའི་ཐོར་

ཤོག་ལྷེ་༥༩༩གཏོར་མ་འདི་མཆིས་ཀྱིས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བ་བསྐལ་པ་ཡི། །མེ་ལྟར་འབར་བའི་ཀློང་དཀྱིལ་ན། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྡེ་བརྒྱད་མ་མོ་མཁའ་འགྲོས་བསྐོར། །ནག་པོ་མི་ཟད་བསམ་ལས་འདས། །ལྷ་མོ་དཀར་ནག་བགྲང་དུ་མེད། །སྣང་སྲིད་ཐམས་ཅད་ཁྱོད་ཀྱི་བྲན། །སྲིད་གསུམ་ཐམས་ཅད་ཁྱོད་ཀྱི་འཁོར། །དྲེགས་པ་ཅན་རྣམས་ལས་མཁན་ཏེ། །སྟོང་གསུམ་སྐད་ཅིག་གློག་ལྟར་མྱུར། །སྡང་དགྲ་གནོད་བགེགས་ཐལ་བར་རློག །བདག་ཅག་དམ་ཚིག་སྒྲུབ་པ་པོ། །འདས་དང་བཞུགས་པའི་སངས་རྒྱས་ཀྱི། །སྤྱན་སྔར་ཞལ་བཞེས་དྲན་དགོངས་ལ། །གཏོར་མ་རི་ལ་་མཚོ། །བདུད་རྩི་རྒྱ་མཚོ་ལྟ་བུར་འཁྱིལ། །ཕྱི་ནང་གསང་བའི་རྟེན་རྣམས་ཚང་། དམ་ཚིག་ལྡན་པའི་གནས་འདིར་གཤེགས། །ཧཱུྃ། དད་པ་ནི་དམ་ཚིག་སོགས་སྦྲེལ་ལོ། །མཆོད་པ་འབུལ་བ་ཤིན་ཏུ་བསྡུ་ན། །མཆོད་ཡོན་སོགས་སོ་སོར་མི་བྲལ་བར་ལྷ་རྫས་བཟང་པོའ་ཕྱི་མཆོད་འདི། ཞེས་དང་། སྔགས་ཀྱང་ཨཱརྒྷཾ་མ་སོགས་ཆབ་གཅིག་སྦྲེལ་ན་རུང་། འབྲིང་དུ་བྱེད་ན་གཞུང་ལྟར་དང་། །རྒྱས་པར་བྱེད་ན་དེ་སྟེང་ལྷ་རྫས་བཟང་པོའ་གཟུགས་མཆོག་འདི། །རུ་པ་ཞེས་དང་། དེ་བཞིན་སྒྲ་སྙན ཤབྡ དྲི་མཆོག གནྡྷེ རོ་མཆོག ར་ས རེག་བྱ  ཞེས་འདོད་ཡོན་ལྔ་མཆོད་ཀྱང་འབུལ། ཡང་མཆོད་ཕྲེང་ཚིག་ཚོགས་རྒྱས་པར་སྤྲོ་ན། ཧཱུྃ། བླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ཀྱི། །རྡོ་རྗེའི་དབང་པོ་རྣམ་པ་ཐམས་ཅད་པ། །མཉེས་བྱེད་ཕྱི་ནང་གསང་མཆོད་རྡོ་རྗེའི་སྤྲིན། །དངོས་འབྱོར་ཡིད་བྱུང་ཏིང་འཛིན་རོལ་པས་མཆོད། །དྲི་མེད་ཡན་ལག་བརྒྱད་ལྡན་མཆོད་ཡོན་སྦྲེང་། །དམར་ཆེན་ཁྲག་གི་རྦ་རླབས་དགུང་དུ་འཕྱོ། །ཡིད་བྱེད་མཚན་རྟོག་དྭངས་བའི་ཕྱག་རྒྱ་ཆེ། །ཡེ་ཤེས་མགོན་པོ་འཁོར་བཅས་མདུན་སར་འབུལ། །ༀ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏྭིཙྪ་སྭཱ་ཧཱ། རྙོགས་མེད་རེག་འཇམ་བསིལ་ཞིང་དྭངས་པའི་ཆུ། །གསོད་བྱེད་ནག་པོ་

༥༩༨
ཅོག་གྱེན་དུ་བསྒྲེངས། །རལ་པའི་གསེབ་ནས་མེ་སྟགསསྟེག་འཕྲོ། །མེ་སྟགསསྟག་འཕྲོས་པས་བགེགས་རྣམས་བསྲེགབསྲེགས །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དམ་ཉམས་དགྲ་བོའ་གདན་སྟེང་ན། །བརྐྱང་བརྐུམ་ཚུལ་དུ་བཞུགས་པ་སྟེ། །སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུགས། །རྣོ་གདུག་མཆེ་བ་བགེགས་ལ་གཙིགས། །སྐུ་སྟོད་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཐོད་རློན་འབར་བའི་དོ་ཤལ་འཕྱང་། །ཡན་ལག་ལྷུ་ཚིགས་སྦྲུལ་གྱིས་བརྒྱན། །ནག་པོ་ཀླུ་འདུལ་ཆེན་པོ་ཁྱོད། །བ་སྤུའི་བུ་ག་ཐམས་ཅད་ནས། །སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ། །དམ་ཉམས་དགྲ་ལ་སྤྲུལ་པ་འགྱེད། །རལ་པ་སྤྲུགས་པས་ཁམས་གསུམ་འགེངས། །སྟོང་གསུམ་འབྱུང་པོ་རྡུལ་དུ་རློག །ཕྱག་དྲུག་གཡས་ཀྱི་དང་པོ་ན། །གནམ་ལགས་འབར་བའི་གྲི་གུག་གིས། །དགྲ་བགེགས་འབྱུང་པོའ་སྲོག་རྩ་གཅོད། །ཕྱག་དྲུག་གཡོན་གྱི་དང་པོ་ན། །བྷནྡྷ་ཁྲག་གིས་གང་བ་བསྣམས། །དགྲ་བགེགས་ཀླད་ཁྲག་ཞལ་དུ་གསོལ། །ཕྱག་དྲུག་གཡས་ཀྱི་བར་པ་ན། །ཐོད་སྐམ་འབར་བའི་ཕྲེང་བ་འདྲེན། །འགྲོ་དྲུག་སེམས་ཅན་འདྲེན་པའི་རྟགས། །ཕྱག་དྲུག་གཡོན་གྱི་བར་པ་ན། །ཁ་ཊྲཱཾ་རྩེ་གསུམ་བསྣམས་པ་ནི། །འབྲས་བུ་སྐུ་གསུམ་བརྙསབརྙེས་པའི་རྟགས། །ཕྱག་དྲུག་གཡས་ཀྱི་ཐ་མ་ན། །ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །མ་མོ་མཁའ་འགྲོ་གཤེགས་སུ་གསོལ། །འདིར་བྱོན་ཤ་ཁྲག་གཏོར་མ་བཞེས། །དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །ཕྱག་དྲུག་གཡོན་གྱི་ཐ་མ་ན། །བདུད་ཞགས་ནག་པོ་བསྣམས་པ་ནི། །བསྟན་པ་བཤིགས་པའི་རྐེ་ལ་ཐོབ། །ཁྱོད་ཀྱི་འཁོར་གྱི་ཕོ་ཉའི་ཚོགས། །མཁའ་འགྲོ་མ་དང་ཤུགས་འགྲོ་མ། །གནོད་སྦྱིན་ཕོ་དང་གནོད་སྦྱིན་མོ། །གནོད་སྦྱིན་ཀྵེ་ཏྲ་པཱ་ལའི་ཚོགས། །བྲན་གྱི་ཚུལ་དུ་ཁས་བླངས་པ། །དམ་བཅའ་བཞིན་དུ་འདིར་གཤེགས་ཤིག །འབྲུ་བཅུད་ཆང་དང་རཀྟ་ཁྲག །མཱཾ་ས་ཤ་དང་རུས་པའི་ཚོགས། །དམ་རྫས་

ཤོག་ལྷེ་༦༠༠བརྩེགས་པས་སྦགས་པའི་མཚོ། །ཉེས་པ་ཀུན་འཁྲུད་དག་བྱེད་ཨ་ཡི་ཆབ། །ཡེ་ཤེས་མགོན་པོ་འཁོར་བཅས་ཞབས་ལ་འབུལ། །སྔགས་ཐོག་མཐའ་སྔར་ལྟར་ལ། བཛྲ་པཱཏྱཾ ཨུཏྤ་ལ་ཆུ་སྐྱེས་སྣ་ཚོགས་བདབ་བརྒྱའི་ཕྲེང་། །དབང་པོ་རྣམ་ལྔ་དུག་གི་མེ་ཏོག་བཀྲ། །འབར་འཛག་བདེ་སྟོང་པདྨོ་རབ་བཞད་པ། །ཡེ་ཤེས་མགོན་པོ་འཁོར་བཅས་དབུ་ལ་འབུལ། །པུཥྤེ །སྦྱར་དང་ལྷན་སྐྱེས་དྲི་བཟང་ཞིང་ཀུན་ཁྱབ། ཚིལ་ཆེན་དུད་པའི་སྤྲིན་ཕུང་ནམ་མཁར་གང་། །ཆོས་ཀུན་བདེན་མེད་སྒྱུ་མར་རང་ཤར་སྤོས། །ཡེ་ཤེས་མགོན་པོ་འཁོར་བཅས་ཤངས་ལ་འབུལ། །དྷཱུ་པེ །ཉི་ཟླ་ནོར་བུ་མར་མེའི་སྣང་བ་བརྡལ། །ཞུན་ཆེན་མར་ནག་ཡི་དྭགས་མེ་ཡིས་སྤར། །ཀུན་རྟོག་དབུ་མར་ཐིམ་པའི་འོད་གསལ་བ། །ཡེ་ཤེས་མགོན་པོ་འཁོར་བཅས་སྤྱན་ལ་འབུལ། །དཱི་པེ ག་བུར་ཙནྡན་གུར་གུམ་སྦྱར་བའི་ཆུ། །ཁྲག་ཆེན་ཞག་གི་སྤྲིས་ཆགས་སྒྲོན་མེ་ལྔ། །ཉིད་འཁྲུལ་ལྷ་སྐུ་རང་ཤར་བྱུགས་པའི་མཆོག །ཡེ་ཤེས་མགོན་པོ་འཁོར་བཅས་སྐུ་ལ་འབུལ། །གནྡྷེ །རོ་བརྒྱ་ནུས་པ་སྟོང་ལྡན་བཟའ་བཅའི་རིགས། །དགྲ་བགེགས་ཤ་རུས་ཁྱད་པར་ལྕགས་ཀྱུ་ལྔ། །མ་བསྒོམས་འཚང་རྒྱ་ཡེ་ཤེས་ཟང་ཐལ་བཅུད། །ཡེ་ཤེས་མགོན་པོ་འཁོར་བཅས་ལྗགས་ལ་འབུལ། །ནཻབི་དྱ །སིལ་ཆོལ་དུང་དང་གླིང་བུ་རྔ་བོ་ཆེ། །དུར་ཁྲོད་རྫས་ཆེན་འབྱུང་བ་འཁྲུགས་པའི་སྒྲ། །ལུས་གསུམ་སྦྱངས་པའི་སྐུ་གསུམ་རང་ཤར་དབྱངས། །ཡེ་ཤེས་མགོན་པོ་འཁོར་བཅས་སྙན་ལ་འབུལ། །ཤབྡ །དེ་ཙམ་མམ། འདོད་ཡོན་ལྔའནག་སྤྲོ་ན། སྣོད་བཅུད་སྣང་བ་ཐོགས་བཅས་ཐོགས་མེད་ཚོགས། །ཡུལ་ཤེས་རྣམ་དག་གཟུགས་ཀྱི་རྡོ་རྗེ་མ། །རང་ཤར་ལྷ་སྐུ་ཕྱག་རྒྱའི་འདུ་འཕྲོ་ཡིས། །ཡེ་ཤེས་མགོན་པོའ་སྤྱན་མཆོག་ཚིམས་གྱུར་ཅིག །ༀ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱི་ཙྪ་སྭཱ་ཧཱ། ཟིན་དང་མ་ཟིན་ཕྱི་ནང་བརྗོད་པའི་ཚོགས། །ཡུལ་ཤེས་རྣམ་དག་སྒྲ་ཡི་རྡོ་རྗེ་མ། །གཞོམ་མེད་རང་བྱུང་སྔགས་ཀྱི་སྒྲ་དབྱངས་

༥༩༩
གཏོར་མ་འདི་མཆིས་ཀྱིས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བ་བསྐལ་པ་ཡི། །མེ་ལྟར་འབར་བའི་ཀློང་དཀྱིལ་ན། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྡེ་བརྒྱད་མ་མོ་མཁའ་འགྲོས་བསྐོར། །ནག་པོ་མི་ཟད་བསམ་ལས་འདས། །ལྷ་མོ་དཀར་ནག་བགྲང་དུ་མེད། །སྣང་སྲིད་ཐམས་ཅད་ཁྱོད་ཀྱི་བྲན། །སྲིད་གསུམ་ཐམས་ཅད་ཁྱོད་ཀྱི་འཁོར། །དྲེགས་པ་ཅན་རྣམས་ལས་མཁན་ཏེ། །སྟོང་གསུམ་སྐད་ཅིག་གློག་ལྟར་མྱུར། །སྡང་དགྲ་གནོད་བགེགས་ཐལ་བར་རློག །བདག་ཅག་དམ་ཚིག་སྒྲུབ་པ་པོ། །འདས་དང་བཞུགས་པའི་སངས་རྒྱས་ཀྱི། །སྤྱན་སྔར་ཞལ་བཞེས་དྲན་དགོངས་ལ། །གཏོར་མ་རི་ལ་་མཚོ། །བདུད་རྩི་རྒྱ་མཚོ་ལྟ་བུར་འཁྱིལ། །ཕྱི་ནང་གསང་བའི་རྟེན་རྣམས་ཚང་། དམ་ཚིག་ལྡན་པའི་གནས་འདིར་གཤེགས། །ཧཱུྃ། དད་པ་ནི་དམ་ཚིག་སོགས་སྦྲེལ་ལོ། །མཆོད་པ་འབུལ་བ་ཤིན་ཏུ་བསྡུ་ན། །མཆོད་ཡོན་སོགས་སོ་སོར་མི་བྲལ་བར་ལྷ་རྫས་བཟང་པོའ་ཕྱི་མཆོད་འདི། ཞེས་དང་། སྔགས་ཀྱང་ཨཱརྒྷཾ་མ་སོགས་ཆབ་གཅིག་སྦྲེལ་ན་རུང་། འབྲིང་དུ་བྱེད་ན་གཞུང་ལྟར་དང་། །རྒྱས་པར་བྱེད་ན་དེ་སྟེང་ལྷ་རྫས་བཟང་པོའ་གཟུགས་མཆོག་འདི། །རུ་པ་ཞེས་དང་། དེ་བཞིན་སྒྲ་སྙན ཤབྡ དྲི་མཆོག གནྡྷེ རོ་མཆོག ར་ས རེག་བྱ  ཞེས་འདོད་ཡོན་ལྔ་མཆོད་ཀྱང་འབུལ། ཡང་མཆོད་ཕྲེང་ཚིག་ཚོགས་རྒྱས་པར་སྤྲོ་ན། ཧཱུྃ། བླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ཀྱི། །རྡོ་རྗེའི་དབང་པོ་རྣམ་པ་ཐམས་ཅད་པ། །མཉེས་བྱེད་ཕྱི་ནང་གསང་མཆོད་རྡོ་རྗེའི་སྤྲིན། །དངོས་འབྱོར་ཡིད་བྱུང་ཏིང་འཛིན་རོལ་པས་མཆོད། །དྲི་མེད་ཡན་ལག་བརྒྱད་ལྡན་མཆོད་ཡོན་སྦྲེང་། །དམར་ཆེན་ཁྲག་གི་རྦ་རླབས་དགུང་དུ་འཕྱོ། །ཡིད་བྱེད་མཚན་རྟོག་དྭངས་བའི་ཕྱག་རྒྱ་ཆེ། །ཡེ་ཤེས་མགོན་པོ་འཁོར་བཅས་མདུན་སར་འབུལ། །ༀ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏྭིཙྪ་སྭཱ་ཧཱ། རྙོགས་མེད་རེག་འཇམ་བསིལ་ཞིང་དྭངས་པའི་ཆུ། །གསོད་བྱེད་ནག་པོ་

ཤོག་ལྷེ་༦༠༡ཀྱིས། །ཡེ་ཤེས་མགོན་པོའ་སྙན་མཆོག་ཚིམས་གྱུར་ཅིག །ཤབྡ །རང་བྱུང་ཡོངས་སུ་སྦྱར་ལས་སྐྱེས་པའི་ངད། །ཡུལ་ཤེས་རྣམ་དག་དྲི་ཡི་རྡོ་རྗེ་མ། །འོད་གསལ་ཕྱག་རྒྱ་ཆེན་པོར་འཁྱུད་པའི་དྲིས། །ཡེ་ཤེས་མགོན་པོའ་ཤངས་མཆོག གནྡྷེ །རོ་མཆོག་བརྒྱ་ལྡན་བཟའ་བཅའ་བཏུང་བའི་ཚོགས། །ཡུལ་ཤེས་རྣམ་དག་རོ་ཡི་རྡོ་རྗེ་མ། །འཕོ་མེད་བདེ་ཆེན་རྟག་པའི་སེམས་བྱེད་ཀྱིས། །ཡེ་ཤེས་མགོན་པོའ་ལྗགས་མཆོག ར་ས །ལྷབ་ལྷུབ་གོས་དང་གཡང་གཞིའི་ན་བཟའི་ཚོགས། །ཡུལ་ཤེས་རྣམ་དག་རེག་བྱའི་རྡོ་རྗེ་མ། །དགའ་བ་བཅུ་དྲུག་ལྷན་སྐྱེས་འཁྲིལ་ཆགས་ཀྱིས། །ཡེ་ཤེས་མགོན་པོའ་སྐུ་མཆོག་ཚིམས་གྱུར་ཅིག །སྤེ །དེ་ནས་ནང་མཆོད་ཅུང་ཟད་རྒྱས་པར་སྤྲོ་ན། །བྱིན་རླབས་གོང་དུ་མ་སོང་ན་འདིར་བྱ། །སོང་ན་གསར་དུ་མི་དགོས། །མཐེབ་སྲིན་གྱིས་ཐིགས་གཏོར་སྤྱི་བོ་སྙིང་ཁ་སྟེ་གསང་གི་ཐད་ནས་རིམ་པར་བུལ་བཞིན་ཏུདུ། རྡོ་རྗེ་འཆང་དང་དབང་ཆེན་པདྨ་འབྱུང་། །ཤ་བ་རི་པ་མཻ་ཏྲི་རཱ་ཧུ་ལ། །ཁྱུང་པོ་རྨོག་ལྕོགས་ཞང་སྒོམ་ཆོས་སེང་སོགས། །རྩ་བརྒྱུད་བླ་མའི་ཞལ་དུ་ༀ་ཨཱཿཧཱུྃ། །འཁོར་ལོ་བདེ་མཆོག་དཔལ་ལྡན་གསང་བ་འདུས། །སྒྱུ་འཕྲུལ་ཆེན་མོ་དགྱེས་པ་རྡོ་རྗེ་དང་། །རྡོ་རྗེ་འཇིགས་བྱེད་ཧ་ཡ་གྲཱི་ཝ་སོགས། །ཡི་དམ་ལྷ་ཚོགས་ཞལ་དུ་ༀ་ཨཱཿཧཱུྃ། །སྤྲོ་ན་གཙོ་འཁོར་གྱི་སྔགས་རྣམས་ཀྱི་མཐར་ༀ་ཨཱཿཧཱུྃ་བཏགས་ལ་འབུལ། མྱུར་མཛད་མ་ཧཱ་ཀཱ་ལ་རེ་མ་ཏི། །བཀའ་སྡོད་གནོད་སྦྱིན་བཞི་དང་ཕྱོགས་སྐྱོང་བཅུ། །གཙང་རིས་མགོན་པོ་བདུན་ཅུ་རྩ་ལྔ་སོགས། །དམ་ཅན་རྒྱ་མཚོའ་ཞལ་དུ་ༀ་ཨཱཿཧཱུྃ། །གནས་གསུམ་དཔའ་བོ་རྣལ་འབྱོར་མ་རྣམས་དང་། །དཀར་ཕྱོགས་སྐྱོང་བ་གནས་དང་གཞི་ཡི་བདག །སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་འགྲོ་བ་རྣམས། །ཡེ་ཤེས་ལྷར་གསལ་ཞལ་དུ་ༀ་ཨཱཿཧཱུྃ། །ཞེས་འབུལ་ལ་འབྲུ་གསུམ་བརྗོད་ཅིང་ལྷག་མ་རང་གིས་མྱོང་ངོ་། །དེ་ནས་ཐུན་མོང་མ་ཡིན་པའི་གནད་གསུམ་ཀྱི་ཐོག་མར་བླ་མ་མགོན་པོ་དབྱེར་མེད་ཀྱི་སྐབས་སུ། བདག་དང་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་མོས་ལ། ན་མོ་བུདྡྷཱ་ཡའི་

༦༠༠
བརྩེགས་པས་སྦགས་པའི་མཚོ། །ཉེས་པ་ཀུན་འཁྲུད་དག་བྱེད་ཨ་ཡི་ཆབ། །ཡེ་ཤེས་མགོན་པོ་འཁོར་བཅས་ཞབས་ལ་འབུལ། །སྔགས་ཐོག་མཐའ་སྔར་ལྟར་ལ། བཛྲ་པཱཏྱཾ ཨུཏྤ་ལ་ཆུ་སྐྱེས་སྣ་ཚོགས་བདབ་བརྒྱའི་ཕྲེང་། །དབང་པོ་རྣམ་ལྔ་དུག་གི་མེ་ཏོག་བཀྲ། །འབར་འཛག་བདེ་སྟོང་པདྨོ་རབ་བཞད་པ། །ཡེ་ཤེས་མགོན་པོ་འཁོར་བཅས་དབུ་ལ་འབུལ། །པུཥྤེ །སྦྱར་དང་ལྷན་སྐྱེས་དྲི་བཟང་ཞིང་ཀུན་ཁྱབ། ཚིལ་ཆེན་དུད་པའི་སྤྲིན་ཕུང་ནམ་མཁར་གང་། །ཆོས་ཀུན་བདེན་མེད་སྒྱུ་མར་རང་ཤར་སྤོས། །ཡེ་ཤེས་མགོན་པོ་འཁོར་བཅས་ཤངས་ལ་འབུལ། །དྷཱུ་པེ །ཉི་ཟླ་ནོར་བུ་མར་མེའི་སྣང་བ་བརྡལ། །ཞུན་ཆེན་མར་ནག་ཡི་དྭགས་མེ་ཡིས་སྤར། །ཀུན་རྟོག་དབུ་མར་ཐིམ་པའི་འོད་གསལ་བ། །ཡེ་ཤེས་མགོན་པོ་འཁོར་བཅས་སྤྱན་ལ་འབུལ། །དཱི་པེ ག་བུར་ཙནྡན་གུར་གུམ་སྦྱར་བའི་ཆུ། །ཁྲག་ཆེན་ཞག་གི་སྤྲིས་ཆགས་སྒྲོན་མེ་ལྔ། །ཉིད་འཁྲུལ་ལྷ་སྐུ་རང་ཤར་བྱུགས་པའི་མཆོག །ཡེ་ཤེས་མགོན་པོ་འཁོར་བཅས་སྐུ་ལ་འབུལ། །གནྡྷེ །རོ་བརྒྱ་ནུས་པ་སྟོང་ལྡན་བཟའ་བཅའི་རིགས། །དགྲ་བགེགས་ཤ་རུས་ཁྱད་པར་ལྕགས་ཀྱུ་ལྔ། །མ་བསྒོམས་འཚང་རྒྱ་ཡེ་ཤེས་ཟང་ཐལ་བཅུད། །ཡེ་ཤེས་མགོན་པོ་འཁོར་བཅས་ལྗགས་ལ་འབུལ། །ནཻབི་དྱ །སིལ་ཆོལ་དུང་དང་གླིང་བུ་རྔ་བོ་ཆེ། །དུར་ཁྲོད་རྫས་ཆེན་འབྱུང་བ་འཁྲུགས་པའི་སྒྲ། །ལུས་གསུམ་སྦྱངས་པའི་སྐུ་གསུམ་རང་ཤར་དབྱངས། །ཡེ་ཤེས་མགོན་པོ་འཁོར་བཅས་སྙན་ལ་འབུལ། །ཤབྡ །དེ་ཙམ་མམ། འདོད་ཡོན་ལྔའནག་སྤྲོ་ན། སྣོད་བཅུད་སྣང་བ་ཐོགས་བཅས་ཐོགས་མེད་ཚོགས། །ཡུལ་ཤེས་རྣམ་དག་གཟུགས་ཀྱི་རྡོ་རྗེ་མ། །རང་ཤར་ལྷ་སྐུ་ཕྱག་རྒྱའི་འདུ་འཕྲོ་ཡིས། །ཡེ་ཤེས་མགོན་པོའ་སྤྱན་མཆོག་ཚིམས་གྱུར་ཅིག །ༀ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱི་ཙྪ་སྭཱ་ཧཱ། ཟིན་དང་མ་ཟིན་ཕྱི་ནང་བརྗོད་པའི་ཚོགས། །ཡུལ་ཤེས་རྣམ་དག་སྒྲ་ཡི་རྡོ་རྗེ་མ། །གཞོམ་མེད་རང་བྱུང་སྔགས་ཀྱི་སྒྲ་དབྱངས་

ཤོག་ལྷེ་༦༠༢སྔགས་བདུན་སོགས་ཀྱིས་གསོལ་བ་བཏབ་པའི་རྗེས་སུ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་གིས་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །ཞེས་དང་དམིགས་པ་ཆོས་དྲུག་དཀྱུས་ལྟར་བྱས་པའི་རྗེས་སུ། བདག་གི་ལུས་ལ་སྐུའི་བྱིན་རླབས་འཇུག་པར་མཛད་དུ་གསོལ། བདག་གི་ལུས་ལ་སྐུའི་བྱིན་རླབས་མ་ཞུགས་པ་ཞུགས་པར་གསོལ། བདག་གི་ལུས་ལ་སྐུའི་བྱིན་རླབས་ཞུགས་པར་གྱུར་ཏོ། །བདག་གི་ངག་ལ་གསུང་གི་བྱིན་རླབས་སོགས་དང་། བདག་གི་ཡིད་ལ་ཐུགས་ཀྱི་བྱིན་རླབས་སོགས་དང་། བདག་གི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞེས་འདོན་པ་སྤོས་ཏེ་གོང་གི་རིགས་འགྲེས་སྦྱར། སྐུའི་སྐབས་སུ་བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་དང་མགོན་པོའ་དཔྲལ་བ་ལས་མགོན་པོ་སྐུ་ཆུང་ལ་ཡན་ལག་རགས་པ་ཌཱ་མ་རུ་དང་དྲིལ་བུའི་སྒྲ་སིལ་སིལ་ཁྲོལ་ཁྲོལ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པ་དཔག་མེད་བྱོན་ཏེ་རང་གི་དཔྲལ་བར་ཐིམ། །ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། མགོན་པོའ་སྐུ་དང་དབྱེར་མེད་དུ་གྱུར། དེས་འགྲེས་ཏེ། གསུང་ལས་འོད་ཟེར་དང་སྐུ་དམར་པོ་བྱོན། རང་གི་མགྲིན་པར་ཐིམ། ངག་གི་ནད་གདོན་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། མགོན་པོའ་གསུང་དང་དབྱེར་མེད་དུ་གྱུར། ཐུགས་ལས་འོད་ཟེར་དང་སྐུ་མཐིང་ཁ་བྱོན། རང་གི་སྙིང་ཁར་ཐིམ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཤེར་དབང་ཐོབ། མགོན་པོའ་ཐུགས་དང་དབྱེར་མེད་དུ་གྱུར། གནས་གསུམ་ཀ་ནས་འོད་ཟེར་དང་སྐུ་སྣ་ཚོགས་པ་བྱུང་། རང་གི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམ་གྱི་ནད་གདོན་སྡིག་སྒྲིབ་དག །དབང་བཞི་པ་ཐོབ། མགོན་པོའ་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་མོས་ལ། ཀྱཻ། ཕྱོགས་བཅུ་དུས་གསུམ་སོགས་ཀྱིས་གསོལ་བ་བཏབ་གདུང་ཤུགས་བསྐྱེད་པས་མགོན་པོའ་ཞལ་ནས་ཁྱེད་ཀྱི་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་བོ་ཞེས་གསུང་ལྷང་ལྷང་བཞུགས་པར་མོས། སླར་མགོན་པོའ་སྐུ་ལུས་ཐམས་ཅད་ལས་འོད་ཟེར་དམར་ནག་མང་པོ་ཆད་པ་དང་། སྔར་གྱི་འོད་ཟེར་དང་མགོན་པོ་དེ་རྣམས་རང་གི་སྒོ་གསུམ་དང་དབྱེར་མེད་དུ་འདྲེས། ལུས་སེམས་ཐམས་ཅད་བདེ་བས་གང་བར་བསམ་ལ་བདེ་སྟོང་རྣམ་པར་མི་རྟོག་པའི་རང་ངོ་ལ་

༦༠༡
ཀྱིས། །ཡེ་ཤེས་མགོན་པོའ་སྙན་མཆོག་ཚིམས་གྱུར་ཅིག །ཤབྡ །རང་བྱུང་ཡོངས་སུ་སྦྱར་ལས་སྐྱེས་པའི་ངད། །ཡུལ་ཤེས་རྣམ་དག་དྲི་ཡི་རྡོ་རྗེ་མ། །འོད་གསལ་ཕྱག་རྒྱ་ཆེན་པོར་འཁྱུད་པའི་དྲིས། །ཡེ་ཤེས་མགོན་པོའ་ཤངས་མཆོག གནྡྷེ །རོ་མཆོག་བརྒྱ་ལྡན་བཟའ་བཅའ་བཏུང་བའི་ཚོགས། །ཡུལ་ཤེས་རྣམ་དག་རོ་ཡི་རྡོ་རྗེ་མ། །འཕོ་མེད་བདེ་ཆེན་རྟག་པའི་སེམས་བྱེད་ཀྱིས། །ཡེ་ཤེས་མགོན་པོའ་ལྗགས་མཆོག ར་ས །ལྷབ་ལྷུབ་གོས་དང་གཡང་གཞིའི་ན་བཟའི་ཚོགས། །ཡུལ་ཤེས་རྣམ་དག་རེག་བྱའི་རྡོ་རྗེ་མ། །དགའ་བ་བཅུ་དྲུག་ལྷན་སྐྱེས་འཁྲིལ་ཆགས་ཀྱིས། །ཡེ་ཤེས་མགོན་པོའ་སྐུ་མཆོག་ཚིམས་གྱུར་ཅིག །སྤེ །དེ་ནས་ནང་མཆོད་ཅུང་ཟད་རྒྱས་པར་སྤྲོ་ན། །བྱིན་རླབས་གོང་དུ་མ་སོང་ན་འདིར་བྱ། །སོང་ན་གསར་དུ་མི་དགོས། །མཐེབ་སྲིན་གྱིས་ཐིགས་གཏོར་སྤྱི་བོ་སྙིང་ཁ་སྟེ་གསང་གི་ཐད་ནས་རིམ་པར་བུལ་བཞིན་ཏུདུ། རྡོ་རྗེ་འཆང་དང་དབང་ཆེན་པདྨ་འབྱུང་། །ཤ་བ་རི་པ་མཻ་ཏྲི་རཱ་ཧུ་ལ། །ཁྱུང་པོ་རྨོག་ལྕོགས་ཞང་སྒོམ་ཆོས་སེང་སོགས། །རྩ་བརྒྱུད་བླ་མའི་ཞལ་དུ་ༀ་ཨཱཿཧཱུྃ། །འཁོར་ལོ་བདེ་མཆོག་དཔལ་ལྡན་གསང་བ་འདུས། །སྒྱུ་འཕྲུལ་ཆེན་མོ་དགྱེས་པ་རྡོ་རྗེ་དང་། །རྡོ་རྗེ་འཇིགས་བྱེད་ཧ་ཡ་གྲཱི་ཝ་སོགས། །ཡི་དམ་ལྷ་ཚོགས་ཞལ་དུ་ༀ་ཨཱཿཧཱུྃ། །སྤྲོ་ན་གཙོ་འཁོར་གྱི་སྔགས་རྣམས་ཀྱི་མཐར་ༀ་ཨཱཿཧཱུྃ་བཏགས་ལ་འབུལ། མྱུར་མཛད་མ་ཧཱ་ཀཱ་ལ་རེ་མ་ཏི། །བཀའ་སྡོད་གནོད་སྦྱིན་བཞི་དང་ཕྱོགས་སྐྱོང་བཅུ། །གཙང་རིས་མགོན་པོ་བདུན་ཅུ་རྩ་ལྔ་སོགས། །དམ་ཅན་རྒྱ་མཚོའ་ཞལ་དུ་ༀ་ཨཱཿཧཱུྃ། །གནས་གསུམ་དཔའ་བོ་རྣལ་འབྱོར་མ་རྣམས་དང་། །དཀར་ཕྱོགས་སྐྱོང་བ་གནས་དང་གཞི་ཡི་བདག །སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་འགྲོ་བ་རྣམས། །ཡེ་ཤེས་ལྷར་གསལ་ཞལ་དུ་ༀ་ཨཱཿཧཱུྃ། །ཞེས་འབུལ་ལ་འབྲུ་གསུམ་བརྗོད་ཅིང་ལྷག་མ་རང་གིས་མྱོང་ངོ་། །དེ་ནས་ཐུན་མོང་མ་ཡིན་པའི་གནད་གསུམ་ཀྱི་ཐོག་མར་བླ་མ་མགོན་པོ་དབྱེར་མེད་ཀྱི་སྐབས་སུ། བདག་དང་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་མོས་ལ། ན་མོ་བུདྡྷཱ་ཡའི་

ཤོག་ལྷེ་༦༠༣མཉམ་པར་བཞག །ཡང་ལུས་ཀྱི་ནང་ན་མགོན་པོ་དེ་རྣམས་གར་མཛད་ཅིང་ནད་གདོན་ཐམས་ཅད་དམར་ཆིར་ཆིར་ཞལ་དུ་གསོལ་བར་བསྒོམ་ལ་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཅེས་པའི་སྐབས་སུ་རོལ་མོའ་སྒྲ་དྲག་པོ་བྱ། དེ་ནས་གསོལ་འདེབས་ཚིགས་བཅད་མ་ཅི་འགྲུབ་བརྗོད་ཅིང་། བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པ་བྱེད་ན་སྐབས་འདིར། ༀ་གུ་རུ་མ་ཧཱ་ཀཱ་ལ་སིདྡྷི་ཧཱུྃ། ཞེས་བཟླས་བྱའི་སྙིང་པོ་སྟེ་འདིའི་བཀའ་ཐོབ་ན་སྐོང་གསོའ་སྐབས་སུའང་བཟླས་པ་བརྒྱ་རྩ་ཙམ་བྱེད་པ་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་འདིའི་དམིགས་པ་ནི་གོང་གསལ་དེ་ཉིད་བསྐྱར་བ་ཁོ་ནའོ། །གཞུང་རྐྱང་ལས་སབ་ཁ་འདི་མི་བྱེད་པའི་སྐབས་སུའང་དམིགས་པ་ནི་གསོལ་འདེབས་ཀྱི་སྐབས་སུ་འགྲོ་དགོས་སོ། །གནད་གཉིས་པ་གྲིབ་སེལ་གྱི་སྐབས་སུ་རྒྱས་པ་དང་། བསྡུས་པ་གཉིས་ཡོད། རྒྱས་པ་ནི་གྲིབ་སེལ་སྒེར་དུ་སྒྲུབ་པ་སོགས་དེ་ཉིད་གཙོ་བོར་སྟོན་པའི་སྐབས་སུ་བྱ་རྒྱུ་ཡིན་ཏེ། དེའང་བླ་མ་རྡོར་སེམས་བསྐྱེད་ཆོག་གྲུབ་པའི་སྐབས། སྟེང་གི་ནམ་མཁའ་ལ་རྩ་བ་གསུམ་དང་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ་གསུང་རྡོ་རྗེ་འོད་དཔག་མེད་དམར་པོ་ཐུགས་རྡོ་རྗེ་མི་བསྐྱོད་པ་སྔོན་པོའ་རྣམ་པར་བྱོན་ཏེ་སྟེང་འོག་རིམ་པ་གསུམ་སྤྲིན་གཏིབས་པ་ལྟར་འཁོད་པར་མོས་ལ་མོས་གུས་བསྐྱེད་དེ། །སྐུ་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱིས་བླ་མའི་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་རྡོ་རྗེའི་ལྷ་ཚོགས་རྣམས་ལས་ཡི་གེ་བརྒྱ་པ་དཀར་པོའ་ཚོགས་འཕྲོས། བླ་མའི་དཔྲལ་བར་ཕོག་པས་བླ་མའི་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར། ཞེས་མོས་ལ་ཡིག་བརྒྱ་བཟླ། དེ་བཞིན་ཏུདུ་གསུང་དང་། ཐུགས་ལ་སྦྱར་ཏེ་སོ་སོར་ཡིག་བརྒྱ་བཟླ། དེ་ནས་བླ་མ་རིན་པོ་ཆེ་མགོན་པོའ་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བ་ནས་ཡི་གེ་བརྒྱ་བ་དཀར་པོའ་ཚོགས་འཕྲོས། མགོན་པོའ་དཔྲལ་བར་ཐིམ་པས་སོགས་ཡིག་བརྒྱ་དང་། གསུང་ཐུགས་ཁ་བསྒྱུར་གོང་གིས་རིགས་འགྲེ། བླ་མ་མགོན་པོ་དབྱེར་མེད། འཁོར་རྣམས་ཀྱི་སྐུ་ལ་སོགས་གསོལ་བ་གདབ།

༦༠༢
སྔགས་བདུན་སོགས་ཀྱིས་གསོལ་བ་བཏབ་པའི་རྗེས་སུ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་གིས་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །ཞེས་དང་དམིགས་པ་ཆོས་དྲུག་དཀྱུས་ལྟར་བྱས་པའི་རྗེས་སུ། བདག་གི་ལུས་ལ་སྐུའི་བྱིན་རླབས་འཇུག་པར་མཛད་དུ་གསོལ། བདག་གི་ལུས་ལ་སྐུའི་བྱིན་རླབས་མ་ཞུགས་པ་ཞུགས་པར་གསོལ། བདག་གི་ལུས་ལ་སྐུའི་བྱིན་རླབས་ཞུགས་པར་གྱུར་ཏོ། །བདག་གི་ངག་ལ་གསུང་གི་བྱིན་རླབས་སོགས་དང་། བདག་གི་ཡིད་ལ་ཐུགས་ཀྱི་བྱིན་རླབས་སོགས་དང་། བདག་གི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞེས་འདོན་པ་སྤོས་ཏེ་གོང་གི་རིགས་འགྲེས་སྦྱར། སྐུའི་སྐབས་སུ་བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་དང་མགོན་པོའ་དཔྲལ་བ་ལས་མགོན་པོ་སྐུ་ཆུང་ལ་ཡན་ལག་རགས་པ་ཌཱ་མ་རུ་དང་དྲིལ་བུའི་སྒྲ་སིལ་སིལ་ཁྲོལ་ཁྲོལ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པ་དཔག་མེད་བྱོན་ཏེ་རང་གི་དཔྲལ་བར་ཐིམ། །ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། མགོན་པོའ་སྐུ་དང་དབྱེར་མེད་དུ་གྱུར། དེས་འགྲེས་ཏེ། གསུང་ལས་འོད་ཟེར་དང་སྐུ་དམར་པོ་བྱོན། རང་གི་མགྲིན་པར་ཐིམ། ངག་གི་ནད་གདོན་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། མགོན་པོའ་གསུང་དང་དབྱེར་མེད་དུ་གྱུར། ཐུགས་ལས་འོད་ཟེར་དང་སྐུ་མཐིང་ཁ་བྱོན། རང་གི་སྙིང་ཁར་ཐིམ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཤེར་དབང་ཐོབ། མགོན་པོའ་ཐུགས་དང་དབྱེར་མེད་དུ་གྱུར། གནས་གསུམ་ཀ་ནས་འོད་ཟེར་དང་སྐུ་སྣ་ཚོགས་པ་བྱུང་། རང་གི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམ་གྱི་ནད་གདོན་སྡིག་སྒྲིབ་དག །དབང་བཞི་པ་ཐོབ། མགོན་པོའ་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་མོས་ལ། ཀྱཻ། ཕྱོགས་བཅུ་དུས་གསུམ་སོགས་ཀྱིས་གསོལ་བ་བཏབ་གདུང་ཤུགས་བསྐྱེད་པས་མགོན་པོའ་ཞལ་ནས་ཁྱེད་ཀྱི་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་བོ་ཞེས་གསུང་ལྷང་ལྷང་བཞུགས་པར་མོས། སླར་མགོན་པོའ་སྐུ་ལུས་ཐམས་ཅད་ལས་འོད་ཟེར་དམར་ནག་མང་པོ་ཆད་པ་དང་། སྔར་གྱི་འོད་ཟེར་དང་མགོན་པོ་དེ་རྣམས་རང་གི་སྒོ་གསུམ་དང་དབྱེར་མེད་དུ་འདྲེས། ལུས་སེམས་ཐམས་ཅད་བདེ་བས་གང་བར་བསམ་ལ་བདེ་སྟོང་རྣམ་པར་མི་རྟོག་པའི་རང་ངོ་ལ་

ཤོག་ལྷེ་༦༠༤བླ་མ་དང་མགོན་པོ་གཉིས་ཀའི་དཔྲལ་བར་ནས་ཡི་གེ་བརྒྱ་པ་དཀར་པོའ་ཚོགས་སོགས། གསུང་ཐུགས་ཡིག་བརྒྱ་བཅས་གོང་བཞིན། བླ་མ་མགོན་པོ་དབྱེར་མེད་འཁོར་དང་བཅས་པ་རྣམས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་མགོན་པོ་དབྱེར་མེད་འཁོར་དང་བཅས་པ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་འཕྲོས། བདག་སོགས་ཀྱི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར། །ཞེས་མོས་ལ་ཡིག་བརྒྱ་བཟླ། །ཕྱི་མ་འདིའི་སྐབས་སུ་ཡིག་རྙིང་ནས་བླ་མགོན་དབྱེར་མེད་ཀྱི་སྐབས་སུ་བཤད་པ་ལྟར་དབང་བཞིའི་དམིགས་པ་དང་སྒྲགསསྦྲགས་ཏེ་དམིགས་བཟླས་སོ་སོར་ཕྱེ་བའང་བཤད་པས་ནུས་ན་དེ་ལྟར་ཡང་བྱའོ། །བསྡུས་པ་ནི་དགུ་གཏོར་སོགས་ཀྱི་དཀྱུས་ལ་སྦྱར་བར་བྱ་ཞིང་། །དེའང་གོང་མ་ཉིད་ཅུང་ཟད་བསྡུ་བ་ཡིན་ཏེ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བླ་མའི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་བ་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། བླ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར། ཡིག་བརྒྱ་བདུན། དེས་འགྲེ་སྟེ། བླ་མ་རིན་པོ་ཆེ། མགོན་པོའ་སྐུ་གསུང་ཐུགས་ལ་སོགས་དང་། བླ་མའི་གནས་གསུམ་ནས་ཡི་གེ་བརྒྱ་པ་སོགས་ཀྱི་མཐར་ཡིག་བརྒྱ་བདུན། །བླ་མ་མགོན་པོ་དབྱེར་མེད། འཁོར་རྣམས་དང་བདག་གི་སྒོ་གསུམ་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་མགོན་པོའ་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། འཁོར་རྣམས་དང་བདག་གི་གནས་གསུམ་དུ་ཐིམ་པས།

༦༠༣
མཉམ་པར་བཞག །ཡང་ལུས་ཀྱི་ནང་ན་མགོན་པོ་དེ་རྣམས་གར་མཛད་ཅིང་ནད་གདོན་ཐམས་ཅད་དམར་ཆིར་ཆིར་ཞལ་དུ་གསོལ་བར་བསྒོམ་ལ་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཅེས་པའི་སྐབས་སུ་རོལ་མོའ་སྒྲ་དྲག་པོ་བྱ། དེ་ནས་གསོལ་འདེབས་ཚིགས་བཅད་མ་ཅི་འགྲུབ་བརྗོད་ཅིང་། བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པ་བྱེད་ན་སྐབས་འདིར། ༀ་གུ་རུ་མ་ཧཱ་ཀཱ་ལ་སིདྡྷི་ཧཱུྃ། ཞེས་བཟླས་བྱའི་སྙིང་པོ་སྟེ་འདིའི་བཀའ་ཐོབ་ན་སྐོང་གསོའ་སྐབས་སུའང་བཟླས་པ་བརྒྱ་རྩ་ཙམ་བྱེད་པ་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་འདིའི་དམིགས་པ་ནི་གོང་གསལ་དེ་ཉིད་བསྐྱར་བ་ཁོ་ནའོ། །གཞུང་རྐྱང་ལས་སབ་ཁ་འདི་མི་བྱེད་པའི་སྐབས་སུའང་དམིགས་པ་ནི་གསོལ་འདེབས་ཀྱི་སྐབས་སུ་འགྲོ་དགོས་སོ། །གནད་གཉིས་པ་གྲིབ་སེལ་གྱི་སྐབས་སུ་རྒྱས་པ་དང་། བསྡུས་པ་གཉིས་ཡོད། རྒྱས་པ་ནི་གྲིབ་སེལ་སྒེར་དུ་སྒྲུབ་པ་སོགས་དེ་ཉིད་གཙོ་བོར་སྟོན་པའི་སྐབས་སུ་བྱ་རྒྱུ་ཡིན་ཏེ། དེའང་བླ་མ་རྡོར་སེམས་བསྐྱེད་ཆོག་གྲུབ་པའི་སྐབས། སྟེང་གི་ནམ་མཁའ་ལ་རྩ་བ་གསུམ་དང་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ་གསུང་རྡོ་རྗེ་འོད་དཔག་མེད་དམར་པོ་ཐུགས་རྡོ་རྗེ་མི་བསྐྱོད་པ་སྔོན་པོའ་རྣམ་པར་བྱོན་ཏེ་སྟེང་འོག་རིམ་པ་གསུམ་སྤྲིན་གཏིབས་པ་ལྟར་འཁོད་པར་མོས་ལ་མོས་གུས་བསྐྱེད་དེ། །སྐུ་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱིས་བླ་མའི་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་རྡོ་རྗེའི་ལྷ་ཚོགས་རྣམས་ལས་ཡི་གེ་བརྒྱ་པ་དཀར་པོའ་ཚོགས་འཕྲོས། བླ་མའི་དཔྲལ་བར་ཕོག་པས་བླ་མའི་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར། ཞེས་མོས་ལ་ཡིག་བརྒྱ་བཟླ། དེ་བཞིན་ཏུདུ་གསུང་དང་། ཐུགས་ལ་སྦྱར་ཏེ་སོ་སོར་ཡིག་བརྒྱ་བཟླ། དེ་ནས་བླ་མ་རིན་པོ་ཆེ་མགོན་པོའ་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བ་ནས་ཡི་གེ་བརྒྱ་བ་དཀར་པོའ་ཚོགས་འཕྲོས། མགོན་པོའ་དཔྲལ་བར་ཐིམ་པས་སོགས་ཡིག་བརྒྱ་དང་། གསུང་ཐུགས་ཁ་བསྒྱུར་གོང་གིས་རིགས་འགྲེ། བླ་མ་མགོན་པོ་དབྱེར་མེད། འཁོར་རྣམས་ཀྱི་སྐུ་ལ་སོགས་གསོལ་བ་གདབ།

ཤོག་ལྷེ་༦༠༥འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིགས་ཉམས་ཆགས་ཐམས་ཅད་དག །བདག་གི་ལུས་ཀྱི་ནང་ཡི་གེ་བརྒྱ་པའི་འོད་ཟེར་གྱིས་གང་བས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་གྱུར། ཞེས་མོས་ལ་ཡིག་བརྒྱ་བདུན་བཟླའོ། ཆོ་ག་དཀྱུས་ལྟར་ལ་འདིའི་སབ་ཁ་མི་བྱེད་པའི་ཚེ་ནའང་ཡིག་བརྒྱ་ཉེར་གཅིག་ལ་དམིགས་གནད་འདི་བཞིན་སོ་སོ་སྦྱར་དགོས་སོ། །དེ་ནས་གདུང་ཤུགས་དྲག་པོ་དང་ལྡན་པས་བཤགས་པ་བྱས་ལ། སྐོངབསྐང་རྫས་བྱིན་གྱིས་བརླབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས། བྷཱུཾ་ལས་གནས་ཁང་དུར་ཁྲོད་དྲག་པོའ་བཀོད་པ་འཇིགས་སུ་རུང་བ་དང་ལྡན་པའི་དབུས་སུ། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི། ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་མཆོད་རྫས་སྐོངབསྐང་རྫས་ལ་སོགས་པ་དགྱེས་ཤིང་མཐུན་པའི་རྫས་མ་ཚང་བ་མེད་ཅིང་ཕུན་སུམ་ཚོགས་པ། ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་དགྱེས་པ་སྐོང་བའི་བྱེད་ལས་དང་ལྡན་པའི་དམ་ཚིག་གི་མཆོད་སྤྲིན་ཚད་མེད་པས་ནམ་མཁའི་ཁམས་རྒྱས་པར་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། ༀ་བཛྲ་སྤ་ར་ཎ་ཁཾ། ཧཱུྃ། སྤྱན་རས་གཟིགས་དབང་ཐུགས་རྗེས་ཁྲོས་པའི་གར། །མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་དང་བཅས། །ཐུགས་དམ་བསྐང་ཕྱིར་དད་པས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་འདིར་གཤེགས་བརྟན་པར་བཞུགས། །མཆོག་གསུམ་རྩ་གསུམ་སྔགས་རྒྱ་ཏིང་ངེ་འཛིན། །ཆོས་ཉིད་རྟེན་འབྲེལ་བསླུ་མེད་བདེན་པ་ཡིས། །མཆོད་པའི་དམ་རྫས་ཞིང་ཁམས་ཀུན་ཁྱབ་པས། །མགོན་པོ་འཁོར་བཅས་དགྱེས་པ་སྐོང་གྱུར་ཅིག །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་མཆོག་ཞལ་ཟས་རོལ་མོའ་སྒྲ། །གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་ཀྱིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །རི་རབ་གླིང་བཞི་ཉི་ཟླ་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་

༦༠༤
བླ་མ་དང་མགོན་པོ་གཉིས་ཀའི་དཔྲལ་བར་ནས་ཡི་གེ་བརྒྱ་པ་དཀར་པོའ་ཚོགས་སོགས། གསུང་ཐུགས་ཡིག་བརྒྱ་བཅས་གོང་བཞིན། བླ་མ་མགོན་པོ་དབྱེར་མེད་འཁོར་དང་བཅས་པ་རྣམས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་མགོན་པོ་དབྱེར་མེད་འཁོར་དང་བཅས་པ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་འཕྲོས། བདག་སོགས་ཀྱི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར། །ཞེས་མོས་ལ་ཡིག་བརྒྱ་བཟླ། །ཕྱི་མ་འདིའི་སྐབས་སུ་ཡིག་རྙིང་ནས་བླ་མགོན་དབྱེར་མེད་ཀྱི་སྐབས་སུ་བཤད་པ་ལྟར་དབང་བཞིའི་དམིགས་པ་དང་སྒྲགསསྦྲགས་ཏེ་དམིགས་བཟླས་སོ་སོར་ཕྱེ་བའང་བཤད་པས་ནུས་ན་དེ་ལྟར་ཡང་བྱའོ། །བསྡུས་པ་ནི་དགུ་གཏོར་སོགས་ཀྱི་དཀྱུས་ལ་སྦྱར་བར་བྱ་ཞིང་། །དེའང་གོང་མ་ཉིད་ཅུང་ཟད་བསྡུ་བ་ཡིན་ཏེ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བླ་མའི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་བ་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། བླ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར། ཡིག་བརྒྱ་བདུན། དེས་འགྲེ་སྟེ། བླ་མ་རིན་པོ་ཆེ། མགོན་པོའ་སྐུ་གསུང་ཐུགས་ལ་སོགས་དང་། བླ་མའི་གནས་གསུམ་ནས་ཡི་གེ་བརྒྱ་པ་སོགས་ཀྱི་མཐར་ཡིག་བརྒྱ་བདུན། །བླ་མ་མགོན་པོ་དབྱེར་མེད། འཁོར་རྣམས་དང་བདག་གི་སྒོ་གསུམ་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་མགོན་པོའ་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། འཁོར་རྣམས་དང་བདག་གི་གནས་གསུམ་དུ་ཐིམ་པས།

ཤོག་ལྷེ་༦༠༦བརྒྱད་དང་དཔག་བསམ་ཤིང་། །ཡིད་བཞིན་ནོར་སོགས་སྲིད་གསུམ་དཔལ་འབྱོར་གྱིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །འཇའ་འོད་མེ་ཏོག་ཆར་དང་ནོར་བུའི་སྤྲིན། །རིན་ཆེན་རི་བོ་མ་རྨོས་ལོ་ཏོག་འབྲུ། །ཁྲུས་རྫིང་སྐྱེད་ཚལ་འདོད་འཇོའ་བ་མོ་ཡིས། །ཡེ་ཤེས་མགོན་པོ །སྣ་ཚོགས་གཟུགས་དང་སྣ་ཚོགས་སྒྲ་དབྱངས་དང་། །སྣ་ཚོགས་དྲི་དང་སྦྱར་བའི་བདེ་བསྐྱེད་ཆབ། །བཅུད་ལྡན་བཟའ་བཏུང་རེག་འཇམ་གོས་མཆོག་གིས། །ཡེ་ཤེས་མགོན་པོ །འཇིགས་རུང་དུར་ཁྲོད་དྲག་པོའ་ཕོ་བྲང་བཀོད། །གཡང་གཞིའི་བླ་བྲེ་རྒྱུ་རློན་ལྡ་ལྡི་འཕྱང་། །ཞིང་ཆེན་རྒྱལ་མཚན་རོ་སྐྲའི་རྔ་ཡབ་ཀྱིས། །ཡེ་ཤེས་མགོན་པོ །སྙིང་ཁྲག་ཨརྒྷཾ་དུག་ཆུའི་ཞབས་བསིལ་དང་། །དབང་པོའ་མེ་ཏོག་བམ་ཆེན་བསྲེགས་པའི་གསུར། །ཞུན་ཆེན་སྣང་གསལ་ཁྲག་མཁྲིས་ཞག་གི་ཆབ། །ཡེ་ཤེས་མགོན་པོ །ཤ་རུས་དོན་སྙིང་བ་ལིཾ་རི་ལྟར་སྤུངས། །འབྲུ་བཅུད་དང་སྦྱར་བདུད་རྩིའི་རྒྱ་མཚོ་བསྐྱིལ། །བསད་ཁྲག་རྦ་རླབས་དགུང་དུ་འཆེལ་བ་ཡིས། །ཡེ་ཤེས་མགོན་པོ །ཐོད་རྔ་རྐང་གླིང་རྔ་རོལ་སྙན་བརྗིད་དབྱངས། །གུ་གུལ་ཤ་ཆེན་དུག་ཡུངས་བསྲེགས་པའི་སྤོས། །དར་ནག་བ་དན་མི་ལྤགས་གཡབ་མོ་ཡིས། །ཡེ་ཤེས་མགོན་པོ །བྱ་ནག་རྟ་ནག་དྲེལ་ནག་དོམ་ནག་དང་། །གཡག་ནག་ལུག་ནག་ཁྱི་ནག་བཅུ་གསུམ་སོགས། །སྣ་ཚོགས་རྒྱན་སྤྲས་ཕྱི་ཡི་རྟེན་རྣམས་ཀྱིས། །ཡེ་ཤེས་མགོན་པོ །མེ་ལོང་དར་ནག་སྔགས་བྱང་བཏགས་པའི་མདའ། །བྱ་རྒོད་སྒྲོ་དང་གྲི་ལྕགས་མདེའུས་སྤྲས། །རྣལ་བུའི་རྒྱལ་མཚན་ལ་སོགས་ནང་རྟེན་གྱིས། །ཡེ་ཤེས་མགོན་པོ །སྲོག་སྔགས་སྨན་འབྲུ་རིན་ཆེན་དར་ཟབ་ཀྱིས། །ལེགལེགས་པར་བཀང་བའི་གྲི་རྒོད་ཙིཏྟ་དང་། །ནལ་བུ་དོམ་ནག་སྙིང་སོགས་གསང་རྟེན་གྱིས། །ཡེ་ཤེས་མགོན་པོ །མཁའ་སྤྱོད་དགའ་མའི་ཆོས་འཁོར་ཐབས་ཤེས་ཀྱི། །བྷ་གར་རང་སེམས་བླ་མ་དབྱེར་མེད་པ། །སྣང་སྟོང་སྐུ་ལ་མི་ཕྱེད་གདུང་ཤུགས་ཀྱིས། །ཡེ་ཤེས་མགོན་པོ །བསྐྱེད་རིམ་ལྷ་བསྒོམ་བྲིས་འབུར་སྐུ་ཡི་རྟེན། །རླུང་

༦༠༥
འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིགས་ཉམས་ཆགས་ཐམས་ཅད་དག །བདག་གི་ལུས་ཀྱི་ནང་ཡི་གེ་བརྒྱ་པའི་འོད་ཟེར་གྱིས་གང་བས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་གྱུར། ཞེས་མོས་ལ་ཡིག་བརྒྱ་བདུན་བཟླའོ། ཆོ་ག་དཀྱུས་ལྟར་ལ་འདིའི་སབ་ཁ་མི་བྱེད་པའི་ཚེ་ནའང་ཡིག་བརྒྱ་ཉེར་གཅིག་ལ་དམིགས་གནད་འདི་བཞིན་སོ་སོ་སྦྱར་དགོས་སོ། །དེ་ནས་གདུང་ཤུགས་དྲག་པོ་དང་ལྡན་པས་བཤགས་པ་བྱས་ལ། སྐོངབསྐང་རྫས་བྱིན་གྱིས་བརླབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས། བྷཱུཾ་ལས་གནས་ཁང་དུར་ཁྲོད་དྲག་པོའ་བཀོད་པ་འཇིགས་སུ་རུང་བ་དང་ལྡན་པའི་དབུས་སུ། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི། ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་མཆོད་རྫས་སྐོངབསྐང་རྫས་ལ་སོགས་པ་དགྱེས་ཤིང་མཐུན་པའི་རྫས་མ་ཚང་བ་མེད་ཅིང་ཕུན་སུམ་ཚོགས་པ། ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་དགྱེས་པ་སྐོང་བའི་བྱེད་ལས་དང་ལྡན་པའི་དམ་ཚིག་གི་མཆོད་སྤྲིན་ཚད་མེད་པས་ནམ་མཁའི་ཁམས་རྒྱས་པར་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། ༀ་བཛྲ་སྤ་ར་ཎ་ཁཾ། ཧཱུྃ། སྤྱན་རས་གཟིགས་དབང་ཐུགས་རྗེས་ཁྲོས་པའི་གར། །མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་དང་བཅས། །ཐུགས་དམ་བསྐང་ཕྱིར་དད་པས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་འདིར་གཤེགས་བརྟན་པར་བཞུགས། །མཆོག་གསུམ་རྩ་གསུམ་སྔགས་རྒྱ་ཏིང་ངེ་འཛིན། །ཆོས་ཉིད་རྟེན་འབྲེལ་བསླུ་མེད་བདེན་པ་ཡིས། །མཆོད་པའི་དམ་རྫས་ཞིང་ཁམས་ཀུན་ཁྱབ་པས། །མགོན་པོ་འཁོར་བཅས་དགྱེས་པ་སྐོང་གྱུར་ཅིག །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་མཆོག་ཞལ་ཟས་རོལ་མོའ་སྒྲ། །གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་ཀྱིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །རི་རབ་གླིང་བཞི་ཉི་ཟླ་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་

ཤོག་ལྷེ་༦༠༧སྔགས་བཟླས་པ་སྲོག་འཁོར་གསུང་གི་རྟེན། །ཕྱག་རྒྱ་ཏིང་འཛིན་ཕྱག་མཚན་ཐུགས་ཀྱི་རྟེན། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །བྷནྡྷ་ཞཱ་ནག་བེར་ཕོད་ཡོན་ཏན་རྟེན། །ཞི་རྒྱས་དབང་དྲག་ལས་སྦྱོར་ཕྲིན་ལས་རྟེན། །དྲག་པོའ་རུ་མཚོན་ཆས་ཞུགས་གར་འཆམས་ཀྱིས། །ཡེ་ཤེས་མགོན་པོ །གླང་ཀོ་སྟག་ལྤགས་ཞིང་ཆེན་གཡང་གཞི་དང་། །ཐོད་ཕྲེང་དོ་ཤལ་ཕྱག་རྒྱ་རྣམ་པ་དྲུག །སྤྲུལ་ཆུན་སིནྡྷུ་ར་ཡི་བྱུགས་པ་ཡིས། །ཡེ་ཤེས་མགོན་པོ །གོ་མཆོནམཚོན་སྣ་ཚོགས་རྒྱན་གྱི་བྱེ་བྲག་དང་། །སྤྱན་གཟིགས་དཀོར་ཆ་བསམ་གྱིས་མི་ཁྱབ་པ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡིས། །ཡེ་ཤེས་མགོན་པོ །བླ་མེད་བྱང་ཆུབ་བསྙེན་ཅིང་སྒྲུབ་པ་དང་། །ལས་བཞིའི་འཁྲུལའཕྲུལ་འཁོར་སྲུང་བཟློག་དྲག་ཤུལ་གྱི། །མངོན་སྤྱོད་རིག་སྔགས་དམོད་པའི་སྦྱོར་བ་ཡིས། །ཡེ་ཤེས་མགོན་པོ །བཅུ་དྲུག་རིག་མའི་དགའ་བཞིའི་རོལ་རྩེད་དང་། །དུག་གསུམ་ཁམས་གསུམ་རྩད་ནས་བཅད་པ་ཡི། །སྦྱོར་སྒྲོལ་ག་ཎ་ཙཀྲའི་གསང་པ་ཡིས། །ཡེ་ཤེས་མགོན་པོ །འབར་འཛག་བདེ་ཆེན་འཁོར་འདས་སྒྱུ་མའི་ངང་། །སྤྲོས་བྲལ་འོད་གསལ་རང་ཤར་ལྷ་ཡི་སྐུ། །མཆོག་གི་ཕྱག་ཆེན་ཐུན་མོང་གྲུབ་བརྒྱད་ཀྱིས། །ཡེ་ཤེས་མགོན་པོ །རྟེན་སྒྲུབ་མཆོད་སྐོང་ཁྱད་པར་དམ་ཚིག་དང་། །སྲིད་ཞིའི་དཔལ་འབྱོར་བདེ་བའི་ཡོ་བྱད་ནི། །ཆོས་དབྱིངས་ནམ་མཁའི་མཐར་ཐུགས་ཡོངས་སུ་གང་། །ཡིད་ཆེས་མོས་གུས་རྩེ་གཅིག་གདུང་ཤུགས་ཀྱིས། །མྱུར་མཛད་ཡེ་ཤེས་མགོན་པོའ་ཐུགས་དམ་བསྐང་། །མགོན་པོ་ཡིད་བཞིན་ནོར་བུའི་ཐུགས་དམ་བསྐང་། །བློ་འཕེལ་དབང་གི་རྒྱལ་པོའ །ཚེ་བདག་སྣ་ཚོགས་མཁའ་འགྲོའི །མ་གཅིག་དཔལ་ལྡན་ལྷ་མོའ །གནོད་སྦྱིན་ཀྵེ་ཏྲ་པཱ་ལའི །དབང་ཕྱུག་ཛི་ན་མི་ཏྲའི །གཤེན་རྗེ་ཊཱ་ཀི་རཱ་ཛའི །བདུད་མགོན་ཏྲཀྴད་ནག་པོའ །གཙང་རིས་དཔལ་མགོན་བདུན་ཅུའི །བཀའ་སྡོད་དམ་ཅན་རྒྱ་མཚོའ །སྤྲུལ་པ་ཡང་སྤྲུལ་ཚོགས་ཀྱི །ཕོ་ཉ་ལས་བྱེད་རྣམས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་གཉེན་པོ་དབྱིངས་སུ་

༦༠༦
བརྒྱད་དང་དཔག་བསམ་ཤིང་། །ཡིད་བཞིན་ནོར་སོགས་སྲིད་གསུམ་དཔལ་འབྱོར་གྱིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །འཇའ་འོད་མེ་ཏོག་ཆར་དང་ནོར་བུའི་སྤྲིན། །རིན་ཆེན་རི་བོ་མ་རྨོས་ལོ་ཏོག་འབྲུ། །ཁྲུས་རྫིང་སྐྱེད་ཚལ་འདོད་འཇོའ་བ་མོ་ཡིས། །ཡེ་ཤེས་མགོན་པོ །སྣ་ཚོགས་གཟུགས་དང་སྣ་ཚོགས་སྒྲ་དབྱངས་དང་། །སྣ་ཚོགས་དྲི་དང་སྦྱར་བའི་བདེ་བསྐྱེད་ཆབ། །བཅུད་ལྡན་བཟའ་བཏུང་རེག་འཇམ་གོས་མཆོག་གིས། །ཡེ་ཤེས་མགོན་པོ །འཇིགས་རུང་དུར་ཁྲོད་དྲག་པོའ་ཕོ་བྲང་བཀོད། །གཡང་གཞིའི་བླ་བྲེ་རྒྱུ་རློན་ལྡ་ལྡི་འཕྱང་། །ཞིང་ཆེན་རྒྱལ་མཚན་རོ་སྐྲའི་རྔ་ཡབ་ཀྱིས། །ཡེ་ཤེས་མགོན་པོ །སྙིང་ཁྲག་ཨརྒྷཾ་དུག་ཆུའི་ཞབས་བསིལ་དང་། །དབང་པོའ་མེ་ཏོག་བམ་ཆེན་བསྲེགས་པའི་གསུར། །ཞུན་ཆེན་སྣང་གསལ་ཁྲག་མཁྲིས་ཞག་གི་ཆབ། །ཡེ་ཤེས་མགོན་པོ །ཤ་རུས་དོན་སྙིང་བ་ལིཾ་རི་ལྟར་སྤུངས། །འབྲུ་བཅུད་དང་སྦྱར་བདུད་རྩིའི་རྒྱ་མཚོ་བསྐྱིལ། །བསད་ཁྲག་རྦ་རླབས་དགུང་དུ་འཆེལ་བ་ཡིས། །ཡེ་ཤེས་མགོན་པོ །ཐོད་རྔ་རྐང་གླིང་རྔ་རོལ་སྙན་བརྗིད་དབྱངས། །གུ་གུལ་ཤ་ཆེན་དུག་ཡུངས་བསྲེགས་པའི་སྤོས། །དར་ནག་བ་དན་མི་ལྤགས་གཡབ་མོ་ཡིས། །ཡེ་ཤེས་མགོན་པོ །བྱ་ནག་རྟ་ནག་དྲེལ་ནག་དོམ་ནག་དང་། །གཡག་ནག་ལུག་ནག་ཁྱི་ནག་བཅུ་གསུམ་སོགས། །སྣ་ཚོགས་རྒྱན་སྤྲས་ཕྱི་ཡི་རྟེན་རྣམས་ཀྱིས། །ཡེ་ཤེས་མགོན་པོ །མེ་ལོང་དར་ནག་སྔགས་བྱང་བཏགས་པའི་མདའ། །བྱ་རྒོད་སྒྲོ་དང་གྲི་ལྕགས་མདེའུས་སྤྲས། །རྣལ་བུའི་རྒྱལ་མཚན་ལ་སོགས་ནང་རྟེན་གྱིས། །ཡེ་ཤེས་མགོན་པོ །སྲོག་སྔགས་སྨན་འབྲུ་རིན་ཆེན་དར་ཟབ་ཀྱིས། །ལེགལེགས་པར་བཀང་བའི་གྲི་རྒོད་ཙིཏྟ་དང་། །ནལ་བུ་དོམ་ནག་སྙིང་སོགས་གསང་རྟེན་གྱིས། །ཡེ་ཤེས་མགོན་པོ །མཁའ་སྤྱོད་དགའ་མའི་ཆོས་འཁོར་ཐབས་ཤེས་ཀྱི། །བྷ་གར་རང་སེམས་བླ་མ་དབྱེར་མེད་པ། །སྣང་སྟོང་སྐུ་ལ་མི་ཕྱེད་གདུང་ཤུགས་ཀྱིས། །ཡེ་ཤེས་མགོན་པོ །བསྐྱེད་རིམ་ལྷ་བསྒོམ་བྲིས་འབུར་སྐུ་ཡི་རྟེན། །རླུང་

ཤོག་ལྷེ་༦༠༨བསྐངས་ནས་ཀྱང་། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི་།ཆགས་ཉམས་འགལ་འཁྲུལ་བྱང་ཞིང་སོར་ཆུད་ནས། །ལས་དང་དངོས་གྲུབ་ཐོགས་པ་མེད་པར་སྩོལ། །ཆོས་འཁོར་དབེན་གནས་རྣལ་འབྱོར་འཁོར་བཅས་སྐྱོངས། །ཕྱི་ནང་གསང་བའི་འགལ་རྐྱེན་ཐམས་ཅད་སོལ། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་ཟློག །འདི་ཕྱི་བར་དོའ་འཇིགས་པ་ཀུན་ལས་སྐྱོབས། །མི་ནོར་ཟས་གསུམ་བཤད་སྒྲུབ་འདུ་བ་སྤེལ། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་ཀྱི། །བསྟན་པ་ཡར་ངོའ་ཟླ་བཞིན་རྒྱས་མཛད་གསོལ། །ཐུགས་བསྐྱེད་ཐུགས་དམ་གཉན་པོ་མ་བསྙེལ་བར། །མོས་པའི་བུ་ལ་རྟག་ཏུ་ཐུགས་རྗེས་གཟིགས། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པ་དང་། །འདོད་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཡང་ཚར་གྲངས་གསོག་བདེར་ལྟ་བུར་དེ་ལས་བསྡུས་པར་འདོད་ན་ཆགས་མེད་རིན་པོ་ཆེས་མཛད་པ་འདི་ལྟར་བྱ་སྟེ། ཧཱུྃ། མྱུར་མཛད་མགོན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བདག་གིས་བསྐང་། །ཉམས་ཆགས་བསྐང་ལ་ཞིག་རལ་གསོ། །གནོང་འགྱོད་སེམས་མཁོནའཁོན་ཐམས་ཅད་སྦྱང་། །གནམ་ལྕགས་རྭ་དང་གློག་གི་ལྕེ། །སྤྲིན་ནག་འཁྲུགས་འདྲའི་སྤུ་ཞོལ་ཅན། །གཡག་ལུག་དར་སྣས་བརྒྱན་པ་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །སྨྱུག་ལྡེམས་བྱ་རྒོད་སྒྲོ་ཡིས་བརྒྱན། །གནམ་ལྕགས་ངར་མའི་མདེལ་གྱིས་མཐུད། །དར་ནག་ཅོད་པན་གཡོ་བ་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །བསྟན་ལ་སྡང་བའི་དགྲ་བོ་ཡི། །དོན་སྙིང་ལག་གིས་དམར་འབྱིན་བྱས། །རིན་ཆེན་འབྲུ་སྨན་སྙིང་པོས་བཀང་། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །དཀོན་མཆོག་གསུམ་དངོས་བླ་མ་དང་། །དབྱེར་མེད་མྱུར་མཛད་མགོན་པོ་ལ། །ཡིད་ཆེས་དྲག་པོའ་ངེས་ཤེས་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །དམར་ཆེན་གཏོར་མ་རི་ལྟར་སྤུངས། །ཆང་དང་རཀྟ་མཚོ་ལྟར་བསྐྱིལ། །དངོས་འབྱོར་ཡིད་སྤྲུལ་དཔག་མེད་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །ཁྱེད་ཀྱི་ཐུགས་དམ་ངས་བསྐང་

༦༠༧
སྔགས་བཟླས་པ་སྲོག་འཁོར་གསུང་གི་རྟེན། །ཕྱག་རྒྱ་ཏིང་འཛིན་ཕྱག་མཚན་ཐུགས་ཀྱི་རྟེན། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །བྷནྡྷ་ཞཱ་ནག་བེར་ཕོད་ཡོན་ཏན་རྟེན། །ཞི་རྒྱས་དབང་དྲག་ལས་སྦྱོར་ཕྲིན་ལས་རྟེན། །དྲག་པོའ་རུ་མཚོན་ཆས་ཞུགས་གར་འཆམས་ཀྱིས། །ཡེ་ཤེས་མགོན་པོ །གླང་ཀོ་སྟག་ལྤགས་ཞིང་ཆེན་གཡང་གཞི་དང་། །ཐོད་ཕྲེང་དོ་ཤལ་ཕྱག་རྒྱ་རྣམ་པ་དྲུག །སྤྲུལ་ཆུན་སིནྡྷུ་ར་ཡི་བྱུགས་པ་ཡིས། །ཡེ་ཤེས་མགོན་པོ །གོ་མཆོནམཚོན་སྣ་ཚོགས་རྒྱན་གྱི་བྱེ་བྲག་དང་། །སྤྱན་གཟིགས་དཀོར་ཆ་བསམ་གྱིས་མི་ཁྱབ་པ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡིས། །ཡེ་ཤེས་མགོན་པོ །བླ་མེད་བྱང་ཆུབ་བསྙེན་ཅིང་སྒྲུབ་པ་དང་། །ལས་བཞིའི་འཁྲུལའཕྲུལ་འཁོར་སྲུང་བཟློག་དྲག་ཤུལ་གྱི། །མངོན་སྤྱོད་རིག་སྔགས་དམོད་པའི་སྦྱོར་བ་ཡིས། །ཡེ་ཤེས་མགོན་པོ །བཅུ་དྲུག་རིག་མའི་དགའ་བཞིའི་རོལ་རྩེད་དང་། །དུག་གསུམ་ཁམས་གསུམ་རྩད་ནས་བཅད་པ་ཡི། །སྦྱོར་སྒྲོལ་ག་ཎ་ཙཀྲའི་གསང་པ་ཡིས། །ཡེ་ཤེས་མགོན་པོ །འབར་འཛག་བདེ་ཆེན་འཁོར་འདས་སྒྱུ་མའི་ངང་། །སྤྲོས་བྲལ་འོད་གསལ་རང་ཤར་ལྷ་ཡི་སྐུ། །མཆོག་གི་ཕྱག་ཆེན་ཐུན་མོང་གྲུབ་བརྒྱད་ཀྱིས། །ཡེ་ཤེས་མགོན་པོ །རྟེན་སྒྲུབ་མཆོད་སྐོང་ཁྱད་པར་དམ་ཚིག་དང་། །སྲིད་ཞིའི་དཔལ་འབྱོར་བདེ་བའི་ཡོ་བྱད་ནི། །ཆོས་དབྱིངས་ནམ་མཁའི་མཐར་ཐུགས་ཡོངས་སུ་གང་། །ཡིད་ཆེས་མོས་གུས་རྩེ་གཅིག་གདུང་ཤུགས་ཀྱིས། །མྱུར་མཛད་ཡེ་ཤེས་མགོན་པོའ་ཐུགས་དམ་བསྐང་། །མགོན་པོ་ཡིད་བཞིན་ནོར་བུའི་ཐུགས་དམ་བསྐང་། །བློ་འཕེལ་དབང་གི་རྒྱལ་པོའ །ཚེ་བདག་སྣ་ཚོགས་མཁའ་འགྲོའི །མ་གཅིག་དཔལ་ལྡན་ལྷ་མོའ །གནོད་སྦྱིན་ཀྵེ་ཏྲ་པཱ་ལའི །དབང་ཕྱུག་ཛི་ན་མི་ཏྲའི །གཤེན་རྗེ་ཊཱ་ཀི་རཱ་ཛའི །བདུད་མགོན་ཏྲཀྴད་ནག་པོའ །གཙང་རིས་དཔལ་མགོན་བདུན་ཅུའི །བཀའ་སྡོད་དམ་ཅན་རྒྱ་མཚོའ །སྤྲུལ་པ་ཡང་སྤྲུལ་ཚོགས་ཀྱི །ཕོ་ཉ་ལས་བྱེད་རྣམས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་གཉེན་པོ་དབྱིངས་སུ་

ཤོག་ལྷེ་༦༠༩གིས། བཅོལ་བའི་ལས་རྣམས་ཁྱོད་ཀྱིས་སྒྲུབས། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །འབོད་པའི་ཚེ་ན་སྙན་མ་སྲ། །སྒྲུབ་པའི་ཚེ་ན་གོང་མ་གཡེལ། །གཡབ་པའི་ཚེ་ན་སྤྱན་མ་རྡུལབརྟུལ། །མངགས་པའི་ཚེ་ན་བང་མ་བུལ། །ཇོ་བོར་བསྟེན་ནོ་དབང་མ་ཆེ། །གྲོགས་པོར་བསྟེན་ན་གཞུང་མ་ངན། །ཤག་ལྟར་བསྟེན་ན་ཁྲེལ་མ་ཆུང་། །མ་ལྟར་བསྟེན་ན་སྙིང་མ་སྲ། །སྲིང་ལྟར་བསྟེན་ན་ཞེ་མ་དནངན། །བྲན་ལྟར་བསྟེན་ན་སྙིང་མ་རིང་། །སྔར་བྱས་ལས་ཀྱི་བཏངགཏང་རག་གཏོང་། །ད་ལྟ་ལས་ཀྱི་གཉེར་ཟས་འདྲེན། །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམ་འབུལ། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །དེ་ནས་བཤགས་པ་ནི། ཧཱུྃ། མགོན་པོ་འཁོར་བཅས་སྤྱན་སྔ་རུ། །བདག་གིས་བག་མེད་དབང་གྱུར་བས། །རྟེན་རྫས་མ་ཚང་མཆོད་ཚོགས་ཆུང་། །བསྐྱེད་རིམ་མ་གསལ་སྔགས་མ་དག །རྗེན་འཐག་སྤོས་སྦྱོར་མ་འཛོམ་དང་། །བྱ་ཁྱི་ནག་པོར་འཚེ་བ་སོགས། །ཉེས་པ་གང་མཆིས་ཐམས་ཅད་བཤགས། །མི་བསྒྲིབས་ཚངས་པའི་དངོས་གྲུབ་སྩོལ། །འདིའི་ལུགས་སུ་མན་ངག་གི་ཡིག་བརྒྱའང་བཟླ་བར་གསུངས། སངས་རྒྱས་གཉན་སྟོན་གྱིས་མཛད་པར་གྲགས་པའི་སྐོང་བ་དེ་ནི་གཉན་སྟོན་གྱི་གསུང་དུ་མི་སྣང་ལ་གྲོང་སྔགས་པ་མི་མཁས་པ་རྙིང་མའི་ཚིག་རྣ་བར་ཐོས་བཞིག་གི་ལས་སུ་དོགས། མཁས་གྲུབ་རྗེའི་གཏོར་ཆོག་ཏུ་བཀོད་པ་འདིའང་རྗེ་ཡབ་སྲས་གང་རུང་གི་གསུང་ལས་ཤངས་ལུགས་ཀྱི་ཡིག་རྙིང་ནི་མ་ཡིན་ཅིང་ཚིག་ཚོགས་ཅུང་མང་བས་འདིར་ཁྱེར་བདེར་བྱས་པའོ། །དེ་དག་གོང་གི་མཐར་ཡང་དམིགས་བསལ་དགོས་པ་དང་འབྲེལ་ན་བསྟོད་བསྐུལ་ཟློག་པ་དང་འབྲེལ་བ་འདིའང་བྱ་སྟེ། ཧཱུྃ། ས་བཅུའི་དབང་ཕྱུག་མགོན་པོ་ནི། །གནས་ལ་ངེས་པ་མ་མཆིས་ཀྱང་། །སེམས་ཅན་སོ་སོའ་སྣང་ངོ་ལ། །རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ངོས། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བའི་གནས་མཆོག་ན། །གཤིན་རྗེའི་ངར་སྐད་དི་རི་རི། །མ་མོའ་བཤུགས་གླུ་ཀྱུ་རུ་རུ། །རཀྟའི་རྒྱ་མཚོ་ཆི་ལི་ལི། །ཚིལ་ཆེན་ཞུན་མར་ལྷབས་སེ་ལྷབ། །གསུར་ཆེན་དུད་པ་ཆི་ལི་ལི། །ཕོ་

༦༠༨
བསྐངས་ནས་ཀྱང་། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི་།ཆགས་ཉམས་འགལ་འཁྲུལ་བྱང་ཞིང་སོར་ཆུད་ནས། །ལས་དང་དངོས་གྲུབ་ཐོགས་པ་མེད་པར་སྩོལ། །ཆོས་འཁོར་དབེན་གནས་རྣལ་འབྱོར་འཁོར་བཅས་སྐྱོངས། །ཕྱི་ནང་གསང་བའི་འགལ་རྐྱེན་ཐམས་ཅད་སོལ། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་ཟློག །འདི་ཕྱི་བར་དོའ་འཇིགས་པ་ཀུན་ལས་སྐྱོབས། །མི་ནོར་ཟས་གསུམ་བཤད་སྒྲུབ་འདུ་བ་སྤེལ། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་ཀྱི། །བསྟན་པ་ཡར་ངོའ་ཟླ་བཞིན་རྒྱས་མཛད་གསོལ། །ཐུགས་བསྐྱེད་ཐུགས་དམ་གཉན་པོ་མ་བསྙེལ་བར། །མོས་པའི་བུ་ལ་རྟག་ཏུ་ཐུགས་རྗེས་གཟིགས། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པ་དང་། །འདོད་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཡང་ཚར་གྲངས་གསོག་བདེར་ལྟ་བུར་དེ་ལས་བསྡུས་པར་འདོད་ན་ཆགས་མེད་རིན་པོ་ཆེས་མཛད་པ་འདི་ལྟར་བྱ་སྟེ། ཧཱུྃ། མྱུར་མཛད་མགོན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བདག་གིས་བསྐང་། །ཉམས་ཆགས་བསྐང་ལ་ཞིག་རལ་གསོ། །གནོང་འགྱོད་སེམས་མཁོནའཁོན་ཐམས་ཅད་སྦྱང་། །གནམ་ལྕགས་རྭ་དང་གློག་གི་ལྕེ། །སྤྲིན་ནག་འཁྲུགས་འདྲའི་སྤུ་ཞོལ་ཅན། །གཡག་ལུག་དར་སྣས་བརྒྱན་པ་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །སྨྱུག་ལྡེམས་བྱ་རྒོད་སྒྲོ་ཡིས་བརྒྱན། །གནམ་ལྕགས་ངར་མའི་མདེལ་གྱིས་མཐུད། །དར་ནག་ཅོད་པན་གཡོ་བ་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །བསྟན་ལ་སྡང་བའི་དགྲ་བོ་ཡི། །དོན་སྙིང་ལག་གིས་དམར་འབྱིན་བྱས། །རིན་ཆེན་འབྲུ་སྨན་སྙིང་པོས་བཀང་། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །དཀོན་མཆོག་གསུམ་དངོས་བླ་མ་དང་། །དབྱེར་མེད་མྱུར་མཛད་མགོན་པོ་ལ། །ཡིད་ཆེས་དྲག་པོའ་ངེས་ཤེས་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །དམར་ཆེན་གཏོར་མ་རི་ལྟར་སྤུངས། །ཆང་དང་རཀྟ་མཚོ་ལྟར་བསྐྱིལ། །དངོས་འབྱོར་ཡིད་སྤྲུལ་དཔག་མེད་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །ཁྱེད་ཀྱི་ཐུགས་དམ་ངས་བསྐང་

ཤོག་ལྷེ་༦༡༠བདུད་བྲོ་བརྡུང་ཆེམས་སེ་ཆེམ། །མོ་བདུད་ཤོན་སྐོར་སྒོ་རོ་རོ། །མི་རྐང་གླིང་བུ་ཀྱུ་རུ་རུ། །གཅན་གཟན་ངར་སྐད་འུ་རུ་རུ། །གློག་ཆེན་འབར་བ་ཁྱུགས་སེ་ཁྱུག །འབྲུག་སྒྲ་དྲག་པོ་ཆེམས་སེ་ཆེམ། །གནམ་ལྕགས་སེར་ཆེན་ཤ་ར་ར། །བདུད་དང་སྲིན་པོའ་ཚོགས་རྣམས་ཀྱི། །འཇིགས་པའི་གད་མོས་ས་གཞིག་ཡོ། །དེ་ལྟའི་གནས་མཆོག་དམ་པ་ན། །ཞལ་གཅིག་ཕྱག་དྲུག་འཇིགས་པའི་སྐུ། །ཞལ་གདངས་ལྗགས་འདྲིལ་རྐན་རྡེབ་ཅིང་། །སྤྱན་གསུམ་དུས་མཐའི་མེ་ལྟར་འབར། །རྔམས་ཤིང་བརྗིད་ལ་ཡན་ལག་རགས། །དྲག་པོའ་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག །ལྷུན་པོ་ལྟར་བརྗིད་མིག་སྨན་མདོག །ཀྵིཾ་ཀྵིཾ་འཇིགས་པའི་བཞད་སྒྲ་ཅན། །གྲི་གུག་ཐོད་ཕྲེང་ཅང་ཏེའུ་འཁྲོལ། །ཐོད་ཁྲག་རྩེ་གསུམ་ཞགས་པ་འཛིན། །གར་མཛད་དྲིལ་བུའི་སྒྲ་སྒྲོག་པ། །ཡུམ་གཅིག་མ་མོ་ཀུན་གྱི་བདག །སྲོག་གཅོད་ཤན་པ་གནོད་སྦྱིན་བཞི། །ཕྱོགས་སྐྱོང་དཔལ་མགོན་བདུན་ཅུའི་ཚོགས། །དམ་ཅན་རྒྱ་མཚོ་འཁོར་དང་བཅས། །འདིར་སྤྱོན་མཐུན་པའི་དས་རྫས་བཞེས། །ཧཱུྃ་འཇམ་པའི་དབྱངས་ཀྱིས་མཚན་བཏགས་པ། །མཐུ་ཆེན་ལོག་འདྲེན་རྣམས་ཀྱི་གཤེད། །ཕྱག་ན་རྡོ་རྗེས་མཚན་བཏགས་པ། །ནག་པོ་ཀླུ་འདུལ་ཆེན་པོ་སྟེ། །གཤིན་རྗེའི་གཤེད་པོས་མཚན་བཏགས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་བདག །གསང་བའི་མཚན་ནས་འབོད་ཀྱིས་སྤྱོན། །བོས་པའི་ཚེ་ན་སྙན་མ་སྲ། །གཡབས་པའི་ཚེ་ན་སྤྱན་མ་བརྟུལ། །བསྐུལ་བའི་ཚེ་ན་བང་མ་བུལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །བསྐང་བའི་ཚེ་ན་ཐུགས་མ་གཡེལ། །གསོལ་བཏབ་ཚེ་ན་སྙིང་མ་རིང་། །གཙང་ཞིང་ཚང་ལ་མ་ཉམས་པ། །དགྱེས་པའི་དམ་རྫས་རྒྱ་མཚོ་འདིས། །དོ་ནུབ་འཁོར་བཅས་ཐུགས་དམ་བསྐང་། །ཉམས་ཆགས་ཅི་མཆིས་བཤགས་པར་བགྱི། །སྔར་བཅོལ་ལེགས་པའི་གཏང་རག་གཏོང་། །ད་འཆོལ་ལས་ཀྱི་རྟེན་དུ་འབུལ། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཧཱུྃ། ཁྱེད་ལ་ཞུ་ཞིང་གསོལ་བ་ནི། །བླ་མ་དམ་

༦༠༩
གིས། བཅོལ་བའི་ལས་རྣམས་ཁྱོད་ཀྱིས་སྒྲུབས། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །འབོད་པའི་ཚེ་ན་སྙན་མ་སྲ། །སྒྲུབ་པའི་ཚེ་ན་གོང་མ་གཡེལ། །གཡབ་པའི་ཚེ་ན་སྤྱན་མ་རྡུལབརྟུལ། །མངགས་པའི་ཚེ་ན་བང་མ་བུལ། །ཇོ་བོར་བསྟེན་ནོ་དབང་མ་ཆེ། །གྲོགས་པོར་བསྟེན་ན་གཞུང་མ་ངན། །ཤག་ལྟར་བསྟེན་ན་ཁྲེལ་མ་ཆུང་། །མ་ལྟར་བསྟེན་ན་སྙིང་མ་སྲ། །སྲིང་ལྟར་བསྟེན་ན་ཞེ་མ་དནངན། །བྲན་ལྟར་བསྟེན་ན་སྙིང་མ་རིང་། །སྔར་བྱས་ལས་ཀྱི་བཏངགཏང་རག་གཏོང་། །ད་ལྟ་ལས་ཀྱི་གཉེར་ཟས་འདྲེན། །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམ་འབུལ། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །དེ་ནས་བཤགས་པ་ནི། ཧཱུྃ། མགོན་པོ་འཁོར་བཅས་སྤྱན་སྔ་རུ། །བདག་གིས་བག་མེད་དབང་གྱུར་བས། །རྟེན་རྫས་མ་ཚང་མཆོད་ཚོགས་ཆུང་། །བསྐྱེད་རིམ་མ་གསལ་སྔགས་མ་དག །རྗེན་འཐག་སྤོས་སྦྱོར་མ་འཛོམ་དང་། །བྱ་ཁྱི་ནག་པོར་འཚེ་བ་སོགས། །ཉེས་པ་གང་མཆིས་ཐམས་ཅད་བཤགས། །མི་བསྒྲིབས་ཚངས་པའི་དངོས་གྲུབ་སྩོལ། །འདིའི་ལུགས་སུ་མན་ངག་གི་ཡིག་བརྒྱའང་བཟླ་བར་གསུངས། སངས་རྒྱས་གཉན་སྟོན་གྱིས་མཛད་པར་གྲགས་པའི་སྐོང་བ་དེ་ནི་གཉན་སྟོན་གྱི་གསུང་དུ་མི་སྣང་ལ་གྲོང་སྔགས་པ་མི་མཁས་པ་རྙིང་མའི་ཚིག་རྣ་བར་ཐོས་བཞིག་གི་ལས་སུ་དོགས། མཁས་གྲུབ་རྗེའི་གཏོར་ཆོག་ཏུ་བཀོད་པ་འདིའང་རྗེ་ཡབ་སྲས་གང་རུང་གི་གསུང་ལས་ཤངས་ལུགས་ཀྱི་ཡིག་རྙིང་ནི་མ་ཡིན་ཅིང་ཚིག་ཚོགས་ཅུང་མང་བས་འདིར་ཁྱེར་བདེར་བྱས་པའོ། །དེ་དག་གོང་གི་མཐར་ཡང་དམིགས་བསལ་དགོས་པ་དང་འབྲེལ་ན་བསྟོད་བསྐུལ་ཟློག་པ་དང་འབྲེལ་བ་འདིའང་བྱ་སྟེ། ཧཱུྃ། ས་བཅུའི་དབང་ཕྱུག་མགོན་པོ་ནི། །གནས་ལ་ངེས་པ་མ་མཆིས་ཀྱང་། །སེམས་ཅན་སོ་སོའ་སྣང་ངོ་ལ། །རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ངོས། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བའི་གནས་མཆོག་ན། །གཤིན་རྗེའི་ངར་སྐད་དི་རི་རི། །མ་མོའ་བཤུགས་གླུ་ཀྱུ་རུ་རུ། །རཀྟའི་རྒྱ་མཚོ་ཆི་ལི་ལི། །ཚིལ་ཆེན་ཞུན་མར་ལྷབས་སེ་ལྷབ། །གསུར་ཆེན་དུད་པ་ཆི་ལི་ལི། །ཕོ་

ཤོག་ལྷེ་༦༡༡པའི་སྐུ་ཡི་དགྲ། །བསྟན་བཤིག་དམ་ཉམས་དགྲ་བོ་དང་། །བདུད་ཀྱི་རིགས་གྱུར་ནག་པོའ་ཕྱོགས། །བར་དུ་གཅོད་པའི་བགེགས་རྣམས་ཀྱིས། །དཀྱིལ་འཁོར་གཉེན་པོ་དྲལ་བ་སྟེ། །ཐུབ་པའི་བསྟན་པ་བཤིག་པ་སྟེ། །རྣལ་འབྱོར་བཤད་སྒྲུབ་གེགས་བྱེད་ཅིང་། །ཆོས་འཁོར་གཉན་པོ་བཤིག་པ་སྟེ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས། །མི་ནོར་དགེ་འདུན་བཅས་པ་རྣམས། །བཅོལ་ལོ་ལྟོས་སོ་མཐུ་མ་ཆུང་། །ཉིན་གསུམ་བྱ་ར་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་མ་གཡེལ་ཞིག །འགལ་རྐྱེན་ཟློག་ལ་མཐུན་རྐྱེན་སྒྲུབས། །ཧཱུྃ། དམ་ཉམས་དགྲ་དང་བགེགས་རྣམས་ཀྱི། །མཐུ་དང་རྫུ་འཕྲུལ་ཉམས་པར་གྱིས། །རྒྱབ་བརྟེན་ལྷ་དང་མྱུར་དུཏུ་ཁྲོལ། །མཛའ་བོ་ཀུན་དང་རྣམ་པར་ཕྱེས། །ཁོང་ནས་སྙིང་བྱུང་སྲོག་རྩ་ཆོད། །རིགས་བརྒྱུད་རྩད་ནས་ཆོད་ལ་ཤོག །ཉེས་ཅན་ལྟོས་ལ་ཤོར་ར་རེ། །རྟགས་ཕྱུངས་མཚན་མ་མྱུར་དུ་སྟོན། །གདུག་ཅིང་སྡང་བའི་དགྲ་བོ་འདིས། །བླ་མ་དམ་པའི་སྐུ་དགྲ་བྱས། །རྡོ་རྗེའི་ཐེག་པ་སུན་འབྱིན་ཅིང་། །དགེ་འདུན་སྡེ་རྣམས་དཀྲུག་ཅིང་འཇོམས། །སྡོམ་བརྩོན་ཀུན་ལ་བརྙས་ཤིང་སྨོད། །སྐྱེ་བོ་ཡོངས་ལ་གནོད་ཅིང་འཚེ། །རྣལ་འབྱོར་ལྷ་མེད་ཟེར་ནས་བརྙས། །ལྟ་ཁྱོད་མཐུ་མེད་ཟེར་ནས་སྨོད། །བསྟན་པའི་དགྲ་བོར་གྱུར་པ་འདི། །ལོ་དང་ཟླ་བར་མ་བཞག་པར། །ཡ་མ་རཱ་ཛའི་ཞལ་དུ་ཐོབ། །གཤོག་པ་ཅན་གྱིས་མཐའ་ནས་ཆུམས། །སྡེར་མོ་ཅན་གྱིས་སྙིང་ནས་དྲོངས། །མཆེ་བ་ཅན་གྱིས་ཀླད་ནས་ཕུག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །མུན་པ་ནག་པོས་མདུན་ནས་བསུས། །ཊཱ་ཀྐི་རཱ་ཛས་གཡས་ནས་ཆུམས། ཚོགས་བདག་གླང་སྣས་གཡོན་ནས་ཆུམས། །གནམ་གྱི་འཇུ་ཐག་ཆོད་ལ་ཤོག །ས་ཡི་ལྟེ་ཕུར་ཐོན་ལ་ཤོག །དོན་སྙིང་ལྔ་པོ་ཕྱུང་ལ་ཤོག །ཁ་ནས་ཁོང་ཁྲག་སྐྱུག་ཏུ་ཆུག །ལྟས་ངན་བརྒྱད་ཅུ་རྩ་བཞི་ཐོང་། །བདུད་ཀྱི་སྒོ་བྲོ་བརྡུང་དུ་ཆུག །བཙན་གྱི་ཞགས་པ་འདེབས་སུ་ཆུག །མ་མོའ་དལ་ཡམས་དགྲ་ལ་

༦༡༠
བདུད་བྲོ་བརྡུང་ཆེམས་སེ་ཆེམ། །མོ་བདུད་ཤོན་སྐོར་སྒོ་རོ་རོ། །མི་རྐང་གླིང་བུ་ཀྱུ་རུ་རུ། །གཅན་གཟན་ངར་སྐད་འུ་རུ་རུ། །གློག་ཆེན་འབར་བ་ཁྱུགས་སེ་ཁྱུག །འབྲུག་སྒྲ་དྲག་པོ་ཆེམས་སེ་ཆེམ། །གནམ་ལྕགས་སེར་ཆེན་ཤ་ར་ར། །བདུད་དང་སྲིན་པོའ་ཚོགས་རྣམས་ཀྱི། །འཇིགས་པའི་གད་མོས་ས་གཞིག་ཡོ། །དེ་ལྟའི་གནས་མཆོག་དམ་པ་ན། །ཞལ་གཅིག་ཕྱག་དྲུག་འཇིགས་པའི་སྐུ། །ཞལ་གདངས་ལྗགས་འདྲིལ་རྐན་རྡེབ་ཅིང་། །སྤྱན་གསུམ་དུས་མཐའི་མེ་ལྟར་འབར། །རྔམས་ཤིང་བརྗིད་ལ་ཡན་ལག་རགས། །དྲག་པོའ་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག །ལྷུན་པོ་ལྟར་བརྗིད་མིག་སྨན་མདོག །ཀྵིཾ་ཀྵིཾ་འཇིགས་པའི་བཞད་སྒྲ་ཅན། །གྲི་གུག་ཐོད་ཕྲེང་ཅང་ཏེའུ་འཁྲོལ། །ཐོད་ཁྲག་རྩེ་གསུམ་ཞགས་པ་འཛིན། །གར་མཛད་དྲིལ་བུའི་སྒྲ་སྒྲོག་པ། །ཡུམ་གཅིག་མ་མོ་ཀུན་གྱི་བདག །སྲོག་གཅོད་ཤན་པ་གནོད་སྦྱིན་བཞི། །ཕྱོགས་སྐྱོང་དཔལ་མགོན་བདུན་ཅུའི་ཚོགས། །དམ་ཅན་རྒྱ་མཚོ་འཁོར་དང་བཅས། །འདིར་སྤྱོན་མཐུན་པའི་དས་རྫས་བཞེས། །ཧཱུྃ་འཇམ་པའི་དབྱངས་ཀྱིས་མཚན་བཏགས་པ། །མཐུ་ཆེན་ལོག་འདྲེན་རྣམས་ཀྱི་གཤེད། །ཕྱག་ན་རྡོ་རྗེས་མཚན་བཏགས་པ། །ནག་པོ་ཀླུ་འདུལ་ཆེན་པོ་སྟེ། །གཤིན་རྗེའི་གཤེད་པོས་མཚན་བཏགས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་བདག །གསང་བའི་མཚན་ནས་འབོད་ཀྱིས་སྤྱོན། །བོས་པའི་ཚེ་ན་སྙན་མ་སྲ། །གཡབས་པའི་ཚེ་ན་སྤྱན་མ་བརྟུལ། །བསྐུལ་བའི་ཚེ་ན་བང་མ་བུལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །བསྐང་བའི་ཚེ་ན་ཐུགས་མ་གཡེལ། །གསོལ་བཏབ་ཚེ་ན་སྙིང་མ་རིང་། །གཙང་ཞིང་ཚང་ལ་མ་ཉམས་པ། །དགྱེས་པའི་དམ་རྫས་རྒྱ་མཚོ་འདིས། །དོ་ནུབ་འཁོར་བཅས་ཐུགས་དམ་བསྐང་། །ཉམས་ཆགས་ཅི་མཆིས་བཤགས་པར་བགྱི། །སྔར་བཅོལ་ལེགས་པའི་གཏང་རག་གཏོང་། །ད་འཆོལ་ལས་ཀྱི་རྟེན་དུ་འབུལ། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཧཱུྃ། ཁྱེད་ལ་ཞུ་ཞིང་གསོལ་བ་ནི། །བླ་མ་དམ་

ཤོག་ལྷེ་༦༡༢ཐོང་། །བསྟན་པའི་དགྲ་བོར་གྱུར་པ་འདི། །ཁྲམ་ལ་བབས་ཀྱིས་ཁྲམ་ལ་ཐོབ། །ཤོ་ལ་བབ་ཀྱི་ཤོ་ཕྱེ་ཞིག །དམ་ཉམས་ལས་ངན་སྡིག་ཅན་འདི། །ལོ་དང་ཟླ་བར་མ་བཞག་པར། །རྟགས་དང་མཚན་མ་མྱུར་དུཏུ་སྟོན། །བཅོལ་པའི་ལས་འདི་མ་བྱས་ན། །དུས་གསུམ་རྒྱལ་བའི་བཀའ་ཡང་བཅག །ཕྱི་རབས་སྔགས་འཆང་སུན་ཡང་ཕྱུང་། །རིག་འཛིན་བདག་གི་རེ་བ་བཅད། །སྔོན་གྱི་ཐུགས་དམ་གཉན་པོ་ཉམས། །རྩ་བརྒྱུད་བླ་མའི་དམ་ཚིག་འགལ། །ཐུབ་པའི་བསྟན་སྲུང་མིང་ཙམ་གྱུར། །དེ་བས་དམ་ལ་མ་འདའ་བར། །མཐུན་པའི་དམ་རྫས་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པས་བསྐུལ། །ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ལྷ་ཆེན་མགོན་པོ་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་ངན་པ་དང་། །འཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །འབྱུང་པོས་ཐོད་ཟོར་འཕེན་པ་ཟློག །གཤིན་རྗེས་འཁོར་ལོས་བསྐོར་བ་ཟློག །བདུད་ཀྱིས་ཁྲམ་ཁ་བསྟན་པ །མ་མོས་ཁྲག་ཟོར །ཞང་ཞུང་ཛོ་དམར །སུམ་པས་གླང་ཟོར །བནྡེས་སྔགས་ཟོར །བོན་པོས་བརྡ་ཟོར །སྔགས་པས་ཀོང་ཟོར །སྐྱེས་པས་མདའ་ཟོར །བུད་མེད་དམོད་ཟོར །མུ་སྟེགས་བར་ཆད་བྱེད་པ །ངན་སྔགས་གདུག་པའི་རྦོད་གཏོང །ཀླུ་ཡིས་བྱད་དུ་བཅུག་པ །ཐེའུ་རང་སྲིས་ལ་རྐུ་བ །རྒྱལ་པོས་སྨྱོ་འབོག་གཏོང་བ །དྲང་སྲོང་གཟའ་ཡི་ཀིང་ཀང །ལྟས་ངན་བརྒྱད་ཅུ་རྩ་བཞི །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ །རྨི་ལམ་ངན་དང་མཚན་མ་ངན། །ལོ་ཀེགས་ཟླ་ཀེགས་ཞག་ཀགས་དང་། །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །མཁའ་འགྲོ་མ་དང་རོ་ལངས་དང་། །རྒྱལ་བསེན་བར་ཆད་བྱེད་པ་ཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། །ཞེས་སོ། །དེ་ནས་གནད་གསུམ་པ་མཁའ་འགྲོ་དབང་སྡུད་ནི་གཞུང་གསལ་ལྟར་ལ། །གནད་དབབ་ནི་རྒྱུན་ཏུ་མི་བྱ་ཞིང་

༦༡༡
པའི་སྐུ་ཡི་དགྲ། །བསྟན་བཤིག་དམ་ཉམས་དགྲ་བོ་དང་། །བདུད་ཀྱི་རིགས་གྱུར་ནག་པོའ་ཕྱོགས། །བར་དུ་གཅོད་པའི་བགེགས་རྣམས་ཀྱིས། །དཀྱིལ་འཁོར་གཉེན་པོ་དྲལ་བ་སྟེ། །ཐུབ་པའི་བསྟན་པ་བཤིག་པ་སྟེ། །རྣལ་འབྱོར་བཤད་སྒྲུབ་གེགས་བྱེད་ཅིང་། །ཆོས་འཁོར་གཉན་པོ་བཤིག་པ་སྟེ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས། །མི་ནོར་དགེ་འདུན་བཅས་པ་རྣམས། །བཅོལ་ལོ་ལྟོས་སོ་མཐུ་མ་ཆུང་། །ཉིན་གསུམ་བྱ་ར་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་མ་གཡེལ་ཞིག །འགལ་རྐྱེན་ཟློག་ལ་མཐུན་རྐྱེན་སྒྲུབས། །ཧཱུྃ། དམ་ཉམས་དགྲ་དང་བགེགས་རྣམས་ཀྱི། །མཐུ་དང་རྫུ་འཕྲུལ་ཉམས་པར་གྱིས། །རྒྱབ་བརྟེན་ལྷ་དང་མྱུར་དུཏུ་ཁྲོལ། །མཛའ་བོ་ཀུན་དང་རྣམ་པར་ཕྱེས། །ཁོང་ནས་སྙིང་བྱུང་སྲོག་རྩ་ཆོད། །རིགས་བརྒྱུད་རྩད་ནས་ཆོད་ལ་ཤོག །ཉེས་ཅན་ལྟོས་ལ་ཤོར་ར་རེ། །རྟགས་ཕྱུངས་མཚན་མ་མྱུར་དུ་སྟོན། །གདུག་ཅིང་སྡང་བའི་དགྲ་བོ་འདིས། །བླ་མ་དམ་པའི་སྐུ་དགྲ་བྱས། །རྡོ་རྗེའི་ཐེག་པ་སུན་འབྱིན་ཅིང་། །དགེ་འདུན་སྡེ་རྣམས་དཀྲུག་ཅིང་འཇོམས། །སྡོམ་བརྩོན་ཀུན་ལ་བརྙས་ཤིང་སྨོད། །སྐྱེ་བོ་ཡོངས་ལ་གནོད་ཅིང་འཚེ། །རྣལ་འབྱོར་ལྷ་མེད་ཟེར་ནས་བརྙས། །ལྟ་ཁྱོད་མཐུ་མེད་ཟེར་ནས་སྨོད། །བསྟན་པའི་དགྲ་བོར་གྱུར་པ་འདི། །ལོ་དང་ཟླ་བར་མ་བཞག་པར། །ཡ་མ་རཱ་ཛའི་ཞལ་དུ་ཐོབ། །གཤོག་པ་ཅན་གྱིས་མཐའ་ནས་ཆུམས། །སྡེར་མོ་ཅན་གྱིས་སྙིང་ནས་དྲོངས། །མཆེ་བ་ཅན་གྱིས་ཀླད་ནས་ཕུག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །མུན་པ་ནག་པོས་མདུན་ནས་བསུས། །ཊཱ་ཀྐི་རཱ་ཛས་གཡས་ནས་ཆུམས། ཚོགས་བདག་གླང་སྣས་གཡོན་ནས་ཆུམས། །གནམ་གྱི་འཇུ་ཐག་ཆོད་ལ་ཤོག །ས་ཡི་ལྟེ་ཕུར་ཐོན་ལ་ཤོག །དོན་སྙིང་ལྔ་པོ་ཕྱུང་ལ་ཤོག །ཁ་ནས་ཁོང་ཁྲག་སྐྱུག་ཏུ་ཆུག །ལྟས་ངན་བརྒྱད་ཅུ་རྩ་བཞི་ཐོང་། །བདུད་ཀྱི་སྒོ་བྲོ་བརྡུང་དུ་ཆུག །བཙན་གྱི་ཞགས་པ་འདེབས་སུ་ཆུག །མ་མོའ་དལ་ཡམས་དགྲ་ལ་

ཤོག་ལྷེ་༦༡༣དགོས་པ་བྱུང་ན་འདི་དང་གོང་གི་གནད་གཉིས་པོའ་མན་ངག་ཐུན་མོང་མ་ཡིན་པ་རྣམས་ཀྱང་གུད་དུ་ཤེས་པར་བྱའོ། །སྙིང་པོའ་བཟླས་དམིགས་གཞུང་གསལ་ལྟར་ལ། རྩ་སྔགས་བཟླ་བའི་ཚེ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་ཏེ་མགོན་པོའ་ཐུགས་ཀའི་ཧཱུྃ་ལ་ཕོག་པས། མགོན་པོ་ཁྲོས་འཁྲུགས་རྔམས་པས་ཞབས་ས་ལ་རྡེབས་ཅིང་ཞལ་ནས་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོག །ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་འཁོར་རྣམས་ལ་སྤྱན་ཧྲིག་ཧྲིག་གཟིགས་པས། འཁོར་རྣམས་རང་དབང་མེད་པར་ཁྲོས་འཁྲུགས་ཏེ་རང་རང་དང་འདྲ་བའི་སྤྲུལ་པ་འཁོར་དང་བཅས་པ་དཔག་ཏུ་མེད་པ་ཕྱོགས་བཅུར་སོང་བས་བདག་ཅག་དཔོན་སློབ་སོགས་ཀྱི་ཆོས་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་བསམ་ལ་ཤཱ་ས་ན་བཟླ། འཁོར་རྣམས་རང་རང་གི་ཐུགས་ཀར་ཉི་མའི་སྟེང་དུ་རང་རང་གི་ས་བོན་བསྒོམ། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་ཏེ། དེ་དག་ལ་ཕོག་པས། དེ་དང་དེའི་ཐུགས་རྒྱུད་བསྐུལ་བར་བསམས་ལ་སོ་སོའ་སྔགས་བཟླ། བཟླས་པ་གྲུབ་ནས་གཏོར་མ་འབུལ་བའི་ཐོག་མར་སྔར་བྱིན་རླབས་མ་ཟིན་ན་ཆང་དང་། ཆུ་དང་། བྱིན་གྱིས་བརླབ་པའི་ནང་མཆོད་ཀྱིས་རིམ་པར་བྲན་ནས་བྱིན་རླབས་བྱས་ལ། ན་མོ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་མ་གཡེལ་ཞིག །མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི་མ་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་མ །དབང་ཕྱུག་ཛི་ན་མི་ཏྲ་མ །གཤིན་རྗེ་ཊཱ་ཀྐི་རཱ་ཛ་མ །བདུད་མགོན་ཏྲཀྴད་ནག་པོ་མ །གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་མ །བཀའ་སྡོད་དམ་ཅན་རྒྱ་མཚོ་མ །བསྒྲུབས་བསྒྲུབས་བསྟེན་བསྟེན་པ་རྣམས་མ །སློབ་དཔོན་བརྒྱུད་པའི་སྲུང་མ །བར་ཆད་བསྲུང་བའི་དུས་ལ་བབ་ཀྱིས་མ །དགྲ་བགེགས་སྒྲོལ་བའི་དུས་ལ་བབ་ཀྱིས་མ །དངོས་གྲུབ་སྩོལ་བའི་དུས་ལ་བབ་ཀྱིས་མ་གཡེལ་ཞིག །མགོན་པོ་འཁོར་དང་བཅས་པའི་ལྗགས་སོགས་གཞུང་ལྟར་ལ་དམིགས་པ་དང་བཅས་པས་ཧཱུྃ་རིང་པོ་དྲུག་བརྗོད་ལ་སོ་སོའ་གཏོར་སྔགས་ཀྱིས་འབུལ། ཨརྒྷཾ་སོགས་དང་། །སོ་སོའ་སྔགས་ལ་ༀ་ཨཱཿཧཱུྃ་

༦༡༢
ཐོང་། །བསྟན་པའི་དགྲ་བོར་གྱུར་པ་འདི། །ཁྲམ་ལ་བབས་ཀྱིས་ཁྲམ་ལ་ཐོབ། །ཤོ་ལ་བབ་ཀྱི་ཤོ་ཕྱེ་ཞིག །དམ་ཉམས་ལས་ངན་སྡིག་ཅན་འདི། །ལོ་དང་ཟླ་བར་མ་བཞག་པར། །རྟགས་དང་མཚན་མ་མྱུར་དུཏུ་སྟོན། །བཅོལ་པའི་ལས་འདི་མ་བྱས་ན། །དུས་གསུམ་རྒྱལ་བའི་བཀའ་ཡང་བཅག །ཕྱི་རབས་སྔགས་འཆང་སུན་ཡང་ཕྱུང་། །རིག་འཛིན་བདག་གི་རེ་བ་བཅད། །སྔོན་གྱི་ཐུགས་དམ་གཉན་པོ་ཉམས། །རྩ་བརྒྱུད་བླ་མའི་དམ་ཚིག་འགལ། །ཐུབ་པའི་བསྟན་སྲུང་མིང་ཙམ་གྱུར། །དེ་བས་དམ་ལ་མ་འདའ་བར། །མཐུན་པའི་དམ་རྫས་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པས་བསྐུལ། །ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ལྷ་ཆེན་མགོན་པོ་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་ངན་པ་དང་། །འཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །འབྱུང་པོས་ཐོད་ཟོར་འཕེན་པ་ཟློག །གཤིན་རྗེས་འཁོར་ལོས་བསྐོར་བ་ཟློག །བདུད་ཀྱིས་ཁྲམ་ཁ་བསྟན་པ །མ་མོས་ཁྲག་ཟོར །ཞང་ཞུང་ཛོ་དམར །སུམ་པས་གླང་ཟོར །བནྡེས་སྔགས་ཟོར །བོན་པོས་བརྡ་ཟོར །སྔགས་པས་ཀོང་ཟོར །སྐྱེས་པས་མདའ་ཟོར །བུད་མེད་དམོད་ཟོར །མུ་སྟེགས་བར་ཆད་བྱེད་པ །ངན་སྔགས་གདུག་པའི་རྦོད་གཏོང །ཀླུ་ཡིས་བྱད་དུ་བཅུག་པ །ཐེའུ་རང་སྲིས་ལ་རྐུ་བ །རྒྱལ་པོས་སྨྱོ་འབོག་གཏོང་བ །དྲང་སྲོང་གཟའ་ཡི་ཀིང་ཀང །ལྟས་ངན་བརྒྱད་ཅུ་རྩ་བཞི །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ །རྨི་ལམ་ངན་དང་མཚན་མ་ངན། །ལོ་ཀེགས་ཟླ་ཀེགས་ཞག་ཀགས་དང་། །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །མཁའ་འགྲོ་མ་དང་རོ་ལངས་དང་། །རྒྱལ་བསེན་བར་ཆད་བྱེད་པ་ཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། །ཞེས་སོ། །དེ་ནས་གནད་གསུམ་པ་མཁའ་འགྲོ་དབང་སྡུད་ནི་གཞུང་གསལ་ལྟར་ལ། །གནད་དབབ་ནི་རྒྱུན་ཏུ་མི་བྱ་ཞིང་

ཤོག་ལྷེ་༦༡༤བཏགས་པས་ནང་མཆོད་ཕུལ། །གཙང་ཞིང་གཙང་མར་སྦྱར་བའི་མཆོད་སྦྱིན་གྱི་གཏོར་མ་རྒྱན་དམ་པ་དང་ལྡན་པ། དྲི་དམ་པ་དང་ལྡན་པ། རོ་དམ་པ་དང་ལྡན་པ། རེག་བྱ་དམ་པ་དང་ལྡན་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། །དཔལ་མ་ཧཱ་ཀཱ་ལ། མགོན་པོ་ལེགས་ལྡན་ནག་པོ། བདུད་གཅོད་ཀྱི་སྐྱེས་བུ། བདུད་འདུལ་གྱི་དམག་དཔོན། སྲིན་པོ་ལངྐ་བུ་རིའི་གྲོང་ཁྱེར་སུམ་བརྩེགས་བརླག་པར་བྱེད་པ། རྣལ་འབྱོར་གྱི་དགྲ་ལྷ། རིག་འཛིན་གྱི་སྲུང་མ། བླ་མའི་བཀའ་སྲུང་། བསྟན་པའི་བྱ་ར་མཁན། ལེགས་ཉེས་ཀྱི་སྟངས་འཛིན། ཁྲོ་བོའ་གཟུགས་ཅན། ཟ་བྱེད་ཀྱི་ཤ་གདོང་ཅན། ཡེ་ཤེས་ཀྱི་སྤྱན་ལྡན། ཤ་ཟན་གྱི་གཙོ་བོ། ཁྲག་འཐུང་གི་རྒྱལ་པོ། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་མ། ནག་པོ་འབུམ་གྱི་འཁོར་གྱིས་བསྐོར་པ། ཤ་ཟ་བྱེ་བའི་འཁོར་གྱིས་བསྐོར་བ། གཡས་ནས་ཕོ་རྒྱུད་སྟོང་གི་འཁོར་གྱིས་བསྐོར་བ། གཡོན་ནས་མོ་རྒྱུད་སྟོང་གི་འཁོར་གྱིས་བསྐོར་བ། བཀའ་སྡོད་ལྷ་མོ་ནག་མོ་འཁོར་དང་བཅས་པ། གནོད་སྦྱིན་ཀྵེ་ཏྲ་པཱ་ལ །དབང་ཕྱུག་ཛི་ན་མི་ཏྲ །གཤིན་རྗེ་ཊཱ་ཀྐི་རཱ་ཛ །བདུད་མགོན་ཏྲཀྴད་ནག་པོ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ །བཀའ་སྡོད་དམ་ཅན་རྒྱ་མཚོའ་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གི་དབུ་འཕང་སྟོད་ཅིག །དགེ་འདུན་གྱི་ཆོས་འཁོར་སྐྱོངས་ཤིག །ཆོས་མི་ནུབ་པའི་རྒྱལ་མཚན་ཚུགས་ཤིག །ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་བར་དུ་གཅོད་པའི་དགྲ་གདོན་བགེགས་ཚོགས་ཐམས་ཅད་མྱུར་དུ་ཞི་ཞིང་མི་འབྱུང་བ་དང་། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་མངའ་ཐང་ཆོས་བརྒྱུད་ཉམས་རྟོགས་ལ་སོགས་པ་དར་ཞིང་རྒྱས་པ་དང་། འདི་ཕྱི་བར་དོའ་འཇིགས་པ་ཐམས་ཅད་ལས་སྐྱོབས་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩོལ་ཅིག །ཅེས་ཕྲིན་ལས་བཅོལ། ཡང་གཏོར་ཆེན་སོགས་ཀྱི་སྐབས་སུ།

༦༡༣
དགོས་པ་བྱུང་ན་འདི་དང་གོང་གི་གནད་གཉིས་པོའ་མན་ངག་ཐུན་མོང་མ་ཡིན་པ་རྣམས་ཀྱང་གུད་དུ་ཤེས་པར་བྱའོ། །སྙིང་པོའ་བཟླས་དམིགས་གཞུང་གསལ་ལྟར་ལ། རྩ་སྔགས་བཟླ་བའི་ཚེ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་ཏེ་མགོན་པོའ་ཐུགས་ཀའི་ཧཱུྃ་ལ་ཕོག་པས། མགོན་པོ་ཁྲོས་འཁྲུགས་རྔམས་པས་ཞབས་ས་ལ་རྡེབས་ཅིང་ཞལ་ནས་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོག །ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་འཁོར་རྣམས་ལ་སྤྱན་ཧྲིག་ཧྲིག་གཟིགས་པས། འཁོར་རྣམས་རང་དབང་མེད་པར་ཁྲོས་འཁྲུགས་ཏེ་རང་རང་དང་འདྲ་བའི་སྤྲུལ་པ་འཁོར་དང་བཅས་པ་དཔག་ཏུ་མེད་པ་ཕྱོགས་བཅུར་སོང་བས་བདག་ཅག་དཔོན་སློབ་སོགས་ཀྱི་ཆོས་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་བསམ་ལ་ཤཱ་ས་ན་བཟླ། འཁོར་རྣམས་རང་རང་གི་ཐུགས་ཀར་ཉི་མའི་སྟེང་དུ་རང་རང་གི་ས་བོན་བསྒོམ། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་ཏེ། དེ་དག་ལ་ཕོག་པས། དེ་དང་དེའི་ཐུགས་རྒྱུད་བསྐུལ་བར་བསམས་ལ་སོ་སོའ་སྔགས་བཟླ། བཟླས་པ་གྲུབ་ནས་གཏོར་མ་འབུལ་བའི་ཐོག་མར་སྔར་བྱིན་རླབས་མ་ཟིན་ན་ཆང་དང་། ཆུ་དང་། བྱིན་གྱིས་བརླབ་པའི་ནང་མཆོད་ཀྱིས་རིམ་པར་བྲན་ནས་བྱིན་རླབས་བྱས་ལ། ན་མོ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་མ་གཡེལ་ཞིག །མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི་མ་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་མ །དབང་ཕྱུག་ཛི་ན་མི་ཏྲ་མ །གཤིན་རྗེ་ཊཱ་ཀྐི་རཱ་ཛ་མ །བདུད་མགོན་ཏྲཀྴད་ནག་པོ་མ །གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་མ །བཀའ་སྡོད་དམ་ཅན་རྒྱ་མཚོ་མ །བསྒྲུབས་བསྒྲུབས་བསྟེན་བསྟེན་པ་རྣམས་མ །སློབ་དཔོན་བརྒྱུད་པའི་སྲུང་མ །བར་ཆད་བསྲུང་བའི་དུས་ལ་བབ་ཀྱིས་མ །དགྲ་བགེགས་སྒྲོལ་བའི་དུས་ལ་བབ་ཀྱིས་མ །དངོས་གྲུབ་སྩོལ་བའི་དུས་ལ་བབ་ཀྱིས་མ་གཡེལ་ཞིག །མགོན་པོ་འཁོར་དང་བཅས་པའི་ལྗགས་སོགས་གཞུང་ལྟར་ལ་དམིགས་པ་དང་བཅས་པས་ཧཱུྃ་རིང་པོ་དྲུག་བརྗོད་ལ་སོ་སོའ་གཏོར་སྔགས་ཀྱིས་འབུལ། ཨརྒྷཾ་སོགས་དང་། །སོ་སོའ་སྔགས་ལ་ༀ་ཨཱཿཧཱུྃ་

ཤོག་ལྷེ་༦༡༥དཔལ་ལྡན་བླ་མ་དམ་པའི་སྐུ་ལ་བསྡོ་བ། རྡོ་རྗེ་ཐེག་པའི་གསང་བ་སུན་འབྱིན་པ། སངས་རྒྱས་བསྟན་པའི་དགྲ་བོར་གྱུར་པ། དཀོན་མཆོག་གི་དབུ་འཕངས་སྨོད་པ། དགེ་འདུན་གྱི་ཆོས་འཁོར་བཤིག་པ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། སྦྱོར་བ་ཕྱིན་ཅི་ལོག་བྱེད་པའི་འབྱུང་པོ་ལས་ངན་སྡིག་ཅན་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་བསམ་པ་ངན་པ་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག །གལ་ཏེ་དེ་དག་ཞི་བས་འདུལ་དུ་མ་འཚལ་བ་ལྟ་ན། བསད་པ་དང་། གཟིར་བ་དང་། བསྐྲད་པ་དང་། རེངས་པ་དང་། རྨུགས་ཤིང་ལྐུགས་པ་དང་། བསྡིགས་ཤིང་སྦ་བཀོང་བ་ལ་སོགས་པ་དྲག་པོའ་ལས་ཀྱིས་ཚར་བཅད་དེ་ཐལ་བརྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག །བླ་མ་མགོན་པོ་འཁོར་བཅས་ལ། བདག་གིས་མཆོད་གཏོར་ཕུལ་བ་ཡིས། དཀོན་མཆོག་དབུ་འཕངས་སྨོད་པ་དང་། ཐེག་པ་ཆེན་པོ་སུན་འབྱིན་དང་། བསྟན་པ་འཇིག་དང་དབྱེན་བྱེད་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། རྣལ་འབྱོར་བདག་ལ་སྡང་བ་རྣམས། དེ་དག་ནག་པོ་ཆེན་པོས་སྒྲོལ། །ཨ་མུ་ཀ་མཱ་ར་ཡ་ཕཊ། ཅེས་ཐལ་མོ་བརྡབ་བོ། །དེ་ནས་གཞུང་གི་བསྟོད་པ་མྱུར་མཛད་སྤྱན་རས་གཟིགས་ཀྱི་འཕྲོས་སུ་རྒྱས་པར་བྱ་བའམ། རེས་མོས་ལྟ་བུ་སྤྲོ་ན། ༀ་འགྲུབ་པར་གྱུར་ཅིག །དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་ནང་། །ཚང་ཚིང་འཁྲིགས་པ་ཙནྡན་ཆེན་པོའ་ཚལ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །བགེགས་ཆེན་བསྣོལ་བའི་གདན་ལ་རབ་ཏུ་བཞེངས། །མ་ཧཱ་ཀཱ་ལ་ཕྱག་དྲུག་བརྗིད་པའི་སྐུ། །སྐུ་ཡི་ཆ་ལུགས་མི་བཟད་འབར་བ་ལ། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན་པ་པོ། །གསུང་གི་ང་རོ་མི་བཟད་འབར་བ་ལ། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཡིས་སྟོང་གསུམ་འགེངས། །རྣམ་དག་ཐུགས་ནི་མི་བཟད་འབར་བ་ལ། །སྤྲོས་དང་བྲལ་ཡང་མཚན་མ་ཅིར་ཡང་སྟོན། །

༦༡༤
བཏགས་པས་ནང་མཆོད་ཕུལ། །གཙང་ཞིང་གཙང་མར་སྦྱར་བའི་མཆོད་སྦྱིན་གྱི་གཏོར་མ་རྒྱན་དམ་པ་དང་ལྡན་པ། དྲི་དམ་པ་དང་ལྡན་པ། རོ་དམ་པ་དང་ལྡན་པ། རེག་བྱ་དམ་པ་དང་ལྡན་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། །དཔལ་མ་ཧཱ་ཀཱ་ལ། མགོན་པོ་ལེགས་ལྡན་ནག་པོ། བདུད་གཅོད་ཀྱི་སྐྱེས་བུ། བདུད་འདུལ་གྱི་དམག་དཔོན། སྲིན་པོ་ལངྐ་བུ་རིའི་གྲོང་ཁྱེར་སུམ་བརྩེགས་བརླག་པར་བྱེད་པ། རྣལ་འབྱོར་གྱི་དགྲ་ལྷ། རིག་འཛིན་གྱི་སྲུང་མ། བླ་མའི་བཀའ་སྲུང་། བསྟན་པའི་བྱ་ར་མཁན། ལེགས་ཉེས་ཀྱི་སྟངས་འཛིན། ཁྲོ་བོའ་གཟུགས་ཅན། ཟ་བྱེད་ཀྱི་ཤ་གདོང་ཅན། ཡེ་ཤེས་ཀྱི་སྤྱན་ལྡན། ཤ་ཟན་གྱི་གཙོ་བོ། ཁྲག་འཐུང་གི་རྒྱལ་པོ། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་མ། ནག་པོ་འབུམ་གྱི་འཁོར་གྱིས་བསྐོར་པ། ཤ་ཟ་བྱེ་བའི་འཁོར་གྱིས་བསྐོར་བ། གཡས་ནས་ཕོ་རྒྱུད་སྟོང་གི་འཁོར་གྱིས་བསྐོར་བ། གཡོན་ནས་མོ་རྒྱུད་སྟོང་གི་འཁོར་གྱིས་བསྐོར་བ། བཀའ་སྡོད་ལྷ་མོ་ནག་མོ་འཁོར་དང་བཅས་པ། གནོད་སྦྱིན་ཀྵེ་ཏྲ་པཱ་ལ །དབང་ཕྱུག་ཛི་ན་མི་ཏྲ །གཤིན་རྗེ་ཊཱ་ཀྐི་རཱ་ཛ །བདུད་མགོན་ཏྲཀྴད་ནག་པོ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ །བཀའ་སྡོད་དམ་ཅན་རྒྱ་མཚོའ་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གི་དབུ་འཕང་སྟོད་ཅིག །དགེ་འདུན་གྱི་ཆོས་འཁོར་སྐྱོངས་ཤིག །ཆོས་མི་ནུབ་པའི་རྒྱལ་མཚན་ཚུགས་ཤིག །ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་བར་དུ་གཅོད་པའི་དགྲ་གདོན་བགེགས་ཚོགས་ཐམས་ཅད་མྱུར་དུ་ཞི་ཞིང་མི་འབྱུང་བ་དང་། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་མངའ་ཐང་ཆོས་བརྒྱུད་ཉམས་རྟོགས་ལ་སོགས་པ་དར་ཞིང་རྒྱས་པ་དང་། འདི་ཕྱི་བར་དོའ་འཇིགས་པ་ཐམས་ཅད་ལས་སྐྱོབས་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩོལ་ཅིག །ཅེས་ཕྲིན་ལས་བཅོལ། ཡང་གཏོར་ཆེན་སོགས་ཀྱི་སྐབས་སུ།

ཤོག་ལྷེ་༦༡༦སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། །ཕྱག་དྲུག་གཡས་ཀྱི་དང་པོའ་གྲི་གུག་ནི། །ཉོན་མོངས་རྩད་ནས་གཅོད་ཅིང་དགྲ་ལ་འཕྱར། །ཕྲེང་བ་འཛིན་པས་སྐྱེ་འགྲོ་རྩིས་ལ་འདེབས། །ཌཱ་མ་རུ་ཡིས་མཁའ་འགྲོ་དབང་དུ་སྡུད། །འཇིག་རྟེན་འདས་པའི་གཙོ་ལ་ཕྱག་འཚལ་ལོ། །གཡོན་གྱི་དང་པོས་ཐོད་ཁྲག་བསྣམས་པ་ཡིས། །དགྲ་བགེགས་ཀླད་ཁྲག་ཞལ་དུ་གསོལ་བར་མཛད། །མདུང་རྩེ་གསུམ་པས་ཁམས་གསུམ་དབང་དུ་སྡུད། །ཞགས་པས་དམ་ཉམས་མ་ལུས་འཆིང་བར་བྱེད། །བྱིན་རླབས་དངོས་གྲུབ་སྟེར་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་ལ་འགྱུར་བ་མེད་རྟགས་སུ། །སྐུ་མདོག་མཐིང་ནག་རབ་ཏུ་འབར་བ་ལ། །ཁྲག་འཛག་ལྔ་བཅུ་རྩ་ལྔས་བརྒྱན་པ་བོ། །སྟག་གི་པགས་པ་སྦྲུལ་གྱི་ཆུན་པོས་མཛེས། །མ་ཧཱ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ། །བི་ནཱ་ཡ་ཀ་བསྣོལ་བའི་གདན་སྟེང་ན། །ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཆེན་ཐལ་བར་རློག །ཞལ་གདངས་མཆེ་བ་གཙིགས་ཤིང་རྔམས་པ་ཡིས། །དམ་ཉམས་ཁོང་ཁྲག་འདྲེན་ཅིང་ཞལ་དུ་གསོལ། །མཐུ་ཆེན་བགེགས་ཀྱི་གཤེད་ལ་ཕྱག་འཚལ་ལོ། །སྤྱན་གསུམ་མེ་ལྟར་འབར་ཞིང་བགྲད་པ་ཡིན། །ཁམས་གསུམ་དབང་དུ་སྡུད་ཅིང་རྩིས་ལ་འདེབས། །དབུ་སྐྲ་འབར་བ་བརྫེས་པའི་སྤྱི་བོ་ན། །མི་བསྐྱོད་རྒྱལ་པོས་རབ་ཏུ་བརྒྱན་པ་པོ། །དབང་བཞི་ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ། །ཧཱུྃ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། །མ་གཡེལ་མ་གཡེལ་དཔལ་ལྡན་ནག་པོ་ཆེ། །སྐྱོབས་པ་ཤཱཀྱ་སེང་གེའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་པའི། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །སྐྱེས་བུ་དམ་པ་བློ་དང་ལྡན་པ་ཡིས། །བསྟོད་པ་འདི་ཡིས་ལན་ཅིག་བསྟོད་བྱེད་ན། །ཕ་མ་བུ་ཚ་རྣམས་ལ་བརྩེ་བ་བཞིན། །ནག་པོ་ཆེན་པོས་རྟག་ཏུ་གྲོགས་མཛོད་ཅིག །ནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པའི་སྒྲ་སྒྲོགས་ཞེས་བྱ་བ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའོ། །

༦༡༥
དཔལ་ལྡན་བླ་མ་དམ་པའི་སྐུ་ལ་བསྡོ་བ། རྡོ་རྗེ་ཐེག་པའི་གསང་བ་སུན་འབྱིན་པ། སངས་རྒྱས་བསྟན་པའི་དགྲ་བོར་གྱུར་པ། དཀོན་མཆོག་གི་དབུ་འཕངས་སྨོད་པ། དགེ་འདུན་གྱི་ཆོས་འཁོར་བཤིག་པ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། སྦྱོར་བ་ཕྱིན་ཅི་ལོག་བྱེད་པའི་འབྱུང་པོ་ལས་ངན་སྡིག་ཅན་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་བསམ་པ་ངན་པ་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག །གལ་ཏེ་དེ་དག་ཞི་བས་འདུལ་དུ་མ་འཚལ་བ་ལྟ་ན། བསད་པ་དང་། གཟིར་བ་དང་། བསྐྲད་པ་དང་། རེངས་པ་དང་། རྨུགས་ཤིང་ལྐུགས་པ་དང་། བསྡིགས་ཤིང་སྦ་བཀོང་བ་ལ་སོགས་པ་དྲག་པོའ་ལས་ཀྱིས་ཚར་བཅད་དེ་ཐལ་བརྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག །བླ་མ་མགོན་པོ་འཁོར་བཅས་ལ། བདག་གིས་མཆོད་གཏོར་ཕུལ་བ་ཡིས། དཀོན་མཆོག་དབུ་འཕངས་སྨོད་པ་དང་། ཐེག་པ་ཆེན་པོ་སུན་འབྱིན་དང་། བསྟན་པ་འཇིག་དང་དབྱེན་བྱེད་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། རྣལ་འབྱོར་བདག་ལ་སྡང་བ་རྣམས། དེ་དག་ནག་པོ་ཆེན་པོས་སྒྲོལ། །ཨ་མུ་ཀ་མཱ་ར་ཡ་ཕཊ། ཅེས་ཐལ་མོ་བརྡབ་བོ། །དེ་ནས་གཞུང་གི་བསྟོད་པ་མྱུར་མཛད་སྤྱན་རས་གཟིགས་ཀྱི་འཕྲོས་སུ་རྒྱས་པར་བྱ་བའམ། རེས་མོས་ལྟ་བུ་སྤྲོ་ན། ༀ་འགྲུབ་པར་གྱུར་ཅིག །དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་ནང་། །ཚང་ཚིང་འཁྲིགས་པ་ཙནྡན་ཆེན་པོའ་ཚལ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །བགེགས་ཆེན་བསྣོལ་བའི་གདན་ལ་རབ་ཏུ་བཞེངས། །མ་ཧཱ་ཀཱ་ལ་ཕྱག་དྲུག་བརྗིད་པའི་སྐུ། །སྐུ་ཡི་ཆ་ལུགས་མི་བཟད་འབར་བ་ལ། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན་པ་པོ། །གསུང་གི་ང་རོ་མི་བཟད་འབར་བ་ལ། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཡིས་སྟོང་གསུམ་འགེངས། །རྣམ་དག་ཐུགས་ནི་མི་བཟད་འབར་བ་ལ། །སྤྲོས་དང་བྲལ་ཡང་མཚན་མ་ཅིར་ཡང་སྟོན། །

ཤོག་ལྷེ་༦༡༧བྷྱོ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །རླུང་ནག་འཚུབས་མར་འཚུབས་པའི་ཕོ་བྲང་ན། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏཱི། །སྐུ་མདོག་ནག་མོ་ཆར་སྤྲིན་ལྟ་བུ་ལ། །ཐོད་སྐམ་དབུ་བརྒྱན་སྙན་གཡས་སེང་གེ་འཕྱོ། །གཡོན་པ་སྦྲུལ་འཁྱིལ་སྦྲུལ་གྱི་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུགས་ཞལ་གདངས་མཆེ་བ་གཙིགས། །འཇིགས་བྱེད་ལྷ་མོ་ཁྱེད་ལ་བདག་བསྟོད་དོ། །གཡས་པ་རལ་གྲི་འབར་བས་དགྲ་སྲོག་གཅོད། །གཡོན་པ་ཐོད་རློན་དགྲ་བགེགས་སྙིང་ཁྲག་གསོལ། །སྐུ་སྟོད་ཞིང་ལྤགས་སྦྲུལ་ནག་སྐ་རགས་བཅིངས། །སྐུ་སྨད་གླང་ཆེན་ཀོ་རློན་རེ་ལྡེས་དཀྲིས། །སྟོང་གསུམ་བགྲོད་ཕྱིར་དྲེའུ་རྟ་རྐང་གསུམ་ཆིབས། །སྲིན་པོའ་ཡ་མགལ་སྔ་རུ་ཁྲམ་བམ་བཏགས། །གོང་སྨེད་སྦྲུལ་ནག་ནད་རྐྱལ་དགྲ་ལ་འཕྱོ། །མཆོད་གཏོར་འདི་བཞེས་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་བའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །བྷྱོ་བསྐལ་བའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་འཚུབས་མར་འཚུབས་པའི་ཕོ་བྲང་ན། །རྟ་ཁྲག་མི་ཁྲག་རྒྱ་མཚོའ་རྦ་ཀློང་འཁྲུགས། །དམ་ཉམས་དགྲ་བོ་བསྣོལ་བའི་གདན་སྟེང་ན། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟ་བུ་ལ། །དབུ་སྐྲ་ཁམས་སེར་རྨ་བྱའི་མདོངས་ཀྱིས་བརྒྱན། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ། །ཐོད་པས་དབུ་བརྒྱན་སྙན་གཡས་སེང་གེ་འཕྱོ། །སྙན་གཡོན་དྲིལ་འཁྲོལ་སྦྲུལ་ནག་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུགས་གློག་ལྟར་འཁྱུག་བྱེད་ཅིང་། །ཞལ་ནས་འཇིགས་པའི་འབྲུག་སྒྲ་ཆེམས་ཆེམས་སྒྲོག །དཔྲལ་བའི་དཀྱིལ་ནས་གནམ་ལྕགས་ཐོག་སེར་འབེབས། །ཤངས་ནས་ནད་ཀྱི་རླུང་ནག་སྤྲིན་ལྟར་འཚུབས། །འཇིགས་པའི་ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཞིང་། །ཨ་ལ་ལ་ཡི་གད་རྒྱངས་འབྲུག་ལྟར་སྒྲོག །སྟོང་གསུམ་འབྱུང་པོའ་ཚོགས་རྣམས་གཡོ་བར་བྱེད། །འཇིགས་བྱེད་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་རལ་གྲི་གྲི་གུག་དགྲ་

༦༡༦
སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། །ཕྱག་དྲུག་གཡས་ཀྱི་དང་པོའ་གྲི་གུག་ནི། །ཉོན་མོངས་རྩད་ནས་གཅོད་ཅིང་དགྲ་ལ་འཕྱར། །ཕྲེང་བ་འཛིན་པས་སྐྱེ་འགྲོ་རྩིས་ལ་འདེབས། །ཌཱ་མ་རུ་ཡིས་མཁའ་འགྲོ་དབང་དུ་སྡུད། །འཇིག་རྟེན་འདས་པའི་གཙོ་ལ་ཕྱག་འཚལ་ལོ། །གཡོན་གྱི་དང་པོས་ཐོད་ཁྲག་བསྣམས་པ་ཡིས། །དགྲ་བགེགས་ཀླད་ཁྲག་ཞལ་དུ་གསོལ་བར་མཛད། །མདུང་རྩེ་གསུམ་པས་ཁམས་གསུམ་དབང་དུ་སྡུད། །ཞགས་པས་དམ་ཉམས་མ་ལུས་འཆིང་བར་བྱེད། །བྱིན་རླབས་དངོས་གྲུབ་སྟེར་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་ལ་འགྱུར་བ་མེད་རྟགས་སུ། །སྐུ་མདོག་མཐིང་ནག་རབ་ཏུ་འབར་བ་ལ། །ཁྲག་འཛག་ལྔ་བཅུ་རྩ་ལྔས་བརྒྱན་པ་བོ། །སྟག་གི་པགས་པ་སྦྲུལ་གྱི་ཆུན་པོས་མཛེས། །མ་ཧཱ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ། །བི་ནཱ་ཡ་ཀ་བསྣོལ་བའི་གདན་སྟེང་ན། །ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཆེན་ཐལ་བར་རློག །ཞལ་གདངས་མཆེ་བ་གཙིགས་ཤིང་རྔམས་པ་ཡིས། །དམ་ཉམས་ཁོང་ཁྲག་འདྲེན་ཅིང་ཞལ་དུ་གསོལ། །མཐུ་ཆེན་བགེགས་ཀྱི་གཤེད་ལ་ཕྱག་འཚལ་ལོ། །སྤྱན་གསུམ་མེ་ལྟར་འབར་ཞིང་བགྲད་པ་ཡིན། །ཁམས་གསུམ་དབང་དུ་སྡུད་ཅིང་རྩིས་ལ་འདེབས། །དབུ་སྐྲ་འབར་བ་བརྫེས་པའི་སྤྱི་བོ་ན། །མི་བསྐྱོད་རྒྱལ་པོས་རབ་ཏུ་བརྒྱན་པ་པོ། །དབང་བཞི་ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ། །ཧཱུྃ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། །མ་གཡེལ་མ་གཡེལ་དཔལ་ལྡན་ནག་པོ་ཆེ། །སྐྱོབས་པ་ཤཱཀྱ་སེང་གེའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་པའི། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །སྐྱེས་བུ་དམ་པ་བློ་དང་ལྡན་པ་ཡིས། །བསྟོད་པ་འདི་ཡིས་ལན་ཅིག་བསྟོད་བྱེད་ན། །ཕ་མ་བུ་ཚ་རྣམས་ལ་བརྩེ་བ་བཞིན། །ནག་པོ་ཆེན་པོས་རྟག་ཏུ་གྲོགས་མཛོད་ཅིག །ནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པའི་སྒྲ་སྒྲོགས་ཞེས་བྱ་བ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའོ། །

ཤོག་ལྷེ་༦༡༨སྲོག་གཅོད། །གཡོན་པས་རྒྱལ་མཚན་ཐོད་རློན་སྙིང་ཁྲག་གསོལ། །སྐུ་སྟོད་ཞིང་ལྤགས་སྦྲུལ་ནག་སྐ་རགས་ཅན། །སྐུ་སྨད་གླང་ཆེན་ཀོ་རློན་རེ་ལྡེས་དཀྲིས། །སྟོང་གསུམ་བགྲོད་ཕྱིར་དྲེའུ་རྟ་རྐང་གསུམ་ཆིབས། །སྲིན་པོའ་ཡ་མགལ་སྔ་རུ་ཁྲམ་བམ་བཏགས། །དགྲ་བགེགས་ཐམས་ཅད་ཁྲམ་ལ་འདེབས་པར་བྱེད། །ནད་ངན་སྣ་ཚོགས་རྐྱལ་བ་ཕྱི་ཤར་བཏགས། །དམ་ཉམས་དགྲ་བོ་གཏན་ནས་བརླག་པར་བྱེད། །སྦྲུལ་ནག་སྟོང་གི་ཆུན་པོས་གོང་སྨེད་བྱས། །བསྟན་པ་སྲུང་མཛད་བདུད་མོ་འབུམ་གྱིས་བསྐོར། །སྲོག་བདུད་ཆེན་མོས་དགྲ་བགེགས་སྒྲོལ་ལ་ཤོག །མི་ཏྲི་པས་ཞལ་གཟིགས་དུས་བསྟོད་པའོ། །བྷྱོ་རྣམ་དག་དབྱིངས་ལ་རང་བྱུང་དཔལ་འབར་མ། །བདུད་རྣམས་སྐྲག་མཛད་རབ་འཇིགས་གཟུགས་ཅན་མ། །དུར་ཁྲོད་ཆས་ཀྱིས་སྐུ་ལ་རབ་བརྒྱན་མ། །ཚད་མེད་ཕྱག་བཞིས་ཐོད་ཁྲག་མཚོན་འཛིན་མ། །ཐུགས་རྗེ་མྱུར་མཛད་དྲེའུ་ཆིབས་མཛད་མ། །བསྟན་པ་སྲུང་ཞིང་རྣལ་འབྱོར་སྐྱོང་མཛད་མ། །ལས་རྣམས་སྒྲུབ་ཅིང་བསྟན་དགྲ་ཚར་གཅོད་མ། །བསྟོད་ཅིང་གསོལ་འདེབས་བཅོལ་བའི་ཕྲིན་ལས་མཛོད། །བླ་མ་རཱ་ཧུ་ལས་རྒྱུད་འབུམ་ནས་བྱུང་བའོ། །བྷྱོ་དཀའ་བ་དང་དུ་བླངས་ནས་ཁྱོད་བསྒྲུབས་ན། །མ་གཡེལ་མ་གཡེལ་མ་གཅིག་རེ་མ་ཏི། །ལུས་སྲོག་འབནའབེན་དུ་བཅུགསབཙུགས་ནས་ཁྱོད་བསྒྲུབས་ན། །བསྟེན་པའི་ཚེ་ན་མ་གཅིག་སྙིང་མ་རིང་། །རཀྟ་མཚོ་ལྟར་བསྐྱིལ་ནས་ཁྱོད་བསྒྲུབས་ན། །བསྐུལ་བའི་ཚེ་ན་མ་གཅིག་བང་མ་བུལ། །གཏོར་མ་རི་ལྟར་སྤུངས་ནས་ཁྱོད་བསྒྲུབས་ན། །རྦད་བའི་ཚེ་ན་མ་གཅིག་མཐུ་མ་ཆུང་། ཁྱེད་ཀྱི་གཡོག་ནི་མི་སྲུན་གདུག་པ་ཅན། །ཆུ་སྲིན་གདོང་ཅན་དགྲ་བགེགས་སྒྲོལ་ལ་ཤོག །སླད་ཀྱི་རྗེས་འབྲང་སེང་གེའི་གདོང་པ་ཅན། །དམ་ཉམས་དགྲ་བོའ་སྲོག་རྩ་ཆོད་ལ་ཤོག །མ་གཅིག་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །མི་མཐུན་རྐྱེན་དང་བར་ཆད་ཟློག་པ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །མཻ་ཏྲི་བས་མཛད་པའོ། །དེ་ནས་འཁོར་གྱི་བསྟོད་པ་

༦༡༧
བྷྱོ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །རླུང་ནག་འཚུབས་མར་འཚུབས་པའི་ཕོ་བྲང་ན། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏཱི། །སྐུ་མདོག་ནག་མོ་ཆར་སྤྲིན་ལྟ་བུ་ལ། །ཐོད་སྐམ་དབུ་བརྒྱན་སྙན་གཡས་སེང་གེ་འཕྱོ། །གཡོན་པ་སྦྲུལ་འཁྱིལ་སྦྲུལ་གྱི་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུགས་ཞལ་གདངས་མཆེ་བ་གཙིགས། །འཇིགས་བྱེད་ལྷ་མོ་ཁྱེད་ལ་བདག་བསྟོད་དོ། །གཡས་པ་རལ་གྲི་འབར་བས་དགྲ་སྲོག་གཅོད། །གཡོན་པ་ཐོད་རློན་དགྲ་བགེགས་སྙིང་ཁྲག་གསོལ། །སྐུ་སྟོད་ཞིང་ལྤགས་སྦྲུལ་ནག་སྐ་རགས་བཅིངས། །སྐུ་སྨད་གླང་ཆེན་ཀོ་རློན་རེ་ལྡེས་དཀྲིས། །སྟོང་གསུམ་བགྲོད་ཕྱིར་དྲེའུ་རྟ་རྐང་གསུམ་ཆིབས། །སྲིན་པོའ་ཡ་མགལ་སྔ་རུ་ཁྲམ་བམ་བཏགས། །གོང་སྨེད་སྦྲུལ་ནག་ནད་རྐྱལ་དགྲ་ལ་འཕྱོ། །མཆོད་གཏོར་འདི་བཞེས་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་བའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །བྷྱོ་བསྐལ་བའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་འཚུབས་མར་འཚུབས་པའི་ཕོ་བྲང་ན། །རྟ་ཁྲག་མི་ཁྲག་རྒྱ་མཚོའ་རྦ་ཀློང་འཁྲུགས། །དམ་ཉམས་དགྲ་བོ་བསྣོལ་བའི་གདན་སྟེང་ན། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟ་བུ་ལ། །དབུ་སྐྲ་ཁམས་སེར་རྨ་བྱའི་མདོངས་ཀྱིས་བརྒྱན། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ། །ཐོད་པས་དབུ་བརྒྱན་སྙན་གཡས་སེང་གེ་འཕྱོ། །སྙན་གཡོན་དྲིལ་འཁྲོལ་སྦྲུལ་ནག་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུགས་གློག་ལྟར་འཁྱུག་བྱེད་ཅིང་། །ཞལ་ནས་འཇིགས་པའི་འབྲུག་སྒྲ་ཆེམས་ཆེམས་སྒྲོག །དཔྲལ་བའི་དཀྱིལ་ནས་གནམ་ལྕགས་ཐོག་སེར་འབེབས། །ཤངས་ནས་ནད་ཀྱི་རླུང་ནག་སྤྲིན་ལྟར་འཚུབས། །འཇིགས་པའི་ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཞིང་། །ཨ་ལ་ལ་ཡི་གད་རྒྱངས་འབྲུག་ལྟར་སྒྲོག །སྟོང་གསུམ་འབྱུང་པོའ་ཚོགས་རྣམས་གཡོ་བར་བྱེད། །འཇིགས་བྱེད་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་རལ་གྲི་གྲི་གུག་དགྲ་

ཤོག་ལྷེ་༦༡༩གཞུང་ལྟར་རམ། ཅུང་ཟད་རྒྱས་པར་སྤྲོ་ན། ཧཱུྃ་མགོན་པོའ་བཀའ་ཉན་ཕྱོགས་བཞིའི་ལས་བྱད་པ། །མཐུ་སྟོབས་རྫུ་འཕྲུལ་དྲག་རྩལ་བསམ་མི་ཁྱབ། །སྲིད་གསུམ་དྲེགས་པ་ཡོངས་ཀྱི་སྡེ་དཔོན་ཏེ། །བཀའ་སྡོད་ཆེན་པོ་འཁོར་དང་བཅས་ལ་བསྟོད། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་མུན་པའི་མདོག །གྲི་གུག་ཕྱར་ཞིང་ཐོད་ཁྲག་གཙོ་ལ་སྟོབས། །དོམ་ནག་སྨྱོན་པ་ཆིབས་ནས་སྟོང་གསུམ་བསྐོར། །དྲག་གཏུམ་བཟོད་པར་དཀའ་བ་ཁྱོད་ལ་བསྟོད། །དབང་ཕྱུག་ཛི་ན་མི་ཏྲ་མེ་ལྟར་འབར། །ཞལ་ནས་དུག་ཐུན་ཁྲག་གི་སེར་བ་འབེབས། །ཅང་ཏེའུ་འཁྲོལ་ཞིང་འཁོར་ལོའ་མཚོན་ཆ་འཕེན། །འཇིགས་བྱེད་སྲིན་པོའ་གཟུགས་ཅན་ཁྱོད་ལ་བསྟོད། །གཤིན་རྗེ་ཊཱ་ཀི་རཱ་ཛ་རྒྱུ་ཞགས་བསྡོགས། །ཧ་ལའི་མདོག་ཅན་སྡིགས་མཛུབ་བགེགས་ལ་རྔམས། །བལྟས་པ་ཙམ་གྱིས་དགྲ་བགེགས་སྲོག་སྙིང་འཕྲོག །མི་བཟད་གདུག་པ་ཀུན་འདུལ་ཁྱོད་ལ་བསྟོད། །བདུད་མགོན་ཏྲཀྴད་དུས་ཀྱི་མུན་པའི་མདངས། །རྩེ་གསུམ་སྣུན་ཅིང་ཐོད་སྙིང་ཞལ་དུ་གསོལ། །བེར་ནག་ཆས་ལྡན་རྟ་ནག་རྟིང་ཀར་ཆིབས། །ཁྲོ་རྔམས་ས་གསུམ་གཡོ་བ་ཁྱོད་ལ་བསྟོད། །གནོད་སྦྱིན་ལྷ་དང་གཤིན་རྗེ་བདུད་ཀྱི་དམག །མ་རུངས་འཇིགས་གཟུགས་མཚོན་ཆའི་ཆར་པ་འབེབས། །དམ་ལྡན་སྐྱོང་ཞིང་དམ་ཚིག་ཉམས་པའི་གཤེད། །རང་རང་རིས་མཐུན་འབུམ་གྱིས་བསྐོར་ལ་བསྟོད། །དཔལ་ལྡན་མགོན་པོའ་ཕྱི་འཁོར་ལས་བྱེད་གཙོ། །ཚངས་པ་འཁོར་ལོ་ཐོགས་ཤིང་ངང་པ་ཞོན། །བརྒྱ་བྱིན་གླང་ཆེན་སྟེང་གནས་རྡོ་རྗེ་བསྣམས། །མེ་ལྷ་ར་ཞོན་བགྲང་ཕྲེང་རིལ་བ་འཆང་། །གཤིན་རྗེ་མ་ཧེ་ཆིབས་ཤིང་ཞིང་དབྱུག་ཐོགས། །སྲིན་པོ་རལ་གྲི་ཕྱིར་ཞིང་རོ་ལངས་ཞོན། །ཆུ་ལྷ་ཆུ་སྲིན་སྟེང་དུ་སྦྲུལ་ཞགས་བསྡོགས། །རླུང་ལྷ་ཤ་བ་ལ་ཞོན་བ་དན་ཕྱར། །གནོད་སྦྱིན་རྟ་ཞོན་རིན་ཆེན་ནེའུ་ལེ་བཙིར། །དབང་ལྡན་རྩེ་གསུམ་ཐོགས་ཤིང་གླང་ལ་གནས། །ས་བདག་ཕག་ཞོན་གསེར་གྱི་བུམ་པ་འཛིན། །རང་འདྲའི་འཁོར་གཡོག་འབུམ་དང་བཅས་ལ་བསྟོད། །ལྷ་ཀླུ་གཟའ་དང་རྒྱུ་སྐར་ཉི་ཤུ་བརྒྱད།

༦༡༨
སྲོག་གཅོད། །གཡོན་པས་རྒྱལ་མཚན་ཐོད་རློན་སྙིང་ཁྲག་གསོལ། །སྐུ་སྟོད་ཞིང་ལྤགས་སྦྲུལ་ནག་སྐ་རགས་ཅན། །སྐུ་སྨད་གླང་ཆེན་ཀོ་རློན་རེ་ལྡེས་དཀྲིས། །སྟོང་གསུམ་བགྲོད་ཕྱིར་དྲེའུ་རྟ་རྐང་གསུམ་ཆིབས། །སྲིན་པོའ་ཡ་མགལ་སྔ་རུ་ཁྲམ་བམ་བཏགས། །དགྲ་བགེགས་ཐམས་ཅད་ཁྲམ་ལ་འདེབས་པར་བྱེད། །ནད་ངན་སྣ་ཚོགས་རྐྱལ་བ་ཕྱི་ཤར་བཏགས། །དམ་ཉམས་དགྲ་བོ་གཏན་ནས་བརླག་པར་བྱེད། །སྦྲུལ་ནག་སྟོང་གི་ཆུན་པོས་གོང་སྨེད་བྱས། །བསྟན་པ་སྲུང་མཛད་བདུད་མོ་འབུམ་གྱིས་བསྐོར། །སྲོག་བདུད་ཆེན་མོས་དགྲ་བགེགས་སྒྲོལ་ལ་ཤོག །མི་ཏྲི་པས་ཞལ་གཟིགས་དུས་བསྟོད་པའོ། །བྷྱོ་རྣམ་དག་དབྱིངས་ལ་རང་བྱུང་དཔལ་འབར་མ། །བདུད་རྣམས་སྐྲག་མཛད་རབ་འཇིགས་གཟུགས་ཅན་མ། །དུར་ཁྲོད་ཆས་ཀྱིས་སྐུ་ལ་རབ་བརྒྱན་མ། །ཚད་མེད་ཕྱག་བཞིས་ཐོད་ཁྲག་མཚོན་འཛིན་མ། །ཐུགས་རྗེ་མྱུར་མཛད་དྲེའུ་ཆིབས་མཛད་མ། །བསྟན་པ་སྲུང་ཞིང་རྣལ་འབྱོར་སྐྱོང་མཛད་མ། །ལས་རྣམས་སྒྲུབ་ཅིང་བསྟན་དགྲ་ཚར་གཅོད་མ། །བསྟོད་ཅིང་གསོལ་འདེབས་བཅོལ་བའི་ཕྲིན་ལས་མཛོད། །བླ་མ་རཱ་ཧུ་ལས་རྒྱུད་འབུམ་ནས་བྱུང་བའོ། །བྷྱོ་དཀའ་བ་དང་དུ་བླངས་ནས་ཁྱོད་བསྒྲུབས་ན། །མ་གཡེལ་མ་གཡེལ་མ་གཅིག་རེ་མ་ཏི། །ལུས་སྲོག་འབནའབེན་དུ་བཅུགསབཙུགས་ནས་ཁྱོད་བསྒྲུབས་ན། །བསྟེན་པའི་ཚེ་ན་མ་གཅིག་སྙིང་མ་རིང་། །རཀྟ་མཚོ་ལྟར་བསྐྱིལ་ནས་ཁྱོད་བསྒྲུབས་ན། །བསྐུལ་བའི་ཚེ་ན་མ་གཅིག་བང་མ་བུལ། །གཏོར་མ་རི་ལྟར་སྤུངས་ནས་ཁྱོད་བསྒྲུབས་ན། །རྦད་བའི་ཚེ་ན་མ་གཅིག་མཐུ་མ་ཆུང་། ཁྱེད་ཀྱི་གཡོག་ནི་མི་སྲུན་གདུག་པ་ཅན། །ཆུ་སྲིན་གདོང་ཅན་དགྲ་བགེགས་སྒྲོལ་ལ་ཤོག །སླད་ཀྱི་རྗེས་འབྲང་སེང་གེའི་གདོང་པ་ཅན། །དམ་ཉམས་དགྲ་བོའ་སྲོག་རྩ་ཆོད་ལ་ཤོག །མ་གཅིག་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །མི་མཐུན་རྐྱེན་དང་བར་ཆད་ཟློག་པ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །མཻ་ཏྲི་བས་མཛད་པའོ། །དེ་ནས་འཁོར་གྱི་བསྟོད་པ་

ཤོག་ལྷེ་༦༢༠རྒྱལ་ཆེན་སྡེ་བཞི་འཇིགས་བྱེད་ཆེན་པོ་དགུ། །སྲིད་གསུམ་འབྱུང་པོ་དམ་ཅན་རྒྱ་མཚོའ་ཚོགས། །བསྟན་པ་སྲུང་ཞིང་སྒྲུབ་མཆོག་སྐྱོང་ལ་བསྟོད། །མཆོད་བསྟོད་གཏོར་མ་ཕུལ་བ་དགྱེས་བཞེས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དཔལ་ལྡན་བླ་མའི་སྐུ་ཚེ་སྲིང་བ་དང་། །རྣལ་འབྱོར་ཉམས་རྟོགས་ཡེ་ཤེས་འཕེལ་བར་མཛོད། །བསྟན་དང་འགྲོ་ལ་འཚེ་བའི་དགྲ་དང་བགེགས། །ཐམས་ཅད་དྲག་པོའ་ལས་ཀྱིས་ཚར་ཆོད་ལ། །འཁོར་དང་ལོངས་སྤྱོད་བཤད་སྒྲུབ་མཐུན་པའི་རྐྱེན། །ཐམས་ཅད་ཡར་ངོའ་ཟླ་བཞིན་འཕེལ་བར་མཛོད། །ཅེས་བསྟོད། སྐབས་འདིར་ཁྱད་པར་གྱི་དུས་ལ་སོགས་པར་མངའ་གསོལ་བར་བྱ་སྟེ། དེའི་འདོན་བྱ་རྒྱས་པ་ཁོ་བོས་ལོགས་སུ་བཀོད་པ་ལྟར་དང་། བསྡུ་ན་རྒྱས་ལྷ་ཁང་བ་བློ་གྲོས་སེང་གེས་མཛད་པ་ནི། ཧཱུྃ། རྡོ་རྗེ་འཆང་དངོས་བླ་མ་དང་། །དབྱེར་མེད་མགོན་པོ་མངའ་གསོལ་ལོ། །སྤྱན་རས་གཟིགས་དབང་ངོ་བོའ་ཕྱིར། །ཡི་དམ་མཆོག་ཏུ་མངའ་གསོལ་ལོ། །སྐུ་བཞི་མངོན་དུ་མཛད་པའི་ཕྱིར། །རྫོགས་སངས་རྒྱས་སུ་མངའ་གསོལ་ལོ། །ཐེག་ཆེན་དམ་ཆོས་ཐམས་ཅད་ཀྱི། །མངའ་བདག་ཆེན་པོར་མངའ་གསོལ་ལོ། །འཕགས་ཆོགསཚོགས་དགེ་འདུན་ཐམས་ཅད་ཀྱི། །གཙོ་བོ་ཆེན་པོར་མངའ་གསོལ་ལོ། །ཐུབ་དབང་བསྟན་པ་སྲུང་བའི་ཕྱིར། །ཆོས་སྐྱོང་ཆེན་པོར་མངའ་གསོལ་ལོ། །ལྷ་ཆེན་རྣམས་ཀྱི་གཙོ་བོའ་ཕྱིར། །ལེགས་ལྡན་ཆེན་པོར་མངའ་གསོལ་ལོ། །དྲག་པོའ་ལས་ལ་དབང་མཛད་ཕྱིར། །ནག་པོ་ཆེན་པོར་མངའ་གསོལ་ལོ། །གསང་སྔགས་རིག་འཛིན་ཐམས་ཅད་ཀྱི། །སྲུང་མ་ཆེན་པོར་མངའ་གསོལ་ལོ། །རྣལ་འབྱོར་དམ་ཚིག་ལྡན་རྣམས་ཀྱི། །དགྲ་ལྷ་ཆེན་པོར་མངའ་གསོལ་ལོ། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །མགོན་དང་སྐྱབས་སུ་མངའ་གསོལ་ལོ། །ཐུབ་པའི་དབང་པོའ་བསྟན་པ་སྲུང་། །རྣལ་འབྱོར་བདག་གི་ཕྲིན་ལས་མཛོད། །འགལ་རྐྱེན་ཟློག་ཅིང་མཐུན་རྐྱེན་སྒྲུབས། །མངའ་གསོལ་དོན་དང་ལྡན་པར་མཛོད། །དེ་ལྟར་མངའ་གསོལ་རྒྱས་བསྡུས་གང་བྱེད་ཀྱང་སྐུ་གཟི་མདངས་བསྐྱེད་པའི་དམིགས་པ་ནི། མགོན་པོའ་སྤྱི་བོར་ཧཱུྃ་མཐིང་ནག་ཁྲུ་གང་བ་གཟི་འོད་འབར་བ་ཞིག་བསྒོམ།

༦༡༩
གཞུང་ལྟར་རམ། ཅུང་ཟད་རྒྱས་པར་སྤྲོ་ན། ཧཱུྃ་མགོན་པོའ་བཀའ་ཉན་ཕྱོགས་བཞིའི་ལས་བྱད་པ། །མཐུ་སྟོབས་རྫུ་འཕྲུལ་དྲག་རྩལ་བསམ་མི་ཁྱབ། །སྲིད་གསུམ་དྲེགས་པ་ཡོངས་ཀྱི་སྡེ་དཔོན་ཏེ། །བཀའ་སྡོད་ཆེན་པོ་འཁོར་དང་བཅས་ལ་བསྟོད། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་མུན་པའི་མདོག །གྲི་གུག་ཕྱར་ཞིང་ཐོད་ཁྲག་གཙོ་ལ་སྟོབས། །དོམ་ནག་སྨྱོན་པ་ཆིབས་ནས་སྟོང་གསུམ་བསྐོར། །དྲག་གཏུམ་བཟོད་པར་དཀའ་བ་ཁྱོད་ལ་བསྟོད། །དབང་ཕྱུག་ཛི་ན་མི་ཏྲ་མེ་ལྟར་འབར། །ཞལ་ནས་དུག་ཐུན་ཁྲག་གི་སེར་བ་འབེབས། །ཅང་ཏེའུ་འཁྲོལ་ཞིང་འཁོར་ལོའ་མཚོན་ཆ་འཕེན། །འཇིགས་བྱེད་སྲིན་པོའ་གཟུགས་ཅན་ཁྱོད་ལ་བསྟོད། །གཤིན་རྗེ་ཊཱ་ཀི་རཱ་ཛ་རྒྱུ་ཞགས་བསྡོགས། །ཧ་ལའི་མདོག་ཅན་སྡིགས་མཛུབ་བགེགས་ལ་རྔམས། །བལྟས་པ་ཙམ་གྱིས་དགྲ་བགེགས་སྲོག་སྙིང་འཕྲོག །མི་བཟད་གདུག་པ་ཀུན་འདུལ་ཁྱོད་ལ་བསྟོད། །བདུད་མགོན་ཏྲཀྴད་དུས་ཀྱི་མུན་པའི་མདངས། །རྩེ་གསུམ་སྣུན་ཅིང་ཐོད་སྙིང་ཞལ་དུ་གསོལ། །བེར་ནག་ཆས་ལྡན་རྟ་ནག་རྟིང་ཀར་ཆིབས། །ཁྲོ་རྔམས་ས་གསུམ་གཡོ་བ་ཁྱོད་ལ་བསྟོད། །གནོད་སྦྱིན་ལྷ་དང་གཤིན་རྗེ་བདུད་ཀྱི་དམག །མ་རུངས་འཇིགས་གཟུགས་མཚོན་ཆའི་ཆར་པ་འབེབས། །དམ་ལྡན་སྐྱོང་ཞིང་དམ་ཚིག་ཉམས་པའི་གཤེད། །རང་རང་རིས་མཐུན་འབུམ་གྱིས་བསྐོར་ལ་བསྟོད། །དཔལ་ལྡན་མགོན་པོའ་ཕྱི་འཁོར་ལས་བྱེད་གཙོ། །ཚངས་པ་འཁོར་ལོ་ཐོགས་ཤིང་ངང་པ་ཞོན། །བརྒྱ་བྱིན་གླང་ཆེན་སྟེང་གནས་རྡོ་རྗེ་བསྣམས། །མེ་ལྷ་ར་ཞོན་བགྲང་ཕྲེང་རིལ་བ་འཆང་། །གཤིན་རྗེ་མ་ཧེ་ཆིབས་ཤིང་ཞིང་དབྱུག་ཐོགས། །སྲིན་པོ་རལ་གྲི་ཕྱིར་ཞིང་རོ་ལངས་ཞོན། །ཆུ་ལྷ་ཆུ་སྲིན་སྟེང་དུ་སྦྲུལ་ཞགས་བསྡོགས། །རླུང་ལྷ་ཤ་བ་ལ་ཞོན་བ་དན་ཕྱར། །གནོད་སྦྱིན་རྟ་ཞོན་རིན་ཆེན་ནེའུ་ལེ་བཙིར། །དབང་ལྡན་རྩེ་གསུམ་ཐོགས་ཤིང་གླང་ལ་གནས། །ས་བདག་ཕག་ཞོན་གསེར་གྱི་བུམ་པ་འཛིན། །རང་འདྲའི་འཁོར་གཡོག་འབུམ་དང་བཅས་ལ་བསྟོད། །ལྷ་ཀླུ་གཟའ་དང་རྒྱུ་སྐར་ཉི་ཤུ་བརྒྱད།

ཤོག་ལྷེ་༦༢༡དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་དང་གཟི་བྱིན་ཐམས་ཅད་འོད་ཟེར་གྱི་རྣམ་པས་བསྡུས་ཏེ་ཧཱུྃ་དེ་ལ་ཐིམ་པས་ཧཱུྃ་སྔོན་བས་ཆེ་ཞིང་གཟི་བརྗིད་འབར་བར་གྱུར་ཏེ་མགོན་པོའ་སྤྱི་བོ་ནས་ཐིམ་ཐུགས་ཀར་སླེབ་པ་དང་། ཁྲོ་བོ་གཤིན་རྗེ་གཤེད་རྡོ་རྗེ་འཇིགས་བྱེད་ནག་པོ་ཞལ་གསུམ་ཕྱག་དྲུག་པ་མ་ཧེ་དང་གཤིན་རྗེ་ཕོ་མོ་བརྫིས་པ་གཅིག་ཏུ་གྱུར་ཏེ་སྐུ་དེ་ཉིད་ཇེ་ཆེར་སོང་བ་དང་། །མགོན་པོ་ཡང་སྐུ་ཇེ་ཆེ་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་གྱུར་ཏེ་མདུན་གྱི་ནམ་མཁའ་གང་བ་ཙམ་དང་། སྟོང་གསུམ་མི་མཇེད་ཀྱི་ཞིང་འདི་གང་བ་ཙམ་བློས་འཁྱུད་ཚད་དུ་བསྒོམ་ཞིང་། མགོན་པོའ་འོད་ཟེར་འཁོར་རྣམས་ལ་ཕོག་པས་སོ་སོ་ནས་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་གྱུར་པར་བསམ་ཞིང་། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ན་ཡེ་ཤེས་ཀྱི་མགོན་པོ་འདི་བས་ནུས་མཐུ་ཆེ་བ་མེད་ཨང་སྙམ་དུ་བསམ། འདི་ནི་གཙོ་བོར་མགོན་པོ་བདག་བསྐྱེད་ལ་བསྒོམ་རྒྱུ་ཡིན་ཀྱང་། མདུན་བསྐྱེད་ལའང་ཁ་སྤོ་བ་གོང་མ་རྣམས་ཀྱིས་བཞེད་ཅིང་། སྤྱིར་དཔྲལ་བའི་སིནྡྷཱུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་སྡུས་པ་སྤྱི་བོའ་མི་བསྐྱོད་རྒྱལ་པོ་ལ་བརྟེན་ནས་རྒྱུད་འཇམ་དུ་བཏང་བ། གཤིན་རྗེ་གཤེད་ལ་བརྟེན་ནས་གཟི་མདངས་བསྐྱེད་པ་གསུམ་པོ་ནི་མགོན་པོ་འདི་སྒྲུབ་ཕྱིན་མ་ཤེས་ཐབས་མེད་པ་ཡིན་ནོ། །དེ་ནས་རྗེས་ཀྱི་ལས་རིམ་རྣམས་ནི་གཞུང་ཉིད་དུ་གསལ་ཞིང་ཚང་བར་ཡོད་དོ། ཕྲིན་ལས་ཀྱི་ཁ་སྐོང་དཀྱུས་གཅིག་ཏུ་བསྡེབས་པ་འདི་ནི་གཙོ་བོར་གཏོར་སྒྲུབ་དང་། དུས་ཀྱི་མཆོད་པ་རྒྱས་པ་ལ་ཉེ་བར་མཁོ་ཞིང་དེ་དག་གི་དམིགས་བའི་གནད་ཕལ་མོ་ཆེའང་གསལ་བར་བཀོད་པས་ནོངས་པ་མཆིས་ན་བླ་མ་མགོན་པོ་ཐུགས་རྗེའི་དབང་ཕྱུག་འཁོར་དང་བཅས་པ་ལ་སྙིང་ནས་བཟོད་པར་གསོལ་ན་ཚངས་པའི་དངོས་གྲུབ་སྩལསྩོལ་བ་དང་ཡིག་ཆ་འདི་དག་གིའང་བཀའི་གཉེར་མཛད་དུ་གསོལ། གསང་སྒྲུབ་དང་བླ་མགོན་དབྱེར་མེད་སྙིང་ཞུགས་གཙོ་བོ་འགྱུར་བའི་ཐབས་སྤྱི་དང་བྱེ་བྲག་གི་གནད་གདམས་ཐུན་མོང་མ་ཡིན་པ་རྣམས་ནི་དེ་དག་སོ་སོར་ལྟོས་པ་ལས་འདི་དག་གིས་གཅིག་དཔེ་ཀུན་འགེབས་འོང་བ་མ་ཡིན་ལ། གཏོར་སྒྲུབ་དང་གཏོར་ཆེན་གྱི་གནན་

༦༢༠
རྒྱལ་ཆེན་སྡེ་བཞི་འཇིགས་བྱེད་ཆེན་པོ་དགུ། །སྲིད་གསུམ་འབྱུང་པོ་དམ་ཅན་རྒྱ་མཚོའ་ཚོགས། །བསྟན་པ་སྲུང་ཞིང་སྒྲུབ་མཆོག་སྐྱོང་ལ་བསྟོད། །མཆོད་བསྟོད་གཏོར་མ་ཕུལ་བ་དགྱེས་བཞེས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དཔལ་ལྡན་བླ་མའི་སྐུ་ཚེ་སྲིང་བ་དང་། །རྣལ་འབྱོར་ཉམས་རྟོགས་ཡེ་ཤེས་འཕེལ་བར་མཛོད། །བསྟན་དང་འགྲོ་ལ་འཚེ་བའི་དགྲ་དང་བགེགས། །ཐམས་ཅད་དྲག་པོའ་ལས་ཀྱིས་ཚར་ཆོད་ལ། །འཁོར་དང་ལོངས་སྤྱོད་བཤད་སྒྲུབ་མཐུན་པའི་རྐྱེན། །ཐམས་ཅད་ཡར་ངོའ་ཟླ་བཞིན་འཕེལ་བར་མཛོད། །ཅེས་བསྟོད། སྐབས་འདིར་ཁྱད་པར་གྱི་དུས་ལ་སོགས་པར་མངའ་གསོལ་བར་བྱ་སྟེ། དེའི་འདོན་བྱ་རྒྱས་པ་ཁོ་བོས་ལོགས་སུ་བཀོད་པ་ལྟར་དང་། བསྡུ་ན་རྒྱས་ལྷ་ཁང་བ་བློ་གྲོས་སེང་གེས་མཛད་པ་ནི། ཧཱུྃ། རྡོ་རྗེ་འཆང་དངོས་བླ་མ་དང་། །དབྱེར་མེད་མགོན་པོ་མངའ་གསོལ་ལོ། །སྤྱན་རས་གཟིགས་དབང་ངོ་བོའ་ཕྱིར། །ཡི་དམ་མཆོག་ཏུ་མངའ་གསོལ་ལོ། །སྐུ་བཞི་མངོན་དུ་མཛད་པའི་ཕྱིར། །རྫོགས་སངས་རྒྱས་སུ་མངའ་གསོལ་ལོ། །ཐེག་ཆེན་དམ་ཆོས་ཐམས་ཅད་ཀྱི། །མངའ་བདག་ཆེན་པོར་མངའ་གསོལ་ལོ། །འཕགས་ཆོགསཚོགས་དགེ་འདུན་ཐམས་ཅད་ཀྱི། །གཙོ་བོ་ཆེན་པོར་མངའ་གསོལ་ལོ། །ཐུབ་དབང་བསྟན་པ་སྲུང་བའི་ཕྱིར། །ཆོས་སྐྱོང་ཆེན་པོར་མངའ་གསོལ་ལོ། །ལྷ་ཆེན་རྣམས་ཀྱི་གཙོ་བོའ་ཕྱིར། །ལེགས་ལྡན་ཆེན་པོར་མངའ་གསོལ་ལོ། །དྲག་པོའ་ལས་ལ་དབང་མཛད་ཕྱིར། །ནག་པོ་ཆེན་པོར་མངའ་གསོལ་ལོ། །གསང་སྔགས་རིག་འཛིན་ཐམས་ཅད་ཀྱི། །སྲུང་མ་ཆེན་པོར་མངའ་གསོལ་ལོ། །རྣལ་འབྱོར་དམ་ཚིག་ལྡན་རྣམས་ཀྱི། །དགྲ་ལྷ་ཆེན་པོར་མངའ་གསོལ་ལོ། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །མགོན་དང་སྐྱབས་སུ་མངའ་གསོལ་ལོ། །ཐུབ་པའི་དབང་པོའ་བསྟན་པ་སྲུང་། །རྣལ་འབྱོར་བདག་གི་ཕྲིན་ལས་མཛོད། །འགལ་རྐྱེན་ཟློག་ཅིང་མཐུན་རྐྱེན་སྒྲུབས། །མངའ་གསོལ་དོན་དང་ལྡན་པར་མཛོད། །དེ་ལྟར་མངའ་གསོལ་རྒྱས་བསྡུས་གང་བྱེད་ཀྱང་སྐུ་གཟི་མདངས་བསྐྱེད་པའི་དམིགས་པ་ནི། མགོན་པོའ་སྤྱི་བོར་ཧཱུྃ་མཐིང་ནག་ཁྲུ་གང་བ་གཟི་འོད་འབར་བ་ཞིག་བསྒོམ།

ཤོག་ལྷེ་༦༢༢དང་དམིགས་པ་རྣམས་ཀྱང་དེ་དག་སོ་སོའ་ཞལ་གདམས་ལས་རྟོགས་པར་བྱ་བ་ཁོ་ནའོ། །དེ་བཞིན་གཏོར་ཆེན་སོགས་དྲག་པོའ་ལས་ལ་ཉེ་བར་འཁོ་བའི་དྲག་སྐུ་ལ་སོགས་ཀྱང་ཕྲིན་ལས་འདི་དང་འབྲེལ་བ་ཡིན་མོད་ཀྱི་རྒྱུན་ཏུདུ་མི་མཁོ་བས་འདིར་མ་བྲིས་བ་དགོས་པ་བྱུང་ན་བེ་བུམ་དང་ཡིག་རྙིང་ལས་ལེན་པར་བྱའོ། །ཕྲིན་ལས་ལྷན་ཐབས་དད་པས་བྲིས་འདི་ཡང་། །སྒྲུབ་བརྒྱུད་རིན་ཆེན་རྒྱ་མཚོའ་མཐར་ཁྱབ་པའི། །ཆ་རྐྱེན་མཆོག་གྱུར་དེས་ཀྱང་སྐྱེ་འདི་ལ། །བླ་མ་མགོན་པོ་དབྱེར་མེད་ཉིད་འགྲུབ་ཤོག །ཅེས་པ་འདིའང་དཔའ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་མགུལ་ཡེ་ཤེས་མགོན་པོའ་བསྟི་གནས་བསིལ་བའི་ཚལ་དུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། །རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་བཟང་པོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་སྦྱར་བ་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། །།

༦༢༡
དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་དང་གཟི་བྱིན་ཐམས་ཅད་འོད་ཟེར་གྱི་རྣམ་པས་བསྡུས་ཏེ་ཧཱུྃ་དེ་ལ་ཐིམ་པས་ཧཱུྃ་སྔོན་བས་ཆེ་ཞིང་གཟི་བརྗིད་འབར་བར་གྱུར་ཏེ་མགོན་པོའ་སྤྱི་བོ་ནས་ཐིམ་ཐུགས་ཀར་སླེབ་པ་དང་། ཁྲོ་བོ་གཤིན་རྗེ་གཤེད་རྡོ་རྗེ་འཇིགས་བྱེད་ནག་པོ་ཞལ་གསུམ་ཕྱག་དྲུག་པ་མ་ཧེ་དང་གཤིན་རྗེ་ཕོ་མོ་བརྫིས་པ་གཅིག་ཏུ་གྱུར་ཏེ་སྐུ་དེ་ཉིད་ཇེ་ཆེར་སོང་བ་དང་། །མགོན་པོ་ཡང་སྐུ་ཇེ་ཆེ་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་གྱུར་ཏེ་མདུན་གྱི་ནམ་མཁའ་གང་བ་ཙམ་དང་། སྟོང་གསུམ་མི་མཇེད་ཀྱི་ཞིང་འདི་གང་བ་ཙམ་བློས་འཁྱུད་ཚད་དུ་བསྒོམ་ཞིང་། མགོན་པོའ་འོད་ཟེར་འཁོར་རྣམས་ལ་ཕོག་པས་སོ་སོ་ནས་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་གྱུར་པར་བསམ་ཞིང་། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ན་ཡེ་ཤེས་ཀྱི་མགོན་པོ་འདི་བས་ནུས་མཐུ་ཆེ་བ་མེད་ཨང་སྙམ་དུ་བསམ། འདི་ནི་གཙོ་བོར་མགོན་པོ་བདག་བསྐྱེད་ལ་བསྒོམ་རྒྱུ་ཡིན་ཀྱང་། མདུན་བསྐྱེད་ལའང་ཁ་སྤོ་བ་གོང་མ་རྣམས་ཀྱིས་བཞེད་ཅིང་། སྤྱིར་དཔྲལ་བའི་སིནྡྷཱུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་སྡུས་པ་སྤྱི་བོའ་མི་བསྐྱོད་རྒྱལ་པོ་ལ་བརྟེན་ནས་རྒྱུད་འཇམ་དུ་བཏང་བ། གཤིན་རྗེ་གཤེད་ལ་བརྟེན་ནས་གཟི་མདངས་བསྐྱེད་པ་གསུམ་པོ་ནི་མགོན་པོ་འདི་སྒྲུབ་ཕྱིན་མ་ཤེས་ཐབས་མེད་པ་ཡིན་ནོ། །དེ་ནས་རྗེས་ཀྱི་ལས་རིམ་རྣམས་ནི་གཞུང་ཉིད་དུ་གསལ་ཞིང་ཚང་བར་ཡོད་དོ། ཕྲིན་ལས་ཀྱི་ཁ་སྐོང་དཀྱུས་གཅིག་ཏུ་བསྡེབས་པ་འདི་ནི་གཙོ་བོར་གཏོར་སྒྲུབ་དང་། དུས་ཀྱི་མཆོད་པ་རྒྱས་པ་ལ་ཉེ་བར་མཁོ་ཞིང་དེ་དག་གི་དམིགས་བའི་གནད་ཕལ་མོ་ཆེའང་གསལ་བར་བཀོད་པས་ནོངས་པ་མཆིས་ན་བླ་མ་མགོན་པོ་ཐུགས་རྗེའི་དབང་ཕྱུག་འཁོར་དང་བཅས་པ་ལ་སྙིང་ནས་བཟོད་པར་གསོལ་ན་ཚངས་པའི་དངོས་གྲུབ་སྩལསྩོལ་བ་དང་ཡིག་ཆ་འདི་དག་གིའང་བཀའི་གཉེར་མཛད་དུ་གསོལ། གསང་སྒྲུབ་དང་བླ་མགོན་དབྱེར་མེད་སྙིང་ཞུགས་གཙོ་བོ་འགྱུར་བའི་ཐབས་སྤྱི་དང་བྱེ་བྲག་གི་གནད་གདམས་ཐུན་མོང་མ་ཡིན་པ་རྣམས་ནི་དེ་དག་སོ་སོར་ལྟོས་པ་ལས་འདི་དག་གིས་གཅིག་དཔེ་ཀུན་འགེབས་འོང་བ་མ་ཡིན་ལ། གཏོར་སྒྲུབ་དང་གཏོར་ཆེན་གྱི་གནན་

༦༢༢
དང་དམིགས་པ་རྣམས་ཀྱང་དེ་དག་སོ་སོའ་ཞལ་གདམས་ལས་རྟོགས་པར་བྱ་བ་ཁོ་ནའོ། །དེ་བཞིན་གཏོར་ཆེན་སོགས་དྲག་པོའ་ལས་ལ་ཉེ་བར་འཁོ་བའི་དྲག་སྐུ་ལ་སོགས་ཀྱང་ཕྲིན་ལས་འདི་དང་འབྲེལ་བ་ཡིན་མོད་ཀྱི་རྒྱུན་ཏུདུ་མི་མཁོ་བས་འདིར་མ་བྲིས་བ་དགོས་པ་བྱུང་ན་བེ་བུམ་དང་ཡིག་རྙིང་ལས་ལེན་པར་བྱའོ། །ཕྲིན་ལས་ལྷན་ཐབས་དད་པས་བྲིས་འདི་ཡང་། །སྒྲུབ་བརྒྱུད་རིན་ཆེན་རྒྱ་མཚོའ་མཐར་ཁྱབ་པའི། །ཆ་རྐྱེན་མཆོག་གྱུར་དེས་ཀྱང་སྐྱེ་འདི་ལ། །བླ་མ་མགོན་པོ་དབྱེར་མེད་ཉིད་འགྲུབ་ཤོག །ཅེས་པ་འདིའང་དཔའ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་མགུལ་ཡེ་ཤེས་མགོན་པོའ་བསྟི་གནས་བསིལ་བའི་ཚལ་དུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། །རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་བཟང་པོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་སྦྱར་བ་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། །།

}}</onlyinclude>
==Notes==
==Notes==
<references/>
<references/>
==Other Information==
{{Nitartha Thanks}}
{{དཔེ་ཆ་}} [[Category: phyag drug gtor chog rgyas pa'i kha skong dmigs rim bcas gu Na'i gsung]]
{{དཔེ་ཆ་}} [[Category: phyag drug gtor chog rgyas pa'i kha skong dmigs rim bcas gu Na'i gsung]]

Latest revision as of 14:25, 19 February 2019

Upload a file
DOWNLOAD ABOVE:
Click the picture above to view the original manuscript.
ཕྱག་དྲུག་གཏོར་ཆོག་རྒྱས་པའི་ཁ་སྐོང་དམིགས་རིམ་བཅས་གུ་ཎའི་གསུང་
phyag drug gtor chog rgyas pa'i kha skong dmigs rim bcas gu Na'i gsung
Damngak Dzö Volume 12 (ན་) / Pages 593-622 / Folios 1a1 to 15b3

Tibetan Text

༥༩༣ དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའ་གཏོར་ཆོག་རྒྱས་པའི་ཁ་སྐོང་དམིགས་རིམ་དང་བཅས་པ་གསལ་བར་བཀོད་པ་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།། །།
༥༩༤ ན་མོ་གུ་རུ་ཛྙཱ་ན་ནཱ་ཐཱ་ཡ། སྤྱན་རས་གཟིགས་དབང་ཐུགས་རྗེའི་སྒྱུ་འཕྲུལ་ནི། །བདུད་འདུལ་ནག་པོ་ཆེན་པོའ་སྐུར་སྟོན་པ། །བླ་མ་མགོན་པོ་དབྱེར་མེད་དེར་བཏུད་ནས། །གཏོར་ཆོག་རྒྱས་པའི་ཁ་སྐོང་ཁྲིགས་སུ་དགོད། །རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་མགོན་པོའ་སྒྲུབ་ཐབས་གཏོར་ཆོག་དང་བཅས་ཕྲིན་ལས་གཏེར་མཛོད་ཅེས་བྱ་བ་དགུང་གྲངས་ཉེར་བདུན་པར་མཛད་པ་འདི་ནི་ཉམས་སུ་ལེན་བྱ་ཐམས་ཅད་ཚང་ཞིང་གསལ་ལ་རྒྱས་པས་མགོན་པོ་འདིའི་རྣལ་འབྱོར་པ་རྣམས་ལ་མེད་དུ་མི་རུང་བའི་ཡིག་ཆ་ཡིན་ལ། དེ་ལས་བསྡུས་པ་ད་ལྟའི་སྒྲུབ་ཐབས་རིན་འབྱུང་གི་སྡེབས་སུ་བཞུགས་པ་འདིར་ནི་གྲིབ་སེལ་གནད་དབབ་རྒྱས་པར་འཛུད་པར་མ་གནང་བས་དེ་དག་གི་བཀའ་ཐོབ་ཅིང་བསྙེན་སྒྲུབ་བྱེད་པ་སོགས་ལ་ཅུང་ཟད་མི་བདེ་བར་མངོན་ཞིང་གཏོར་ཆོག་ཙམ་ལ་ཁྱེར་བདེ་བར་མཐོང་། ཡང་དེ་དག་ཚང་ཞིང་ཚིག་ཚོགས་ཤིན་ཏུ་བསྡུས་པ་དགུང་ལོ་ཉེར་གསུམ་པར་མཛད་པ་ཞིགས་ཀྱང་འདུག་ལ། གངས་དཀར་སྐུ་གཉེར་ཉི་མ་རྣམ་རྒྱལ་ལ་གནང་བའི་ཆེས་བསྡུས་པ་འདི་དག་ནི་རྒྱུན་གྱི་རྣལ་འབྱོར་ལྟ་བུར་སྤྲོས་པ་མི་ལྕོགས་པ་རྣམས་ལ་ཉེ་བར་མཁོ་བ་ཡིན་ནོ། འདི་དག་ཐམས་ཅད་ལ་རང་བཀའ་སྤྱི་དང་ཁྱད་པར་སྙིང་ཞུགས་བླ་མགོན་དབྱེར་མེད་ཀྱི་བྱིན་རླབས་དང་ཁྲིད་ནོསམནོས་ཤིང་བསྙེན་སྒྲུབ་ཉམས་ལེན་སྔོན་དུ་སོང་བ་དག་གིས་བདག་མདུན་གཉིས་ཀ་མགོན་པོ་གཙོ་འཁོར་དུ་བསྐྱེད་ཆོག་ལ། བཀའ་ཐུབ་ཐུན་མོང་བ་ཙམ་ལས་མ་ཐོབ་ཅིང་བསྟེན་སྒྲུབ་སྔོན་དུ་མ་སོང་བདག་གིས་ནི་བདག་ཉིད་ཡི་དམ་དང་། མདུན་དུ་མགོན་པོ་
༥༩༥ འཁོར་བཅས་བསྐྱེད་པ་ཉིད་ལེགས་པ་ཡིན། བདག་བསྐྱེད་ཡི་དམ་གང་རུང་དུ་བསྒོམ་པར་གསུངས་པ་ལྟར་བཀའ་གདམས་གསར་མ་བདག་གིས་བདག་བསྐྱེད་རྟ་མགྲིན་གསང་བསྒྲུབ་ལ་མཛད་པས་མཚོན་མཐའ་གཅིག་ཏུ་ངེས་པ་མ་ཡིན་ཀྱང་། རང་རེ་རྣམས་ཀྱི་རྒྱུན་གྱི་ལག་ལེན་ཏུ་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ལུས་དཀྱིལ་རྗེ་བཙུན་རིན་པོ་ཆེས་མཛད་པ་འདིས་བྱེད་དགོས་པ་ཡིན། གཏོར་སྒྲུབ་སྐབས་ལྟ་བུར་རྗེ་བཙུན་ཉིད་ཀྱིས་མཛད་པའི་སྐྱེར་སྒོང་རྟ་མགྲིན་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་ཉིད་བཏང་ན་འབྲེལ་ཆགས་ཤིང་ཆེས་ལེགས་པར་འབྱུང་བའང་འཕྲོས་སུ་སྨོས་པའོ། །འདིར་ཕྲིན་ལས་རྒྱས་པ་ཉིད་གཞིར་བཞག་རྒྱུན་ཏུ་དེ་ལས་ཅུང་ཟད་བསྡུ་བར་འོས་པ་དང་། གཏོར་སྒྲུབ་གཏོར་ཆེན་ཉེར་དགུའི་དུས་མཆོད། གཞན་ཡང་འབར་མ་ལྟ་བུའི་སྐབས་ཁ་སྐོང་བར་འོས་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ་འབྲི་བར་བྱ་བ་ལ། ཐོག་མར་རྒྱུན་འདོན་ལྟ་བུར་མངོན་རྟོགས་ཅུང་ཟད་རྒྱས་པས་མ་ལྕོགས་ན་འདི་བྱ་སྟེ། ༀ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི། རྡོ་རྗེའི་སྲུང་འཁོར་དུར་ཁྲོད་ཆེན་པོའ་དབུས། པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་། གི་ལས་ཚོགས་བདག་དཀར་པོ་གླང་ཆེན་དབུ། ལ་ཕུག་ནེའུ་ལེ་འཛིན་པ་ཉལ་སྟབས་གནས། །དེ་སྟེང་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན། །འོད་འཕྲོས་དགྲ་བགེགས་ཚར་བཅད་འཕགས་པ་མཆོད། སེམས་ཅན་དོན་བྱས་སླར་འདུས་ཡོངས་གྱུར་ལས། མྱུར་མཛད་ཡེ་ཤེས་མགོན་པོ་མཐིང་ནག་འབར། །
༥༩༦ ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་དམར་ལ་ཟླུམ། །ཞལ་གདངས་ལྗགས་འདྲིལ་འཇིགས་པའི་ང་རོ་བཞད། །སྨར་སྨིན་དབུ་སྐྲ་ཁམ་ནག་གྱེན་ཏུ་བརྫེས། །ལི་ཁྲིའི་ཐིག་ལེ་མི་བསྐྱོད་རྒྱལ་པོས་བརྒྱན། །དང་པོ་གཉིས་ཀྱིས་གྲི་གུག་ཐོད་ཁྲག་བསྣམས། །བར་པས་ཐོད་ཕྲེང་བགྲང་ཞིང་རྩེ་གསུམ་གསོར། །འོག་མས་ཌཱ་རུ་འཁྲོལ་ཞིང་ཞགས་པ་འཕེན། །མཉམ་པའི་སྟབས་ཀྱིས་བགེགས་ཀྱི་རྒྱལ་པོ་བརྫིས། །ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་མཛད། །སྟག་ལྤགས་ཤམ་ཐབས་དར་དང་རིན་པོ་ཆེ། །ཀླུ་ཆེན་བརྒྱད་དང་རུས་པའི་རྒྱན་དྲུག་མཛེས། །ཕྱག་ཞབས་དྲིལ་བུ་གཡེར་ཁའི་ཕྲེང་བ་འཁྲོལ། །སྦོམ་ཐུང་ལྟོ་བ་རྒྱས་ཤིང་ཡན་ལག་ཧྲག །བཟོད་དཀའི་གཟི་ལྡན་བསྐལ་མེ་འབར་བའི་ཀློང་། །ཙནྡན་སྡོང་པོར་སྐུ་རྒྱབ་བསྟེན་པའོ། །གཡོན་དུ་ཁྲག་ཞགས་འཁྲུགས་པའི་རྒྱ་མཚོའ་ཀློང་། །བྷྱོ་ལས་ལྷ་མོ་འདོད་ཁམས་དབང་ཕྱུག་ནག །དྲག་ཤུལ་ཉམས་ལྡན་སྤྲུལ་པའི་མཚོན་ལྔ་འཆང་། །དབུ་སྐྲ་གྱེན་བརྫེས་རྨ་བྱའི་མདོངས་ཀྱིས་བརྒྱན། །ལྟེ་བར་ཉི་མ་སྤྱི་གཙུག་ཟླ་བ་འཆར། །སྙན་ཆ་གཡས་གཡོན་དུག་སྦྲུལ་སེང་གེ་འཕྱོ། །གླང་ཆེན་བ་ལང་ཀོ་བས་སྟོད་སྨད་གཡོགས། །རེ་ལྡེའི་ཤམ་ཐབས་གསོལ་ཞིང་གོས་ནག་གྱོན། །རུས་པའི་རྒྱན་དང་མི་མགོའ་དོ་ཤལ་འཕྱང་། །མེ་རླུང་དབུས་བཞུགས་དྲེའུ་རྟ་རྐང་གསུམ་ཆིབས། །མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར། །མདུན་དུ་ཀྵིཾ་ལས་ཀྵེ་ཏྲ་པཱ་ལ་མཐིང་། །གྲི་ཐོད་འཛིན་ཅིང་དོམ་ནག་སྨྱོན་པ་ཆིབས། །གནོད་སྦྱིན་གདུག་པ་ཅན་གྱི་ཚོགས་ཀྱིས་བསྐོར། །གཡས་སུ་ཧཱུྃ་ལས་ཛི་ན་མི་ཏྲ་དམར། །ཅང་ཏེའུ་འཁྲོལ་ཞིང་སྡིགས་མཛུབ་མེ་ལྕེ་འབར། །གཟའ་དང་སྲིན་པོ་འཇིགས་པའི་འཁོར་གྱིས་བསྐོར། །རྒྱབ་ཏུ་ཊཱཾ་ལས་ཊཱ་ཀྐི་རཱ་ཛ་ནག །གཡས་པས་རྒྱུ་ཞགས་གཡོན་པས་སྡིགས་མཛུབ་སྒྲེང་། །འཁོར་དུ་གསོད་བྱེད་གཤིན་རྗེ་ཁྲོས་པས་བསྐོར། །གསུམ་ཀ་རུས་པའི་རྒྱན་དང་སྟག་ཤམ་གསོལ། །གཡོན་དུ་ཧཱུྃ་ལས་བདུད་མགོན་ཏྲཀྴ་ནག །རུ་མཚོན་ཐོད་འཛིན་རྟ་ནག་རྟིང་དཀར་ཆིབས། །བདུད་ཀྱི་ཆས་ལྡན་ལྷ་དང་བདུད་དམག་
༥༩༧ བསྐོར། །ཀུན་ཀྱང་ཁྲོ་གཏུམ་ཐོད་པའི་རྒྱན་ཆ་ཅན། །མེ་རླུང་དྲག་ཏུ་འཚུབས་པའི་དབུས་ན་རོལ། །དེ་ཡི་ཕྱི་རོལ་ཕྱོགས་སྐྱོང་ཆེན་པོ་བཅུ། །རང་རང་རིགས་མཐུན་འབུམ་གྱིས་ཡོངས་སུ་བསྐོར། །གཞན་ཡང་ལྷ་བརྒྱད་ཀླུ་བརྒྱད་གཟའ་ཆེན་བརྒྱད། །འཇིགས་བྱེད་དགུ་དང་རྒྱུ་སྐར་ཉི་ཤུ་བརྒྱད། །རྒྱལ་ཆེན་བཞི་རྣམས་རང་འཁོར་བྱེ་བ་བཅས། །དེ་ཡི་ཕྱི་རོལ་དམ་ཅན་སྡེ་བརྒྱད་དམག །གནོད་སྦྱིན་སྲིན་པོ་ཤ་ཟ་གཤིན་རྗེ་བདུད། །མ་མོའ་ཆ་ལུགས་ཁྲོ་གཏུམ་མཚོན་ཆ་ཐོགས། །གནམ་ས་བར་སྣང་ཀུན་གང་ཐམས་ཅད་ཀྱང་། །སྒྲུབ་པོའ་རེ་བ་ཚུལ་བཞིན་སྐོང་བའོ། །ཀུན་གྱི་གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཤར་ལྷོ་བསིལ་བའི་ཚལ། །ཙནྡན་སྡོང་པོའ་དྲུང་ནས་ནག་པོ་ཆེ། །སྟེང་ན་བླ་མ་གཡས་ན་དཔའ་བོ་དང་། །གཡོན་ན་དཔའ་མོ་མདུན་ན་བཀའ་སྡོད་བཅས། །སྐད་ཅིག་ཉིད་ལ་ཌཱ་རུ་གཡེར་ཁའི་སྒྲ། །སིལ་སིལ་ཁྲོལ་ཁྲོལ་འུར་འུར་བྱོན་པར་གྱུར། །ཞེས་པ་ནི་མངོན་རྟོགས་འཛིན་བརྗོད་བདེ་བར་བསྡུས་པ་སྟེ། །ཕྲིན་ལས་རྒྱས་པ་འདི་བཏང་ཕྱིན་སྐབས་རེར་མངོན་རྟོགས་ཀྱི་ཚིག་ཚོགས་བསྡུས་པ་འདི་ཙམ་བྱེད་ན་མ་གཏོར་གཞན་བསྡུར་ཡོད་པ་མ་ཡིན་ནོ། །སྤྱན་འདྲེན་གྱི་ཐོག་མར་གྲུབ་ཆེན་ཁྱུང་པོས་མཛད་པ་འདི་ཉིད་བྱ་སྟེ། ཧཱུྃ་བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་བོའ་སྐུར་བསྟན་པ། །ལྷ་ཆེན་མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། །རྣལ་འབྱོར་དགྲ་ལྷ་གཤེགས་སུ་གསོལ། །རིག་འཛིན་སྲུང་མ་གཤེགས་སུ་གསོལ། །ཞིང་སྐྱོང་ནག་པོ་གཤེགས་སུ་གསོལ། །འཁོར་གྱི་དམག་ཚོགས་གཤེགས་སུ་གསོལ། །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །ཀྵེ་ཏྲ་པཱ་ལ་གཤེགས་སུ་གསོལ། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྐུ་མདོག་མཐིང་ནག་ཆེན་པོ་ལ། །དབུ་སྐྲ་ཁམས་སེར་རལ་པ་ཅན། །རལ་པའི་ཐོར་
༥༩༨ ཅོག་གྱེན་དུ་བསྒྲེངས། །རལ་པའི་གསེབ་ནས་མེ་སྟགསསྟེག་འཕྲོ། །མེ་སྟགསསྟག་འཕྲོས་པས་བགེགས་རྣམས་བསྲེགབསྲེགས །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དམ་ཉམས་དགྲ་བོའ་གདན་སྟེང་ན། །བརྐྱང་བརྐུམ་ཚུལ་དུ་བཞུགས་པ་སྟེ། །སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུགས། །རྣོ་གདུག་མཆེ་བ་བགེགས་ལ་གཙིགས། །སྐུ་སྟོད་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཐོད་རློན་འབར་བའི་དོ་ཤལ་འཕྱང་། །ཡན་ལག་ལྷུ་ཚིགས་སྦྲུལ་གྱིས་བརྒྱན། །ནག་པོ་ཀླུ་འདུལ་ཆེན་པོ་ཁྱོད། །བ་སྤུའི་བུ་ག་ཐམས་ཅད་ནས། །སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ། །དམ་ཉམས་དགྲ་ལ་སྤྲུལ་པ་འགྱེད། །རལ་པ་སྤྲུགས་པས་ཁམས་གསུམ་འགེངས། །སྟོང་གསུམ་འབྱུང་པོ་རྡུལ་དུ་རློག །ཕྱག་དྲུག་གཡས་ཀྱི་དང་པོ་ན། །གནམ་ལགས་འབར་བའི་གྲི་གུག་གིས། །དགྲ་བགེགས་འབྱུང་པོའ་སྲོག་རྩ་གཅོད། །ཕྱག་དྲུག་གཡོན་གྱི་དང་པོ་ན། །བྷནྡྷ་ཁྲག་གིས་གང་བ་བསྣམས། །དགྲ་བགེགས་ཀླད་ཁྲག་ཞལ་དུ་གསོལ། །ཕྱག་དྲུག་གཡས་ཀྱི་བར་པ་ན། །ཐོད་སྐམ་འབར་བའི་ཕྲེང་བ་འདྲེན། །འགྲོ་དྲུག་སེམས་ཅན་འདྲེན་པའི་རྟགས། །ཕྱག་དྲུག་གཡོན་གྱི་བར་པ་ན། །ཁ་ཊྲཱཾ་རྩེ་གསུམ་བསྣམས་པ་ནི། །འབྲས་བུ་སྐུ་གསུམ་བརྙསབརྙེས་པའི་རྟགས། །ཕྱག་དྲུག་གཡས་ཀྱི་ཐ་མ་ན། །ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །མ་མོ་མཁའ་འགྲོ་གཤེགས་སུ་གསོལ། །འདིར་བྱོན་ཤ་ཁྲག་གཏོར་མ་བཞེས། །དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །ཕྱག་དྲུག་གཡོན་གྱི་ཐ་མ་ན། །བདུད་ཞགས་ནག་པོ་བསྣམས་པ་ནི། །བསྟན་པ་བཤིགས་པའི་རྐེ་ལ་ཐོབ། །ཁྱོད་ཀྱི་འཁོར་གྱི་ཕོ་ཉའི་ཚོགས། །མཁའ་འགྲོ་མ་དང་ཤུགས་འགྲོ་མ། །གནོད་སྦྱིན་ཕོ་དང་གནོད་སྦྱིན་མོ། །གནོད་སྦྱིན་ཀྵེ་ཏྲ་པཱ་ལའི་ཚོགས། །བྲན་གྱི་ཚུལ་དུ་ཁས་བླངས་པ། །དམ་བཅའ་བཞིན་དུ་འདིར་གཤེགས་ཤིག །འབྲུ་བཅུད་ཆང་དང་རཀྟ་ཁྲག །མཱཾ་ས་ཤ་དང་རུས་པའི་ཚོགས། །དམ་རྫས་
༥༩༩ གཏོར་མ་འདི་མཆིས་ཀྱིས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བ་བསྐལ་པ་ཡི། །མེ་ལྟར་འབར་བའི་ཀློང་དཀྱིལ་ན། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྡེ་བརྒྱད་མ་མོ་མཁའ་འགྲོས་བསྐོར། །ནག་པོ་མི་ཟད་བསམ་ལས་འདས། །ལྷ་མོ་དཀར་ནག་བགྲང་དུ་མེད། །སྣང་སྲིད་ཐམས་ཅད་ཁྱོད་ཀྱི་བྲན། །སྲིད་གསུམ་ཐམས་ཅད་ཁྱོད་ཀྱི་འཁོར། །དྲེགས་པ་ཅན་རྣམས་ལས་མཁན་ཏེ། །སྟོང་གསུམ་སྐད་ཅིག་གློག་ལྟར་མྱུར། །སྡང་དགྲ་གནོད་བགེགས་ཐལ་བར་རློག །བདག་ཅག་དམ་ཚིག་སྒྲུབ་པ་པོ། །འདས་དང་བཞུགས་པའི་སངས་རྒྱས་ཀྱི། །སྤྱན་སྔར་ཞལ་བཞེས་དྲན་དགོངས་ལ། །གཏོར་མ་རི་ལ་་མཚོ། །བདུད་རྩི་རྒྱ་མཚོ་ལྟ་བུར་འཁྱིལ། །ཕྱི་ནང་གསང་བའི་རྟེན་རྣམས་ཚང་། དམ་ཚིག་ལྡན་པའི་གནས་འདིར་གཤེགས། །ཧཱུྃ། དད་པ་ནི་དམ་ཚིག་སོགས་སྦྲེལ་ལོ། །མཆོད་པ་འབུལ་བ་ཤིན་ཏུ་བསྡུ་ན། །མཆོད་ཡོན་སོགས་སོ་སོར་མི་བྲལ་བར་ལྷ་རྫས་བཟང་པོའ་ཕྱི་མཆོད་འདི། ཞེས་དང་། སྔགས་ཀྱང་ཨཱརྒྷཾ་མ་སོགས་ཆབ་གཅིག་སྦྲེལ་ན་རུང་། འབྲིང་དུ་བྱེད་ན་གཞུང་ལྟར་དང་། །རྒྱས་པར་བྱེད་ན་དེ་སྟེང་ལྷ་རྫས་བཟང་པོའ་གཟུགས་མཆོག་འདི། །རུ་པ་ཞེས་དང་། དེ་བཞིན་སྒྲ་སྙན ཤབྡ དྲི་མཆོག གནྡྷེ རོ་མཆོག ར་ས རེག་བྱ ཞེས་འདོད་ཡོན་ལྔ་མཆོད་ཀྱང་འབུལ། ཡང་མཆོད་ཕྲེང་ཚིག་ཚོགས་རྒྱས་པར་སྤྲོ་ན། ཧཱུྃ། བླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ཀྱི། །རྡོ་རྗེའི་དབང་པོ་རྣམ་པ་ཐམས་ཅད་པ། །མཉེས་བྱེད་ཕྱི་ནང་གསང་མཆོད་རྡོ་རྗེའི་སྤྲིན། །དངོས་འབྱོར་ཡིད་བྱུང་ཏིང་འཛིན་རོལ་པས་མཆོད། །དྲི་མེད་ཡན་ལག་བརྒྱད་ལྡན་མཆོད་ཡོན་སྦྲེང་། །དམར་ཆེན་ཁྲག་གི་རྦ་རླབས་དགུང་དུ་འཕྱོ། །ཡིད་བྱེད་མཚན་རྟོག་དྭངས་བའི་ཕྱག་རྒྱ་ཆེ། །ཡེ་ཤེས་མགོན་པོ་འཁོར་བཅས་མདུན་སར་འབུལ། །ༀ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏྭིཙྪ་སྭཱ་ཧཱ། རྙོགས་མེད་རེག་འཇམ་བསིལ་ཞིང་དྭངས་པའི་ཆུ། །གསོད་བྱེད་ནག་པོ་
༦༠༠ བརྩེགས་པས་སྦགས་པའི་མཚོ། །ཉེས་པ་ཀུན་འཁྲུད་དག་བྱེད་ཨ་ཡི་ཆབ། །ཡེ་ཤེས་མགོན་པོ་འཁོར་བཅས་ཞབས་ལ་འབུལ། །སྔགས་ཐོག་མཐའ་སྔར་ལྟར་ལ། བཛྲ་པཱཏྱཾ ཨུཏྤ་ལ་ཆུ་སྐྱེས་སྣ་ཚོགས་བདབ་བརྒྱའི་ཕྲེང་། །དབང་པོ་རྣམ་ལྔ་དུག་གི་མེ་ཏོག་བཀྲ། །འབར་འཛག་བདེ་སྟོང་པདྨོ་རབ་བཞད་པ། །ཡེ་ཤེས་མགོན་པོ་འཁོར་བཅས་དབུ་ལ་འབུལ། །པུཥྤེ །སྦྱར་དང་ལྷན་སྐྱེས་དྲི་བཟང་ཞིང་ཀུན་ཁྱབ། ཚིལ་ཆེན་དུད་པའི་སྤྲིན་ཕུང་ནམ་མཁར་གང་། །ཆོས་ཀུན་བདེན་མེད་སྒྱུ་མར་རང་ཤར་སྤོས། །ཡེ་ཤེས་མགོན་པོ་འཁོར་བཅས་ཤངས་ལ་འབུལ། །དྷཱུ་པེ །ཉི་ཟླ་ནོར་བུ་མར་མེའི་སྣང་བ་བརྡལ། །ཞུན་ཆེན་མར་ནག་ཡི་དྭགས་མེ་ཡིས་སྤར། །ཀུན་རྟོག་དབུ་མར་ཐིམ་པའི་འོད་གསལ་བ། །ཡེ་ཤེས་མགོན་པོ་འཁོར་བཅས་སྤྱན་ལ་འབུལ། །དཱི་པེ ག་བུར་ཙནྡན་གུར་གུམ་སྦྱར་བའི་ཆུ། །ཁྲག་ཆེན་ཞག་གི་སྤྲིས་ཆགས་སྒྲོན་མེ་ལྔ། །ཉིད་འཁྲུལ་ལྷ་སྐུ་རང་ཤར་བྱུགས་པའི་མཆོག །ཡེ་ཤེས་མགོན་པོ་འཁོར་བཅས་སྐུ་ལ་འབུལ། །གནྡྷེ །རོ་བརྒྱ་ནུས་པ་སྟོང་ལྡན་བཟའ་བཅའི་རིགས། །དགྲ་བགེགས་ཤ་རུས་ཁྱད་པར་ལྕགས་ཀྱུ་ལྔ། །མ་བསྒོམས་འཚང་རྒྱ་ཡེ་ཤེས་ཟང་ཐལ་བཅུད། །ཡེ་ཤེས་མགོན་པོ་འཁོར་བཅས་ལྗགས་ལ་འབུལ། །ནཻབི་དྱ །སིལ་ཆོལ་དུང་དང་གླིང་བུ་རྔ་བོ་ཆེ། །དུར་ཁྲོད་རྫས་ཆེན་འབྱུང་བ་འཁྲུགས་པའི་སྒྲ། །ལུས་གསུམ་སྦྱངས་པའི་སྐུ་གསུམ་རང་ཤར་དབྱངས། །ཡེ་ཤེས་མགོན་པོ་འཁོར་བཅས་སྙན་ལ་འབུལ། །ཤབྡ །དེ་ཙམ་མམ། འདོད་ཡོན་ལྔའནག་སྤྲོ་ན། སྣོད་བཅུད་སྣང་བ་ཐོགས་བཅས་ཐོགས་མེད་ཚོགས། །ཡུལ་ཤེས་རྣམ་དག་གཟུགས་ཀྱི་རྡོ་རྗེ་མ། །རང་ཤར་ལྷ་སྐུ་ཕྱག་རྒྱའི་འདུ་འཕྲོ་ཡིས། །ཡེ་ཤེས་མགོན་པོའ་སྤྱན་མཆོག་ཚིམས་གྱུར་ཅིག །ༀ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱི་ཙྪ་སྭཱ་ཧཱ། ཟིན་དང་མ་ཟིན་ཕྱི་ནང་བརྗོད་པའི་ཚོགས། །ཡུལ་ཤེས་རྣམ་དག་སྒྲ་ཡི་རྡོ་རྗེ་མ། །གཞོམ་མེད་རང་བྱུང་སྔགས་ཀྱི་སྒྲ་དབྱངས་
༦༠༡ ཀྱིས། །ཡེ་ཤེས་མགོན་པོའ་སྙན་མཆོག་ཚིམས་གྱུར་ཅིག །ཤབྡ །རང་བྱུང་ཡོངས་སུ་སྦྱར་ལས་སྐྱེས་པའི་ངད། །ཡུལ་ཤེས་རྣམ་དག་དྲི་ཡི་རྡོ་རྗེ་མ། །འོད་གསལ་ཕྱག་རྒྱ་ཆེན་པོར་འཁྱུད་པའི་དྲིས། །ཡེ་ཤེས་མགོན་པོའ་ཤངས་མཆོག གནྡྷེ །རོ་མཆོག་བརྒྱ་ལྡན་བཟའ་བཅའ་བཏུང་བའི་ཚོགས། །ཡུལ་ཤེས་རྣམ་དག་རོ་ཡི་རྡོ་རྗེ་མ། །འཕོ་མེད་བདེ་ཆེན་རྟག་པའི་སེམས་བྱེད་ཀྱིས། །ཡེ་ཤེས་མགོན་པོའ་ལྗགས་མཆོག ར་ས །ལྷབ་ལྷུབ་གོས་དང་གཡང་གཞིའི་ན་བཟའི་ཚོགས། །ཡུལ་ཤེས་རྣམ་དག་རེག་བྱའི་རྡོ་རྗེ་མ། །དགའ་བ་བཅུ་དྲུག་ལྷན་སྐྱེས་འཁྲིལ་ཆགས་ཀྱིས། །ཡེ་ཤེས་མགོན་པོའ་སྐུ་མཆོག་ཚིམས་གྱུར་ཅིག །སྤེ །དེ་ནས་ནང་མཆོད་ཅུང་ཟད་རྒྱས་པར་སྤྲོ་ན། །བྱིན་རླབས་གོང་དུ་མ་སོང་ན་འདིར་བྱ། །སོང་ན་གསར་དུ་མི་དགོས། །མཐེབ་སྲིན་གྱིས་ཐིགས་གཏོར་སྤྱི་བོ་སྙིང་ཁ་སྟེ་གསང་གི་ཐད་ནས་རིམ་པར་བུལ་བཞིན་ཏུདུ། རྡོ་རྗེ་འཆང་དང་དབང་ཆེན་པདྨ་འབྱུང་། །ཤ་བ་རི་པ་མཻ་ཏྲི་རཱ་ཧུ་ལ། །ཁྱུང་པོ་རྨོག་ལྕོགས་ཞང་སྒོམ་ཆོས་སེང་སོགས། །རྩ་བརྒྱུད་བླ་མའི་ཞལ་དུ་ༀ་ཨཱཿཧཱུྃ། །འཁོར་ལོ་བདེ་མཆོག་དཔལ་ལྡན་གསང་བ་འདུས། །སྒྱུ་འཕྲུལ་ཆེན་མོ་དགྱེས་པ་རྡོ་རྗེ་དང་། །རྡོ་རྗེ་འཇིགས་བྱེད་ཧ་ཡ་གྲཱི་ཝ་སོགས། །ཡི་དམ་ལྷ་ཚོགས་ཞལ་དུ་ༀ་ཨཱཿཧཱུྃ། །སྤྲོ་ན་གཙོ་འཁོར་གྱི་སྔགས་རྣམས་ཀྱི་མཐར་ༀ་ཨཱཿཧཱུྃ་བཏགས་ལ་འབུལ། མྱུར་མཛད་མ་ཧཱ་ཀཱ་ལ་རེ་མ་ཏི། །བཀའ་སྡོད་གནོད་སྦྱིན་བཞི་དང་ཕྱོགས་སྐྱོང་བཅུ། །གཙང་རིས་མགོན་པོ་བདུན་ཅུ་རྩ་ལྔ་སོགས། །དམ་ཅན་རྒྱ་མཚོའ་ཞལ་དུ་ༀ་ཨཱཿཧཱུྃ། །གནས་གསུམ་དཔའ་བོ་རྣལ་འབྱོར་མ་རྣམས་དང་། །དཀར་ཕྱོགས་སྐྱོང་བ་གནས་དང་གཞི་ཡི་བདག །སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་འགྲོ་བ་རྣམས། །ཡེ་ཤེས་ལྷར་གསལ་ཞལ་དུ་ༀ་ཨཱཿཧཱུྃ། །ཞེས་འབུལ་ལ་འབྲུ་གསུམ་བརྗོད་ཅིང་ལྷག་མ་རང་གིས་མྱོང་ངོ་། །དེ་ནས་ཐུན་མོང་མ་ཡིན་པའི་གནད་གསུམ་ཀྱི་ཐོག་མར་བླ་མ་མགོན་པོ་དབྱེར་མེད་ཀྱི་སྐབས་སུ། བདག་དང་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་མོས་ལ། ན་མོ་བུདྡྷཱ་ཡའི་
༦༠༢ སྔགས་བདུན་སོགས་ཀྱིས་གསོལ་བ་བཏབ་པའི་རྗེས་སུ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་གིས་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །ཞེས་དང་དམིགས་པ་ཆོས་དྲུག་དཀྱུས་ལྟར་བྱས་པའི་རྗེས་སུ། བདག་གི་ལུས་ལ་སྐུའི་བྱིན་རླབས་འཇུག་པར་མཛད་དུ་གསོལ། བདག་གི་ལུས་ལ་སྐུའི་བྱིན་རླབས་མ་ཞུགས་པ་ཞུགས་པར་གསོལ། བདག་གི་ལུས་ལ་སྐུའི་བྱིན་རླབས་ཞུགས་པར་གྱུར་ཏོ། །བདག་གི་ངག་ལ་གསུང་གི་བྱིན་རླབས་སོགས་དང་། བདག་གི་ཡིད་ལ་ཐུགས་ཀྱི་བྱིན་རླབས་སོགས་དང་། བདག་གི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞེས་འདོན་པ་སྤོས་ཏེ་གོང་གི་རིགས་འགྲེས་སྦྱར། སྐུའི་སྐབས་སུ་བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་དང་མགོན་པོའ་དཔྲལ་བ་ལས་མགོན་པོ་སྐུ་ཆུང་ལ་ཡན་ལག་རགས་པ་ཌཱ་མ་རུ་དང་དྲིལ་བུའི་སྒྲ་སིལ་སིལ་ཁྲོལ་ཁྲོལ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པ་དཔག་མེད་བྱོན་ཏེ་རང་གི་དཔྲལ་བར་ཐིམ། །ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། མགོན་པོའ་སྐུ་དང་དབྱེར་མེད་དུ་གྱུར། དེས་འགྲེས་ཏེ། གསུང་ལས་འོད་ཟེར་དང་སྐུ་དམར་པོ་བྱོན། རང་གི་མགྲིན་པར་ཐིམ། ངག་གི་ནད་གདོན་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། མགོན་པོའ་གསུང་དང་དབྱེར་མེད་དུ་གྱུར། ཐུགས་ལས་འོད་ཟེར་དང་སྐུ་མཐིང་ཁ་བྱོན། རང་གི་སྙིང་ཁར་ཐིམ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཤེར་དབང་ཐོབ། མགོན་པོའ་ཐུགས་དང་དབྱེར་མེད་དུ་གྱུར། གནས་གསུམ་ཀ་ནས་འོད་ཟེར་དང་སྐུ་སྣ་ཚོགས་པ་བྱུང་། རང་གི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམ་གྱི་ནད་གདོན་སྡིག་སྒྲིབ་དག །དབང་བཞི་པ་ཐོབ། མགོན་པོའ་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་མོས་ལ། ཀྱཻ། ཕྱོགས་བཅུ་དུས་གསུམ་སོགས་ཀྱིས་གསོལ་བ་བཏབ་གདུང་ཤུགས་བསྐྱེད་པས་མགོན་པོའ་ཞལ་ནས་ཁྱེད་ཀྱི་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་བོ་ཞེས་གསུང་ལྷང་ལྷང་བཞུགས་པར་མོས། སླར་མགོན་པོའ་སྐུ་ལུས་ཐམས་ཅད་ལས་འོད་ཟེར་དམར་ནག་མང་པོ་ཆད་པ་དང་། སྔར་གྱི་འོད་ཟེར་དང་མགོན་པོ་དེ་རྣམས་རང་གི་སྒོ་གསུམ་དང་དབྱེར་མེད་དུ་འདྲེས། ལུས་སེམས་ཐམས་ཅད་བདེ་བས་གང་བར་བསམ་ལ་བདེ་སྟོང་རྣམ་པར་མི་རྟོག་པའི་རང་ངོ་ལ་
༦༠༣ མཉམ་པར་བཞག །ཡང་ལུས་ཀྱི་ནང་ན་མགོན་པོ་དེ་རྣམས་གར་མཛད་ཅིང་ནད་གདོན་ཐམས་ཅད་དམར་ཆིར་ཆིར་ཞལ་དུ་གསོལ་བར་བསྒོམ་ལ་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཅེས་པའི་སྐབས་སུ་རོལ་མོའ་སྒྲ་དྲག་པོ་བྱ། དེ་ནས་གསོལ་འདེབས་ཚིགས་བཅད་མ་ཅི་འགྲུབ་བརྗོད་ཅིང་། བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པ་བྱེད་ན་སྐབས་འདིར། ༀ་གུ་རུ་མ་ཧཱ་ཀཱ་ལ་སིདྡྷི་ཧཱུྃ། ཞེས་བཟླས་བྱའི་སྙིང་པོ་སྟེ་འདིའི་བཀའ་ཐོབ་ན་སྐོང་གསོའ་སྐབས་སུའང་བཟླས་པ་བརྒྱ་རྩ་ཙམ་བྱེད་པ་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་འདིའི་དམིགས་པ་ནི་གོང་གསལ་དེ་ཉིད་བསྐྱར་བ་ཁོ་ནའོ། །གཞུང་རྐྱང་ལས་སབ་ཁ་འདི་མི་བྱེད་པའི་སྐབས་སུའང་དམིགས་པ་ནི་གསོལ་འདེབས་ཀྱི་སྐབས་སུ་འགྲོ་དགོས་སོ། །གནད་གཉིས་པ་གྲིབ་སེལ་གྱི་སྐབས་སུ་རྒྱས་པ་དང་། བསྡུས་པ་གཉིས་ཡོད། རྒྱས་པ་ནི་གྲིབ་སེལ་སྒེར་དུ་སྒྲུབ་པ་སོགས་དེ་ཉིད་གཙོ་བོར་སྟོན་པའི་སྐབས་སུ་བྱ་རྒྱུ་ཡིན་ཏེ། དེའང་བླ་མ་རྡོར་སེམས་བསྐྱེད་ཆོག་གྲུབ་པའི་སྐབས། སྟེང་གི་ནམ་མཁའ་ལ་རྩ་བ་གསུམ་དང་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ་གསུང་རྡོ་རྗེ་འོད་དཔག་མེད་དམར་པོ་ཐུགས་རྡོ་རྗེ་མི་བསྐྱོད་པ་སྔོན་པོའ་རྣམ་པར་བྱོན་ཏེ་སྟེང་འོག་རིམ་པ་གསུམ་སྤྲིན་གཏིབས་པ་ལྟར་འཁོད་པར་མོས་ལ་མོས་གུས་བསྐྱེད་དེ། །སྐུ་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱིས་བླ་མའི་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་རྡོ་རྗེའི་ལྷ་ཚོགས་རྣམས་ལས་ཡི་གེ་བརྒྱ་པ་དཀར་པོའ་ཚོགས་འཕྲོས། བླ་མའི་དཔྲལ་བར་ཕོག་པས་བླ་མའི་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར། ཞེས་མོས་ལ་ཡིག་བརྒྱ་བཟླ། དེ་བཞིན་ཏུདུ་གསུང་དང་། ཐུགས་ལ་སྦྱར་ཏེ་སོ་སོར་ཡིག་བརྒྱ་བཟླ། དེ་ནས་བླ་མ་རིན་པོ་ཆེ་མགོན་པོའ་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བ་ནས་ཡི་གེ་བརྒྱ་བ་དཀར་པོའ་ཚོགས་འཕྲོས། མགོན་པོའ་དཔྲལ་བར་ཐིམ་པས་སོགས་ཡིག་བརྒྱ་དང་། གསུང་ཐུགས་ཁ་བསྒྱུར་གོང་གིས་རིགས་འགྲེ། བླ་མ་མགོན་པོ་དབྱེར་མེད། འཁོར་རྣམས་ཀྱི་སྐུ་ལ་སོགས་གསོལ་བ་གདབ།
༦༠༤ བླ་མ་དང་མགོན་པོ་གཉིས་ཀའི་དཔྲལ་བར་ནས་ཡི་གེ་བརྒྱ་པ་དཀར་པོའ་ཚོགས་སོགས། གསུང་ཐུགས་ཡིག་བརྒྱ་བཅས་གོང་བཞིན། བླ་མ་མགོན་པོ་དབྱེར་མེད་འཁོར་དང་བཅས་པ་རྣམས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་མགོན་པོ་དབྱེར་མེད་འཁོར་དང་བཅས་པ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་འཕྲོས། བདག་སོགས་ཀྱི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར། །ཞེས་མོས་ལ་ཡིག་བརྒྱ་བཟླ། །ཕྱི་མ་འདིའི་སྐབས་སུ་ཡིག་རྙིང་ནས་བླ་མགོན་དབྱེར་མེད་ཀྱི་སྐབས་སུ་བཤད་པ་ལྟར་དབང་བཞིའི་དམིགས་པ་དང་སྒྲགསསྦྲགས་ཏེ་དམིགས་བཟླས་སོ་སོར་ཕྱེ་བའང་བཤད་པས་ནུས་ན་དེ་ལྟར་ཡང་བྱའོ། །བསྡུས་པ་ནི་དགུ་གཏོར་སོགས་ཀྱི་དཀྱུས་ལ་སྦྱར་བར་བྱ་ཞིང་། །དེའང་གོང་མ་ཉིད་ཅུང་ཟད་བསྡུ་བ་ཡིན་ཏེ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བླ་མའི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་བ་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། བླ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར། ཡིག་བརྒྱ་བདུན། དེས་འགྲེ་སྟེ། བླ་མ་རིན་པོ་ཆེ། མགོན་པོའ་སྐུ་གསུང་ཐུགས་ལ་སོགས་དང་། བླ་མའི་གནས་གསུམ་ནས་ཡི་གེ་བརྒྱ་པ་སོགས་ཀྱི་མཐར་ཡིག་བརྒྱ་བདུན། །བླ་མ་མགོན་པོ་དབྱེར་མེད། འཁོར་རྣམས་དང་བདག་གི་སྒོ་གསུམ་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་མགོན་པོའ་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། འཁོར་རྣམས་དང་བདག་གི་གནས་གསུམ་དུ་ཐིམ་པས།
༦༠༥ འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིགས་ཉམས་ཆགས་ཐམས་ཅད་དག །བདག་གི་ལུས་ཀྱི་ནང་ཡི་གེ་བརྒྱ་པའི་འོད་ཟེར་གྱིས་གང་བས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་གྱུར། ཞེས་མོས་ལ་ཡིག་བརྒྱ་བདུན་བཟླའོ། ཆོ་ག་དཀྱུས་ལྟར་ལ་འདིའི་སབ་ཁ་མི་བྱེད་པའི་ཚེ་ནའང་ཡིག་བརྒྱ་ཉེར་གཅིག་ལ་དམིགས་གནད་འདི་བཞིན་སོ་སོ་སྦྱར་དགོས་སོ། །དེ་ནས་གདུང་ཤུགས་དྲག་པོ་དང་ལྡན་པས་བཤགས་པ་བྱས་ལ། སྐོངབསྐང་རྫས་བྱིན་གྱིས་བརླབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས། བྷཱུཾ་ལས་གནས་ཁང་དུར་ཁྲོད་དྲག་པོའ་བཀོད་པ་འཇིགས་སུ་རུང་བ་དང་ལྡན་པའི་དབུས་སུ། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི། ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་མཆོད་རྫས་སྐོངབསྐང་རྫས་ལ་སོགས་པ་དགྱེས་ཤིང་མཐུན་པའི་རྫས་མ་ཚང་བ་མེད་ཅིང་ཕུན་སུམ་ཚོགས་པ། ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་དགྱེས་པ་སྐོང་བའི་བྱེད་ལས་དང་ལྡན་པའི་དམ་ཚིག་གི་མཆོད་སྤྲིན་ཚད་མེད་པས་ནམ་མཁའི་ཁམས་རྒྱས་པར་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། ༀ་བཛྲ་སྤ་ར་ཎ་ཁཾ། ཧཱུྃ། སྤྱན་རས་གཟིགས་དབང་ཐུགས་རྗེས་ཁྲོས་པའི་གར། །མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་དང་བཅས། །ཐུགས་དམ་བསྐང་ཕྱིར་དད་པས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་འདིར་གཤེགས་བརྟན་པར་བཞུགས། །མཆོག་གསུམ་རྩ་གསུམ་སྔགས་རྒྱ་ཏིང་ངེ་འཛིན། །ཆོས་ཉིད་རྟེན་འབྲེལ་བསླུ་མེད་བདེན་པ་ཡིས། །མཆོད་པའི་དམ་རྫས་ཞིང་ཁམས་ཀུན་ཁྱབ་པས། །མགོན་པོ་འཁོར་བཅས་དགྱེས་པ་སྐོང་གྱུར་ཅིག །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་མཆོག་ཞལ་ཟས་རོལ་མོའ་སྒྲ། །གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་ཀྱིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །རི་རབ་གླིང་བཞི་ཉི་ཟླ་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་
༦༠༦ བརྒྱད་དང་དཔག་བསམ་ཤིང་། །ཡིད་བཞིན་ནོར་སོགས་སྲིད་གསུམ་དཔལ་འབྱོར་གྱིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །འཇའ་འོད་མེ་ཏོག་ཆར་དང་ནོར་བུའི་སྤྲིན། །རིན་ཆེན་རི་བོ་མ་རྨོས་ལོ་ཏོག་འབྲུ། །ཁྲུས་རྫིང་སྐྱེད་ཚལ་འདོད་འཇོའ་བ་མོ་ཡིས། །ཡེ་ཤེས་མགོན་པོ །སྣ་ཚོགས་གཟུགས་དང་སྣ་ཚོགས་སྒྲ་དབྱངས་དང་། །སྣ་ཚོགས་དྲི་དང་སྦྱར་བའི་བདེ་བསྐྱེད་ཆབ། །བཅུད་ལྡན་བཟའ་བཏུང་རེག་འཇམ་གོས་མཆོག་གིས། །ཡེ་ཤེས་མགོན་པོ །འཇིགས་རུང་དུར་ཁྲོད་དྲག་པོའ་ཕོ་བྲང་བཀོད། །གཡང་གཞིའི་བླ་བྲེ་རྒྱུ་རློན་ལྡ་ལྡི་འཕྱང་། །ཞིང་ཆེན་རྒྱལ་མཚན་རོ་སྐྲའི་རྔ་ཡབ་ཀྱིས། །ཡེ་ཤེས་མགོན་པོ །སྙིང་ཁྲག་ཨརྒྷཾ་དུག་ཆུའི་ཞབས་བསིལ་དང་། །དབང་པོའ་མེ་ཏོག་བམ་ཆེན་བསྲེགས་པའི་གསུར། །ཞུན་ཆེན་སྣང་གསལ་ཁྲག་མཁྲིས་ཞག་གི་ཆབ། །ཡེ་ཤེས་མགོན་པོ །ཤ་རུས་དོན་སྙིང་བ་ལིཾ་རི་ལྟར་སྤུངས། །འབྲུ་བཅུད་དང་སྦྱར་བདུད་རྩིའི་རྒྱ་མཚོ་བསྐྱིལ། །བསད་ཁྲག་རྦ་རླབས་དགུང་དུ་འཆེལ་བ་ཡིས། །ཡེ་ཤེས་མགོན་པོ །ཐོད་རྔ་རྐང་གླིང་རྔ་རོལ་སྙན་བརྗིད་དབྱངས། །གུ་གུལ་ཤ་ཆེན་དུག་ཡུངས་བསྲེགས་པའི་སྤོས། །དར་ནག་བ་དན་མི་ལྤགས་གཡབ་མོ་ཡིས། །ཡེ་ཤེས་མགོན་པོ །བྱ་ནག་རྟ་ནག་དྲེལ་ནག་དོམ་ནག་དང་། །གཡག་ནག་ལུག་ནག་ཁྱི་ནག་བཅུ་གསུམ་སོགས། །སྣ་ཚོགས་རྒྱན་སྤྲས་ཕྱི་ཡི་རྟེན་རྣམས་ཀྱིས། །ཡེ་ཤེས་མགོན་པོ །མེ་ལོང་དར་ནག་སྔགས་བྱང་བཏགས་པའི་མདའ། །བྱ་རྒོད་སྒྲོ་དང་གྲི་ལྕགས་མདེའུས་སྤྲས། །རྣལ་བུའི་རྒྱལ་མཚན་ལ་སོགས་ནང་རྟེན་གྱིས། །ཡེ་ཤེས་མགོན་པོ །སྲོག་སྔགས་སྨན་འབྲུ་རིན་ཆེན་དར་ཟབ་ཀྱིས། །ལེགལེགས་པར་བཀང་བའི་གྲི་རྒོད་ཙིཏྟ་དང་། །ནལ་བུ་དོམ་ནག་སྙིང་སོགས་གསང་རྟེན་གྱིས། །ཡེ་ཤེས་མགོན་པོ །མཁའ་སྤྱོད་དགའ་མའི་ཆོས་འཁོར་ཐབས་ཤེས་ཀྱི། །བྷ་གར་རང་སེམས་བླ་མ་དབྱེར་མེད་པ། །སྣང་སྟོང་སྐུ་ལ་མི་ཕྱེད་གདུང་ཤུགས་ཀྱིས། །ཡེ་ཤེས་མགོན་པོ །བསྐྱེད་རིམ་ལྷ་བསྒོམ་བྲིས་འབུར་སྐུ་ཡི་རྟེན། །རླུང་
༦༠༧ སྔགས་བཟླས་པ་སྲོག་འཁོར་གསུང་གི་རྟེན། །ཕྱག་རྒྱ་ཏིང་འཛིན་ཕྱག་མཚན་ཐུགས་ཀྱི་རྟེན། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །བྷནྡྷ་ཞཱ་ནག་བེར་ཕོད་ཡོན་ཏན་རྟེན། །ཞི་རྒྱས་དབང་དྲག་ལས་སྦྱོར་ཕྲིན་ལས་རྟེན། །དྲག་པོའ་རུ་མཚོན་ཆས་ཞུགས་གར་འཆམས་ཀྱིས། །ཡེ་ཤེས་མགོན་པོ །གླང་ཀོ་སྟག་ལྤགས་ཞིང་ཆེན་གཡང་གཞི་དང་། །ཐོད་ཕྲེང་དོ་ཤལ་ཕྱག་རྒྱ་རྣམ་པ་དྲུག །སྤྲུལ་ཆུན་སིནྡྷུ་ར་ཡི་བྱུགས་པ་ཡིས། །ཡེ་ཤེས་མགོན་པོ །གོ་མཆོནམཚོན་སྣ་ཚོགས་རྒྱན་གྱི་བྱེ་བྲག་དང་། །སྤྱན་གཟིགས་དཀོར་ཆ་བསམ་གྱིས་མི་ཁྱབ་པ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡིས། །ཡེ་ཤེས་མགོན་པོ །བླ་མེད་བྱང་ཆུབ་བསྙེན་ཅིང་སྒྲུབ་པ་དང་། །ལས་བཞིའི་འཁྲུལའཕྲུལ་འཁོར་སྲུང་བཟློག་དྲག་ཤུལ་གྱི། །མངོན་སྤྱོད་རིག་སྔགས་དམོད་པའི་སྦྱོར་བ་ཡིས། །ཡེ་ཤེས་མགོན་པོ །བཅུ་དྲུག་རིག་མའི་དགའ་བཞིའི་རོལ་རྩེད་དང་། །དུག་གསུམ་ཁམས་གསུམ་རྩད་ནས་བཅད་པ་ཡི། །སྦྱོར་སྒྲོལ་ག་ཎ་ཙཀྲའི་གསང་པ་ཡིས། །ཡེ་ཤེས་མགོན་པོ །འབར་འཛག་བདེ་ཆེན་འཁོར་འདས་སྒྱུ་མའི་ངང་། །སྤྲོས་བྲལ་འོད་གསལ་རང་ཤར་ལྷ་ཡི་སྐུ། །མཆོག་གི་ཕྱག་ཆེན་ཐུན་མོང་གྲུབ་བརྒྱད་ཀྱིས། །ཡེ་ཤེས་མགོན་པོ །རྟེན་སྒྲུབ་མཆོད་སྐོང་ཁྱད་པར་དམ་ཚིག་དང་། །སྲིད་ཞིའི་དཔལ་འབྱོར་བདེ་བའི་ཡོ་བྱད་ནི། །ཆོས་དབྱིངས་ནམ་མཁའི་མཐར་ཐུགས་ཡོངས་སུ་གང་། །ཡིད་ཆེས་མོས་གུས་རྩེ་གཅིག་གདུང་ཤུགས་ཀྱིས། །མྱུར་མཛད་ཡེ་ཤེས་མགོན་པོའ་ཐུགས་དམ་བསྐང་། །མགོན་པོ་ཡིད་བཞིན་ནོར་བུའི་ཐུགས་དམ་བསྐང་། །བློ་འཕེལ་དབང་གི་རྒྱལ་པོའ །ཚེ་བདག་སྣ་ཚོགས་མཁའ་འགྲོའི །མ་གཅིག་དཔལ་ལྡན་ལྷ་མོའ །གནོད་སྦྱིན་ཀྵེ་ཏྲ་པཱ་ལའི །དབང་ཕྱུག་ཛི་ན་མི་ཏྲའི །གཤེན་རྗེ་ཊཱ་ཀི་རཱ་ཛའི །བདུད་མགོན་ཏྲཀྴད་ནག་པོའ །གཙང་རིས་དཔལ་མགོན་བདུན་ཅུའི །བཀའ་སྡོད་དམ་ཅན་རྒྱ་མཚོའ །སྤྲུལ་པ་ཡང་སྤྲུལ་ཚོགས་ཀྱི །ཕོ་ཉ་ལས་བྱེད་རྣམས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་གཉེན་པོ་དབྱིངས་སུ་
༦༠༨ བསྐངས་ནས་ཀྱང་། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི་།ཆགས་ཉམས་འགལ་འཁྲུལ་བྱང་ཞིང་སོར་ཆུད་ནས། །ལས་དང་དངོས་གྲུབ་ཐོགས་པ་མེད་པར་སྩོལ། །ཆོས་འཁོར་དབེན་གནས་རྣལ་འབྱོར་འཁོར་བཅས་སྐྱོངས། །ཕྱི་ནང་གསང་བའི་འགལ་རྐྱེན་ཐམས་ཅད་སོལ། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་ཟློག །འདི་ཕྱི་བར་དོའ་འཇིགས་པ་ཀུན་ལས་སྐྱོབས། །མི་ནོར་ཟས་གསུམ་བཤད་སྒྲུབ་འདུ་བ་སྤེལ། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་ཀྱི། །བསྟན་པ་ཡར་ངོའ་ཟླ་བཞིན་རྒྱས་མཛད་གསོལ། །ཐུགས་བསྐྱེད་ཐུགས་དམ་གཉན་པོ་མ་བསྙེལ་བར། །མོས་པའི་བུ་ལ་རྟག་ཏུ་ཐུགས་རྗེས་གཟིགས། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པ་དང་། །འདོད་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཡང་ཚར་གྲངས་གསོག་བདེར་ལྟ་བུར་དེ་ལས་བསྡུས་པར་འདོད་ན་ཆགས་མེད་རིན་པོ་ཆེས་མཛད་པ་འདི་ལྟར་བྱ་སྟེ། ཧཱུྃ། མྱུར་མཛད་མགོན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བདག་གིས་བསྐང་། །ཉམས་ཆགས་བསྐང་ལ་ཞིག་རལ་གསོ། །གནོང་འགྱོད་སེམས་མཁོནའཁོན་ཐམས་ཅད་སྦྱང་། །གནམ་ལྕགས་རྭ་དང་གློག་གི་ལྕེ། །སྤྲིན་ནག་འཁྲུགས་འདྲའི་སྤུ་ཞོལ་ཅན། །གཡག་ལུག་དར་སྣས་བརྒྱན་པ་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །སྨྱུག་ལྡེམས་བྱ་རྒོད་སྒྲོ་ཡིས་བརྒྱན། །གནམ་ལྕགས་ངར་མའི་མདེལ་གྱིས་མཐུད། །དར་ནག་ཅོད་པན་གཡོ་བ་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །བསྟན་ལ་སྡང་བའི་དགྲ་བོ་ཡི། །དོན་སྙིང་ལག་གིས་དམར་འབྱིན་བྱས། །རིན་ཆེན་འབྲུ་སྨན་སྙིང་པོས་བཀང་། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །དཀོན་མཆོག་གསུམ་དངོས་བླ་མ་དང་། །དབྱེར་མེད་མྱུར་མཛད་མགོན་པོ་ལ། །ཡིད་ཆེས་དྲག་པོའ་ངེས་ཤེས་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །དམར་ཆེན་གཏོར་མ་རི་ལྟར་སྤུངས། །ཆང་དང་རཀྟ་མཚོ་ལྟར་བསྐྱིལ། །དངོས་འབྱོར་ཡིད་སྤྲུལ་དཔག་མེད་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །ཁྱེད་ཀྱི་ཐུགས་དམ་ངས་བསྐང་
༦༠༩ གིས། བཅོལ་བའི་ལས་རྣམས་ཁྱོད་ཀྱིས་སྒྲུབས། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །འབོད་པའི་ཚེ་ན་སྙན་མ་སྲ། །སྒྲུབ་པའི་ཚེ་ན་གོང་མ་གཡེལ། །གཡབ་པའི་ཚེ་ན་སྤྱན་མ་རྡུལབརྟུལ། །མངགས་པའི་ཚེ་ན་བང་མ་བུལ། །ཇོ་བོར་བསྟེན་ནོ་དབང་མ་ཆེ། །གྲོགས་པོར་བསྟེན་ན་གཞུང་མ་ངན། །ཤག་ལྟར་བསྟེན་ན་ཁྲེལ་མ་ཆུང་། །མ་ལྟར་བསྟེན་ན་སྙིང་མ་སྲ། །སྲིང་ལྟར་བསྟེན་ན་ཞེ་མ་དནངན། །བྲན་ལྟར་བསྟེན་ན་སྙིང་མ་རིང་། །སྔར་བྱས་ལས་ཀྱི་བཏངགཏང་རག་གཏོང་། །ད་ལྟ་ལས་ཀྱི་གཉེར་ཟས་འདྲེན། །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམ་འབུལ། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །དེ་ནས་བཤགས་པ་ནི། ཧཱུྃ། མགོན་པོ་འཁོར་བཅས་སྤྱན་སྔ་རུ། །བདག་གིས་བག་མེད་དབང་གྱུར་བས། །རྟེན་རྫས་མ་ཚང་མཆོད་ཚོགས་ཆུང་། །བསྐྱེད་རིམ་མ་གསལ་སྔགས་མ་དག །རྗེན་འཐག་སྤོས་སྦྱོར་མ་འཛོམ་དང་། །བྱ་ཁྱི་ནག་པོར་འཚེ་བ་སོགས། །ཉེས་པ་གང་མཆིས་ཐམས་ཅད་བཤགས། །མི་བསྒྲིབས་ཚངས་པའི་དངོས་གྲུབ་སྩོལ། །འདིའི་ལུགས་སུ་མན་ངག་གི་ཡིག་བརྒྱའང་བཟླ་བར་གསུངས། སངས་རྒྱས་གཉན་སྟོན་གྱིས་མཛད་པར་གྲགས་པའི་སྐོང་བ་དེ་ནི་གཉན་སྟོན་གྱི་གསུང་དུ་མི་སྣང་ལ་གྲོང་སྔགས་པ་མི་མཁས་པ་རྙིང་མའི་ཚིག་རྣ་བར་ཐོས་བཞིག་གི་ལས་སུ་དོགས། མཁས་གྲུབ་རྗེའི་གཏོར་ཆོག་ཏུ་བཀོད་པ་འདིའང་རྗེ་ཡབ་སྲས་གང་རུང་གི་གསུང་ལས་ཤངས་ལུགས་ཀྱི་ཡིག་རྙིང་ནི་མ་ཡིན་ཅིང་ཚིག་ཚོགས་ཅུང་མང་བས་འདིར་ཁྱེར་བདེར་བྱས་པའོ། །དེ་དག་གོང་གི་མཐར་ཡང་དམིགས་བསལ་དགོས་པ་དང་འབྲེལ་ན་བསྟོད་བསྐུལ་ཟློག་པ་དང་འབྲེལ་བ་འདིའང་བྱ་སྟེ། ཧཱུྃ། ས་བཅུའི་དབང་ཕྱུག་མགོན་པོ་ནི། །གནས་ལ་ངེས་པ་མ་མཆིས་ཀྱང་། །སེམས་ཅན་སོ་སོའ་སྣང་ངོ་ལ། །རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ངོས། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བའི་གནས་མཆོག་ན། །གཤིན་རྗེའི་ངར་སྐད་དི་རི་རི། །མ་མོའ་བཤུགས་གླུ་ཀྱུ་རུ་རུ། །རཀྟའི་རྒྱ་མཚོ་ཆི་ལི་ལི། །ཚིལ་ཆེན་ཞུན་མར་ལྷབས་སེ་ལྷབ། །གསུར་ཆེན་དུད་པ་ཆི་ལི་ལི། །ཕོ་
༦༡༠ བདུད་བྲོ་བརྡུང་ཆེམས་སེ་ཆེམ། །མོ་བདུད་ཤོན་སྐོར་སྒོ་རོ་རོ། །མི་རྐང་གླིང་བུ་ཀྱུ་རུ་རུ། །གཅན་གཟན་ངར་སྐད་འུ་རུ་རུ། །གློག་ཆེན་འབར་བ་ཁྱུགས་སེ་ཁྱུག །འབྲུག་སྒྲ་དྲག་པོ་ཆེམས་སེ་ཆེམ། །གནམ་ལྕགས་སེར་ཆེན་ཤ་ར་ར། །བདུད་དང་སྲིན་པོའ་ཚོགས་རྣམས་ཀྱི། །འཇིགས་པའི་གད་མོས་ས་གཞིག་ཡོ། །དེ་ལྟའི་གནས་མཆོག་དམ་པ་ན། །ཞལ་གཅིག་ཕྱག་དྲུག་འཇིགས་པའི་སྐུ། །ཞལ་གདངས་ལྗགས་འདྲིལ་རྐན་རྡེབ་ཅིང་། །སྤྱན་གསུམ་དུས་མཐའི་མེ་ལྟར་འབར། །རྔམས་ཤིང་བརྗིད་ལ་ཡན་ལག་རགས། །དྲག་པོའ་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག །ལྷུན་པོ་ལྟར་བརྗིད་མིག་སྨན་མདོག །ཀྵིཾ་ཀྵིཾ་འཇིགས་པའི་བཞད་སྒྲ་ཅན། །གྲི་གུག་ཐོད་ཕྲེང་ཅང་ཏེའུ་འཁྲོལ། །ཐོད་ཁྲག་རྩེ་གསུམ་ཞགས་པ་འཛིན། །གར་མཛད་དྲིལ་བུའི་སྒྲ་སྒྲོག་པ། །ཡུམ་གཅིག་མ་མོ་ཀུན་གྱི་བདག །སྲོག་གཅོད་ཤན་པ་གནོད་སྦྱིན་བཞི། །ཕྱོགས་སྐྱོང་དཔལ་མགོན་བདུན་ཅུའི་ཚོགས། །དམ་ཅན་རྒྱ་མཚོ་འཁོར་དང་བཅས། །འདིར་སྤྱོན་མཐུན་པའི་དས་རྫས་བཞེས། །ཧཱུྃ་འཇམ་པའི་དབྱངས་ཀྱིས་མཚན་བཏགས་པ། །མཐུ་ཆེན་ལོག་འདྲེན་རྣམས་ཀྱི་གཤེད། །ཕྱག་ན་རྡོ་རྗེས་མཚན་བཏགས་པ། །ནག་པོ་ཀླུ་འདུལ་ཆེན་པོ་སྟེ། །གཤིན་རྗེའི་གཤེད་པོས་མཚན་བཏགས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་བདག །གསང་བའི་མཚན་ནས་འབོད་ཀྱིས་སྤྱོན། །བོས་པའི་ཚེ་ན་སྙན་མ་སྲ། །གཡབས་པའི་ཚེ་ན་སྤྱན་མ་བརྟུལ། །བསྐུལ་བའི་ཚེ་ན་བང་མ་བུལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །བསྐང་བའི་ཚེ་ན་ཐུགས་མ་གཡེལ། །གསོལ་བཏབ་ཚེ་ན་སྙིང་མ་རིང་། །གཙང་ཞིང་ཚང་ལ་མ་ཉམས་པ། །དགྱེས་པའི་དམ་རྫས་རྒྱ་མཚོ་འདིས། །དོ་ནུབ་འཁོར་བཅས་ཐུགས་དམ་བསྐང་། །ཉམས་ཆགས་ཅི་མཆིས་བཤགས་པར་བགྱི། །སྔར་བཅོལ་ལེགས་པའི་གཏང་རག་གཏོང་། །ད་འཆོལ་ལས་ཀྱི་རྟེན་དུ་འབུལ། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཧཱུྃ། ཁྱེད་ལ་ཞུ་ཞིང་གསོལ་བ་ནི། །བླ་མ་དམ་
༦༡༡ པའི་སྐུ་ཡི་དགྲ། །བསྟན་བཤིག་དམ་ཉམས་དགྲ་བོ་དང་། །བདུད་ཀྱི་རིགས་གྱུར་ནག་པོའ་ཕྱོགས། །བར་དུ་གཅོད་པའི་བགེགས་རྣམས་ཀྱིས། །དཀྱིལ་འཁོར་གཉེན་པོ་དྲལ་བ་སྟེ། །ཐུབ་པའི་བསྟན་པ་བཤིག་པ་སྟེ། །རྣལ་འབྱོར་བཤད་སྒྲུབ་གེགས་བྱེད་ཅིང་། །ཆོས་འཁོར་གཉན་པོ་བཤིག་པ་སྟེ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས། །མི་ནོར་དགེ་འདུན་བཅས་པ་རྣམས། །བཅོལ་ལོ་ལྟོས་སོ་མཐུ་མ་ཆུང་། །ཉིན་གསུམ་བྱ་ར་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་མ་གཡེལ་ཞིག །འགལ་རྐྱེན་ཟློག་ལ་མཐུན་རྐྱེན་སྒྲུབས། །ཧཱུྃ། དམ་ཉམས་དགྲ་དང་བགེགས་རྣམས་ཀྱི། །མཐུ་དང་རྫུ་འཕྲུལ་ཉམས་པར་གྱིས། །རྒྱབ་བརྟེན་ལྷ་དང་མྱུར་དུཏུ་ཁྲོལ། །མཛའ་བོ་ཀུན་དང་རྣམ་པར་ཕྱེས། །ཁོང་ནས་སྙིང་བྱུང་སྲོག་རྩ་ཆོད། །རིགས་བརྒྱུད་རྩད་ནས་ཆོད་ལ་ཤོག །ཉེས་ཅན་ལྟོས་ལ་ཤོར་ར་རེ། །རྟགས་ཕྱུངས་མཚན་མ་མྱུར་དུ་སྟོན། །གདུག་ཅིང་སྡང་བའི་དགྲ་བོ་འདིས། །བླ་མ་དམ་པའི་སྐུ་དགྲ་བྱས། །རྡོ་རྗེའི་ཐེག་པ་སུན་འབྱིན་ཅིང་། །དགེ་འདུན་སྡེ་རྣམས་དཀྲུག་ཅིང་འཇོམས། །སྡོམ་བརྩོན་ཀུན་ལ་བརྙས་ཤིང་སྨོད། །སྐྱེ་བོ་ཡོངས་ལ་གནོད་ཅིང་འཚེ། །རྣལ་འབྱོར་ལྷ་མེད་ཟེར་ནས་བརྙས། །ལྟ་ཁྱོད་མཐུ་མེད་ཟེར་ནས་སྨོད། །བསྟན་པའི་དགྲ་བོར་གྱུར་པ་འདི། །ལོ་དང་ཟླ་བར་མ་བཞག་པར། །ཡ་མ་རཱ་ཛའི་ཞལ་དུ་ཐོབ། །གཤོག་པ་ཅན་གྱིས་མཐའ་ནས་ཆུམས། །སྡེར་མོ་ཅན་གྱིས་སྙིང་ནས་དྲོངས། །མཆེ་བ་ཅན་གྱིས་ཀླད་ནས་ཕུག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །མུན་པ་ནག་པོས་མདུན་ནས་བསུས། །ཊཱ་ཀྐི་རཱ་ཛས་གཡས་ནས་ཆུམས། ཚོགས་བདག་གླང་སྣས་གཡོན་ནས་ཆུམས། །གནམ་གྱི་འཇུ་ཐག་ཆོད་ལ་ཤོག །ས་ཡི་ལྟེ་ཕུར་ཐོན་ལ་ཤོག །དོན་སྙིང་ལྔ་པོ་ཕྱུང་ལ་ཤོག །ཁ་ནས་ཁོང་ཁྲག་སྐྱུག་ཏུ་ཆུག །ལྟས་ངན་བརྒྱད་ཅུ་རྩ་བཞི་ཐོང་། །བདུད་ཀྱི་སྒོ་བྲོ་བརྡུང་དུ་ཆུག །བཙན་གྱི་ཞགས་པ་འདེབས་སུ་ཆུག །མ་མོའ་དལ་ཡམས་དགྲ་ལ་
༦༡༢ ཐོང་། །བསྟན་པའི་དགྲ་བོར་གྱུར་པ་འདི། །ཁྲམ་ལ་བབས་ཀྱིས་ཁྲམ་ལ་ཐོབ། །ཤོ་ལ་བབ་ཀྱི་ཤོ་ཕྱེ་ཞིག །དམ་ཉམས་ལས་ངན་སྡིག་ཅན་འདི། །ལོ་དང་ཟླ་བར་མ་བཞག་པར། །རྟགས་དང་མཚན་མ་མྱུར་དུཏུ་སྟོན། །བཅོལ་པའི་ལས་འདི་མ་བྱས་ན། །དུས་གསུམ་རྒྱལ་བའི་བཀའ་ཡང་བཅག །ཕྱི་རབས་སྔགས་འཆང་སུན་ཡང་ཕྱུང་། །རིག་འཛིན་བདག་གི་རེ་བ་བཅད། །སྔོན་གྱི་ཐུགས་དམ་གཉན་པོ་ཉམས། །རྩ་བརྒྱུད་བླ་མའི་དམ་ཚིག་འགལ། །ཐུབ་པའི་བསྟན་སྲུང་མིང་ཙམ་གྱུར། །དེ་བས་དམ་ལ་མ་འདའ་བར། །མཐུན་པའི་དམ་རྫས་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པས་བསྐུལ། །ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ལྷ་ཆེན་མགོན་པོ་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་ངན་པ་དང་། །འཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །འབྱུང་པོས་ཐོད་ཟོར་འཕེན་པ་ཟློག །གཤིན་རྗེས་འཁོར་ལོས་བསྐོར་བ་ཟློག །བདུད་ཀྱིས་ཁྲམ་ཁ་བསྟན་པ །མ་མོས་ཁྲག་ཟོར །ཞང་ཞུང་ཛོ་དམར །སུམ་པས་གླང་ཟོར །བནྡེས་སྔགས་ཟོར །བོན་པོས་བརྡ་ཟོར །སྔགས་པས་ཀོང་ཟོར །སྐྱེས་པས་མདའ་ཟོར །བུད་མེད་དམོད་ཟོར །མུ་སྟེགས་བར་ཆད་བྱེད་པ །ངན་སྔགས་གདུག་པའི་རྦོད་གཏོང །ཀླུ་ཡིས་བྱད་དུ་བཅུག་པ །ཐེའུ་རང་སྲིས་ལ་རྐུ་བ །རྒྱལ་པོས་སྨྱོ་འབོག་གཏོང་བ །དྲང་སྲོང་གཟའ་ཡི་ཀིང་ཀང །ལྟས་ངན་བརྒྱད་ཅུ་རྩ་བཞི །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ །རྨི་ལམ་ངན་དང་མཚན་མ་ངན། །ལོ་ཀེགས་ཟླ་ཀེགས་ཞག་ཀགས་དང་། །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །མཁའ་འགྲོ་མ་དང་རོ་ལངས་དང་། །རྒྱལ་བསེན་བར་ཆད་བྱེད་པ་ཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། །ཞེས་སོ། །དེ་ནས་གནད་གསུམ་པ་མཁའ་འགྲོ་དབང་སྡུད་ནི་གཞུང་གསལ་ལྟར་ལ། །གནད་དབབ་ནི་རྒྱུན་ཏུ་མི་བྱ་ཞིང་
༦༡༣ དགོས་པ་བྱུང་ན་འདི་དང་གོང་གི་གནད་གཉིས་པོའ་མན་ངག་ཐུན་མོང་མ་ཡིན་པ་རྣམས་ཀྱང་གུད་དུ་ཤེས་པར་བྱའོ། །སྙིང་པོའ་བཟླས་དམིགས་གཞུང་གསལ་ལྟར་ལ། རྩ་སྔགས་བཟླ་བའི་ཚེ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་ཏེ་མགོན་པོའ་ཐུགས་ཀའི་ཧཱུྃ་ལ་ཕོག་པས། མགོན་པོ་ཁྲོས་འཁྲུགས་རྔམས་པས་ཞབས་ས་ལ་རྡེབས་ཅིང་ཞལ་ནས་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོག །ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་འཁོར་རྣམས་ལ་སྤྱན་ཧྲིག་ཧྲིག་གཟིགས་པས། འཁོར་རྣམས་རང་དབང་མེད་པར་ཁྲོས་འཁྲུགས་ཏེ་རང་རང་དང་འདྲ་བའི་སྤྲུལ་པ་འཁོར་དང་བཅས་པ་དཔག་ཏུ་མེད་པ་ཕྱོགས་བཅུར་སོང་བས་བདག་ཅག་དཔོན་སློབ་སོགས་ཀྱི་ཆོས་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་བསམ་ལ་ཤཱ་ས་ན་བཟླ། འཁོར་རྣམས་རང་རང་གི་ཐུགས་ཀར་ཉི་མའི་སྟེང་དུ་རང་རང་གི་ས་བོན་བསྒོམ། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་ཏེ། དེ་དག་ལ་ཕོག་པས། དེ་དང་དེའི་ཐུགས་རྒྱུད་བསྐུལ་བར་བསམས་ལ་སོ་སོའ་སྔགས་བཟླ། བཟླས་པ་གྲུབ་ནས་གཏོར་མ་འབུལ་བའི་ཐོག་མར་སྔར་བྱིན་རླབས་མ་ཟིན་ན་ཆང་དང་། ཆུ་དང་། བྱིན་གྱིས་བརླབ་པའི་ནང་མཆོད་ཀྱིས་རིམ་པར་བྲན་ནས་བྱིན་རླབས་བྱས་ལ། ན་མོ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་མ་གཡེལ་ཞིག །མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི་མ་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་མ །དབང་ཕྱུག་ཛི་ན་མི་ཏྲ་མ །གཤིན་རྗེ་ཊཱ་ཀྐི་རཱ་ཛ་མ །བདུད་མགོན་ཏྲཀྴད་ནག་པོ་མ །གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་མ །བཀའ་སྡོད་དམ་ཅན་རྒྱ་མཚོ་མ །བསྒྲུབས་བསྒྲུབས་བསྟེན་བསྟེན་པ་རྣམས་མ །སློབ་དཔོན་བརྒྱུད་པའི་སྲུང་མ །བར་ཆད་བསྲུང་བའི་དུས་ལ་བབ་ཀྱིས་མ །དགྲ་བགེགས་སྒྲོལ་བའི་དུས་ལ་བབ་ཀྱིས་མ །དངོས་གྲུབ་སྩོལ་བའི་དུས་ལ་བབ་ཀྱིས་མ་གཡེལ་ཞིག །མགོན་པོ་འཁོར་དང་བཅས་པའི་ལྗགས་སོགས་གཞུང་ལྟར་ལ་དམིགས་པ་དང་བཅས་པས་ཧཱུྃ་རིང་པོ་དྲུག་བརྗོད་ལ་སོ་སོའ་གཏོར་སྔགས་ཀྱིས་འབུལ། ཨརྒྷཾ་སོགས་དང་། །སོ་སོའ་སྔགས་ལ་ༀ་ཨཱཿཧཱུྃ་
༦༡༤ བཏགས་པས་ནང་མཆོད་ཕུལ། །གཙང་ཞིང་གཙང་མར་སྦྱར་བའི་མཆོད་སྦྱིན་གྱི་གཏོར་མ་རྒྱན་དམ་པ་དང་ལྡན་པ། དྲི་དམ་པ་དང་ལྡན་པ། རོ་དམ་པ་དང་ལྡན་པ། རེག་བྱ་དམ་པ་དང་ལྡན་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། །དཔལ་མ་ཧཱ་ཀཱ་ལ། མགོན་པོ་ལེགས་ལྡན་ནག་པོ། བདུད་གཅོད་ཀྱི་སྐྱེས་བུ། བདུད་འདུལ་གྱི་དམག་དཔོན། སྲིན་པོ་ལངྐ་བུ་རིའི་གྲོང་ཁྱེར་སུམ་བརྩེགས་བརླག་པར་བྱེད་པ། རྣལ་འབྱོར་གྱི་དགྲ་ལྷ། རིག་འཛིན་གྱི་སྲུང་མ། བླ་མའི་བཀའ་སྲུང་། བསྟན་པའི་བྱ་ར་མཁན། ལེགས་ཉེས་ཀྱི་སྟངས་འཛིན། ཁྲོ་བོའ་གཟུགས་ཅན། ཟ་བྱེད་ཀྱི་ཤ་གདོང་ཅན། ཡེ་ཤེས་ཀྱི་སྤྱན་ལྡན། ཤ་ཟན་གྱི་གཙོ་བོ། ཁྲག་འཐུང་གི་རྒྱལ་པོ། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་མ། ནག་པོ་འབུམ་གྱི་འཁོར་གྱིས་བསྐོར་པ། ཤ་ཟ་བྱེ་བའི་འཁོར་གྱིས་བསྐོར་བ། གཡས་ནས་ཕོ་རྒྱུད་སྟོང་གི་འཁོར་གྱིས་བསྐོར་བ། གཡོན་ནས་མོ་རྒྱུད་སྟོང་གི་འཁོར་གྱིས་བསྐོར་བ། བཀའ་སྡོད་ལྷ་མོ་ནག་མོ་འཁོར་དང་བཅས་པ། གནོད་སྦྱིན་ཀྵེ་ཏྲ་པཱ་ལ །དབང་ཕྱུག་ཛི་ན་མི་ཏྲ །གཤིན་རྗེ་ཊཱ་ཀྐི་རཱ་ཛ །བདུད་མགོན་ཏྲཀྴད་ནག་པོ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ །བཀའ་སྡོད་དམ་ཅན་རྒྱ་མཚོའ་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གི་དབུ་འཕང་སྟོད་ཅིག །དགེ་འདུན་གྱི་ཆོས་འཁོར་སྐྱོངས་ཤིག །ཆོས་མི་ནུབ་པའི་རྒྱལ་མཚན་ཚུགས་ཤིག །ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་བར་དུ་གཅོད་པའི་དགྲ་གདོན་བགེགས་ཚོགས་ཐམས་ཅད་མྱུར་དུ་ཞི་ཞིང་མི་འབྱུང་བ་དང་། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་མངའ་ཐང་ཆོས་བརྒྱུད་ཉམས་རྟོགས་ལ་སོགས་པ་དར་ཞིང་རྒྱས་པ་དང་། འདི་ཕྱི་བར་དོའ་འཇིགས་པ་ཐམས་ཅད་ལས་སྐྱོབས་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩོལ་ཅིག །ཅེས་ཕྲིན་ལས་བཅོལ། ཡང་གཏོར་ཆེན་སོགས་ཀྱི་སྐབས་སུ།
༦༡༥ དཔལ་ལྡན་བླ་མ་དམ་པའི་སྐུ་ལ་བསྡོ་བ། རྡོ་རྗེ་ཐེག་པའི་གསང་བ་སུན་འབྱིན་པ། སངས་རྒྱས་བསྟན་པའི་དགྲ་བོར་གྱུར་པ། དཀོན་མཆོག་གི་དབུ་འཕངས་སྨོད་པ། དགེ་འདུན་གྱི་ཆོས་འཁོར་བཤིག་པ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། སྦྱོར་བ་ཕྱིན་ཅི་ལོག་བྱེད་པའི་འབྱུང་པོ་ལས་ངན་སྡིག་ཅན་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་བསམ་པ་ངན་པ་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག །གལ་ཏེ་དེ་དག་ཞི་བས་འདུལ་དུ་མ་འཚལ་བ་ལྟ་ན། བསད་པ་དང་། གཟིར་བ་དང་། བསྐྲད་པ་དང་། རེངས་པ་དང་། རྨུགས་ཤིང་ལྐུགས་པ་དང་། བསྡིགས་ཤིང་སྦ་བཀོང་བ་ལ་སོགས་པ་དྲག་པོའ་ལས་ཀྱིས་ཚར་བཅད་དེ་ཐལ་བརྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག །བླ་མ་མགོན་པོ་འཁོར་བཅས་ལ། བདག་གིས་མཆོད་གཏོར་ཕུལ་བ་ཡིས། དཀོན་མཆོག་དབུ་འཕངས་སྨོད་པ་དང་། ཐེག་པ་ཆེན་པོ་སུན་འབྱིན་དང་། བསྟན་པ་འཇིག་དང་དབྱེན་བྱེད་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། རྣལ་འབྱོར་བདག་ལ་སྡང་བ་རྣམས། དེ་དག་ནག་པོ་ཆེན་པོས་སྒྲོལ། །ཨ་མུ་ཀ་མཱ་ར་ཡ་ཕཊ། ཅེས་ཐལ་མོ་བརྡབ་བོ། །དེ་ནས་གཞུང་གི་བསྟོད་པ་མྱུར་མཛད་སྤྱན་རས་གཟིགས་ཀྱི་འཕྲོས་སུ་རྒྱས་པར་བྱ་བའམ། རེས་མོས་ལྟ་བུ་སྤྲོ་ན། ༀ་འགྲུབ་པར་གྱུར་ཅིག །དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་ནང་། །ཚང་ཚིང་འཁྲིགས་པ་ཙནྡན་ཆེན་པོའ་ཚལ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །བགེགས་ཆེན་བསྣོལ་བའི་གདན་ལ་རབ་ཏུ་བཞེངས། །མ་ཧཱ་ཀཱ་ལ་ཕྱག་དྲུག་བརྗིད་པའི་སྐུ། །སྐུ་ཡི་ཆ་ལུགས་མི་བཟད་འབར་བ་ལ། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན་པ་པོ། །གསུང་གི་ང་རོ་མི་བཟད་འབར་བ་ལ། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཡིས་སྟོང་གསུམ་འགེངས། །རྣམ་དག་ཐུགས་ནི་མི་བཟད་འབར་བ་ལ། །སྤྲོས་དང་བྲལ་ཡང་མཚན་མ་ཅིར་ཡང་སྟོན། །
༦༡༦ སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། །ཕྱག་དྲུག་གཡས་ཀྱི་དང་པོའ་གྲི་གུག་ནི། །ཉོན་མོངས་རྩད་ནས་གཅོད་ཅིང་དགྲ་ལ་འཕྱར། །ཕྲེང་བ་འཛིན་པས་སྐྱེ་འགྲོ་རྩིས་ལ་འདེབས། །ཌཱ་མ་རུ་ཡིས་མཁའ་འགྲོ་དབང་དུ་སྡུད། །འཇིག་རྟེན་འདས་པའི་གཙོ་ལ་ཕྱག་འཚལ་ལོ། །གཡོན་གྱི་དང་པོས་ཐོད་ཁྲག་བསྣམས་པ་ཡིས། །དགྲ་བགེགས་ཀླད་ཁྲག་ཞལ་དུ་གསོལ་བར་མཛད། །མདུང་རྩེ་གསུམ་པས་ཁམས་གསུམ་དབང་དུ་སྡུད། །ཞགས་པས་དམ་ཉམས་མ་ལུས་འཆིང་བར་བྱེད། །བྱིན་རླབས་དངོས་གྲུབ་སྟེར་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་ལ་འགྱུར་བ་མེད་རྟགས་སུ། །སྐུ་མདོག་མཐིང་ནག་རབ་ཏུ་འབར་བ་ལ། །ཁྲག་འཛག་ལྔ་བཅུ་རྩ་ལྔས་བརྒྱན་པ་བོ། །སྟག་གི་པགས་པ་སྦྲུལ་གྱི་ཆུན་པོས་མཛེས། །མ་ཧཱ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ། །བི་ནཱ་ཡ་ཀ་བསྣོལ་བའི་གདན་སྟེང་ན། །ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཆེན་ཐལ་བར་རློག །ཞལ་གདངས་མཆེ་བ་གཙིགས་ཤིང་རྔམས་པ་ཡིས། །དམ་ཉམས་ཁོང་ཁྲག་འདྲེན་ཅིང་ཞལ་དུ་གསོལ། །མཐུ་ཆེན་བགེགས་ཀྱི་གཤེད་ལ་ཕྱག་འཚལ་ལོ། །སྤྱན་གསུམ་མེ་ལྟར་འབར་ཞིང་བགྲད་པ་ཡིན། །ཁམས་གསུམ་དབང་དུ་སྡུད་ཅིང་རྩིས་ལ་འདེབས། །དབུ་སྐྲ་འབར་བ་བརྫེས་པའི་སྤྱི་བོ་ན། །མི་བསྐྱོད་རྒྱལ་པོས་རབ་ཏུ་བརྒྱན་པ་པོ། །དབང་བཞི་ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ། །ཧཱུྃ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། །མ་གཡེལ་མ་གཡེལ་དཔལ་ལྡན་ནག་པོ་ཆེ། །སྐྱོབས་པ་ཤཱཀྱ་སེང་གེའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་པའི། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །སྐྱེས་བུ་དམ་པ་བློ་དང་ལྡན་པ་ཡིས། །བསྟོད་པ་འདི་ཡིས་ལན་ཅིག་བསྟོད་བྱེད་ན། །ཕ་མ་བུ་ཚ་རྣམས་ལ་བརྩེ་བ་བཞིན། །ནག་པོ་ཆེན་པོས་རྟག་ཏུ་གྲོགས་མཛོད་ཅིག །ནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པའི་སྒྲ་སྒྲོགས་ཞེས་བྱ་བ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའོ། །
༦༡༧ བྷྱོ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །རླུང་ནག་འཚུབས་མར་འཚུབས་པའི་ཕོ་བྲང་ན། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏཱི། །སྐུ་མདོག་ནག་མོ་ཆར་སྤྲིན་ལྟ་བུ་ལ། །ཐོད་སྐམ་དབུ་བརྒྱན་སྙན་གཡས་སེང་གེ་འཕྱོ། །གཡོན་པ་སྦྲུལ་འཁྱིལ་སྦྲུལ་གྱི་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུགས་ཞལ་གདངས་མཆེ་བ་གཙིགས། །འཇིགས་བྱེད་ལྷ་མོ་ཁྱེད་ལ་བདག་བསྟོད་དོ། །གཡས་པ་རལ་གྲི་འབར་བས་དགྲ་སྲོག་གཅོད། །གཡོན་པ་ཐོད་རློན་དགྲ་བགེགས་སྙིང་ཁྲག་གསོལ། །སྐུ་སྟོད་ཞིང་ལྤགས་སྦྲུལ་ནག་སྐ་རགས་བཅིངས། །སྐུ་སྨད་གླང་ཆེན་ཀོ་རློན་རེ་ལྡེས་དཀྲིས། །སྟོང་གསུམ་བགྲོད་ཕྱིར་དྲེའུ་རྟ་རྐང་གསུམ་ཆིབས། །སྲིན་པོའ་ཡ་མགལ་སྔ་རུ་ཁྲམ་བམ་བཏགས། །གོང་སྨེད་སྦྲུལ་ནག་ནད་རྐྱལ་དགྲ་ལ་འཕྱོ། །མཆོད་གཏོར་འདི་བཞེས་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་བའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །བྷྱོ་བསྐལ་བའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་འཚུབས་མར་འཚུབས་པའི་ཕོ་བྲང་ན། །རྟ་ཁྲག་མི་ཁྲག་རྒྱ་མཚོའ་རྦ་ཀློང་འཁྲུགས། །དམ་ཉམས་དགྲ་བོ་བསྣོལ་བའི་གདན་སྟེང་ན། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟ་བུ་ལ། །དབུ་སྐྲ་ཁམས་སེར་རྨ་བྱའི་མདོངས་ཀྱིས་བརྒྱན། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ། །ཐོད་པས་དབུ་བརྒྱན་སྙན་གཡས་སེང་གེ་འཕྱོ། །སྙན་གཡོན་དྲིལ་འཁྲོལ་སྦྲུལ་ནག་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུགས་གློག་ལྟར་འཁྱུག་བྱེད་ཅིང་། །ཞལ་ནས་འཇིགས་པའི་འབྲུག་སྒྲ་ཆེམས་ཆེམས་སྒྲོག །དཔྲལ་བའི་དཀྱིལ་ནས་གནམ་ལྕགས་ཐོག་སེར་འབེབས། །ཤངས་ནས་ནད་ཀྱི་རླུང་ནག་སྤྲིན་ལྟར་འཚུབས། །འཇིགས་པའི་ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཞིང་། །ཨ་ལ་ལ་ཡི་གད་རྒྱངས་འབྲུག་ལྟར་སྒྲོག །སྟོང་གསུམ་འབྱུང་པོའ་ཚོགས་རྣམས་གཡོ་བར་བྱེད། །འཇིགས་བྱེད་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་རལ་གྲི་གྲི་གུག་དགྲ་
༦༡༨ སྲོག་གཅོད། །གཡོན་པས་རྒྱལ་མཚན་ཐོད་རློན་སྙིང་ཁྲག་གསོལ། །སྐུ་སྟོད་ཞིང་ལྤགས་སྦྲུལ་ནག་སྐ་རགས་ཅན། །སྐུ་སྨད་གླང་ཆེན་ཀོ་རློན་རེ་ལྡེས་དཀྲིས། །སྟོང་གསུམ་བགྲོད་ཕྱིར་དྲེའུ་རྟ་རྐང་གསུམ་ཆིབས། །སྲིན་པོའ་ཡ་མགལ་སྔ་རུ་ཁྲམ་བམ་བཏགས། །དགྲ་བགེགས་ཐམས་ཅད་ཁྲམ་ལ་འདེབས་པར་བྱེད། །ནད་ངན་སྣ་ཚོགས་རྐྱལ་བ་ཕྱི་ཤར་བཏགས། །དམ་ཉམས་དགྲ་བོ་གཏན་ནས་བརླག་པར་བྱེད། །སྦྲུལ་ནག་སྟོང་གི་ཆུན་པོས་གོང་སྨེད་བྱས། །བསྟན་པ་སྲུང་མཛད་བདུད་མོ་འབུམ་གྱིས་བསྐོར། །སྲོག་བདུད་ཆེན་མོས་དགྲ་བགེགས་སྒྲོལ་ལ་ཤོག །མི་ཏྲི་པས་ཞལ་གཟིགས་དུས་བསྟོད་པའོ། །བྷྱོ་རྣམ་དག་དབྱིངས་ལ་རང་བྱུང་དཔལ་འབར་མ། །བདུད་རྣམས་སྐྲག་མཛད་རབ་འཇིགས་གཟུགས་ཅན་མ། །དུར་ཁྲོད་ཆས་ཀྱིས་སྐུ་ལ་རབ་བརྒྱན་མ། །ཚད་མེད་ཕྱག་བཞིས་ཐོད་ཁྲག་མཚོན་འཛིན་མ། །ཐུགས་རྗེ་མྱུར་མཛད་དྲེའུ་ཆིབས་མཛད་མ། །བསྟན་པ་སྲུང་ཞིང་རྣལ་འབྱོར་སྐྱོང་མཛད་མ། །ལས་རྣམས་སྒྲུབ་ཅིང་བསྟན་དགྲ་ཚར་གཅོད་མ། །བསྟོད་ཅིང་གསོལ་འདེབས་བཅོལ་བའི་ཕྲིན་ལས་མཛོད། །བླ་མ་རཱ་ཧུ་ལས་རྒྱུད་འབུམ་ནས་བྱུང་བའོ། །བྷྱོ་དཀའ་བ་དང་དུ་བླངས་ནས་ཁྱོད་བསྒྲུབས་ན། །མ་གཡེལ་མ་གཡེལ་མ་གཅིག་རེ་མ་ཏི། །ལུས་སྲོག་འབནའབེན་དུ་བཅུགསབཙུགས་ནས་ཁྱོད་བསྒྲུབས་ན། །བསྟེན་པའི་ཚེ་ན་མ་གཅིག་སྙིང་མ་རིང་། །རཀྟ་མཚོ་ལྟར་བསྐྱིལ་ནས་ཁྱོད་བསྒྲུབས་ན། །བསྐུལ་བའི་ཚེ་ན་མ་གཅིག་བང་མ་བུལ། །གཏོར་མ་རི་ལྟར་སྤུངས་ནས་ཁྱོད་བསྒྲུབས་ན། །རྦད་བའི་ཚེ་ན་མ་གཅིག་མཐུ་མ་ཆུང་། ཁྱེད་ཀྱི་གཡོག་ནི་མི་སྲུན་གདུག་པ་ཅན། །ཆུ་སྲིན་གདོང་ཅན་དགྲ་བགེགས་སྒྲོལ་ལ་ཤོག །སླད་ཀྱི་རྗེས་འབྲང་སེང་གེའི་གདོང་པ་ཅན། །དམ་ཉམས་དགྲ་བོའ་སྲོག་རྩ་ཆོད་ལ་ཤོག །མ་གཅིག་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །མི་མཐུན་རྐྱེན་དང་བར་ཆད་ཟློག་པ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །མཻ་ཏྲི་བས་མཛད་པའོ། །དེ་ནས་འཁོར་གྱི་བསྟོད་པ་
༦༡༩ གཞུང་ལྟར་རམ། ཅུང་ཟད་རྒྱས་པར་སྤྲོ་ན། ཧཱུྃ་མགོན་པོའ་བཀའ་ཉན་ཕྱོགས་བཞིའི་ལས་བྱད་པ། །མཐུ་སྟོབས་རྫུ་འཕྲུལ་དྲག་རྩལ་བསམ་མི་ཁྱབ། །སྲིད་གསུམ་དྲེགས་པ་ཡོངས་ཀྱི་སྡེ་དཔོན་ཏེ། །བཀའ་སྡོད་ཆེན་པོ་འཁོར་དང་བཅས་ལ་བསྟོད། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་མུན་པའི་མདོག །གྲི་གུག་ཕྱར་ཞིང་ཐོད་ཁྲག་གཙོ་ལ་སྟོབས། །དོམ་ནག་སྨྱོན་པ་ཆིབས་ནས་སྟོང་གསུམ་བསྐོར། །དྲག་གཏུམ་བཟོད་པར་དཀའ་བ་ཁྱོད་ལ་བསྟོད། །དབང་ཕྱུག་ཛི་ན་མི་ཏྲ་མེ་ལྟར་འབར། །ཞལ་ནས་དུག་ཐུན་ཁྲག་གི་སེར་བ་འབེབས། །ཅང་ཏེའུ་འཁྲོལ་ཞིང་འཁོར་ལོའ་མཚོན་ཆ་འཕེན། །འཇིགས་བྱེད་སྲིན་པོའ་གཟུགས་ཅན་ཁྱོད་ལ་བསྟོད། །གཤིན་རྗེ་ཊཱ་ཀི་རཱ་ཛ་རྒྱུ་ཞགས་བསྡོགས། །ཧ་ལའི་མདོག་ཅན་སྡིགས་མཛུབ་བགེགས་ལ་རྔམས། །བལྟས་པ་ཙམ་གྱིས་དགྲ་བགེགས་སྲོག་སྙིང་འཕྲོག །མི་བཟད་གདུག་པ་ཀུན་འདུལ་ཁྱོད་ལ་བསྟོད། །བདུད་མགོན་ཏྲཀྴད་དུས་ཀྱི་མུན་པའི་མདངས། །རྩེ་གསུམ་སྣུན་ཅིང་ཐོད་སྙིང་ཞལ་དུ་གསོལ། །བེར་ནག་ཆས་ལྡན་རྟ་ནག་རྟིང་ཀར་ཆིབས། །ཁྲོ་རྔམས་ས་གསུམ་གཡོ་བ་ཁྱོད་ལ་བསྟོད། །གནོད་སྦྱིན་ལྷ་དང་གཤིན་རྗེ་བདུད་ཀྱི་དམག །མ་རུངས་འཇིགས་གཟུགས་མཚོན་ཆའི་ཆར་པ་འབེབས། །དམ་ལྡན་སྐྱོང་ཞིང་དམ་ཚིག་ཉམས་པའི་གཤེད། །རང་རང་རིས་མཐུན་འབུམ་གྱིས་བསྐོར་ལ་བསྟོད། །དཔལ་ལྡན་མགོན་པོའ་ཕྱི་འཁོར་ལས་བྱེད་གཙོ། །ཚངས་པ་འཁོར་ལོ་ཐོགས་ཤིང་ངང་པ་ཞོན། །བརྒྱ་བྱིན་གླང་ཆེན་སྟེང་གནས་རྡོ་རྗེ་བསྣམས། །མེ་ལྷ་ར་ཞོན་བགྲང་ཕྲེང་རིལ་བ་འཆང་། །གཤིན་རྗེ་མ་ཧེ་ཆིབས་ཤིང་ཞིང་དབྱུག་ཐོགས། །སྲིན་པོ་རལ་གྲི་ཕྱིར་ཞིང་རོ་ལངས་ཞོན། །ཆུ་ལྷ་ཆུ་སྲིན་སྟེང་དུ་སྦྲུལ་ཞགས་བསྡོགས། །རླུང་ལྷ་ཤ་བ་ལ་ཞོན་བ་དན་ཕྱར། །གནོད་སྦྱིན་རྟ་ཞོན་རིན་ཆེན་ནེའུ་ལེ་བཙིར། །དབང་ལྡན་རྩེ་གསུམ་ཐོགས་ཤིང་གླང་ལ་གནས། །ས་བདག་ཕག་ཞོན་གསེར་གྱི་བུམ་པ་འཛིན། །རང་འདྲའི་འཁོར་གཡོག་འབུམ་དང་བཅས་ལ་བསྟོད། །ལྷ་ཀླུ་གཟའ་དང་རྒྱུ་སྐར་ཉི་ཤུ་བརྒྱད།
༦༢༠ རྒྱལ་ཆེན་སྡེ་བཞི་འཇིགས་བྱེད་ཆེན་པོ་དགུ། །སྲིད་གསུམ་འབྱུང་པོ་དམ་ཅན་རྒྱ་མཚོའ་ཚོགས། །བསྟན་པ་སྲུང་ཞིང་སྒྲུབ་མཆོག་སྐྱོང་ལ་བསྟོད། །མཆོད་བསྟོད་གཏོར་མ་ཕུལ་བ་དགྱེས་བཞེས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དཔལ་ལྡན་བླ་མའི་སྐུ་ཚེ་སྲིང་བ་དང་། །རྣལ་འབྱོར་ཉམས་རྟོགས་ཡེ་ཤེས་འཕེལ་བར་མཛོད། །བསྟན་དང་འགྲོ་ལ་འཚེ་བའི་དགྲ་དང་བགེགས། །ཐམས་ཅད་དྲག་པོའ་ལས་ཀྱིས་ཚར་ཆོད་ལ། །འཁོར་དང་ལོངས་སྤྱོད་བཤད་སྒྲུབ་མཐུན་པའི་རྐྱེན། །ཐམས་ཅད་ཡར་ངོའ་ཟླ་བཞིན་འཕེལ་བར་མཛོད། །ཅེས་བསྟོད། སྐབས་འདིར་ཁྱད་པར་གྱི་དུས་ལ་སོགས་པར་མངའ་གསོལ་བར་བྱ་སྟེ། དེའི་འདོན་བྱ་རྒྱས་པ་ཁོ་བོས་ལོགས་སུ་བཀོད་པ་ལྟར་དང་། བསྡུ་ན་རྒྱས་ལྷ་ཁང་བ་བློ་གྲོས་སེང་གེས་མཛད་པ་ནི། ཧཱུྃ། རྡོ་རྗེ་འཆང་དངོས་བླ་མ་དང་། །དབྱེར་མེད་མགོན་པོ་མངའ་གསོལ་ལོ། །སྤྱན་རས་གཟིགས་དབང་ངོ་བོའ་ཕྱིར། །ཡི་དམ་མཆོག་ཏུ་མངའ་གསོལ་ལོ། །སྐུ་བཞི་མངོན་དུ་མཛད་པའི་ཕྱིར། །རྫོགས་སངས་རྒྱས་སུ་མངའ་གསོལ་ལོ། །ཐེག་ཆེན་དམ་ཆོས་ཐམས་ཅད་ཀྱི། །མངའ་བདག་ཆེན་པོར་མངའ་གསོལ་ལོ། །འཕགས་ཆོགསཚོགས་དགེ་འདུན་ཐམས་ཅད་ཀྱི། །གཙོ་བོ་ཆེན་པོར་མངའ་གསོལ་ལོ། །ཐུབ་དབང་བསྟན་པ་སྲུང་བའི་ཕྱིར། །ཆོས་སྐྱོང་ཆེན་པོར་མངའ་གསོལ་ལོ། །ལྷ་ཆེན་རྣམས་ཀྱི་གཙོ་བོའ་ཕྱིར། །ལེགས་ལྡན་ཆེན་པོར་མངའ་གསོལ་ལོ། །དྲག་པོའ་ལས་ལ་དབང་མཛད་ཕྱིར། །ནག་པོ་ཆེན་པོར་མངའ་གསོལ་ལོ། །གསང་སྔགས་རིག་འཛིན་ཐམས་ཅད་ཀྱི། །སྲུང་མ་ཆེན་པོར་མངའ་གསོལ་ལོ། །རྣལ་འབྱོར་དམ་ཚིག་ལྡན་རྣམས་ཀྱི། །དགྲ་ལྷ་ཆེན་པོར་མངའ་གསོལ་ལོ། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །མགོན་དང་སྐྱབས་སུ་མངའ་གསོལ་ལོ། །ཐུབ་པའི་དབང་པོའ་བསྟན་པ་སྲུང་། །རྣལ་འབྱོར་བདག་གི་ཕྲིན་ལས་མཛོད། །འགལ་རྐྱེན་ཟློག་ཅིང་མཐུན་རྐྱེན་སྒྲུབས། །མངའ་གསོལ་དོན་དང་ལྡན་པར་མཛོད། །དེ་ལྟར་མངའ་གསོལ་རྒྱས་བསྡུས་གང་བྱེད་ཀྱང་སྐུ་གཟི་མདངས་བསྐྱེད་པའི་དམིགས་པ་ནི། མགོན་པོའ་སྤྱི་བོར་ཧཱུྃ་མཐིང་ནག་ཁྲུ་གང་བ་གཟི་འོད་འབར་བ་ཞིག་བསྒོམ།
༦༢༡ དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་དང་གཟི་བྱིན་ཐམས་ཅད་འོད་ཟེར་གྱི་རྣམ་པས་བསྡུས་ཏེ་ཧཱུྃ་དེ་ལ་ཐིམ་པས་ཧཱུྃ་སྔོན་བས་ཆེ་ཞིང་གཟི་བརྗིད་འབར་བར་གྱུར་ཏེ་མགོན་པོའ་སྤྱི་བོ་ནས་ཐིམ་ཐུགས་ཀར་སླེབ་པ་དང་། ཁྲོ་བོ་གཤིན་རྗེ་གཤེད་རྡོ་རྗེ་འཇིགས་བྱེད་ནག་པོ་ཞལ་གསུམ་ཕྱག་དྲུག་པ་མ་ཧེ་དང་གཤིན་རྗེ་ཕོ་མོ་བརྫིས་པ་གཅིག་ཏུ་གྱུར་ཏེ་སྐུ་དེ་ཉིད་ཇེ་ཆེར་སོང་བ་དང་། །མགོན་པོ་ཡང་སྐུ་ཇེ་ཆེ་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་གྱུར་ཏེ་མདུན་གྱི་ནམ་མཁའ་གང་བ་ཙམ་དང་། སྟོང་གསུམ་མི་མཇེད་ཀྱི་ཞིང་འདི་གང་བ་ཙམ་བློས་འཁྱུད་ཚད་དུ་བསྒོམ་ཞིང་། མགོན་པོའ་འོད་ཟེར་འཁོར་རྣམས་ལ་ཕོག་པས་སོ་སོ་ནས་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་གྱུར་པར་བསམ་ཞིང་། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ན་ཡེ་ཤེས་ཀྱི་མགོན་པོ་འདི་བས་ནུས་མཐུ་ཆེ་བ་མེད་ཨང་སྙམ་དུ་བསམ། འདི་ནི་གཙོ་བོར་མགོན་པོ་བདག་བསྐྱེད་ལ་བསྒོམ་རྒྱུ་ཡིན་ཀྱང་། མདུན་བསྐྱེད་ལའང་ཁ་སྤོ་བ་གོང་མ་རྣམས་ཀྱིས་བཞེད་ཅིང་། སྤྱིར་དཔྲལ་བའི་སིནྡྷཱུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་སྡུས་པ་སྤྱི་བོའ་མི་བསྐྱོད་རྒྱལ་པོ་ལ་བརྟེན་ནས་རྒྱུད་འཇམ་དུ་བཏང་བ། གཤིན་རྗེ་གཤེད་ལ་བརྟེན་ནས་གཟི་མདངས་བསྐྱེད་པ་གསུམ་པོ་ནི་མགོན་པོ་འདི་སྒྲུབ་ཕྱིན་མ་ཤེས་ཐབས་མེད་པ་ཡིན་ནོ། །དེ་ནས་རྗེས་ཀྱི་ལས་རིམ་རྣམས་ནི་གཞུང་ཉིད་དུ་གསལ་ཞིང་ཚང་བར་ཡོད་དོ། ཕྲིན་ལས་ཀྱི་ཁ་སྐོང་དཀྱུས་གཅིག་ཏུ་བསྡེབས་པ་འདི་ནི་གཙོ་བོར་གཏོར་སྒྲུབ་དང་། དུས་ཀྱི་མཆོད་པ་རྒྱས་པ་ལ་ཉེ་བར་མཁོ་ཞིང་དེ་དག་གི་དམིགས་བའི་གནད་ཕལ་མོ་ཆེའང་གསལ་བར་བཀོད་པས་ནོངས་པ་མཆིས་ན་བླ་མ་མགོན་པོ་ཐུགས་རྗེའི་དབང་ཕྱུག་འཁོར་དང་བཅས་པ་ལ་སྙིང་ནས་བཟོད་པར་གསོལ་ན་ཚངས་པའི་དངོས་གྲུབ་སྩལསྩོལ་བ་དང་ཡིག་ཆ་འདི་དག་གིའང་བཀའི་གཉེར་མཛད་དུ་གསོལ། གསང་སྒྲུབ་དང་བླ་མགོན་དབྱེར་མེད་སྙིང་ཞུགས་གཙོ་བོ་འགྱུར་བའི་ཐབས་སྤྱི་དང་བྱེ་བྲག་གི་གནད་གདམས་ཐུན་མོང་མ་ཡིན་པ་རྣམས་ནི་དེ་དག་སོ་སོར་ལྟོས་པ་ལས་འདི་དག་གིས་གཅིག་དཔེ་ཀུན་འགེབས་འོང་བ་མ་ཡིན་ལ། གཏོར་སྒྲུབ་དང་གཏོར་ཆེན་གྱི་གནན་
༦༢༢ དང་དམིགས་པ་རྣམས་ཀྱང་དེ་དག་སོ་སོའ་ཞལ་གདམས་ལས་རྟོགས་པར་བྱ་བ་ཁོ་ནའོ། །དེ་བཞིན་གཏོར་ཆེན་སོགས་དྲག་པོའ་ལས་ལ་ཉེ་བར་འཁོ་བའི་དྲག་སྐུ་ལ་སོགས་ཀྱང་ཕྲིན་ལས་འདི་དང་འབྲེལ་བ་ཡིན་མོད་ཀྱི་རྒྱུན་ཏུདུ་མི་མཁོ་བས་འདིར་མ་བྲིས་བ་དགོས་པ་བྱུང་ན་བེ་བུམ་དང་ཡིག་རྙིང་ལས་ལེན་པར་བྱའོ། །ཕྲིན་ལས་ལྷན་ཐབས་དད་པས་བྲིས་འདི་ཡང་། །སྒྲུབ་བརྒྱུད་རིན་ཆེན་རྒྱ་མཚོའ་མཐར་ཁྱབ་པའི། །ཆ་རྐྱེན་མཆོག་གྱུར་དེས་ཀྱང་སྐྱེ་འདི་ལ། །བླ་མ་མགོན་པོ་དབྱེར་མེད་ཉིད་འགྲུབ་ཤོག །ཅེས་པ་འདིའང་དཔའ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་མགུལ་ཡེ་ཤེས་མགོན་པོའ་བསྟི་གནས་བསིལ་བའི་ཚལ་དུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། །རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་བཟང་པོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་སྦྱར་བ་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། །།

Notes

Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.