Tibetan:སུ་ཁ་མ་སིདྡྷིའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་: Difference between revisions
Jump to navigation
Jump to search
No edit summary |
m (Text replacement - "<onlyinclude>{{TibetanContent| " to "<onlyinclude>{{TibetanContent|content= ") |
||
(9 intermediate revisions by 3 users not shown) | |||
Line 1: | Line 1: | ||
{{Text Tibetan}} | |||
==Tibetan Text== | |||
<onlyinclude>{{TibetanContent|content= | |||
<div class="folio"><span class="shoglhe">༣༢༩</span> | |||
སུ་ཁ་མ་སིདྡྷི་ཕྱག་རྒྱ་ཆེན་པོའ་ངོ་སྤྲོད་བཞུགས་སོ། །ན་མོ། མཁའ་འགྲོ་རིག་པའི་ངོ་སྤྲོད་ནི། །ནམ་མཁའ་རིས་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ནས་རང་སོར་ཞོག །བསྐྱེད་རིམ་བཟླས་པ་རྫོགས་པ་དང་། །གཡོན་པའི་ཁུ་ཚུར་སྙིང་གར་བཞག །གཡས་པའི་ཁུ་ཚུར་མཛུབ་སྒྲེང་ཕྱར། །རྫི་དང་ཉི་མས་མི་གནོད་པའི། །ནམ་མཁའི་དཀྱིལ་དུ་གཅེར་གྱིས་བལྟ། །རིག་པ་ངར་བཏགས་དབང་པོ་བཟློག །ཤེས་པ་ཧུར་ཐོན་ལུས་ཆ་སྒྲིམ། །རླུང་ཡང་ཅུང་ཟད་བཟུང་བྱས་ལ། །རང་གི་ལྟེ་བར་ཨ་གཅིག་བསྒོམ། །དབུ་མ་ནས་བརྒྱུད་ཚང་སྒོ་ནས། །ནམ་མཁར་འཕུར་ཏེ་ཡལ་བ་དང་། །ཆོས་ཉིད་སྤྲོས་དང་བྲལ་བ་དང་། །སེམས་ཉིད་སྤྲོས་དང་བྲལ་བ་དང་། །སྤྲོས་བྲལ་ནམ་མཁའི་ངང་ཉིད་དུ། །མ་བཅོས་སོམ་ཉིད་དུ་ཞོག །རྟོག་པའི་རྐྱེན་གྱིས་མ་བསླད་པར། །ཕཊ་ཀྱིས་རིག་པ་མནན་ནས་བསྐུལ། །སོ་མ་སོ་མ་ཉིད་དུ་བཞག །རྟོག་པའི་རྐྱེན་གྱིས་གཡེངས་པ་དང་། །བཏང་སྙོམས་ལེ་ལོས་གྲོལ་བ་མེད། །ཐ་མལ་ཤེས་པ་རང་ལུགས་འདི། །མ་བཅོས་ངང་དུ་ཀློད་པ་ལ། །བསྒོམ་པར་བྱ་བ་ཅི་ཡང་མེད། །སྒོམ་འདོད་བློ་དེ་སྐྱུར་ལ་ཐོང་། །ཁོ་རང་རང་གི་གཤིས་ལ་ཞོག །རྗེས་ཤེས་སྣང་གྲགས་ཆོས་རྣམས་ཀུན། །རྨི་ལམ་སྒྱུ་མར་རྟོགས་པར་བྱ། །གང་ལ་ཞེན་མེད་སེམས་ཅན་དོན། །རིག་པ་མཉམ་མེད་ངང་ལ་ཞོག །མཁའ་འགྲོ་མ་ཡི་སྙིང་གཏམ་ཡིན། །ཡང་ན་བདེ་བ་བསྡུས་རྗེས་ལ། །ཐ་མལ་ཤེས་པ་རང་དག་ནི། །སྒོམ་འདོད་རྟོག་པས་མ་བསླད་པར། །མ་བཅོས་ངང་དུ་ཀློད་ལ་ཞོག། ཅིར་ཡང་མི་དམིགས་དེ་ཁོ་ན། །ཕྱག་རྒྱ་ཆེན་པོ་ཞེས་སུ་བརྗོད། །། ༈ གུ་རུ་ཌཱ་ཀི་ན་མོ། སྙན་བརྒྱུད་ཀྱི་གདམས་པ་འདི་ལ་གསུམ་སྟེ། །དང་པོ་བཞག་ཐབས་རྣམ་པ་ལྔས་དངུལ་དཀར་གྱི་མེ་ལོང་ལ་བལྟས་པས། བྱང་ཀྱི་དཀྱིལ་</div> | |||
<div class="folio"><span class="shoglhe">༣༣༠</span> | |||
འཁོར་མཐོང་བ་བཞིན། །མཁའ་འགྲོ་རང་སེམས་གཉིས་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པ་ནི། །ལུས་ཀྱི་འཁྲུལ་འཁོར་ལྡན་པ་ཡིས། །ནམ་མཁའ་རིས་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག །རྟེན་མེད་དུ་ཞོག །འཛིན་མེད་དུ་ཞོག །འཇོག་མཁན་མེད་པར་ཞོག །གཉིས་པ་ཉམས་སུ་བླངས་ཐབས་བཅུས་ལམ་དུ་ཁྱེར་བ་ནི། མི་ཕོད་པ་བརྫི། འཁྲི་བ་བཅད། ཞེན་པ་ཟློག །སྣང་བ་བསྒྱུར། སྤྱོད་པ་དཀྲུག །མཚང་ཡུལ་ནས་འདོན། རྐྱེན་དངོས་གྲུབ་ཏུ་ཤེས་པར་བྱ། །སྡུག་བསྔལ་ཆོས་ཉིད་དུ་ཤེས་པར་བྱ། །རིག་པ་ཁྲོག་ཕྱུང་། སྙན་བརྒྱུད་མི་ལ་མ་སྤེལ། གསུམ་པ་ཐག་ཆོད་ལྔས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེལ་པ་ནི། སེམས་སྟོང་བར་ཐག་བཅད། སྟོང་པ་ཆོས་སྐུར་ཐག་བཅད། ཆོས་སྐུ་ལ་རྒྱུན་ཆད་མེད་པར་ཐག་བཅད། རེ་དོགས་མེད་པར་ཐག་བཅད། འཁོར་འདས་མེད་པར་ཐག་བཅད། །སུ་ཁ་སིདྡྷི་སྙན་བརྒྱུད་གཅིག་བརྒྱུད་ལས་མེད་དོ། །རྫོགས་སོ། །སངས་རྒྱས་གཉན་སྟོན་གྱི་ཞལ་ནས། སྙན་བརྒྱུད་ཀྱི་གདམས་པ་ཁ་རུ་མི་འདོན། ངོ་དགར་མི་བཏང་། །ནོར་དུ་མི་ཚོང་། །ཆེད་དུ་མི་བཞག །སྣོད་དང་ལྡན་པ་ལ་མི་སྦ་བར་བྱིན་གསུངས་སོ། །སུ་ཁ་མ་སིདྡྷི་ཕྱག་རྒྱ་ཆེན་པོའ་ངོ་སྤྲོད། །ཟབ་མོ་གསེར་གྱི་ཆོས་གུས་པས་ཞུ་བར་བྱའོ། །རྫོགས་སོ།། །།</div> | |||
}}</onlyinclude> | |||
==Notes== | ==Notes== | ||
<references/> | <references/> | ||
==Other Information== | |||
{{Nitartha Thanks}} | |||
{{དཔེ་ཆ་}} [[Category: su kha ma sid+d+hi'i phyag rgya chen po'i ngo sprod]] | {{དཔེ་ཆ་}} [[Category: su kha ma sid+d+hi'i phyag rgya chen po'i ngo sprod]] |
Latest revision as of 14:51, 19 February 2019
སུ་ཁ་མ་སིདྡྷིའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་
su kha ma sid+d+hi'i phyag rgya chen po'i ngo sprod
Damngak Dzö Volume 12 (ན་) / Pages 329-330 / Folios 1a1 to 1b6
su kha ma sid+d+hi'i phyag rgya chen po'i ngo sprod
Damngak Dzö Volume 12 (ན་) / Pages 329-330 / Folios 1a1 to 1b6
Tibetan Text
༣༢༩
སུ་ཁ་མ་སིདྡྷི་ཕྱག་རྒྱ་ཆེན་པོའ་ངོ་སྤྲོད་བཞུགས་སོ། །ན་མོ། མཁའ་འགྲོ་རིག་པའི་ངོ་སྤྲོད་ནི། །ནམ་མཁའ་རིས་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ནས་རང་སོར་ཞོག །བསྐྱེད་རིམ་བཟླས་པ་རྫོགས་པ་དང་། །གཡོན་པའི་ཁུ་ཚུར་སྙིང་གར་བཞག །གཡས་པའི་ཁུ་ཚུར་མཛུབ་སྒྲེང་ཕྱར། །རྫི་དང་ཉི་མས་མི་གནོད་པའི། །ནམ་མཁའི་དཀྱིལ་དུ་གཅེར་གྱིས་བལྟ། །རིག་པ་ངར་བཏགས་དབང་པོ་བཟློག །ཤེས་པ་ཧུར་ཐོན་ལུས་ཆ་སྒྲིམ། །རླུང་ཡང་ཅུང་ཟད་བཟུང་བྱས་ལ། །རང་གི་ལྟེ་བར་ཨ་གཅིག་བསྒོམ། །དབུ་མ་ནས་བརྒྱུད་ཚང་སྒོ་ནས། །ནམ་མཁར་འཕུར་ཏེ་ཡལ་བ་དང་། །ཆོས་ཉིད་སྤྲོས་དང་བྲལ་བ་དང་། །སེམས་ཉིད་སྤྲོས་དང་བྲལ་བ་དང་། །སྤྲོས་བྲལ་ནམ་མཁའི་ངང་ཉིད་དུ། །མ་བཅོས་སོམ་ཉིད་དུ་ཞོག །རྟོག་པའི་རྐྱེན་གྱིས་མ་བསླད་པར། །ཕཊ་ཀྱིས་རིག་པ་མནན་ནས་བསྐུལ། །སོ་མ་སོ་མ་ཉིད་དུ་བཞག །རྟོག་པའི་རྐྱེན་གྱིས་གཡེངས་པ་དང་། །བཏང་སྙོམས་ལེ་ལོས་གྲོལ་བ་མེད། །ཐ་མལ་ཤེས་པ་རང་ལུགས་འདི། །མ་བཅོས་ངང་དུ་ཀློད་པ་ལ། །བསྒོམ་པར་བྱ་བ་ཅི་ཡང་མེད། །སྒོམ་འདོད་བློ་དེ་སྐྱུར་ལ་ཐོང་། །ཁོ་རང་རང་གི་གཤིས་ལ་ཞོག །རྗེས་ཤེས་སྣང་གྲགས་ཆོས་རྣམས་ཀུན། །རྨི་ལམ་སྒྱུ་མར་རྟོགས་པར་བྱ། །གང་ལ་ཞེན་མེད་སེམས་ཅན་དོན། །རིག་པ་མཉམ་མེད་ངང་ལ་ཞོག །མཁའ་འགྲོ་མ་ཡི་སྙིང་གཏམ་ཡིན། །ཡང་ན་བདེ་བ་བསྡུས་རྗེས་ལ། །ཐ་མལ་ཤེས་པ་རང་དག་ནི། །སྒོམ་འདོད་རྟོག་པས་མ་བསླད་པར། །མ་བཅོས་ངང་དུ་ཀློད་ལ་ཞོག། ཅིར་ཡང་མི་དམིགས་དེ་ཁོ་ན། །ཕྱག་རྒྱ་ཆེན་པོ་ཞེས་སུ་བརྗོད། །། ༈ གུ་རུ་ཌཱ་ཀི་ན་མོ། སྙན་བརྒྱུད་ཀྱི་གདམས་པ་འདི་ལ་གསུམ་སྟེ། །དང་པོ་བཞག་ཐབས་རྣམ་པ་ལྔས་དངུལ་དཀར་གྱི་མེ་ལོང་ལ་བལྟས་པས། བྱང་ཀྱི་དཀྱིལ་
༣༣༠
འཁོར་མཐོང་བ་བཞིན། །མཁའ་འགྲོ་རང་སེམས་གཉིས་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པ་ནི། །ལུས་ཀྱི་འཁྲུལ་འཁོར་ལྡན་པ་ཡིས། །ནམ་མཁའ་རིས་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག །རྟེན་མེད་དུ་ཞོག །འཛིན་མེད་དུ་ཞོག །འཇོག་མཁན་མེད་པར་ཞོག །གཉིས་པ་ཉམས་སུ་བླངས་ཐབས་བཅུས་ལམ་དུ་ཁྱེར་བ་ནི། མི་ཕོད་པ་བརྫི། འཁྲི་བ་བཅད། ཞེན་པ་ཟློག །སྣང་བ་བསྒྱུར། སྤྱོད་པ་དཀྲུག །མཚང་ཡུལ་ནས་འདོན། རྐྱེན་དངོས་གྲུབ་ཏུ་ཤེས་པར་བྱ། །སྡུག་བསྔལ་ཆོས་ཉིད་དུ་ཤེས་པར་བྱ། །རིག་པ་ཁྲོག་ཕྱུང་། སྙན་བརྒྱུད་མི་ལ་མ་སྤེལ། གསུམ་པ་ཐག་ཆོད་ལྔས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེལ་པ་ནི། སེམས་སྟོང་བར་ཐག་བཅད། སྟོང་པ་ཆོས་སྐུར་ཐག་བཅད། ཆོས་སྐུ་ལ་རྒྱུན་ཆད་མེད་པར་ཐག་བཅད། རེ་དོགས་མེད་པར་ཐག་བཅད། འཁོར་འདས་མེད་པར་ཐག་བཅད། །སུ་ཁ་སིདྡྷི་སྙན་བརྒྱུད་གཅིག་བརྒྱུད་ལས་མེད་དོ། །རྫོགས་སོ། །སངས་རྒྱས་གཉན་སྟོན་གྱི་ཞལ་ནས། སྙན་བརྒྱུད་ཀྱི་གདམས་པ་ཁ་རུ་མི་འདོན། ངོ་དགར་མི་བཏང་། །ནོར་དུ་མི་ཚོང་། །ཆེད་དུ་མི་བཞག །སྣོད་དང་ལྡན་པ་ལ་མི་སྦ་བར་བྱིན་གསུངས་སོ། །སུ་ཁ་མ་སིདྡྷི་ཕྱག་རྒྱ་ཆེན་པོའ་ངོ་སྤྲོད། །ཟབ་མོ་གསེར་གྱི་ཆོས་གུས་པས་ཞུ་བར་བྱའོ། །རྫོགས་སོ།། །།
Notes
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion. |