Wylie:Mgon po a ti sha gtso bor gyur pa'i bka' gdams bla ma rnams mchod cing gsol ba 'debs pa'i cho ga bkra shis grags pa'i rgya mtsho: Difference between revisions

From gDams Ngag mDzod
Jump to navigation Jump to search
No edit summary
m (Text replacement - "<headertabs /> ==Other Information== {{Nitartha Thanks}} " to "<headertabs /> {{Footer}} ")
Line 103: Line 103:
</onlyinclude>
</onlyinclude>
<headertabs />
<headertabs />
==Other Information==
 
{{Nitartha Thanks}}
 
{{Footer}}




[[Category: 'jam mgon kong sprul]][[Category: Atīśa]] {{DRL Tibetan text categories}} [[Category: Gdams ngag mdzod Shechen Printing]] [[Category: Gdams ngag mdzod Catalog]]
[[Category: 'jam mgon kong sprul]][[Category: Atīśa]] {{DRL Tibetan text categories}} [[Category: Gdams ngag mdzod Shechen Printing]] [[Category: Gdams ngag mdzod Catalog]]

Revision as of 19:22, 8 December 2017


Upload a file
DOWNLOAD ABOVE:
Click the picture above to view the original manuscript.

མགོན་པོ་ཨ་ཏི་ཤ་གཙོ་བོར་གྱུར་པའི་བཀའ་གདམས་བླ་མ་རྣམས་མཆོད་ཅིང་གསོལ་བ་འདེབས་ ་ ་ ་
mgon po a ti sha gtso bor gyur pa'i bka' gdams bla ma rnams mchod cing gsol ba 'debs pa'i cho ga bkra shis grags pa'i rgya mtsho

Damngak Dzö Volume 4 ({{{VolumeLetterTib}}}) / Pages 587-615 / Folios 1a1 to 15a2


Property "Author" has a restricted application area and cannot be used as annotation property by a user.  Property "Author" has a restricted application area and cannot be used as annotation property by a user.


[edit]
༥༨༧མགོན་པོ་ཨ་ཏི་ཤ་གཙོ་བོར་གྱུར་པའི་བཀའ་གདམས་བླ་མ་རྣམས་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །


༥༨༨ན་མོ་གུ་རུ་དཱི་པཾ་ཀ་ར་ཤྲཱི་ཛྙཱན་པཱ་དཱ་ཡ། །གང་ལ་བརྟེན་ན་རྫོགས་སངས་རྒྱས་ཀྱི་ཆོས། །ཇི་སྙེད་བདེ་བླག་ཉིད་དུ་རྫོགས་འགྱུར་བ། །དཔལ་ལྡན་བླ་མ་བརྒྱུད་པར་བཅས་རྣམས་ལ། །བྱང་ཆུབ་བར་དུ་སྒོ་གསུམ་གུས་པས་འདུད། །བླ་མ་དགེ་བའི་བཤེས་གཉེན་རྣམས། །མཆོད་ལས་དོན་ཆེ་གཞན་མེད་པར། །མདོ་རྒྱུད་ཀུན་ནས་བསྔགས་དེའི་ཕྱིར། །མོས་བློས་ནུས་དང་མཚམས་པར་དགོད། །དེའང་ཇི་སྐད་དུ། སྐྱེ་བོ་ཕལ་པ་སྟོང་ཕྲག་བརྒྱ། །བྲམ་ཟེ་གཙང་མ་གཅིག་དང་སྦྱར། །བྲམ་ཟེ་གཙང་མ་སྟོང་ཕྲག་བརྒྱ། །འཁོར་ལོས་སྒྱུར་བ་གཅིག་དང་སྦྱར། །འཁོར་ལོས་སྒྱུར་བ་སྟོང་ཕྲག་བརྒྱ། །ཡེ་ཤེས་ཐོབ་བ་གཅིག་དང་སྦྱར། །ཡེ་ཤེས་ཐོབ་པ་སྟོང་ཕྲག་བརྒྱ། །དགྲ་བཅོམ་པ་ནི་གཅིག་དང་སྦྱར། །དགྲ་བཅོམ་པ་ནི་སྟོང་ཕྲག་བརྒྱ། །དཔལ་ལྡན་བླ་མ་གཅིག་དང་སྦྱར། །ཅེས་ཡུལ་གོང་ནས་གོང་དུ་འཕགས་ཤིང་གཉན་པར་གསུངས་པ་དང་། དགེ་བའི་བཤེས་གཉེན་ཤ་བ་།།།།།།།།།།
༥༨༩བ་ཆེན་པོའ་ཞལ་ནས། འདུས་བྱས་ཀྱི་དགེ་བ་ལས་དགེ་བའི་བཤེས་གཉེན་ལ་འདས་མཆོད་བྱས་པ་བསོད་ནམས་ཆེ་གསུངས། དེའི་བསོད་ནམས་མདོར་བསྡུ་ན་དྲུག་སྟེ། སྤྱིར་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོར་འགྱུར་བ་དང་། ཁྱད་པར་དུ་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བསགས་པའི་མ་གུས་པ་བྱས་པ་ཐམས་ཅད་འཛད་པར་འགྱུར་བ་དང་། ཚོགས་མྱུར་ཏུ་རྫོགས་པར་འགྱུར་བ་དང་། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་གདུལ་བྱར་འགྱུར་བ་དང་། ཁྱད་པར་དུ་སྐྱེ་བ་འདིའི་འོག་རོལ་ཏུ་མཇལ་བར་འགྱུར་བ་དང་། འཁོར་བ་ལས་མྱུར་ཏུ་ཐར་བར་འགྱུར་བའོ། །དེ་ལྟར་དོན་ཆེན་པོ་དང་ལྡན་པའི་བླ་མ་མཆོད་པའི་རིམ་པ་ཉམས་སུ་བསྟར་བ་ལ་གཉིས། སྦྱོར་བ་སྟ་གོན་དུ་བྱ་བ། དངོས་གཞི་ཉམས་ལེན་གྱི་རིམ་པའོ། །དང་པོ་ནི། ཇོ་བོ་ཆེན་པོ་དགའ་ལྡན་དུ་གཤེགས་པའི་དུས་ཆེན་གཙོས་བརྒྱུད་པ་གོང་མས་བྱིན་གྱིས་བརླབས་པའི་དུས་བཟང་པོར། ཐོག་མཐའ་ཀུན་ཏུ་མ་གྱུར་སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོའ་གོ་འཕང་ལ་འགོད་པའི་སླད་དུ་བླ་མ་སངས་རྒྱས་མཆོད་པའི་ལས་
༥༩༠བརྩོན་པར་བགྱི་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཀུན་སློང་དང་མ་བྲལ་བས་གནས་ཁང་ཕྱག་དར་བྱ། སྦོས་ཆུས་བྲན་བཟང་ཤིང་གིས་བདུག་ལ་ཤིན་ཏུ་གཙང་མར་བྱས་པའི་གུང་དུ་ཐུབ་པའི་སྐུ་བརྙན། ཤེར་ཕྱིན་གླེགས་བམ། བཀའ་གདམས་མཆོད་རྟེན་གཙོར་གྱུར་སྐུ་གསུང་ཐུགས་རྟེན་གང་འབྱོར་སྤྱི་དང་ཁྱད་པར་བཀའ་གདམས་བླ་མ་བརྒྱུད་པའི་སྐུ་གཟུགས་བྲིས་འབུར་གང་འབྱོར་བཀྲམ། སྟེགས་གཙང་མར་རིན་པོ་ཆེའི་མཎྜལ་ལ་འབྲུའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པ་བཞག །མཐའ་བསྐོར་དུ་རིན་པོ་ཆེ་སོགས་སྣོད་གང་འབྱོར་ཤིན་ཏུ་གཙང་ལ་ཡ་ཡོ་མེད་པར་བཀོད་ལེགས་སུ་བྱས་པར་ཆུ་གཉིས་ཉེར་སྤྱོད་ལྔ་བརྒྱ་རྩ་སོགས་དང་། གཞན་ཡང་འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་རྟགས་སོགས་མཆོད་པའི་ཡོ་བྱད་ཇི་ཙམ་འབྱོར་བ་ནུས་པ་མ་བསྲིས་པ་བཤམ། མཆོད་པའི་མཎྜལ། རོལ་མོའ་བྱེ་བྲག་རྣམས་ཀྱང་འདུ་བྱ། འབྱོར་ན་བླ་བྲེ་འཕན་གདུགས་སོགས་རྒྱན་གྱི་བྱེ་བྲག་རྣམས་ཀྱིས་ཀྱང་བརྒྱན་པར་བྱའོ། །གཉིས་པ་ནི། རང་ཉིད་ཁྲུས་བྱ་ཞིང་སྤོས་ཀྱིས་བསང་། རྟེན་ལ་ཕྱོགས་པས་བདེ་བར་འཁོད་དེ་སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་བླ་མ་མཆོད་པའི་རིམ་པ་ལ་འཇུག་པར་བགྱིའོ། །ཞེས་བྱང་ཆུབ་སེམས་ཡིད་ལ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཚད་མེད་པ་བཞི་ཡུན་རིང་དུ་བསྒོམ། དེ་ནས་རང་གི་མོས་པའི་སྟོབས་ཀྱིས་ཇི་ལྟར་བསྐྱེད་པ་བཞིན། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་
༥༩༡དེ་ལྟར་དུ་བྱིན་གྱིས་རློབ་པར་བསམ་ཞིང་། དཀོན་མཆོག་གསུམ་གྱི་བདེན་པ་དང་བྱིན་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་དག་པའི་སྦྱོར་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་མཐུ་དང་། བདག་ཅག་རྣམས་ཀྱི་མོས་པའི་མཐུ་ལས་གནས་འདིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་དང་བཀོད་པ་དང་། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་གྱུར་པའི་དབུས་སུ་ཐར་པ་ཆེན་པོའ་གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་རྒྱ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཚད་དང་མཉམ་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པ། ཕྱི་ནང་ཀུན་ཏུ་གདན་རིན་པོ་ཆེ་སེང་གེའི་ཁྲི་པདྨ་དང་ཉི་ཟླས་བརྒྱན་པ་དུ་མ་དང་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་དང་ལྡན་པའི་མཆོད་པའི་སྤྲིན་བཀོད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའ་སྤྱོད་པ་ལས་ཀྱང་མངོན་པར་མཐོ་བས་བརྒྱན་པ་དང་ལྡན་པར་གྱུར་ཅིག །ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ། མ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་དང་། སླར་ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་
༥༩༢བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། དེ་ནས་འདུན་པ་རྩེ་གཅིག་པས་སྤོས་བཏུལ་ཞིང་སྙན་པའི་གདངས་དང་བཅས་པས། ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའ་དབུས་བཞུགས་གསོལ། །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེ་ཚད་མེད་འགྲོ་ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་ཕྲིན་ལས་རྒྱས་མཛད་པ། །དུས་གསུམ་བླ་མ་འཁོར་བཅས་འདིར་གཤེགས་ཤིག །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཅེས་གསོལ་བ་བཏབ་པས་སྟེང་ཕྱོགས་དགའ་ལྡན་གྱི་གནས་སོགས་དག་པའི་ཞིང་སོ་སོ་ནས་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་དཔལ་ལྡན་མར་མེ་མཛད་བཟང་པོ་ལ་བཀའ་གདམས་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་གི་དགེ་འདུན། ཆོས་སྐྱོང་སྲུང་མ་ཡེ་ཤེས་པའི་ཚོགས་དང་བཅས་པས་བསྐོར་བ་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར་བྱོན་ནས་སོ་སོའ་གདན་ལ་དགྱེས་བཞིན་དུ་བཞུགས་པར་བསམས་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཅེས་བྱོན་ལེགས་བྱ་དེ་ནས་ཁྲུས་གསོལ་བའི་ཐོག་མར་སྙན་བརྣན་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་།
༥༩༣དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ལུས་གསོལ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་གོས་འབུལ་བ་ནི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའ་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །བཞུགས་སུ་གསོལ་བ་ནི། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་བརྗོད་པས་ཚོགས་
༥༩༤ཀྱི་ཞིང་དུ་བརྟན་པར་བཞུགས་པར་མོས། དེ་ནས་དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོའ་བཞེད་པ་ལྟར་རྗེས་སུ་དྲན་པ་དྲུག་གི་སྒོ་ནས་སྒོམ་ཞིང་ཡིད་ལ་བྱ་སྟེ། དང་པོ་སྐུའི་རྣམ་པ་རྗེས་སུ་དྲན་པ་ནི། གཞལ་མེད་ཁང་མཆོག་དེ་ཡི་དབུས་ཀྱི་ཆར། །མི་འཇིགས་སེང་གེས་བཏེགས་པའི་རིན་ཆེན་ཁྲིར། །མ་ཆགས་པདྨ་ཟླ་བའི་གདན་སྟེང་དུ། །རྩ་བའི་བླ་མ་མཆོག་དང་དབྱེར་མེད་པ། །སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་མཆོག །འགྲོ་བའི་མགོན་པོ་དཔལ་ལྡན་ཨ་ཏི་ཤ །མཉམ་མེད་ཇོ་བོ་མར་མེ་མཛད་བཟང་པོ། །དཀར་གསལ་ཞི་འཛུམ་ཕྱག་གཉིས་ཆོས་འཆད་ཚུལ། །དབུ་ལ་པཎ་ཞུ་སྐུ་ལ་ངུར་སྨྲིག་གི་།ཆོས་གོས་གསུམ་གསོལ་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །བག་དྲོ་ལྷུན་ཆགས་ཡེ་ཤེས་གཟི་བྱིན་འབར། །པཎ་ཆེན་ས་སྙིང་ནག་ཚོ་ལོ་ཙཱ་སོགས། །འཕགས་བོད་མཁས་གྲུབ་ཐུགས་སྲས་རྣམས་ཀྱིས་བསྐོར། །དབུ་གཙུག་དབུས་སུ་རྡོ་རྗེ་འཆང་ཆེན་ལ། །ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མས་བསྐོར། །གཡས་ཕྱོགས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ། །ཟབ་མོ་ལྟ་བ་བརྒྱུད་པའི་བླ་མས་བསྐོར། །གཡོན་ཕྱོགས་འཕགས་པ་ཐོགས་མེད་སྐུ་མཆེད་ལ། །རྒྱ་ཆེན་སྤྱོད་རྒྱུད་བླ་མས་བསྐོར་ཏེ་བཞུགས། །གཙོ་བོའ་གཡས་སུ་འབྲོམ་སྟོན་རྒྱལ་བའི་འབྱུང་། །དགེ་བསྙེན་ཆས་ལྡན་ས་གནོན་སེམས་སྐྱིལ་བཞུགས། །སྐུ་མཆེད་གསུམ་དང་གླང་ཤར་རྣམ་གཉིས་སོགས། །དངོས་སློབ་ཡང་སློབ་སེམས་དཔའི་ཚོགས་ཀྱིས་བསྐོར། །གཡོན་དུ་རྔོག་སྟོན་ལེགས་པའི་ཤེས་རབ་མཆོག །རབ་བྱུང་ཆས་ལྡན་པཎ་ཞུ་རྣ་རིང་གསོལ། །ཕྱག་གཉིས་ཆོས་འཆད་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །བློ་ལྡན་ཤེས་རབ་ཐུ་བོའ་སྲས་བཞི་སོགས། །བརྒྱུད་འཛིན་མཁས་དབང་ངུར་སྨྲིག་འཛིན་པས་བསྐོར། །རྒྱབ་ཏུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། །ཁམས་པ་སྐུ་མཆེད་ལྔ་ལ་སོགས་པ་བཞུགས། །མདུན་དུ་འཇམ་
༥༩༥དཔལ་དབྱངས་དངོས་བློ་བཟང་གྲགས། །པཎ་ཞུ་གསེར་མདོག་ཆོས་གོས་རྣམ་གསུམ་གསོལ། །ཆོས་འཁོར་ཕྱག་རྒྱ་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །གཙང་པ་བདུན་བརྒྱུད་དགེ་འདུན་གྲུབ་ལ་སོགས། །བསྟན་འཛིན་སྐྱེས་ཆེན་བགྲང་ལས་འདས་པས་བསྐོར། །སྟེང་འོག་ཕྱོགས་མཚམས་མཐའ་བསྐོར་ཐམས་ཅད་དུ། །རྒྱ་བོད་མཁས་གྲུབ་ཡི་དམ་དཀྱིལ་འཁོར་ལྷ། །ཕྱོགས་བཅུའི་སངས་རྒྱས་སྲས་དང་སློབ་མར་བཅས། །མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས། །སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུར་བཞུགས། །ཟུང་འཇུག་ཡེ་ཤེས་དང་ལས་མ་གཡོས་བཞིན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་རྟག་ཏུ་གཟིགས། །ཐམས་ཅད་བདེ་ནས་བདེ་བར་འདྲེན་པ་ཡི། །རྨད་བྱུང་ཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད། །འབྲེལ་ཚད་དོན་ལྡན་ཉིད་དུ་ལམ་མེར་བཞུགས། །ཞེས་བརྗོད་ཅིང་སྐུའི་རྣམ་པ་གསལ་བཏབ་ལ་དང་མོས་བསྐྱེད་པ་ཕྱི་མ་རྣམས་ལའང་འགྲེ། གཉིས་པ་ཡོན་ཏན་རྗེས་སུ་དྲན་པ་ནི། བླ་མ་དགེ་བའི་བཤེས་གཉེན་རིན་པོ་ཆེ། །སངས་རྒྱས་རྣམས་དང་ཆོས་སྐུར་དབྱེར་བ་མེད། །དམ་ཆོས་གསུངས་ཤིང་གཞན་དོན་མཛད་པ་ཡང་། །དེ་བཞིན་གཤེགས་པ་རྣམས་དང་དབྱེར་མེད་པའི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་ཡས་མངའ། །གནས་སྐབས་དང་པོར་བསྟན་ལ་ཞུགས་ནས་བཟུང་། །བསླབ་གསུམ་སྒྲུབ་ལ་ལྟེམས་རྐྱང་མི་མངའ་བས། །ལུང་དང་རྟོགས་པའི་ཡོན་ཏན་དཔག་མེད་བརྙེས། །དུས་གསུམ་སངས་རྒྱས་ཀུན་ལ་བསྐལ་པའི་བར། །མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད་པ་བས། །བླ་མའི་བ་སྤུའི་ཁུང་བུར་འབྲུ་མར་གྱི། །ཐིགས་པ་གཅིག་གསོལ་བསོད་ནམས་ཁྱད་པར་འཕགས། །དེ་ལྟའི་ཡོན་ཏན་བསམ་མི་ཁྱབ་པའོ། །ཞེས་བསམ། གསུམ་པ་རྣམ་ཐར་རྗེས་སུ་དྲན་པ་ནི། ཟབ་མོ་ལྟ་བརྒྱུད་རྒྱ་ཆེན་སྤྱོད་པའི་བརྒྱུད། །
༥༩༦ཉམས་ལེན་བྱིན་རླབས་བརྒྱུད་པ་ཀུན་འདུས་ཤིང་། །ཀུན་ལས་ཁྱད་འཕགས་ལྷ་གཅིག་ཇོ་བོ་རྗེ། །སྐྱེས་བུ་ཆེན་པོ་རྣམས་ཀྱི་ཆོས་ལུགས་དང་། །ཤིང་རྟ་ཆེན་པོ་ཐུན་མོང་མིན་པའི་སྲོལ། །འཕགས་པ་ཉིད་ནས་འཕགས་པ་ཉིད་བརྒྱུད་ཅིང་། །ཐུན་མོང་སྤྱོད་པ་གཞན་དང་མ་འདྲེས་པ། །བཀའ་གདམས་རྣམ་ཐར་གཙང་མ་འཛིན་པ་ཅན། །ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའོ། །ཞེས་བསམ། བཞི་པ་ཕྲིན་ལས་རྗེས་སུ་དྲན་པ་ནི། །དུས་ངན་སེམས་ཅན་བདག་ཅག་ལ་སོགས་པ། །ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པས། །རྫོགས་པའི་སངས་རྒྱས་དངོས་སུ་མཐོང་བ་དང་། །དམ་ཆོས་ཐོས་པའི་སྐལ་པ་དང་བྲལ་ཞིང་། །ཉོན་མོངས་ཚན་ཆེ་གཉེན་པོ་སྟོབས་ཆུང་བས། །དགེ་སེམས་གཅིག་ཙམ་སྐྱེ་བར་དཀའ་བ་ལ། །སངས་རྒྱས་འཇིག་རྟེན་བྱོན་པ་ཇི་ལྟ་བར། །རྒྱུད་ཚོད་དཔག་པའི་གདམས་ངག་འབོགས་པ་དང་། །དབང་པོར་འཚམས་པའི་དམ་ཆོས་བདུད་རྩི་སྩལ། །བློ་དང་མཐུན་པའི་ཁྲིད་རིམ་བསྟན་པ་ཡིས། །ཡང་དག་ལམ་ལ་དཀྲི་བའི་ཕྲིན་ལས་ནི། །སངས་རྒྱས་ལས་ཀྱང་ཕུལ་དུ་གྱུར་པའོ། །ཞེས་བསམ། ལྔ་པ་བྱིན་རླབས་རྗེས་སུ་དྲན་པ་ནི། །གང་གི་ཐུགས་རྗེའི་གཟིགས་པ་ཆ་ཤས་ཙམ། །གཏད་པའི་མཐུས་ཀྱང་བློ་ངན་བདག་ཅག་གི །རྒྱུད་ལ་གཏོང་བའི་སེམས་སྐྱེས་འཚལ་པ་འགོག །གནོད་བཟོད་དགེ་ལ་བརྩོན་དང་ཞི་ལྷག་སོགས། །བསམ་དང་སྦྱོར་བ་བྱང་ཆུབ་སེམས་དཔའ་ཡི། །སྤྱོད་པ་ཕ་རོལ་ཕྱིན་དྲུག་སྒྲུབ་པ་ལ། །མངོན་དུ་ཕྱོགས་པར་མཛད་པའི་བྱིན་རླབས་ཅན། །ཅེས་བསམ། དྲུག་པ་བཀའ་དྲིན་རྗེས་སུ་དྲན་པ་ནི། །དེ་ཡི་ཐུགས་རྗེའི་མཐུ་དཔལ་ལ་བརྟེན་ནས། །ཡོན་ཏན་འབྱུང་གནས་ཚུལ་ཁྲིམས་རིན་པོ་ཆེས། །བདག་རྒྱུད་ལེགས་བརྒྱན་དམ་ཆོས་བསམ་དུ་བཏུབ། །དཀར་པོའ་ཆོས་རྣམས་ཡར་ཟླ་བཞིན་དུ་འཕེལ། །འཇིག་རྟེན་དང་ནི་འཇིག་རྟེན་ལས་འདས་པའི། །དཔལ་ཡོན་ཕུན་སུམ་
༥༩༧ཚོགས་ལ་དབང་འབྱོར་མཛད། །དེ་འདྲའི་བཀའ་དྲིན་མཉམ་པ་མེད་པའོ། །ཞེས་པ་རྣམས་ནི་རྩ་བའི་བླ་མ་དང་གཙོ་བོ་དབྱེར་མེད་ལ་དམིགས་ཤིང་བསྒོམས་ལ་མོས་གུས་བསྐྱེད། བརྒྱུད་པའི་བླ་མ་རྣམས་ལའང་བརྒྱུད་ནས་བཀའ་དྲིན་ཆེ་བ་སོགས་བསྒོམ་པའོ། །དེ་ནས་ཡན་ལག་བདུན་གྱི་ཚོགས་བསགས་པ་ལ། དང་པོ་ཕྱག་འཚལ་བ་ནི། བླ་མ་དང་དཀོན་མཆོག་གི་རྟེན་དངོས་སུ་བཞུགས་པ་དང་ཡིད་ཀྱིས་བསྒོམས་དེ་རྣམས་ཀྱི་ཞབས་པདྨ་དང་བཅས་པ་ལ་རང་གི་སྤྱི་བོའ་གཙུག་ལྷན་ལྷན་གཏུགས་པར་སེམས་ཤིང་། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་སེལ་མཛད་ཅིང་། །བླ་མེད་བྱང་ཆུབ་ཐོབ་མཛད་པའི། །བླ་མའི་ཞབས་ཀྱི་པདྨོར་འདུད། །གང་གིས་མ་རིག་མུན་པའི་ཚོགས། །སྨག་ཏུ་གྱུར་པ་སེལ་མཛད་པ། །ཉི་མའི་དཀྱིལ་འཁོར་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་འཁོར་པའི་སྡུག་བསྔལ་གྱི། །ཚ་གདུང་མ་ལུས་སེལ་མཛད་པ། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་འདོད་ཆགས་ལ་སོགས་པའི། །ཉོན་མོངས་ནད་རྣམས་སེལ་མཛད་པ། །སྨན་པའི་རྒྱལ་པོ་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་ཟག་མེད་བདེ་ཆེན་གྱིས། །གྲོང་ཁྱེར་མཆོག་ཏུ་སྐྱེལ་མཛད་པའི། །རྟ་མཆོག་རིན་ཆེན་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་སྐྱེ་རྒ་ན་འཆི་ཡི། །ཆུ་བོ་ཆེ་ལས་སྒྲོལ་མཛད་པ། །མཉན་པའི་རྒྱལ་པོ་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་འགྲོ་བའི་དགོས་འདོད་དག །ཡིད་བཞིན་རྫོགས་པར་འབྱུང་འགྱུར་བ། །ནོར་བུ་རིན་ཆེན་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་ཆོས་རྣམས་ཐམས་ཅད་ཀུན། །འདུ་འབྲལ་མེད་པར་ཁྱབ་གྱུར་པ། །ནམ་མཁའ་
༥༩༨ལྟ་བུའི་ཐུགས་མངའ་བའི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་སྟེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའ་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་གནས་ཏེ། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཟབ་མོ་ལྟ་བའི་བརྒྱུད་ལ་ཕྱག་འཚལ་ལོ། །རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་ཕྱག་འཚལ་ལོ། །ཉམས་ལེན་བྱིན་རླབས་བརྒྱུད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །བྱམས་པ་ནས་བརྒྱུད་བྱིན་རླབས་རིན་པོ་ཆེ། །ཇོ་བོ་ཡབ་སྲས་ཡོན་ཏན་རིན་པོ་ཆེ། །སྐུ་མཆེད་བཀའ་བརྒྱུད་དམ་པ་རིན་པོ་ཆེ། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་པ་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པའི་བར་བརྗོད་ཅིང་གུས་པ་དང་གུས་པ་ཆེན་པོའ་སྒོ་ནས་ཕྱག་ཐུབ་ཚད་གཅིག་འཚལ་ཏེ། དེ་ཡང་སངས་རྒྱས་སྒོམ་པའི་ཞལ་ནས། ཐལ་མོ་ཐུགས་ཀ་དང་སྨིན་མཚམས་སུ་སྦྱོར་བ་ཀུན་ལ་གུས་པ་ཟེར་བ་ཡིན། སྤྱི་བོའ་གཙུག་ཏུ་སྦྱར་བ་ཀུན་ལ་གུས་པ་ཆེན་པོ་ཟེར་བ་ཡིན། ཅེས་སོགས་གསུངས་པ་ལྟར་རོ། །གཉིས་པ་མཆོད་པ་ནི། སྤྱན་སྔ་རིན་པོ་ཆེས། ཀུན་བཟང་སྤྱོད་ལག་གསུངས་པའི། །མཆོད་པ་རྣམ་པ་བདུན་དག་ཀྱང་། །ཞེས་སོགས་གསུངས་པའི་དང་པོ་སྐུ་ལྟ་བའི་མཆོད་པ་ནི། ལངས་པ་ལ་འཕྲོ་དེ་ཀར། འདི་ལྟར་བླ་མ་དགེ་བའི་གཤེས་གཉེན་དང་།
༥༩༩སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞལ། །མངོན་སུམ་མཇལ་དང་སྐུ་གསུང་ཐུགས་ཀྱི་རྟེན། །འདི་རྣམས་མཇལ་ལ་ཁྱད་པར་ཅུང་ཟད་མེད། །རྟེན་མཆོག་འདི་དག་ཁོ་ན་བླ་མ་དང་། །སངས་རྒྱས་བྱང་སེམས་བྱིན་རླབས་སྟོབས་ཉིད་ལས། །བྱོན་པའི་སྤྲུལ་སྐུ་དངོས་ཡིན་བདག་ཉིད་ཀྱིས། །དབང་པོའ་མངོན་སུམ་འཕགས་པའི་ཚོགས་འདི་སྙེད། །མངོན་དུ་གྱུར་པའི་སྐྱེ་བ་གྲངས་མེད་ཀྱང་། །ད་རེས་རྙེད་པ་མཆོག་ནི་ལེགས་པར་རྙེད། །ཅེས་བརྗོད་ཅིང་སྙིང་ནས་ཡིད་ཆེས་པའི་དད་པས་རྟེན་དངོས་སུ་བཤམ་པ་ལ་ཅེ་རེ་བ་ཞིག་བལྟས་པས་སྡིག་སྒྲིབ་དཔག་ཏུ་མེད་པ་འཛད་པར་གསུངས། གཉིས་པ་བསྟོད་པའི་མཆོད་པ་ནི། རང་གི་བླ་མ་དགེ་བའི་བཤེས་གཉེན་གྱི་བསྟོད་པ་དང་། འབྲོམ་རིན་པོ་ཆེས་མཛད་པའི་ཇོ་བོའ་བསྟོད་པ། ཕུན་སུམ་ཚོགས་པ་བྷངྒ་ལ་ཡི་ཡུལ། །ཅེས་སོགས་བཀའ་གདམས་གསར་རྙིང་གི་བླ་མ་རྣམས་ཀྱི་བསྟོད་པ་གང་ལྕོགས་བྱ། མི་ཤེས་ཤིང་མི་ལྕོགས་ན་ཇོ་བོའ་བསྟོད་པ་ཙམ་དང་སྤྱི་བསྡུས་སུ། ཉེས་པའི་སྐྱོན་ཀུན་རབ་སྤངས་ཤིང་། །ལེགས་པའི་ཡོན་ཏན་ཀུན་ལྡན་པས། །ཕན་བདེ་དཔལ་འབྱོར་ཀུན་འབྱུང་བའི། །དཔལ་ལྡན་བླ་མ་ཁྱེད་ལ་བསྟོད། །གདུལ་བྱ་སྨིན་ཅིང་གྲོལ་བའི་ཕྱིར། །དུས་གསུམ་སངས་རྒྱས་ཐམས་ཅད་ཉིད། །འདྲེན་པའི་ཚུལ་དུ་རྣམ་འཕྲུལ་བའི། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །ཁྱེད་སྐུ་ཤ་དང་རུས་བྲལ་ཡང་། །ཡེ་ཤེས་གཟུགས་སུ་སྣང་བའི་སྐུ། །དད་པའི་མིག་རྐྱེན་མཆོག་གྱུར་པ། །སྐུ་ཡི་དབང་ཕྱུག་ཁྱེད་ལ་བསྟོད། །བརྗོད་འདོད་རྩོལ་བ་མི་མངའ་ཡང་། །ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས། །ཟབ་ཅིང་རྒྱ་ཆེའི་དོན་སྟོན་པ། །གསུང་གི་དབང་ཕྱུག་ཁྱེད་ལ་བསྟོད། །ཤེས་དང་ཤེས་བྱའི་སྤྲོས་བྲལ་ཡང་། །ཤེས་བྱའི་དཀྱིལ་འཁོར་གསལ་བའི་ཐུགས། །སྙིང་རྗེ་གཟུངས་སྤོབས་དུ་མའི་གཏེར། །ཐུགས་ཀྱི་དབང་ཕྱུག་ཁྱེད་ལ་བསྟོད། །ཡོན་ཏན་ཆ་ཙམ་འགྲོ་ཀུན་གྱིས། །
༦༠༠བསྐལ་པར་བརྗོད་ཀྱང་མི་ཟད་པའི། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས། །ཡོན་ཏན་དབང་ཕྱུག་ཁྱེད་ལ་བསྟོད། །མཐོང་ཐོས་དྲན་པས་དོན་ལྡན་ན། །བསྟེན་ན་གྲོལ་བ་ཅི་སྨོས་པ། །ལྷུན་གྲུབ་རྒྱུན་ཆད་མི་མངའ་བའི། །ཕྲིན་ལས་དབང་ཕྱུག་ཁྱེད་ལ་བསྟོད། །འཁོར་འདས་ཕུན་ཚོགས་ཇི་སྙེད་ཀུན། །དམ་པའི་ཆོས་ལ་བྱུང་བ་སྟེ། །དེ་ཡང་ཁྱེད་ལས་བྱུང་གྱུར་པ། །ཕན་བདེའི་འབྱུང་གནས་ཁྱེད་ལ་བསྟོད། །ཇི་ལྟར་ཇི་སྙེད་ཀུན་མཁྱེན་གྱིས། །ཉོན་མོངས་ཤེས་བྱའི་སྒྲིབ་སྤངས་པས། །རྐང་གཉིས་རྣམས་ཀྱི་མཆོག་གྱུར་པ། །རྫོགས་པའི་སངས་རྒྱས་ཁྱེད་ལ་བསྟོད། །ཁྱེད་ཐུགས་རྟོགས་པའི་དམ་ཆོས་ཏེ། །གསུང་གི་རྒྱུ་མཐུན་ལུང་གི་ཆོས། །རྣམ་གྲོལ་འཇུག་ངོགས་མཆོག་གྱུར་པ། །དམ་ཆོས་རིན་ཆེན་ཁྱེད་ལ་བསྟོད། །རང་བཞིན་འོད་གསལ་མངོན་གྱུར་ཅིང་། །གཉིས་འཛིན་རྟོག་པ་ལས་གྲོལ་བས། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ཚོགས་མཆོག་གཙོ་བོ་ཁྱེད་ལ་བསྟོད། །འདོད་པའི་འཆིང་བ་ཀུན་སྤངས་ནས། །དྲི་མེད་བསླབ་གསུམ་བརྟུལ་ཞུགས་ཅན། །སྡོམ་བརྩོན་ངུར་སྨྲིག་འཛིན་པའི་གཙོ། །ཤཱཀྱའི་སྲས་མཆོག་ཁྱེད་ལ་བསྟོད། །སྟོང་ཉིད་སྙིང་རྗེའི་སེམས་མཆོག་གིས། །གཅིག་ཏུ་གཞན་ཕན་བརྩོན་པ་ཅན། །རྒྱལ་སྲས་སེམས་དཔའ་རྣམས་ཀྱི་ཡབ། །བརྩེ་ལྡན་དཔའ་བོ་ཁྱོད་ལ་བསྟོད། །སྨིན་གྲོལ་ལམ་ལ་རབ་སྦྱངས་པས། །རིམ་གཉིས་རྣལ་འབྱོར་དབང་ཕྱུག་ཅན། །རིག་པ་འཛིན་པ་ཀུན་གྱི་རྗེ། །རྡོ་རྗེ་འཛིན་རྒྱལ་ཁྱོད་ལ་བསྟོད། །ཅེས་པ་ཙམ་གྱིས་བསྟོད། དེ་ནས་བསྟན་པ་འདིའི་བདག་པོ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ཡིན་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་བའི་ཐང་སྐུའམ་ལུགས་མ་ཞིག་གི་སྨིན་མཚམས་ནས་འོད་ཟེར་ཉི་མའི་ཟེར་འདྲ་བ་དཀར་ཤར་ཤར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག །ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་
༦༠༡དག་ནས་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་བཀྲ་སྤུང་ངེ་གྱུར་པར་བསམ། དེ་རྣམས་སོར་བཞག །འོད་ཟེར་ཚུར་འདུས་པས་བཅོམ་ལྡན་འདས་ཀྱི་སྨིན་མཚམས་སུ་ཐིམ་པར་བསམས་ལ་སངས་རྒྱས་ལ་ཡོན་ཏན་འདི་ལྟ་བུ་མངའ་བ་ཡིན་སྙམ་པའི་དད་པ་དང་གུས་པས་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་སོགས་འདོན་ཅིང་ཡོན་ཏན་རེ་རེ་བཞིན་ཡིད་ལ་བྱ། དེ་བཞིན་དུ་ཆོས་དང་དགེ་འདུན་རྗེས་སུ་དྲན་པ་བྱ་སྟེ་དགེ་བཤེས་སངས་རྒྱས་སྒོམ་པའི་བཞེད་པའོ། །གསུམ་པ་རྫས་དངོས་སུ་བཤམ་པའི་མཆོད་པ་ནི་ཐོག་མར་མཆོད་པའི་མཎྜལ་ཕྱིས་ཤིང་དྲི་བཟང་གི་ཆུས་ཆག་ཆག་གདབ། ཚོམ་བུ་སོ་བདུན་མ་སོགས་སྤྱི་ལྟར་བཀོད་ཅིང་། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱིས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་དུ་ལུས་དང་ལུས་འཕགས། ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་འདོད་འཇོའ་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའ་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་རབ་འབྱམས་རྒྱ་མཚོའ་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་དེ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་
༦༠༢སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་ཚིགས་བཅད་རྒྱས་བསྡུས་གང་ཤེས་ཀྱིས་འབུལ། དེ་ནས་དངོས་སུ་བཤམས་པས་རྒྱུར་བྱས་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་རྣམ་པར་འཕྲུལ་པའི་མཆོད་སྤྲིན་རྒྱ་མཚོས་མཆོད་པར་བསམ་ལ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང་། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བླ་མ་རྒྱལ་བ་སྲས་དང་བཅས་རྣམས་མཆོད། །དེས་འགྲེས་སྤོས་ཏེ། ཞབས་བསིལ །མེ་ཏོག །བདུག་སྤོས །སྣང་གསལ །དྲི་མཆོག །ཞལ་ཟས །སིལ་སྙན་བར་དུ་སྦྱར་ནས་མཆོད་པའི་སྲིན་གྱི་གཟུངས་སྔགས་བརྗོད་ལ་རོལ་མོ་བྱ། བཞི་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། རྒྱས་བར་སྤྲོ་ན། འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་རྟགས་སོགས་འབྲལ་བའི་ཚིགས་བཅད་ཡོངས་སུ་གྲགས་པ་རྣམས་བརྗོད། མདོར་བསྡུ་ན། མཛེས་སྡུག་གཟུགས་དང་སྙན་བརྗིད་རོལ་མོའ་སྒྲ། །དྲི་ཞིམ་དང་ལྡང་བཅུད་ལྡན་རོ་བརྒྱའི་ཟས། །འཇམ་མཉེན་རེག་བྱའི་བྱེ་བྲག་དཔག་མེད་པ། །ནམ་མཁའ་གང་བ་བློ་ཡིས་རབ་སྤྲུལ་ཏེ། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཐུགས་རྗེའི་བདག་ཉིད་རྣམས་ཀྱིས་བཞེས་སུ་གསོལ། །གསེར་གྱི་འཁོར་ལོ་འདོད་འབྱུང་ཡིད་བཞིན་ནོར། །ཡིད་འཕྲོག་བཙུན་མོ་བློ་ལྡན་ཁྱིམ་གྱི་བདག །ཐེག་ཆེན་གླང་པོ་ཅང་ཤེས་རྟ་ཡི་མཆོག །ནམ་མཁའ །བླ་མ །ཐུགས་རྗེའི །རིན་ཆེན་གདུགས་བཟང་རྒྱལ་མཚན་དཔལ་བེའུ། །མདངས་མཛེས་པདྨ་དུང་དཀར་གཡས་སུ་འཁྱིལ། །བུམ་བཟང་གསེར་ཉ་འཁོར་ལོ་བཀྲ་ཤིས་རྟགས། །ནམ་མཁའ །བླ་མ །ཐུགས་རྗེའི །ཀུན་ཏུ་དགེ་ལེགས་བྱེད་པའི་རྫས་ཀྱི་མཆོག །མེ་ལོང་ལི་ཁྲི་དཱུརྦ་བིལྦའི་འབྲས། །གི་ཝཾ་དུང་དང་ཞོ་མཆོག་ཡུངས་
༦༠༣ཀར་རྣམས། །ནམ་མཁའ །བླ་མ །ཐུགས་རྗེའི །དགའ་བའི་ཚལ་དང་བཀོད་ལེགས་ཁང་པ་བཟང་། །མལ་སྟན་ལྷ་ཡི་གོས་མཆོག་སྦྲུལ་གྱི་པགས། །རལ་གྲི་མཆིལ་ལྷྭམ་ཉེ་བའི་རིན་ཆེན་བདུན། །ནམ་མཁའ །བླ་མ །ཐུགས་རྗེའི །རིན་ཆེན་རི་བོ་དཔག་བསམ་ལྗོན་པའི་ཤིང་། །འདོད་འཇོའ་བ་མོ་མ་རྨོས་ལོ་ཏོག་འབྲུ། །བདུད་རྩིའི་བཏུང་བ་རོ་བརྒྱའི་ཞལ་ཟས་སོགས། །ནམ་མཁའ །བླ་མ །ཐུགས་རྗེའི །དེ་ནས་རིན་ཆེན་བདར་བུ་ནམ་མཁའ་བདར་ལ། གསེར་གཡུ་དངུལ་དང་བྱེ་རུ་ཤེལ་ལ་སོགས། །རིན་ཆེན་སྣ་ལྔའི་ཕྱེ་མ་ཆར་བཞིན་དུ། །མཆོད་འོས་རྣམས་ཀྱི་སྐུ་ལ་བབས་པ་ཡང་། །ནམ་མཁའ །བླ་མ །ཐུགས་རྗེའི་བདག་ཉིད་རྣམས་ཀྱིས་བཞེས་སུ་གསོལ། ཅེས་དང་། མེ་ཏོག་དམ་པ་སོགས་ནས། རྒྱལ་བ་ཀུན་ལ་རབ་ཏུ་མཆོད་པར་བགྱི། །བར་བརྗོད། ལྔ་པ་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་དང་། དྲུག་པ་ལུས་འབུལ་བའི་མཆོད་པ་ནི། སྤྱོད་འཇུག་མཆོད་པའི་ལེའུ་ལས་འབྱུང་བ། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། སོགས་ནས། །ངེས་པ་ཀུན་ཏུ་འབྱུང་གྱུར་ཅིག །བར་བརྗོད། བདུན་པ་སྒྲུབ་པའི་མཆོད་པ་ནི། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་སེམས་བསྐྱེད་བྱ་བ་སྟེ། །འདུན་པ་རྩེ་གཅིག་པས། །བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ཆེན་པོ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ། སྨོན་འཇུག་གི་སེམས་བསྐྱེད་པའི་དོན་ཡིད་ལ་དྲན་བཞིན་དུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་
༦༠༤དཔའི་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དང་མཁའ་མཉམ་གྱི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། སྒོམ་པའི་རང་བཞིན་ཅན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་པར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་དང་། སླར་ཡང་སྐྱབས་སེམས་སྒྲགས་མའི་ཚུལ་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གང་མང་བརྗོད། གསུམ་པ་བཤགས་པ་ནི། སྡིག་པ་སྦྱོང་ཐབས་ཤིན་ཏུ་མང་བའི་ནང་ཇོ་བོ་རྗེ་ལྷ་གཅིག་བྱང་ཆུབ་ལྟུང་བཤགས་ལ་བསྔགས་པ་ཆེ་བར་གསུངས་པ་ལྟར་ལྟུང་བཤགས་ཚར་གཅིག་ནས་གསུམ་སོགས་བརྗོད། དགེ་བཤེས་གླང་ལུང་པས་སྤྱི་བཤགས་གལ་ཆེ་བར་གསུངས་པས་བྱང་ཆུབ་སེམས་དང་འཁོར་གསུམ་ཡོངས་སུ་དག་པ་ཡིད་ལ་བྱས་ཏེ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་
༦༠༥སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོ་ཐར་པའི་སྡོམ་པ་ལས་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ་ལས་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་ལས་འགལ་པ་དང་། དཀོན་མཆོག་གསུམ་ལ་མ་དད་ཅིང་མ་གུས་པ་བགྱིས་པ་དང་། ཕ་དང་མ་ལ་མ་དད་ཅིང་མ་གུས་པ་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་དད་ཅིང་མ་གུས་པ་བགྱིས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་དད་ཅིང་མ་གུས་པར་བགྱིས་པ་དང་། གསུང་རབས་ཀྱི་གླུད་ཟོས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། སེམས་ཅན་ལ་གནོད་པར་བགྱིས་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུད་གྱུར་བའི་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་འཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིའོ། །འཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་ལ། མ་མཐོལ་ཞིང་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ་དང་། དེ་ནས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། སོགས་ཤོ་ལོ་ཀ་གཅིག་བརྗོད། སྤྱོད་འཇུག་ལས་འབྱུང་བ། བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་བའི། །
༦༠༦བཅས་པའི་སྡིག་པ་གང་ཡིན་པ། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའ་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་གཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །ཞེས་པ་རྣམས་ཀྱིས་བཤགས། བཞི་པ་རྗེས་སུ་ཡི་རང་བ་ནི། ཕྱོགས་བཅུའི་རྒྱལ་བ་རྣམས་དང་སོགས་ཤོ་ལོ་ཀ་གཅིག་དང་། སེམས་ཅན་ཀུན་གྱི་ངན་སོང་གི་།སྡུག་བསྔལ་ངལ་སོས་བདེ་བ་དང་། །སྡུག་བསྔལ་ཅན་རྣམས་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ་། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ་། །ལྔ་པ་ཆོས་འཁོར་བསྐུལ་བ་ནི། །གང་རྣམས་ཕྱོགས་བཅུའི་སོགས་ཤོ་ལོ་ཀ་གཅིག་དང་། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐུམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། །མྱ་ངན་འདའ་སྟོན་སོགས་ཤོ་ལོ་ཀ་གཅིག་དང་། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོང་བར་མི་འགོད་ཕྱིར། །བསྐལ་པ་གྲངས་མེད་བཞུགས་སུ་གསོལ། །བདུན་པ་བསྔོ་བ་ནི། ཕྱག་འཚལ་བ་དང་སོགས་ཤོ་ལོ་ཀ་གཅིག་དང་། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་དག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱིས། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །ཅེས་བསགས་སྦྱངས་སྤེལ་གསུམ་གྱི་དངོས་གཞིས་ཡན་ལག་བདུན་པ་བྱས་ནས་དད་པ་རྩེ་གཅིག་པས་གསོལ་བ་འདེབས་པ་ལ་སྤྱི་དང་བྱེ་བྲག་གཉིས་མས་སྤྱིར་ཇོ་བོ་རྗེ་སོགས་བཀའ་གདམས་ཀྱི་བླ་མ་རྣམས་ཀྱིས་གསོལ་འདེབས་གང་
༦༠༧ཤེས་རྒྱས་པར་བྱ། འདིར་མདོར་བསྡུས་པ་ནི། ཐུབ་དབང་བྱམས་མགོན་ཐོགས་མེད་སྐུ་མཆེད་སོགས། །རྒྱ་ཆེན་སྤྱོད་རྒྱུད་བླ་མ་མཆོག་རྣམས་དང་། །རྒྱལ་སྲས་འཇམ་དཔལ་འཕགས་པ་ཀླུ་སྒྲུབ་སོགས། །ཟབ་མོ་ལྟ་བའི་བརྒྱུད་པ་མཆོག་རྣམས་དང་། །གསང་བདག་རྣལ་འབྱོར་མ་དཔལ་ཏི་ལླི་སོགས། །ཉམས་ལེན་བྱིན་རླབས་བརྒྱུད་པ་མཆོག་རྣམས་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །ཁ་བ་ཅན་ན་དཔལ་ལྡན་མར་མེ་མཛད། །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །ནག་ཚོ་ལོ་ཙཱ་རྣལ་འབྱོར་པ་ཆེན་པོ། །ཡེར་པ་ཞང་བཙུན་ཕྱག་པ་ཁྲི་མཆོག་དང་། །དགོན་པ་དབང་ཕྱུག་རྒྱལ་མཚན་སྐུ་མཆེད་ལྔ། །འགར་འགོས་ཡོལ་སོགས་དཔལ་ལྡན་ཨ་ཏི་ཤས། །རྗེས་བཟུང་སྐྱེས་མཆོག་རྣམས་ལ་གསོལ་བ་འདེབས། །ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མགོན། །རྒྱལ་བའི་གདུང་ཚབ་གྱུར་པ་རྒྱལ་བའི་སྲས། །རང་གཞན་དོན་གཉིས་འབྱུང་གནས་རིན་པོ་ཆེ། །བཤེས་གཉེན་སྟོན་པའི་ཞབས་ལ་གསོལ་བ་འདེབས། །བསྐལ་པ་དུ་མར་ཚོགས་གཉིས་གོམས་པའི་མཐུས། །གནས་གསུམ་དོན་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས། །ཨ་ཏི་ཤ་ཡི་སྲས་ཀྱི་ཐུ་བོ་པ། །ལེགས་པའི་ཤེས་རབ་ཞབས་ལ་གསོལ་བ་འདེབས། །མར་མེ་མཛད་དཔལ་རྒྱལ་བ་ཀུན་གྱི་ཡབ། །རྒྱལ་བའི་འབྱུང་གནས་རྒྱལ་བ་རྒྱ་ཚོ་ལས། །གདམས་པའི་ཁུ་བ་བཏོན་ནས་ཚིམས་མཛད་པའི། །བརྩོན་འགྲུས་གཡུང་དྲུང་ཞབས་ལ་གསོལ་བ་འདེབས། །ལོང་མེད་ཐུགས་ལ་འཁྲུངས་པའི་པོ་ཏོ་བ། །བདག་པས་གཞན་གཅེས་སྒོམ་པའི་སྤྱན་སྔ་བ། །སྒྲུབ་པ་སྙིང་པོར་མཛད་པའི་ཕུ་ཆུང་བ། །
༦༠༨རྒྱལ་སྲས་སྐུ་མཆེད་གསུམ་ལ་གསོལ་བ་འདེབས། །སྣེའུ་ཟུར་ཡེ་ཤེས་འབར་དང་འབེན་གུང་རྒྱལ། །ཁ་རག་སྒོམ་ཆུང་ཀ་མ་ཤེས་རབ་འོད། །དགྱེར་སྒོམ་ཁུ་དབོན་བྱང་ཆུབ་དགེ་མཛེས་ཀྱི། །སློབ་བརྒྱུད་གདན་རབ་རྣམས་ལ་གསོལ་འདེབས། །གླང་རི་ཐང་པ་ཤ་ར་ཡོན་ཏན་གྲགས། །དོལ་པ་ཤེར་རྒྱམ་འབྱུང་གནས་རྡོ་རྗེ་དང་། །ལྕེ་སྒོམ་རྫོང་པ་ཤ་ཕོ་སྒང་པ་ཡི། །སློབ་བརྒྱུད་གདན་རབས་རྣམས་ལ་གསོལ་བ་འདེབས། །འཆད་ཁ་ཡེ་རྡོར་སེ་སྤྱིལ་ཆོས་རྒྱལ་མཚན། །ལུང་གི་དབང་ཕྱུག་འགྲོ་བའི་མགོན་པོ་སོགས། །ལྷ་ཡི་མཚན་ཅན་རིམ་པར་བྱོན་པ་ཡི། །སློབ་བརྒྱུད་གདན་རབས་རྣམས་ལ །གཏུམ་སྟོན་བློ་གྲོས་གྲགས་པ་ཤེས་རབ་གྲགས། །རྡོ་རྗེ་འོད་དང་གྲོ་སྟོན་བདུད་རྩི་གྲགས། །ཞང་སྟོན་སངས་རྒྱས་སྒོམ་པ་མཆིམས་ཆེན་པོའ། །སློབ་བརྒྱུད་གདན་རབས་རྣམས་ལ །སྟོད་ལུང་རིན་ཆེན་སྙིང་པོ་སྨྱུག་རུམ་པ། །བྱ་ཡུལ་བ་དང་ནང་གི་ཐུགས་སྲས་གསུམ། །ཕྱི་ཡི་ཆེ་དགུ་བར་གྱི་ཆེ་བརྒྱད་སོགས། །སློབ་བརྒྱུད་གདན་རབས་རྣམས་ལ་གསོལ་བ་འདེབས། །གཉོས་པ་བྲ་གོང་ཟངས་ཆེན་དར་བསོད་པ། །མཚོ་སྣ་ཤེར་བཟང་མོན་གྲྭ་ཚུལ་ཁྲིམས་མཚན། །རི་སྟེང་རྒྱལ་བཟང་ཆོས་རྗེ་རིན་ཆེན་སོགས། །གདན་རབས་རིམ་བྱོན་རྣམས་ལ་གསོལ་བ་འདེབས། །བློ་ལྡན་ཤེས་རབ་ཚེ་སྤང་ཆོས་བླ་མ། །བློ་གྲོས་འབྱུང་གནས་ཁྱུང་པོ་རིན་ཆེན་གྲགས། །ཤེས་རབ་འབར་དང་སེང་ཆེན་བརྒྱད་ལ་སོགས། །གདན་རབས་རིམ་བྱོན་རྣམས་ལ་གསོལ་བ་འདེབས། །རྒྱལ་སྲས་སྤྱོད་མཆོག་ཕྱག་ལེན་ཚུལ་བཞིན་དུ། །མཛད་ལ་མཚུངས་བྲལ་ཐོགས་མེད་བཟང་པོ་དཔལ། །ལོ་ཆེན་བྱང་རྩེ་འགྲོ་མགོན་དཔལ་ཡེ་བ། །གཞོན་ནུ་རྒྱལ་མཆོག་རྣམས་ལ །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་
༦༠༩མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །མགོན་དེས་རྗེས་བཟུང་བསྟན་འཛིན་སྐྱེས་བུ་མཆོག །རྒྱལ་ཚབ་མཁས་གྲུབ་དགེ་འདུན་གྲུབ་པ་སོགས། །ལུང་བསྟན་རྣམ་དག་ཐོབ་པའི་ཐུགས་སྲས་བདུན། །དག་པ་རྣམ་བརྒྱད་སྲིད་ཞུའི་བུ་ཆེན་བདུན། །གདན་སའི་ཕྲིན་ལས་སྤེལ་བའི་མཁས་གྲུབ་བརྒྱད། །ཐུགས་ཟིན་རྣམ་གསུམ་རྩོད་མེད་བུ་ཆེན་གསུམ། །རྟོགས་ལྡན་རྣམ་པ་བཞི་དང་རི་སྒྲུབ་གཉིས། །གཞུང་ལུགས་རབ་འབྱམས་མཁྱེན་པའི་མཁས་མཆོག་ཟུང་། །སྟོད་སྨད་ཤེར་བཟང་རྣམ་གཉིས་བྱང་སེམས་གཉིས། །གྲགས་པ་རྣམ་གཉིས་སེམས་དཔའ་རྣམ་གཉིས་དང་། །བཀའ་བབས་འཛིན་པའི་བུ་ཆེན་རྣམ་པ་དྲུག །སྡེ་དཔོན་གྲུབ་ཐོབ་གསུམ་དང་རིགས་བཙུན་གསུམ། །བསྟན་འཛིན་བུ་གསུམ་ཐུགས་གྲོལ་མཁན་པོ་གཅིག །སྦས་པའི་གྲུབ་ཐོབ་མཁས་མཆོག་ཆོས་རྗེ་གཉིས། །རྒོད་ཕྲུག་རས་པ་གུང་དུ་རྒྱལ་བཟང་སོགས། །ལུང་རྟོགས་ཕྲིན་ལས་ཕྱོགས་མཐར་སྤེལ་མཛད་པ། །རང་རྐྱ་ཐོན་པ་བརྒྱ་དང་བཞི་བཅུ་ཡི། །སློབ་བརྒྱུད་གདན་རབས་རྣམས་ལ་གསོལ་བ་འདེབས། །འགྲན་ཟླ་བྲལ་བའི་སྐྱབས་གནས་ཁྱེད་རྣམས་ཀྱིས། །གསོལ་བ་འདེབས་ལ་ཐུགས་རྗེ་བརྩེ་བས་གཟིགས། །འདི་ནས་ཚེ་རབས་ཀུན་ཏུ་རྗེས་བཟུང་སྟེ། །རྣམ་ཐར་ཡོངས་རྫོགས་འགྲུབ་པར་བྱིན་གྱིས་རློབས། །ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡི། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ལན་གཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །
༦༡༠ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །མྱུར་ཏུ་འཇིག་པའི་འཆི་བ་དྲན་པ་དང་། །ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན། །དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། །ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས། །ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང་། །དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། །རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས། །སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། །ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི། །ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ། །དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས། །རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། །དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས། །བསྟན་པའི་རྩ་བ་སོ་སོ་ཐར་པ་ལ། །སྒྲུབ་པ་སྙིང་པོར་བྱེད་པར །རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་ཁྱེར་བའི། །བྱང་ཆུབ་སེམས་མཆོག་འབྱོངས་པར །སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པ། །ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །བརྩོན་པ་དྲག་པོས་སློབ་པར །ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང་། །ཡང་དག་དོན་ལ་ཚུལ་བཞིན་དཔྱད་པ་ཡི། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ། །མྱུར་ཏུ་རྒྱུད་ལ་སྐྱེ་བར །ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །སྐལ་བཟང་སྐྱེ་བོའ་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་བསྡོས་ཏེ་བསྲུང་བར །དེ་ནས་རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཀྱི། །གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས། །ཐུན་བཞིའི་རྣལ་འབྱོར་
༦༡༡སྤྱོད་ལས་མི་གཡེལ་བར། །དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས། །དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང་། །ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང་། །ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་བརྗོད། བྱེ་བྲག་ལམ་རིམ་དང་བློ་སྦྱོང་བརྒྱུད་པའི་གསོལ་འདེབས་བཀའ་གདམས་རྙིང་མ་ལས་བརྒྱུད་པ་ཇོ་ནང་རྗེ་བཙུན་རིན་པོ་ཆེས་མཛད་པ་དང་གསར་མ་བརྒྱུད་པ་དང་བྱིན་རླབས་ཉེ་བརྒྱུད་ཀྱི་གསོལ་འདེབས་རྗེ་རིན་པོ་ཆེའི་གསུང་སོགས་ཇི་ལྟར་ནུས་པས་གསོལ་བ་བཏབས། སླར། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཉོན་མོངས་པ་མཐའ་དག་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ཐོས་བསམ་སྒོམ་གསུམ་ཉོན་མོངས་པའི་གཉེན་པོར་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚུལ་ཁྲིམས་རྣམ་པར་དག་པ་སྤྱན་གྱི་འབྲས་བུ་བཞིན་དུ་བསྲུང་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཐེག་པ་ཆེན་པོའ་དགེ་བའི་བཤེས་གཉེན་ལ་དད་གུས་བསམ་གྱིས་མི་ཁྱབ་པ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དད་གུས་བསམ་གྱིས་མི་ཁྱབ་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བྱང་ཆུབ་ཀྱི་སེམས་ཉམས་པ་མེད་པ་བདག་གི་རྒྱུད་ལ་སྐྱེ་བ་གནས་པ་གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། བསྟན་པའི་ཆོས་མཐའ་དག་བདག་གི་རྒྱུད་ལ་སྐྱེ་བ་གནས་པ་གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། བདེ་གསལ་མི་རྟོག་པའི་མཚན་ཉིད་གསུམ་དང་ལྡན་པ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་རང་དང་སྤྱིའི་མཚན་ཉིད་
༦༡༢རིག་པའི་ཤེས་རབ་ཕུན་སུམ་ཚོགས་པ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐེག་པ་ཆེན་པོ་གསང་སྔགས་མཐའ་དག་གི་སྣོད་དུ་རུང་བར་བྱིན་གྱིས་བརླབ་ཏུ་གསོལ། མངོན་པར་ཤེས་པ་རྒྱ་ཆེན་པོ་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོའ་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཐོབ་ནས་ཀྱང་སེམས་ཅན་ནམ་མཁའ་དང་མཉམ་པ་སྨིན་པར་བྱེད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་གསོལ་བ་ལན་གསུམ་གདབ། འདིར་དགེ་བཤེས་སྣར་ཐང་བ་མཆིམས་ཆེན་པོའ་ཞལ་ནས། རང་ཉིད་བླ་མའི་བཀའ་བཅག་པ་ལ་སོགས་པ་དམ་ཚིག་ཉམས་པའི་དོགས་པ་མཆིས་ན་བར་སྐབས་འདིར་སྣོད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཅིག་བླ་མ་སྐུ་གསུམ་འདུས་པའི་མདུན་དུ་བསམ། དེའི་ནང་དུ་བདག་ཉིད་དཀར་མེར་གྱི་ཞུ་བར་བསམ་ལ་དེ་ལ་བླ་མའི་ལྗགས་རྡོ་རྗེའི་སྦུ་གུས་གསོལ་བས་ཞོ་ལྡག་པ་བཞིན་དུ་བསམ། དེས་དགྱེས་པར་ཡང་བསམ་སྟེ་དེ་ལྟར་ཡང་དང་ཡང་དུ་བྱའོ་གསུངས། དེ་ནས་སླར་ཡང་། བདག་སོགས་ནམ་མཁའ་མཉམ་པའི་འགྲོའི་ཚོགས་ཀྱིས། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོ་འབུལ། །སྡིག་པ་བཤགས་ཤིང་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐུལ་ཞིང་མྱ་ངན་མི་འདར་གསོལ། །དུས་གསུམ་དགེ་བ་དགོངས་པ་རྫོགས་ཕྱིར་བསྔོ། །ཞེས་ཡན་ལག་བདུན་པ་བསྡུས་པ་སྒོམ་དན་དང་བཅས་པ་ཚར་གཅིག་ཕུལ་ནས། བདག་བློ་གཏི་མུག་རྨོངས་པའི་དབང་གྱུར་ཏེ། །ལེགས་སྤྱད་འདི་ལ་ཉེས་པར་གྱུར་པ་གང་། །སྐྱེས་མཆོག་རིན་ཆེན་རྣམས་དང་དེ་ཡི་སྲས། །བདག་ཉིད་ཆེན་པོ་རྣམས་ལ་བཟོད་པར་གསོལ། །ཞེས་ཆོ་ག་ལྷག་ཆད་དུ་གྱུར་བ་དང་བས་བརྒྱུད་མ་དག་བས་བྱས་པ་ལ་སོགས་པའི་ནོངས་པ་བཤགས་ཏེ། འགྲོ་དྲུག་སེམས་ཅན་མཐའ་མེད་འཕྱན་རྣམས་ལ། །རེ་ས་གཞན་ན་མེད་པས་ཐུགས་རྗེས་གཟིགས། །བདག་སོགས་སྐྱེ་བ་འདི་ནས་བྱང་ཆུབ་བར། །རྗེ་བཙུན་ཁྱེད་དང་རྟག་ཏུ་མི་འབྲལ་ཞིང་། །སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པར་ཤོག །ཅེས་འདོད་པའི་དོན་ལ་གསོལ་བ་བཏབ་ནས། ལྷ་ཚོགས་ཐམས་
༦༡༣ཅད་ཆུ་ལ་ཆུ་སྦུར་ལྟར། །མཚུངས་མེད་བླ་མ་ཉིད་དུ་དབྱེར་མེད་གྱུར། །དེ་ཡང་བདེ་ཆེན་བདུད་རྩིར་རབ་ཞུ་བ། །ཚངས་བུག་ནས་ཞུགས་བདག་གི་སྒོ་གསུམ་གྱི། །སྒྲིབ་པ་ས་བོན་མྱོང་འགྱུར་བཅས་པ་དག །དབང་བཞི་ཐོབ་ཅིང་ལྷན་སྐྱེས་ཡེ་ཤེས་མཆོག །མངོན་བྱས་རང་ཡང་དཔལ་ལྡན་བླ་མ་ལྟར། །འབྲེལ་ཚད་དོན་ལྡན་འགྲོ་མགོན་ཆེན་པོར་གྱུར། །ཅེས་ཚོགས་རྟེན་བསྡུ་ཞིང་། ཆོས་རྣམས་ཐམས་ཅད་སྣང་སྟོང་ཆུ་ཟླ་ལྟར། །སྤྲོས་མེད་ཕྱག་རྒྱ་ཆེན་པོའ་རང་བཞིན་བླ། །སྣང་གྲགས་དཔལ་ལྡན་བླ་མའི་རོལ་པ་ཆེ། །དག་པ་རབ་འབྱམས་ཉིད་དུ་གྲོལ་བར་གྱུར། །ཅེས་པའི་དོན་སྟོང་པ་ཉིད་ཝལ་པ་གཅིག་སྒོམ་པ་དང་མཉམ་རྗེས་བསྲེ་བའི་ཞིང་སྦྱོང་གི་དམིགས་པ་ཡང་དྲན་པར་བྱས་ནས་དགེ་བའི་རྩ་བ་བསྔོ་སྟེ། འདིས་མཚོན་བདག་གཞན་དུས་གསུམ་དགེ་བའི་ཚོགས། །ཐམས་ཅད་བླ་མའི་ཐུགས་དགོངས་རྫོགས་པ་དང་། །རྒྱལ་བ་སྲས་བཅས་རྣམ་ཐར་ཕྲིན་ལས་དང་། །སྨོན་ལམ་མ་ལུས་བདག་གིས་འགྲུབ་ཕྱིར་བསྔོ། །འཆི་ཚེ་གནད་གཅོད་སྡུག་བསྔལ་མི་འབྱུང་བར། །བྱམས་ཆེན་ཐུགས་རྗེའི་འོད་ཀྱིས་མྱུར་དྲངས་ཏེ། །མ་ཕམ་མགོན་པོ་སྲས་བཅས་བཞུགས་པའི་ཞིང་། །རྣམ་དག་དགའ་ལྡན་གནས་སུ་སྐྱེ་བར་ཤོག །རྒྱལ་ཚབ་རྗེ་དང་ཐུགས་སྲས་མཆོག་རྣམས་ལས། །ཟབ་རྒྱས་ཆོས་ཐོས་མི་ལྡོག་ལུང་བསྟན་ཐོབ། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་སྦྱིན་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་སྐུ་ཐོབ་པར་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག། སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་
༦༡༤སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་པ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་བརྗོད། དེ་ནས། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། སོགས་བཟང་སྤྱོད་ཚང་བ་དང་། བྱམས་སྨོན་སོགས་ཐེག་པ་ཆེན་པོའ་བསྔོ་སྨོན་རྒྱས་པར་བྱས་ནས་མཇུག་ཏུ་ཡིག་བརྒྱ་ལན་ཁ་ཤས་བརྗོད་པ་ཕྱག་ལེན་ཏུ་སྣང་ངོ་། །དེ་ལྟར་རྩ་བ་དང་བརྒྱུད་པའི་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམས་ལ་རང་ཉིད་ཇི་ལྟར་འབྱོར་པའི་མཆོད་པས་མཆོད་ཅིང་གསོལ་བ་གདབ་པ་དང་། ཆོས་སྤྱོད་ཡན་ལག་བདུན་ལ་བརྩོན་པ་ནི་བསྟན་པ་རིན་པོ་ཆེ་དང་མཇལ་བ་རྣམས་ཀྱིས་བྱ་རྒྱུའི་སྙིང་པོ་ཡིན་པས་འདིར་ཡང་དགེ་བའི་བཤེས་གཉེན་ཤར་བ་ཆེན་པོའ་གསུང་སྒྲོས་བླ་མའི་འདས་མཆོད་རྗེས་དྲན་དྲུག་པ་དང་། སངས་རྒྱས་སྒོམ་པའི་ཚོགས་ཆོས་ཡན་ལག་བདུན་པ་རྣམས་ཀྱི་དགོངས་པ་བཞིན་བཀོད་པའོ། །དད་བློས་བརྩམས་པའི་རྣམ་དཀར་ས་བོན་གྱིས། །འགྲོ་ཀུན་མཚན་ལྡན་དགེ་བའི་བཤེས་གཉེན་གྱིས། །རྗེས་བཟུང་བྱང་ཆུབ་སྤྱོད་པའི་མྱུ་གུ་སྨིན། །རྣམ་མཁྱེན་འབྲས་བཟང་བརྡལ་བའི་རྒྱུར་གྱུར་ཅིག །ཚེ་འདི་བློས་བཏང་ལྟ་སྤྱོད་དྲི་མེད་པས། །གཞན་དོན་སངས་རྒྱས་སྒྲུབ་མཛད་བཀའ་གདམས་པའི། །རྣམ་ཐར་གཙང་མ་བདེ་བླག་འགྲུབ་ནས་ཀྱང་། །ནམ་མཁའ་དྲི་མ་མེད་དང་མཉམ་ཉིད་ཤོག །དགེ་བཅུའི་གཏམས་པའི་ནོར་འཛིན་གཙང་མ་རུ། །ཆོས་སྤྱོད་རྣམ་བཅུའི་སྨན་ལྗོངས་རབ་བརྡལ་བས། །ཡིད་ཅན་མཐའ་དག་གཏན་བདེའི་ངལ་འཚོ་ཐོབ། །བཀྲ་ཤིས་དཔལ་གྱི་ས་གསུམ་ཀུན་ཁྱབ་ཤོག །ཅེས་གདམས་ངག་
༦༡༥རིན་པོ་ཆེའི་མཛོད་དུ་བཀའ་གདམས་ཆོས་སྐོར་ཞབས་འདེགས་སུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། །རིས་མེད་རྒྱལ་བའི་བསྟན་དང་བསྟན་འཛིན་ལ་གུས་པ་ཐོབ་པ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ། ཤུ་བྷཾ།
༦༡༦


[edit]

WYLIE TEXT WILL APPEAR HERE

Footnotes



Research Information
Translator's notes
Note from Ringu Tulku
The Sadhana of Making Offering to Atisha and the Kadampa Lamas Called "Ocean of Auspicious Celebration".
Notes on the text itself
Notes on authorship
Notes on individuals related to text
Other notes
Genre from Richard Barron's Catalog
Liturgy
Genre from dkar chag
man ngag
BDRC Link
VolumeI1CZ3966
BDRC Content Information
No note on contents


Other Information

Information about Unicode Tibetan and the digitization of this text

As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of fall 2017 that project has not been finished. Note that the folio numbers that appear throughout were added by Nitartha Input Center at the time of input.

Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.

View JSON

JSON Export
Loading Exhibit