Tibetan:དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་ལྷ་བཞི་དྲིལ་སྒྲུབ་ཀྱི་ཉམས་ལེན་ཡེ་ཤེས་རང་གསལ་
Jump to navigation
Jump to search
དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་ལྷ་བཞི་དྲིལ་སྒྲུབ་ཀྱི་ཉམས་ལེན་ཡེ་ཤེས་རང་གསལ་
dpal ldan shangs pa bka' brgyud kyi zab chos lha bzhi dril sgrub kyi nyams len ye shes rang gsal
Damngak Dzö Volume 12 (ན་) / Pages 335-341 / Folios 1a1 to 4a5
dpal ldan shangs pa bka' brgyud kyi zab chos lha bzhi dril sgrub kyi nyams len ye shes rang gsal
Damngak Dzö Volume 12 (ན་) / Pages 335-341 / Folios 1a1 to 4a5
Tibetan Text
༣༣༥
དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་ལྷ་བཞི་དྲིལ་སྒྲུབ་ཀྱི་ཉམས་ལེན་ཡེ་ཤེས་རང་གསལ་ཞེས་བྱ་བ་བཞུགས་སོ། །
༣༣༦
ན་མོ་གུ་ར་བེ། སུ་ཁ་སིདྡྷི་རཱ་ཧུ་ལ། བརྒྱུད་ནས་བརྒྱུད་པར་བྱིན་བརླབས་པ། །ལྷ་བཞིའི་ཞབས་ལ་བཏུད་ནས་འདིར། །རྒྱུན་གྱི་ཉམས་ལེན་ཁྱེར་བདེ་འཆད། །འདི་ཉིད་ཀྱི་བཀའ་དང་ཁྲིད་རིམ་ཐོབ་པའི་སྐལ་པ་ཅན་དག་གིས་ཉམས་ལེན་སྙིང་པོར་དྲིལ་བ་ནི་འདི་ལྟ་སྟེ། །སྔོན་འགྲོ། །དངོས་གཞི། །རྗེས་སོ། །དང་པོ་ནི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྟེ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་ཏུདུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་ལྷ་བཞི་དྲིལ་སྒྲུབ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། གཉིསཔ་དངོས་གཞི་ལ་གཉིས། བསྐྱེད་བཟླས་དང་། ཐུན་མོང་མ་ཡིན་པའི་དབང་ལེན་པའོ། །དང་པོ་ནི། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། །རྡོ་རྗེའི་སྲུང་འཁོར་མེ་ཕུང་འབར་བའི་དབུས། །རང་ཉིད་དཔལ་ལྡན་འཁོར་ལོ་སྡོམ་པའི་སྐུ། །གསལ་བའི་སྤྱི་བོར་ཆོས་འབྱུང་བདེ་བ་ཆེ། །ཕྱི་དཀར་ནང་དམར་འོད་ཀྱི་རང་བཞིན་དབུས། །པདྨ་འདབ་བཞིའི་ལྟེ་བར་ཉི་ཟླའི་སྟེང་། །ཧཱུྃ་ལས་རྡོ་རྗེ་ཧཱུྃ་མཚན་ཡོངས་སུ་གྱུར། །བླ་མ་
༣༣༧
རྡོ་རྗེ་འཆང་ཆེན་ནམ་མཁའི་མདངས། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རང་འོད་དབྱིངས་ཕྱུག་གྲི་ཐོད་འཛིན་མར་འཁྱུང་། །དར་དང་རུས་པ་རིན་པོ་ཆེ་ཡིས་བརྒྱན། །བྱིན་རླབས་ཡེ་ཤེས་འོད་ཟེར་མུ་མེད་ཀློང་། །རྡོ་རྗེའི་སྐྱིལ་མོ་གུང་གིས་བཞུགས་པའོ། །དེ་མདུན་ཉི་མར་ཚོགས་བདག་བསྐྱེལ་བའི་གདན། །ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས། །ཡེ་ཤེས་མགོན་པོ་ཞལ་གཅིག་ཕྱག་དྲུག་པ། །ཆར་སྤྲིན་མདོག་ཅན་སྤྱན་གསུམ་མཆེ་བཞི་གཙིགས། །སྨར་སྨིན་དབུ་སྐྲ་དམར་སེར་གྱེན་ཏུ་འབར། །གཡས་གསུམ་གྲི་གུག་ཐོད་ཕྲེང་ཌ་མ་རུ། །གཡོན་གསུམ་ཐོད་ཁྲག་རྩེ་གསུམ་ཞགས་པ་བསྣམས། །ཐོད་པ་སྐམ་རློན་རུས་པ་སྤྲུལ་རིགས་དང་། །ལི་ཁྲིའི་ཐིག་ལེ་དྲིལ་བུ་གཡེར་ཁས་བརྒྱན། །སྤྱི་བོར་མི་བསྐྱོད་རྒྱལ་པོའ་ཅོད་པན་མཛེས། །གླང་ཀོའ་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་ཅན། །མེ་ཕུང་དབུས་ན་བཞེངས་པའི་སྟབས་ཀྱིས་རོལ། །གཡས་སུ་ཉི་སྟེང་ཧྲཱིཿདམར་གྲི་གུག་ཧྲཱིཿས། །མཚན་པ་ཡོངས་གྱུར་རྡོ་རྗེ་རྣལ་འབྱོར་མ།
༣༣༨
དམར་མོ་གཞོན་ཚུལ་ཞལ་འཛུམ་བཞད་པའི་ཉམས། །སྤྱན་གསུམ་གཡོན་གཟིགས་ལྕང་ལོ་སིལ་བུར་འཕྱངས། །ཕྱག་གཡས་གྲི་གུག་ཟུར་སྡིགས་གཡོན་པ་ཡིས། །བདུད་རྩིས་གང་བའི་ཐོད་པ་སྟེང་ནས་གསོལ། །ཁ་ཊརྭཾ་ག་འཕྱང་ཕྱག་རྒྱ་ལྔ་ཡིས་སྤྲས། །གཡས་བརྐྱང་སྟབས་ཀྱིས་འཇིགས་དུས་མནན་པའོ། །རྒྱབ་ཏུ་ཟླ་བའི་གདན་ལ་ཧྲཱིཿཡིག་ལས། །པད་དཀར་ཧྲཱིཿས་མཚན་ཡོངས་གྱུར་སྤྱན་རས་གཟིགས། །དཀར་གསལ་ཕྱག་གཡས་སྐྱབས་སྦྱིན་བུམ་པས་མཚན། །གཡོན་པས་པད་དཀར་སྡོང་བུ་ཐུགས་ཀར་བསྣམས། །དབུ་སྐྲ་སིལ་བུ་འོད་དཔག་མེད་པས་བརྒྱན། །ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་སྟབས་ཀྱིས་བཞུགས། །གཡོན་ཕྱོགས་ཟླ་སྟེང་ཏཱཾ་ལས་ཨུཏྤ་ལ། །ཏཱཾ་མཚན་ཡོངས་གྱུར་་ཏཱ་རེ་ལྗང་། །བཅུ་དྲུག་སྒེག་ཉམས་དོན་གྲུབ་དབུ་རྒྱན་ཅན། །གཡས་གཡོན་སྐྱབས་སྦྱིན་ཨུཏྤལ་རབ་རྒྱས་འཛིན། །རྒྱན་ལྡན་གཡས་བརྐྱང་གཡོན་བསྐུམ་རོལ་པས་འགྱིང་། །ཀུན་གྱི་གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་རྩ་གསུམ་དཀོན་མཆོག་གསུམ། །བླ་མ་ལྷ་བཞིའི་རྣམ་པར་སྤྱན་དྲངས་ཐིམ། ཛཿཧཱུྃ་བཾ་ཧོཿསྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །བླ་མ་རིན་པོ་ཆེ་ལྷ་བཞིའི་ཚོགས་ལ་བདག་གིས་ཕྱི་མེ་ཏོག་བདུག་སྤོས། །ནང་ཤ་ལྔ་བདུད་རྩི་ལྔ། །གསང་བ་བདེ་སྟོང་གི་ཡེ་ཤེས། །ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལ་སོགས་པ་མཆོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་མཉེས་པར་བགྱིའོ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་མ་ལུས་འབྱུང་བའི་སྒོ། །དངོས་གྲུབ་མ་ལུས་ཐོབ་པའི་གནས། །བར་ཆད་མ་ལུས་སེལ་བའི་ལྷ། །བླ་མ་ལྷ་བཞིའི་ཚོགས་ལ་འདུད། །དམ་པ་ཁ་ཅིག་གིས་མཆོད་བསྟོད་འདིའི་ཚབ་ཏུ་ཡན་ལག་བདུན་
༣༣༩
པ་དང་མཎྜལ་འབུལ་བའང་བཞེད། །དེ་ནས་དབུས་ཀྱི་བླ་མ་ལ་དམིགས་པའི་མོས་གུས་བཅས། །ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་ར་ཎཱི། ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི། ཛོ་ཀ་ཛོ་ཀི་ནཱི། སརྦ་བུདྡྷ་བོ་དྷི་ས་ཏྭཱ་ཡ་ཤ་ར་ཎི་གཙྪ་མི་ཀྱཻ། ཞེས་བཟླས། བླ་མའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །བླ་མའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར། མདུན་གྱི་མགོན་པོ་ལ་དམིགས་ཏེ། །ༀ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བི་གྷྣཾ་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས། །མགོན་པོའ་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནང་གདོན་བར་ཆད་དག །མགོན་པོའ་གསང་གསུམ་བྱིན་རླབས་ཐོབ་པར་གྱུར། །གཡས་ཀྱི་རྣལ་འབྱོར་མ་ལ་དམིགས་ཏེ། ༀ་བཛྲ་ན་ར་ཀྲཾ་ཀྲཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་ཡིག་རྙིང་གི་དངོས་བསྟན་ཡིན་ལ། ཕྱིས་ཀྱི་ཕྱག་ལེན་ཁ་ཅིག་ཏུ་འདི་ལ་ༀ་གསུམ་མ་བཟླ་བར་གསུངས། །རྣལ་འབྱོར་མ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །ཕག་མོའ་གསང་གསུམ་བྱིན་རླབས་ཐོབ་པར་གྱུར། རྒྱབ་ཀྱི་སྤྱན་རས་གཟིགས་ལ་དམིགས་ཏེ། ༀ་མ་ནི་པདྨེ་ཧཱུྃ། ༀ་བཛྲ་རཀྵ་ན་མཿས་མནྟ་ཧཱུྃ་ཕཊ། ཞེས་བཟླ། །འཕགས་པའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །འཕགས་པའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར། །གཡོན་གྱི་སྒྲོལ་མ་ལ་དམིགས་ཏེ། ༀ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླ། །སྒྲོལ་མའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །སྒྲོལ་མའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར། །འདིའི་བསྙེན་པ་ཆེད་དུ་བྱེད་ན། ན་མོ་བུདྡྷ་ཅུང་ཟད་མང་བ་དང་། གཞན་བཞི་པོ་ཆ་སྙོམས་ནས་བཟླ།
༣༤༠
མགོན་པོའ་བསྙེན་པའི་ཐོག་མར་འདི་ཉིད་བཏང་སྐབས་མགོན་བསྙེན་ཉིད་བུངས་བསྐྱེད་པར་གསུངས་པ་དང་། ཁྲིད་རྒྱུན་ཏུ་རྣལ་འབྱོར་མའི་ༀ་གསུམ་མ་གཙོ་བོར་བཟླ་བར་གསུངས་པ་དེ་ངག་གི་རྣལ་འབྱོར་གཙོར་བཏོན་པ་ལ་དགོངས་པར་མངོན་ཞིང་། འདིར་རྒྱུན་གྱི་བཟླས་པར་བརྒྱའམ་བདུན་ལ་སོགས་པ་ཆ་སྙོམས་པ་ཁོན་བཟླ་བ་དང་། །སྤྲོས་པས་མི་ལྕོགས་པའི་སྐབས་སུ་སོ་སོའ་དམིགས་པའི་ཚིགས་བཅད་རྣམས་དོར་ཏེ་བསྟོད་པའི་རྗེས་ཁོ་ནར་སྔགས་རྣམས་ཚར་གསུམ་གསུམ་བཟླ་བའི་ཚེ། །བླ་མ་ལྷ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །བླ་མ་ལྷ་བཞིའི་གསང་གསུམ་བྱིན་ཐོབ་གྱུར། །ཞེས་སོ། །གཉིས་པ་ནི། རྒྱས་བསྡུས་གང་ལྟར་བཟླས་བསྒོམ་གྲུབ་པའི་ཐུན་མཐར་སྔགས་ཚན་ལྔ་སྤེལ་བའམ། ན་མོ་བུདྡྷ་ལན་གསུམ་གྱིས་གསོལ་བ་བཏབ་པས། །བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །ལྷ་བཞི་ཚུར་བསྡུས་སྤྱི་བོར་སྤྱན་རས་གཟིགས། །མགྲིན་པར་སྒྲོལ་མ་ཐུགས་ཀར་ནག་པོ་ཆེ། །ལྟེ་བར་རྣལ་འབྱོར་མ་བཞུགས་སླར་ཡང་འོད། །ཕྲོས་པས་རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ། །བླ་མའི་སྐུ་ལས་ཡོངས་སུ་གཏམས་པར་གྱུར། འོག་རླུང་བསྐུམ། རླུང་བུམ་ཅན་ནམ་བར་རླུང་བཟུང་ལ། །གསང་གནས་རླུང་གཡོས་ལྟེ་བའི་གཏུམ་མོ་འབར། །ཚངས་བུག་ནས་ཐོན་ཆོས་འབྱུང་དྲོས་པ་ཡིས། །བླ་མའི་སྐུར་ཕོག་ལྷ་རྣམས་བདེ་བར་ཞུ། །བདུད་རྩིའི་རྒྱུན་བྱུང་རང་གི་སྤྱི་བོ་ནས། མགྲིན་པ་ཡན་གང་ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སྐུ་ཡི་བྱིན་རླབས་ཞུགས། །སྙིང་ག་ཡན་གང་ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ་གསུང་གི་བྱིན་རླབས་ཞུགས། །ལྟེ་བ་ཡན་གང་ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་དབང་ཐོབ་ཐུགས་ཀྱི་བྱིན་སླབས་ཞུགས། །ལུས་ཀུན་གང་བས་སྒོ་གསུམ་སྡིག་སྒྲིབ་དག །བཞི་པའི་དབང་ཐོབ་བྱིན་རླབས་ཡོངས་སུ་རྫོགས། །ཆོས་འབྱུང་འོད་ཡལ་བླ་མ་རང་ལ་ཐིམ། །སྒོ་གསུམ་རྡོ་རྗེ་
༣༤༡
གསུམ་དང་དབྱེར་མེད་གྱུར། །གསུམ་པ་རྗེས་ལ་གཉིས། མཉམ་པར་བཞག་པ་དང་། ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ནི། བླ་མ་རང་སེམས་དབྱེར་མེད་དུ་འདྲེས་དེ་ཀའི་རང་ངོ་ལ་བཟོ་བཅོས་དགག་སྒྲུབ་མེད་པར་རང་ངོ་ཤེས་ཙམ་གྱི་ངང་ཅི་གནས་སུ་བསྐྱང་ངོ་། གཉིས་པ་ནི། དེ་ལས་ལྡངས་པ་ན་ཤེས་བཞིན་གྱི་དྲན་པའི་རང་སོ་མ་ཉམས་པར། ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །བདག་གི་དགེ་བ་འདིས་ཐོབ་སྟེ། །འགྲོ་ཀུན་གྱིས་ཀྱང་ཐོབ་པར་ཤོག །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང་། །རྫོགས་སངས་རྒྱས་ནས་གང་སྤྱོད་པ། །བྱང་ཆུབ་རྡོ་རྗེས་བསྔགས་པ་ཡི། །སྤྱོད་དེ་གཉིས་ཀའང་བདག་སྤྱོད་ཤོག །ཅེས་སོགས་བསྔོ་སྨོན་གྱི་རྒྱས་གདབ་སྟེ་སྤྱོད་ལམ་ལ་འཇུག་གོ །གེགགེགས་སེལ་བོགས་འདོན་མཆོག་དངོས་ཀྱི། །གྲུབ་པ་ལོ་ཟླས་སྟེར་བྱེད་པ། །ཆེས་ཟབ་རྣལ་འབྱོར་འདི་བསྒོམས་ནས། །ཞིང་རྡུལ་སྙེད་ཀྱི་འགྲོ་སྒྲོལ་ཤོག་ཅེས་པའང་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་ལ་གཞོལ་བ་རྣམས་ཀྱི་ཉམས་བཞེས་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བླ་མའི་གསུང་རྒྱུན་བཞིན་བྲིས་པ་དགེ་ལེགས་འཕེལ།
|[1]=[/ref]}}| ]]
Notes
- ↑ =[ref]|
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion. |