Tibetan:དཀར་ཆག་པོད་བཅུ་གཅིག་པ་

From gDams Ngag mDzod
Revision as of 18:02, 15 January 2015 by Marcus (talk | contribs) (Created page with "{{Dkar Chag Tibetan}} ==དཀར་ཆག་== <onlyinclude><div class="dkarchagtib" id="include"> གདམས་ངག་མཛོད། ཤངས་ཆོས་པོད...")
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search



Damngak Dzö Volume ()

དཀར་ཆག་

གདམས་ངག་མཛོད། ཤངས་ཆོས་པོད་དང་པོ། ད༽ གང་རིའི་ཁྲོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ལྔ་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་རིན་པོ་ཆེའི་ཕྲིན་ལས་གངས་ཅན་འཛིན་མའི་ཁྱོན་ཀུན་བརྡལ་ཞིང་ས་དགེའི་མཁས་གྲུབ་ཆེན་པོ་རྣམས་གཙོ་བོར་གྱུར་པས་འཆད་རྩོད་སྒྲུབ་པའི་རིང་ལུགས་ཀྱི་ཡིག་ཆ་ཤིན་ཏུ་མང་ཞིང་། གཞུང་རྙིང་ཁོ་ནའང་པོད་བཞི་ཙམ་བཞུགས་ཀྱང་སྐབས་འདིར་ཉམས་ལེན་མན་ངག་གི་སྙིང་ཁུ་གདམས་ངག་རིན་པོ་ཆེའི་མཛོད་དུ་ཇི་ལྟར་བཞུགས་པའི་མཚན་ཐོ་འགོད་པ་ལ། ཡེ་ཤེས་མཁའ་འགྲོ་ནཱི་གུ་མའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་ལྡེབ། ༡༤ ཟབ་ལམ་གསེར་སྔོན་རྗེས་ངག་འདོན་རྡོ་རྗེའི་ཚིག་རྐང་བྱིན་རླབས་འོད་འབར་ལྡེབ། ༨ ཤངས་པའི་གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད་ལྡེབ། ༩ བཅས་འཇམ་མགོན་གུ་ཎའི་གསུང་། ཤངས་ལུགས་རྒྱུད་སྡེ་ལྷ་ལྔའི་བརྒྱུད་འདེབས་གསང་བདག་ཏཱ་ར་ནཱ་ཐའི་གསུང་ལྡེབ། ༡ དེའི་ཁ་སྐོང་ཨིནྡྲ་ནཱི་ལའི་དོ་ཤལ་འཇམ་མགོན་གུ་ཎའི་གསུང་ལྡེབ། ༡ འཇམ་མགོན་བླ་མ་གུ་ཎའི་སྐྱེས་རབ་གསོལ་འདེབས་ལྷ་[1]རྔ་བོ་ཆེའི་སྒྲ་དབྱངས་ཀརྨ་པ་ཐེག་མཆོག་རྡོ་རྗེའི་གསུང་ལྡེབ། ༡ རྒྱུད་སྡེ་ལྔའི་དཀྱིལ་འཁོར་སྒྲུབ་པའི་ཐབས་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ལྡེབ། ༣༠ དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་བྱེད་རྗེ་ཏཱ་ར་ནཱ་ཐའི་གསུང་འཇམ་མགོན་གུ་ཎས་གསལ་བྱེད་ཅན་ལྡེབ། ༤༡ མདུན་བསྐྱེད་ཉེར་མཁོའི་སྦྱངས་ཁྲུས་ལྡེབ། ༡ ཤངས་ལུགས་རྒྱུད་སྡེ་ལྔའི་དབང་གི་མཚམས་སྦྱོར་སྣང་བའི་གོ་འབྱེད་འཇམ་མགོན་གུ་ཎའི་གསུང་ལྡེབ། ༡༥ རྒྱུད་སྡེ་ལྷ་ལྔའི་སྒྲུབ་དཀྱིལ་དབང་རྒྱས་པ་བཅས་

གདམས་ངག་མཛོད་དཀྱུས་སུ་མི་བཞུགས་ཀྱང་ཆོས་འདིའི་དབང་ཁྲིད་ལུང་བཅས་རྫོགས་པར་གསན་བཞེས་གནང་བ་རྣམས་ལ་ཤིན་ཏུ་གལ་ཆེ་དབང་རྒྱུན་ཀྱང་དཀོན་པ་སོགས་ཀྱིས་ཆེད་དུ་བཀོད་པ་དང་། བདེ་མཆོག་གི་སྐྱབས་སེམས་ལྡེབ། ༡ ནཱི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ལྡེབ། ༥ བདེ་མཆོག་ལྷ་ལྔའི་དཀྱིལ་ཆོག་ལྡེབ། ༡༦ བཅས་ཏཱ་ར་ན་ཐའི་གསུང་། བདེ་མཆོག་ལྷ་ལྔའི་ཚོགས་མཆོད་ཕྲིན་ལས་ཡར་འཕེལ་རྨོག་ལྕོགས་པའི་གསུང་ལྡེབ། ༥ བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་བཤད་ཟབ་དོན་གསལ་བྱེད་ལྡེབ། ༡༨ རྒྱུད་སྡེ་ལྷ་ལྔ་གཙོ་བསྡུས་ཀྱི་མན་ངག་སྒྲུབ་ཐབས་ལྡེབ། ༤ བཅས་ཏཱ་ར་ན་ཐའི་གསུང་། དཀྱིལ་ཆོག་བདག་འཇུག་དང་བཅས་པ་སྨིན་གྲོལ་སྙིང་པོ་ལྡེབ། ༧ རྒྱུད་སྡེ་ལྷ་ལྔ་གཙོ་བསྡུས་ཀྱི་བསྙེན་ཡིག་ཟབ་དོན་སྙིང་པོ་ལྡེབ། ༩ བཅས་འཇམ་མགོན་གུ་ཎའི་གསུང་། ཟབ་ལམ་ནཱི་གུ་ཆོས་དྲུག་གི་བཀའ་བཅུའི་ཕྱག་ལེན་བཀླག་ཆོག་ཏུ་བཀོད་པ་ལྡེབ། ༣༩ ཤངས་པ་བཀའ་བརྒྱུད་ཀྱི་གཞུང་ཕྱི་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་བའི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ལྡེབ། ༤༠ བཅས་བློ་གསལ་བསྟན་སྐྱོང་གསུང་། བསྡོམས་ལྡེབ། ༢༦༥ བཅས་བཞུགས།། །།

Notes